Ngb-pt-0792-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

སོ།། །། རྒྱ་གར་སྐད་དུ། །མ་མ་ཨ་ཤག་ལ་ཏ་ར༷༷ ཤ་ཙག་གྲ་དྷ་ན་ཚེས་མ་ར་ཡ་ཏན་ཏྲ་ནཱ་མ། །བོད་སྐད་དུ། །མ་མོ་གནམ་ལྕགས་ཐོག་གི་བུ་ཡུག་མ་འཇིག་རྟེན་གནམ་ལྕགས་ཐོག་གི་འཁོར་ལོ་བསྐོར་ཏེ། །དགྲ་བསད་པའི་རྒྱུད་ཅེས་བྱ་བ། དཔལ་འཇིགས་བྱེད་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །གནམ་ལྕགས་ཐོག་གི་གཞལ་ཡས་ཁང་རབ་་ཏུ་སྐྱི་གཡའ་བ ཡ་ང་བ་འཇིགས་པ་དེ་ན། །ཡུམ་ཆེན་མོ་འཇིགས་པ་དེ་ནི། །ཡུམ་ཆེན་མོ་འཇིག་རྟེན་གསུམ་གྱི་སྲིད་པ་ཕུང་བར་བྱེད་པ་། །སྲིད་པ་གསུམ་གྱི་བདག་མོ། །འདོད་པ་ཁམས་ཀྱི་དབང་མོ་ཆེ། །སྟེང་གི་གཞན་འཕྲུལ་དབང་བྱེད་ནས། །འོག་གི་རྡོ་རྗེ་བརྟན་པའི་བར་དུ་དབང་མཛད་པའི་གཏུམ་མོ་ཆེན་མོ། ལྷ་དབང་པོ་བརྒྱ་བྱིན་གྱི་ལྕམ་མོ་ཆེན་མོ་དེ་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་འཇིག་རྟེན་མྱོས་བྱེད་ནག་མོས་གསོལ་པ། །ཨེ་མ་ཡུམ་ཆེན་མོ་ལགས། །སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར། །གནམ་ལྕགས་ཐོག་གི་འཕྲིན་ལས་བཤད་དུ་གསོལ། །གནམ་ལྕགས་ཐོག་གི་བུ་ཡུག་དྲག་སྔགས་གསང་བའི་རྒྱུད་ལས། །གླིང་གཞིའི་ལེའི་སྟེ་དང་པོའོ། །དེ་ནས་ཡུམ་ཆེན་མོ་དེས་བཀའ་སྩལ་པ། །མ་མོ་ནག་མོས་ཞུས་པ་ལེགས། །སངས་རྒྱས་བསྟན་པ་འཇིག་པ་ཡི། །དགྲ་སྡང་གནམ་ལྕགས་ཐོག་གིས་བསད། །དམ་ཚིག་ཅན་གྱི་སློབ་མ་ཡིས། །མན་ངག་ཅན་གྱི་བླ་མ་ལ། །མཉེས་པའི་ཡོན་ཕུལ་མན་ངག་ཞུ། །དབང་རིམ་གདམས་ངག་ཐོབ་བྱས་ནས། །རྫས་བསག་གནས་གནས་བཙལ་བསྒྲུབ་བྱ། །སྔགས་པ་ལུས་བསྲུང་གོ་ཆ་གཅེས། །དྲག་པོ་ལས་ཀྱི་བསྟན་པ་བསྲུང་། །རྒྱུད་ལས་སྔོན་འགྲོ་དང་ཐོག་བསྒྲུབ་བསྟན་པ་བསྲུང་བའི་ལེའུ་སྟེ་གཉིས་པའོ། །དེ་ནས་ཡང་དག་རྒྱ་ཆེར་བཤད། ་༑ང་སྣོད་ཆེན་པོ་རྐང་གཅིག་རྩར། །ཡང་ན་བྲག་ཕུག་དབེན་གནས་སུ། །བྲག་ཞིག་འགྲམས་རལ་ས་བླངས་ཏེ། །ཐོག་བདག་ཆེན་མོའི་དཀྱིལ་འཁོར་བྲི། །འཁོར་ལོ་རྩིབས་བརྒྱད་ལྟ་བ་ལ། །མཐིང་ནག་གྲུ་གསུམ་མེ་རི་འབར། །དབུས་སུ་བསྣོལ་མ་ཐུར་ལ་བྲུབ། །རྦབ་ཕོག་གྲིར་བསད་གཉེན་པའི། །ཐོད་པ་དགྲའི་ལིང་ག་དབབ། །ཡང་ན་བྱ་རྒོད་ཐོད་པར་བྲུ་བ། །བྱ་རྒོད་སྙིང་དང་རུས་པ་དང་། ་་ཁྲག་ཁྲོ་ཆུ་ཤེས་རབ་མཚལ། །གསེར་དང་འཁར་བ་ཟངས་དང་ལྕགས། །དེ་རྣམས་བྲུབས་ནས་ལེ་བརྒན་དར། ཁྲུ་བཞིར་ག་་ལ་དཀར་ཁུང་བརྐོད། །ཐོག་བདག་ཆེན་མོའི་སྐུ་འབག་གཞུག །ཚོན་སྐུ་སྣ་ལྔས་རྒྱ་གྲམ་བཅིང་། །རྒྱུད་ལས་དམ་རྫས་དང་བཅའ་བཞི་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡུལ་གྱིས་བཀའ་སྩལ་པ། །ཨོ་ཏྲི་ལིང་སད་ནེ་པར་ཕཊ། །ཙན་དྷ་རག་ཤ་སྨྱོ། །རག་ཤ་ཛ་ལ། །རག་ཏ་ལ། །མི་མ་ཛ་མ མི་མ་ཛ་མ། །ཙ་ཁྲིད་ཙ་ཁྲིད། །ཏེ་སར་ཏེ་སོར། །བཛྲ་ཙ་ཁྲི་ཕོབ། །བདག་ཉིད་ཡི་དམ་ལྷར་བསྒོམས་ནས། །བསྙེན་སྔགས་དེ་བཟླས་རྟགས་བྱུང་ངོ། །དེ་ཡི་ཏིང་འཛིན་བསྟན་པ་ནི། །ཐོད་པའི་ནང་དུ་དགྲ་བཀུག་ལ། །གུ་གུལ་ནག་པོས་བདུག་པར་བྱ། །ཁོ་ནི་སད་མྱོས་པར་བསམ། །ཁོའི་སྟེང་དུ་ཐོག་བདག་མོའི་ཕོ་བྲང་བཅས་པའི་ཁ། །མ་མོའི་བཞུགས་ནས་དགྲ་དེ་ཡི། ་་དང་ཁྲག་ལ་ཟ་འཐུང་བྱེད་པར་བསམ། །ཐུན་མཚམས་མཆོད་ཅིང་བསྟོད་པ་བྱ། །མེ་ལོང་ནང་དུ་བྱ་རྒོད་ཀྱི། ཁྲ་ཁྲག་བླུགས་ལ་མཆོད་པ་བྱ། །བ་ལིང་མ་ས་པྱུ་ཙ་ཁུ་ཧི་ཁུ་ཧི། །དེ་ནས་བསྟོད་ཅིང་མཚན་མ་བརྟག །བུད་མེད་བདག་མྱོས་བདག་ཕྱག་འཚལ་ལོ། །བྱ་རྒོད་དཀར་མོས་འབྲུབ་ཁུང་ལིང་ག་འཕེན། །ལྕགས་ཞུས་གཏོང་ཞིང་མཆོན་ཆ་རྡུང་། །ཁ་ལ་ཤུ་བ་ཐོར་པ་འོང་། །མཆིལ་སྣབས་མི་ཐུབ་དྲི་ཆུ་འཆོར། །འབྲུབ་ཁུང་ནང་དུ་མེ་ཆེན་འཆར། །རྟ་རྫས་ཐུན་ལ་མེ་སྟག་འཕྲོ། །མེ་འོད་མེ་ཡི་ཚ་ཚ་འ་། །དབབ་པའི་བསམ་གཏན་དགྲ་ཡུལ་དུ། །བར་སྣང་མཚོན་ཆའི་འཁོར་ལོར་དྲུག །མེ རའ་འཁོར་ལོས་ཐམས་ཅད་འཇོམས། །ཐོག་བདག་ལ་སོགས་སྡེ་བརྒྱད་ཀྱིས། །གནམ་ལྕགས་ཐོག་ཆེན་དགྲ་ལ་འབེབས། །གློག་ཆེན་འཁྱུག་ཅིག་འབྲུག་ཆེན་གྲག །དེ་ཡི་དུས་ལ་ལས་སྦྱོར་བྱ། ཁུད་ལས་ཏིང་ངེ་འཛིན་དང་རྟགས་ངོས་གཟུང་པའི་ལེའུ་སྟེ་བཞི་པའོ།། །།སྤྱིན་དང་གློག་འབྲུག་བ༷སྒྲུབ་པ་ནི། །ཏད་ཡ་ཐུ། །ཨ་ཧོ་འདུས་ཨ་ས་མ་ཧ་པྱ་ཧ་ར༷། །ས་ར་ཧ། །ཧ་ན་ཁྱི་ཧཱུཾ༷་ཕཊ། །ལས་སྦྱོར་བསད་པའི་དྲག་སྔགས་ནི། །མ་མ་ཏུག་ཏུག་ར༷་ར༷། །རིལ་རིལ། །ཤ་ར་ཤེལ་གྲ་ཧཱུཾ༷། །དྲག་ཏུ་ཕབ་ཡ། །ཙ་ར་ཤུ་ཏྲི་ཕྲོ། །རྩ་རུ་མུ་ཤ་ཁྲོ༷་ཤག་ཤག་རྦད་རྦད་འུར་ཆོམས་རྦད། །ནལ་ནལ། །ར༷་ར༷། ཁྲད་ཤད། ཁྲ་ཏྲུ༷་བཱ་ར་ཡ་ཛ་ཕཊ་སྨྱོ་སྨྱོ། །བདག་དག་གཡོག་འཁོར་བསྲུང་བའི་སྔགས་ནི། །ཨོ་སུ༷་བྷ་ནི་ཧཱུཾ༷། །པ་ཤ་ཧཱུཾ༷། །གརྫ་པོ་ཏ་ལྭ། །རག་མོ་ཁ་ལ་ཡལ་ཙ་ཧ་མུ་ཤ་ཕཊ། །ཕྲི་པྲ་མ་ཡུ་ར་ལྷ་རཀྟ་ཧཱུཾ༷། །རྒྱུད་ལས་དྲག་སྔགས་ཀྱི་ལེའུ་སྟེ་ལྔ་པའོ། །དྲག་པོ་ལས་ཀྱི་ཉི་མ་བསྡམ། །མྱོས་པ་རྟ་ཡི་ཉི་མ་ལ། །བསྙེན་བསྒྲུབ་དམ་རྫས་གནས་སུ་སྲོག །ཧེ་ལ་གླང་གི་ཉི་མ་ལ། །བསྒྲུབ་རོགས་བཙལ་ཏེ་ཐོད་པ་ནི། ཁྲ་མདངས་གནག་ལ་སྐྲ་ཁམ་པ། །གདོང་ལ་སྨེ་བ་དམར་ནག་ཡོད། །གླང་གི་སྐད་དུ་སྨྲ་་བའི། །ལྐུགས་པ་ལུག་གི་ཉི་མ་ལ། །བསྒྲུབ་རོགས་དམ་ཚིག་གཙང་བ་བོད། །འགུགས་པྱེད་བྱི་བའི་ཉི་མ་ལ། །བསྙེན་པའི་དྲོད་ཚད་གཟུང་བར་བྱ། དཔའ་བརྟུལ་སྟག་གི་ཉི་མ་ལ། །བསྙེན་པའི་དྲོད་ཚད་གཟུང་བར་བྱ། །དྲག་པོའི་ཐོད་འབར་པ་གདགས། །ཕུང་བྱེད་ཕག་པའི་ཉི་མ་ལ། །ལས་ལ་སྦྱོར་བའི་དྲག་སྔགས་སྦྲེལ། །ལྟོ་འགྲོས་སྦྲུལ་གྱི་ཉི་མ་ལ། ཁྲེལ་ནག་ཙིཏི་གསེར་ཁྱོ་དང་། །འཚར་ཁྱོ་ཟངས་ལྕགས་ཕྱེ་མ་གདེབ། །བྱ་རྒོད་མི་ཡི་མདས་ག་་ལ། །ཐོད་པའི་ནང་དུ་གཞུག་པར་བྱ།ཅོག་ཀྲོང་ཡོས་བུའི་ཉི་མ་ལ། །སྔགས་པ་བདག་གི་མལ་འོག་ཏུ། །ཧོམ་ཁུང་བྲུས་ལ་ལིང་ག་གནན། །ཟ་བྱེད་ཁྱི་ཡི་ཉི་མ་ལ། །མོན་ཐོད་ནང་དུ་ཟོར་ཐུན་བཤམ། །ཡུངས་ཀར་དུག་ཁྲག་ལིང་ག་བྲབ། །གཏོར་མའི་སྣོད་ཀྱང་དེ་ལ་བྱ། །བྱ་རྒོད་ཤ་དང་དྲི་བོའི་ཁྲག །བྱིན་གྱིས་བརླབས་ནས་དབུལ་བར་བྱ། །མེ་ལོང་གས་ཆག་མེད་པའི་ནང་། །རིན་ཆེན་གསེར་དག་ཁྲོ་ཆུ་དང་། །བྱ་རྒོད་སྙིང་དང་གངས་ཆུ་དང་། །གསང་ནས་སྔོན་མོ་འབྲུམ་བུ་བདུན། །བླུགས་ནས་མཎྜལ་སྟེང་དུ་གཞག །ར་ཁྲག་ར་སྙིང་ཡུངས་ཀར་ལ། །དྲག་སྔགས་བཟླས་ནས་ལིང་ག་དང་། །མེ་ལོང་ནང་དུ་བྲབ་པར་བྱ། །དེ་ཡང་མོན་ཐོན་ནང་ནས་སོང་། །རྒྱུད་ལས་ཟོར་ཐུན་དང་ཉི་མ་བསྡམས་པའི་ལེའུ་སྟེ་དྲུག་པའོ། །ཐོག་རྟ་གཞུག་པའི་ཉི་མ་ནི། །དཔའ་བོ་སྟག་གི་ཉི་མ་ལ། །གསེར་རྟ་བཅུག་ན་སེར་ཐོག་འབེབས། །ཡོས་བུས་མཐུན་པའི་དམ་རྫས་རྟག་བཅུག་ན། །ཀྱིན་ཐང་ཐོག་སེར་བུ་ཡུག་འ་། །སྒྲེགས་པའི་འབྲུག་གི་ཉི་མ་ལ། །གཡུ་རྟ་བཅུག་ན་གཡུ་ཐོག་འབེབས། །སྐྲུལ་ལ་ཟངས། །རྟ་ལ་དངུལ། །ལུག་ལ་འཁར་རྟ། །སྦྲེའུ་ལ་ལྕགས། །བྱ་ལ་ཁྲོ་ཆུ། །ཕག་པ་ལ་གངས་ཆུའི་ཐོག །བྱི་བ་ལ་རྡོའི་ཐོག །གླང་ལ་གསེར་དངུལ་སྦྲག་མའོ། །མ་མ་རསྒ་པྲ་དམ་ཛ། །ཞེས་པས་དགྲའི་མཁར་ཁང་ལ་ཐོག་རྟ་གཞུག་པའི་ལེའུ་སྟེ་བདུན་པའོ། །དེ་ནས་ཡང་དག་རྒྱ་ཆེར་བཤད། །མེ་ལོང་ནག་གི་ཐུན་རྫས་དེ། །རྫས་ཀྱི་ཟོར་མ་དེ་ནག་པོ་རྩལ། །སྔོན་དམར་འུར་སྡོས་ས་ལ་འཕང། །དུས་གདབ་ངན་སྔགས་དྲིལ་ལ་བཟླས། །ཡུགས་ས་མོ་ཡི་རྐང་དམར་དང་། །བརྩོས་ཁྲག་གུ་གུལ་རྟ་བོན་པོ། །མི་ཟིན་ནག་པོ་སྤལ་པ་ལི་ཤ་། །སྡོམ་སྡུག་སྦུར་བ་སྟབ་ལ་བ། །བྱང་བ་ནག་པོའི་ཤ་རྣམས་སྦྱར། །དྲག་སྔགས་འདི་འབུམ་གདབ་པ་ནི། །ཀླུའི་སྔོ་ཁར་མེ་ལ་བསྲེག །ནཱ་གྭ་རྭ་ར༷། །ཡ་མ་ཏྲི་ལ། །ལོ་ཀ་པ་ཐུར་རྭ། །ཀར་མ་ཀུ་རུ་ཧོ་པ་ཤ་ལྭ་ཨུ། །དེ་མ་ཐག་ཏུ་ཕུང་ཤོར་འགྱེད། །རྒྱུད་ལས་ཐོག་ཁ་སྙིང་པར་བྱེད་པ་དང་། །དྲག་སྔགས་སེར་བ་དང་ཐོག་ཐུན་སྤྲུགས་ཏེ་ལས་ལ་སྦྱར་བའི་ལེའུ་སྟེ་བརྒྱད་པའོ། །བདག་ཉིད་བསྲུང་བ་བཤད་པར་བྱ། །ཆོས་གོས་ཞབས་མ་རྒྱ་ཚིལ་དང་། །བསྲེགས་པའི་ཐལ་པ་བྱུག་པར་བྱ། །སྤྱི་གཙུག་བཅང་པས་སྲུང་བར་བྱེད། །ཐོག་རིས་འཁོར་ལོ་རྩིབས་ལྔ་དང་། །དེ་ཡི་ཕྱི་བསྐོར་རྩིབས་དྲུག་ལ། །གསེར་དང་དངུལ་གྱིས་བྲིས་པ་བཅང་། །ལུས་ལ་ཁྲོ་ཆུང་གོ་ཆ་བགོ །རྡོ་རྗེའི་གུར་དཀར་ཁང་ནང་དུ། །ལྟ་བ་རྡོ་རྗེའི་གོ་ཆ་མཆོག །སུམ་བྷ་ནི་ཞེས་པ་བཏགས་ལ་བཟླས། །འཇིགས་པའི་དོག་པ་བྱ་མི་དགོས། །རྒྱུད་ལས་བསྲུང་པའི་ལེའུ་སྟེ་དགུ་པའོ། །དེ་ནས་ནག་མོ་ལ་སོགས་པའི་འཁོར་ལ། །མུམ་ཆེན་མོས་བཀའ་སྩལ་བ། །ང་ཡི་དྲག་སྔགས་ཐོག་རྒྱུད་འདི། །བསྟན་པ་བསྲུང་བ་མ་གཏོགས་པ། །རྣམ་སྨིན་རབ་ཏུ་ཆེ་བས་གསང་། །ཞེས་གསུངས་ཏེ། །བརྒྱུད་བསྟན་པའི་ལེའུ་སྟེ་བཅུ་པའོ། །དེ་ནས་ནག་མོ་ལ་སོགས་པ་སྟེ་ལྷ་མ་སྲིན་སྡེ་བརྒྱད་ཡི་རངས་ཏེ་མངོན་པར་བསྟོད་དོ། །གནམ་ལྕགས་ཐོག་གི་བུ་ཡུག་དྲག་སྔགས་གསང་པའི་རྒྱུད་རྫོགས་སོ། །སྙི་ཐི། །