Ngb-pt-0799-vol-08-text
Front
Body
རྒྱ་གར་སྐད་དུ། །ཤཱ་ཤཱ་ནད་བྲི་སུ་ཏརྙ། །བོད་སྐད་དུ། །དུར་ཁྲོད་ལྷ་མོ་རང་རྒྱུད། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་རི་མྱ་ལ་ཡའི་རྩེ་ན་བཞུགས་པའི་ཚེ། །འཁོར་ལྷ་མ་ཡིན་གྱི་རྒྱལ་པོ་སུམ་བརྩེགས་ཞེས་བྱ་བས། །འཚོ་བའིདུས་ལ་བབ་སྟོ། །ནགས་ཚལ་དགོན་པ་རུ་ལྷ་ཐམས་ཅད་དང་། །དེ་མ་ཡིན་པའི་ལྷ་མ་ཡིན་གྱི་རིགས་སུ་རྟོགས་པ་ཐམས་ཅད་འདུས་ནས་གནས་པ་ལས། །དམིགས་ཀྱིས་འགྲོ་བ་ལས་རྟག་ཏུ་འཚེ། །རྟ་ཏུ་བསྲུང་རྟག་ཏུ་རྒྱུ་བའི་ལྷ་མོ་མི་བཟད་པ་དེས།། ལྷ་མ་ཡིན་གྱི་རིས་སུ་ཐམས་ཅད་རྟག་ཏུ་འཚེ། །སྲོག་ལ་རྒོལ་ནས། །བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པ་ལ་ཞུས་པས། །བཅོམ་ལྡན་འདས་ཀྱིས། །དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ནི་ངའི་མ་ཡིན་གྱི། །འདི་ནི་དུསདང་པའི་དུས་སུ་ཡང་བྱུང་ངོ། །བར་དུ་ཡང་འབྱུང་ངོ། །ཐ་མར་ཡང་འབྱུང་བར་འགྱུར་ཏེ། །ངས་འདུལ་བར་མི་འགྱུར་གྱི། །རྟག་ཏུ་ཐུགས་རྗེ་དང་ལྡན་པ་བཅོམ་ལྡན་རྣམ་པར་སྣང་མཛད་ལ་ཞུས་ཅིག །དེས་འདུལ་བར་འགྱུར་རོ་ཞེས་གསུངས་པས། །དེ་དག་ཡི་མར་རང་ས་བཞིན་དུ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་རི་རིབ་རིའི་རྩེ་ཡུལ་རྒྱུ་བའི་ཚལ་ན་བཞུགས་ཏེ། །ཏིང་ངེ་འཛིན་མི་གཡོ་བ་ལ་བཞུགས་པ་ལས་བསླང་སྟེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་རྗེའི་དུས་ལ་བབ་པ་ལགས་སམ་ལགས་པ་དེ་ལྟར་ན་ལུང་བསྟན་དུ་གསོལ་ཞེས་གསོལ་བ་བཏབ་པས། །འདི་སྐད་ཅེས་གསོལ་ཏོ། སྲིད་གསུམ་སྡུག་བསྔལ་རབ་ཏུ་ཅི་འདྲ་བ། །བྱམས་མགོན་ཐུགས་རྗེའི་ཞིང་དུ་རྩམ་དུ་གྲགས། །འགྲོ་བའི་སྡུག་བསྔལ་བདག་ཅག་རྣམས་ལ་སྨིན། །དེ་དག་འདུལ་པའི་དུས་ལ་མི་བབ་བམ། །ཐུགས་རྗེས་འདུལ་བའམ་ང་མཐོན་སྟོབས་ཀྱིས་འདུལ། །འདུལ་ཐབས་སྣ་ཚོགས་པས་ནི་འདུལ་དུ་གསོལ། །ཞེས་གསོལ་པས། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཏིང་ངེ་འཛིན་ལས་ལངས་ཏེ། །དབུགས་ཕྱུང་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །དེ་དག་དབུགས་ཕྱུང་ནས་འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུ་དག་དེས་དུས་གསུམ་དུ་དབང་བྱས་ཏེ་ངའི་མ་ཡིན་གྱི། །དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་སྟེ། །དེའི་འདུལ་སྐལ་ལོ། །དེ་ནས་ཡང་དེ་དག་རབ་ཏུ་ཡིམ་རངས་ཏེ། །ཕྱག་ན་རྡོ་རྗེ་ཡུལ་རང་པུ་ཏྲ་ན་བཞུགས་པ་ཐོས་ནས། །དེར་ཕྱིན་ཏེ། །དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉིད་ཁྱབ་པར་དུ་གྱུར་པ་ཡང་། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཞེས་ཐོས་ནས། །བདག་ཅག་དང་འགྲོ་པ་ཐམས་ཅད་ལ་གནོད་པར་བྱེད་པའི་གདུག་པ་ཅན་འདི་ཞི་བར་མཛད་དུ་གསོལ། །ཞེས་ཞུས་པ་ལས། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འདུལ་པའི་དུས་ལ་བབ་པར་གཟིགས་ནས། །འཛུབ་པ་མཛད་དེ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་དེ་ལན་གསུམ་གསོར་ནས། །འདི་སྐད་ཅེས་གསོལ་ཏོ། །སྡུག་བསྔལ་རྒྱུ་དྲུག་གནས་ནི་སྨིན། །གནོད་པར་གྱུར་པ་གང་ཡང་དེ། །དེ་མཐོན་སྟོབས་ཀྱིས་ཚར་བདག་ལ། །དེ་དག་རབ་ཏུ་གདུལ་བར་བྱའོ། །ཞེས་གསུངས་ནས། །ཧཱུཾ༷་ཧཱུཾ༷་ཧཱུཾ༷། །ཞེས་གསུངས་ནས་ལྷ་མོའི་སྔོན་གྱི་གསང་མཚན་ནས་དྲངས་ཏེ། །དམ་ལ་བཏགས་པས་གནོད་པ་དེ་དག་ཞི་བར་གྱུར་ཏེ། །དེ་དག་སྐད་ཅིག་ཙམ་ལ་ཡིད་བདེ་བར་གྱུར་ཏོ། །དེ་ནས་འཁོར་དེར་ཚོགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉིད་ཁྱད་པར་དུ་གྱུར་པ་ཡང་། ཤེན་ཏུ་གསང་པའི་བདག་པོ་ལགས་ན། །སྔོན་ཇི་ལྟར་དམ་ལ་བཏགས། །གནས་ཇི་ལྟ་བུ་ན་གནས། །སྔོན་ཇི་ལྟར་བྱུང་། །གྲུབ་ན་ཇི་ལྟར་བསྒྲུབ། བཅོམ་ལྡན་འདས་ལུང་བསྟན་དུ་གསལ། ཨ་ཨ་མ་མ་རུ་ལ་ཏྲ་བ་ཀྲི་སྟ་པྲ་བན་ཙལ་ལ་ཤུ་ལ་ད་རི་ཀྲ་བ་ད་ཡི་ཕཊ་སྲུཧྭ། །དེ་ནས་དེས་ནར་གཡོས་པར་འགྱུར། །ཐམས་ཅད་བ་སྐྲུ་ལངས་བྱ་སྟེ། །གསང་པའི་སྣོད་དང་ལྡན་བྱས་ཏེ། །དགའ་བའི་མིག་ནི་གདངས་བྱས་ནས། །བཅོམ་ལྡན་འདས་ཁྲོ་འཛུམ་སྤྱན་སྔར་འཁོད། །དབང་དང་ལྡན་པར་དུས་གཅིག་གོ། །དེ་ལ་འདི་སྔོན་ཇི་ལྟར་བྱུང་བའི་ལོ་རྒྱས་ནི། །དང་པོ་ཁ་ལྷ་དང་ལྷ་མ་ཡིན་གཉིས་དཔག་བསམ་གྱི་ཤིང་གི་འབྲས་བུ་ལ་མ་འཆམ་སྟེ་འཐབས་པ་ལས། །ལྷ་ཐམས་ཅད་ཀྱི་མདངས་ལྷ་མོ་རྨ་བྱ་བ་སྤྲུལ་ཏེ་ལྷ་མོ་དེས་སྲིད་པ་གསུམ་གྱི་བཅུད་བསྡུས་ཏེ་བསྲུངས་པས། །དེ་དག་ལ་གསེར་གྱི་ཙོ་ཏྲའི་གཟུགས་སུ་འདུག་པ་དག་བྱུང་ངོ། །དེ་ཁད་ཀྱིས་རྟག་ཏེ་སྲ་བར་རེད་པ་དང་། །ལྷའི་དམག་ཁོ་རང་ལ་ཡོད་པ་བྱེ་བ་དུང་ཕྱུར་བྱུང་སྟེ། །ལྷ་མོ་དེ་ཕབ་པར་བྱས་ཏེ། །ལྷ་རྒྱལ་བར་བྱས་ཏེ་དུས་རེང་ནི་ལྷའི་དོན་བྱས་འགྲོ་བ་བདེ་བ་ལ་བཀོད་དོ། །སྐྱེ་བ་དེའི་ཕྱི་མ་ལ། ཁེ་དཔ་བཅུ་་སྟག་ཤག་ཅེས་བྱ་བའི་དྲུང་དུ། །སྔོན་དྲང་སྲོང་ཅིང་གིས་བདེག་འདོད་པའི་ཕྱིར། །རང་གི་ལུས་བསྲེགས་པས། །ཕོ་མཚན་ལ་སྦྲུལ་བུ་འདུས་པ་ལས་གཡའ་པ་སྐྱེས་ཏེ། །ལག་པས་བྱུགས་པས་ཕོ་མཚན་ཤེད་རྙེད་ནས། །བསྒུལ་བསྐྱོད་བྱས་པས། །དྲང་སྲོང་གི་ས་བོན་བབས་སྟེ། །ས་བོན་དེ་རླན་གྱི་གཞི་བྱས་ནས་ཉི་མས་བསྲོས། །རླུད་གི་བསྐྱོད་པས་གཟུགས་སུ་རེད་པ་ལ། །དེ་ལ་ལྷ་མོ་འོད་དང་ལྡན་པ་ཅིག་བྱུང་ནས། །འགྲོ་པའི་དོན་བྱས་ཏེ། །མིང་ཡང་ཤིང་གི་ལྷ་མོ་འོད་འཆད་མར་བཏགས་སོ། །སྐྱེ་བ་དེའི་ཕྱི་མ་ལ་དུར་ཁྲོད་སོ་ཤ་དུར་པ་པྲ་ལ་ཞེས་བྱ་བར། །དམངས་རིགས་ཙནྟྲ་ཁད་ཏ་ཞེས་བྱ་བ་ཤི་ནས། །རི་བོར་ཏེ་བཏང་ནས། །དེ་གཅན་གཟན་གྱིས་ཟོས་པས། །དོ་ཕོ་མཚན་འབའ་ཞིག་བསྐྱལ་བས་སྐྱེས་མ་ཁྱིམ་དུ་ཕྱིན་ཙ་ན། །རོ་ལ་སྐྲུགས་བྱུང་བས་དྲན་བརྙེན་མིག་ཕྱེ་ཙ་ན་ནར་ནར་བོར་ཅིག་འདུག་ནས་བླངས་པས། །དེ་ལུན་བུ་ཅི་ཅིག་སྣང་། །མོ་མཚན་དུ་བཅུག་སྟེ། །སྨོན་ལམ་བཏབ་སྟེ། །བདག་མི་བདེ་པའི་སྡུག་བསྔལ་འདི་ལས་ཐར་ནས། །འདི་ཤེད་ཅན་དུ་གྱུར་ལ་ས་བོན་དང་ལྡན་ན། །བདག་ལ་བུ་མོ་ངོ་མཚར་བ་གཅིག་བསྐྱེད་ལ། །མི་བདེ་བ་སེལ་བར་གྱུར་ཅིག །དེ་ལས་མི་ཐར་ན་སྔ་མ་ཁོ་ནར་གྱུར་པར་སྨོད་པོར་པས། ཁྲེད་ཅན་དུ་གྱུར་ཏེ་ས་བོན་བབས་པས། །དེ་ལ་སྐད་ཅིག་ཡུད་ཙམ་ལ། །བུ་མོ་འདོང་ཆས་པ་གཅིག་ཏུ་གྱུར་ཏེ། །མོའི་མི་བདེ་བ་སོས་པར་གྱུར་ཏེ། །དེའི་མིང་དུར་ཁྲོད་ལྷ་མོ་འོད་ཟེར་ཅན་ཞེས་བཏགས་སོ། །སྐྱེ་བ་དེའི་ཕྱི་མ་ལ། །རིགས་ནི་དམངས་རིགས། །ཕའི་མིང་ནི་བྱ་ལེན། །མའི་མིང་ནི་ཙི་མུན་ཏྲ། །མིང་པོའི་མིང་ནི་མཛོད་བདག་དང་། །མཛོད་སྲུངས་བྱ་བ་གཉིས་ཡོད་པ། །མོ་རང་གི་མིང་ནི་ཏིང་ཤགས་ཅེས་བྱའོ། །དན་ཏིང་ཤགས་ཅེས་བྱ་བ། །ཁྱོ་བྱ་ཧིན་བྱ་བ་ལ་བག་མར་བཏང་པས། །ཁྱོ་དང་ཆེན་མས་མ་སྣང་བས། །ཡུལ་དེའི་བྱ་ཏ་ཀྲོ་ཏ་ཞེས་བྱ་བ་ཕག་རྫི་གཅིག་དང་ཉལ་ལོ། །དེ་ནས་དན་ཏིང་ཤགས་ལ་ནལ་བུ་ཆེ་བར་གྲགས་སོ། །གྲགས་པས་ཁྱོས་ནི་ནིར་སྐལ་དུ་བོང་བུ་བྱིན། །ཆེན་མས་བུད་མེད་སྲིད་ཀྱི་བག་ཏུ་སོང་བས་ཕྲག་དོག་སྐྱེས་ཏེ། །དེ་ལ་དགའ་ནས་རལ་གྲི་གདོག་པ་ཅན་བྱས་ན། །བོང་བུ་ལ་ཕྱིན་ཕྱོགས་སུ་ཞོན་ལྕེབས་བྱས་པས། །མོས་ཀྱང་དེ་ལྟར་བྱའི་མ་འགྱོད་ཅིག་ཟེར་ནས། །རྒྱ་མཚོའི་འགྲམ་དུ་སྡིག་བཅན་གྱི་རལ་གྲིས་ཕོ་བ་བཤགས་ཏེ་བུ་ཕྱུང་ནས་ཟོལ། །ནམ་མཁའ་ལ་ཤིང་ལོ་ཅིག་རླུད་གིས་ཁེར་ནས་གླེབ་བྱང་བ་བཟུང་ནས། །སྔོན་ན་རྡོ་སོལ་གཅིག་འདུག་པ་བླངས་ཏེ། །ཁྱོ་དང་ཆེན་མའི་མིང་བྲིས་ནས། །རྒྱ་མཚོའི་གཏིང་དུ་ཨེ་ཀ་ཛ་ཏིར་བསྒྲུབས་པས་གྲུབ་ནས། །སྣལ་ཁྱོ་དང་ཆེན་མ་ཕུང་བར་བྱས་སོ། །དེ་ནས་སྲིརྡོ་པ་གསུམ་ཡང་ཕུང་ལ་ཆ་བར་བྱས་ལ། །དཔལ་ཆེན་པོས་བ་་ཏེ། །མིང་ནི་ལྷ་མོ་ནག་མོ་འམ། །རེ་མ་ཏི་རུ་བཏགས། །གསང་མཚན་ནི་རྡོ་རྗེ་སྐལ་ལྡན་མ་ཞེས་བཏགས་སོ། །དུར་ཁྲོད་ལྷ་མོར་རང་རྒྱུད་ལས། །སྔོན་ཇི་ལྟར་བྱུང་བའི་གླིང་གཞིའི་ལེའུ་སྟེ་དང་པོའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྔོན་དམ་ལ་ཇི་ལྟར་བཏགས་པ་འདི་ཆེད་དུ་བརྗོད་དོ། །སྔོན་ལྷ་མོ་ནག་མོ་ཞེས་བྱ་བ་རབ་ཏུ་མི་སྲུན་པ་ཁྲོ་བར་གནས་པ་སྟེ། །དཔལ་ཆེན་པོས་ཆོས་ཀྱི་སྐུ་ལ་བཞེངས་ནས། །སྤྲུལ་པའི་སྐུ་ལྟ་བུར་ཕྱུང་སྟེ། །དབུ་དགུ་ཕྱག་བཅོ་བརྒྱད་པ་ལྟ་བུར་སྤྲུལ་ནས་བཏུལ་ཏེ། །བཏུལ་བའི་ཚུལ་ཀྱང་། །དཔལ་ཆེན་པོ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་ཁྱད་པར་ལས། །ཁྲོ་བོ་བཛྲ་ཧེ་རུ་ཀ་དཔལ་ཆེན་པ་ཉིད་ཅི་འདྲ་བ་གཅིག་ཕྱུང་ནས། །ཞལ་ནས་ཀྱང་ཧ་ཧ་དང་། །ཕཊ་ཕཊ་དང་། །གཏོགས་ཅིག་དང་། །ཆོད་ཅིག་དང་། །སྲེགས་ཤིག་པའི་དགྲ་ཕྱུང་པས། །འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་གཡོས། །རབ་ཏུ་གཡོས། །ཀུན་ཏུ་ཡང་རབ་ཏུ་གཡོས་སོ། །འགུལ། །རབ་ཏུ་འགུལ། །ཀུན་ཏུ་ཡང་རབ་ཏུ་འགུལ་ལོ། །ཆེམ་ཆེམ། །རབ་ཏུ་ཆེམ་ཆེམ། །ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །འུར་འུར།རབ་ཏུ་འུར་འུར། །ཀུན་ཏུ་རབ་ཏུ་འུར་འུར་རོ། །ཏོར་ཏོར། །རབ་ཏུ་ཏོར་ཏོར་རོ། །ཀུན་ཏུ་རབ་ཏུ་གཏོར་ནས། །སྟེང་མཐོ་ན་འོག་དམའ། འོག་མཐོ་ན་སྟེང་དམའ། ཁྲར་མཐོ་ནུབ་དམའ། །ནུབ་མཐོ་ན་ཤར་དམའ། །བྱང་མཐོ་ན་ལྷ་མོ་དམའ། །ལྷོ་མཐོ་ན་བྱང་དམའ་སྟེ། །འཇིག་རྟེན་ཁམས་ན་མཐུ་ཆེ་བ་དང་། །དབང་ཆེ་བ་དང་། །རྫུ་འཕྲུལ་ཆེ་བ་ཐམས་ཅད་བརྒྱལ་པར་གྱུར་ཏོ། །བརྒྱལ་པར་གྱུར་པས་ལྷ་མོ་ནག་མོའི་འཁོར་མ་གནས་པའི་ཚོགས་རླག་པར་མཛད། །ལྷ་མོ་ཉིད་ནི་བརྒྱལ་བར་གྱུར་ཏོ། །དེ་ནས་དུས་དེར་འཁོད་པའི་འཁོར་དེ་དག་གིས་འདི་སྐད་ཚིག་ཕྱུང་ངོ་། །ཨེ་མ་ཧོ།། ཨེ་མ་ཧོ། ཁོན་ཏུ་ཁྲོ་དྲག་འདི་ལྟ་བུ། །རབ་ཏུ་འདུལ་བར་མཛད་མ་མཐོང་། །འདི་ནི་སྔ་རབས་འདས་པས་ཀྱང་། །འདུལ་བར་ཞལ་གྱིས་མ་བཞེས་སོ། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང་། །འདུལ་བར་ཞལགྱིས་མི་བཞེས་སོ་ད་ལྟར་བཞུགས་པའི་དུས་ལ་བབ། །འདུལ་བར་མཛད་པ་ངོ་མཚར་ཆེ། །ཆེ་བཙན་དྲགས་པ་དབང་ཕྱུང་བདག་པོས་ཏེ། །རབ་ཏུ་ངོ་མཚོར་འབྱུང་བ་ཁྱོད། །ཆོས་སྐུ་སྐྱེ་བ་མེད་པ་ལས། །གཟུགས་སྐུར་བྱུང་བ་ངོ་མཚར་ཆེ། །ཞེས་གསོལ་ཏོ། །དུར་ཁྲོད་ལྷ་མོ་རང་རྒྱུད་ལས། །སྔོན་ཇི་ལྟར་དམ་ལ་བཏགས་པའི་ལེའུ་སྟེ་གཉིས་པའོ། །དེ་ནས་གནས་གང་ན་གནས་པ་འདི་ཆེད་དུ་བརྗོད་དོ། །དེ་ནས་ལྷ་མོ་ཆེན་མོ་དེ་སྤྱི་གནས་སུ་བསྟན་པ་ཏེ། །བྱང་དང་ཤར་གྱི་མཚམས་ན་ལྷ་མོ་གནས་སོ། །གནས་ཀྱི་མཚན་ཉིད་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱས་པ་སྟེ། །བ་གམ་ནི་གཡུའོ། །རྩིག་པའི་ལོགས་ནི་བསེའོ། །རྨང་ནི་ལྕགས་སོ། །ཟུར་ནི་མཆོང་ངོ། །ཁ་བད་ནི་གསེར་རོ། །སྒོ་ནི་དངུལ་ལ་བསེས་བརྒྱན་པའོ། །དེའི་སྐད་ནི་ཤེལ་ལོ། །དེའི་ནང་ན་རྟ་རོ་འབུམ་ནི་གཅལ་ལོ། །མི་རོ་འབུམ་ནི་གདན་ནོ། །ཁྱད་པར་གྱི་གནས་ནི་རེས་འགའ་ནམ་མཁའི་ཁམས་ན་གནས་སོ། །རེས་འགའ་རྒྱ་མཚོ་ཆེན་པོའི་གཏིང་ན་གནས་སོ། །རེས་འགའ་ནི་ནགས་ཚལ་གཏིང་ན་གནས་སོ། །རེས་འགའ་ནི་ངམ་གྲོག་ན་གནས་སོ། །རེས་འགའ་ནི་བྲག་ཕུག་སྟོང་བ་ན་གནས་སོ། །རེས་འགའ་ནི་མེ་དཔུང་འབར་བའི་ནང་ན་གནས་སོ། །རེས་འགའ་ནི་རླུད་ཚུབ་མའི་ནང་ན་གནས་སོ། །རེས་འགའ་ནི་ཆུ་ཀླུང་་ན་གནས་སོ། །རེས་འགའ་ནི་གཙུག་རུམ་ན་གནས་སོ། །རེས་འགའ་ནི་རྨེ་བརྩེགས་ན་གནས་སོ། །རེས་འགའ་ནི་པྲ་བ་ཤ་ན་གནས་སོ། །རེས་འགའ་བེ་ཏེ་ས་ཏྲ་ཉིད་ལ་གནས་སོ། །རེས་འགའ་ནུ་མ་མོའི་གནས་ནས་གནས་སོ། །དེ་དག་ནི་ཐོད་རྒལ་འམ་ཆེ་རིགས་ཏེ། །སྤྱིར་རྣམ་པ་མང་ངོ། །དུར་ཁྲོད་ལྷ་མོའི་རང་རྒྱུད་ལས། །གནས་ངེས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ། །དེ་ནས་ད་ནི་སྒྲུབ་པའི་རིམ་པ་འདི་གསུངས་སོ། །དང་པོ་གནས་ཀྱི་མཚན་ཉིད་ཀྱང་། །རི་བོ་ཤིན་ཏུ་ཟླུམ་པ་ལ། །ཕུག་ཏུ་པའི་གཏིངས་རིངས་དང་། ཁེན་ཏུ་དམར་པོ་ཚོལ་བཟང་དང་། །ཉར་ཉེར་ཡོད་པའི་བྲག་དག་གམ། །ཡང་ན་ཁང་རུལ་ནག་པོ་འམ། །ཆུ་ཡི་མདོ་འམ་འདམ་ཕུག་གམ། །ཆུ་གླེ་སྒང་དམ་རི་ཕུག་གམ། །ཆུ་དགུར་དག་གི་གནས་ནི། །རྐང་གཅིག་ཤིང་གི་དྲུང་དག་དང་། །བྱང་ཕྱོགས་རི་མཐོ་ལྟ་བུ་དང་། །ས་བྲག་ཉམས་ངལ་སོགས་སུ། །ས་རྣམས་བཙལ་དང་བསླང་བར་བྱ། ཁེན་ཏུ་གཙང་པའི་གཏོར་ལ་མ། །རྒྱན་དང་བཟའ་དག་བ་་པའི་ཚོགས་། །མགོན་པོ་རྣམས་ལ་ཅིག་བྱིན་ལ། །གནག་པའི་ལས་འདི་མ་གྲུབ་པར། །བར་ཆོད་འབྱུང་བར་མི་བྱའི་ཕྱིར། །ཡོངས་སུ་དག་པར་སྨོན་ལམ་བྱ། །ཕྱི་མཚམས་བསྲུང་བའི་སྨོན་ལམ་གདབ། །ཆ་གཅིག་རིགས་དྲུག་ཚོགས་ལ་སྤྱིན། །ཆ་གཅིག་ས་བདག་རྣམས་ལ་སྤྱིན། །ས་གླུད་གཏང་ལ་སྨོད་བཅོལ་བྱ། །དེ་ནས་ཤིན་ཏུ་ཏིང་འཛིན་གསར། །མཚམས་གཅོད་ཆོ་ག་དྲག་ཏུ་བྱ། །ཞི་ཁྲོའི་ཚོ་གས་བྱིན་རླབས་བསྐྱེད། །སྨོན་བྱང་པོ་རལ་རྨོད་གཟུགས་བྱ། །དེ་ནས་བསྒྲུབ་པ་པོ་རྣམས་ལ། །དྲག་པོའི་དབང་འདི་གཞུང་བཞིན་བསྐུར། །དེ་ཡི་དུས་ཚེས་བརྒྱད་དང་། །བཅོ་ལྔ་ཡན་ཆད་ཡ་གྱི་ངོ། །བཅུ་དགུ་ཉི་ཤུ་གཉིས་དག་ནས། །མར་གྱི་ངོ་ལ་བསྒྲུབ་པར་འཇུག །དཀྱིལ་འཁོར་བྱ་བའི་ས་དག་ནི། །མི་ནི་གྲི་དགོད་ཤི་བ་ཡི། །ཁྲག་རྣམས་ཟག་པའི་དག་གམ། །སྦས་པ་དག་གམ་ས་ཕུག་གམ། །ཕན་ཚུན་ཕུང་པའི་ས་འམ་བསྲེགས་པའི་ས། །དེ་ལ་དཀྱིལ་འཁོར་བྱ་བར་གསུངས། །དཀྱིལ་འཁོར་བྱ་བའི་ཐབས་དག་ཀྱང་། །འདོ་མ་གང་གྲུ་གསུམ་ཚད་དུ་བརྩིག །དེ་ལ་སྟེགས་བུ་རིགས་གསུམ་བྱ། །བར་མ་ཟླ་གམ་གསུམ་དུ་བྱ། །ཐ་མ་གྲུ་གསུམ་གོང་ཡང་གསུམ། །གྲུ་གསུམ་དག་ཏུ་གསུམ་བྱས་ལ། །རབས་ཆད་ཐོད་པ་གསུམ་དག་ཀྱང་། །གྲུ་གསུམ་འོག་ཏུ་གཞུག་པར་བྱ། །ཐོད་པའི་ནང་ཞབས་བྲི་བ་ནི། །ཡི་གེ་ཨ་ནག་རྡོ་སོལ་དག་གིས་བྲི། །ཐོད་པའི་སྟེང་ནི་མངོན་བྱས་ལ། །ཡི་གེ་མ་ནི་དམར་པོ་མི་ཁྲག་གིས། །བྲ་བ་དག་ཏུ་བྱ་བར་གསུངས། །ནང་དུ་བཙག་གིས་བྱུག་པར་བྱ། །བྱང་གི་ཟླ་གམ་ཕག་ཁྲག་བྱུགས། །ཤར་གྱི་ཟླ་གམ་དུག་གིས་བྱུགས། །ནུབ་ཀྱི་ཟླ་གམ་མི་ཁྲག་བྱུགས། །ཕྱི་མ་རྡོ་སོལ་དག་གིས་བྱུག །དེ་ནས་རྫས་རྣམས་དགྲམ་པ་ཡང་། །དབུས་སུ་ཙིཏི་གཞག་པར་བྱ། །སྟེང་དུ་རུས་ཆེན་ཕུར་བ་གཟུགས། །སྐྱེར་ཕུར་ལ་སོགས་ཐམས་ཅད་ཀྱང་། །མཐའ་མ་བསྐོར་ལ་གཞག་པར་བྱ། །རྫས་དང་གཏོར་མ་བཤམས་པ་ཡང་། །དུག་སྣ་རྣམ་པ་སྣ་ཚོགས་པ། ཁྲར་གྱི་ཕྱོགས་སུ་དགྲམ་པར་བྱ། །བྱང་དུ་རྟག་པར་བཞུགས་པ་དང་། །སུབ་མའི་འབྲས་བུ་བྲའོ་དང་། །ར༷་བ་ནས་ནག་སྐེ་ཚོལ། །གུར་ཀུམ་གྱི་ས་ནི་བརྫིས་བྱས་ལ། །གཏོར་མ་དག་ནི་ཟུར་གསུམ་པ། །བརྒྱད་དམ་དགུ་རུ་བྱས་པ་ལ། །ངོས་ཅིག་རཀྟས་བྱག་པར་བྱ། །དེ་ཡི་ངོས་ཅིག་དག་ལ་ནི། །དགྲ་བོའི་མིང་ནི་རྡོ་སོལ་གྱིས། །ལེགས་བར་དེ་མིང་བྲི་པར་བྱ། ཤིང་ལོ་རླུང་གིས་ཁྱེར་པ་ཡི། །ས་ལམ་ལྷུང་པ་དེ་ལ། །མིང་རུས་རྡོ་རྗེ་སོལ་བ་ཡི། །བྲིས་ལ་གཏོར་མར་གཞུག་བར་བྱ། །ཙིསྟ་སྒ་ལག་མཉམ་དང་། །སྨན་སྣ་རྣམ་པ་སྣ་ཚོགས་དང་། །དྲི་སྣ་རྣམ་པ་སྣ་ཚོགས་དང་། །འབྲུ་རྣམས་རྣམ་པ་སྣ་ཚོགས་དང་། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །མི་དབག་འབྲོས་བུ་སྨན་པ་དང་། ཁྲེང་ལོ་རླུད་ཁྱེར་ལ་སོགས་པ། །ཕལ་ཆེར་དེ་རུ་གཞུག་པ་དང་། །བན་དྷ་ལྕང་ལོ་ཅན་ནང་དུ། །འབྲུ་བབ་ཆང་ནི་བླུགས་བྱས་ལ། །མི་དབང་ཤ་ཕྱེས་བཀང་སྟེ་བཞག །ནུབ་ཀྱི་ཕྱོགས་ཀྱི་ཟླ་གམ་ལ། ཁུན་གྱི་གཏོར་མ་ཟུར་གསུམ་པ། །བཅུ་དགུ་ངེས་པར་བྱས་པ་དེ། །རཀྟ་ས་བཀང་ལ་གཞར་པར་བྱ། །དེ་ནས་ལྷ་མོའི་སྐུ་གཟུགས་ནི། །རས་སམ་ཤིང་གི་པགས་པ་ལ། །གཞུང་དུ་བྲིས་སམ་ལུགས་དང་བརྐོས། །བྱང་ཤར་མཚམས་སུ་བཞུགས་པ་ལ། །བསྒྲུབ་པའི་སྲིན་ལག་ཁྲག་ཕུད་ཕྱུང་། །ལྷ་ཡི་ཐུགས་ཁར་མེ་ཚོནགང་སྐུ། །ཡང་སྙིང་དེ་ཡི་སྟེང་དུ་བྲི། །བ་སུ་ཏ་འམ་ཞིང་རྒྱུད་ཀྱིས། །ཐུགས་ཁར་བཏགས་ལ་སྣ་གཅིག་ནི། །དབུས་ཀྱི་ཕུར་བུ་ལ་བཏགས་སོ། །མཚམས་སུ་རཀྟས་བཀང་བ་ནི། ། བན་དྷ་གསུམ་ནི་གཞག་པར་བྱའོ། །དུར་ཁྲོད་ལྷ་མོར་རྒྱུད་ལས། །གནས་བཙལ་པ་དང་། །དཀྱིལ་འཁོར་བྲིཔའི་ཐབས་དང་། །རྫས་བསགས་པ་བསྟན་པའི་ལེའུ་སྟེ་བཞི་པའོ། །དེ་ནས་འཕྲིན་ལས་མཆོག་གི་རྒྱལ་པོ་འདི་གསུངས་སོ། །བདག་ཉིད་ནུབ་ཕྱོགས་འདུག་བྱས་ལ། །བྱང་ཤར་དུ་ནི་མ་ལ་ལྟ། །མ་ཡང་ཆ་ལུགས་བཞིན་དུ་ནི། །བདག་ལ་ལྟ་བར་བསམ་བྱས་ལ། །ཏིང་འཛིན་སྒྱུ་འཕྲུལ་ངང་ལ་འདུག །བཟླས་བརྗོད་རྫོགས་པར་བྱས་པ་ལ། །བདག་ལ་རབ་ཏུ་བསྟིམ་བྱས་ལ། །བསྐལ་བའི་མེ་བཞིན་འབར་བར་བསམ། །དེ་ནས་དྲག་པོ་བསྐྱེད་པ་ནི། །ཨ༷་ལས་ཚུབ་མ་ལྟ་བུར་གྱུར། །ཚུབ་མའི་དཀྱིལ་དུ་བསྒོམ།་བྱ་བ། །དཔལ་ལྡན་དྲག་མོ་ཆེན་མོ་སྟེ། །ཕྱིན་ཕྱོགས་དྲེའུ་ཁྱི་ཕག་ཤོན། །སྐུ་མདོག་ནག་མོ་མི་ཟན་མ། །བཅུ་བདུན་དབུ་དང་ལྡན་པ་ནི། །འཕྲ་མེན་བཅུ་དྲུག་ཉིད་དང་དང་བདུན། །ཡང་ན་དབུ་གཅིག་ཕྱག་གཉིས་ཏེ། །གཡས་ན་རླུད་ནག་རལ་གྲིའི། །གཡོན་ན་ནེའུ་སྣམས་པའོ། །སྤྱི་བོ་གཙུག་ན་ཟླ་གསལ་རྒྱས། །ལྟ་བའི་ཤེས་རབ་ཉི་མས་ནི། །སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་ལ། །རལ་པས་འཇིག་རྟེན་ཀུན་ཁེབས་ཏེ། །རལ་པ་དེ་ཡི་སྐྲུ་གསེབ་ནས། །དུད་པ་འཐུལ་ཞིང་མེ་སྟག་འཕྲོ། །སྤྱན་ནི་དཀར་ཆེན་ཤར་བ་འདྲ། །སྤྱན་རྩ་དམར་ལ་སྡང་མི་མཐོང་ན་ཀུན་སྡང་བ། །དམིག་གོར་བྱས་པས་ཁམས་གསུམ་འཇིག །མཆེ་བ་གཙིགས་པས་བདུད་རྣམས་འཇོམས། །མི་བཟད་དྲལ་དུ་འགྲམ་འཁྲོལ་པ། །གཞན་ཡང་དགྲ་བོ་མགོ་བཅད་པའི། །འཕྲེང་བས་སྐུ་ལ་རབ་ཏུ་བརྒྱན། །ཀླུ་དབང་གཤིབས་པའི་སྐུ་རགས་བཅིངས། །ཀོ་རློན་གཤེར་བརྒྱངས་ཏེ་དྲག་པོའི་གོས། །གོས་ཆེན་རྣམས་ཀྱིས་རྣམ་ཕྱེད་གཡོགས། །ཕྱེད་ཙམ་སྨྱུག་མའི་རེ་ལྡེ་ས་རབ་ཏུ་དཀྲིས། །དབུགས་ཀྱིས་བཀང་བའི་རྒྱུ་མས་ནི། །ཞབས་ལ་མཛེས་པར་རབ་ཏུ་བརྒྱན། །ལུས་སྣུམ་ལ་བསྐུས་ཁྲག་དང་ཞག་གི་ཚོམ་བུ་ཅན། །འདི་ལྟར་བརྒྱན་པ་རབ་ཏུ་བསྒོམ་པར་གསུངས། །གཞན་ཡང་སྙན་ལ་ཞེ་སྡང་དང་ལྡན་སྦྲུལ་སྟོང་ལྡན། །ཡ་ཅིག་ལ་ནི་མཛེས་པའི་སེང་གེས་བརྒྱན། །འདི་ལྟར་རབ་ཏུ་བསྟན་པར་རྟོགས་འགྱུར་ཞེས། །རྒྱལ་བ་ཉིད་སྐྱུས་གསུང་འགྱུར་པའོ། །དུར་ཁྲོད་ལྷ་མོའི་རིང་རྒྱུད་ལས། །སྐུ་མདོག་ཆ་ལུགས་ཀྱི་ལེའུ་སྟེ་ལྔ་པའོ། །དེ་ནས་དྲག་མ་དེ་གསང་སྔགས་ཀྱི་སྒོ་ནས་མཉེས་པར་བྱ་བའི་འདི་ཆེད་དུ་བརྗོད། །དེ་ཡང་དང་པོ་སྐུ་བསྐྱེད་པར་བྱ་བ་འདི་གསུངས་སོ། །ཏད་ཡ་ཐུ།རུ་སྡུ་རོ་བ་ཏི་ཤུ་བ་ཏོ་སི། །ཨ༷་ཨོ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ༷་ཛ་ཛ། །དེ་ལ་འདི་ནི་མངོན་དུ་ཕྱོགས་པར་བྱས་ཏེ། །གཞལ་ཡས་སུ་བསྟེན་ཅིང་སྤྱན་དྲང་པའི་སྔགས་སོ། །ཏད་ཡ་ཐུ། །ཨོ་རུརུརོ་སྲ །ཏིཤཱབཏོསི་གྲྭཧྭ ། ཨ༷་ཨོ་ཙ་པ་ཨ་ཤུག་མེ་ཧཱུཾ༷་སྨྱོ་ཛ་ཛ། །ཧཱུཾ༷་ཨག་ཏེ་ཧྲིང་མ་མ་མ། །དེ་ལ་འདི་ནི་བརྟན་པར་བཞུགས་པའི་སྔགས་སོ། །ཨ་བེ་ཤ་ཡ་ཨ་ཨ་བེ་ཤ་ཡི། །ཞེས་བྱའོ། །དེ་ལ་དའི་ནི་ཕྱག་བཙལ་བའི་སྔགས་སོ། །ཨོ་ན་མ་ས་ཡ་ཨ་ལ་ལ་ཧོ། །ཞེས་བྱའོ། །དེ་ལ་འདི་ནི་མཆོད་པ་འབུལ་བའི་སྔགས་སོ། །མཧྭ་ཁུ་ཧི། །མཧྭ་རག་ཏ་ཁུ་ཧི། །མཧྭ་ཙིཏི་ཁུ་ཧི། །མཧྭ་བ་སུ་ཏ་ཁུ་ཧི། །གཟུགས་ལ་ཁུ་རྙི། །གློ་སྙིང་ནང་ཁྲོལ་མཁལ་མར་བཅས་པ་ཀ་ཁྱ་ཧི། །མ་ཁ་ཧི་མ་ཁ་ཧི། །རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཁ་ར༷་ཁུ་ཧི། །ཞེས་བྱའོ། །དེ་ལ་འདི་ནི་མཆོད་པ་འབུལ་པའི་སྔགས་སོ། །རུ་རུ་རོ་རུ་ཙིསྟ་ཏིཤཱ་པཏོ་སེ་ཙ་པ་ལ་ཨ་ཤུག་མེ་ཁ་ར༷་ཁུ་ཧི། །འབྱུང་པོའི་ཕུང་པོ་དང་། །དབང་པོ་ལྔ་ལ་ཁུ་ཧི། །ར༷་རྒྱ་ཁ་ཧི་ར༷་རྒྱ་ཁ་ཧི། །དེ་ནས་ད་ནི་སྔགས་ཀྱི་གནན་པ་འདི་གསུངས་སོ། །མ་ར་ཙ་ཁ་ཐ༷། །ཞེས་བྱའོ། །དེ་ནས་མ་མོ་དྲག་པོའི་ལས་ལ་བོད་པ་འདི་གསུངས་སོ། །ག་་ག༷་སྒྱུ༷་སྒྱུ༷་མ་མོའི་སྙིང་དགྲ་ལ་སྨྱོ། །མ་མོའི་མིག་དགྲ་ལ་སྨྱོ། །མ་མོའི་སྙིང་དགྲ་ལ་སྨྱོ། །མ་མོའི་ཞལ་དགྲ་ལ་སྨྱོ། །མ་མོའི་སྐུ་དགྲ་ལ་སྨྱོ། །ཐུ༷་རིལ་ཐུ༷་རིལ། །སྙིང་རིལ་སྙིང་རིལ། །ཁྲག་རིལ་ཁྲག་རིལ། །འུར་འུར་སྦྱོ། །གྲ༷་གྲ༷་སྨྱོ། །སྨྱོ་ཤིག་ཤིག་སྦྱོ། །གཟུགས་ཕུང་ཤིག་ཤིག་སྨྱོ་སྨྱོ། །རྔ༷་བ་རྔ༷་བ། །མ་མ་རོ་རུ་ཁ་རག་སྙིང་ཁ་རག །་ག་རཀྟ་ཧ་ལ་དུན་སྨྱོ། །དེ་ལ་འདི་ནི་རྟག་ཏུ་བསྙེན་པའི་སྔགས་སོ། །ཨོ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ༷་སྨྱོ། །ཛ་ཛ། །དེ་དག་ནི་གསང་སྔགས་ཀྱིས་མཉེས་པར་བྱ་བའི་ཐབས་སོ། །དུར་ཁྲོད་ལྷ་མོའི་རང་རྒྱུད་ལས། །གསང་སྔགས་མན་ངག་གི་ལེའུ་སྟེ་དྲུག་པའོ། །དེ་ནས་དྲག་མོ་དེ་དག་གིས་བསྒྲུབ་པ་འདི་གསུངས་སོ། །གཞན་དབང་དུ་སྡུད་འདོད་ན། །ཟླ་གམ་ལྡན་པའི་དཀྱིལ་འཁོར་ལ། །མཛེས་པའི་ཁྲག་གིས་མཐའ་ནས་བསྐུས། །དབུས་སུ་གྲུ་གསུམ་ཉིས་བརྩེགས་ལ། །རྡོ་ཡི་སོལ་བ་ནག་པོས་བྱུགས། །དབུས་སུ་རྨ་བྱའི་སྙིང་གཞག་ལ། །དབུས་སམ་སྟེང་ནས་ཟངས་ཕུར་ལ། །ཁྱིམ་བྱའི་རྒྱུས་པས་སྐུ་ལ་བསྟོད། གསང་སྔགས་བཟླས་ལ་བསྟོད་ལ་གཞག །དེ་ཡི་རྫས་སུ་བཤམ་པ་ནི། །བཙག་དང་ཡུངས་ཀར་ཐོད་ལེ་ཀོར། །འབྲུག་རུས་ས་དང་ལན་ཚྭ་རྣམས། །བ་གཅིན་དག་གིས་སྦྲུས་ལ་ནི། །དབང་དུ་བསྡུ་ཞིང་གཟུགས་སུ་བྱ། །སྙིང་ཁར་ཡི་གེ་མ་བྲིས་ལ། །བསྒྱེལ་ཏེ་གན་རྐྱལ་བྱས་ལ་གཞག །གྲོག་འམ་རས་སམ་ཤུ་གུ་ལ། །དེ་ཡི་མིང་ནི་བྲིས་བྱས་ལ། །ཐིང་རིལ་རྐང་པས་གནན་ལ་གཞག །སྣ་ཚོགས་དུག་ལ་བཙག་གིས་བྱུགས། །གཏོར་མདར་པོ་སྦྲུས་བྱས་ལ། །ནུབ་ཕྱོགས་སུ་གཞག་པར་བྱ། །ལྕགས་ཕྱེ་རྡོའི་ཕྱེ་སྩོགས་རྣམས། །བྱང་གི་ཕྱོགས་སུ་གཞག་པར་བྱ། །བཙོད་དང་ལ་ཕུར་ཕག་ཁྲག་དག་། །ར་ཁྲག་ཁྱི་ཁྲག་ཡུངས་ཀར་རྣམས། ཁྲར་གྱི་ཕྱོགས་སུ་གཞག་པར་བྱ། །སྐེ་ཚེ་ཕུ་རོན་རྟག་པར་དང་། །སྲིན་བྱའི་སྙིང་དང་འུག་པའི་མིག །ཚྭ་གཡེར་ལྒ་དང་བྲ་འོ་རྣམས །ལྷོ་ཡི་ཕྱོགས་སུ་གཞག་པར་བྱ། དེ་ལྟར་རྫས་རྣམས་བཤམས་པ་དང་། །བསྐུལ་པ་འདི་དག་རབ་ཏུ་བྱ། །དཔལ་ཆེན་ཏིང་འཛིན་ལྡན་བྱས་ལ། །བདག་ཉིད་ཀྱིས་ནི་ཚིག་འདི་བརྗོད་། །ང་ནི་དཔལ་ཆེན་ཟ་བྱེད་ཡིན། །ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། །ང་ཡི་དམ་ལས་མའི་འདའ་སྟེ། །ཁྱོད་ཀྱང་དམ་ལས་མ་འདའ་ཞིག །བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ།།གཤིན་རྗེ་ཁམས་ཀྱི་ལྷ་མོ་སྟེ། །ནམ་མཁའ་ཁམས་ཀྱི་གློག་མ་སྲིན། །དཔལ་ཆེན་ཁྲག་འཐུང་སྤྱན་སྔ་མྲ །ཁས་བླངས་དམ་བཅའ་རིམ་བཞིན་བསྒོ། །རྡོ་རྗེ་རྫུ་འཕྲུལ་ཆེར་གྲགས་ཤིང་། །མ་སྲིང་བརྩེ་བའི་ཚུལ་ཅན་མ། །དམ་ཚིག་ལས་རྣམས་དུས་ལ་བབ། །ཆོས་ཀྱི་དབྱིངས་ཀྱི་སྐུ་གསུང་ཐུགས། །ཁྱོད་ཀྱི་ཐུགས་ལ་རབ་གནས་ཤིང་། །ཁྱོད་ཀྱི་ཐུགས་ཀྱི་སྦྲུལ་པ་ནི། །རྣལ་འབྱོར་པ་ལ་རབ་ཏུ་གནས། །དེ་ལྟར་དམ་ཚིག་བསྟབས་བྱས་ལ། །ལྷ་མོ་ཉིད་ཀྱང་དམ་ལ་འདུ་བར་བྱེད། །ཁམས་གསུམ་འདི་དག་ཤུན་ཏུ་སྐྲག་པར་བྱས། །གང་དབང་བྱ་བའི་དམིགས་པ་དེ། །སྐད་ཅིག་ཡུད་ལ་དབང་དུ་འདུ། །དེ་ལྟར་དབང་དུ་བསྡུ་བ་ནི། །དྲག་ཤུལ་ཅན་དུ་བྱ་བ་དང་། །ཁམས་གསུམ་དབང་དུ་བསྡུབ་དང་། །སྲིད་གསུམ་བདེ་བ་དགོད་པ་དང་། ཁུད་དྲུག་ལམ་ལ་འཇོག་པ་དང་། །གསང་པའི་ཐེག་པ་སྟོན་པ་དང་། །རྣལ་འབྱོར་སྤྱི་བགེགས་གདུལ་བ་དང་། །དམ་སྲི་ཆེན་མོ་གནན་པ་དང་། །་ཁྲོ་བོ་ཚ་ནས་སྦྲུག་པ་དང་། །དམྱལ་བའི་གནས་རྣམས་སྦྱང་བ་དང་། །དེ་ལ་སོགས་པ་མཐའ་ཡས་མཆོག །རབ་འབྱམས་ཐམས་ཅད་གྲུབ་པར་འགྱུར། །བསྐུལ་བ་དབྱངས་དང་རབ་ལྡན་པ། །དུས་གུསམ་དམ་བསྐུལབསྟོདཚིགབྱ། །གསང་སྔགས་ཆོ་ག་རྒྱུན་དུ་བཟླས། །དེ་ལྟར་བྱས་ན་དབང་དུ་འདུ། །དབང་དུ་ཐམས་ཅད་འདུས་པ་དང་། །ཚིགས་སུ་བཅད་པ་འདི་ཡང་བརྗོད། །སྐྱེ་མེད་འགྱུར་མེད་ཆོས་ཀྱི་སྐུ། །ནམ་མཁའ་དག་པའི་དྲི་མེད་ལྟར། །དངོས་དང་དངོས་མེད་ཁྱད་པར་བརྡལ། །བསྡུ་པའི་དམིགས་བ་མེད་མོད་ཀྱང་། །ཐམས་ཅད་འདུ་བ་ངོ་མཚར་ཆེ། །ཞེས་བརྗོད་པར་བྱའོ། །དུར་ཁྲོད་ལྷ་མོའི་རང་རྒྱུད་ལས། །ཕ་རོལ་ཐམས་ཅད་དབང་དུ་བསྡུ་བའི་ལེའུ་སྟེ་བདུན་པའོ། །དེ་ནས་ཆུས་བརླན་པར་བྱ་བ་དང་། །ཆུ་དབབ་པ་འདི་ཆེད་དུ་བརྗོད་དོ། །གོང་དུ་སྔགས་ལ་དམིགས་བྱས་ལ། །རབ་འབྱམས་ལས་འདི་རབ་ཏུ་བསྔགས། །ཁམས་གསུམ་བརླན་གྱི་རང་བཞིན་ལ། །འཐད་པའི་གནས་སུ་ཆུ་དབབ་ན། །རིམ་གསུམ་ལྡན་པའི་སྟེགས་བུ་ལ། །ཟླུམ་པོ་རབ་ཏུ་ལེགས་པར་བྱ། །མཐའ་མ་རྡོ་སོལ་དག་གིས་བྱུག །བར་བ་ཁྱི་དང་ཕག་པར། །དེ་གསུམ་ཁྲག་གིས་བྱུག་པར་བྱ། །དང་པོ་མི་ཡི་ཁྲག་གིས་བྱུག །དེ་ལྟར་བར་དུ་ལེགས་བྱས་ལ། །དེ་ནས་རྫས་རྣམས་བཤམ་པ་ནི། །གང་བྱའི་ཕྱོགས་ཀྱིས་དང་ནི། །ཆུ་ནི་གང་ཉེ་བླང་བྱས་ལ། །དང་པོའི་གྲུ་གསུམ་སྟེང་དུ་གཞག །དེ་རུ་རྫས་སུ་བཙལ་བ་ལ། །སྟག་ཟིལ་རྡོ་དང་བཙག་དང་བཞག །ཁྲག་སྣ་བརྒྱ་ནི་རྩ་བརྒྱད་གཞག ཤ་སྣ་བརྒྱ་འམ་འབྱོར་ཚད་དང་། །མི་དབང་འབྲས་བུ་སྦྱར་ལ་གཞག །ཁྲག་སྣ་དེ་དག་འཕྲད་དུ་ནི་། །མི་དབང་ཁྲག་ཏུ་སྦྱར་ལ་བཞག །ཞག་བདུན་གཞུང་བཞིནབསྙེན་པར་བྱས་ལ། །དེ་ནས་ལས་མཆོག་བྱ་བར་གསུངས། །ཡ་ལས་དྲག་མོ་བསམ་བྱས་ལ། །ཞལ་སྲས་ཤིན་ཏུ་རྔམ་བྱེད་སྐུ། །དྲག་ཤུལ་མདངས་དང་ལྡན་པ་ལ། །སྤྱན་མཆོག་ཐམས་ཅད་དུས་གཅིག་མཆོག ཁྲངས་ཀྱི་དྲི་ཡིས་ཁམས་གསུམ་དུས་གཅིག་ཚོར། །སྙན་གྱི་སྒྲ་སྐད་ཐམས་ཅད་དུས་གཅིག་གསན། །ཐུགས་ཀྱི་མ་ཡེངས་ཆོས་ཉིད་དོན་ལ་དགོངས། །དེ་ནི་དྲག་མོ་ཤིན་ཏུ་ངོ་མཚར་ཆེ། །དེ་ལ་ཐུགས་དམ་འདི་སྐད་བསྐུལ། །ནག་མོ་ཁྲག་འཐུང་རྡོ་རྗེ་རལ་པ་ཅན། །རལ་གཅིག་གནམ་དུ་སྤྲུགས་པས་ནི། །འོག་གི་ཀླུ་ཐེ་གནམ་ཐེའུ་འདུལ། །ཁམ་ནག་རལ་པ་རལ་གཅིག་མ །བར་སྣང་ལྷ་བྲན་མང་པོ་དབང་དུ་བསྡུད། །རལ་གཅིག་ཐུར་དུ་སྤྲུགས་པས་ནི། །གནམ་ལྷ་དཀར་པོ་དབང་དུ་སྡུད། །རལ་གཅིག་བར་སྣང་ཁམས་སུ་བརྐྱང་བ་ནི། །བར་སྣང་ལྷ་བྲན་མང་པོ་དབང་དུ་སྡུད། །རླུང་ནག་ཚུབ་མའི་ཀློང་དཀྱིལ་ན། །དམར་མོ་རྡོ་རྗེ་རལ་པ་ཅན། །ཁྲག་འཐུང་བཏམས་པའི་ཁྲི་ལ་བཞུགས། །མཚན་མོ་རྒྱུག་ཅིང་ཉིན་མོ་སྦེད། །གསོད་ལ་དགའ་ཞིང་མི་ཁྲག་འཐུང་། །སྒྲོག་རུས་གཡས་པའི་ཀློང་དཀྱིལ་ན། །འགྱིང་བརྗིད་ཆེན་པོ་ནག་པོ་ཆེ། །སྤྱན་གསུམ་དགྲད་ཅིང་མཆེ་བ་གཙིགས། །སྡིག་བྱེད་ཁྲག་འཐུང་རལ་པ་ཅན། །ཕྱག་གཡས་བེ་ཅོན་དབྱུག་པ་ལྕུག་ཕྲན་བསྣམས། །ཕྱག་གཡོན་རལ་གྲི་ཞིང་ཐོད་བསྣམས། །གནོད་སྤྱིན་ནག་མོ་མཆེ་བ་ཅན། །གང་ལ་བྱ་བ་མི་དངོས་པོ་མེད། །ཁམ་ནག་ཆེན་མོ་རལ་པ་ཅན། །ཁམ་པ་མི་བཟད་གནམ་དུ་ཟུག །དཔྲལ་ན་དེ་ནི་མིག་གཅིག་མ། །འཇིག་པའི་མེ་སྟག་ཚ་ཚ་འཕྲོ། །བྲང་ན་དེ་ནི་གཅིག་མ། །དཔུང་པ་གཡས་ན་འགྱེལ་ཅིང་འགྲོ། །ལན་འགའ་དྲག་ཏུ་མངག་པའི་ཚེ། །ནུ་མའི་གཡབ་མོ་གཡོབ་ཅིང་འགྲོ། །དམིགས་པར་བྱ་བ་འགྲུབ་པར་བྱེད། །དེ་ལྟར་བྱས་པའི་ལས་མཆོག་ནི། །རྒྱལ་བ་ཉིད་ཀྱི་མཐུ་འདྲ་ན། །སྐུ་གསུང་ལྡན་པའི་སངས་རྒྱས་ཀྱང་། །མཉེས་པར་འགྱུར་པ་གདོན་མི་ཟ། །ལས་མཆོག་འདི་ལ་རབ་གནས་པ། །སྔགས་འདིར་རབ་ཏུ་བརྗོད་བྱས་ན། །དཀྱིལ་འཁོར་གསུམ་དུ་ཆར་ཆུ་འབེབས། །ཨོ་རུ་རུ་རོ་རུ་ཙ་པ་ལ་ཡ་ནི་རུས་པ་ཀ་ལ་ཤདྷ་སྲུཧྭ། །དེ་ནི་འབེབས་བྱེད་གསང་སྔགས་ཏེ། །ཆུ་མཆོག་འབབ་པར་གདོན་མི་ཟ། །ཞེས་གསུངས་སོ། །དུར་ཁྲོད་ལྷ་མོའི་ར་ང་རྒྱུད་ལས། །དབང་དུ་བསྡུ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ད་ནི་ཆོས་བསྒྲུབ་ས་འདིའི་ཆེད་དུ་བརྗོད་དོ། །གྲུ་གསུམ་ལྡན་པའི་དཀྱིལ་འཁོར་ལ། ལྷ་མོའི་སྐུ་གཅིག་དབུས་སུ་གཞག །གང་འདོད་དམིགས་པ་ཐུགས་ཕར་པྲི། །གཡས་སུ་ཨུ་ཡུ་བྲི་བར་བྱ། །གཡོན་དུ་ཨ་ཡང་བྲི་བར་བྱ། །ཡུངས་ཀར་རྒྱལ་པོ་སྤྱི་བོར་གཞག །ལྡོང་རོས་རམས་དང་རྒྱ་སྐྱེགས་དང་རྣ་བའི་ཁྲག་དང་རྐྱང་གི་ཤ། །རུས་སྦལ་ནག་པོའི་མིག་དང་ནི། །ཉ་ལྕིབས་བོང་བུའི་ལ་དུ་རྣམས། ཁྲར་གྱི་ཕྱོགས་སུ་བས་གསལ་བ་གཞག །བསེ་གབ་ཁ་སྦྱོར་ནང་དུ་ནི། །ཚེ་ཡི་རྟགས་རྣམས་གཞག་པར་བྱ། །དེ་ནི་ལྷོ་ཡི་ཕྱོགས་སུ་ནི། །ཁམ་པ་རྫ་ཡི་གའུ་ལ། །དབུས་སུ་ཡ་དང་རུས་བྲིས་ཏེ། །མཐའ་མར་བྷ༷་དང་ཡུ་བྲིས་ལ། །ལྷོ་ཡི་ཕྱོགས་སུ་གཞག་པར་བྱ། །ཡུང་བ་ར༷་བ་རྒོད་ཤ་དང་། །རི་བོང་རིལ་མ་མཇུག་སྤུ་དང་། །བྲ་བའི་རིལ་མ་འཇུག་སྤུ་རྣམས། །ནུབ་ཀྱི་ཕྱོགས་སུ་གཞག་པར་བྱ། །ཐོད་ལེ་ཀོར་དང་ནས་ནག་དག་། །མུ་ཏིག་གླ་རྩི་ལ་སོགས་དང་། །མི་དབང་ཤ་དང་ཁྲག་དང་ནི། ཤེང་ལོ་རྡོ་སོལ་ལ་སོགས་རྣམས། །བྱང་གི་ཕྱོགས་སུ་གཞག་པར་བྱ། །གཏོར་མ་བསེ་ཡི་བྱ་པོ་བཅུ། །ཕྱོགས་མཚམས་སྟེང་འོག་དག་་ཏུ་འདུག །དེ་ལྟར་ཐམས་ཅད་འཚོགས་པ་དང་། །ཚིགས་སུ་བཅད་པ་འདི་དག་བརྗོད། །ཁམས་གསུམ་ཐམས་ཅད་ཆོས་ལ་དབང་སྒྱུར་པས །རྟག་ཏུ་དབུགས་དབྱུང་མཛད་དུ་གསོལ། །སྲིད་གསུམ་སྲོག་ལ་མངའ་དབང་མཛད། །བདག་གི་སྲོག་འདི་བསྲུང་དུ་གསོལ། ཁུད་དྲུག་དབུགས་ལ་མངའ་མཛད་པས། །བདག་གི་དངས་མ་བསྒྲུབ་ཏུ་གསོལ། །ནག་མོ་ཁྲག་འཐུང་རྡོ་རྗེ་རལ་པ་ཅན། །དབང་ཆེན་རྡོ་རྗེ་ཐོགས་སེར་ཆེན་པོ་འབེབས། །ཁམས་གསུམ་གྲོལ་མཛད་དུག་གསུམ་རྩ་ནས་གཅོད། །རལ་པ་གསིགས་པས་སྟོང་ཁམས་ཀུན་ཏུ་ཁྱེབས། །མཆེ་བ་གཙིགས་པས་དགྲ་རྣམས་ཞལ་དུ་འདྲེན། །དྲག་པོ་མི་བཟད་མི་ཤ་ཁ་ན་ཐོགས་པ་ཁྱོད་ཉིད་ནི། །སྔ་ན་མ་མཐོང་ལྷ་མོ་ཁྱོད་མཐོང་ན། །མ་མོ་རྣམས་ཀྱང་སྐྲག་ཅིང་རྔམ་མཐོང་ན། །མིག་རྩ་རིག་རིག་དྲག་མོ་ཁྱོད་ལ་འདུད། །མ་མོ་ལུས་མདོག་གནག་ཅིང་བཟོད་པ་དཀར་བ་ཁྱོད་ལ་ནི། །བརྒྱ་བྱིན་ལ་སོགས་པས་ནི་ཉིན་གཅིག་བཞིན་དུ་བསྟོད། །ཕྱག་འཚལ་གཤིན་རྗེ་ཉིད་ཀྱང་འདར་ཞིང་འདུད་པར་བྱེད། །མི་དང་འགྲོ་བ་མ་ལུས་འཇུག་བརྟུལ་ནས། །སྒྲོལ་བྱེད་ནག་མོ་ཆེན་མོ་ལ། །རྟག་ཏུ་བསྲུང་པའི་ལས་ཀྱང་འཚལ། །དེ་སྐད་ཅེས་ནི་བརྗོད་བྱས་ལ། །ཐད་ཀར་དཔལ་ལྡན་ཏིང་ངེ་འཛིན། །ལྡན་པ་ཕྱག་རྒྱ་ཆེན་པོར་གནས། །རང་རྟགས་པ་དན་རྡོ་རྗེ་སྟེ། །ལས་ཀྱི་རྡོ་རྗེ་དབང་བསྡུ་ཞིང་། །ཁམས་གསུམ་དུས་གཅིག་བསྒྲལ་པ་དང་། །མ་ལུས་དྲག་མོའི་ཞལ་མཐོང་པས། །རིག་པ་རྒྱ་ཆེ་ཐུན་མོང་མེན། །སྐད་ཙིག་ཙམ་ལ་ཐུགས་ལ་རབ་གནས་ཏེ། །མཚན་གཅིག་བཟླས་བརྗོད་རྫོགས་བྱས་ལ། །ཐོ་རངས་སྐྱ་རེངས་ཤརབ་དང་། །མི་འཆི་ཚེ་ཡི་དངོས་གྲུབ་བླང་། །རྨི་རྟགས་མཚན་མ་ཅི་བྱུང་བ། །སྐད་ཅིག་ཙམ་ལ་ཤེས་པར་བྱ། །བཟང་ན་ལེན་པ་ཚོད་ཟིན་བྱ། །ངན་ན་ལས་ཐབས་བསྐྱལ་ལ་བྱ། །དེ་ལྟར་བྱས་ནས་བསྒྲུབ་བྱས་ན། །མི་མ་ཡིན་པའི་ཚེ་ལོ་སོགས། །ཐམས་ཅད་གྲུབ་པར་འགྱུར་པས་ན། །མི་ལ་སོགས་པ་སྨོས་ཅི་དགོས། །ཅེས་གསུངས་སོ། །དུར་ཁྲོད་ལྷ་མོར་རང་རྒྱུད་ལས། །དྲག་པོ་ཚེའི་དངོས་གྲུབ་བསྒྲུབས་པ་སྟེ་ལེའུ་དགུ་པའོ། །དེ་ནས་ནོར་བསྒྲུབ་པ་འདི་ཆེད་དུ་བརྗོད་དེ། །ས་ལ་བརྩིགས་པའི་དཀྱིལ་འཁོར་ནི། །གྲུ་གསུམ་སུམ་བརྩེགས་བྱས་པ་ལ། །དང་པོར་ནག་པོར་བྱུག་པར་བྱ། །གཉིས་པ་དེ་བཞིན་དམར་བ་ལ། །ཐ་མ་ལྗང་ཁུ་དག་ཏུ་བསྐུ། །དེ་ཡི་ཐོག་ཏུ་གཞག་པའི་རྫས། །དང་པོ་གྲུ་གསུམ་ཐོག་ཏུ་ནི། །གསེར་དང་་མུ་ ་དང་བྱ་རུ་དང་། །མུ་ཏིག་ཟངས་དང་ལྕགས་དག་དང་། །རིན་ཆེན་ལུག་སྨིག་ལ་སོགས་དང་། །མཛེས་པའི་ཞལ་ནི་བྲི་བ་དང་། །མི་དབང་འབྲས་བུའི་ཤ་དང་ཁྲག །ཕུར་བུ་གཅིག་དང་གཞག་པར་བྱ། །གསུམ་ལ་དེ་བཞིན་དགོད་པ་ནི། །འབྲས་དང་འབྲས་ཀྱི་སོལ་བ་དང་། །ཇུ་ཚེ་ཤངས་ཚེ་ཏིལ་དང་ནི། །མོ་སྲན་གྲེའུ་དང་ཏིལ་དང་བྲོ། །སྲན་ཆུང་རྡོ་སོལ་ལ་སོགས་པས། །དེ་ཡི་སྟེང་དུ་གཞག་པར་བྱ། །ཐ་མ་ལ་ནི་དགོད་པ་ནི། །ག་པུར་གླ་རྩི་སུག་སྨེལ་དང་། །ལི་ཤི་གུར་ཀུམ་གང་དང་། །འཛའ་ཏི་པ་ལ་ཀ་ཀོ་ལ། །རླུད་ཁྱེར་ཤི་ལོ་ལ་སོགས་པ། །ཐ་མའི་སྟེང་དུ་གཞག་པར་བྱ། །མི་དབང་ཁྲག་དང་སྨན་དུ་སྦྱར། བན་དྷ་གང་བར་བྱས་པ་སྟེ། ཁྲར་གྱི་ཕྱོགས་སུ་གཞག་པར་བྱ། །་རྡོ་སོལ་བསྐུས་པའི་གཏོར་མ་ནི། ཁུ་གསུམ་བཅུ་གསུམ་བྱས་པ་སྟེ། །ལྷོ་ཡི་ཕྱོགས་སུ་གཞག་པར་བྱ། ཁེང་ལོ་རླུད་གི་ཁྱེར་བ་དེ། །ས་ལ་མ་ལྷུང་གཟུང་བྱས་ལ། །བརྒྱ་རྩ་བརྒྱད་དུ་བགྲང་བྱས་ལ། །བན་དྷ་ལྕང་ལོ་ཅན་ནང་དུ། །ཆང་དང་བསྲེས་ཏེ་བཀང་བྱས་ལ། །ནུབ་ཀྱི་ཕྱོགས་སུ་གཞག་པར་བྱ། །སེམས་ཀྱི་རྩ་ལག་མ་ཉམས་པར། །བོང་བུའི་ཁྲག་དང་འབྲུས་བྱས་ལ། །བྱང་གི་ཕྱོགས་སུ་གཞག་པར་བྱ། །དེ་ལྟར་འཚོགས་ན་གྲུབ་པར་འགྱུར། །རྫས་ལ་ཉེས་པ་རྣམ་མང་ཡང་། །དེ་དག་མེད་ན་མི་འགྲུབ་བོ། །ཞེས་གསུངས་བརྫུན་པ་མ་ཡིན་ནོ། །དེ་ནས་ཏིང་འཛིན་རིམ་པ་ཡང་། །དང་པོ་འཛམ་ལ་བསྒོམ་བྱ་བ། །ལྷ་ཡི་རྒྱལ་པོ་འདོད་བསྒྲུབ་པ། །འཛམ་བྷ་ལ་དེ་མདོག་དཀར་སྐུ། ཁེན་ཏུ་མཛེས་པ་ཞལ་རས་གསུམ། །ཕྱག་གཉིས་བསྣམས་པའི་ཕྱག་མཚན་ནི། །བྲི་ཙ་པུ་ར་ནེའུ་ལ་གཡས། །གཡོན་པ་རིན་ཆེན་དབྱུག་པ་སྟེ། །པདྨའི་གདན་ལ་བཞུགས་པར་བསམ། །དེ་བཞིན་བཟང་པོའི་འདུག་སྟངས་གནས། །ངོས་ལ་རྒྱན་རྣམས་ཐམས་ཅད་ཀྱི། །བརྒྱན་པའི་གནོད་སྤྱིན་དྲག་མོ་ཞིག །རིན་ཆེན་ཆར་པ་འབེབས་པར་བྱེད། །མགོ་པོའི་སྟེང་ན་སངས་རྒྱས་ལྔ། །བསྒོམ་ནས་འགྲུབ་པར་འགྱུར་པ་སྟོན། །གང་ཞིག་ནོར་རྫས་འདོད་པ་ཡིས། །གདོད་ནས་འདི་འདྲ་བསྒོམ་པར་བྱ་དེ་ཡིས་ཆེན་ནོར་རྫས་ཀྱིས། །རིང་པོར་མི་ཐོགས་གང་འགྱུར་པ། །ལག་ནི་རྡོ་རྗེ་བདུད་རྩི་ཡི། །ཆུ་ཡག་རྟག་ཏུ་འབེབས་པར་བྱེད། །དྲག་མོ་མི་བཟད་དེ་ཡང་གཡོན་ན་སྟེ། །དེ་ལ་བརྟེན་ན་རྒྱུའི་ཉི་མ་སྟོག་ལྡན་ལྟེ་བ་ལ། །རྒྱ་མཚོའི་སྟེང་ན་མེ་འབར་ཏེ། །ཆུ་ཡང་སྐེམས་ཤིང་ལས་བསྒྲུབ་པས། །དེར་ཡང་མ་ཟད་ཞི་བ་ནི། །བུད་མེད་ཀུན་ཡང་བྱས་པ་ཡིན། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །ནད་སྐྱུ་བདག་མོ་ཆེན་མོ་ཁྱོད། །མི་ནད་རྣམས་ཀྱི་འཇིགས་མེད་མཛོད། །རྡོ་རྗེ་རྣལ་འབྱོར་དབང་ཕྱུག་ཆེན་མོ་ཁྱོད། །རྟག་ཏུ་བདག་ལ་སྐྱོང་གྱུར་ཅིག །ཁམས་གསུམ་སྒྲོལ་པར་བྱེད་པས་སྒྲོལ་བྱེད་མ་ཞེས་བྱ། །ཁམས་གསུམ་འཚོ་བར་བྱེད་པས་འཚོ་བྱེད་མ་ཞེས་བྱ། །ཁམས་གསུམ་རྒྱས་པར་བྱེད་པས་རྒྱས་བྱེད་མ་ཞེས་བྱ། །དེ་ཕྱིར་ལྷ་མོ་ཀུན་ཁྱབ་མ་ཞེས་བྱ། །མཛེས་པའི་ཁ་དོག་དགོས་པ་སྒྲུབ་པར་བྱེད། །བཅོལ་ན་ཅི་ཡང་འགྲུབ་སྟེ་ཐམས་ཅད་བྱེད། །དེ་ལྟ་བུ་དང་ལྡན་བྱས་ནས། །གང་འདོད་གཏེར་རམ་འབྲུ་རྣམས་སྟེར། །ཞེས་གསུངས་སོ། །དུར་ཁྲོད་ལྷ་མོའི་རང་རྒྱུད་ལས། །གཏེར་སྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ད་ནི་མིང་དང་མཁན་གྱི་བྱེ་བྲག་ལ་འདི་གསུངས་སོ། །དེ་ལ་དྲག་མོ་ཤིན་ཏུ་མི་བཟད་པ་འདི་ནི། །ཀུན་ལའང་ཁྱབ་ལ། །གཅིག་ཏུའང་སྣང་ངོ། །དེ་ལ་འོག་མིན་གྱི་གནས་སུ་མཚན་བཏགས་པ་ནི། །ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མར་བཏགས་སོ། །ལྷའི་ཡུལ་དུ་ནི་མདངས་ལྡན་མར་བཏགས་སོ། །གཤིན་རྗེ་ཡུལ་དུ་ནི་དྲག་མོ་གཤིན་རྗེའི་ཡུམ་གཅིག་བདུད་ཀྱི་ལྕམ་ཞེས་བཏགས་སོ། །གནོད་སྤྱིན་གྱི་ཡུལ་དུ་གནོད་སྤྱིན་མོ་ཟོར་གདོང་ཞེད་བཏགས་སོ། །ཤིང་གི་རྩ་ན་སྒྲུབ་པའི་དུས་སུ་སྤྱན་འཕྲན་མ་ཞེས་བཏགས་སོ། །དུར་ཁྲོད་གནས་ན་གནས་ཙན་ན་མོན་མོ་སྤྱི་རིངས་རལ་པ་ཅན་དུ་བཏགས་སོ། །དཔལ་ཆེན་པོས་བ་་པའི་དུས་སུ་རེ་མ་ཏི་ཞེས་བཏགས་སོ། །གསང་བའི་དུས་ན་སྐལ་ལྡན་མ་ཞེས་བཏགས་སོ། །འཕྲིན་ལས་འཚོལ་བལི་་དུས་ན་དྲག་པོ་ནག་པོ་བཏགས་སོ། །མཁན་གྱི་དུས་ན་ ་ ་རབ་རྩེ་ན་སྲིད་པའི་བྱ་ར་མ་ཞེས་བྱའོ། །རྒྱ་མཚོའི་གཏིང་ན་མེ་ཟ་བྲག་གྱོན་མ་ཞེས་བྱའོ། །ནམ་མཁའི་ཁམས་ན་ནམ་མཁའ་ཁམས་ཀྱི་དཔལ་མོ་བཙན་ཞེས་བྱའོ། །བྷ་གའི་ཀློང་ན་བྷ་གའི་ཧྲི་སྟི་མ་ཞེས་བྱའོ། །བ་སྣང་རྒྱུ་ཙམ་ན་བར་སྣང་ཁམས་ཀྱི་བོད་དེ་མ་ཞེས་བྱའོ། །ས་བ་ཞོན་པའི་དུས་ན་པཁོ་ཤ་བ་རི་ཞེས་བྱའོ། །གླིང་བཞི་རྒྱུ་བའོ་དུས་ན་རབ་འབྱམས་གྲག་མོ་རྒྱལ་ཞེས་བྱའོ། །ནམ་གྱི་གུང་ལ་རྒྱུད་བའི་དུས་ཀྱི་ཚེ་ན་ལྷ་མོ་ནམ་གྲུ་མ་ཞེས་བྱ། །དཔལ་ཆེན་གཟུགས་མ་མཛད་པའི་ཚེ་ཀྲོ་དྷི་ཤཱ་རི་མ་ཞེས་བྱ། །འདུལ་སྐལ་ལས་ལ་བབ་པ་ན། །སྐལ་ལྡན་འཕྲིན་ལས་མཆོག་ཅེས་བྱའོ། །དབང་ཕྱུག་མའི་དུས་སུ་ནི་མ་ནུ་རསྒ་སི་ཞེས་བྱ། །མ་མོའི་དུས་སུ་ནི་ཕུང་བྱེད་མ་ཞེས་བྱའོ། །སྲིད་པ་ཀུན་ལ་གནས་བྱེད་མ་ཞེས་བྱའོ། །ཁམས་གསུམ་ཀུན་ཏུ་འགྲོ་བས་འགྲོ་བྱེད་མ་ཞེས་བྱའོ། རྒྱལ་ཁམས་ལ་དབང་བྱེད་པས་དབང་བྱེད་མ་ཞེས་བྱའོ། །འབྱུང་བ་ས་ལ་དབང་བྱེད་པས་ས་བདག་རྒྱལ་པོ་རལ་པ་ཅན་ཞེས་བྱའོ། །འབྱུང་བ་ཆུ་ལ་དབང་བྱེད་པས་ཆུ་ཞོན་མ་ཞེས་བྱའོ། །འབྱུང་བ་རླུད་ལ་གནས་པས་གཡོ་བྱེད་ཆེན་མོ་ཞེས་བྱའོ། །འབྱུང་བ་མེ་ལ་གནས་པས་འབར་བྱེད་མ་ཞེས་བྱའོ། །འཇིགས་པའི་མཆེ་བ་གཅིག་ཏུ་སྣང་བས་ཁ་སོ་གཅིག་མ་ཞེས་བྱའོ། །ནུ་མའི་གཡབ་མོ་ཀུན་ལ་གཡོབ་པས་བྲང་ན་ནུ་གཅིག་མ་ཞེས་བྱའོ། །རལ་པ་གཅིག་གསིགས་པས་ཆོས་ཉིད་ལ་དབང་མཛད་པས་དབང་མཛད་མ་ཞེས་བྱའོ། །མིག་གཅིག་པས་ཁམས་གསུམ་ལ་གཟིགས་པས་གཟིགས་མཛད་མ་ཞེས་བྱའོ། །ནུ་མ་གཅིག་གི་རྣལ་འབྱོར་ངོམས་པར་བྱེད་པས་ངོམས་བྱེད་མ་ཞེས་བྱའོ། །འབྱུང་པོ་སྐྲག་པར་བྱེད་པས་སྐྲག་བྱེད་མ་ཞེས་བྱའོ། །དགྲ་རྣམས་རླག་པར་བྱེད་པས་རླག་བྱེད་མ་ཞེས་བྱའོ། །རྒྱུ་དྲུག་དུས་གཅིག་ཞལ་དུ་རྔུབ་པས་རྔུབ་བྱེད་ཆེན་མོ་ཞེས་བྱའོ། །སྦྲུལ་ནག་སྟོང་གིས་སྐུ་ལ་བརྒྱན་པས་ལྷོས་འགྲོ་མའི་བདག་མོ་ཞེས་བྱའོ། །ཐོད་པ་སྟོང་གིས་དབུ་ལ་བརྒྱན་པས་སྒྲོལ་བདག་དུར་བདག་ཅེས་བྱའོ། །གཡས་ན་རལ་གྲི་བསྣམས་པས་ཐམས་ཅད་གཅོད་པར་བྱེད་པས་གཅོད་མཛད་ཆེན་མོ་ཞེས་བྱའོ། །འགྲོ་བའི་དབུགས་ལ་མངའ་མཛད་པས་དབུགས་བདག་ཆེན་མོ་ཞེས་བྱའོ། །ནམ་གྱི་གུང་ལ་རྒྱུ་བས་ནག་མོ་མ་བཟད་ཅེས་བྱའོ། །ཉི་མའི་གུང་ལ་རྒྱུ་བས་དཀར་མོ་མཛེས་མ་ཞེས་བྱའོ། །ཐོ་རངས་ནམ་ལངས་རྒྱུ་བས་དམར་མོ་མགྱོགས་མ་ཞེས་བྱའོ། །སྲོད་དང་ཉི་མ་ནུབ་ལ་རྒྱུ་བས་སྔོན་མོ་དྲག་མོ་ཞེས་བྱའོ། །གྲོག་པོའི་ཕུགས་ན་གནས་པས་སྲིད་བདག་ཆེན་མོ་ཞེས་བྱའོ། །ནགས་ཚལ་གཏིང་ན་གནས་པས་གཙན་ཚུལ་མ་ཞེས་བྱའོ། །རྒྱ་མཚོའི་གཏིང་ན་གནས་པས་དན་གཏིང་མ་ཞེས་བྱའོ། །ལོ་རྟག་ཀུན་ལ་མངའམཛད་པས་སྟོན་གྱིརྒྱལ་མོ་ཞེས་བྱའོ། །འབྲུ་བཅུད་ཀུན་ལ་དཔང་མཛད་པས་དགུན་གྱི་རྒྱལ་མོ་ཞེས་བྱའོ། །ཐམས་ཅདདུས་གཅིག་ཏུ་ཆ་སྙོམསཔས་དཔྱིད་ཀྱི་རྒྱལ་མོ་ཞེས་བྱའོ། །འབྱུང་བ་ཆུས་བརླན་པར་དབང་བྱེདཔས་དབྱར་གྱི་རྒྱལ་མོཞེས་བྱའོ། །ཉིམའི་ཟེརལ་རྒྱུ་བས་ཟེར་རྒྱུ་མ་ཞེས་བྱའོ། །ཟླ་བའི་འོད་ལ་འགྲོ་བས་འོད་འགྲོ་མ་ཞེས་བྱའོ། །སྤྲིན་གྱིགོ་རུ་གནས་པསསྤྲིན་གསལ་མ་ཞེས་བྱའོ། །རྒྱལཔོ་གཟུངས་མའི་དུས་ན་མཛེས་ལྡན་མ་ཞེས་བྱའོ། །ལྷ་ཆེན་བཙུནམོའི་དུས་ན་གྲུབ་པ་མོ་ཞེས་བྱའོ། །ཀླུའི་གནས་ན་ཀླུ་མོ་མཛེས་དགའ་མ་ཞེས་བྱའོ། །གནོདསྤྱིན་གྱི་གནས་ན་གནོདསྤྱིན་གྱི་རྒྱལམོ་ཀུནཏུསྣངཔ་ཞེས་བྱའོ། །གཟའིབཙུན་མོའི་དུས་ན་ནི་གཟའ་བཙན་གྱི་བཙུན་མོམེ་འབར་མ་ཞེས་བྱའོ། །དྲི་ཟའིབཙུན་མོའི་དུས་ནགཙུག་མགྱོགསསྒྲོལམཞེས་བྱའོ། །ལྷ་མེན་གྱི་གནས་ན་གཡུལ་བཟློག་མ་ཞེསབྱའོ། །རྣལ་འབྱོར་པའི་བསྲུངས་མམཛདཔའི་དུས་ན་དྲགམོམི་བཟད་མ་ཞེས་བྱའོ། །སྲང་གི་མདོན་རྒྱུ་བས་གནས་མ་ཞེས་བྱའོ། །བར་སྣང་དགྲལ་དབང་བསསྒྲ་གསུངལྡན་མ་ཞེས་བྱའོ། །མ་མོ་ཀུན་མངའ་མཛད་པས་མངའབདག་ཆེན་མོ་ཡ་བ་མ་ཞེས་བྱའོ། །མི་ཕྱུགས་ཀུན་གྱི་སྲིད་ལ་དབང་མཛད་པས་སྲིད་བདག་ཆེན་མོ་ཞེས་བྱའོ། །ཐམས་ཅད་དུས་གཅིག་རྔུབ་པས་རྔུབ་བདག་གྲགས་མོ་རྒྱལ་ཞེས་བྱའོ། །མ་མོ་སྟོང་གི་གཙོ་མོ་མཛད་པས་མ་སྟོང་དབང་མཛད། ཅེས་བྱའོ། །དམྱལ་ཁམས་དུས་ཅིག་ཏུ་ཕུང་པར་མཛད་པས་དམྱལ་བ་སྟོངས་མཛད་མ་ཞེས་བྱའོ། །ཡི་དགས་ཙིམ་པར་མཛད་པས་ཚིམ་བྱེད་བདུད་རྩི་འཚོ་ཞེས་བྱའོ། །བྱོལ་སོག་ཀུན་ལ་མངའ་མཛད་པས་བྱོལ་སོང་བདག་མོ་གཡང་ཤམ་མོ་ཞེས་བྱའོ། །འཚིགས་ནི་ཉིད་ལ་ཉིད་འཆང་བས་གཞན་སྐག་མ་ཞེས་བྱའོ། །སྟབས་པས་འཇིགས་པས་གཞན་འཇིགས་མ་ཞེས་བྱའོ། །གཞད་པས་དངས་པས་དངང་བྱེད་མ་ཞེས་བྱའོ། །བསམས་པས་ཕྱིན་པས་ཕྱིན་བྱེད་མ་ཞེས་བྱའོ། །གསད་པས་སྐྲག་པས་སྐྲག་བྱེད་མ་བྱའོ། །ཉོན་མོ་ལྡིང་ཅིག་མཚན་མོ་ལྡང་བས་མཚན་ལྡང་མ་ཞེས་བྱའོ། །དུར་ཁྲོད་དག་ཏུ་མཚན་མོ་རྒྱུ་ཅིང་རོལ་པས་རོ་བདག་ཆེན་མོ་ཞེས་བྱའོ། །གནས་སུ་ཡུད་ལ་སླར་ལ་ཕྱིན་པས་བསམས་ཕྱིན་མ་ཞེས་བྱའོ།།འགྲོ་བའི་དྲོད་པ་དབང་བས་དྲོད་ཀྱི་བདག་མོ་དཔལ་ཞེས་བྱའོ། །རྣལ་འབྱོར་པ་ཀུན་ལ་དགའ་བས་སྲོག་མཛེས་མ་ཞེས་བྱའོ། །མངག་པར་ཕྱིན་པར་བྱེད་པས་གུང་ལ་འཇིགས་བྱེད་མ་ཞེས་བྱའོ། །དངོས་སུ་གང་བསླངས་སྟེར་བས་ཐོ་རངས་ཚིམ་བྱེད་མ་ཞེས་བྱའོ། །རྟགས་དང་མཚན་མ་འབྱིན་པས་རྟག་ཏུ་སྲུང་ལ་དགའ་མ་ཞེས་བྱའོ། །རྫས་ལ་ཆགས་པས་རྫས་དགའ་མ་ཞེས་བྱའོ། །ཁྲག་ལ་དགའ་པས་ཁྲག་དགའ་མ་ཞེས་བྱའོ། །འགྲོ་བའི་དབུགས་འབྲལ་ཁར་མི་གླེབ་མི་སྲིད་པས་དབུགས་ལ་དགའ་མ་ཞེས་བྱའོ། །ན་ཆུང་གཞོན་ནུའི་མངལ་ན་བར་བྱེད་པས་ན་བྱེད་སྲིད་ལ་དགོལ་མ་ཞེས་བྱའོ། །དམ་ལ་གནས་པ་ཀུན་གྱི་ལྷ་ཞེས་བྱའོ། །འགྲོ་ན་དགའ་བས་མྱུལ་བྱེད་མ་ཞེས་བྱའོ། །རྟེན་ལ་དགའ་བས་རྟེན་མཚུངས་མི་ལྡན་པ་ཞེས་བྱ་བའོ། །འོངས་ན་ཐིག་པར་བྱེད་པས་ཐིགས་བྱེད་རྒྱལ་མོ་ཞེས་བྱའོ། །འགྲོ་ན་སངས་པར་བྱེད་པས་དངས་མ་འགྲོ་མ་ཞེས་བྱའོ། །སོགས་ངས་མེད་པར་གནས་པས་ཡུན་ཐུབ་མ་ཞེས་བྱའོ། །རྟེན་རྟག་ཏུ་བསུངས་པས་བསྲུངས་མ་དམ་ཞེས་བྱའོ། །འཕྲ་དོག་ཅེ་བར་གནས་པ་སྟེ་ཚུལ་དཀའ་མ་ཞེས་བྱའོ། །བསྐངས་ན་སྐོངས་པར་འགྱུར་བས་སྐོངས་འགྱུར་རྒྱལ་མོ་ཞེས་བྱའོ། །རྟག་ཏུ་ཕུད་ལ་དགའ་བས་ཕུད་བདག་ཆེན་མོ་ཞེས་བྱའོ། །ཐ་མ་ལ་ལྷག་མ་སྡུད་པས་ལྷག་མ་དགྱེད་པ་ཞེས་བྱའོ། །བསྔགས་པས་བོས་ན་འོང་བས་ཀུན་ཏུ་བསམ་གསན་ཞེས་བྱའོ། །བཅོས་ན་བཅོས་སུ་བ་་པས་བཟློག་སླ་མ་ཞེས་བྱའོ། །ཁྲོས་ན་རླག་པར་བྱེད་པས་ཕུང་མ་ཞེས་བྱའོ། །བསྒྲུབས་ན་འགྲུབ་པར་འགྱུར་བས་བསྒྲུབ་པ་དཔལ་ལྡན་མ་ཞེས་བྱའོ། །དུར་ཁྲོད་ལྷ་མོའི་རང་རྒྱུད་ལས། །མིང་དང་མཁན་བཏགས་པའི་རྣམ་གྲངས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ། །དེ་ནས་མཆོད་པར་བྱ་བ་འདི་ཆེད་དུ་བརྗོད་དོ། །དྲག་པོ་མི་བཟད་ཆེན་པོ་དམ་པ་ལ། །མཆོད་པ་དམ་པ་དབུལ་བ་ནི། །བསད་པའི་ཤ་དང་མྱོས་པའི་ཆང་། །བསྲེགས་པའི་གསུངས་དང་རློན་པའི་ཤ། །བཙོས་པའི་ཤ་དང་ཁུ་བ་ཁྲག །གློ་སྙིང་ནང་ཁྲོལ་མཁལ་མར་བཅས། །ཕྱོགས་བ་་ཆུ་སྐྱེས་ཐང་སྐྱེས་པའི། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །བཟའ་ཤིང་མངར་བ་ཕུན་སུམ་ཚོགས། །པི་ཝང་གླིང་བུ་རྫ་རྔ་དང་། །རྫ་རྔ་ཏིའུ་འག་ན་འགན་དྷི་དང་། །ཆ་ལང་སིལ་སྙན་སྣ་ཚོགས་དང་། །དྲིལ་བུ་རྔ་སྒྲ་ལ་སོགས་པ །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །ཨ་ཀ་རུ་དང་དུ་རུ་ཀ། །ཙན་དན་དཀར་དམར་དྲི་ཞིམ་སྤོས། ཁྲ་ཀ་ར་དང་ལྔ་རུ་སྦར། །འབྲུ་ལྔའི་ཚོམ་བུ་བདུད་རྩི་དང་། །གོ་རོ་ཙ་ནི་སྤྲན་ཆེན་དང་། །མཧྭ་མ་ས་བསུ་ཏ། །མཆོད་པ་དམ་པ་དབུལ་བར་བྱ། ཁེག་ཅིག་ཤིག་ཅིག་སྤྱོད་ཤིག །རྟོགས་སྤྱོད་བཤིག་པ་བྱང་ཆུབ་མཆོག་གི་ལམ། །ཤེས་རབ་རིག་པའི་རྩལ་དང་མི་ལྡན་ན། །ངེས་པར་རིག་པའི་གནས་སུ་མི་འགྱུར་རོ། །ཁྲོ་མོ་རྣམས་དཔལ་སོ་རྟོག་སྤྱོད་མཉམ་པའི་ཚུལ། །འདི་ནི་རྣལ་འབྱོར་ཀུན་གྱི་ལས་པ་མོ། །རྣལ་འབྱོར་ཀུན་ལ་བུ་བཞིན་བྱམས། །བུ་གཅིག་པ་ཡི་མ་དང་འདྲ། །མི་བསླང་རང་གི་དམ་ཚིག་སྲུང་མཛད་མ། །རལ་པའི་ཟར་བུ་གནམ་དུ་ཕྱར་བས་འཇིག་རྟེན་ཁེབས། །འཇིགས་པའི་རལ་པ་གཅིག་ཏུ་བྱས་པ་མཛེས་སྡུག་ལྡན། །རོ་ཉིས་མཛེས་པས་རྒྱན་དུ་བྱས། །གོས་སུ་དར་གོས་སྔོན་དམར་གྱོན། །སྡུག་དང་མི་སྡུག་ཅ་བྱད་འཆང་། །གོས་སུ་སྨྱུག་མའི་རེ་ལྡེ་གོན། །ཕྱོགས་བཅུ་ཀུན་ཏུ་རྒྱས་པར་བྱེད། །ཕྱིན་ཕྱོགས་དྲེའུའི་ཁ་ལ་ཞོན། །ལྕགས་ཀྱི་དྲ་བ་མིག་དགུ་འགྱེལ། །ལྕགས་མཛེས་པས་ནི་རྐང་ཡང་བརྒྱན། །རྐང་ཁྲག་རློན་པས་རང་གི་གདོང་ཡང་བསྐུས། །གཡས་ན་བདུད་དང་རལ་གྲི་བསྣམས། །གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས། །མི་ཁྲག་ཆང་གིས་མྱོས་གྱུར་ཏེ། །འབྱུང་པོ་ཕལ་ཆེན་ཀུན་གྱིས་མཐོང་། །ཏིལ་མར་གྱིས་བསྐུལ་ལན་བུ་གཅིག་མ་ལ། །ཆ་ལུགས་སྣ་ཚོགས་འཆང་བ་ལ། །མཚན་མོ་དཔག་ཚད་བརྒྱད་ཁྲི་རྒྱུ། །ཁྱོད་ལ་མཛེས་པའི་འཁོར་ནི་རྣམ་མང་ཡང་། ཤེལ་གྱི་སེང་གེ་ཆེན་པོ་དང་། །གསེར་གྱི་སྟག་ཆེན་མགོ་མང་པ། །དངུལ་གྱི་ཕག་མོ་སྔོན་མོ་དང་། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་དང་། །སེང་གེ་སྟག་དང་ཁྱི་དང་ཝ། །བྱ་རྒོད་དང་ནི་ཀང་ཀའི་ཆོགས། །འུག་པ་ལྕེ་སྦྱང་ལུག་འདྲེན་དང་། །མཁའ་འགྲོ་བྱ་ཚོགས་མང་པོ་རྣམས། །དྲག་མོ་ཁྱོད་ཀྱི་ལས་བྱེད་མའོ། །ཞེས་གསུངས་པས། །འཁོར་དེ་དག་ཡི་རངས་ཏེ། །དྲག་མོའི་མཚན་ཉིད་ངོ་ཤེས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པས། །ཐམས་ཅད་ཡི་རངས་ཏེ་མགུ་བར་གྱུར་ཏོ། །འཕགས་པ་དུར་ཁྲོད་ལྷ་མོའི་རང་རྒྱུད་ལས། །འཇུག་མཆོད་པ་དང་བསྟོད་པའི་ལེའུ་སྟེ་བཅུ་གཉིས་པའོ། ། །།འཕགས་པ་དུར་ཁྲོད་ལྷ་མོའི་རང་རྒྱུད་ཅེས་བྱའོ། ། །།རྫོགས་སོ། ། །།