Ngb-pt-0787-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། །ཤི་དྷ་པི་ཀླ་ལི་སུ་ན་བ་ཏྲ་ཏན་ཏྲ། །བོད་སྐད་དུ། །དཔལ་ལྷ་མོ་ནག་མོ་གསེར་གྱི་སྦྲམ་བུ་ཞེས་བྱ་བའི་རྒྱུད། །དཔལ་ཕྱག་ན་རྡོ་རྗེ་ཕྱག་འཚལ་ལོ། །རི་རབ་ཆེན་པོའི་བྱང་ཕྱོགས་སུ། །དཔལ་ལྡན་ཕྱག་ན་རྡོ་རྗེ་ནི། འཁོར་གྱི་ལྷ་སྲིན་དབྱེ་བ་དང་། རབ་ཏུ་འཇིགས་པའི་གནས་ན་བཞུགས། །དེ་ཚེ་འཁོར་གྱི་གཙོ་བོ་ནི། དཔལ་ལྡན་མགོན་པོ་ནག་པོ་སུ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། །མཆོད་པ་རྒྱ་ཆེན་ཕུལ་བྱས་ནས། །བསྐོར་བ་ལན་གསུམ་བྱས་ནས་སུ། །མདུན་དུ་འདུག་ནས་འདི་སྐད་ཞུས། །ཀྱེ་ཧོ་གསང་བདག་རྡོ་རྗེ་བསྣམས། །བདག་གི་སྲིང་མོ་ནག་མོ་ནི། །དཔལ་ལྡན་ལྷ་མོ་ཞེས་བྱ་ག། །བྱང་ཤར་མཚམས་ཀྱི་ཕ་མཐའ་ན། །གནོད་སྤྱིན་མའི་ཆུང་མ་བྱེད། །དེ་ཡི་སྐྱེ་བརྒྱུད་ཇི་ལྟར་ལགས། །བསྒྲུབ་ཅིང་བསྙེན་པ་བྱ་བ་དང་། །སིརྙི་བླང་ཞིང་དགྲ་ལ་རྦད། །བསྟོད་བསྐུལ་ལ་སོགས་ཇི་ལྟར་ལགས། ཁུབ་པའི་རྟགས་རྣམས་ཇི་ལྟར་ལགས། །བར་དུ་གཅོད་པའི་དུལ་ཐབས་གང་། །ཟོར་དང་སྤྱིན་སྲེག་མནན་པ་ཅི། །ཐུན་དང་འཁོར་ལོ་བསྐོར་བ་དང་། །འཇིག་རྟེན་སྣང་བྱེད་མིག་མཐོང་གང་། །དྲག་པོ་སྔགས་སུ་བསྒྲུབ་པ་ན། །དེ་ལ་རྣམ་པ་དུ་ཞིག་མཆིས། །རྟགས་དང་མཚན་མ་བཟློག་པ་དང་། །ལྟས་བསྒྲུབ་བསྐང་ཞིང་ཇི་ལྟར་མཆོད། །ལྟས་ངན་ཆོ་འཕྲུལ་གཏང་བ་དང་། །ཐོག་སེར་ཇི་ལྟར་དབབ་པར་བྱ། །ཚེ་དང་མདོས་ལ་སོགས་པ་ཡི། །རྣལ་འབྱོར་པ་དང་འཁོར་རྣམས་ལ། །བསྲུང་ཞིང་གསོ་བ་ཇ་ལྟར་ལགས། །བྷ་ག་ཝན་གྱིས་བཤད་དུ་གསོལ། །ཞེས་ཞུས་སོ། །ལྷ་མོ་གསེར་གྱི་སྦྲམ་བུ་ལས། །ཞུས་པའི་ལེའུ་སྟེ་དང་པོའོ། །དེ་ནས་ཡང་དག་བཤད་བྱ་བ། །བྷ་ག་ཝན་ཕྱག་ན་རྡོ་རྗེ་ནི། །རྡོ་རྗེ་རབ་ཅེས་བྱ་བ་ཡིས། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྙིང་པོ་འདི་ནི་བཀའ་སྩལ་ཏོ། །ཏྲག་རག་ཤ་མ་ཧི་དུན་སྨྱོ། །མཧྭ་ཡག་ཤ་ཏིག་སྣ་ནག་པོ་དུན་སྨྱོ། །དེ་སྐད་གསུངས་མ་ཐག་ཏུ་ནི། །བྱང་ཤར་མཚམས་ཀྱི་ཕ་མཐའ་ན། །དཔལ་ལྡན་ལྷ་མོ་ནག་མོ་ནི། །དུས་བཞིའི་རྒྱལ་མོ་ལ་སོགས་པ། །འཁོར་གྱི་མ་མོ་འབུམ་སྟོང་དང་། སྐད་ཅིག་དེ་ལ་འདུས་པར་གྱུར། །དེ་ཚེ་དཔལ་ལྡན་ནག་པོ་ཆེས། །དཔལ་ལྡན་ལྷ་མོ་ནག་མོ་ལ། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །ཉོན་ཅིག་ལྷ་མོ་ནག་མོ་ནི། །སྐྱེ་བདུད་ལ་སོགས་ཡེ་ཤེས་བཤད། །སྔོན་གྱི་ཡར་འདས་བསྐལ་པ་ལ། །འདོད་ཁམས་ལྷ་དང་ལྷ་མའི་འཁྲུགས། །ལྷ་རྣམས་འཕམ་སྟེ་ལྷ་མིན་རྒྱལ། དེ་ཚེ་ལྷ་རྣམས་མདངས་ལས་སུ། །སྦྲུལ་པའི་ལྷ་མོ་མདངས་ལྡན་མ། དེ་ཡི་ལྟེ་བའི་རྫོང་ལ་ནི། །ལྷ་རྣམས་ཀུན་གྱི་དམག་དཔུང་བཅས། །ལྷ་མ་ཡིན་གྱིས་གཡུང་ངོ་བཟློག །སྐྱེ་བ་དེ་ཡི་ཕྱི་མ་ལ། །ལྷ་མོ་བདེ་ཚོགས་མར་གྱུར་ཏེ། །ལྷ་རྣམས་ཀུན་གྱི་འདོད་པ་བསྐངས། །སྐྱེ་བ་དེ་ཡི་ཕྱི་མ་ལ། །མེ་ཏོག་དག་གི་སྤྱིན་པ་གཏང་། །ལྷ་མོ་འོད་ཟེར་ཅན་དུ་གྱུར། །དེ་ལ་སོགས་པའི་སྐྱེ་བ་ནི། །བརྒྱ་དང་རྩ་བརྒྱད་བཟླས་པ་ན། །བྱང་ཕྱོགས་མྱ་ངན་རྣམ་དུ་སྲ །ཏྲི་ལི་ཏྲེརེ་ཆུང་མ་བྱས། །ལས་ཀྱི་ཕག་རྫི་ནག་མོ་ནི། །དུམ་བུ་བྱིན་གྱི་བྱིའི་ཆགས། །དེ་ཡིས་ཡི་ཆད་བྲང་བཀབ་ནས། །བོང་བུ་ཤོན་ནས་རལ་གྲི་ཁྱེར། །རྒྱ་མཚོའི་ནང་དུ་མཆོངས་པ་ལས། །ཨེ་ཀ་ཛ་གི་སིརྙི་ཐོབ། །སྐྱེ་བ་སྔམ་རྗེས་སུ་དྲན། །ལས་ལ་ཡིད་ཆེས་བདེན་པ་མཐོང་། ཁྲཀྱ་ཐུབ་པའི་ཞབས་དྲུང་དུ། །སེམས་བསྐྱེད་སྡོམ་པ་རབ་བླངས་ཏེ། །སྲོག་གི་སྙིང་པོ་ཕུལ་ནས་སུ། །སངས་རྒྱས་བསྟན་པ་སྲུངས་པ་དང་། །དཀར་པོའི་ཕྱོགས་ཀྱི་མགོན་བགྱིད་ཅིང། །བདུད་དང་མུ་སྟེགས་འདུལ་བས་སུ། །ལྷ་མོ་ཉིད་ཀྱི་ཁས་བླངས་སོ། ཁྲེས་གསུངས་སོ། །གསེར་གྱི་སྤྲམ་བུ་ལས། །སྐྱེ་བརྒྱུད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དཔལ་ལྡན་ལྷ་མོ་གྲུབ་འདོད་པའི། །རྣལ་འབྱོར་པ་ཡི་མཚན་ཉིད་ནི། ཁྲེས་རབ་སྙིང་རྗེ་དང་ལྡན་ཞིང་། །དཔའ་ཞིག་བསྟན་ལ་སོགས་པ་དང་། །ལྷ་དང་བླ་མ་ལ་གུས་ཤིང་། །དམ་ཚིག་སྲོག་ལྟར་བསྲུངས་པ་དེས། །གནས་ནི་རི་བོའི་རྩེ་མོ་འམ། །ཆུ་གསུམ་འདུས་སམ་བྲག་ནག་གམ། །དུར་ཁྲོད་དབེན་པའི་འདྲེ་གནས་སུ། །དགོས་པའི་ཡོ་བྱད་ཀུན་བསགས་ཏེ། །སྦྱིན་གཏོར་ལ་སོགས་རྒྱ་ཆེར་བྱ། །བདེན་བདར་གནས་ཀྱི་བདག་མོ་མཆོད། །དེ་ནས་སྐྱེས་པ་གཡུལ་གསད་དམ། །ཕུང་ཤུལ་དག་ནས་ས་བླངས་ཏེ། །ས་ལ་སྟེགས་བུ་ལེགས་པར་བརྩིག །དེ་ནས་མཆོད་པའི་དམ་རྫས་དང་། །བསྐང་བའི་རྫས་དང་བསྒྲུབ་པའི་རྫས། །ཐམས་ཅད་མ་ལུས་འཚོགས་པར་བསག །དུར་ཁྲོད་རོ་ཡི་རས་ལ་ནི། །མཚན་ཉིད་ལྡན་པའི་འདྲི་མཁན་གྱིས། །དཔལ་ལྡན་ལྷ་མོ་ནག་མོ་ཡི། །འབར་བ་གདོང་གི་དཀྱིལ་འཁོར་ནི། །ཇི་སྐད་བཤད་པ་བཞིན་བྲིས་ལ། །དེ་དྲུང་དབང་པོའི་མེ་ཏོག་དང་། །སྤོས་ཆེན་མར་མེ་ཆེན་པོ་དང་། །བདུད་རྩིའི་དྲི་མཆོག་ལ་སོགས་པ། །རཀྟའི་གསང་ནན་བདུད་རྩི་དང་། །ལྟག་སྤྲོད་རྔ་དུང་རྐང་གི་དུང་། །ཞིང་རྒྱན་བ་སུ་ཏའི་ཞགས་པ་བཤམ། །དེ་ནས་བསྐྱེད་པའི་རིམ་པ་ནི། །རང་ཉིད་ལྷག་པའི་ལྷ་རུ་སྒོམ། །གོང་དུ་བྲིས་པའི་གཟུགས་བརྙན་དེ། །དམིགས་སུ་མེད་པར་གྱུར་པ་ལས། །ཏིང་ལས་དྲེན་ནག་ཁམ་ནག་བསྐྱེད། །དེ་ཡི་སྒ་གོང་ཉིད་དཀྱིལ་དུ། །སྒ་ལས་སྔགས་བརྗོད་བསྐྱེད་པར་བསམ ཨོ་ནག་མོ་ཏི་ལམ་མམ་མ་དུང་ཏིང་སྨྱོ། །ཞེས་པས་ནག་མོ་ཞལ་གཅིག་ལ། །ཕྱག་བཞི་གཡས་པ་ཁ་ཊ༷་ཁ། གཡོན་གྱི་གོང་མ་མེ་ལོང་འཛིན། གཡས་ཀྱི་འོག་མ་ལྕགས་ཕུར་ལ། །གཡོན་འོག་སྦྲུལ་ཞགས་འཛིན་པའོ། །དྲེ་འུ་གོང་དག་ན་ཙམ་དཀྱིལ་བཞུགས། །རལ་པའི་ཐོར་ཚུགས་གྱེན་འགྲེངས་བའི་གསེབ་ན་དུས་བཞིའི་རྒྱལ་མོ་བཞི། །རལ་པ་གསེར་དང་མི་ཏིག་བརྒྱན། །ཞིང་ལྤགས་སྟག་སྐྲུལ་སྒྲོག་པ་ཅན་། །གོང་མཚན་གཡུ་ཡི་རྒྱལ་གྲམ་ཅན། །ནག་མོ་འབུམ་དང་བཅས་པ་བསྒོམ། །དེ་ནས་སྤྱན་དྲང་པ་འདི་སྐད་དོ། །ནག་མོ་ཏིང་ལམ་མ་དུང་ཏི་སྨྱོ། །ཛ༷༷ ཧཱུཾ༷་བ༷་ཧོ་ནག་མོ་དུན་སྨྱོ། །ཨོ་ཨོ་ཧཱུཾ༷་ཨེ་ཧྲེ་ཧི་ཛ་ཨ་ར་ལི་ཧཱུཾ༷་ཧྲོང་ཧི། །གཟུགས་བརྙན་ལ་བསྟིམ། །རསྒ་ས་མ་ཡ་ཏིཛི་ལྷན། །བཞུགས་སུ་གསོལ་པའོ། །རག་མོ་དུན་ཏིང་ན་མ་ཡ་ཧ་ཧི། །ཕྱག་བཙལ་པའོ། །ནག་མོ་སན་ཏ་པན་ཏ་ཀུ་ལུ་ཀུ་ལུ་ཧ་ཧ་ཧ། །མཧྭ་མ༷་ས་ཁུ་ཧི། །མཧྭ་རག་ཏ་ཁུ་ཧི། །མཧྭ་པ྅་ཤ་ཨ་མྲི་ཏ་ཁུ་ཧི། །སྣུན་ཛ་ཧོ། །པོ་པ་ཏོ། །ས་མ་ཡ་གྲྭ་ཧྭ། །བཟའ་བ་་བསྟབ་པའོ། །ཧཱུཾ༷། །མ་ཅིག་སྲིན་མོ་ནག་མོའི་སྐུ་ཡི་ཆ་ལུགས་ནི། །མི་འགྱུར་གནག་པའི་རལ་པས་ས་གཞི་ཁྱབ། །གདུག་པ་རྩད་གཅོད་སྤྲུལ་པའི་ཕྱག་མཚན་བསྣམས། །བོང་བུ་ག་ཞོན་གཏི་མུག་དགྲ་བགེགས་འདུལ། །སྲིན་མོ་ནག་མོ་གསུང་མོ་གི་ཆ་ལུགས་ནི། །ཧ་ཧ་ཧི་ཧི་དགྱེས་པའི་གད་མོ་སྒྲོགས། །རུ་ལུའི་སྨྱོ་སྒྲོག་སྲིད་གསུམ་ཟིལ་གྱིས་གནོན། །གསོད་ཅིང་གཅོད་པའི་ངན་སྔགས་ཆར་དུ་འབེབས། །སྲིན་མོ་ནག་ཐུགས་ཀྱི་ཆ་ལུགས་ནི། །མ་མཐུན་བགེགས་ལ་ཞེ་སྡང་ཕྱོགས་རིས་མནག །རྣལ་འབྱོར་དམ་ཚིག་ཅན་ལ་དགོངས་ཤུགས་དང་ལྡན། །ཁྲོས་ཚུལ་ནག་མོ་འཇིགས་པའི་གཟུགས་དང་ལྡན། །སྐུ་གསུང་ཐུགས་ལྡན་མ་ལ་བདག་བསྟོད་དོ། །ཞེས་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་དོ། །དེ་ནས་དོན་རྟགས་ཀྱི་སྒོ་ནས་བསྟོད་པ་ནི། །ཧཱུཾ༷། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུད་ནག་འ་་མའི་ནང་གཤེད་ནས། །མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ། །ནག་མོ་མི་སྲིན་རྔམ་པའི་མཆེ་བ་ཅན། །སྐུ་མདོག་མཐིང་ནག་གཅེར་བུ་རལ་པ་ཅན། །སྐུ་མདོག་ནག་མོའི་ཚུལ་དུ་བཞུགས་པ་ནི། །ཆོས་ཀྱི་དབྱིངས་ལ་བསྐྱོད་པ་མེད་པའི་རྟགས། །རལ་པ་གཡས་ནས་གཡོན་དུ་འཁྱིལ་བ་ནི། །ཆོས་ཉིད་དེ་བཞིན་གཅིག་ཏུ་དགོངས་པའི་རྟགས། །རལ་པའི་གསེབ་ནས་མེ་སྟག་འཕྲོ་བ་ནི། །ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས། །ཐོད་རློན་འཕྲེང་བ་དབུ་ལ་བཅིངས་པ་ནི། །ཐུགས་རྗེའི་སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས། །གཡས་ཀྱི་སྙན་ནས་སེང་གེ་འཕྱོ་བ་ནི། །སྨན་མོ་ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས། །གཡོན་ན་སྦྲུལ་གྱི་གདེངས་ཀ་འཕྱོ་བ་ནི། །ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས། །སྙན་ཆ་གསེར་གྱི་དྲིལ་བུ་ཁྲོལ་བ་ནི། །སངས་རྒྱས་ཀུན་ལ་བསྙེན་བཀུར་མཛད་པའི་རྟགས། །སྤྱན་རྩ་དམར་པོ་སྡང་མིག་བགྲད་པ་ནི། །དགྲ་བགེགས་ཐམས་ཅད་རྩད་ནས་གཅོད་པའི་རྟགས། ཁྲངས་ཀྱིས་ཁྲག་དང་ཞག་གིས་དྲི་སྣོམ་པ། །དགྲ་བོའི་ཁྲག་དང་ཞག་གི་དྲི་ཚོར་ན། །དཔག་ཚད་བརྒྱད་ཁྲི་གནས་ནས་ལེན་པར་བྱེད། །ཞལ་གྱི་དྲག་པོའི་ཧོ༷་ཁུང་གདེངས་པ་ནི། །དམ་ཉམས་དགྲ་བོ་ཞལ་དུ་གསོལ་པའི་རྟགས། །རྣོ་སྡུག་མཆེ་བ་ཟུར་གསུམ་གཙིགས་པ་ནི། །དགྲ་བགེགས་ཤ་རུས་ཆེམ་ཆེམ་གསོལ་བའི་རྟགས། །གོང་མཚན་གཡུ་ཡི་རྡོ་རྗེ་རྒྱ་གྲམ་ལ། འཇའ་ཚོན་སྣ་ལྔའི་འཕུར་ལྕེ་འཕྱོ་པ་ནི། །ཡེ་ཤེས་རྣམ་ལྔས་འགྲོ་དོན་མཛད་པའི་རྟགས། །ཐུགས་རྗེ་ཆགས་རྟགས་རཀྟ་ཐིག་ལེས་མཚན། །དོན་དམ་བཅུ་རྟགས་ཞག་གི་ཟོ་རིས་མཚན། །འདུལ་བྱེད་ལས་རྟགས་ཐལ་ཆེམ་ཆེམ་མཚན་མ་བཏབ། །ཞིང་ལྤགས་རློན་པ་སྐུ་ལ་གསོལ་བ་ནི། །ཆོས་ཉིད་ཡང་དག་དོན་དང་ལྡན་པའི་རྟགས། །གླང་ཆེན་ཀོ་རློན་གནམ་ཕྱེད་དཀྲིས་པ་ནི། །ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས། །རེ་ལྡེ་ནག་པོས་ས་ཕྱེད་དཀྲིས་པ་ནི། །འཇིག་རྟེན་འདི་ནི་ཆེ་བཙན་ལྡན་པའི་རྟགས། །ལྟེ་བའི་དཀྱིལ་ན་ཉི་མ་འཆར་བ་འདི། །སྡུག་བསྔལ་རྒྱ་མཚོ་མ་ལུས་སྐེམས་པའི་རྟགས། །ལྕགས་སྒྲོག་འབར་བ་ཞབས་ལ་འཁྲོལ་བ་ནི། །འདོད་ཁམས་འདུལ་བའི་དབང་དང་ལྡན་པའི་རྟགས། །གཡས་པ་ཁ་ཊ༷་རྩེ་གསུམ་བསྣམས་པ་ནི། །དམ་ཉམ་ཁམས་གསུམ་རྡུལ་དུ་རློག་པའི་རྟགས། །འགོ་མ་ལྕགས་ཀྱི་ཕུར་པ་བསྣམས་པ་ནི། དམ་ཉམས་ཀླད་པའི་རྒྱས་སུ་འདེབས་པའི་རྟགས། །གཡོན་པ་ལུབྲུལ་བའི་མེ་ལོང་བརྣམས་ནི། །སྣང་སྲིད་གསུམ་པོ་ལ་གཟིགས་པའི་རྟགས། །འོག་མ་སྦྲུལ་ནག་ཞགས་པ་བསྣམས་པ་ནི། དམ་ཉམས་དགྲ་བོ་མ་ལུས་འཆིང་བའི་རྟགས། །རྟ་མེན་བོང་མེན་དྲེའུ་ཞོན་པ་ནི། །ཆོས་ཉིད་དབུ་མའི་དོན་དང་ལྡན་པའི་རྟགས། །སྲིན་པོ་མ་མཁལ་སྔ་རུ་བྱས་པ་ནི། །བདུད་དང་སྲིན་པོ་ཟིལ་གྱིས་གནོན་པའི་རྟགས། །སྦྲུལ་ནག་ཆུན་པོས་གོང་རྨེད་བྱས་པ་ནི། །ཞེ་སྡང་དབང་གིས་དགྲ་བགེགས་འཇོམས་པའི་རྟགས། །རུས་སྦལ་ནག་པོའི་ཐོར་བུར་བརྒྱན་པ་ནི། །ཀླུ་རིགས་ཐམས་ཅད་དབང་དུ་སྡུད་པའི་རྟགས། །དྲེའུའི་གོང་ན་བཙན་དཀྱིལ་བཞུགས་པ་ནི། །འཇིག་རྟེན་འདི་ན་འགྲམ་ཟླ་མེད་པའི་རྟགས། །བདུད་ཀྱི་ཁྲམ་བམ་རྒྱབ་ལ་ཁུར་བ་ནི། །དམ་ཉམས་དགྲ་བོ་ཁྲམ་ལ་འདེབས་པའི་རྟགས། །ནད་ཀྱི་རྐྱལ་པ་སྔ་ཤར་བཅིངས་པ་ནི། །དཀོན་མཆོག་དབུ་འཕངས་སྨོད་པའི་དགྲ་བོ་ལ། །ནད་ཀ་འབེབས་ཤིང་དལ་ཀ་བསྒྱུར་བའི་རྟགས། །འཕོངས་ལ་ཚོན་གྱི་གྲུ་གུ་བཀལ་བ་ནི། །དགྲ་ལ་མཚོན་ནད་སྣ་ཚོགས་གཏོང་བའི་རྟགས། །གོང་ན་་་ད་རྡོ་དཀར་ནག་བསྣམས་པ་ནི། །དགྲ་བགེགས་མ་ལུས་་།ར་ལ་འདེབས་པའི་རྟགས། །ནག་མོ་འབུམ་ཕྲག་བྲན་དུ་འཁོལ་བ་ནི། །གང་ལ་བྱ་བའི་སྙིང་ནས་འདྲེན་པའི་རྟགས། །བུ་གཅིག་བདག་གི་དགྲ་བོ་ཁྲིད་ལ་་།ག །མ་ཅིག་ཁ་བ་ན་མེ་འབར་རྒྱ་མཚོ་སྐམ། །མ་ཅིག་ལག་ན་རྡོ་འཕྱར་རི་རབ་བསྙིལ། །མ་ཅིག་རལ་ནག་མུན་པ་སྟོང་ཁམས་ཁེངས། །མ་ཅིག་ཁ་ནས་མི་ཤ་རློན་པ་ཟ། །མ་ཅིག་ཞལ་ནས་ཁྲག་གི་རྒྱ་མཚོ་འཁྱིལ། །བདག་གི་དགྲ་བོ་དམ་ཉམས་སྡིག་ཅན་འདི། །ཁོང་ནས་སྙིང་ཕྱུང་གདོང་ནས་འོད་འཕྲོས་ལ། །བདུན་རྒྱུད་རྩད་ནས་གཅོད་པའི་ལས་མཛོད་ཅིག །དེ་ནས་བཟླས་པ་བྱ་བ་ནི། །འབར་བ་གདོང་གི་དཀྱིལ་འཁོར་ལ། ཁུས་ཆེན་སུམ་སྒྲིལ་སྙིང་ཁར་གདགས། །རྩེ་མོ་བདག་གིས་བཟུང་བྱས་ལ། །དེ་ནས་བཟླས་པའི་སྔགས་རྣམས་ནི། །ཐུགས་དང་བསྐུལ་དང་སིརྙི་སྩོལ། །མགལ་མེ་ལྟ་བུའི་ཚུལ་དུ་བྱ། །ཏྲག་རག་ཤ་མ་ཧི་དུན་སྨྱོ། །མཧྭ་ཡསྒ་ཏི་སྣ་ནག་མོ་དུན་སྨྱོ། །རྟགས་དང་གྲངས་དང་དུས་ཀྱི་ནི། །བསྙེན་པ་རྣམ་པ་གསུམ་དུ་བྱ། །དེ་ནས་བསྒྲུབ་པ་བརྩམས་པ་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་གྲུ་གསུམ་ནག་པོ་བྲུ། །དེ་མཐའ་ཟླ་གམ་དམར་པོ་དབང་། །མུ་ཁྱུད་དཀར་པོ་ཞི་བ་སྟེ། ཁྲུ་བཞི་སེར་པོ་རྒྱས་པའོ། །དེ་ནས་བསྒྲུབ་པའི་དམ་རྫས་ནི། །བན་དྷ་ལྕང་ལོ་མཚན་ལྡན་དུ། །བདུད་རྩི་སྨན་དང་རཀྟ་ཆང་། །ལྷི་ཧང་ག་པུར་ཅོང་ཞི་སེར། ཁྲ་ཆེན་ཚིལ་ཆེན་ག་པུར་གཞག །མི་དབང་རཀྟ་ཙིསྟར་བཅས། །པདྨ་རཀྟ་བྱང་ཆུབ་སེམས། །འབྲུ་དང་སྦྱར་ལ་དབུས་སུ་གཞལ། །རིགས་བཟང་བན་དྷ་མཚན་ལྡན་དུ། །དབུས་སུ་ཡི་གེ་སྒ་བྲིས་ལ། །དེ་མཐའ་སྲོག་སྙིང་བསྐོར་བ་ནི། །གོང་གི་དམ་རྫས་སྟེང་ནས་དགབ། །མ་ནུའི་བ་སུས་རྒྱ་གྲམ་བཅིངས། །དེ་ནས་བ་ལི་ལ་སོགས་པ། །མཆོད་དང་བསྐང་བའི་རྫས་བཤམས་ནས། །རང་ཉིད་ལྷ་བསྐྱེད་རྫོགས་བྱས་ཏེ། །དཔལ་ལྡན་ལྷ་མོ་ནག་མོ་ཡང་། །གོང་གི་བན་དྷའི་ཡིག་འབྲུ་ལས། །སྙིང་པོ་སྔགས་ཀྱིས་གོང་བཞིན་བསྐྱེད། །བདག་ལས་བསྐྱེད་པའི་ལྷ་མ་་ཡང་། །དེ་ལ་བསྟིམ་ནས་མཆོད་པ་དང་། །འདོད་པའི་དོན་ཞུ་གསོལ་བ་གདབ། །བྱང་ཤར་མཚམས་ནས་དེ་འདྲའི་སྐུ། །དགུག་དང་གཞུག་དང་བརྟན་བྱས་ལ། །དེ་ནས་མཆོད་བསྟོད་གསོལ་བ་གདབ། །བསྒྲུབ་པའི་སྔགས་ནི་གོང་ལྟར་དྲང་། །མ་མ་མ་སྒག་རག་ཤ་རེ་མ་ཏི་སྙིང་ཁ་རག་ཙི་ད་ཙ་པེ་ལ་ཨ་ཤུག་མེ་སྨྱོ་ཛ། །སུམ་འབུམ་གྲངས་ནི་ཐོན་གྱུར་ཅིང་། །མཚན་མ་བཟང་པོ་མཐོང་པའི་ཚེ། །དམ་རྫས་བན་དྷ་ཁ་བཟློག་སྟེ། །འཛ་འགད་བདུད་རྩིས་བཀང་བྱས་ལ། །འདི་སྐད་བསྟོད་དེ་སིརྙི་བླང་། །ཧཱུཾ༷། འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །སྐུ་གསུང་ཐུགས་ཉིད་རྫོགས་པའི་བྱིན་རླབས་ཅན། །དམ་བཅས་བཞིན་དུ་ཚུལ་བཞིན་བསྒྲུབ་ལགས་ན། །སྒྲུབ་པ་རྟགས་ཀྱི་དངོས་གྲུབ་ང་ལ་བླང་། །ཐེག་པའི་རིམ་དགུ་སྦྱོར་ཞིང་གསང་པའི་དམ་ལ་གནས། །ཐུམས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད། །བསྟན་པའི་སྡེ་སྣོད་ཀུན་ལས་མཛད། །བར་ཆད་ཞི་དང་ལོག་ལྟ་དབང་དུ་སྡུད། །ཚེ་དབང་རྒྱས་དང་དགྲ་བགེགས་སྒྲོལ་བ་ཡིས། །མཛད་པ་འཕྲིན་ལས་དངོས་གྲུབ་བདག་ལ་ཁོལ། །ཚེ་རིང་ནད་མེད་ལང་ཚོ་བདེ་བ་དང་། །བསམ་གྲུབ་འགྲོ་གང་དབང་དུ་སྡུད་པ་དང་། །བུ་ཚ་འཕེལ་ཞིང་འཁོར་འདབ་རྒྱས་པ་དང་། །ཡིད་བཞིན་བསྒྲུབ་པའི་ཡོན་ཏན་དངོས་གྲུབ་སྩོལ། །ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དེ། །སྒྲུབ་པའི་གཞུང་ལ་བརྟེན་ཏེ་བསྒྲུབས་ལགས་ན། །དུར་ཁྲོད་རྫས་ལ་བརྟེན་ཏེ་བདག་ལ་སྩོལ། །ཞེས་བརྗོད་ལ། །ཨོ་ཨུཿཧཱུཾ༷་ཨ་ལ་ལ་ཧོ། །ཞེས་མ་མོ་མཆོད། །ཨོ་ཨུཿཧཱུཾ༷་ཀྭ་ཡ་བཱསྐ་ཙིསྟ་ཨ་བེ་ཤ །ཞེས་རང་བཏུང་ཞིང་ལོངས་སྤྱོད། །ཁྱོད་དང་བདག་གཉིས་དམ་བསྲེ་ན། །དུས་འདི་ནི་བཟུང་བྱང་ཆུབ་སྙིང་པོའི་བར། །བདག་ཀྱང་དམ་ལ་མི་འདའ་སྟེ། །ལྷ་མོ་ཁྱོད་ལ་མཆོད་འབུལ་བསྟོད། །མ་ཡང་དམ་ལས་མ་འདའ་བ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛོད་ཅིག །ས་མ་ཡ་ཨ་ལ་ལ་ཧོ། །ཞེས་དམ་སྲེ་ཡི་དམ་ལྷ་ལ་དཔང་དུ་གཟུགས། །གལ་ཏེ་རྟགས་རྣམས་ལོག་གྱུར་ན། ངུ་ཞིང་བྲང་རྡུང་ཕྱག་འཚལ་ལམ། །སེམས་ཡེངས་རྒོད་དང་དུ་བྲོ་ན། །བཟང་མོ་སྦྱོར་བ་བྱེད་པ་ན། ཁུབ་པའི་རྟགས་རྣམས་མ་ཡིན་པས། །བསྐང་བའི་ཆོ་ག་རྒྱ་ཆེར་བྱ། །ལུག་ནག་སྤྱི་དཀར་ཁྱི་ནག་ཐོད་དཀར་རམ། །བྱ་ནག་གཤོགརྩདཀར་པོ་དང་། །སོགས་ཀྱི་ཞལ་ཟས་ཀུན་བསགས་ལ། །མ་ཅིག་ལྷ་མོ་དཔལ་ལྷ་མོ། །སྐུ་མདོག་ནག་མོར་བཞུགས་ཤིང་ཆོས་ཉིད་སྤྲ་ས་དང་བྲལ། །དྲེ་རྟ་རྐང་གསུམ་ཆིབས་ཤིང་སྟོང་གསུམ་ཁྱབ་པར་ཉུལ། །མེ་ལོང་སྦྲུལ་ཞགས་བསྣམས་ནས་དམ་ཉམས་སྒྲོལ་ཞིང་འཆིང་། །ཁ་྅་ཕུར་པ་ཐོགས་ནས་དམ་ཉམས་རྡུལ་དུ་རློག །སྟོང་གསུམ་ཁྲམ་ལ་འདེབས་ཤིང་སྲིད་གསུམ་བཤོད་ལ་གྲངས། །མཚོན་གྱི་གྲུ་གུ་སྐྱིང་ཞིང་ནད་ཀྱི་རྐྱལ་བུ་འབུད། །མི་ནད་ཕྱུགས་ནད་གཏོང་ཞིང་ཁམས་གསུམ་རྩིས་ལ་འདེབས། །སྟོང་གསུམ་མ་དང་སྒྲངས་རྒྱས་དམ་ལ་སྡུད། །འགྲོ་དོན་ཅི་མཛད་ཆོས་ཉིད་དབྱིངས་སུ་མཁྱེན། ཁུ་གསུམ་བསྒྲལ་པའི་ཤ་ཁྲག་རུས། །འབྱོར་དང་ཚོགས་ཀྱི་ཞལ་ཟས་དང་། །མཆོད་པའི་དམ་རྫས་བསྒྲུབ་རྫས་ཀྱིས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ནག་སྔོ་སེར་སྨུག་དཀར་ནག་ཕོ་ཉ་དམ་ཅན་ཚོགས། །ཕྱག་རྒྱ་སྣ་ཚོགས་སྐུ་ཡི་རྒྱན་དུ་མཛད། །ཕྱག་རྒྱ་སྣ་ཚོགས་མའི་ཐུགས་དམ་སྐོང་གྱུར་ཅིག །ནག་མོ་ཁ་ལ་ཛ་ཡ་དུ་ས་མ་ཡ་རུ་ལུ་རུ་སྨྱོ་ཛ་སྙིང་ཁ་ལ་ཏི་ཐུན་སྨྱོ། །ཧཱུཾ༷། །ཏིང་འཛིན་གཡེལ་བས་མ་ཅིག་སྐུ་མ་གསལ། །ཕྱག་རྒྱ་མ་གསང་ཐུགས་ཀྱི་དམ་ལས་འདས། །འཛབ་ཟློས་མ་ཚང་གསུང་གི་དམ་ཚིག་ཉམས། །སྐུ་གསུང་ཐུགས་ལ་བདག་གི་མཐོལ་བཤགས་ན། །འཕངས་པའི་དབང་གིས་མཆོད་པ་རྒྱུ་ཆུངས་ནས། །སེར་སྣའི་དབང་གི་དམ་རྫས་མ་ཚང་སྟེ། །ཐུགས་རྗེ་ཆེ་བས་དམིགས་པའི་སྒྲ་མ་སྒྲོལ། །དམ་ཅན་ཁྱོད་ཉིད་ལ་ནི་བཤགས་པ་བགྱི། །ཞེས་བསྐང་ཞིང་བཤགས་པ་རྒྱ་ཆེར་བྱའོ། །ཞེས་གསུངས་སོ། །མ་མོ་གསེར་གྱི་སྦྲམ་བུ་ལས། །བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། དཀྱིལ་འཁོར་དེ་ཡི་ལྷོ་ནུབ་ཏུ། །འབྲུབ་ཁུང་གྲུ་གསུམ་ནག་པོར་བྱ། །ཟབས་སུ་ཁྲུ་གང་རྒྱར་ཁྲུ་དོ། །དུར་སོལ་ཁྲག་ཆེན་སྦྱར་པ་ཡིས། །ཞལ་ཞལ་ནག་པོ་བྱས་ནས་སུ། །ཟླ་གམ་རྣམ་གསུམ་དམར་པོར་བྱ། མུ་ཁྱུ་དཀར་པོ་གྲུ་བཞི་སེར། །ཐ་མ་མེ་རིའི་འཕྲེང་བ་ཅན། ཁུ།་གསུམ་པར་རིམ་དང་པོ་ལ། །ཐོད་པ་ཡི་ནི་འཕྲེང་བ་བཏང་། །གཉིས་པ་རལ་གྲི་གསུམ་པ་གཏད། །ནང་དུ་ཡུགས་སའི་དོར་རྟ་གདིང་། །དྲི་མ་དྲུག་ལ་དགྲ་གཟུགས་བྱ། །ཚ་བ་གསུམ་གྱི་ཁུ་བས་བྱུག །ཐོད་པ་མཚན་ངན་ནང་དུ་ནི། །ར་རྟ་ཁྱི་དང་ཕག་ཁྲག་བླུགས། །སྤྱང་དུག་ངག་ཀྱང་བླུགས་པར་བྱ། །ཐོད་པ་དེའི་ནང་དུ་ནི། །ལྕགས་ཀྱི་ཕུར་པ་སོར་བརྒྱད་བདུན། །རྩེ་མོ་གནམ་དུ་བསྟན་ལ་གཞག །གཏོར་མ་ལ་སོགས་ཀོང་ལྟར་བཤམ། །དེ་ནས་དེའི་བསམ་པ་ནི། །གཅེར་བུ་མདོག་ནག་ཁྲོས་པ་བདུན། །ཁྲག་གི་མཚོ་ལ་འབོགས་བསྐྱལ་ནས། །ལག་པ་ཁྲག་ལ་རྩེ་བར་བསྒོམ། །བདག་ལས་ཕྱུང་ལ་དེ་ལ་བསྟིམ། །མཆོད་བསྟོད་ལ་སོགས་གོང་ལྟར་བྱ། །དེ་ནས་སྙིང་པོ་འདི་ཉིད་བཟླས། །རེ་མ་ཏི་པ་ཤ་ཙ་པ་ལ། །དུན་དུན་རག་ཤ་རག་ཤ་མུ་ཏྲ་རུ་ལུ་རུ་ལུ་སྨྱོ་ཛ་ཛ། །འབུམ་གྲངས་མཚན་མ་མཐོང་བའི་ཚེ། །བསྐུལ་ཚིག་འདི་ཡང་གཏང་བར་བྱ། །ཧཱུཾ༷། །བཞེངས་ཅིག་བཞེངས་ཅིག་དབྱིངས་ནས་བཞེངས། །ཁྲག་མཚོ་འཁྱིལ་པའི་ནང་ནས་བཞེངས། །ཁྲག་གི་བུད་མེད་ནག་མོ་བདུན། །གཅེར་བུ་རལ་པ་སྤྱི་བཅིངས་ནས། །ཁྲོས་པའི་སྤྱན་མིག་དམར་པོ་ནི། །སྡང་པའི་དགྲ་ལ་འབྲུ་ཚུགས་ལྟ། །ཁྲོས་པའི་ཤངས་ཀྱི་བུ་ག་གནས། ་༑་ན་རཀྟ་དགྲ་ལ་འཐོར། །ཁྲོས་པའི་ཞལ་ནས་མཆེ་བདར་ནས། །དུག་གི་ཁ་ཆུ་དགྲ་ལ་འཐོར། །གཡས་པ་ཁྲག་གི་ལྕགས་ཀྱུ་ཡིས། །དམ་ཚིག་ཉམས་པའི་སྙིང་ནས་འདྲེན། །གཡོན་པ་ལྕགས་ཀྱི་ཕུར་པ་ཡིས། །བཀའ་ལས་འདའ་བའི་སྙིང་ལ་འདེབས། །དམ་བཅས་བཞིན་དུ་བདག་བསྐུལ་གྱིས། །ཁས་བླངས་བཞིན་དུ་འཕྲིན་ལས་མཛོད། །དེ་ནས་གཉེར་གཏད་པའི་སྔགས་འདི་བཟླས། །མ་མ་སྙིང་ཁྲག་ཚལ་པ་དུན་ཏིང་ཧ་ལ་དུན་སྨྱོ། །དེ་ནས་དྲག་སྔགས་འདི་ཡང་གཏང་། །རག་མོ་རག་མོ་མ་མ་དུན་དུན་ཧེར་མ་ཧེ་དགྲ་བོ་རྣིར་མུ་ར་ཡ་ཛ་ཛ། །སོད་པའི་མཚན་མ་བྱུང་ནས་ནི། །ནང་ནུབ་ཉིན་མཚན་གུང་ལ་ནི། །ཁྲག་དང་ལིང་ག་དག་ལ་ནི། །ཡུངས་ཀར་ཡུངས་ནག་སྐེ་ཚེ་བྲབ། །རག་མོ་ནི་ཤ་ཀུ་རུ་ཐུམ་རིལ་རྦད། །རག་མོ་ཁ་ལ་ཙ་ཙ་ཐུན་སྨྱོ། །ཆེ་གེ་མོ་རཀྟ་ཐུན་རྦད། །ཁ་ལ་ཙ་ཙ་ཐུན་སྨྱོ་སྨྱོ། །འུར་ཀ་མ་ཤ་མ་ཐུན་སྨྱོ་སྨྱོ་སོད། །རྟགས་མ་བྱུང་བར་དུ་བཟླས། །སྙིང་ཁ་རག་མོ་ནག་མོ་དུན་སྨྱོ། །ནག་མོ་དུན་ཏིང་མ་ལས་ལ་སྨྱོ། །རེ་མ་ཏི་པ་ཤ་ཙ་པ་ལ་ཛ་ཛ། །དུན་དུན་རག་ཤ་རག་ཤ་མུ་ཏ་རུ་ལུ་རུ་ལུ་མ་སྨྱོ། །བསྐུལ་ཚིག་དག་ཀྱང་དྲག་ཏུ་གཏང་། །དེ་ནས་མ་མོ་རྦད་པ་ནི། །ཡུངས་ཀར་དག་ལ་སྔགས་བཟླས་ལ། །མ་མོ་དག་ལ་བྲབ་པར་བྱ། །མ་མོ་རག་མོ་སྙིང་ལ་ཛ་ཛ། །རག་མོ་ཧར་ཧུར་མ་རུ་ལ་ཆོ་ཆོ། །འུར་ཀོ་མ་ཤ་མར་ཁ་ཁ་རུ་རུ་ཏྲ་ཏི་ཏི་ཛ་ཛ་། །དུས་བཞི་དག་ཏུ་བསྐུལ་བར་བྱ། །གསུར་ཆེན་གུ་གུལ་སྦྱར་མས་བདུག། །ལྕགས་ཕུར་བདུན་གྱི་རྩེ་མོ་ལ། །དུག་ཁྲག་བསྐུས་ལ་གདབ་པར་བྱ། །བཛྲ་ཀ་རུ་ན་བྲད། །སྙིང་ཁྲག་ཚལ་པ་རྦད། །ག་་ཙིཉི་རྦད། །མྱོགས་མུགས་རྦད། །སྙིང་ཁྲག་ཁ་ལ་རྦད། །ཚལ་བུ་སེ་ན་སེ་དུ་རྦད་ཧུར་ཐུ་མ་སྲོག་ལ་རྦད། །རང་ཉིད་བདུད་མོར་གསལ་བ་ཡིས། །ལྟེ་བ་སྙིང་ལ་དཔུང་གཡས་དང་། །དཔུང་གཡོན་སྤྱི་མགོ་གཡས་གཡོན་དང་། །དཔྲལ་པའི་དབྱིངས་སུ་རིམ་བཞིན་གདབ། །དེ་ནས་བན་དྷའི་ཁྲག་གིས་ཀྱང་། །ལིང་ཀ་དེ་ལ་གདབ་བར་བྱ། །ཙ་ཐུན་མུ་ར་ཐུན་སོད། ཤག་ཐུན་མུ་ར་ཡ་ཐུན་སོད། །རུ་རུ་རག་མོ་དགྲ་བོ་མྱ་ར་ཡ་ཐུན་སོད། །མ་མ་མུགས་ཏི་གྲི་ན་དགྲ་བོ་མུ་ར་ཡ་ཐུན་སོད། །མ་མ་ཐུན་ཤ་ཐུན་ཏི་དགྲ་བོ་མུ་ར་ཡ་ཐུན་སོད། །མ་མ་རྦད་ཐུན་དགྲ་བོ་མུ་ར་ཡ་སོད། ཁྲག་ཤན་རག་མོ་ཐུན་མུགས་ཤག་སོད། །དགྲ་བོ་མུ་ར་ཡ་ཐུན་སོད། །ཅེས་ཁྲག་ཐུན་ལིང་ག་དག་ལ་གདབ། །དེ་ནས་ལིང་ག་རྨས་མ་དེ། །མི་གསད་རལ་གྲིས་ག་་པར་བྱ། །རག་མོ་ཤན་ཏིང་ཀུ་རུ་རྦད། །དགྲ་བོ་མུ་ར་ཡ། །རག་མོ་ནཱ་ཤ་ཀུ་རུ་རྦད། །དགྲ་བོ་མུ་ར་ཡ། །ནག་མོ་ཁ་སོ་བ་ཏི་ཡམ་རྦད། །དགྲ་བོ་མྱ་ར་ཡ། །ནག་མོ་ཁ་སོ་བ་ཏི་ཡབ་རྦད། །དགྲ་བོ་མུ་ར་ཡ། །ཞེས་པ་མགོ་དང་ལག་པ་གཡས་པ་དང་། །ལག་གཡོན་རྐང་པ་གཡས་གཡོན་དང་། །རྐང་པ་དག་ཏུ་རིམས་ཀྱིས་གདབ། །དྲུག་ཏུ་ག་ས་པས་བདུན་དུ་འགྱུར། །རེ་རེ་ལ་ཡང་གསུམ་གསུམ་དུ། །དྲག་པོའི་སྔགས་འདིས་ག་་པར་བྱ། །རག་མོ་རག་མོ་མ་མ་དུན་ཏིང་ཧེར་མ་ཧེད། །ཆེ་གེ་མོ་ལྟར་འབར་བའི་དུར་ཁྲོད་ནས། །ནག་མོ་རལ་པ་ཁེབས་པ་སྲིན་མོའི་ཚོགས། །ས་འདུ་བ་གལ་ནི་ཟ་བྱེད་ཆེན་མོ་སྟེ། །རྡོ་རྗེ་དྲ་བ་མོ་དང་གློག་འགྱུར་མ། །སྲིན་མོའི་ཚོགས་རྣམས་བསྡུས་ཤིང་བོས་པའི་ཚེ། །རུ་ལུ་རུ་ལུའི་སྒྲ་སྐད་དྲག་མོ་དང་། །ནག་མོ་ཀྲོ་དྷ་ཤ་ཡིས་བོས་པའི་ཚེ། །སྒྲོལ་བྱེད་ཆེན་མོ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཡུལ་གྱི་དཔལ་དང་མགོན་དུ་ཁྱོད་བརྟག་ན། །བཏང་སྙོམས་ཡལ་བར་མི་དགོངས་ཡལ་གབ་ཅན། །མ་གཡེལ་མ་གཡེལ་ལྷ་མོ་གཡར་དམ་ཅན། །མ་དང་སྲིང་མོ་ཆུང་མ་བྲན་མོའི་ཚོགས། །ཅི་བགྱི་བཀའ་ཉན་ལས་ཚོགས་ཀྱིས། །དངོས་གྲུབ་སྩལ་པའི་དུས་ལ་བབ། །སྨྱོ། །དཔལ་ལྡན་ནག་མོ་རེ་མ་ཏི། །ཁྱོད་ཀྱི་མཚན་ནས་བོས་པའི་ཚེ། །ཉི་མ་བྱང་ཤར་ཕ་གི་ན། །བྲག་དང་ཆུ་འབབ་མར་འདས་ན། །མཚོ་མུ་ལེ་དངིས་ཀྱི་ནང་ཤེད་ན། །མཐིང་ཤོག་སྔོན་མོའི་སྦྲ་ཕུབ་ནས། །མི་རོ་རྟ་རོའི་གཅལ་སྟེངས་ན། །མ་མོ་ཡོངས་ཀྱི་ནང་ཤེད་ན། །གཅིག་པུར་བཞུགས་པའི་འགྱིང་བག་ཅན། །བམ་ཆེན་གདན་ལ་བརྐྱང་བསྐུམ་ཚུལ་དུ་བཞུགས། །བར་སྣང་ཁམས་ནས་གཤེགས་པའི་ཚེ། །གསེར་གྱི་རྔེའུ་ཆུང་ལྡི་རི་རི། །གསེར་གྱི་རྔེའུ་ཆུང་རྔིར་ཙམ་ན། །ནག་མོའི་འཁོར་བཅས་ཤ་ར་ར། །ནག་མོའི་འཁོར་བཅས་ཤར་ཙམ་ན། །བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། །གཡུ་མཐུར་སྔོན་མོ་བྲེང་སེ་བྲེངས། །བསེ་སྒ་དམར་པོ་ཝངས་སེ་ཝངས། །སྦྲུལ་ནག་སྟོང་གི་གོང་རྨེད་ཅན། །མཆོང་གི་བློ་ནན་ཁྱུགས་སེ་ཁྱུག །ཟླ་བ་གཅིག་ལ་འོད་གསུམ་དུ ། །སྟོང་ཁམས་མ་ལུས་ཁྱབ་པར་མཛད། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡང་། །ཐང་ཙམ་ཅིག་ལ་ཡུད་ཀྱིས་ཕྱིན། །སྐུ་མདོག་མཐིང་ནག་འཇིགས་ཚུལ་ཅན། །དབུ་སྐྲ་རལ་པ་ཐོར་ཚུགས་ཅན། །རལ་པའི་ཅོད་པན་རེ་རེ་ལ། །གསེར་གཡུ་མུ་ཏིག་ཆུན་འཕྱང་ཅན། །གཡས་ཀྱི་ཕྱག་གི་དང་པོ་ནི། །ཁ་ཊ༷་ཁ་ནི་རྩེ་གསུམ་བསྣམས། །དགྲ་བོ་མ་ལུས་ཐལ་བར་རློག །གཡོན་གྱི་ཕྱག་གི་དང་པོ་ན། །འཕྲུལ་གྱི་མེ་ལོང་ཕྱིས་ཤིང་ལྟ། །སྲིད་པ་གསུམ་ཡང་ས་ལེ་གཟིགས། །གཡས་ཀྱི་འོག་མའི་ཕྱག་མཚན་ནི། །ལྕགས་ཀྱི་ཕུར་བ་བདུན་འདྲིལ་མ། །གཡོན་གྱི་འོག་མའི་ཕྱག་མཚན་ནི། །སྦྲུལ་ནག་སྟོང་གི་ཞགས་པ་འཕེན། །དམ་ལས་འདས་པ་འཆིང་བར་བྱེད། །དྲེའུ་རྟ་ཆིབས་ཀྱི་སྔ་ལོང་ལ། །ནད་ཀྱི་རྐྱལ་པ་སྔོ་དམར་བཀལ། །དྲེའུ་རྟ་ཆིབས་ཀྱི་ཕྱི་ལོང་ན། །ཚོནི་གྱི་གྲུ་གུ་སྔོ་དམར་བཀལ། །ནད་དང་རིམས་ཀྱི་བསྐོས་འདེབས་མ། །མདར་ན་ཤོག་རྡེའུ་དཀར་ནག་འགྲེམས། །རྒྱབ་ན་བདུད་ཀྱི་ཁྲམ་བམ་བཀལ ། །སྐྱེ་འགྲོ་ཡོངས་ཀྱི་སྐག་རྩི་མ།ལེགས་ཉེས་གཉིས་ཀྱི་ལྟང་འཛིན་མ། །དམ་ཚིག་ཉམས་པའི་རྗེས་གཅོད་མ། །དུས་བཞི་རྒྱལ་མོ་སྐུ་ལ་ཤར། །དཔྱིད་ཀྱི་རྒྱལ་མོ་བྱོན་པའི་ཚེ། །ཤི་དུར་ཁྲོད་གནས་ཉུལ་མ། །རླུང་ནག་ཚུབ་མའི་སྣ་འདྲེན་མ། །འཁྱག་པའི་མིག་ཏུ་ས་འདེབས་མ། །མིང་པོ་རྡོ་རྗེ་ལས་བཅོལ་ན། །སྲིང་མོ་རྡོ་རྗེ་ལས་མཛོད་ཅིག །ཡིད་ལ་བརྣག་པའི་དགྲ་བོ་ལ། །ཁྲམ་ལ་བབ་ན་ཁྲམ་ཐོབ་ཅིག ་༑ད་ལ་བབ་ན་ཤོད་ཁྱེ་ཅིག །ནད་མོ་རྐྱང་པ་ཁ་ཕྱེ་ཞིག །ཚོན་གྱི་གྲུ་གུ་དེར་སྐྱོང་ཞིག །ཉེས་པ་ལྟེབས་སུ་མ་བཏང་བར། །རྟགས་དང་མཚན་མ་མྱུར་དུ་ཕྱུང་། །དབྱར་གྱི་རྒྱལ་མོ་བྱོན་པའི་ཚེ། །བྷ་ག་ཧྲི་སྟི་མཁའ་ལ་ཆར་འབེབས་མ། །འབྲུག་དང་གློག་གི་སྒྲ་སྒྲོགས་མ། །སད་དང་སེར་པའི་སྣ་འདྲེན་མ། །མིང་པོ་རྡོ་རྗེ་ །སྲིང་མོ་རྡོ་རྗེ་་། །ཡིད་ལ་། །ཁྲམ་ལ་ ་། ་༑ད་ལ་་། །ནད་ཀྱི་། །ཚོན་གྱི་་། །ཉེས་པ་། །རྟགས་དང་་། །སྟོན་གྱི་རྒྱལ་མོ་བྱོན་པའི་ཚེ། །མཧྭ་ཤི་རི་དུ་རུ་ལུ། །རླུང་ནག་ཚུབ་མའི་སྣ་འདྲེན་མ། །རི་རབ་ཟོམས་ལ་གནས་བཅས་ནས། །ཕྱག་ན་གསེར་གྱི་ཟོར་བ་བསྣམས། །སེར་ཁ་སྤང་པོ་ཁ་སེར་ལ། །འབྲས་བུ་ལོ་ཏོག་བཅུད་ལེན་མ། །རྡོ་རྗེ་བཀའ་ཉན་ཕོ་ཉའི་ཚོགས། །མི་རྣམས་ཀུན་གྱི་བདུད་གཅོད་མ། །མིང་པོ་་། །སྲིང་མོ་། །ཡིད་ལ་་།ཁྲམ་ལ་་། ཁོད་ལ་་། །ནད་ཀྱི་ །ཚོན་གྱ་། །ཉེས་པ་། །རྟགས་དང་་ །དགུན་གྱི་རྒྱལ་མོ་བྱོན་པའི་ཚེ། །རལ་གཅིག་རྒྱ་མཚོ་ཀློང་ན་དཔལ་གྱི་བཀའ་སྡོད་མ། །རྒྱ་མཚོའི་གཏིང་ནས་ཀླུ་རྣམས་ཀུན་ལ་མངའ་མཛད་མ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཁྲག་གི་དྲི་སྣོམ་མ། །མིང་པོ་། །སྲིང་མོ་། །ཡིད་ལ་། །ཁྲམ་ལ། ཁོད་ལ་། །ནད་ཀྱི་།ཚོན་གྱི་་། །ཉེས་པ་ཀ་་། །རྟགས་དང་ ་ ། །ཁྱོད་ཀྱི་སྤྱི་པོའི་གཙུག་རུམ་ན། །ཉི་མ་ཟླ་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །དུས་ལ་བབ་པོ་ད་ཚུར་སྤྱོན། །ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་བརྒྱ་བརྒྱ་འཕྲོ། །ཁྱོད་ཀྱི་གསང་བའི་བྷ་ག་ལས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་ཞབས་ནི་གཡས་གཡོན་ནས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། །བདུད་དང་ལྷ་འདྲེའི་སྣ་འདྲེན་མ། །དགྲ་བོ་མ་ལུས་ཀུན་འདུལ་མ། །དཔལ་ལྡན་ནག་མོ་རལ་གཅིག་གཤེགས་སུ་གསོལ། །ཨོ་ཨེ་རྒྱ་ཧི་ཛ་ཨ་ར་ལི་ཧྲི་ཧྲི། །ཞེས་སྦྱན་དྲང་ངོ། །ཨརྒ་སྦྲེང་ཞིང་མཆོད་པ་དབུལ། །ཐུགས་དམ་གཉན་བསྐང་འཕྲིན་ལས་ཀྱི། །ཚིག་འདི་དག་ཀྱང་བརྗོད་པར་བྱ། །དུས་གསུམ་ཀུན་ནས་མ་བསྒྲིབས་ཡེ་ཤེས་ཅན། །མ་སྲིང་ཆུང་མ་བུ་མོ་བྲན་མོའི་ཚོགས། །།ཡེ་ཤེས་མངོན་ཤེས་ལྡན་པའི་ཐུགས་བརྩེ་མ། །མཐུ་རྩལ་རྨད་བྱུང་ཕན་པའི་དགོངས་པ་ཅན། །སྔོན་ཚེ་དམ་བཅས་ཉིད་ཀྱི་ཞལ་འཆེས་མ། །བསྟན་མ་བསྲུང་ཕྱིར་རྟག་ཏུ་གྲོགས་མཛོད་ཅིག །མ་མ་ཏྲག་ཤ་མུ་ཏྲ་རུ་ལུ་སྨྱོ་ཛ་ཧཱུཾ༷། །ཞེས་པས་ལས་གཉེར་གཏད། །ཅེས་གསུངས་སོ། །ནག་མོ་གསེར་གྱི་སྦྲམ་བུ་ལས། །ལས་ལ་སྦྱར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྟགས་ཀྱི་དྲོད་ཚད་རྣམ་གསུམ་སྟེ། །བསྙེན་པ་བསྒྲུབ་པ་ལས་སྦྱོར་རོ། །སྙེན་པའི་རྟགས་རྣམས་བསྟན་པ་ནི། །བུད་མེད་བཟང་སྡུད་རྟགས་མི་དང་། །འོད་དང་སྒྲ་དང་དྲི་ཞིམ་དང་། །ཉམས་དགའ་བྱིན་ཆེ་ཏིང་འཛིན་གསལ། །ནམ་མཁའ་འོད་ཀྱིས་གང་བ་དང་། །ཕྱག་འཚལ་གུས་པ་བྱེད་པ་དང་། །བྱ་ནག་མང་པོ་རྨི་བ་དང་། །ལྷ་མོ་ཉེ་བའི་རྟགས་སུ་བཤད། །བཙུན་མོ་ལྟ་བུར་འོང་པ་དང་། །ཆེ་འགྱིང་ཕྱག་བསྒུགས་གྱོང་ཚུལ་སྟོན། །ད་རུང་བསྒྲུབ་པ་བསྐྱར་ལ་བྱ། །མིག་འཛུམ་ཏིང་འཛིན་མི་གསལ་ན། །ལྕེ་སྟོན་སྔགས་ལ་ལྷག་ཆད་བྱུང་། །ཕྱག་རྒྱ་སྟོན་ན་བསྒྲུབ་པ་ནོར། །བཟའ་བཅའ་སྟེར་ན་བྷ་ལིང་ནང་། །མཛེ་མོ་སྲང་མོ་ཉམས་བསྒྲིབས་རྟགས། །རླུད་དམར་ཁྲག་ཏུ་འབབ་པ་དང་། །ཁྲག་གི་ཆར་པ་འབབ་རྨི་ན། །བཀའ་ཆད་འོང་པས་བསྐང་གསོ་བྱ། །དེ་རྣམས་བསྙེན་པའི་རྟགས་སུ་བཤད། །བསྒྲུབ་པའི་རྟགས་སུ་བཤད་པ་ན། །རྒྱ་ཁུར་རི་དགས་ཤོར་བ་དང་། །ཁྲི་སྐྱོགས་འཛུགས་དང་དམག་གཤོམས་བྱེད། །མཚོན་དུང་ཕར་ལ་སྒྲོལ་བ་དང་། །དགྲ་བོ་དངོས་སམ་སྤྲུལ་པ་ནི། །ཁྲིད་ནས་འོང་བ་རྨི་བ་ནི། །བསྒྲུབ་པའི་རྟགས་སུ་བཤད་པའོ། །ལས་ལ་སྦྱར་བའི་རྟགས་རྣམས་ནི། །བྱ་བྱེ་རི་དྭགས་གསད་པ་དང་། །གཡག་གི་སྤྲུལ་ལ་གསོད་པ་རྨི། །རྟ་དང་བོང་བུ་ཕྱི་ཐལ་ཆེ། །ལུགས་གསད་འཁོར་གྱི་རྒྱན་ཡིན་པས། །བཟློག་པའི་རིམ་པ་ཅི་རིགས་བྱ། །ཞེས་གསུངས་སོ། །ནག་མོ་སེར་གྱི་སྦྲམ་བུ་ལས། །རྟགས་ཀྱི་རིམ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལྷ་མོ་ནག་མོ་སྒྲུབ་དུས་སུ། །བར་དུ་གཅོད་པའི་སྐྱོན་དག་ནི། །ཉིད་ཀྱི་སྐྱོན་བཞི་འཁོར་སྐྱོན་བཞི། །དང་པོ་ཉིད་ཀྱི་སྐྱོན་ལ། །ལྷ་མོ་ཡིན་པས་ཆགས་པ་ཆེ། །བདུད་མོ་ཡིན་པས་ཞེས་སྡང་ཆེ། །ཀླུ་མོ་ཡིན་པས་ནོར་ལ་རྔམ། །སྲིན་མོ་ཡིན་པས་གསོད་ལ་དགའ། །དེ་ཡི་རྟགས་དང་བཟློག་ཐབས་ནི། །དཀར་མོ་མདངས་ལྡན་ལྷ་ཡི་བུ །ཆགས་པ་བསྙགས་པའི་ཚུལ་དུ་འོང་། །དེ་ལ་རྟ་མགྲིན་རྒྱུལ་པོ་བསྐྱེད། །ནག་མོ་ཁས་བླངས་མཆེ་བ་ཅན། །འབྲུ་ཚུགས་ལྟ་བའི་ཚུལ་དུ་འོང་། །དེ་ལ་བདུད་རྩི་འཁྱིལ་པ་བསྐྱེད། །བུད་མེད་ཆེན་པོ་བུ་སྨད་མཚོ། །དེ་ལ་གཞན་གྱིས་མི་ཐུབ་བསྐྱེད། །སེར་མོ་རལ་པ་ཅན་དུའོང། །དེལགཤིནརྗེགཤེད་པོ་བསྐྱོད། །ཨོ་བཛྲ་ཀྲོ་དྷ་ཧ་ཡ་རྒི་བ་ཧུ་ལུ་ཧུ་ལུ་ཧཱུཾ༷་ཕཊ། །ཨོ་བཛྲ་ཀྲོ་དྷ་ཨ་ར་ཛི་ཏ་ཧཱུཾ༷་ཏི་ཛི་ཏི་ཛི་ཧཱུཾ༷་ཕཊ། །ཨོ་བཛྲ་ཀྲོ་དྷ་ཡ་ནཱ་ན་ཏ་ཀ་ཧཱུཾ༷་པ་ཙ་པ་ཙ་ཧཱུཾ༷་ཕཊ། །ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜ་ལི་ཧཱུཾ༷་ཚིན་དྷ་ཚིན་དྷ་ཧཱུཾ༷་ཕཊ། །ཨོ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ༷་ཧ་ན་ཧ་ན་ཧཱུཾ༷་ཕཊ། །དེ་ནས་འཁོར་གྱི་སྐྱོན་བཞི་ནི། །ཁོལ་པོ་རང་བཞིན་ནག་པོ་སྟེ། །རྟ་དང་བོང་བུར་བརྫུས་ནས་བྱུང་། །འཁོར་དང་ལོངས་སྤྱོད་དག་ལ་གནོད། །ཁོལ་མོ་ལྟེ་ཕུར་ནག་མོ་བསྲེ།་ ་།རླུད་ནག་ཚུབ་མར་སྐྲུལ་ནས་སུ། །ཏིང་ངེ་འཛིན་གྱི་དྲོལ་ཉུལ་བྱེད། །ཆེན་མ་བྱང་མ་ཆུ་ནག་དེ། །བྱ་དང་ཁྱི་རུ་སྤྲུལ་ནས་སུ། །རྣལ་འེབྱོར་མའི་ནུས་པ་འཕྲོག །ཆུན་མ་ཧོ་མགོ་ནག་མོ་དེ། །སྦྲང་མོ་བྱིས་པར་བརྫུས་བྱས་ནས། །བསྒྲུབ་པ་རྫས་ཀྱི་བ་་རྣམས་ལེན། །དེ་རྣམས་བཅོས་ཤིང་སྔགས་འདི་གཟིར། །ཧ་ཧ་ཧེ་ཧེ་ཧི་ཧི་ཧོ་ཧོ། །སྨྱུ་ར་ཡ་མྱ་ར་ཡ། །ཁུ་ཧི། །ཁྲོ་ད་དུ་ན་པ་ལ་དུན། ཁྲ་ཐམ་དུན། །སྒག་མོ་ཏད་ཀྱང་མ་དུན། །དུ་ང་མ་སྨྱོ་དུ་ང་མ་སྨྱོ། །ནག་མོ་གསེར་གྱི་སྦྲམ་བུ་ལས། །བར་ཆད་གདུལ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དྲག་པོ་ཟོར་གྱི་སྒྲུབ་པ་ནི། །འ་ བྲུབ་ཁུང་ནག་མོ་གྲུ་གསུམ་དུ། །རབས་ཆད་ནག་པོའི་བན་དྷ་སྲ །ཁྲག་དང་དུག་སྣ་རྡོ་ཕྱེ་དང་། །མི་མཐུན་གདུག་པའི་རྫས་རྣམས་ལ། །དྲག་པོ་སྔགས་འདིས་བསྒྲུབ་པར་བྱ། །རག་མོ་ནི་ཤ་ཀུ་རུ་ཐུམ་རྦད། །ནག་མོ་ཁ་ལ་ཙ་ཙ་དུན་སྨྱོ། །རག་ཏ་རྦད་ཁ་ལ་ཙ་ཙ་དུན་སྨྱོ། །ཙིསྟ་རྦད། །སྙིང་ལ་དུན་ཏིང་ཏ་བམ་རིལ། །ས་མ་ཡ་དུན་སྨྱོ། །ཞག་བདུན་པར་དུ་བཟླས་པ་བྱ། །བདུད་ཀྱི་ཆས་ཞུགས་ཟོར་ལམ་དབྱེ། །དགྲ་བོའི་གྲོང་ངམ་ཕྱོགས་སུ་འཕང་། །ཡང་ཅིག་ཟོར་གྱི་་རིམ་པ་ནི། །རབས་ཆད་ཐོད་པ་དག་ལ་ནི། །སྨྱོ་དྲུག་བྲིས་པ་དེ་ནང་དུ། །ར་ཁྱི་མི་ཡི་ཁྲག་བླུགས་ལ། །ཨོ་མ་མ་སྙིང་ཁ་རག་མ་མ་སྨྱོ་སྨྱོ་ཛ་ཛ། །སྔགས་ལ་འོད་ཟེར་འཕྲོ་བ་ཡིས། །མ་མོ་སྟོང་བཀུག་ཐུན་ལ་བསྟིམ། །ཡུངས་ཀར་ཡུངས་ནས་སྐྱེ་ཤ་སྔགས། །ཟོར་ལམ་པྱེ་ལ་དགྲ་ལ་འཕང་། །འཕེན་ཀར་དྲག་སྔགས་འདི་ཡང་གདགས། །མ་ཁ་དྷ་མ་སྨྱོ། །ཆེ་གེ་མོ་བཱ་ར་ཡ་ཧཱུཾ༷་ཕཊ༷། །ཅེས་གསུངས་སོ། །ནག་མོ་གསེར་གྱི་སྦྲམ་བུའི་རྒྱུད་ལས། །ཟོར་ཐུན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྤྱིན་སྲེག་དག་གི་ལས་བྱེད་ན། །བསྒྲུབ་པའི་དཀྱིལ་འཁོར་བྱང་ཤར་དུ། །ཧོ་ཁུང་གྲུ་གསུམ་བརྐོས་བྱས་ཏེ། །ཚེར་ཤིང་རི་ཤོ་ར་དུག་བརྩེར། །མེ་སྤར་ལྷ་མོ་ཉིད་དུ་བསམ། །ཉི་ཤུ་ཉེར་གཅིག་གསུམ་ཆ་ལ། །བསྲེག་རྫས་བྱས་ལ་ཞལ་དུ་དབུལ། །མ་མོས་ཤ་ཏྲུ༷་གསོལ་བར་བསམ། །བསྐྱེད་པའི་སྙིང་པོ་ལན་གསུམ་སྟེ། །སྤྱན་དྲང་སྙིང་པོ་ཉི་ཤུ་གཅིག །ཕྱག་འཚལ་བཅུ་གཉིས་བཞུགས་གསོལ་བདུན། །དམ་རྫས་སྙིང་པོ་བརྒྱ་རྩ་བརྒྱད། །ལས་བཅོལ་སྙིང་པོ་སྟོང་རྩ་བརྒྱད། །ཟེར་སྔགས་ག་་བའི་དྲག་སྔགས་གཉིས། །ཉི་ཤུ་རྩ་གཅིག་བཟླས་པར་བྱ། །དེ་ནས་གནན་པའི་བྱ་བ་ནི། །ཐ་བ་སུམ་ཆ་ཆུ་ལ་བསྐུར། །སུམ་ཆ་དང་ནི་དམ་རྫས་ཀྱི། །བ་ལིང་རི་གསུམ་རྩེར་ཁྱེར་ལ། །སྔགས་ཀུན་བརྗོད་ལ་གདྷ་ཨར་བྱ། །སུམ་ཆ་ཅིག་པ་ལིང་ག་བྱ། །མིང་བྱ་སྙིང་ཁར་བཅུག་བྱས་ཏེ། །ཐོད་པ་ནག་པོའི་ནང་བཅུག་ལ། །རེ་བས་གྲི་ལ་དཀར་ནག་དཀྲི། །ཀྭ་ལ་ནག་པོའི་ཞབས་འོག་གནན། །སྤྱིན་སྲེག་གནན་པ་དེ་ལྟར་བྱ། །ཞེས་གསུངས་སོ། །ནག་མོ་གསེར་གྱི་སྦྲམ་བུ་ལས། །སྤྱིན་སྲེག་མནན་པའི་ལེའུ་སྟེ་བརྒྱད་ང་འོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལྷ་མོ་ནག་མོའི་ཐུན་དྲུག་ནི། །རྒྱུད་གཞན་དུ་བསྟན་ཤེས་པར་བྱ། །གསང་པའི་ཐུགས་ཀྱི་ཐུན་ཆེ་ནི། །རང་ཉིད་ལྷ་མོ་ནག་མོར་བསྒོམ། །ལྕེ་སྟེངས་ཉི་ཟླའི་སྟེང་དག་ཏུ། །མུ་རག་ཤ་ཙ་མུན་ཁ་ལ་སྨྱོ་རྦད། །དྲག་པོ་བཅུ་གཉིས་བཟླས་པ་ཡིས། །མ་མོ་དཔག་མེད་འཕྲོས་པ་ལས། ཁྲ་ཏྲུ༷་བཀུག་ལ་ཐུན་དོང་བསྟིམ། །ཐུན་སྣོད་དྲག་པོའི་སྣོད་ཆེན་དུ། །ཁྲག་ནས་དུག་སྣ་མིང་རུས་གཞུག །ཡུངས་ཀར་ཡུངས་ནག་སྐྱེ་ཤ་ལ། །བསྔགས་ལ་ཐུན་ལ་བྲབ་པར་བྱ། །ནད་དང་མཚོན་གྱི་རྣམ་པར་བསམ། །ཐུན་གྱི་གྲོང་ལ་བརྡེག་པར་བྱ། །དེ་ནས་ཙཀྲིས་གསད་པ་ནི། །གྲོ་ག་འམ་ནི་རོ་རས་ལ། །འཁོར་ལོ་རྩིབས་བརྒྱད་གཉིས་བྲིས་ཏེ། །ལྟེ་བར་དགྲ་ཡི་ལིང་ག་བྲིས། །མུ་ཁྱུད་ནང་མ་བོད་པ་ལ། །རྩིབས་རྣམས་མོད་པའི་གསད་སྔགས་བྲི། །མུ་ཁྱུད་དྲག་སྔགས་བདུན་པ་བྲི། །དེ་དྲིལ་ལིང་ཁའི་སྙིང་ཁར་གཞུག །ཐོད་པར་བཅུག་ལ་ཐུན་གྱིས་བྲབ། །སྔགས་ནི་མདའ་རྫོགས་དྲག་ཏུ་བཟླས། །ཐོད་པ་རེ་བས་གྲིལ་བྱས་ཏེ། །ལམ་ཆེན་སུམ་མདོར་མནན་པ་བྱ། །ཞེས་གསུངས་སོ། །ལྷ་མོ་ནག་མོ་གསེར་གྱི་སྦྲམ་བུ་ལས། །ཐུན་དང་འཁོར་ལོས་གསད་པའི་ལེའུ་སྟེ་དགུ་པའོ། །དེ་ནས་ཡང་དག་བཤད་བྱ་བ། །ལྷ་མོ་ནག་མོ་དྲག་སྔགས་ཀྱིས། །གདུག་པ་བསྒྲལ་པའི་ཐབས་དག་ནི། །མཐིང་ནག་གྲུ་གསུམ་འབྲུབ་ཁུང་དུ། །ཐོད་པ་ནག་པོ་དག་ལ་ནི། །དུག་ཁྲག་རོ་སོལ་བསྲེས་པ་ཡིས། །ཙཀྲ་རྩིབས་ནི་ལྔ་པ་བྲི། །དཀྱིལ་དུ་ཤ་ཏྲུ༷་ལིང་ག་པྲི། །རྩིབས་པ་སྐྲུ་གྲི་ངན་སྔགས་བྲི། །ཡུངས་ཀར་ཡུངས་ནག་སྐེ་ཚེས་བྲབ། །ལྕགས་ཀྱི་ཕུར་བ་གནས་བདུན་གདབ། །ཉི་ཤུ་རྩ་གཅིག་པར་དུ་བསྒྲུབ། །ཏྲི་ནི་ཙིསྟ་གའུ་ཐུན་སུ་ཀར་ཏི་ར་དྲང་ཤིན་ཏི། །ཀ་ལ་ཏི་ཙ། །སྒག་རག་ཤ་ཁྲུ་མུ་ཏྲ་སྙིང་ཁ་རག་བཛྲ་དུན་སྨྱོ། །རག་མོ་ཁ་རག་ཤ་ཙིསྟ་ཁ་ལ་རག་ཤ་སིན་དུ། །ཆེ་གེ་མོ་མུ་ར་ཡ། །སྙིང་ཚལ་པ་ཁ་ཤག་མྱ་ར་དུ་མ་དུ་མ་སེན་སེན་སྨྱོ་ཏྲིག་ནན་འདིར་ཡང་ཤག །སེན་སེན་མུ་ར་ཡ་ཕཊ། །སྙིང་ཟ་བ་ཙིསྟ་མ་ཤ་རོ་ལ་ཁྲག་འཐུང་། །ཀང་ཀ་ཤ་ཟན་ཡ་ཧ་ས་ལ་ཧོ། །ཤ་ལ་ཁྱི་སྦྱང་གྲི་ཧ་གྲི་ཧ་བཛྲ་བན་དྷ་སྨྱོ། །ཐང་མུ་ལེ་ཐང་མུ་ལེ། །རྩ་ཐང་རྩ་ཐང་རྦད་རྦད། །མུ༷་སྣི་མུ༷་སྣ༷་ནན་ནན། །རག་མོ་ནི་རག་མི་ནི་ཁ་ལོ་རྦད་རྦད། །དུག་རྣི་དུག་རྣི་ཁ་ལོ་རྦད་རྦད། །ཀྱི་ཁ་ལོ་ཀྱི་ཁ་ལོ་རྦད། །ཙ་ཏི་ཙ་ཏི། །རྦད། །ནིར་ཏི་ནིར་ཏི། །ཁ་འདར་ཡེད་ཡེད། །ཁ་མོ་མུ་ཁ་ལེ་རྦད་རྦད། །ཨོ་རག་མོ་རག་མོ་ནི། །ཐང་མུ་ལེ་ཐང་མུ་ལེ། །རུ་རུ་རག་མ་རྦད། །ཨེ་ར་ཙི་ར་རྦད། །དུ་ནི་དུ་ཏི་རྦད། །དུལ་ཡ་ཡ་ཛ་རྦད། །དུ་རུ་ཛ་ལ་མ་ནི། །རུ་ན་བཛྲ་སྨྱོ་རྦད། །ཀྱི་མ་སྲོག་གི་མ་ཙ་རྦད། །ན་ག་རག་ཤ་རྦད། །ཙེ་ཙེ་ན་མ་ར་རྦད། །ཅེས་པས་བདུན་གསུམ་བར་དུ་བྲབ། །སྐྲུ་གྲི་སོའི་དྲག་སྔགས་སོ། །ཐ་མ་ལུང་མཐུན་གནས་སུ་གནན། །རྒྱུན་དུ་བསྙེན་པའི་དྲག་སྔགས་ནི། །བ་ལིང་གཅིག་ལ་རྟེན་བཅས་ནས། །སྔས་ཀྱི་འོག་ཏུ་འབྲུབ་ཁུང་བྲུ། །ཐོད་པ་མཚན་ངན་ནང་ངག་ཏུ། །ར་ཁྱི་རྟ་ཕག་ཁྲག་ནད་བླུགས་ལ། །གཡམ་པས་ཁ་བཅད་བུག་པ་དབུག །ཡུངས་ཀར་ཡུངས་ནག་སྐེ་ཚེ་དང་། །ལྕགས་བཟང་དུ་སྣའི་ཕྱེ་མ་ལ། །བོད་རྦད་གསད་པ་དྲེལ་ལ་བྲབ། །ཉ་གསུམ་དག་ལ་ཟོར་དུ་འཕང་། །རང་ཉིད་བྱེས་སུ་འགྲོ་བ་ན། །ཐུན་རྫས་ཁག་ལར་བྲུ་གསལ་བསྔགས། །ལོག་ནས་སླར་ཡང་ཐུན་དུ་བྲབ། །གཏོར་མའི་ནང་དུ་བྲབ་པར་བྱ། །དུས་དུས་ཕྱི་མཆོད་མདོས་ཀྱིས་བྱ། །ནག་མོ་གསེར་གྱི་སྦྲམ་བུ་ལས། །དྲག་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བསྒྲུབ་ཅིང་བསྙེན་པའི་དུས་དག་ཏུ། །མཚན་རྟགས་ངན་པ་སྣ་ཚོགས་སྟོན། །བུད་མེད་ངུ་དང་བྲང་རྡུང་དང་། །བྱ་ནག་ནང་འཐབ་སྒོ་ཁྱི་ག །ངུ་འབོད་ཁྲོ་འདོད་མཆི་མ་འབྱུང་། །ཉམས་མི་དགའ་དང་འཇིགས་ལ་སོགས། །མཚན་རྟགས་ངན་ན་མདོས་ཀྱིས་བསྐང་། །མ་མོའི་གསང་མདོས་འདི་ལྟར་བྱ། །རི་རབ་བང་རིམ་བཞི་པ་ཡི། །རྩེ་ལ་མ་མོ་དྲེའུ་ཤོན་མ། །ཞལ་གཅིག་ཕྱག་བཞི་དགོད་པར་བྱ། །བང་རིམ་དང་པོ་དྲེ་ནག་དང་། །མཛོ་དང་བྱ་ནག་ལུག་ནག་དང་། །ནམ་ཆ་ནག་པོ་དར་ནག་ཅན། །བྱ་ནག་དག་ནི་དྲུག་དྲུག་དགོད། །བང་རིམ་པར་པ་བུད་མེད་དང་། །ངར་གླུད་ལྡེམ་བུ་འཕང་བཀྲ་དང་། །ཕོ་གདོང་མོ་གདོང་བཞི་རྣམས་དགོད། །ཐ་མ་སྤྱན་གཟིགས་སྣ་ཚོགས་དགོད། །གཏོར་མ་རཀྟ་མངོན་ཆ་བཤམ། །བདག་ཉིད་ལྷར་བསྐྱེད་མཆོད་བསྟོད་བྱ། །མ་མོའི་འཕྲིན་ལས་གཞུང་བསྲངས་ནས། །སྐབས་དང་མཚམས་སུ་བབ་པ་ན། །མདོས་བདག་ཆེན་མོ་མདོས་བཞེས་ཅིག །གླུད་བདག་ཆེན་མོ་གླུད་བཞེས་ཅིག །འབུལ་ལོ་མཐུན་པའི་དམ་རྫས་འབུལ། །བཞེངས་ཅིག་མཐུན་པའི་རྫས་བཞེས་ཅིག །རྐྱེན་དང་བར་ཆད་དགྲ་བགེགས་བཟློག །དེ་སྐད་བརྗོད་དེ་གཏང་བར་བྱ། །ཞེས་གསུངས་སོ། །ཀ་ལི་སེར་གྱི་སྦྲམ་བུ་ལས། །བསྐང་བ་མདོས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དམ་ལས་འདས་པའི་དགྲ་བོ་ལ། །ལྟས་ངན་ཆོ་འཕྲུལ་གཏང་བ་ནི། །ཁམ་པ་སྨིན་པོ་དག་ལ་ནི། །མོན་མོའི་གཟུགས་ནི་ཁྲུ་གང་བ། །གདོང་བ་དམར་པོར་བྱུག་པ་ལ། ། ཁྲ་ཆེན་གཏོར་བཤམ་ཞག་གཅིག་བསྒྲུབ། །ཏྲ་ག་ར་ག་ཤ་མུ་ཁྲ་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། བྱུང་ནས་དགྲ་ལ་སྔགས་འདིས་རྦད། །རེའུ་རེའུ་རྣལ་མ་རྣལ་བུ་ཤ་ལ་ནི་སྤྱང་རྩི་མ་ཤག །ཀ་ཀ་ཡ་ཏོ་མ་ཕར་ལ་ལུབས་ལུབས་གྲོ་གུ་ལ་ཡ་ལ་ཡ། །དེ་སྐད་བརྗོད་དེ་དགྲ་ལ་རྦད། །ཐེག་སེར་དག་གི་དབབ་པ་ནི། །དྲེའུའི་ཐོད་པ་བྱི་གང་དང་། །དཀར་ཀོད་སྲོན་ཅན་ཡུངས་ཀར་དང་། །མི་ཁྲག་གུ་གུལ་ཁྱི་ལུད་དང་། །མཛོའི་སྔ་མ་བླུགས་ལ་བསྒྲུབ །ཕྱི་བའི་མཇུག་མས་ཐོག་བསྲུང་བྱ། །ཕྱི་ལམ་ཚ་ཚས་གཅད་པར་བྱ། །ཨེ་ཧ་ཧ་ར་ར་ར་རི་རི། ཁྲ་ཤ་ཐ་ཤུ། ཁུ་ཡ་ཧུ་ཡ། །ནཱ་ག་ལེ་ནཱ་ག་ལེ། །དུ༷་བུ་དུ༷། །བྲ་ཏ་རག་ཤ་ཕོབ་ཕོབ། ཁྲར་ཤར་ཛོ་ཧ། །ཞེས་པས་ཞག་བདུན་བསྒྲུབ་བྱ་སྟེ། །ཤ་ཧྲུ༷་འོང་བའི་དཀྱིལ་དུ་སྦ། །ཞེས་གསུངས་སོ། །ཀ་ལི་གསེར་གྱི་སྦྲམ་བུ་ལས། །ཐོད་སེར་དབབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་ཚེ་སྲིང་ཆོ་ག་ནི། །མཚན་ལྡན་གའུ་མཛེས་པ་མྲ །དཀར་གསུམ་མངར་གསུམ་སྨན་དང་འབྲུ། །བླུགས་ཏེ་གཟུངས་ཐག་དཀར་པོ་གདགས། །ཚེ་རྫས་བདུད་རྩི་རྣམ་པར་བསམ། །ཚེ་ཡི་སྙིང་པོ་འདི་དག་དྲང་། །ཨོ་བྲུ༷་ཧཱུཾ༷་ཏྲི་ཏྲ༷་བྲུ༷་ཧྲི། བྲུ༷་ཨ་བྲུ༷། །དེ་བི་ཀྭ་ལ་བྲུ་པ་སྐན་རྟ་ཨ་ཡུ་ལ་སིརྙི་ས་མ་ཡ་སྟུ༷། །ཞེས་པ་བརྒྱ་དང་བརྒྱད་དུ་བགྲང་། །སྤྲོ་དང་བསྡུ་བ་ཅི་རིགས་བྱ། །ལྷ་མོ་བསྟོད་བསྐུལ་འཕྲིན་ལས་བཅོལ། །བསྒྲུབ་པའི་དཀྱིལ་འཁོར་གཡོན་དུ་བསྒྲུབ། །དཔལ་ལྡན་ནོར་བསྒྲུབ་རིམ་པ་ནི། །ནེའུ་ལེ་རྐྱལ་པ་རིན་ཆེན་ལྔ། །ནོར་རྫས་སྣ་ཚོགས་བཅུག་བྱས་ནས། །ག་འུ་མཛེས་པའི་ནང་དག་ཏུ། །འབྲུ་སྣ་བཀང་ལ་རྐྱལ་བུ་གཞུག །དུས་བཞིར་མ་ལ་མཆོད་བསྟོད་བྱ། །དེ་བིམ་ཧྭ་ཀྭ་ལ་བ་སུ་ད་ར་པུ་ཉི་ཀུ་རུ་ཕ་ལ་ཕ་ལ་ཏི་ཏི་སིརྙི། །བསྒྲུབ་པ་རྒྱུན་གྱིས་དུས་དག་ཏུ། །བསྐང་དང་མཆོད་པ་རྒྱ་ཆེར་བྱ། །རང་འདོད་པའི་གསོལ་ལ་གདབ། །ཨུ་རྣི་ཤ་ཡ། །ཨོ་དྷ་ར་དྷི་རི་དྷ་ཡེ་གྲྭ་ཧྭ། །སྲིའུ་གསོ་ན་འདི་ལྟར་བྱ། །ལྷ་མོའི་ཐུགས་ཀར་མ་བྲིས་ལ། །དེ་ལས་ལྷ་མོ་ནག་མོར་བསྐྱེད། །ཟ་འདྲེ་ལྷ་མོའི་ཞལ་དུ་བསྟབ། །ལྕགས་སམ་སེང་ལྡེང་ཕུར་བུ་ཡིས། །མ་འམ་བུ་ལ་གདགས་པར་བྱ། །དབང་སྦྱིན་སྙིང་པོ་བཟློས་སུ་གཞུག །ཅེས་གསུངས་སོ། །གསེར་གྱི་སྦྲམ་བུ་ལས། །དངོས་གྲུབ་ཀྱི་ལེའུ་སྟེ་བཅུ་གསུམ་པའོ། །དེ་ནས་འཁོར་གྱི་མཁའ་འགྲོ་མ་རྣམས་དཔལ་ཕྱག་ན་རྡོ་རྗེ་གསུང་པ་ལ་ཡིརང་སྟེ་མངོན་པར་བསྟོད་དོ། །དཔལ་ལྷ་མོ་ནག་མོའི་རྒྱུད་གསེར་གྱི་སྦྲམ་བུ་ཞེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་གུ་རུ་པདྨ་འབྱུང་གནས་དང་། །ལོསྣྲོ་པ་ས་མ་ཏིས་བསྒྱུར་པའོ། །རྒྱ་གར་སྐད་དུ། །ཨུ་རུ་དེ་བི་ཀྭ་ལི་ཙཀྲ་ཙིསྟ་ཏན་ཏྲ། །བོད་སྐད་དུ། འཕགས་མ་ཨེ་ཀ་ཛ་ཞི་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །འདོད་ཁམས་དབང་དུ་སྡུད་ཅིང་དབང་བྱེད་