Ngb-pt-0791-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། །ཀྭ་ལི་ཏན་ཏྲ་ཙ་ཏི་ནཱ་མ། །བོད་སྐད་དུ། །ནག་མོ་རེ་མ་ཏིའི་རྒྱུད་ཅེས་བྱ་བ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་འཇིགས་སུ་རུང་ཞིང་སྐྱི་གཡའ་ཆེན་པོ་རུ་བཞུགས་ཏེ། །དེའི་ཚེ་འཁོར་ལྷ་དང་། །ཀླུ་དང་། །གནོད་སྤྱིན་དང་། །སྲིན་པོ་དང་། །འབྱུང་པོ་ལ་དབང་བྱེད་པའི་མ་མོ་དྲུག་དང་། །ཡེ་ཤེས་ཀྱི་མ་མོ་བཅུ་བཞི་དང་། །སྨན་མོ་ལྔ་བཅུ་རྩ་བརྒྱད་པ་ལ་སོགས་པ་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་གནོད་སྤྱིན་མ་རུ་རྩེ་ཞེས་བྱ་བ། །རང་ཉིད་སྟན་ལས་ལངས་ཏེ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་བཙལ་ཏེ། །སྐོར་བ་ལན་གསུམ་བྱསས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་འཕགས་པ་ཕྱག་ན་རྡོ་རྗེ་སངས་རྒྱས་ཀྱི་བསྟན་པ་མར་འགྲིབ་ཀྱི་དུས་ན་ཁྱི་མྱོམ་དང་བོང་མྱོང་འབྱུང་པའིདུས། །དགེ་སློང་ཚུལ་ཁྲིམས་འཆལ་པའི་ཚེ། །གོས་ངན་རེ་བ་གོན་པའི་ཚེ། །བསྟན་པ་འཇིག་པའི་དགྲ་བྱུང་ན། །ནག་མོ་ཆེན་མོ་ཇི་ལྟར་བསྒྲུབ། །གསད་དང་ལས་སྦྱོར་གང་གིས་བྱ། །སྤོགས་པའི་ཆོ་ག་ཇི་ལྟར་བྱ། །དེ་སྐད་ཞུས་པས། །འཕགས་པ་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་གནོད་སྤྱིན་མ་རུ་རྩེ། །སངས་རྒྱས་བསྟན་པ་མར་འགྲིབ་དུས། །ཁྱི་སྨྱོས་བོང་སྨྱོན་བྱུང་བའི་ཚེ། །དགེ་སློང་ཚུལ་ཁྲིམས་འཆལ་པའི་ཚེ དེ་ཚེ་ན་ནག་མོ་ཆེན་མོ་བསྲུང་། །ཉོན་ཅིག་གནོད་སྤྱིན་མ་རུ་རྩེ། །འདི་ཡི་སྐྱེ་རྒྱུད་བསྟན་པར་བྱ། །རི་རབ་ཆེན་པོའི་ཁོངས་སེང་དུ། །གནོད་སྤྱིན་གང་པ་བཟང་པོ་དང་། །སྲིད་པ་རྒྱན་གྱི་རྒྱལ་མོ་གཉིས། །འདུས་དང་སྦྱོར་བའི་མན་ངག་ལས། །མིང་པོ་ནག་པོ་ཆེན་པོ་དང་། །དཀར་མོ་གིང་དང་རེ་མ་ཏི། །མིང་སྲིང་གསུམ་དུ་ཡང་དག་བྱུང་། །ད་ལྟ་སངས་རྒྱས་བསྟན་པ་བསྲུང་། །དེ་ལྟར་ཁྱོད་ཀྱིས་ཤེས་པར་གྱིས། །ནག་མོ་རེ་མ་ཏིའི་རྒྱུད་ལས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། གནོད་སྦྱིན་ནག་པོ་སྒྲུབ་པའི་གནས། །ལྷ་ཁང་ཁང་སྟེང་དུར་ཁྲོད་དུ། །ནག་མོ་འཁོར་བཅས་བསྒྲུབ་པར་བྱ། །དེ་ཡི་རིམ་པ་འདི་ལྟ་སྟེ། །དུར་ཁྲོད་ས་ལ་སྟེགས་བུ་བྱ། །དེ་སྟེང་འབྲུབ་ཁུང་གྲུ་གསུམ་བརྩིག །རོ་སོལ་དུག་དང་ཁྲག་རྣམས་བྱུག །རྩང་ཕྲན་མཐོ་གང་བཅུ་གཉིས་གཟུགས། །མཆོག་ཕུར་གསུམ་ཡང་ནང་དུ་གཟུགས། །བྱང་ཤར་ཟུར་ལ་སྨྱུག་མ་ནི། །ཚིགས་གསུམ་རྒྱན་དང་ལྡན་པ་གཟུགས། །ལྷོ་རུ་ནག་མོའི་སྐུ་གཟུགས་དགྲམ། །མཧྭ་ཀྭ་ལ་རྟེན་དུ་ནི། །མདའ་དང་མཐིང་ནག་དར་ཡང་གཟུགས །དུར་ཁྲོད་གུའུའི་ནང་དུ་གཞུག །ག་འུའི་ནང་དུ་གཞུག་པའི་རྫས། །གུག་ལ་དམིགས་པའི་རྟེན་དང་ནི། །བུད་མེད་ནལ་བུ་ལུག་ནག་གི །སྙིང་གསུམ་དེ་རུ་གཞུག་པར་བྱ། །སྟེང་དུ་ཕུར་བུ་སོར་བརྒྱད་གཟུགས། །དམིགས་པའི་མགུལ་ནས་ཐག་པས་དྲངས། །དཔལ་ལྡན་ནག་མོའི་ཕྱག་ཏུ་གཏད། །ཐུན་གྱི་རྫས་རྣམས་བསྟན་པ་ནི། །བཙན་དུག་སྦྱང་དུག་བོང་དུག་གསུམ། །ཡུངས་ཀར་ཡུངས་ནག་སྐེ་ཚེ་གསུམ། །སྙིང་སྣ་ཤ་སྣ་ཁྲག་སྣ་གསུམ། །དུར་ཁྲོད་རྡེའུ་དཀར་ནག་དང་། །འབྲུ་ནག་ལ་སོགས་བསག་བྱས་ལ། །རོ་རས་སྒྱེ་འུར་བླུགས་པར་བྱ། །བདག་ཉིད་ནག་མོ་ཆེན་མོར་བསྐྱེད། །དགྲ་བོ་རྣམ་ཤེས་དགུག་གཞུག་བྱ། །བོད་རྦད་གསད་གསུམ་སྤྱིར་དྲིལ་ལ། །སྔགས་འདི་ཉིད་ཀྱིས་བརླག་པར་བསམ། །མ་མ་ཏྲག་རག་ཤ་སྙིང་ཁ་རག་ཤ་སྙིང་ཁ་རག་དགྲ་བོའི་ཙིསྟ་ལ་རྦད་རྦད། །མུགས་མྱགས་དགྲ་བོ་བཱ་ར་ཡ་སོད་སོད། །བར་བར་དག་ཏུ་འདིས་ཀྱང་གསད། །ཨོ་མཧྭ་ཀྭ་ལ་དགྲ་བོའི་སྲོག་རྩ་ལ་རྦད་རྦད། །སྙིང་རྩ་ལ་ཅིབ་ཅིབ། །དགྲ་བོ་བཱ་ར་ཡ་སོད་སོད། །བཛྲ་ཡ་དུ་ཆེ་གེ་མོའི་ཙིསྟ་ལོང་ཧུར་ཧུར། །དགྲ་བོ་རྭ་ར་ཡ་སོད་སོད།ཅེས་ནི་བརྡེག་གསད་པར་བྱ། །ཉིན་དགུ་མཚན་དགུ་ཡང་དང་ཡང་། །ནག་མོ་ལྕམ་དྲལ་མཆོད་པར་བྱ། །གསུར་ཆེན་དུད་པ་རྒྱུན་དུ་གཏང་། །རང་གིས་མ་ཉེས་དཔང་ཡང་གཟུགས། །དེ་ནས་ཡང་དག་བཤད་བྱ་བ། །རྐང་རྗེས་ས་ལ་བསྲེག་ཁང་བརྩེག །གདུག་པའི་མེ་ནི་བུད་བྱས་ལ། །ནང་དུ་ནག་མོ་ཆེན་མོ་བསམ། ཁྲ་ཆེན་ལ་སོགས་མིང་རུས་བསྲེག །དེ་ནས་ཡང་དག་བཤད་བྱ་བ། །དེ་མོ་ནག་མོའི་སྒོ་ང་སྲ །རྐང་རྗེས་ས་དག་གཟུགས་ཀྱང་གཞུག །སྔོན་དམར་སྐུད་པས་བཅིང་པར་བྱ། །ལྷ་ཁང་ཐེམ་པའི་འོག་ཏུ་སྦས། །རྡོ་རྗེ་རྒྱ་གྲམ་ཁ་ཡང་གཅད། །དེ་ནས་ཡང་དག་བཤད་བྱ་བ། །ཁྲག་སྣ་དུག་སྣ་སྣ་ཆོགས་དང་། །བཙན་དུག་ལ་སོགས་སྣ་ཚོགས་ཀུན། །དེ་མོ་ནག་མོའི་སྒོང་བླུགས། །དགྲ་བོའི་ཡུམ་མཁར་རྣམས་ལ་བརྡེག །བརྒྱབ་པ་ཙམ་གྱིས་བརླག་པར་བསམ། །འདི་བསྒྲུབ་པ་ཡི་རྣལ་འབྱོར་པས། །དེ་མོ་ནག་མོ་བསྟེན་པར་བྱ། །ནལ་བུ་དག་ལ་བྱམས་པར་བྱ། །ནག་མོ་རེ་མ་ཏིའི་རྒྱུད་ལས། །གསད་པ་ལས་སྦྱོར་གྱི་ལེའུ་སྟེ་གཉིས་པའོ། །དེ་ནས་ཡང་དག་བཤད་བྱ་བ། །གསང་བའི་དྲོད་ཚད་བསྟན་པར་བྱ། །རབ་ནི་དངོས་སུ་ཁུག་པ་དང་། །འབྲུབ་ཁུང་ནང་དུ་སྲོག་ཆགས་ཤི། །དེ་ཉིད་བསད་དང་སྙིང་ཕྱུང་དང་། །བྱ་ཁྲས་བྱ་རྣམས་བསད་པ་དང་། །ཐམས་ཐུམ་རྨི་ལམ་དག་ཏུ་ཡང་། །རི་དགས་དེད་དང་བསད་པ་དང་། །ཕོ་མོ་འདྲེས་པ་མང་པོ་ཡིས། །དེ་ཉིད་བསད་པ་འབྱུང་བ་དང་། །དམར་གཡོས་མང་པོ་བྱེད་པའོ། །གྲོགས་མོ་མདང་སྲིང་མོ་དང་། །བཙུན་མོ་བླུན་མོ་ལ་སོགས་དང་། །བུ་མོ་གཞོན་ནུ་མང་པོ་ཡིས། །རྒྱན་དང་གར་སོགས་བྱེད་ན་བཟང་། །རང་གིས་དམག་སྣ་དྲངས་ནས་ནི། །དགྲ་བོའི་ཡུལ་དུ་དམག་དྲང་དང་། །ཡུལ་དང་མཁར་རྣམས་བཤིག་པ་དང་། །ཆུ་བོའི་རྡོག་པོ་འབེབས་པ་དང་། །བ་དན་དཀར་ནག་ཕྱར་བ་དང་། །དེ་ལ་སོགས་པའི་རྟགས་རྣམས་ནི། །བུད་མེད་ནག་མོ་ཁྲོས་པ་དང་། །རླུང་ནག་ཚུལ་མའི་ཁྱེར་བ་དང་། །མོ་མཚན་སྟོན་སོགས་ལོག་པའོ། །དུས་ཀྱིས་ཁ་བླངས་ཆག་པ་ཡིན། །ཁས་བླངས་བྱ་ཞིང་དེ་མོ་བསྟབ། །བསྐང་བཤགས་དྲག་ཏུ་བྱའོ། །ནག་མོ་རེ་མ་ཏིའི་རྒྱུད་ལས། །གསང་བའི་དྲོད་ཚད་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །པྲ་པྲིང་མེ་བྱུང་བ་དང་། །དེ་ཉིད་བརླག་པར་མ་གྱུར་ན། །སྤོགས་པའི་ཆོ་ག་བྱ་བ་ནི། །ནལ་བུའི་རྒྱལ་མཚན་དག་ལས་ནི། །སྲིད་པ་སྤྱི་བླུགས་ཞྭ་གོན་ཏེ། །ཁ་རུ་དགྲ་བོའི་མིང་རུས་བརྩང་། །བསྒྲུབ་ཁང་དག་གི་རྩེ་ལ་ཕྱར། །ཁ་ནི་དམིགས་པའི་ཕྱོགས་སུ་བསྟན། ཁུ།་གསུམ་ཨེ་ཡི་ནང་དུ་ནི། ་༑་མའི་ཤིང་གི་མེ་བུས་ལ། །མིང་རུས་ཤ་ཁྲག་སྣ་ཚོགས་བསྲེག །མོ་ཡིས་བཅུན་པ་འདི་བཟླས་སོ། །མ་མ་ཏིག་ནག་མ་མ་ཏིག་ནག་ནག་མོ་རེ་མ་ཏི་ཙིསྟ་ལ་ཏྲག་རག་ཤ་ཁ་མུ་ཏྲ། །རག་ཤ་དུན་དུན་ཛ་ཛ་ཧྲིང་ཧྲིང་། །སྔགས་ཚོ་ཡང་ནི་འཇུག་ནས་བཟློག །དེ་ལྟར་ལས་རྣམས་རྫོགས་པ་དང་། །འབུམ་ཕྲག་གསུམ་ན་ཨ་རོག་ཁྱ། །ཚངས་པ་ཡིན་ཡག་འགྱེལ་འགྱུར་ན། །མི་ཡི་འགྲོ་བ་སྨོས་ཅི་དགོས། །ནག་མོ་རེ་མ་ཏིའི་རྒྱུད་ལས། །མ་གྲུབ་ན་སྤོགས་པའི་ལེའུ་སྟེ་བཞི་པའོ། །དེ་ནས་གནོད་སྤྱིན་མ་རུ་རྩེ་ལ་སོགས་པའི་འཁོར་རྣམས་རབ་ཏུ་དགྱེས་ཏེ་མི་སྣང་བར་གྱུར་ཏོ། །ནག་མོ་རེ་མ་ཏིའི་རྒྱུད་ལས། །རྗེས་སུ་ཡི་རངས་པའི་ལེའུ་སྟེ་ལྔ་པའོ།། །།མན་ངག་གི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། །མ་མ་ཨ་ཤག་ལ་ཏ་ར༷༷ ཤ་ཙག་གྲ་དྷ་ན་ཚེས་མ་ར་ཡ་ཏན་ཏྲ་ནཱ་མ། །བོད་སྐད་དུ། །མ་མོ་གནམ་ལྕགས་ཐོག་གི་བུ་ཡུག་མ་འཇིག་རྟེན་གནམ་ལྕགས་ཐོག་གི་འཁོར་