Ngb-pt-0780-vol-08-text
Front
Body
རྒྱ་གར་སྐད་དུ། །ཨེ་ཀ་ཛ་གི་ཀ་ལི་ཀྭ་ཡ་ལྷུག་ཙིསྟ་གུ་ན་ཀརྨ་སན་ཙ་ཙིརྟི་ཀ་མ་ཏན་ཏྲ། །བོད་སྐད་དུ། །རལ་གཅིག་ནག་མོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་སྙིང་ཐུན་རྒྱུད། །དཔལ་མཆོག་སྐུ་གསུང་ཐུགས་ཀྱི་བདག་ཉིད་ལ་ན་མོ། །སྐུ་དང་གསུང་དང་ཐུགས་དང་གསུམ། །ཡོན་ཏན་འཕྲིན་ལས་གཉིས་ཏེ་ལྔ། །འདུས་པ་ཐམས་ཅད་སྐུ་ཡི་ཕྱག་རྒྱ་ཡིན། །དེ་བཞིན་ངེས་པར་རྟོགས་པའི་ཆོས། །ཕྱག་རྒྱ་ངེས་བར་སྐུ་ཉིད་བསྒྲུབ། །དྲག་པོའི་གནས་རྣམས་བསྒྲུབ་པའི་རྒྱུ། །དེ་ཡི་ཕྱིར་ན་རྟག་པར་ཡང་། །ཐོག་མར་བཙལ་ས་གཞི་ལ །ཁ་དོག་དམར་པོ་ཟང་ཟིང་ལ། །མི་རོ་འཁོར་ན་ཡོད་པའི་ས། །ཡང་དེ་ལུང་གསུམ་གྲུ་གསུམ་ཨེ། །ཡང་ན་དབང་གི་ཟླ་གམ་ལ། །ས་འམ་མཁའ་ལ་དེ་འདྲ་བྱ། ཁུན་ལམ་མི་སྲུན་མི་འདུལ་མེད། །ཉམས་དགའ་དབེན་པའི་གནས་ཉིད་དུ། །དེ་ནས་བསྒྲུབ་པའི་ས་རུ་བརྟག །སྐུ་དེ་ནག་མོ་གསུང་དེ་སྨུག །སྨུག་ནག་ཐུགས་ལ་ཡོན་ཏན་སྔོ། །འཕྲིན་ལས་དཀར་མོ་ཉིད་དུའོ། །སྦྱིར་ན་རྣམ་ལྔ་ཟེར་བ་ཙམ། །ངེས་པ་མེད་པས་ཛ་ཞི་ཉིད། །གང་ལྟར་བསྒྲུབས་ཀྱང་རལ་གཅིག་ལ། །མོས་པའི་དབང་གིས་སོ་སོར་སྣང་། །ཉེ་རིང་མེ་ཏོག་གང་ཡང་འདྲ །གཙོ་རུ་བླངས་ན་གྲུབ་པར་འདྲ། །དཔལ་དེ་ཆེ་བས་དེ་ཉིད་དོན་རྟོགས་པའི་སྒོ་ནས་གསུངས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་མ་མོ་ཛ་ཞི་མ། །སྐུ་དེ་གང་ཡང་འདྲ་བར་ནི། །མངོན་པར་བསྟན་ཕྱིར་འདི་ལྟའོ། །ལྟ་བ་ཟབ་མོ་ཉིད་ཀྱི་སྐུ། །སྤྱོད་པ་ཟབ་མོ་ཡང་དག་གནས། །ལས་དེ་ཟབ་མོ་མངོན་དུ་དབྱུང་། །ཏྲག་ཅེས་བྱ་བ་རྒྱུ་ཡི་མཆོག །རག་ཤ་སྲོག་གི་རྒྱུད་ནས་འདྲེན། །ཁ་མུན་ཏྲ་ནི་དབྱིངས་ནས་བསྐུལ། །རུ་ལུ་རུ་ལུ་འཁོར་རྣམས་སྡུད། །ཏེ་ཀེམ་སྔགས་ཚོས་དབང་དུ་བྱེད། །ཨོ་དང་ཅེས་རེས་བསྙེན་པ་ནས། །བཙན་མོ་མ་ཏིས་དབང་བསྐུར་བྱ། །སྨྲི་ཏ་རག་མོས་ལས་ལ་བཟུང་། །གསད་པའི་སྔགས་རྣམས་ཤེས་པར་བྱ། །དཀྲུག་པའི་སྔགས་ཀྱིས་དཀྲུགས་ནས་ཀྱང་། །གསད་པའི་སྔགས་ཀྱིས་ཤི་ས་བསྟན། །མངོན་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།བལ་མོ་ནག་མོ་ཞེས་བྱ་བ། །ཕྱག་ན་རྡོ་རྗེ་རབ་ཏུ་སྟོན། །བསྒྲུབ་མཆོག་ཀུན་གྱིས་བསྟོད་བྱ་བ། །གཞུང་དང་མཐུན་པའི་གནས་ཉིད་དུ། །ལས་ཀྱི་མཎྜལ་བྲི་བ་ཡང་། ཁུ་གསུམ་སུམ་བརྩེགས་ཟླ་གམ་བསྐོར། །ཐལ་ཆེར་འཕྲེང་བ་དེ་བཞིན་གཏང་། །སྒོ་རྣམས་སྒོ་ཁྱུད་ལྕགས་རི་མེ། །ཇི་ལྟར་མཛེས་པ་བྲི་བར་བྱ། །ཐོད་པ་ནག་པོ་དབུས་སུ་གཞག །པདྨ་རག་ཏ་བདེ་བའི་དངོས། །སྦྲུལ་དང་ཕག་པ་ནག་པོ་ཡི། ཁྲ་ཁྲག་སྙིང་ལ་སོགས་པ་དང་། །དུག་སྣ་མང་པོ་དེར་བླུགས་ལ། །གཟུངས་ཐག་བཏགས་ལ་སྔགས་འདི་བཟླས། །དུ་ནི་དུན་ཏིང་དུས་ཡ་ཛ་དུ་སྲ །ཛ་ལ་ནི་ཧ་ན་ཛ། །དུ་མ་རག་སྟེ་ཛ་སྨྱོ་ཛ། །ཁྲག་དུག་ཐལ་ཆེན་རྟགས་གསུམ་གདབ། །དཔྲལ་མ་འཁུར་ཚོས་ཕོབས་གསུམ་གདག །ཉི་ཤུ་རྩ་གཅིག་བར་དུ་བསྒྲུབ། །སྡང་བྱེད་སྔགས་འདིས་དབང་དུ་བསྡུ། །ཨེ་ཏ་ཙ་ར་ས་མ་ཡ་རྙོ་རྙོ་རྙོ། །ཨེ་ས་མ་དུ་ལིང་རྙོ་རྙོ་རྙོ། །ར་ཡ་པྲ་ཏི་དུ་ཡར་ཡ་རྙོ་རྙོ་རྙོ། །ལུས་ངག་ཡིད་གསུམ་དབང་དུ་བསྡུ་པའོ། །ལས་ལ་གཟུད་པ་འདི་བཞིན་ནོ། །ཙ་ར་མ་སྙིང་ཁ་རག་ར་ཏི། །བཛྲ་དུན་སྨྱོ་ཐུམ་རི་ལི་ལི་རྦད། དེ་ཡིས་ལས་གཟུད་པར་བྱ། །དམིགས་པའི་དགྲ་བོ་སྡང་བྱེད་དེ། །ལྷ་དང་སྔགས་འདིས་དབྱེ་བར་བྱ། །་ག་རག་ཤ་མོ་ནི་ཤམ་ཤམ་ལས་ལ་སྨྱོ། །སྲོག་རྩ་ལ་ཁ་མུ་ཏྲ་མུ་རུ་ལུ་རུ་ཧཱུཾ༷་སྨྱོ་ཧཱུཾ། །ཞེས་ལྷ་ལྔར་དབྱེ་བར་བྱ། །དམ་ལ་གདགས་པའི་སྔགས་འདི་བཟླས། །ཏྲག་རག་ཤ་ཁ་མུ་ཏྲ་ཏྲག་མོ་ནི་སྙིང་ལ་ཤད་ཤདསྨྱོ། །རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ། ། མད་ལ་གདགས་ཏེ་དབང་དུ་བསྡུ། །དེ་རྣམས་ལས་རྣམས་སྔགས་རྣམས་སོ། །བལ་མོའི་ལེའུ་སྟེ་གསུམ་པའོ།། །།གང་ཞིག་ལས་དེ་གང་བསྒྲུབས་ཀྱང་། །དེ་ཡི་རྫས་དང་མཐུན་པ་སོགས། །གཙོར་ནི་བརྣོལ་དགྲའི་ཐོད་པ་ལའོ། །ཐ་མ་གང་རྙེད་གྲི་མོ་ལའོ། །དྲག་པོ་སྔགས་དེ་ཡང་དག་པས། །དགུག་གཞུག་པ་བསྟོད་པ་ལས་རྣམས་བྱ། །ལྷ་སྤྱོད་ལྡན་པའི་གནས་སུ་ནི། །རྩ་སྔགས་རྒྱལ་པོ་སྒག་ཅེས་བྱ། །ཟ་བྱེད་ནག་མ་རག་ཤ་ཡིན། །མི་ཟ་མགྱོགས་མ་ཁ་མུན་ཏྲ། །མུ་དེ་མི་མངོན་དབྱིངས་མ་ཡིན། །རུ་ལུ་རུ་ལུ་གཙོ་ལ་དགྱེས། །སྡུད་པར་བྱེད་པ་ཧཱུཾ་ཞེས་བྱ། །ལ་ལ་འགྱེད་པ་སྦྱོ་ཞེས་བྱ། །ཐ་མར་ཐིམ་བྱེད་ཧཱུཾ༷་ཞེས་བརྗོད། །རག་མོ་སྲིན་མོ་དངོ་ཡིན་ཏེ། །ཏེ་ཀེ་མ་ཞེས་པ་བསྟོ་པ་དགྱེས། །བཅུ་དྲུག་བོད་པ་དེ་གཏིང་ཡང་། །བསྒྲུབ་པ་ཞེས་སུ་སྨོས་པའོ། །སྨུག་མོ་གསུམ་དུ་བསྒྲུབ་པའོ། །མོས་པའི་དབང་བཙན་འགའི་བཞེད། །ལེའུ་བཞི་པ་ཞེས་སུ་གསུངས། །ཡང་དེ་སྨུག་ནག་དག་ལ་ཡང། །རིགས་དང་གནས་དང་བཞེད་པ་ཡང་། སྤྱི་ཡི་ཀུན་དང་མཐུན་པའི་གནས། །ཡང་དག་སྙིང་པོ་འདི་དག་གོ། །སྒག་རག་ཤ་མུ་ཏྲ་ཁ་མུ་ཏྲ་མུ་རུ་ལུ་རུ་ལུ་། །ཧཱུཾ༷་སྨྱོ་ཧཱུཾ༷། །ཐག་མོ་ཏེ་ཀེམ་ཛ་རྙོ་ཁ་ལ་མ་ཏིང་སྨྱོ། །མ་མ་་ག་རག་ཤ་ཁ་མུན་སྲོག་བམ་རིལ་སྙིང་ཤ་ཁལ་མོ་་ག་དུན་སྦྱོ། །་ག་མོ་སྙིང་རྡ་ལོང་ཐོཀུ་མོ་ཤི་ཤམ་སྲོག་རྩ་དུན་སྨྱོ། །ཐུགས་ལ་དགོད་པའི་སྒག་བདུན་པའོ། །ཡང་དག་སྔགས་ཏེ་གཏེར་ཆེན་པོ། །སྒག་སྔགས་ཞེས་སུ་བསྔགས་པ་ཡིན། །རྦད་ཅེས་བྱ་བ་དྲག་སྔགས་སོ། །ཧཱུཾ༷་ཞེས་ཐམས་ཅད་སྡུད་པའོ། །སྦྱོ་ནི་ཀུན་གྱི་སྒྲ་ལ་འཇུག །འབྱེད་པའི་དྲག་སྔགས་ཅད་རྒྱུན་དུ་གཅོད་པའོ། །ཐུགས་ཀྱི་གཏེར་ཆེན་མན་ངག་དམ་པ་སྟེ། །བསྒྲུབས་ན་ཀུན་ཡང་འགྲུབ་པའི་སྟེ་ལེའུ་ལྔ་པའོ།། །།ཡང་དེ་ཨེ་ཀ་རལ་གཅིག་མ། །ནག་མོ་སྒུའི་འདི་དག་གོ། །མཎྜལ་ཆ་མཉམ་ཡིད་འོང་ལ། །སྤྱི་ཡི་ལས་ལ་གཞུང་བཅསབཞིན། །དབུསསུ་ནག་དང་དམར་པོ་རྩིག །དམར་པོ་ཟླ་གམ་མུ་ཁྱུད་ཟླུམ། །ཐོད་པའི་འཕྲེང་བས་བསྐོར་བ་ལ། །སྒོ་ཁྱུསྒོ་རྣམསདེབཞིནབྲི། །དབུས་སུ་ཤ་ཁྲག་གཏོར་མ་དང་། །གདུག་བྱེད་ལིང་ག་ཕུར་བུ་ཞལ། །སྐྱེར་བའི་ཤིང་ཡང་བྱ་བ་ཡིན། །རྩ་བ་ཟུར་གསུམ་ཆག་གང་བ། །བཞོ་གསལ་ནུབ་བྱང་ཟུར་ལའོ། །རྫས་ལ་སོགས་པ་དབང་བསྐུར་བྱ། །་ག་རག་ཤ་ཁ་མུན་ཏྲ་རག་མོ་ནི་རག་མོ་སྙིང་ལ་རྙོ་རྙོ་རྙོ། །བཙན་མོ་མ་ཏི་པ་ཏྲ་ཛ་ཙ་ཀྲ་་རྙོ། །ནག་མོ་ནི་ལུབས་ལུབས་རྦད་སྲུ་ཧྭ། །ཞེས་དབང་བསྐུར་རོ། །གཏོར་མ་ཆེན་པོ་ནུབ་ཏུ་གཞག །པདྨ་མེ་རྟག་གལ་ཆེན་ནོ། །སྙིང་སྣ་ཤ་ཁྲག་སྣ་ཚོགས་པ། །བསྣོལ་གྲི་མོ་ཡི་ཐོད་པར་བསག །མཐིང་ནག་དར་གྱི་གུར་ཁང་དབུབ། །དབུས་ཀྱི་མཐིང་ནག་གྲུ་གསུམ་ལ། །དཀར་པོ་གསུམ་གྱི་སྒེད་དཀར་གཞག །ཕུར་ཆེན་ལྕགས་ཕུར་སྐྱེར་པ་གསུམ། །ཕོ་བྲང་མེ་ཡི་གྲུ་ལ་གཟུགས། །རུ་དར་ནག་པོ་རྩེ་ལྔ་པ། །རྩེ་གསུམ་པ་ཡང་མདུང་ལ་གདགས། །རྨ་བྱའི་རྒྱལ་མཚན་ཕྱང་ཏེ་བྱའོ། །བྱ་ལུག་ནག་མོ་གསོབ་དེ་གཟུགས། །དབང་པོ་མེ་ཏོག་སྙིང་ཁྲག་སྣ། ཕྱི་ནང་སྤོས་ཀྱི་དུད་པ་དང་། །ཚིལ་ཆེན་ཁུ་བ་སྦྱར་བ་དང་། །སྤ་ར་མ་ཏིའི་མཆོད་པ་ཡིན། །ནང་ནུབ་ཉིན་མཚན་གུང་ལ་དབུལ། །འདིས་ནི་གནས་ནས་སྐུལ་བར་བྱེད། །ཨོ་རུ་རག་ཤ་ཤི་ཧེ་རུ་ཀ་པེ་ཏ་ལི་རག་ཤ་ས་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། ་ག་རག་ཤ་མུ་་ག་མུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། །དབང་དུ་སྡུད་པའི་སྔགས་འདི་བཟླས། །སྨི་ཏ་རག་མོ་ཏྲག་མོ་ཏ་ཀེ་མ་རྙོ་རྙོ་རྦད་སྨྱོ། །་ག་་ག་བ༷་བ༷་རྦད་ཕྱེད་དྲི་མ་ཀྱི་ལ་ཡ་ཕྱེ། །སྔགས་དང་བཅས་གཞི་ལེགས་པའི་སྐུ་དང་སྤྱིའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སྐུ་གསུང་ཐུགས་ལས་བཀའ་ཉན་ཡོན་ཏན་ཚོགས། །སྔགས་ཀྱི་མ་མོ་མཐུ་ཆེན་མོ། །ཨེ་ནི་བདེ་བ་གྲུབ་པའི་གནས། །བརྣོལ་གྲི་མོ་ཡི་སྲོག་སྙིང་རྩ། །དམེ་ཤ་གསུམ་ལ་རྐན་ཕབ་པས། །ད་ལྟ་དམེ་ཤ་གསུམ་ལ་དགའ། །དབུས་སུ་ཁྲག་དང་བཅས་པའི་རྟེན། །དེ་བཞིན་མཐིང་ནག་གྲུ་གསུམ་རྟེན། །སྒག་བདུན་པར་ནི་གྲུ་གསུམ་བསྐོར། །རང་གི་སྲིན་ལག་གཡོན་ཁྲག་ཕྱུང་། །མཚན་ལྡན་དུམ་བུ་དྲུག་པ་ལ། །དེ་བཞིན་ཁྲག་གི་སྒག་གཅིག་བྲི། །ཕྱི་ནི་སོལ་ཆེན་དུག་གིས་བྱུག །ལིང་ག་ཅི་ལྟར་འདོད་པའི་དབྱིབས། །ངན་སྔགས་དྲག་པོས་འགུགས་པས་བསྐོར། །དེ་ནས་ཐོད་པའི་ནང་དུ་གཞག །དགུ་དང་བཅུ་བདུན་སྔགས་འདི་ཡིས། །ཁྲུག་གི་ཁེ་ཕྲུས་ལྷ་དང་དབྱེ། །བསྙེན་པའི་སྔགས་ནི་འདི་ཉིད་དོ། །ཏྲག་རག་ཤ་མུ་ཏྲ་ཁ་མ་ཏི་སྨྱོ། །རུ་ལུ་རུ་ལུ་རག་མོ་སྦྱོ། །དབང་དུ་བསྡུས་ལ་གནད་ལ་འདི་ཡིས་དབབ། །ཨོ་རྩ་རེ་ཡ༷་སྙིང་ལ་ཁ་རག །ར་སྲི་བཛྲ་དུན་སྨྱོ། །ཨོ་མེ་དར་ལིག་སྙིང་ཁར་རག་རྦད། །ཨོ་མེ་ད་ར་དྷིང་ཐུ༷་རིལ་རྦད། །ཅེས་གནད་ནས་བསྐུལ་བར་བྱའོ། །དེ་ཉིད་སྔགས་དང་ཡོན་ཏན་གྱི་ལེའུ་སྟེ་བདུན་པའོ།། །།མ་མོ་བསྐང་བའི་དམ་པ་ལ། །དངོས་གྲུབ་འདོད་པའི་རྣལ་འབྱོར་པས། །དམ་ལ་གནས་པར་བྱ་བ་གཅེས། །རྫས་དེ་བམ་ལ་སོགས་པས་བསྐང་། །རྨ་བྱ་རྒྱལ་མཚན་རུ་དར་དང་། །བྱ་ལུག་རྟེན་དང་གཏོར་མས་བསྐང་། །ཁྱི་དང་བུད་མེད་སྤང་པར་བྱ། །འདོད་ཆགས་བྱ་ལ་རྫས་མི་བསྟན། །སྔགས་ལ་མི་དང་གཏམ་མི་བྱ། །མཐུན་རྫས་འབྱོར་ཚད་བསག་བསྟབས་བྱ། །མཆོད་དང་བསྟོད་པ་བྱ་བ་གཅེས། ཁྲ་ཆེན་གཏོར་མས་བསྐང་ཞིང་དབུལ། །སྔགས་ནི་དྲག་པོ་འདི་ཡིས་སྤྱིན། །ཨོ་སྒག་རག་ཤ་ས་མ་ཡ་དུན་སྨྱོ། །སྙིང་ཁྲག་སྙིང་ཁྲག་ཁ་ལ་དུན་སྦྱོ། །མི་ཏི་ཏི་སྟ་ཛ་ལ་ར༷་ཁུ་ཧི། །འབྲས་བུ་སྣ་ཚོགས་གཏོར་མ་འདི། །ཨེ་ཀ་ཛ་གིའི་ཞལ་དུ་ཁ་ར༷་ཁུ་ཧི། །དེ་བཞིན་རྫས་རྣམས་དབུལ་བར་བྱའོ། །ཐུགས་དམ་བསྐང་བའི་ལེའུ་སྟེ་བརྒྱད་པའོ།། །།དཀྲུག་སྔགས་ཀྱི་གསད་པ་འདི་གསུངས་སོ། །ཏྲིག་ཏྲིག་སེར་སེར། །ཀུ་ལུ་ཀུ་ལུ་མོ་ཀུ་ལུ་མོ་ཀུ་ལུ་ཙ་ཧ་ཙ་ཧ། །མུ་སྟ་ཛ་ལ་ཁ་རེ་ཙག་ར་ལིང་མུ་རུ་མྱོགས་ལྟི་ལྟང་བུ་ཕྱག་ཕྱུག་མ་ཧེ་ཧེ་སྟེ་བཤལ་བཤུལ་མུ་ཧུ་ས་ནེ་ཙག་ཙག་ཙིག་ཙིག་ལུ་ཏ་མ་ཏི་ཧ་ལེ་ཧེ་སྟེ་བུ་གུ་སྟི་སྟ། །མྱོགས་མྱོགས་ཐུམ་ཐུམ་དཀར་ལྡན་མེ་ཧེ་སྟེ་ཧཱུཾ༷། །ཀྲུ་མ་ལུ་ཙེ། །མ་མ་རག་ཤ་མ་མ་རག་ཤི་སྙིང་ལ་ཐུན་སྙིང་ལ་ཧུར་ཧུར་རག་མོ་ཁྲག་ལ་དུན་དུན་སྨྱོ་ཛ། །ཙིང་ལིང་མུ་ཁ་ཡེ་ཀོད་ཀོད་མི་ཧེ་ཧ་མི་མྱ་མྱ་མེ་ཙ། ཁུ་ཙེ་ཧུ་མུ་ཧེ་ཧེ་ཙིང་ལྡང་ལྡིང་ཁུ་ཙོག་ན་ཙ་ཧ་མ་ཀ་སྟེ། །ཨ་ཏིང་མུ་ལུ་ཙ་ག་ཧེ་ཡེ་ཧ་ར་མི་སྟིང་ཏིང་ཕྲབ་ཕྲབ་ཕྲིབ་ཕྲིབ་ཙིང་ལྡིང་ལྡིང་ཧུ་ཙོག་ན་ཧ་མུ་ཀ་ལེ་གྲྭ་ཧྭ། །མི་ལོ་ཀ་ཡང་ཤི་བྱི་མོག་སྟ་རེ་ཧེ་ཡེ་རྦད། །ཐོད་པ་མཚན་ངན་དུམ་མངས་སུ། །དུག་སྣ་སྙིང་སྣ་ཁྲག་སྣ་དང་། །བ་བླ་ཐལ་ཆེན་རྣམས་དང་སྦྱར། །སྐུ་ལ་གཏོར་ཞིང་བཟླས་པས་དཀྲུག །ཅེས་པས་དཀྲུག་པའི་ལེའུ་སྟེ་དགུ་པའོ།། །།འཕྲིན་ལས་སྒྲུབ་པ་འདི་ཉིད་དེ། །མ་མོ་སྔགས་ཀྱི་བདག་ཉིད་མ། །གནས་ལ་ཆགས་པའི་བདག་པོ་མ། །སྙིང་གི་ནང་དུ་མིང་རུས་གཞུག །མི་ཡིས་རྒྱུས་པས་ཁ་དེ་བཙེམ། །མ་ཉིད་ཞལ་བྲིས་དེ་ལ་བསྟོད། །སྔགས་ནི་འདི་ཡིས་བསྒྲུབ་པར་བྱ། །རག་མོ་ཛ་ཛ་མ་དུན་སྨྱོ། །སྒག་རག་ཤ་ཁ་མུན་ཏྲ་མུན་ཏྲ་མ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། །རྦད་པའི་སྙིང་ཐུན་འདི་ཡིས་བྱ། །སྒག་རག་ཤ་བཛྲ་ཏིག་སྣ་ས་མ་ཡ་སྨྱོ། །གསད་པ་དྲག་པོ་འདི་དག་གོ། །ཨེ་ཀ་ཛ་ཞི་སྙིང་ཁ་རག་བ༷་རིལ་སྲོག །མོ་སྲོག་མོ་བ༷་རིལ་སྨྱོ། །ཨ་ཀར་ནག་མོ་རག་ཡག་ཤ་སྨྱོ། །གཙང་ཐུན་ནག་པོས་བརྣག་ཅིང་བསད། །ཨེ་ཀ་ཛ་ཞི་མེ་ད་ར་ལིང་སྙིང་ཁ་རག་ར་སྲི་བཛྲ་དུན་སྨྱོ། །ཨེ་ཀ་ཛ་ཞི་མི་ཤ་དགྲ་བོ་ལ་ཕཊ། །གཡོན་དུ་དུག་ཤིང་མེ་བཏང་སྟེ། །སྙིང་ཕྱུག་དེ་ལ་བསྲེག་པར་བྱ། །བསྟོད་མཆོད་ལུང་དང་ལྡན་པར་བྱ། །སྙིང་ཐུན་སྤྱིན་སྲེག་འདི་ལྟར་བྱ། །ཉི་ཤུ་རྩ་གཅིག་ལིང་གི་བྲིས། །དགྲ་བོ་ནང་དུ་གཞུག་པར་བྱ། །ཡང་ན་རི་ལུ་གཞུག་པར་བྱ། །ཡང་ན་ཤ་ཚུལ་ནང་དུ་གཞུག །འབར་བ་མེ་ཡི་ཞལ་དུ་བསྲེག །ཁྲག་སྣ་ཚང་བར་འཚོགས་པར་བྱ། །མ་་ག་མ་རག་ཤ་རུ་ཏྲ་རུ་ཏྲ་མ་ར་ཡ་སྦྱོ། །མ་མ་སྙིང་ཁ་རག་སྙིང་ཐིག་ལིང་རྦུད། །ཡག་ཤ་སྙིང་ཏེ་ཀེ་རྦད་ཕུ་རྦུད་སྨྱུ་ར་ཡ་རྦད། །དམ་ལ་དམ་ཚིག་སྔགས་འདིས་གདགས། །སྙིང་ཁ་རག་དམ་ཛ་ཛ། །ས་མ་ཡ་སྙིང་ཁ་ལ་ཡག་སྒ་ཛ་ཛ། །བསྙེན་བསྒྲུབ་འཕྲིན་ལས་ཀྱི་ལེའུ་སྟེ་བཅུ་པའོ། །ཙིསྟ་མངོན་ཕྱུང་འདི་ལྷ་སྟེ། །སྐྱེས་པ་དར་པའི་སྙིང་ནང་དུ། །སྣིང་སྣ་མང་པོ་བཏགས་ལ་བླུགས། །བ་བླ་སེར་པོས་ཕྱི་རོལ་ཕྱུག །བན་ད་དུམ་བུ་གསུམ་པར་གཞུག །བྱ་ནག་ལུག་ནག་སྙིང་རྣམས་དང་། །སྤྱང་ཀིའི་སྙིང་ཁྲག་གལ་ཆེ་བ། །པདྨ་རཀྟ་མེད་མི་རུང་། ཁྲ་ཁྲག་སྙིང་ཚོགས་འབྱོར་ཚད་བཤམ། །ཐོད་པ་མཐིང་ནག་དར་དུ་གྲིལ། །དགྲ་བོའི་ལིང་ག་འབྲུབ་ཁུང་དུའོ། །ཐལ་ཆེན་གུ་གུལ་དཀར་ནག་བླུགས །ཡུངས་ཀར་སྐེ་ཚེ་ལ་སོགས་བྲབ། །རུ་དར་དམར་པོས་གཡབ་ཅིང་འབོད། །སྣ་ཚོགས་སྙིང་ཁྲག་སྦྱར་བས་བསྐངས། །དམ་མ་འདྲེས་དང་བུད་མེད་སྤང་། །དེ་ལྟར་ལྡན་ན་འགྲུབ་པར་ངེས། །སྙིང་དེ་དངོས་སུ་འབྱུང་བར་ངེས། །དྲག་པོའི་སྔགས་འདིས་བསྒྲུབ་པར་བྱ། །རག་མོ་ནི་ས་མ་ཡ་རག་མོ་ནིཨུ་ཙུས་སྨ་རག་མོ་ནི་ཧེར་ཧམ་རུ་ལ་ཡ་ཡསྒ་ཏྲག་མོ་ཨི་ས་མ་ཡ་འུར་འུར་སྙིང་ཙིཏི་ཁ་ལོ་རྦད། །ཁ་ལ་ཡག་ཤ་ཏྲག་དམ་རྙོ་ཛ། །སྙིང་ནི་འུར་ཐེན་ཁྲེལ་སྙིང་ཤ་བམ་ཁ་རག་ཤ་རྙོ་རྙོ། དེ་ཡིས་བསྒྲུབ་པར་བྱ་བ་ཡིན། །ཏྲག་་ག་ནིར་བྷ་བྷ་རག་ཤ་རོ་ལ་སྙིང་ཕྱུང་། །དྲིར་སྙིང་ལ་ཛ་རྙོ་ས་མ་ཡ་པྲ་མ་གུར་ཏིང་ཧེ་ནི་ཤག་རྙོ་རྟོ་སྨྱོ། གདན་ལ་འཕབ་པས་དངོས་སུ་འབྱུང་། །སྙིང་དེ་དངོས་སུ་འབྱུང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཅིསྟི་ཛ་ལ་ལས་འདི་ཡང་། །མཛེ་པོ་དག་གི་ཐོད་པ་ལ། །ནང་དུ་སྨན་སྣ་ཅི་ཡང་བླུགས། །མིང་རུང་མི་རྟག་ཁྱི་ཁྲག་བྲི། །ཐོད་པ་མཐིང་ནག་དར་གྱིས་གྲིལ། །དྲག་སྔགས་དག་གིས་གཟིར་བར་བྱ། །སྦལ་སྦྲུལ་ཤ་ཚིལ་མིང་རུས་གཟུགས། །ཐོད་པའི་ནང་དུ་བསྲེག་པར་བྱ། །བདུན་དགུས་བསྒྲུབས་ལ་གནན་པ་བྱ། །དྲག་སྔགས་འདི་དག་བཟླས་པར་བྱ། །ཏྲག་རག་མོ་རྡི་ལ་རྦད། །སེར་རྡིར་ཤར་སྨྱོ། །ཨོ་བ་ཤ་མྱོ་ཀོ་དུ་རུ་་མ་ཤིག་ཀི་ཀང་ཛ་ལ་ཏི་ཡ༷་ཨ་ཙི་ཏེ་ནཱ་ག་ཀུ་རུ་ཤ་ཏང་ཙིཏི་མར་ཡ་ཕཊ། །ཐལ་བ་ཆུ་མིག་དག་ཏུ་གནན། །མཛེ་ནད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་དེ་དུག་ཐུན་འདི་ཉིད་ལས། །ནག་པོ་རབས་ཆད་ཐོ་པ་སྲ །མངལ་ཁྲག་དང་ནི་དུག་སྣ་མང་། །ཁྲག་སྣ་ཆང་དང་སྦྱར་བ་བླུགས། །ལེ་བརྒན་དར་གྱིས་གྲིལ་བར་བྱ། །གཡས་སུ་མཐུན་རྫས་གཞག་པར་བྱ། །གཡོན་དུ་དུག་གཏོར་དྲག་པོའོ། །བསྒྲུབ་དང་དབང་བསྐུར་འདི་ལྟའོ། །ཏྲག་ཏྲག་ཀུར་ལན་སེར་སེར་ཏུག་ཏུག །པྲ་བེ་ཤ་ཨ་བེ་ཤེ་རུ་བེ་ཤ་ཁ་ཐུན་སྨྱོ། །བསྒྲུབ་ཅིང་དབང་བསྐུར་དེས་བྱའོ། །ཏྲག་རག་ཤ་སྙིང་ཁ་ར་ས་ཐམ་ས་ཐམ་ཤོག་ཐམ་བམ་རྨུགས་བམ་་རྨུགས་ནི་ཏི་སྟ་ཛ་ལ་ཁའི། །གདུག་པའི་མ་མོ་དུག་མདོག་མ་ཞེས་བསྐུལ། །བསད་སྔགས་འདི་ཡིས་བྲབ་པར་བྱ། །ཏྲག་མོ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་སྨྱོ། །མེ་དར་ལིག་སྙིང་ཁ་རག་ས་སྲི་བཛྲ་དུ་སྨྱོ། །ཨེ་ཀ་ཛ་ཞི། ། དགྲ་བོ་མི་ཤ་ལ་ཕཊ། །སྒག་རག་ཤ་ཁ་ལ་མི་ཏི་སྙིང་དུ་དུན་དགྲ་བོ་ཁ་ལ་རག་མོ་སྨྱོ། །དུ་ནི་དུན་ཏི་དུ་རུ་ཧ་ན་རྦད་ཕུ་རྦད། །ཕུ་ཚལ་པ་བམ་རིལ་ཏྲག་རག་ཤ་རྦད་གག་ཤ་རྦད་སྙིང་རྦད་ཁ་ཐུན་རྦད་ཙིསྟ་རྦད། །ཡག་མོ་ཏེ་ཀེ་མ་ཛ་ཛ་སྟེ་སྙིང་ཁ་ལ་རསྒ་ས་མ་ཡ་དམ་ཛ་ཛ། །ཞེས་བསྐུལ་བར་བྱའོ། །དུག་གི་ལེའུ་སྟེ་བཅུ་གསུམ་པའོ། །ཡང་ནི་ཟོར་ཞེས་བྱ་བ་འདི་དག་སྟེ། །བན་དུམ་བུ་བཞི་པ་སྲ །ལས་ཀྱི་དཀྱིལ་འཁོར་བྲི་བར་བྱ། །རྩིབས་ལ་དབང་བྲི་མདུན་ལ་ཞི་ལ། །ལྟོ་བ་རྒྱས་པ་བྱང་དུ་ཨེ། །ནང་དུ་ཡག་ཤ་ཡབ་ཡུམ་ལ། །དབུས་སུ་གདུག་པའི་མ་མོ་ཉིད། །ཕྱི་རོལ་སོལ་བས་ནག་པོར་བྲི། །དེ་བཞིན་གྲུ་གསུམ་སྟེང་དུ་གཞག །ནང་དུ་མཐུན་པས་རྫས་རྣམས་བསོག །བསྒྲུབ་པ་ཡབ་ཡུམ་མ་ཡི་སྔགས། །བསྙེན་པའི་སྙིང་པོས་བྱ་བ་ཡིན། །བསྒྲུབ་པ་གྲུབ་པའི་རྟགས་དང་སྦྱོར། །འཕྲིན་ལས་དུས་སུ་འདི་ལྟར་བྱ། །བསྣོལ་གྲི་མོ་ཡི་ཐོད་པ་སྲ །ཁྲག་དུག་སྣ་མང་པོ་འཚོགས་པར་གསོག ཕྱི་རོལ་ཡང་ནི་བྱུག་པའོ། །སྔོ་དམར་བལ་གྱིས་ཁ་བཅད་ལ། །དྲག་པོའི་སྔགས་ཀྱིས་བསྒྲུབ་པར་བྱ། །ཏྲག་རག་ཤ་ཁ་མུན་ཏྲ་སྦྱོ། །རུ་ལུ་རུ་ལུ་ཏྲག་མོ་ནག་མོ་ཧ་ན་ནག་མོ་ཙིསྟ་ཏྲག་ཤ་ལ་སྨྱོ། །ཏྲག་མོ་ནི་ཧར་ཧུར་སྙིང་ཡག་ཤ་ཀྱེ་མ་ཛ་ཛ་པྲ་པེ་ཤ་ཕཊ། །གང་ལ་དམིགས་པ་བརྡེག་པར་བྱ། །སེར་བ་འདོད་ན་རྐང་སྒྱེད་ལ། །འཕྲིན་ལས་སྔགས་བཟླས་ཐབ་སྦུབ་ལ། །ཐལ་་བ་ཐོད་པར་དྲིལ་ལ་གཏང་། །ནི་རང་ཁུག་ཙི་ཏ་བ༷་རིལ་ཤག་ཤིལ། །ཅེས་ནི་རྐང་གསུམ་ཕྱོགས་སུ་འཕངས་ལ་གཏང་། །དྲག་པོ་ལས་ཀྱིས་བསད་ན །འབྲུལ་ཁུང་ནང་དུ་ལིང་ག་ནི། །མིང་རུས་བཅས་པ་སྔགས་ཀྱི་གཟེར། །ཚེས་བཞི་ཟླ་བ་ཟེར་ཀ་ལ། །ནུབ་ནས་ཤར་དུ་བརྡེག་པར་བྱ། །བྲབ་དང་དགུག་དང་བརྡེག་པ་བྱའོ། །ལིང་ག་གཅིག་ཐོད་པར་བསྲེག །བསྲེག་པའི་སྔགས་ཀྱི་མནན་ལ་དབབ། །ཙིསྟ་བ༷་རིལ་ཞུག་དར་ཡ། །རག་ས་རག་ཁྲག་ཁྲུ་གེ་ནི་བ༷་རིལ་སྙིང་ལ་ཤག་ཤིག་བ༷་རིལ་རྦད། །ཅེས་ཐོད་པར་བསྲེག །ཐོད་པ་ཟོར་གྱི་ལེའུ་སྟེ་བཅུ་བཞིཔའོ།། །།ལས་འདི་ལྟས་ངན་དབབ་པའི། །བན་ད་མཚན་ངན་དུམ་བུ་དྲུག །དེ་ནས་སྙིང་སྣ་ཁྲག་སྣ་དང་། ཁྲ་སྣ་མ་ལུས་འཚོགས་ཚད་བསག །འབྲུ་སྣ་མང་ལ་ངར་བླུད་བྱ། །ལྟས་ངན་སྣ་ཚོགས་གཟུགས་བརྙན་བྲི། །རྟ་ནག་ཁྱི་ནག་ཐོད་པར་གཞུག །དགྲ་ཡི་ཕྱོགས་སུ་བསྐུལ་ལ་གནན། །དེ་ནས་སྨེ་བའི་ཁྲག་རྣམས་ལ། །ལྕགས་ཀྱི་དུག་མདའ་འདི་ཡིས་བསྐུལ། །ཚེས་བཞིའི་སྲོད་ལ་ཕྱོགས་སུ་འཕང་། །ཏྲག་རསྒ་ཁ་མུན་ཏྲག་ཨེ་ཀ་ཛ་ཏི་སྙིང་ཁ་ལ་ཤ་མ་སྨྱོ། །རག་མོ་ཧེར་མ་ཧེར་ཏིང་ཁ་ལ་རསྒ་སྨྱོ། །མ་མ་སྙིང་ཁ་རག་ཤ་དུན་སྨྱོ།བསྐུལ་བ་ཞེས་སུ་བྱ་བ་ཡིན། །རག་རསྒ་ཨེ་ཀ་ཛ་གི་སྙིང་ཙིསྟ་ནི་ཡང་ཁ་ཏེ་ཁུམ་ཤམ་ཤམ་ལས་ལ་སྨྱོ། །ཞེས་བྱ་སྟེ་གནན་ཏེ་བསྐུལ་བར་བྱའོ། །ཏྲག་རསྒ་ཁ་ལ་དུན་སྨྱོན། །ནག་མོ་དུན་ཏིང་ལིང་མ་ཤར་སྨྱོ། །ཞེས་རྟ་དབབ་པར་བྱའོ། །ལྷས་ངན་ཆོ་འཕྲུལ་ལེའུ་སྟེ་བཅྭ་ལྔ་པའོ།། །།ངན་ཐབས་གནན་པ་འདི་ལ། །གདུག་པས་གང་ཞིག་ས་བླངས་ཏེ། །སུག་སྣ་ཁྲག་སྣ་མང་པོས་སྐྲུ། །དགྲ་བོ་འཛུབ་མཐོ་གང་དུ་བྱ། །གྲོ་ག་ཤིང་ཤུན་དག་ལ་ལིག་ག་བྲི། །དྲག་པོའི་སྔགས་ཀྱིས་མཐའ་མ་བསྐོར། །གུ་གུལ་དུད་པས་བདུགས་ནས་ཀྱང་། །ལྷ་དང་དབྱེ་བ་དྲག་པོར་བྱའོ། །ཨོ་སུ་མན་མུད་ལུབ་ཁ་ཡུད་ཏི་སྟེ་ཡུད་སྟེ་ཤིག་ཤིག་འགྲམ་ཡལ་འགྲམ་ཡལ་དེ་ལྟར་ཅིག་ན་ལྷ་དང་དབྱེའོ། །ཐོད་པའི་ནང་དུ་བཅུག་ནས་ཀྱང་། །བདུན་ནམ་བཅུ་དྲུག་དག་ལ་གནན། །ལིང་ག་བསྲེགས་པའི་ཐལ་བ་ཡང་། །བ་རུ་ནང་དུ་བླུགས་ལ་གནན། །ཆུ་མིག་ནག་པོའི་འོག་ཏུ་བསྐྱལ། །མནན་པ་ཞེས་སུ་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ལ་མཐའི་བསྟོད་བསྐུལ་ལ། །བསྐྱེད་པའི་ཏིང་ངེ་འཛིན་ལ་སོགས་ཏེ། །དེ་ནས་མཐའི་བསྟོད་བསྐུལ་ལ། །ཧཱུཾ༷། །མི་མངོན་མཁའ་དབྱིངས་ཡབ་ཡུམ་གཉིས། །སྔགས་བསྲུངས་ནག་མོ་སྐུ་ཡི་སྟེ། །གསང་སྔགས་ཉིད་ཀྱིས་གསུང་བསྐུལ་ལོ། །གཡུ་འོད་འབར་བ་ཐུགས་བསྐུལ་ཏེ། ཁུ།་གསུམ་མཐིང་ནག་ཡོན་ཏན་བསྐུལ། །ཡང་དག་སྐུ་ཅིག་འཕྲིན་ལས་བསྐུལ། །མཐའི་བསྟོད་བསྐུལ་ལེའུ་སྟེ་བཅུ་བདུན་པའོ། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ། །དུག་ཐུན་མཛེ་དང་ལྟས་ངན་ཟོར་དང་བཞི། །ཐ་མ་གནན་དང་ལས་བཅུར་ཚངས་པའོ། །རྒྱུད་དུ་བསྟན་ཏེ་ལས་ཀུན་ཚངས་པའི་རྒྱུད། །ཕྱི་རབས་པ་ཕན་པའི་དོན་དུ་གཅེས། །ཐ་མ་གཏད་པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།སྐོ་ཏི།། །།རྒྱ་གར་སྐད་དུ། །ཙིར་མ་ཏྲི་ཡ་ཤ་པྲ་ཏ་པྲ་ལེ་ཏན་ཏྲ། །བོད་སྐད་དུ། །ཨེ་ཀ་ཛ་གི་ཐུགས་ཀྱི་གསང་བ་ས་ཏི་ནག་པོའི་རྒྱུད་ཅེས་བྱ་བ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་