Ngb-pt-0786-vol-08-text
Front
Body
རྒྱ་གར་སྐད་དུ། །ཨུ་རུ་དེ་བི་མཧྭ་ཙུར་རྭ་ཛ་ཏན་ཏྲ། །བོད་སྐད་དུ། །འཕགས་པ་ལྷ་མོ་ལིང་ཏོག་སྒོང་ང་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། །བཅོམ་ལྡན་འདས་འཇིགས་བྱེད་ཁྲག་འཐུང་ལ་ཕྱག་་འཚལ་ལོ། །འདི་སྐད་བཤད་པའི་དུས་ན་བྱོན་པའི་སྔོན་རོལ་དུ། །རི་རབ་ཀྱི་རྩེ་བྱང་ཤར་མཚམས་ཡོངས་འདུ་ཤིང་གི་གནས་མཆོག་ཏུ། །ཏི་ར་ཡོངས་ཀྱི་འདོད་ཁམས་ཀྱི་ས་རུ་འཁོར་མ་མོ་ཤས་པ་མ་མོ་དང་། །རོ་བན་མོ་དང་། །ནག་མོ་གསོད་བྱེད་མ་དང་། །ག་་མོ་རེ་མ་ཏི་དང་། །བྱི་ཤུགས་གློག་མ་སྲིན་དང་། །གློག་བྱེད་ནག་མོ་དང་། །ཛ་ཏི་ཕ་ལ་དང་། །རྨ་ལོངས་་མ་ལ་སོགས་པ་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་འདོད་ཁམས་ཀྱི་འཁོར་གཏུམ་མོ་རེ་མ་ཏིས། །མངོན་པར་རྫོགས་པའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རྣམས་ཀྱི་ཟས་དང་སྐལ། །ལས་སུ་བྱ་བ་བཀའ་སྩལ་ཅིག །ཉོན་ཅིག་གནག་གྲོགས་གསུམ་མོ། །སངས་རྒྱས་བསྟན་པ་བསྲུངས་པ་དང་། །མུ་སྟེགས་རྡུལ་དུ་བརླག་པར་གྱིས། །དེ་ནས་འདོད་ཁམས་སྟོང་གི་དུས་ན་སངས་རྒྱས་མར་མེ་མཛད་ཅེས་བྱ་བར་འགྲོ་བའི་དོན་བྱེད་པ་ལ། །ཡབ་དཔལ་ཧེ་རུ་དང་། །ཡུམ་ཨེ་ཀ་ཛ་ཞི་ས་བརྒྱད་པའི་བྱང་ཆུབ་སེམས་མ་གཉིས་གྲོས་ནས། །ཡུམ་ནག་མོ་གསོད་བྱེད། །མ་རེ་མ་ཏི་ལས་བྱེད་དུ་བཅུག་སྟེ། །རྨུ་ལུངས་གཡོག་མོ་བྱེད་དུ་བཅུག །དེ་ནས་རེ་མ་ཏི་ཕ་ནི་བྱ་ཧ་ན་བྱས་ཏེ་རླུད་ཡིན། །མ་ནི་ཀུན་གྲོལ་ལ་མ་བྱས་ཏེ། །གནས་ནི་མྱ་ངན་གྱི་རྣལ་བུ་བྱ་བ་ན་ཡོད་དེ། །མིང་པོ་མཛོད་དང་མཛོད་བསྲུངས་གཉིས། །སྲིང་མོ་ནག་མོ་རེ་མ་ཏི་ཞེས་དང་བྱ་སྟེ་ཞལ་གསུམ་མ་ཞེས་དང་བྱ་སྟེ། །དེ་ནས་སྨན་རིགས་གསུམ་ལ་ཏྲ་ལ་ཆུན་མར་བཏང་པས། །ཁོ་འོང་དུ་མ་འདོད་ནས་ཕག་རྫི་དང་གཉིས་བྱི་བྱས་བས་ནལ་བུ་ཆེ་བར་འགྱུར་ཏེ། །ཁོ་བོའི་རལ་གྲི་བརྐུས་ནས་བོང་བུ་ལ་ཞོན་ནས། །རྒྱ་མཚོར་ལྕེབ་ཏུ་ཕྱིན་པས། །རྒྱ་མཚོའི་ནང་དུ་ཨེ་ཀ་ཛ། །ཞི་ཞལ་མཐོང་ནས། ཁུ་གསུམ་འབར་བའི་དཀྱིལ་འཁོར་དུ། །བཀའ་དང་དམ་ལ་བཏགས་ནས་སྲོག་སྙིང་ཕུབ་པ། །ཨོ་རུ་རུ་ཨ་ཤུག་མེ་ཙ་པ་ལ་ཨ་ཤུག་མེ་ཛ། །ཨོ་རུ་ཏྲི་་ག་རག་ཤ་དྲག་མོ་སྙིང་རུ་ལུ་ཁ་ཐམ་དུན་སྨྱོ། །ཞེས་ཕུལ་ནས་དམ་བཅས་སོ། །དེ་ནས་རྨུན་ལུང་མ་ཡང་བྲན་དུ་བྱས་སོ། །འཕགས་པ་ལྷ་མོ་ནག་མོ་ལིང་ཏོག་སྒོང་ངའི་རྒྱུད་ལས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཁོར་གྱི་གཙོ་མོས་གསོལ་པ། །བསྒྲུབ་ལུགས་རིམ་པ་བཀའ་སྩོལ་ཅིག །དཔལ་ཧེ་རུ་ཀས་བཀའ་སྩལ་པ། །དང་པོ་བསྒྲུབ་པའི་ལུགས་གཉིས། །ཕྱི་སྐྱོར་བ་བསྟེན་པ་དང་། །ཙིསྟ་སྣ་གསུམ་ལ་བརྟེན་ཏེ་བསྒྲུབ་པའོ། །དཀྱིལ་འཁོར་རྣམ་པ་གཉིས་སུ་བསྟན། །རྒྱས་པ་ཅི་བསྒྲུབ་ཆེན་པོ་དང་། །འདུས་པ་དྲག་པོ་ཆེན་པོ་དང་། །དང་པོར་དཀྱིལ་འཁོར་བརྩིག་པའི་ཐབས། །འདོམ་གང་གྲུ་བཞི་ལྷམ་པར་བརྩིག །དབུས་སུ་དོང་གཅིག་བརྐོས་ནས་ནི། །ཐོད་པ་སྐམ་པོ་གཅིག་ལ་ནི། །བདུད་མོ་ནག་མོའི་གཟུགས་བརྙན་བྲི། །མ་ར་ཡ་ཞེས་མཐའ་མ་བསྐོར། །ལྟེ་ཕུར་ནག་མོ་ཛ་ཧཱུཾ༷་ཞེས། །དེ་ནས་ས་ནི་ནག་མོ་གཡོགས། །དེ་སྟེང་གྲུབ་གསུམ་སྲད་བུ་བྲི། །ཁྱོད་ཀྱི་ཕོ་བྲང་དམ་པར་དམིགས། །རྡུལ་ཚོན་རིམ་གྱིས་ཡང་དག་དག །འདུས་པ་དྲག་པོའི་དཀྱིལ་འཁོར་ནི། །གྲུ་གསུམ་མཐིང་ནག་གསུམ་བརྩེགས་ལ། །ཁ་ལ་རྩང་ནི་ལུགས་བཞིན་དགོད། །སྨྱུག་མ་ཚིགས་ནི་བདུན་པ་ལ། །དང་པོ་རིའུ་ཏིལ་ནལ་སྙིང་བདག །ཚིག་བཞི་རྨུ་ལུགས་གྲོ་མོའི་སྙིང་། །བོང་བུ་ཁྲག་དང་ཆང་ཕུད་བསྲེ། །དེ་ན་འདུས་པའི་དཀྱིལ་འཁོར་རོ། །འཕགས་མ་ལྷ་མོ་ནག་མོའི་ལིང་ཏོག་སྒོང་ངའི་རྒྱུད་ལས། །དཀྱིལ་འཁོར་བྲི་ཞིང་རྒྱན་དགོད་པའི་ལེའུ་སྟེ་གཉིས་པའོ། །དེ་ནས་འདོད་ཁམས་ནག་མོ་ཡིས། །རང་གི་སྒྲུབ་ཐབས་ཐུགས་ལས་བྱུང་། །ལྷ་མོའི་སྐུ་བྲིས་ཏེ། །དབུ་གསུམ་ཕྱག་ནི་དྲུག་པ་སྟེ། །ཐོད་པ་ཚར་གསུམ་གྱིས་བརྒྱན་པ། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །ཕྱག་གཡས་དང་པོ་བདུད་ཀྱི་ཁྲམ། །སྲང་རྩེ་གསུམ་པ་བསྣམས་པ། །གཡོན་གྱི་དང་པོ་བན་དྷ་རཀྟས་བཀང་བ་འཛིན་པའོ། །བར་མ་གཉིས་བདུད་ཀྱི་ཐལ་མོ་བརྡེགས་མ། །ཐ་མ་གཉིས་ཀྱིས་ནད་ཀྱི་རྐྱལ་པ་བཟླས་པ། །དུར་ཁྲོད་ཀྱི་རྒྱན་ཆས་བརྒྱན་པ། །མིག་བྱ་མིག་དུ་མས་འགེབས། །དེ་ལྟ་བུའི་མགོ་བྱང་ཤར་མཚམས་སུ་བསྟན་ལ་གཞག །དེ་ནས་ལིང་ག་གསུམ་བྱས་ཏེ་མོའི་ཁ་རུ་ཡང་གཞུག །ཧོ་ལ་ཡང་གདགས། །དེ་ནས་བ༷་གྱི་སུར་ཁྲག་དང་ཡུངས་ཀར་གྱིས་བརྡེག་ཅིང་། །བདག་ཉིད་ལྷ་མོ་གོང་ལྟ་བུར་གསལ་བྱས་ལ་སྔགས་འདིས་བརྡེག་གོ། །ཨོ་རག་མོ་དུན་སྒ་ར་ཤ༷་ནག་མོ་ཤ་ནག་པོ་ཧཱུཾ༷་ཕཊ། །ཅེས་དུས་གསུམ་དུ་བརྡེག་གོ། །དེ་ནས་འདི་ཡང་བརྡེག་གོ། །ཨོ་རུ་རུ་ཁ་རག་སྒག་རག་མ་ཏེ་ཛ་སྙིང་ཁ་ར་ཏེ་ཏེ་རག་ཤ། །རུ་རུ་དུན་སྨྱོ་ཛ་ཛ། །ཞེས་དབུས་ཕྱིར་མ་ཤོར་བར་བཏབ་པས་ལིང་ཁ་ལ་སྐད་འོང་ངོ། །དེའི་ཡོན་ཏན་ནི་སངས་རྒྱས་ཀྱང་འཆི་ན་གཞན་ལྟ་ཅེ་སྨོས་ཞེས་བྱའོ། །དེ་ནས་དབུ་གཡས་པའི་སྐྱེས་པ་ལ་དབབ་པ་ནི། །ཨོ་སིང་དེ་ཙེ་ཏུང་། །ཁ་ཤག་ཁ་རྦད། །ཙ་དུང་ལྕེ་འདིབས། །རག་ཤ་ཙ་པ་ལ་མྱ་ར་ཡན་ཛ། །ཞེས་བཟླས་པས་ལིང་ག་ལ་མེ་འབར་རོ། །དེ་ནས་དབུ་གཡོན་པའི་ཁ་ནས་བུད་མེད་ལ་བཏབ་པ། །ཨོ་ཛ་ཏི་ཀ་མ་རུ་རུ་རག་ཤ། །བེ་ལེ་ཀ་ཐ། །ཆེ་གེ་མོ་ཏྲི་ཏྲ༷། །སྲིན་མོ་ཁམས་ལ་མུ་ཏི་རྦད་བད། །ཞེས་བཏབ་པས་ལིང་ག་མཆོད་པར་བསམ་མོ། །དེ་ནས་དྲག་པོའི་རྗེས་བརྡེག་གོ །འཕགས་པ་ལྷ་མོ་ནག་པོ་ལིང་ཏོག་སྒོང་ངའང་རྒྱུད་ལས། །བཅའ་གཞི་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མངོན་པར་རྫོགས་པའི་རྒྱལ་པོ་ལ། །བདུད་འདུལ་ནག་མོ་ཆེན་མོས་འདི་སྐད་ཅེས་གསོལ་ཏོ། །སྤྱིན་སྲེག་རྫས་ནི་གང་། །ཐབས་དང་དགའ་གཟར་གང་། །རིམ་པ་ཅི། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །ཐབ་ཁུང་གྲུ་གསུམ་སུམ་བརྩེགས་བྱ། །སྨེ་ཁྲག་གསུམ་གྱིས་ཆག་ཆག་གདབ། །བྱང་ཤར་མཚམས་སུ་མ་ཉིད་བསྐྱེད། །ལིང་ག་གསུམ་པོ་གྲིས་ག་ས་ལ། །རྩ་སྔགས་ཞབས་ལ་ཁ་མར་གདགས། །ཐལ་བ་ཉ་ལ་རླུད་ལ་ཕྱར། །གཟས་པ་པོ་ནི་འཆི་འགྱུར་ཞེས། དཔའ་བོ་ཆེན་པོས་ཡང་དག་བཤད། །དེ་ནས་བསྟོད་པ་འདིས་སུ་བཤད། །ཧཱུཾ༷། །དཔལ་གྱི་ལྷ་མོ་ཀུན་ཁྱབ་མ། །ཆིབས་སུ་དྲེའུ་རྐང་གསུམ་བཅིབས། །སྟེ་ལེན་ནད་ཀྱི་རྐྱལ་པ་བསྟན། །དབུ་གསུམ་ཕྱག་དྲུག་མཐིང་ནག་དབུས། །གཡས་པ་དམུ་ལོང་བདུད་འདུལ་མ། །གཡོན་པ་ཛ་ཞི་ཞལ་གཅིག་མ། །གཉིས་མེད་སྤྱོད་པས་གྲོལ་བ་དབང་དུ་སྡུད། །བསྐུལ་ཚིག་དེས་སུ་བསྟོད་པ་བྱ། །དེ་སྐད་དབང་པོས་ཡང་དག་བཤད། །འཕགས་པ་ལྷ་མོ་ནག་མོ་ལིང་ཐོག་སྒོང་ངའི་རྒྱུད་ལས། །སྤྱིན་སྲེག་ལས་ཀྱི་ལེའུ་སྟེ་བཞི་པའོ། །དེ་ནས་འདོད་ཁམས་གཙོ་མོ་ཡིས། །མངོན་རྫོགས་ཡབ་ལ་འདི་སྐད་གསོལ། །བདག་ཅག་རྣམས་ཀྱི་རྫས་ནི་གང་། །དྲག་སྔགས་བསྒྲུབ་པ་ཇི་ལྟར་ལགས། །མངོན་རྫོགས་ཡབ་ལ་བདག་ཉན་འཚལ། །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །ཉོན་ཅིག་གཏུམ་མོ་ནག་མོ་ཆེ། །རྟེན་འཆའ་བ་དང་བསྒྲུབ་རྫས་དང་། །དགྲ་བོས་གསད་པའི་རྫས་རྣམས་སོ། །རྟེན་འཆའ་བ་ཡི་རྫས་རྣམས་ནི། །ནལ་བུའི་རྒྱལ་མཚན་གདགས་པ་དང་། །སྲིད་པའི་སྤྱི་བླུགས་ཆེན་པོ་དང་། །ཞིང་གི་རལ་ཀ་སོར་འཕྲེང་དང་། །བྱ་ནག་པུག་ན་བརྟེན་པའོ། །རྟག་ཏུ་བསྟེན་པའི་རྫས་རྣམས་ནི། །སྡུད་མ་སྙིང་གསུམ་དར་སྣ་གསུམ། །དར་ནག་ཕྱག་བ་བསྒྲུབ་རྫས་སོ། །གསད་པའི་རྫས་ནི་འདི་ལྟ་སྟེ། །ལིང་ག་གསུམ་དང་དུག་སྣ་དང་། །ལྕགས་ཕྱེ་ཟེངས་ཕྱེ་རྡོ་རྗེ་ཕྱེ་དང་། །དམི་ཁྲག་རབས་ཆད་ཐོད་པའོ། །སྔགས་ནི་རབ་ཏུ་བརྟན་བྱ་སྟེ །དང་པོ་བར་ཆད་དང་ཐ་མ་བར་མར་དཀྲུགས། །རག་མོ་རུ་རུ་རོ་རུ་དྲི་ཤ་ཁྲག་ཀུ་རུ་ཁ་སོ་ལ་བ་ཏྲི། །དགྲ་བོ་ནི་སྨྱུ་ར་ཡ་ན། །ཞེས་པ་བཟླས་པས་ལིང་ག་ལ་མེ་འབར་རོ། །དྲག་སྔགས་གསུམ་ནི། །གཡག་རུ་ནག་མོའི་ནང་དུ་ནི། །དུག་དང་ཁྲག་བཅས་བླུགས་བྱས་ལ། །མུ་ལྡེ་ལྡེམ་དྲུག་སྲས་མོ་དང་། །ཡབ་ཅེས་འོད་ཆེན་སྲས་མོ་དང་། །ཀྭ་ལ་ནག་མོའི་ཆུང་མ་འདི། །ཨོ་རག་མོ་རུ་རུ་ཙ་པ་ཨ་ཤུག་དུན་ཏེ། །ཨོ་ཤ་མ་མེ་ཀ་ཛ་གི་རསྒ་ནན། །ཨོ་རྨུ་ཁ་རག་དུན་ཏེ་ཛ་རསྒ་མ་རམ་ཡན། །ཞེས་བཏབ་པས་འཇིག་རྟེན་གྱི་མ་མོ་ཞབྲུགས་སོ། །འཕགས་པ་ལྷ་མོ་ནག་མོ་ལིང་ཏོག་སྒོང་ངའི་རྒྱུད་ལས། །དམ་རྫས་དང་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ནག་མོ་ཁྲག་འཐུང་མས། །དཔལ་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། །དགྲ་བོ་དག་ལ་ཟོར་འཕེན་ན། །ཟོར་དང་བཅས་གཞི་བཀའ་སྩོལ་ཅིག །མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། །རབས་ཆད་ནག་པོའི་ཐོད་པ་མྲ །དུག་ཁྲག་ལ་སོགས་པ་ཡི་རྫས། །བླུགས་ལ་ཁ་ནི་ཚོན་སྐུད་བཅིང་། །གདུག་པའི་དྲག་སྔགས་བཟས་་་་ཡི། །ནད་དུ་བམས་ལ་བརྡེག་པར་བྱ། །བྱང་རི་མཐོན་པོའི་ཁར་སོང་ལ། །རང་གིས་མཉེས་དཔང་ཡང་གཟུགས། །ནམ་ཕྱེད་དུས་སུ་མཁར་ལ་བརྒྱབ། །མཁར་ནི་འགས་པར་ཐེ་ཚོམ་མེད། །འདབས་ཆགས་ནག་མའི་ཁ་ཐུན་ནི། སྙིང་རྩང་འཕྲེང་བ་བཀོད་བྱས་ལ། །སྲོག་དག་ཏུ་དར་རྣ་དགོས། །བྱ་དེ་དགྲ་བོའི་ཕྱོགས་སུ་གཏང་། །དེ་ནས་འཆི་བར་ཐེ་ཚོམ་མེད། །འཕགས་པ་ལྷ་མོ་ནག་མོ་ལིང་ཏོག་སྒོང་ངའི་རྒྱུད་ལས། །གདུག་པ་ཟོར་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་འདོད་ཁམས་ཀྱི་གཙོ་མོས། །དཔལ་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ། །འདོད་ཁམས་ནག་མོ་གདོང་གསུམ་འདི། །སྤྱན་དྲངས་མཆོད་ན་ཇི་ལྟར་དྲང་། །མངོན་རྫོགས་དཔལ་གྱིས་བཀའ་སྩལ་པ། །ཧཱུཾ༷། །ཐོད་པ་དགུ་བརྩེགས་ཁང་པ་ནས། །དཔལ་གྱི་ཧེ་རུ་ལྷ་མོ་འོད་ཟེར་ཅན། །མཐིང་ནག་འབར་བ་གཅེར་བུའི་ཚུལ། །བསྟན་པ་བསྲུང་བར་ཞལ་མཆེས་མ། །ཁྲོ་ཚུལ་སྟོན་པའི་འགྱིང་བ་ཅན། །ཆིབས་སུ་དྲེ་ན་རྐང་གསུམ་བཅིབས། །ལག་ན་ནད་ཀྱི་རྐྱལ་པ་འཛིན། །མིག་ནི་གསེར་མིག་འཁྱིལ་པ་ལས། །སྨུག་དང་ཞལ་གྱི་ཟར་དུ་བུས་བྱུག །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོ་ཙུ་རུ་ཁ་རག་རུ་རུ་ཙ་པ་ལ་ཁ་ཤ་ས་ཤུག་མོ་ཛ་ཛ། །ཞེས་བརྗོད་པས་ཀུན་འཚོག་གོ། །དེ་ནས་ཁྲག །ནལ་བུ་ཚིལ་དང་ཤ་དང་རྐང་། །རམ་ཀྱིས་སྐུ་བྲིས་ནང་དུ་ནི། །སྤོས་ཀྱི་ན་བུན་ཐིབ་པར་བྱ། །ཚིལ་ཆེན་མེ་མར་རྒྱུན་མི་གཅད། །མི་ཚིག་མ་ཆོད་དྲག་སྔག་བཟླས། །བྱོར་བའི་རྟོགས་པ་མི་བྱ་སྟེ། །ནལ་བུ་དག་ལབྱམསཔར་བྱ། །བསྲི་དྲི་ཅན་གྱི་ཤ་མི་བཟའ། །ཡུགས་ས་མོ་ལ་སྤྱད་མི་བྱ། །མགར་བ་དག་ལ་བསྐུར་མི་བྱ། །རླུ་་ནག་ཚུབ་མ་ཡམ་མི་བྱ། །ནལ་བུ་ཡོད་པའི་སྐྲུམ་མ་ལ། །མེ་ཏོག་དོར་ཅིང་བྱམས་པ་ངམིམི་་་་ལི་་ང་ཚིགིལེསྟེ་དེ་ཙོ་ཡིཧེདིཅེ་བྱ། །རྟག་ཏུ་ཡ་ད ་ ་སྤང་ང། །འཕགས་པ་ལྷ་མ་ནག་མ་ ང་ཏག་སྒང་ངའ་རྒྱུད་ལས། །སྤྱད་པ་དམ་ ག་ ་ འུ་ ་བརྒྱད་པའ། ། ་ནས་འདད་ཁམ་ག ་མ་ ས། །དཔལ་ ་རུ་ཀ་ལ་འ ་སྐད་ ས་གསལ་ཏོ། །དེ་ལ་བདུད་མོ་ཞལ་གསུམ་མ། །གནད་ལ་བོར་ན་གང་གི་བོར། །ཡང་དག་རྫོག་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ནི། ཡང་དག་རྫོག་ཀྱི་བཀར་སྩལ་པ། །གལ་ཏེ་བཀའབཞིནམིབརྩེག་ཏུབྱས་ལ། །མ་མོ་དེ་གསུམ་རྟག་ཏུ་ཟིར། །རབས་ཆད་ཐོད་པའི་ནང་དུ་ཡང་། །ནག་མོ་ཞལ་གསུམ་བྲི་བྱས་ལ། །སྙིང་ཁར་ནི་ཤ་ཀུ་རུ་བྲི། །སེང་ལྡེང་ཕུར་བུ་དེ་ལ་གདབ། །བདག་ཉིད་པདྨ་ཧེ་རུབསྒོམ། །རྐང་པ་གཡསཔས་མོ་ཉིད་གཟིར། །ཨོ་རུ་རུ་པདྨ་ཏ་ཀྲིད་ཨ་ཤུག་མེ་དེ་དུས་ཛ་ཏྲི་ཤ་དུ་ཧྲི། །ཞེས་བཟླས་ལ་གྲིས་ག་་ལ། །རྒྱ་མཚོར་བསྐུར་རོ། །འཕགས་པ་ལྷ་མོ་ནག་མོའི་ལིང་ཏོག་སྒོང་ངའི་རྒྱུདལས། །མ་ཐུབ་ན་གནད་ལ་བོར་བའི་ལེའུ་སྟེ་དགུ་པའོ། །དེ་ནས་ཡང་དག་བཤད་བྱ་བ། །ལྷ་མོ་དག་ནི་བསྒྲུབ་དུས་སུ། །རྟགས་ནི་རབ་འབྲིང་གསུམ་དུ་བསྟན། །རབ་ནི་སྐུ་ཡང་ཞལ་མཐོང་སྟེ། །བུད་མེད་དཀར་མོ་བྱུང་བ་བསྟན། །འཇིག་རྟེན་དབང་དུ་བསྡུས་པའི་དངོས་གྲུབསྟེར། །ནག་མོ་རལ་པ་གཅིག་ཏུ་བྱུང་གྱུར་ན། །འཇིག་རྟེན་འདི་མཐུ་རྩལ་བདག་ལ་སྟེར། །འབྲིང་ནི་འོད་དང་སྒྲ་རུ་འབྱུང་། །དྲོད་ཚད་ཐ་མ་རྨི་ལམདག་ཏུ་སྟོན། །མ་དང་བུ་མོ་ཆུང་མ་སྲིང་མོདང་། །མུན་ནག་འཁྲིགས་ཤིང་ཁྲགགི་ཆར་པ་འབབ། །མ་མོ་གྲུབ་ནས་དབང་དུ་འདུས་པ་ན། །གཅན་གཟན་འོད་དང་མ་མོ་ཕྱག་གུས་བྱེད། །མ་མོ་གྲུབ་ནས་དབང་དུ་འདུས་པ་ན། །བུད་མེད་ནག་མོ་བདག་ལ་ཕྱག་འཚལ་ལོ། །དམ་རྫས་ཉམས་ན་བུད་མེད་དུ་བ་འོང་། །བྱ་རོག་ནག་པོ་གྲོལ་ན་དོན་རྣམས་གྲུབ། །འཕགས་པ་ལྷམོལིངཏོགསྒོངངའི་རྒྱུད་ལས། །དྲོད་ཚད་ཀྱི་ལེའུ་སྟེ་བཅུ་པའོ། །་་དེ་ནས་ནག་མོ་ཆེན་མོས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གི་གནས་ནི་གང་ལགས། །དབྱར་ནི་རི་རྣམས་ཀྱི་ཀ་བ་འདྲ་བ། །བྲག་པོ་ཆོལ་བཟངས་འདྲ་བ་ན་གནས། །རྒུན་ནི་མདོར་ཕུག་མོ་ཕུག་ན་གནས་སོ། །བསྒྲུབ་པའི་དུས་ནི་མར་གྱི་ངོ། །ཟླ་པ་གཟས་ནི་ཟིན་པའམ། །སྨིན་དྲུག་ས་འོག་སོང་བར་བྱ། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །རབས་ཆད་ཀྱི་ནི་ཐོད་པ་སྲ །གྲ་་ག་ཤོག་བུ་གང་ཡང་རུང་པ་ལ། །མིག་མེད་གཟུགས་བྱས་མ་བྲིས་ཏེ། ཁུད་ཆེན་ཕྱིན་ཀ་ལོག་བཀའ་ལ། །སྐྱེད་བསྟེན་ཐོད་པར་གཟུགས། །དུག་དང་ཙིསྟ་རག་ཏ་རྣམས། །བླུགས་ལ་བརྣག་པའི་རྒྱུད་སྔགས་བརྡེག །མ་མོ་རག་མོ་བདུད་ཏྲི་ནག་མོ་སྨྱོ་ཛ། །ཙ་ར་ནག་མོ་ནན། རྟག་ཏུ་བཟླས་སོ། །འཕགས་པ་ལྷ་མོ་ནག་མོ་ལིང་ཏོག་སྒོང་ངའི་རྒྱུད་ལས། །ངན་སྔགས་ཐུན་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ། །དེ་ནས་བདུད་མོ་ནག་མོ་ཡིས། །ལས་ཕྲན་ཚོགས་ཇི་ལྟར་ལགས། །ཧེ་རུ་ཀས་བཀའ་སྩལ་པ། །རྨས་པ་མོ་ཡིས་རོ་དག་ལ། །ཀླད་པའི་དཀྱིལ་དུ་མཐོང་བརྟོལ་ལ། །རོ་ལངས་ཡབ་ཡུམ་ཆགས་སུ་ཆུག །གཡས་སུ་ཛ་གི་བྲི་བར་བྱ། །དབུས་སུ་རེ་མ་ཏི་བྲི་སྟེ། །གཡོན་དུ་རྨུ་ལུང་ནག་པོ་བྲི། །སྐུ་ལུས་གཅིག་ལ་ཕྱག་དྲུག་པ། །དུར་ཁྲོད་ཆས་དང་ལྡན་པར་བྲི། །གཡས་སུ་ཛ་ཞིའི་དྲག་སྔགས་བརྡེག །གཡོན་དུ་རྨུ་ལུང་དྲག་སྔགས་བདེག། །དབུས་སུ་རེ་མ་ཏི་དྲག་སྔགས་བརྡེག །དེ་ནས་ཐོད་པ་གླིང་དྲུག་པར། །གང་ཡིན་མིང་རུས་བྲིས་བྱས་ལ། །ཕ་ཡི་གནས་སུ་གནན་ཏེ་གཞག །འཕགས་པ་ལྷ་མོ་ལིང་ཏོག་སྒོང་ངའི་རྒྱུད་ལས། །ལས་ཀྱི་མནན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ནག་མོ་ཆེན་མོ་དེ། །དབང་དུ་བསྡུ་ཐབས་ཞུས་པ་ནི། །དཔལ་ཆེན་པོས་བཀའ་སྩལ་པ། །མ་མོ་དབང་དུ་སྡུད་པའོ། །ལྟ་བས་བསྡུ་དང་སྤྱོད་པས་བསྡུ། །ཐབས་ཀྱི་དབང་དུ་བསྡུད་བ་ནི། །རང་ཉིད་པདྨ་ཧེ་རུ་ཀར་བསྒོམ། །མདུན་དུ་མ་མོ་ཞལ་གསུམ་པ་བསྐྱེད། །དེ་ནས་ང་རྒྱལ་བསྐྱེད་བྱས་ལ། །སྔོན་ཡང་རབ་ཏུ་བཀའ་སྩལ་བ། །བུ་ཡིས་ལས་འདི་རབ་ཏུ་མཛོད། །ཅེས་བརྗོད་གཏོར་མ་དུས་སུ་གཏང་། །སྔོན་དུ་མ་མོའི་སྐུ་ཡང་གཟིར། །འཕགས་པ་ལྷ་མོ་ནག་མོའི་ལིང་ཏོག་སྒོང་ངའི་རྒྱུད་ལས། ཁྲེས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྨུ་ལུང་མས་འཁོར་གྱི་གཙོ་ལ་བཀའ་སྩལ་པ། །སྤྱིན་སྲེག་བྱ་བའི་བསྟོད་པ་གང་། །ཧཱུཾ༷་དཔལ་ལྡན་རག་ཏ་རུ་ཏི་ལྕེ། །མེ་འབར་སྙིང་འབྱིན་ཞལ་ཁ་གདེང་། །སྔགས་པ་ཚལ་ཁ་རྡེང་ཤིག་རེ་མ་ཏི། །བདུད་འདུལ་དྲག་པོ་རྨུ་ལུང་དང་། །བུད་མེད་དབང་བྱེད་ཛ་གི་མ། །ཁྲག་ལ་རོལ་ཅིག་ཞལ་དུ་བསྟབ། །མཐིང་ནག་གཅེར་བུ་དབུ་གསུམ་མ། །རབ་གྲུབ་གྲུབ་པའི་འབྲས་བུ་གསོལ། །འཕགས་པ་ལྷ་མོ་ནག་མོ་ལིང་ཏོག་སྒོང་ངའི་རྒྱུད་ལས། །སྦྱིན་སྲེག་བྱ་བའི་བསྟོད་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ས་ཤ་ཙ་ཡི་བསྒྲུབ་པ་ནི། །རབས་ཆད་ཐོད་པ་མཚན་ངན་དུ། །རྣེལ་གྲི་མོ་ཡི་ཐོད་པ་སྲ །བཙན་དུག་དུག་སྣ་ཚོགས་པ་དྲུག །ཞབས་མ་ཟི་རབ་རྩ་ཕྱེ་དང་། ཁྱི་ལུད་ལ་སོགས་ནད་བཀང་སྟེ། དེ་ལ་དྲག་སྔགས་གསུམ་པོ་བཟླས། །དྲུག་པོ་རྟག་ཏུ་བཟླས་བྱས་ནས། །དྲག་པོར་འགྲོ་བའི་གནས་དག་ཏུ། །ཀླུ་གནས་ཆུ་མིག་ནག་པོ་སྲ །རུས་པས་དཀྲུག་ཅིང་བླུགས་པར་བྱ། །དྲག་པོའི་ཐོད་ཆེན་བྱུང་གྱུར་ནས། །དགྲ་བོའི་གནས་སུ་ཐོད་རྟ་བསྐྱལ། །ཨ་པ་ཡ་བུམ་རི་་ག་ཏུ་ཁྲུག་བྱེད་ལང་དུ་ཆེམ་ཆེམ། །ཞེས་བརྗོད་ལ་གཏོར་མཁར་རྩར་བསྐྱལ། །འཕགས་པ་ལྷ་མོའི་ལིང་ཏོག་སྒོང་ངའི་རྒྱུས་ལས། །ངན་སྔགས་ཞལ་གྱི་ཐོགས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དང་པོ་རྟགས་པའི་གནས་དག་ཏུ། །བསྙེན་པའི་དུས་སུ་ཏ་བསྙེན་བྱ། །བསྐུལ་དང་དྲག་སྔགས་གསུམ་པོ་ནི། །རྦད་པ་དྲག་སྔགས་གསུམ་པོས་ཏེ། །བར་དུ་ན་ཤ་རག་མོ་གདགས། །ཏིང་འཛིན་རིམ་པ་བསྒྲུབ་པ་ནི། །མ་དང་ཏྲ་ལས་ཞལ་གསུམ་བསྐྱེད། །གདུག་པའི་ཁྲག་གིས་རྟག་ཏུ་མཆོད། །བསྒྲུབ་པ་དུ་གསུམ་ནང་དག་ཏུ། །དཀྱིལ་འཁོར་གཉན་པོ་ཅིག་མི་གཞག །འཕགས་པ་ལྷ་མོ་ནག་མོ་ལིང་ཏོག་སྒོང་ངའི་རྒྱུད་ལས། །སྔགས་ཀྱི་དྲག་པོའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དྲག་པོ་ལས་ཀྱི་བསྒྲུབ་པ་ནི། ཁེན་ཏུ་དབེན་པའི་ས་དག་ཏུ། །དམ་རྫས་ཡོ་བྱད་ཚང་བར་བསག །རྨུ་དང་ཛ་ཞི་གཉིས་ལ་ནི། །དཀྱིལ་འཁོར་གྲུབ་གསུམ་རྩིབས་བྱས་ལ། །ཕུར་བ་གཉིས་དང་རྩ་དྲུག་དགོད། །ལུག་སྙིང་རྟ་སྙིང་རྟག་ཏུ་བཅང་། །ནལ་བུའི་རྒྱལ་མཚན་གདགས་བྱས་ལ། །ནལ་སྙིང་མདའ་ལ་བཏགས་བྱས་ཏེ། །རང་ཉིད་མངོན་རྫོགས་རྒྱལ་པོར་བསྐྱེད། །ཐོད་པ་མོན་ཐོད་གླང་རུ་འམ། །མི་རབས་ཆད་པའི་ཐོད་པ་མྲ །ཁ་སྒྲོར་གནད་རྒྱུད་ཤིན་ནི། །དྲག་སྔགས་བདུན་པས་ཡང་དག་བསྐོར། །མ་བསྐོར་ཞལ་གསུམ་དྲག །དབུས་སུ་སྒྲུབ་བྱ་མིང་རུས་བྲི། །ཚག་རག་ནག་པོའི་བྱ་བ་ལ། །ཡ་མར་ཙིསྟའི་་ག་མཐའ་ཅན། ཁུད་པ་ཙམ་གྱིས་སྔགས་སུ་ཤེས། །རུ་རུ་ཨོ་གྱི་ཐོད་མཐའ་ཅན། །དྲག་པོ་ཡུམ་གྱི་སྔགས་སུ་ཤེས། །དེ་ནས་ཐོད་པ་དངོས་པོ་དེ། ཁྲ་ཆུམ་མཁར་ལ་བརྡེག་བྱས་ན། །དྲེའུ་འཆི་བར་ཐེ་ཚོམ་མེད། །འཕགས་པ་ལྷ་མོ་ནག་མོ་ལིང་ཏོག་སྒོང་ངའི་རྒྱུད་ལས། །དྲག་པོ་ཟོར་དང་མནན་པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་འཁོར་གནོད་སྤྱིན་མོ་དུ་མ་ཡིས། །ལེགས་པའི་རྣམ་གྲངས་མང་པོར་བརྗོད་ནས་ཞལ་གསུམ་ལ་གཙོ་མོ་ཉིད་ཀྱི་ཐུགས་ཀར་མི་སྣང་བརའགྱུརརོ། །གཤིན རྗེརྣརྒྱུད་ནག་པོ་དང་། །འཕགས་པ་གནོད་བྱེད་སྐྱེལ་བའི་ལིང་ཏོག་སྒོང་ངའི་རྒྱུད་ལས། །འཇུག་སྣང་བ་བྱིན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།རྒྱ་གར་གྱི་མཁན་པོ་པདྨ་འབྱུང་གནས་དང་། །བོད་ཀྱི་ལོསྣྲོ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གཏན་ལ་ཕབ་པའོ། །རྣལ་འབྱོར་མ་ལིང་ཏོག་སྒོང་ངའི་རྒྱུད་ཅེས་བྱ་བ། །རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་སྐད་དུ། །ཤི་དྷ་པི་ཀླ་ལི་སུ་ན་བ་ཏྲ་ཏན་ཏྲ། །བོད་སྐད་དུ། །དཔལ་ལྷ་མོ་ནག་མོ་གསེར་གྱི་སྦྲམ་བུ་ཞེས་བྱ་བའི་རྒྱུད། །དཔལ་ཕྱག་ན་རྡོ་རྗེ་ཕྱག་འཚལ་ལོ། །རི་རབ་ཆེན་པོའི་བྱང་ཕྱོགས་