Ngb-pt-0798-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

དོ། །བསྟོད་པ་རྒྱལ་པོའི་རྒྱུད་རྫོགས་སོ། །རྒྱ་གར་སྐད་དུ། །ཏྲག་རག་ཤ་མ་ར་ཀ་ལྭ་ཐང་མུ་ལེ་ཏ་ནྟྲནཱ་མ། །བོད་སྐད་དུ། །མ་མོ་ནག་མོ་ཉི་མའི་སྨོན་མོ་སྲོག་གི་རྒྱུད་ཅེས་བྱ་བ། །འཇིགས་བྱེད་ཆེན་པོ་ལ་ཕྱག་ལ་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ནི། །བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་དྲེགས་པ་བསྒྱེལ་པའི་གདན་ལ་བཞུགས་པའི་ཚེ། །འཇིག་རྟེན་པའི་མ་མོ་དང་། །མཁའ་འགྲོ་དང་། །སྲོག་བདག་གི་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་པའི་ཚེ་ན། །བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས་ཆེ་མཆོག་གི་ཕྱག་རྒྱ་བཅས་ཏེ། །ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །དྲག་པོའི་སྔགས་འདི་སྨྲས་སོ། །པཛྲ་ཙསྒོཡསྣ་པ་ལ་ཧ་ན་ཧ་ན་རུ་ཤི་བེ་ཡ་སྒག་རསྒ་ཕཊ་ཕཊ། །ཅེས་སྨྲས་མ་ཐག་ཏུ། །འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པར་གྱུར་ཏེ། །སྤྲུལ་པའི་འོད་ཟེར་གྱིས་ཁེངས་པས། །འཇིག་རྟེན་པ་ཐམས་ཅད་བྲེད་ནས། །མིག་ནི་རིག་རིག །སྙིང་ནི་ཐུག་ཐུག །ཀྱེ་མའོ་དེ་བཞིན་གཤེགས་པའི་བཀའ་བཞིན་བྱེད་ཟེར་ཞིང་ཕྱག་འཚལ་བར་གྱུར་དེ་ནས་འཁོར་དེའི་ནང་ནས་བདུད་མཧྭ་ཀྭ་ལ་ཞེས་བྱ་བ་དང་། །ལྷ་མོ་ནག་མོ་སྲོག་གི་བདག་མོ་ཞེས་བྱ་བ་ལྕམ་དྲལ་གཉིས་བྱུང་སྟེ། །ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ། །བདག་ཅག་གཉིས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བགྱི། །དམ་པའི་ཆོས་བསྐྱང་པར་བགྱི། །འཕགས་པའི་དགེ་འདུན་བསྐྱབ་པོར་བགྱིབས། །བཅོམ་ལྡན་འདས་ཀྱིས་དབང་བསྐུར་དུ་གསོལ་ཞེས་ཞུགས་པས། །དེ་ནས་བཅོམ་ལྡན་འདས་ཀྱིས་དབྱིངས་ཀྱི་ཡུམ་དྲུག་དང་། །ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞི་དང་། །སྨན་མོ་ལྔ་བཅུ་རྩ་དྲུག་དང་། སྲོག་བདག་གི་རིགས་ལ་སོགས་པའང་བྲན་དང་ཕོ་ཉར་བྱིན་ཏེ། །སངས་རྒྱས་ཀྱི་བསྟན་པ་བསྲུང་བར་དབང་བསྐུར། །དུས་དེ་ཉིད་དུ་བདུད་ཀྱི་ཁྲམ་ཤིང་དང་ནད་ཀྱི་རྐྱལ་པ་བྱིན་ཏེ། །རྡོ་རྗེའི་སྲིང་མོ་སྙིང་ལ་གཞག་སྟེ། །དབང་བསྐུར་ཏེ་བསྟན་པ་བསྲུང་པར་ཞལ་འཆེས་སོ། །ནག་མོ་ཉི་མའི་སྨོད་མོ་ལས་པ་ལ་ཏྲ་ཐ། །དེ་ནས་འཁོར་དེའི་གཙོ་བོ་ལྷ་གནོད་གདུལ་ཞེས་བྱ་བ་ཞིག་གིས། །བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་ཞུས་པ་། །ཀྱེ་བཅོམ་ལྡན་འདས་ལྷ་མོ་སྲོག་གི་བདག་མོ་ལྕམ་དྲལ་འདི། །གང་ཟག་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། །གནས་ནི་གང་དུ་བསྒྲུབ། ཐབས་ནི་ཇི་ལྟར་བསྒྲུབ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་དུ་གསོལ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་གནོང་འདུལ་ལྷ་ཡི་གཙོ། །འདི་སྒྲུབ་པ་ཡི་གང་ཟག་ནི། །སྙིང་རྗེ་ཆེ་དང་ཤེས་རབ་ལྡན །སློབ་དཔོན་རིམ་པས་ཚུལ་བཞིན་ཁུལ། །ཕྱི་ནང་གསང་བ་རིམ་གྱིས་ཉན། །བློ་གཏན་ངེས་ཆེ་གསང་ཐུབ་པས། །དབང་རྣམས་རིམ་པས་མནོས་ནས་ནི །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །འདི་བསྒྲུབ་པ་ཡི་གནས་དག་ཀྱང་། །དུར་ཁྲོད་གླིང་དང་ཆུ་གསུམ་མདོ། །རི་གསུམ་རྩེ་དང་བྲག་ནག་ཏུ། །ལྷ་མོའི་བསྒྲུབ་པ་བརྩམ་པར་བྱ། །དེ་ལ་ཐབས་ནི་འདི་ལྟར་བསྒྲུབ། །མདོ་ཀླག་པ་དང་སྐུ་གདུང་གདབ། །གཏོར་མ་བྱིན་ལ་འཕྲིན་ལས་བཅོལ། །ཁྲོ་བོ་ཆེན་པོས་མཚམས་གཅད་ལ། །བསྙེན་པའི་མཎྜལ་ཁྲུ་དོ་བརྩིག །མཚལ་ཐིག་ལྔ་ཡིས་ཆག་ཆག་གདབ། །དེ་ཡི་དབུས་སུ་དགོད་བྱ་བ། །མཚན་དང་ལྡན་པའི་བན་དྷ་སྲ །གི་ཝང་ག་བུར་ཤ་ཆེན་དང་། །མཚལ་ཐིག་ཚིལ་ཆེན་སྲོག་སྙིང་བྲི། །རྒྱལ་རིགས་བན་དྷ་མཚན་ལྡན་གྱིས། །དེ་ཡི་སྟེང་ནས་དགབ་པར་བྱ། །བ་སུ་ཏ་ཡི་གཟུགས་ཐག་གདགས། །ནང་དུ་མ་མོའི་སྐུ་བསྐྱེད་དེ། །ཁྲོ་བོ་ཆེན་པོའི་ཐུགས་ཀ་ནས། །ཕོ་ཉ་འགུགས་བྱེད་ཚོགས་བྱུང་སྟེ། །མ་མོ་སྤྱན་དྲངས་གཉིས་མེད་བསྟིམ། །སྙིང་པོ་འདི་ཡིས་སྤྱན་དྲང་ངོ། །ནག་མོ་ཏིང་ལམ་མ་མ་དུན་སྨྱོ་ཛ༷༷ཧཱུཾ༷་བ༷་ཧོ། །ནག་མོ་དུན་སྨྱོ་དུན་སྨྱོ། །ཁྲི་ཁྲག་གཅིག་གིས་སྤྱན་དྲང་ངོ། །ལྷ་མོ་སྔོན་དུ་གསལ་པ་ལ། །སྙིང་པོ་འདི་ཡིས་ཕྱག་འཚལ་ལོ། །ནག་མོ་རག་མོ་དུན་ཏིང་མུ་མ་ན། །ཨ་ཨུའི། །དེ་ནས་དམ་ཚིག་མ་ལ་བསྟིམ། །རག་ཤ་མའི་ཧཱུཾ༷་ལ་པདྨ་ས་མ་ཡ་ཏིཛི་ལྷན། །དེ་ལྟར་བརྟན་པར་བཞུགས་ནས་ནི། །རྫས་རྣམས་མ་ལ་མཆོད་པར་དབུལ། །མ་མོ་ནག་མོ་པན་ཏ་པ་ན་ཏ། །ཀུ་ལུ་ཀུ་ལུ་ཧ་ཧ་ཧ་མཧྭ་མ༷་ས་ཁུ་ཧི། །མཧྭ་རག་ཏ་ཁུ་ཧི། །མཧྭ་པརྩི་ཨ་མྲི་ཏ་ཁ་ཧི། །གསང་སྔགས་དེ་ཡིས་མཆོད་པར་དབུལ། དེ་ནས་ལྷ་མོ་གསལ་བཏབ་ལ། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བཟླས་དེ་ལ་སྐུའི་སྙིང་པོ་ནི །ཏབྱ་ཐུ། །ཨོ་རུ་རུ་ར་ར་བ་ཏོ་སརྦ་སྟ་བ་ཏོས་ཏི་གྲྭཧྭ། །འོད་ཟེར་དཀར་པོས་སྐུ་བསྙེན་བྱ། །ཉམས་ཆག་བསྐང་པ་ཤིན་ཏུ་གཅེས། །དེ་ནས་གསུང་གི་བསྙེན་པ་ནི། །སྒག་རག་ཤ་ཛ་ཙིསྟ་ཏུག་ཏུང་། །འོད་ཟེར་འཕྲོ་འདུ་དམར་པོར་བྱ། །བདག་གི་ཚེ་ནོར་འཕེལ་བ་དང་། །གཞན་དག་དབང་དུ་བྱ་བར་ཅེས། །དེ་ལ་ཐུགས་ཀྱི་བསྙེན་པ་ནི། །བདག་གི་ཅིསྟི་གཞལ་ཡས་སུ །བཟླས་པའི་གསང་སྔགས་རྣམས་ཀྱིས་བསྐོར །ལྷ་མོ་ལ་ཡང་དེ་ལྟར་བསྒོམ །གཟུངས་ཐག་ཁོང་ཁྲོ་གསུམ་སྒྲིལ་ནས། །འོད་ཟེར་འཕྲོ་འདུའི་སྔགས་འདི་བཟླས །ཏྲག་རག་ཤ་མའི་དུན་སྨྱོ། །མཧྭ་ཡག་ཤ། །ཏིག་སྣ་ནག་མོ་དུན་སྨྱོ། །ཡིག་འབྲུ་བཅུ་དྲུག་གཉིད་ལ་ནི། །ལྕམ་དྲལ་གཉིས་ཀྱི་ཡང་སྙིང་རྫོགས། །འོད་ཟེར་འཕོ་འདུའི་སྦྱོར་བ་བྱ། །སྨན་གཏོར་ཚོགས་དང་རག་ཏ་ཡིས། །ལྕམ་དྲལ་གཉིས་ལ་མཆོད་པ་དབུལ། །དེ་ནས་གྲུབ་པའི་རྟགས་རྣམས་ནི། །འོད་དང་སྒྲ་དང་དྲི་དང་ནི། །ལྷ་མོ་མཚན་རྣམས་སྟོན་པར་བྱེད། ཁྲུབ་རྟགས་བྱུང་ན་དངོས་གྲུབ་བླང་། །ལྷ་མོ་ཉིད་དང་གཉིས་མེད་བསྒོམ། །ནག་མོ་ཉི་མའི་དམོད་མོ་ལས། །བསྙེན་པའི་རིམ་པ་བསྟན་པའོ། །པ་ལ་ཏྲ་ཐ། །དེ་ནས་ཡང་ལྷ་གནོད་འདུལ་གྱིས། །བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་ཞུས་པ། །ཀྱེ་བཅོམ་ལྡན་འདས་ལྷ་མོའི་བསྒྲུབ་པ་ཇི་ལྟར་བགྱི། །འགལ་བྱེད་ཆམ་ལ་ཇི་ལྟར་དབབ། །བདེ་བར་གཤེགས་པས་བསྟན་དུ་གསོལ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ལེགས་སོ་གནོད་འདུལ་ལྷ་ཡི་གཙོ། །དེ་ལ་ལྷ་མོ་བསྒྲུབ་པ་ནི། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བརྩིགས། །ཆག་ཆག་བཏབ་ལ་ཐིག་གདབ་སྟེ། །ཚོན་རྩི་ལ་སོགས་བྱིན་གྱིས་བརླབ། །དེ་ཡི་དཀྱིལ་འཁོར་བྲི་བར་བྱ། །གྲུ་གསུམ་སུམ་བརྩེག་ཟླ་གམ་གསུམ་་དེ་ཡི་སྟེང་ཡང་གྲུ་གསུམ་མོ། །གྲུ་གསུམ་ནག་པོ་ཟླ་གམ་དམར། །ཕྱི་ཡི་གྲུ་གསུམ་མཛེས་པར་བྲི། །དེ་སྟེང་བསྙེན་པའི་རྫས་རྣམས་གཞག །འབྲུབ་ཁུང་གྲུ་གསུམ་སྟེང་དུ་ནི། །ཐོད་པ་རྐམ་པོའི་ནང་དུ་ནི། །ར་ཁྱི་ཕག་རྟའི་སྙིང་ཁྲག་བླུགས། །གྲུ་གསུམ་ཁ་ལ་རྩང་གིས་བསྐོར། །དེ་ཡི་ནང་དུ་བཞུགས་པ་ནི། །གནམ་གྱི་དུམ་བུ་ས་ཡི་རས། །གཡའ་ཡི་ཕྱེ་དང་གངས་ཀྱི་དུམ། །བརྩིར་པའི་ས་དང་ཅུ་ལ་ནི། །ལིང་ག་སོར་བརྒྱད་ཚད་དུ་བྱ། །དཔྲལ་པ་ཁ་དང་སྙིང་ཁ་སྲ །རུས་དང་མིང་དང་དྲི་བྲིས་ལ། །འབྲུབ་ཁུང་ནང་དུ་གཞག་པར་བྱ། །དེ་ནས་བྱང་ཤར་ཁ་བལྟས་ལ། །ལྷ་མོའི་བསྐུལ་ཚིག་འདི་བརྗོད་དོ། །ཉི་མ་བྱང་ཤར་ཕ་གི་ན། །བྲག་དང་ཆུ་འཐབ་མར་འདས་ན། །མཚོ་མུ་ལི་ཏིང་གི་ནང་ཤེད་ན། །མཐིང་ཤུན་སྔོན་པོའི་གུར་ཕུག་ནས། །མ་མོ་ཡོངས་ཀྱི་ནང་ཤེད་ན། །གཅིག་པུར་བཞུགས། །ཀྱིའི་གྱིང་བག་ཅན། །བམ་ཆེན་གདན་ལ་བརྐྱང་བསྐུམ་བཞུགས། །བར་སྣང་ཁམས་ལ་གཤེགས་ཙམ་ན། །གསེར་གྱི་རྔུའི་ཆུང་བརྡུངས་པ་ཡིས། །མ་མོ་འཁོར་བཅས་དེ་ལ་སྡུད། །དམར་ཆེན་ཁྲག་གི་ལྕ་རིས་ལ། །རལ་པ་ནག་པོ་ཤ་ར་ར། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །གཡུ་མཐུར་སྔོན་པོ། །བྲེངས་སེ་བྲེངས། །བསེ་སྒ་སྨུག་པོ་ཝངས་སེ་ཝངས། །སྦྲུལ་ནག་གོང་ཐག་གོང་རྨེད་ཅན། །མཆོང་གི་བློན་ནན་ཁྱུགས་སེ་ཁྱུགས། །ཟླ་བ་གཅིག་ལ་འཁོར་གསུམ་དུ །སྟོང་ཁམས་མ་ལུས་ཁྱབ་པར་མཛད། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །ཐང་ཅིག་ཙམ་ལ་ཡུད་ཀྱིས་རྒྱུག །གཡས་ཀྱི་དང་པོའི་ཕྱག་ན་ནི། །ཁ་ཊ༷་ཁ་ནི་རྩ་གསུམ་བསྣམས། །ངགྲ་བགེགས་མ་ལུས་རྡུལ་དུ་རློག །གཡོན་གྱི་དང་པོའི་ཕྱག་ན་ནི། །འཕྲུལ་གྱི་མེ་ལོང་ཕྱིས་ཤིང་ལྷ། །སྲིད་པ་གསུམ་ཆར་ས་ལེ་གཟིགས། །གཡས་ཀྱི་འོག་མའི་ཕྱག་ན་ནི། །ལྕགས་ཀྱི་ཕུར་བུ་འདྲིལ་ཞིང་བསྣམས །དགྲ་བགེགས་ཀླད་པའི་རྒྱས་སུ་རྒྱོབ། །གཡོན་པའི་འོག་མའི་ཕྱག་ན་ནི། །སྦྲུལ་ནག་སྟོང་གི་ཞགས་པ་འཕེན། །དམ་ལས་འདའ་བ་བཅིངས་བར་མཛད། །ཁྱོད་ཀྱི་ཆིབས་ཀྱི་སྔ་ལོང་ལ། །ནད་ཀྱི་རྐྱལ་པ་སྔོན་དམར་བཀལ། །ཁྱོད་ཀྱི་ཆིབས་ཀྱི་ཕྱི་ལོང་ལ། །མཚོན་གྱི་གྲུ་གུ་སྔོན་དམར་བཏགས། །ནད་དང་རིམས་ཀྱི་གསོས་འདེབས་མ། །མདུན་ན་ཤོ་དྷ་དཀར་ནག་འགྲེམས། །རྒྱབ་ན་བདུད་ཀྱི་ཁྲམ་བམ་བསྣམས། །སྐྱེ་འགྲོ་ཀུན་གྱི་སྐྱེག་རྩེ་མོ། །ལེགས་ཉེས་གཉིས་ཀྱི་ལྟང་འབྱེད་མ། །དམ་ཚིག་ཉམས་པའི་རྗེས་གཅོད་མ། །དུས་བཞིའི་རྒྱལ་མོ་སྐུ་ལ་ཤར། །དཔྱིད་ཀྱི་རྒྱལ་མོར་བྱིན་པའི་ཚེ། །ཤི་རི་དུར་ཁྲོད་གནས་ཉུལ་མ། །རླུང་ནག་ཚུབ་མའི་སྣ་འདྲེན་མ །ཁྱག་པའི་མིག་ཏུས་འདེབས་མ། །མིང་པོ་རྡོ་རྗེ་ལས་འཆོལ་གྱིས། །སྲིང་མོ་རྡོ་རྗེ་ལས་མཛོད་ཅིག །དབྱར་གྱི་རྒྱལ་མོར་གཤེགས་པའི་ཚེ། །བ་ག་ཧྲི་ཏི་མཁའ་ལ་ཆར་འབེབས་མ། །འབྲུག་དང་ཐོག་དང་གློག་གི་སྣ་འདྲེན་མ། །སད་དང་སེར་པ་གཏོང་བར་མཛོད། །མིང་པོ་རྡོ་རྗེ་ལས་འཆོལ་གྱིས། །སྲིང་མོ་རྡོ་རྗེ་ལས་མཛོད་ཅིག །སྟོན་གྱི་རྒྱལ་མོར་གཤེགས་པའི་ཚེ། །ཨེ་ཀ་ཛ་ཏི་རལ་གཅིག་མ། །ཕྱག་ན་གསེར་གྱི་ཟོར་བ་བསྣམས། །འབྲས་བུ་ལོ་ཏོག་བཅུད་ལེན་མ། །མི་རྣམས་ཀུན་གྱི་དཔལ་འཕྲོག་མ། །མིང་སོ་རྡོ་རྗེ་ལས་འཆོལ་གྱིས། །སྲིང་མོ་རྡོ་རྗེ་ལས་མཛོད་ཅིག །དགུན་གྱི་རྒྱལ་མོར་གཤེགས་པའི་ཆེར་རལ་གཅིག་རྒྱ་མཚོའི་ཀློང་ནས་དཔལ་གྱི་བཀའ་བསྟོད་མ། །དཔག་ཚད་བརྒྱད་ཁྲིའི་འོག་ནས་ཁྲག་གི་དྲི་སྣོན་མ། །ཀླུ་རྣམས་ཀུན་གྱི་དགེས་སྡེ་མོ། །མིང་པོ་རྡོ་རྗེ་ལས་འཆོལ་གྱིས། །སྲིང་མོ་རྡོ་རྗེ་ལས་མཛོད་ཅིག །ཡིད་ལ་བརྣག་པའི་དགྲ་བོ་ལ། །ཁྲམ་ཁ་ཕྱེལ་ཤོད་ཁ་གཏོར། །ནད་རྐྱལ་ཕྱུགས་ལ་མཚོནི་གྱིས་ཐོབ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །རག་མོ་རག་མོ་མ་མ་དུན་ཏིང་ཧེར་མ་ཧེད །དམ་ཉམས་ཉིད་ལ་རྦད་པར་བྱ། །ལྷ་མེས་ལིང་ཀ་ཟོས་པར་བསམ། །གོང་གི་ཐོད་རྐམ་ནང་དུ་ནི། །ལྕགས་ཕུར་བདུན་གྱི་རྩེ་མོལ། །དུག་དང་བྱུག་གྱེན་དུ་བསྟན། །བན་དྷའི་ནག་དུ་གཞུག་པར་བྱ། །ལྷ་མོ་བསྐུལ་ཚིག་ལྟར་བསྒོམས་ཏེ། །མཆོད་བསྐུལ་བཟླས་པ་བྱས་པ་ཡིས། །ལྕགས་ཕུར་རྩེ་ལ་མེ་འབར་ནས། །རལ་གྲིས་གཟུགས་མནན་ཤ་ཆེན་མུར། །གཡས་པའི་ཕུར་བུ་ཁྲམ་གྱི་ཤར། །གཟེར་སྔགས་བདུན་པོ་དེ་ཡིས་གདབ། །བཛྲ་ཀ་རུ་ན་རྦད། །སྙིང་ཁྲག་ཚལ་པ་རྦད། །གལ་ཏུབས་ཙིསྟ་རྦད། །མྱོགས་མུགས་རྦད །ཁྲག་ཏི་ཚལ་དུ་རྦད། །ཚལ་བུ་སེན་སི་དུ་རྦད། །དེ་དག་གདབ་པའི་གནས་ནི་བདུན་ནོ། །མགོ་སྙིང་སྲོག་པ་རྩ་དང་ནི། །ལྷེང་ན་མཆིན་པ་ལྟེ་བ་དང་། །གསང་བའི་གནས་དང་བདུན་ལ་བརྡེག །ཁྲག་དང་དུག་གི་ཐུན་ཀྱང་བརྡེག །ཡང་ན་ཐུན་དྲུག་ཉིད་ཀྱང་བརྡེག །ནག་མོ་ཉི་མའི་སྨོས་མོ་ལས། །ཐུན་ཀྱང་བསྒྲུབ་པ་སྟེ། །པ་ལ་ཏྲ་ཐ། །དེ་ནས་ཡང་ལྷ་གནོད་འདུལ་གྱིས་ཞུས་པ། །བཅོམ་ལྡན་འདས་ཐུན་དྲུག་བརྡེག་པ་ཇི་ལྟར་ལགས། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །དེ་ལ་ཐུན་དྲུག་དཀྱིལ་འཁོར་ནི། །དབུས་སུ་གྲུ་གསུམ་སུམ་བརྩེགས་ལ། །ཟླ་གམ་གསུམ་དང་མུ་ཁྱུད་གཉིས། །དེ་ཡི་ཕྱི་རོལ་གྲུ་གསུམ་དྲུག །མུ་ཁྱུད་དག་གིས་བསྐོར་བར་བྲི། །མཆོད་རྗས་ཐུན་རྫས་རིམས་ཀྱིས་དགོད། །དེ་ནས་ཏིང་འཛིན་རྣམ་གསུམ་ལས། །གཞལ་ཡས་ཁང་དང་གདན་བསྐྱེད་དེ། །ཡི་གེ་ཀྟ་ལས་ལྷ་མོའི་སྐུ། །མ་མོ་གིང་གི་འཁོར་ཅན་བསྐྱེད། །དེ་ནས་མ་མོ་སྤྱན་དྲངས་ཏེ། །ནག་མོ་མི་བཟད་ཚུར་གཤེགས་ཅིག །ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ན། །ཉི་མ་ཟླ་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །ཐུགས་དམ་དུས་ས་བབ་པོ་ད་ཚུར་སྤྱོན། །ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་གསང་པའི་བྷ་ག་ལ། །ཚོགས་དྲུག་མ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་ཞབས་ཀྱི་གཡས་གཡོན་ནས། །ཕོ་ཉ་སྟེང་ཕྲག་དྲུག་ཅུ་འགྱེད། །བདུད་དང་ལྷ་འདྲེ་ངན་སེམས་ཅན། །དགྲ་བོ་མ་ལུས་ཀུན་འདུལ་མ། །དཔལ་ལྡན་ནག་མོ་རལ་གཅིག་གཤེགས་སུ་གསོལ། །ཨོ་ཨུ༷༷ཧཱུཾ༷་ཨེ་ཧ་ཧི་ཛ། །ཨེ་ཨ་ར་ལི་ཧྲིང་ཧྲིང་། །ཞེས་སྤྱན་དྲངས་ལ། །བསྙེན་པའི་རྫས་རྣམས་དབུལ་བ་ནི། །དཔལ་ལྡན་ནག་མོ་རེ་མ་ཏི། །ནག་མོ་ཆེན་མོ་ནམ་གྲུ་མ། །རྫོང་མོ་ཆེན་མོ་དཀའ་བཟློག་མ། །ནག་མོ་ཆེན་མོ་ཁ་འབར་མ། །བྱིས་པ་ཀུན་གྱི་དུར་བྱེད་མ། །དུར་ཁྲོད་འབར་བའི་ལོ་མ་ཅན། །རཀྟ་ཆེན་མོ་ཙོ་མུན་ཏྲི། །ནམ་མཁའ་ཁམས་ཀྱི་ཐུ་མོ་ཆེ། །བར་སྣང་ཁམས་ཀྱི་གློག་མ་སྤྲིན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །ལག་ནས་རྡོ་འཕེན་རི་རབ་སྙིལ། །རལ་པ་ནག་པོས་སྟོང་ཁམས་ཁེངས། །ཁ་ནས་ཞིང་ཁྲག་རྒྱ་མཚོ་བསྐྱིལ། །ཉིན་གྱི་དུས་སུ་རྟོག་བྱེད་ཅིང་། །མཚན་གྱི་དུས་སུ་རྒྱུག་བྱེད་མ། །ནག་མོ་འཁོར་བཅས་ཐུགས་དམ་སྐོངས། ཁྲ་ཆེན་ཚོགས་ནི་རི་ལྟརསྐྲུངས། །ཙིཀྟའིཚོགསནིརྫ་ལྟང་ལྷག །རཀྟའི་རྒྱ་མཚོ་རྦ་གློང་འཁྱིལ །ནག་མོའི་འཁོར་བཅས་ཐུགས་དམ་སྐོངས་པར་མཛོད། །མཧྭ་མ༷་ས་ཁ་ཧི། །རག་ཏ་ཁ་ཧི། །ཙིསྟ་ཁ་ཧི། །དེ་ནས་ལས་ཀྱི་གཉེར་གཏད་ལ། །དུས་གསུམ་ཀུན་ཏུ་མ་བསྒྲིབས་ཡེ་ཤེས་ཅན། །མ་སྲིང་ཆུང་མ་བུ་མོ་བྲན་གྱི་ཚོགས། །ཡེ་ཤེས་མངོན་ཤེས་ལྡན་པའི་ཐུགས་བརྩེ་བ། །མཐུ་རྩ་ལ་རྨད་བྱུང་ཕན་པའི་དགོངས་པ་ཅན། །སྔོན་ཚེ་དམ་བཅས་ཉིད་ཀྱིས་ཞལ་འཆེས་མ། །བསྟན་པ་བསྲུང་པར་རྟག་ཏུ་གྲོགས་མཛོད་ཅིག །མ་མ་སྒག་ར་ཤ་མུ་ཏྲུ་རུ་ལུ་རུ་ལུ་སྨྱོ་ཛ་ཧཱུཾ༷། །དེ་སྐད་ཅེས་བརྗོད་ཏེ། །ལས་ཀྱི་གཉེར་གཏད་ནས། །ཏིང་ངེ་འཛིན་འཕྲོ་འདུ་ཡིས། །དྲག་སྔགས་འདི་ནི་རྟག་ཏུ་བཟླས། །སྙིང་ཁ་རག །སྙིང་ཁ་རག །ནག་མོ་དུན་སྨྱོ། །ནག་མོ་དུན་མ་ལས་ལ་སྨྱོ། །རེ་མ་ཏྲི་བ་ཤ་ཚལ་པ་ལ་ཛ་ཛ། །གནམ་ལྕགས་ཐོག་བཞིན་བཟླས་པ་ཡིས། །ཟླ་རོག་མོན་མོ་རི་ནག་པོ། །མངོན་་མས་བྱུང་ན་ཐུན་ལ་འཇུག །མ་མོ་ཆོ་འཕྲུལ་མྱུར་འབྱིན་ཅིང་། །སྙིང་པོ་འདི་ཡང་རབ་ཏུ་བཟླས། །མ་མོ་ནག་མོ་སྙིང་ལ་ཛ། །ཧར་ཧུ་མ་ཧྭ་ཀྭ་ལ་ཚོ་ཚོ་ཧུར་ཀ༷་མེ་ཤར་ཏྲ་ཧི་ཛ་ཛ་། །བཟླས་པ་ཆོ་འཕྲུལ་མྱུར་དུ་འབྱིན། །ཐུན་དྲུག་བསྒྲུབ་པར་བསྟན་པ་ནི། །ཐུན་གྱི་དང་པོ་སྙིང་ཐུན་ནམ། །ལུག་ནག་བྱ་ནག་སྙིང་ནག་ཏུ། །ཡུངས་ཀར་ཐུན་སྔགས་བཟླས་ལ་བླུགས། །ར་ཁྱི་ཕག་རྟའི་ཁྲག་དང་ཐུན། །ཐུན་ཉིད་མ་མོར་བསྒོམས་པ་བརྡེག །ལྭ་བ་ས་ཐོ་མ་མར་དུ་དུ། །མྱ་མ་སྙིང་ཁྲག་དུན་སྨྱོ། །ཞེས་ནི་བརྗོད་ཅིང་ཐུན་བརྡེག་པར་བྱ། །མི་དང་ནག་ཆགས་སྣ་ཚོགས་ཁྲག་རབས་ཆད་ནག་པོའི་ཐོད་པར་བླུགས། །མ་མོའི་ཐུན་བརྡེག་གནས་ནས་བསྐུལ། །དུམ་པུ་དུམ་པུ་ཚལ་པ་ཚལ་པ་ཧ་ན་ཧ་ན། །མ་མ་སྙིང་ཁ་རག་མོ། །བརྗོད་ལ་བརྡེག །དེ་ལ་ལྷ་མོའི་བྱ་ཐུན་ནི། །བྱ་ནག་མགུལ་དུ་སྙིང་འཕྲེང་གདགས། །དར་ནག་ནང་དུ་ཡུངས་ཀར་ལ། །ཐུན་སྔགས་བཏབ་ལ་སོགས་པར་གདགས། །བུད་མེད་ཞབས་མས་བྱ་ག་ས་ལ། །གཏོར་མའི་ནང་དུ་བརྡེག་པར་བྱ། །ནག་མོ་དུན་སྨྱོ་རྭ་ཛ་ཧ་ཧ་རུ་ལུ་རུ་ལུ་མ་མ་སྙིང་ཁྲག །བརྗོད་ཅིང་བརྡག །དེ་ལ་ལྷ་མོའི་མདའ་འཐུན་ནི། །ཐུན་སྔགས་མདའ་ལ་རབས་སྔགས་ལ། །དམ་ཉམས་དམིགས་པའི་རྟེན་ལ་བརྡེག །ཧ་བ་ཚལ་ཤིང་གྲམ་གུར་ཤང་ཀུ་ཕྲལ་ཏེ་རྒྱལ་ཟེར་ནན། །ཨ་ན་ཡོ་དྷ་ཡ་ད་ན་པ་ན། །ཛ་ཡ་ཨ་རུ་རུ་བྲག་བྲག་གི་ཚུམ། །མ་མ་སྙིང་སྙིང་བརྗོད་པར་བྱ། །དེ་ལ་ལྷ་མོའི་རྡོ་ཐུན་ནི། །གཡག་རྩི་ད་ར་བ་ལ་སྐྲ་ཤད་ལ། །བསྒྲུབ་ཏོག་ཞིང་གི་དཀྱིལ་ཅན་བྱ། །ཆུ་རྡོ་དམར་ནག་ཟླུམ་པོ་ལ། །དུག་དང་ཁྲག་བྱུགས་སྔགས་ཀྱིས་གདབ། །ཐུམ་ཐུམ་རུབ་རུབ་མ་མ་ཡ་ཡ། །མ་མི་ཤ་ཏྲུ༷་ནི་ཛ་རྦད། །མ་མ་བརྗོད་ཅིང་འཕང་བར་བྱ། །དེ་ལ་ལྷ་མོའི་དུག་ཐུན་ནི། །ས་ལ་སྐྱེས་པའི་དུག་སྣ་ཚོགས། །གླང་པོ་ཆེ་ཡི་མཚན་མ་རྣམས། །བསེ་ཕོར་ནང་དུ་ཆང་དང་སྦྱོར། །ལིང་ཀ་རང་ལ་བྱུག་པར་བྱ། །པེ་ཤ་རམ་པེ་ཤ་རུ་པེ་ཧཱུཾ༷་ཤི་ཧཱུཾ༷་ཕཊ། །མ་མ་སྙིང་ཁྲག་དུན་ཏྲི་ཧ་ལ་ཧ་ལ་དུན་སྨྱོ། །བསྙེན་པའི་རྟགས་ཕྱིན་གྱུར་ནས་ནི། །ཐུན་དྲུག་བཤམ་ལ་མགོན་པོ་གདགས། །རྫོགས་པར་ལས་བྱས་ཐེ་ཚོམ་མེད། །ནག་མོ་ཉི་མའི་སྨོད་མོ་ལས། །ཐུན་དྲུག་གི་པལ་ཏྲ་ཐ། །དེ་ནས་ལྷ་གནོད་འདུལ་གྱིས་ཞུས་པ། །བཅོམ་ལྡན་འདས་མགོན་པོའི་བསྙེན་པ་ཇི་ལྟར་བསྒྲུབ། །དྲག་པོའི་ལས་ནི་ཇི་ལྟར་བྱ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །མངོན་རྫོགས་དཔལ་གྱིས་བཀའ་སྩལ་པ། །ཏིང་འཛིན་རྣམ་གསུམ་འཕྲོ་འདུ་ལས། །དམ་ཚིག་མགོན་པོ་ཧཱུཾ༷་ལས་བསྐྱེད། །ཡེ་ཤེས་མགོན་པོ་སྤྱན་དྲངས་བསྟིམ། །མཆོད་པ་ལ་སོགས་བྱས་ནས་ནི། །སྙིང་པོ་འདི་དག་རྟག་ཏུ་བཟླས། །ཨོ་ཐྲེ་མ་ཧྭ་ཀྭ་ལ་སིརྙི་ཡ་མ་དུ་ཛ ། །ཏིང་འཛིན་འཕྲོ་འདུ་བར་མི་གཅད། ཁུ།བ་རྟགས་ངེས་པར་བྱུང་བ་ན། །ཕྱི་མ་གསུམ་དང་དུག་ལ་སོགས། །དྲག་པོ་ཐུན་གྱི་རྫས་རྣམས་ལ། །དྲག་སྔགས་བཏགས་ཏེ་བརྡེག་པར་བྱ། །ཨོ་ཐྲི་མཧྭ་ཀྭ་ཙིརྟི་ཀྟ་བ༷་རིལ་རྦད། །གློ་བ་ལ་ཁྲུ་ཤ་བ༷་རིལ་རྦད། །མཁལ་མ་ལ་ཀླིང་དུ་མ་བ༷་རིལ་རྦད། །མཆེར་པ་ལ་ཁྲག་མགོ་བ༷་རིལ་རྦད། ཁུ།་མ་ལ་ཏུ་ར་ཏུ་བ༷་རིལ་རྦད། །ཀླད་པ་ལ་ཧ་རེ་ཧོ་རེ་བ༷་རིལ་རྦད། །དེ་ལྟར་བཏབ་ན་བསྐུལ་བྱ་སྟེ། །ཀྱེ་ལྷ་མིན་ཚོགས་དག་གཡུལ་བཟློག་ཅིང་། །བདུད་ཀྱི་གྲོང་ཁྱེར་སུམ་ཅུ་བརྩེགས་འཇིགས་ལྷ་དམག་དཀར་པོ་འབྱིན་བྱེད་ཅིང་། །བསྟན་པ་བསྲུང་བའི་བསྲུངས་མ་མཛད། །རྣམ་བཞི་བསྲུང་པའི་ཐུགས་དམ་ཅན། །མགོན་པོ་ནག་པོ་གདན་ལ་བཞེངས། །སྐུ་མཆོག་ནག་པོ་འཚེར་བ་ལ། །ཟང་ཟང་ནག་པོའི་རལ་ཀ་བསྣམས། །གཡས་ན་ཙན་དན་བེ་ཅོན་བསྣམས། །གཡོན་ན་གཡུལ་བཟློག་མདའ་གཞུ་བསྣམས། །སྤྲུལ་པ་སྟག་དང་སེང་གེ་འགྱེད། །ཟང་ཟང་སྤྲུགས་པའི་རལ་ཀ་ལ། །ལེགས་ལྡན་ནག་པོ་འབུམ་གྱིས་བསྐོར། །བསྟན་པ་བསྲུང་བར་ཞལ་འཚེས་པ། །དགྲ་སྡང་གནོད་བགེགས་རྡུལ་དུ་རློག །ཨོ་ཐྲེ་མཧྭ་ཀྭ་ལ་བྲེང་བྲེང་། །དགྲ་བོའི་ཙིསྟ་ལ་ཐུན་སྨྱོ། །ལས་ཀྱི་གནག་པ་དེ་ལྟར་བྱ། །ཕྱི་ཡི་མཆོད་པ་རྣམ་ལྔ་དང་། །ལྕགས་མཁར་ནག་པོ་རྒྱུན་དུ་བཤམ། །ཟངས་སམ་བསེ་ཕོར་ནང་དུ་ནི། །ཡུངས་ཀར་ཡུངས་ནག་ཕྱེ་མ་གསུམ །བཤོས་བུ་ཟུར་གསུམ་ནག་པོར་བྱུག །རང་གི་སྲེག་སྔགས་གཞུག་ལ་ནི། །ཨ་གད་ཛ་ཡ་ཧཱུཾ༷་སྟི་སྟི་བཛྲ་ཀྭ་ལ་རུ་བ་བག་ནག་མོ། །ཨོ་ཀྭ་ལ་རུ་པ་ཨསྙེ༷་པྲ་ཏི་ཁ་ཧི། །བ་ལིང་ཁུ་ཧེ། །སྤྱན་དྲངས་བཞུགས་ནས་ཕྱག་འཚལ་ཏེ། །ཕྱི་ཡི་མཆོད་པ་རྣམ་ལྔ་འབུལ། །བཤོས་བུ་གཏོར་མ་ཕུད་ཀྱང་འབུལ། །ཐུགས་དམ་བསྐུལ་བ་དྲག་པོར་བྱ། །དུས་ནི་ཉ་དང་གནམ་སྟོང་ངོ། །བཟའ་སྐར་དྲག་པོ་ཤིན་ཏུ་ཤིས། ཁུབ་པར་ངེས་ཏེ་ཐེ་ཚོམ་མེད། །ནག་མོ་ཉི་མའི་སྨོད་མོ་ལས། །བདུད་མོ་མཧྭ་ཀ་ལའི་པ་ལ་ཏྲ་ཐ། །དེ་ནས་ལྷ་གནོད་འདུལ་གྱིས་ཞུས་པ། །བཅོམ་ལྡན་འདས་མནན་དང་སྲེག་པ་ཇི་ལྟར་ལགས། །ཉི་མའི་སྨོད་མོ་ཇི་ལྟར་ལགས། །མངོན་རྫོགས་དཔལ་ལ་བདག་ཉན་ཚལ། །དེ་སྐད་གསོལ་པས་གསན་ནས་ཀྱང་། །མང་དག་རྫོགས་ཀྱིས་བཀའ་སྩལ་པ། །དེ་ལ་ལྷ་མོའི་གནན་པ་ནི། །ནས་འབྲུ་ནག་པོ་ལ་སྦྲུལ་གྱི་གཟུགས། །ལེགས་པར་བྱས་པའི་ཁོག་པ་སྲ །ལིང་ཀར་དྲག་སྔགས་འདི་དག་གཞུག །ན་ག་བེ་ནི། །ནཱ་ག་བེ་ནི། ནཱ་ག་རྭ་ཛ་ཧ་ཧ་རུ་ལུ་རུ་ལུ་ཧཱུཾ༷་ཕཊ། །དེ་ནས་སྤྲུལ་དེ་ཉམས་པ་ཡི ཕ་མེས་མགོ་འམ་རྟ་ཐོད་དུ། །བཅུག་ལ་བདག་བསྲུང་ཀླུ་སར་རྦད། །རི་རབ་ཁོར་ཡུག་བདུན་དང་ནི། །རྡོ་རྗེ་རྒྱ་གྲམ་བྲིས་ཏེ་གདབ། །དམོད་མོ་ཉི་ཤུ་རྩ་གཅིག་བཟླས། །ཡང་ན་རབས་ཆད་མོན་ཐོད་དུ། །ལྕམ་དྲག་གཉིས་ཀྱི་འཁོར་ལོ་བཅའ། གོང་ལྟར་བསྙེན་བསྒྲུབ་བྱས་ནས་ནི། །ལྷ་ཁང་མཆོད་རྟེན་རྒྱ་གྲམ་ལམ། །ལུང་མདོ་བདུད་རྟེན་རྐག་གཅིག་ལ། །གྲུ་གསུམ་ཨེ་བསྐོར་དེར་བཅུག་སྟེ། །ཐུན་དྲུག་རྫོགས་པར་གདབ་པར་བྱ། །དེ་ནས་གོང་ལྟར་ཁ་གཅད་ལ། །ལྕམ་དྲལ་ཕོ་བྲང་བཏབ་པར་བསྒོམ། །དྲག་སྔགས་ཉི་མའི་དམོད་མོས་གནན། །དེ་ལ་ལྷ་མོའི་སྤྱིན་སྲེག་ནི། །མ་ཏྲ༷་སྙིང་ཁང་ཨ་བསྒོམས་ལ། །གདུག་པའི་ཤིང་གིས་བརྩིག་པར་བྱ། །ལྕགས་ཐག་རྩང་དང་ཕུར་བུས་བསྐོར། །ཐལ་ཆེན་མཚལ་ཐིག་དག་གིས་བསྐུར། །བསྙེན་རྫས་བསྒྲུབ་རྫས་ཐུན་རྫས་བསག །དེ་ནས་དྲང་སྲོང་སྤན་དྲངས་སྟེ། །སརྦ་ཨ་པ་ཡ་ཨ་ཁ་ན་ཛི། །ན་བ་བ་ཏི། །ཨ་གད་ཛ་ཡ་ཨ་གད་ཛ་ཡ་གྲ་གྲྭཧྭ། །མེ་ཡི་ནང་དུ་བཞུགས་པར་བསམ། །བསྲེག་རྫས་རྣམས་ཀྱི་ལན་བདུན་དབུལ། །སརྦ་དུ་ཤཱན་བག་ཤ་ནི་སྲུཧྭ། །དེ་ལྟ་ར་མེ་ལྷ་མཆད་ནས་ནི། །ལྕམ་དྲལ་སྤྱན་དྲང་བཞུགས་ནས་ནི །བསྲེག་རྫས་རྣམས་ནི་སྔགས་འདིས་དབུལ། །སརྦ་ཤ་ཏྲ༷་ནམ་བི་ཏྭ་ཨག་ནེ། །རེ་ར༷ །བདུན་ལ་སོགས་པ་གང་འབྱོར་བསྲེག །དེ་ལ་ཉི་མའི་མོད་མོ་ཡང་། །བྲབ་འཕག་གདབ་པ་ཐམས་ཅད་ནི། །དྲག་སྔགས་འདི་ཡིས་གདབ་པར་བྱ། །ཐང་མུ་ལེ་ཐང་མུ་ལེ་རྦད་རྦད་རྩ་ཐང་རྦད། །མུ༷་སྣི་མུ༷་སྣི། །ནན་ནན། །རག་མོ་ནི། །ཁ་ལོ་རྦད་རྦད། །དུག་སྣི་དུག་སྣི་རྦད། །ཁ་ལོ་རྦད་རྦད། །ཀྱི་ཁ་ལོ་རྦད་རྦད། །རྩ་སྟི་རྩ་སྟི་རྦད་བོད། །ནི་ར་ཏི་སྙིང་ལ་མུགས། །སུབས་སྟི་སྡུས། །སེ་ཁ་ལོ། །མུ་ཁ་ལོ་རྦད་ཐུམ་མ་རྦད་རྦད། །ས་མ་ཡ་ཛ་ཛ། །ཞེས་ལྷ་མོ་ནག་མོའི་སྲིད་པ་གསུམ་གྱི་བསྟན་པ་གཤིག་པ་ལ་དམོད་མོ་སོའི། །ཉི་མ་སྨོད་མོ་ལས་པ་ལ་ཏྲ་ཐ། །དེ་ནས་ལྷ་གནོད་འདུལ་གྱིས་ཞུས་པ། །བཅོམ་ལྡན་འདས་ཉི་མ་ཞེས་བགྱི་བ་ཇི་ལྟར་ལགས། །སྨོད་མོ་ཞེས་བགྱི་བ་ཇི་ལྟར་ལགས། །འདི་ལྟ་བུ་ཡི་སྨོད་པ་ནི། །ཀུན་ལ་བགྱི་འམ་གཅིག་ལ་བགྱི །བསྲུང་པའི་དམ་ཚིག་གང་ལགས་པ། །མངོན་རྫོགས་དབལ་ལ་བདག་ཉན་འཚལ། །མངོན་རྫོགས་དཔལ་གྱིས་བཀའ་སྩལ་པ། །ཉི་མ་ཞེས་སུ་བསྟན་པ་ཡང་། །ཐུགས་རྗེ་སྙོམས་པས་ཉི་མ་ལགས ། །བར་ཆད་འདུལ་པས་སྨོས་མོའོ། །འདི་ལྟར་བུ་ཡི་སྨོད་པ་ནི། །ཀུན་ལ་བྱ་བར་མ་གསུངས་ཏེ། །གཞུང་དང་ལྡན་པའི་སྐྱེ་བོ་དང་། །དོན་དང་ལྡན་པའི་དགེ་འདུན་དང་། །ཆོས་དང་ལྡན་པའི་རྒྱལ་པོ་དང་། །རྟགས་དང་ལྡན་པའི་བུད་མེད་དང་། །མ་རྟོགས་གླེན་པའི་མཚན་ཉིད་ལ། །ལས་འདི་བྱ་བར་ངས་མ་བསྟན། །ལས་འདི་བྱ་བའི་དམིགས་པ་ནི། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཐེག་ཆེན་སྨོས་ཅིང་བཀའ་རྐུ་བྱེད། །རང་འཚོ་ཡོད་ཀྱང་གཞན་ལ་འཕྲོག །བསྒྲལ་པའི་ཞིང་བཅུར་གྱུར་པ་ཡིན། །འདི་དག་བ་་ན་བསྟན་པ་གཉན། །དེ་ལ་བསྲུང་བའི་དམ་ཚིག་ནི། །རྩ་བ་གསུམ་དང་ཡན་ལག་ལྔ། །སྲོག་དང་འདྲེས་ཏེ་ཤིན་ཏུ་ཅེས། །དམ་རྫས་ཚོང་མེཚོམིམིདེ་འཚིངཞེ་ཇིབྱེཆེན་་ངཙོ་་མ་ གས་མ་ན་བད། །བུད་ ད་ གས་ལ་སྨད་ ་བྱ། །གྲུབ་རྟགས་བྱུང་ན་སྨྲ་ ་བྱ། ་ནས་ལྷ་མའ་དམ་ ག་ཡན་ ས་བཅམ་ལྡན་འདས་འ གས་ ད་ ་པས་གསུངས་པས། །འཁར་གྱ་ག ་བ་ལྷ་གནད་འདུལ་་་གིཆེན་་གྱེཏེ་ཇིབྱེཆེན་་་་་ངངཞེང་དང་། །མ་མ་དང་། །མཁའ་འགྲ་མ་དང་། ། ང་ ་པ་དང། །ལྷ་མ་ལྕམ་དྲལ་རྣམས་ད ས་ ། །བཅམ་ལྡན་འདས་འ གས་ ད་ ་པ་ལ་མངན་པར་བསྟད་ད། །ནག་མ་ཉ་མའ་ ས་བྱ་བའ་རྒྱུད་རྫགས་སོ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སྣུབས་ནམ་མཁའི་སྙིང་པོ་ལ། །སྐད་གསར་བཅད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པའོ ཨིཐ་ས་མ་ཡ་ཁ་ཐམ།། །།