Ngb-pt-0766-vol-08-text
Front
Body
ཚང་བ་ཁ་སྐོང་བའོ། ༣་ས་མ་ཐ་ན་དྲ་ཐ༷༷། རྒྱ་གར་སྐད་དུ། ཨེ་ཀ་ཛ་ཞི་མ་ཧྭ་གུ་རྒྱ་ཀ་ཏི་ནཱ་མ་ཏན་ཏྲ། བོད་སྐད་དུ། ཨེ་ཀ་ཛ་ཞི་གསང་བ་སྐྲུ་གྲིའི་མན་སྔག་ཏུ་བསྟན་པའི་རྒྱུད་ཅེས་བྱ་བ་།དཔལ་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། འདི་སྐད་བསྟན་པའི་དུས་གཅིག་ན བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད། རང་བཞིན་གྱི་གནས་ན། ཡེ་ཤེས་དང་ལས་གྲུབ་པ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་དེའི་དུས་ན། སྔགས་ཀྱི་བསྲུངས་མ་ཨེ་ཀ་ཛ་གིས་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས་སོ། དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་གསོལ་བ། ཨེ་མ་ཧོ།བཅོམ་ལྡན་འདས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དོན་དུ། ཨེ་ཀ་ཛ་གི་སྐྲུ་གྲི་སྒྲུབ་པའི་དོན་རྣམས་རིམ་པར་མ་གབ་མ་དཀྲུགས་པར་བཤད་དུ་གསོལ། ཞེས་གསོལ་པས། ཧེ་རུ་ཀ་དཔལ་ཉིད་ཀྱིས་བཀའ་སྩལ་པ་ནི། ཉོན་ཅིག་ཕྱག་ན་རྡོ་རྗེ་སྔགས་སྲུངས་ཨེ་ཀ་ཛ་ཞི་ནི། བསྟན་པ་སྲུང་བའི་མཁའ་འགྲོ་མ་ཡིན་པས། འདི་སྒྲུབ་པའི་རྣལ་འབྱོར་པ་ནི། དམ་ལ་གནས་པ། བླ་མ་ལ་བརྩེ་གདུང་ཆེ་བ ། རྣམ་པར་སྨིན་པ་ལ་འཛེམ་པ། དབང་ཐོབ་པས་བསྒྲུབ་པར་བྱ་སྟེ། གནས་ནི་དུར་ཁྲོད་དམ་ཉམས་དགའ་ལ་དབེན་པར་བསྒྲུབ་པར་བྱའོ། དེ་ལ་དང་པོ་ཕྱི་ནང་གི་བཤགས་པ་བྱའོ། དེ་ནས་མཎྜལ་མདའ་གང་གྲུབ་བཞི་པ་བརྩིགས་ལ། བའི་རྣམ་ལྔ་དང་བདུད་རྩི་ལྔས་ཆག་ཆག་གདབ་པོ། དེ་ལ་དཀྱིལ་འཁོར་འཕྲིན་ལས་རྣམ་པ་བཞིར་བྲའོ། ཡང་ན་འདིར་དྲག་སྔགས་ལྟར་བསྒྲུབས་ན་ཤིན་ཏུ་རང་ལས་མྱུར་བ་ཡིན་པས། དེ་ཡང་མཎྜལ་བྱས་ལ།དེའི་དབུས་སུ་རག་ཏས་གྲུ་གསུམ་གཅིག་བྲིས་ཏེ། དེའི་སྟེང་དུ་ཚའམ་འཁར་རྐོངས་གསུམ་བཞག། དེའི་སྟེང་དུ་ཁྲག་སྣ་རྙེད་ཚད་བསོགས་ལ། གཙོར་པདྨའི་རག་ཏ་དང་། ཁྱི་རྒྱ་བོའི་སྙིང་ཁྲག་དང་། བམ་གྱི་སྙིང་ཁྲག་གིས་བྱའོ། དེ་རྣམས་ཐོད་པར་སྩལ་ལ་དཀར་སྐོངས་སྟེང་དུ་བཞག། ཁ་ནི་དར་ལེ་བརྒན་གྱིས་བཅད་ལ་ཐལ་ཆེན་གྱིས་རྡོ་རྗེ་རྒྱ་གྲམ་བྲིའོ། ཐོད་པ་ནི་རྣོལ་གྲི་མོའི་ཡིན་ནོ། དེ་ནས་ཐོད་པའི་དྲུང་དུ་ལྕགས་ཕུར་བཞི་མ་བཞིར་བསམས་ལ་གཟུགས་སོ། གཞན་ཡང་དཔལ་ཧེ་རུ་ཀའི་གཏོར་མ་དང་། ཤ་སྣ་དང་སྙིང་སྣ་དང་།ཁྲག་སྣ་རྣམས་བཤམ། སྔགས་སྲུངས་ཀྱི་གཏོར་མ་ལ་ཤ་ཆེན་གྱིས་བརྒྱན་པ་བཤམ་མོ། །རག་ཏ་དང་སྨན་བཤམས་ལ། མི་འམ་ལུག་གི་ཙིཀྟ་ལ་དར་སྣ་བརྒྱན་ལ་རྟེན་དུ་གཟུགས་པར་བྱའོ། །ཞེས་གསུངས་སོ། ཨེ་ཀ་ཛ་ཞི་སྐྲུ་གྲི་ལས་སྐབས་དང་པོའོ། །ས་མ་ཐ། དེ་ནས་བཅོམ་ལྡན་འདས་ཏེ་རུ་ཀས་བཀའ་སྩལ་བ།ཉོན་ཅིག་ཕྱག་ན་རྡོ་རྗེ་དེ་ལ་འཕྲིན་ལས་བསྒོམ་པ་ནི། བདག་ཉིད་དཔལ་ཧེ་རུ་ཀའི་སྐུར་བསྒོམ། དེ་ནས་བདག་གིས་མདུན་དུ། མ་ལས་ཉི་མའི་སྟེང་དུ། ་ག་ལས་བུད་མེད་མཐིང་ནག་མ། རལ་པས་ས་གཞི་ཁྱེད་པ་ལ་གཡས་ན་ཞིང་ཆེན་ཙིསྟ་དང་། གཡོན་ན་སྤྱང་མོ་ཁྲ་ཐབས་སུ་འགྱེད་པ་བསྣམས་པ། ཐུགས་ཀ་དང་རལ་པའི་གསེབ་ནས་གཡུའི་སྦྱང་མོ་མང་པོ་འཕྲོ། ཞབས་གཉིས་གྱད་ཀྱི་དོར་ཐབས་སུ་ཞུགས་པར་འཁོར་མ་མོ་སྟོང་རྩ་བརྒྱད་ལས་ལ་འགྱེད་པ། རྣལ་འབྱོར་པའི་བཀའ་ཉན་དུ་བསྐྱེད། དེ་ནས་ཛ༷༷ཧཱུཾ༷་བ༷་ཧོ། མ་མ་་ག་རག་ཤ་ཁ་ཏྲག་ཤ་ཛ་ཧཱུཾ༷ཧཱུཾ༷་ཧྲི་ཧྲི། ཞེས་བརྗོད་པས། རང་བཞིན་གནས་ནས། དེ་ལྟ་བུའི་མ་མོ་སྤྱན་དྲངས་ལ་བསྟིམ་མོ། །དེ་ལ། སྒག་རག་ཤ་ཏྲི་དུ་ཏྲི་ཏི་སྒྲོ་ལྷན། ཞེས་བསྟན་པར་བསམ། ཨེ་ཀ་ཛ་ཞི་ཙ་པ་ལ་ན་མོ། ཞེས་ལྷ་མོ་སྤྲོས་ལས་ཕྱག་འཚལ་ལོ། ཨེ་ཀ་ཛ་ཞི། ཏི་ལི་ཏི་ལི་ར༷་པ་ར༷་པ་ཁ་ཧི། ཞེས་ཨ་མྲི་ཏ་དབུལ། ཨེ་ཀ་ཛ་རྐི་ཨི་དམ་བྷ་ལིང་བྱུ་ཙ་ཛ་ཧོ་ཁ་ར༷་ཁ་ཧི། ཞེས་གཏོར་མ་དབུལ་ལོ། དེ་ནས། ཨ་ཀ་ཛ་ཞི། མ་ཧྭ་རག་ཏ་པི་པ་ཧོ་གྲྭ་ཧྭ། ཞེ་རག་ཏ་དབུལ་ལ་། །དེ་ནས་བདག་གི་དགྲ་བོ་འདི་མྱུར་དུ་སྒྲོལ་ཅིག་པའི་ལས་གཉེར་གཏད་དོ། ཞེས་གསུངས་སོ། ཨེ་ཀ་ཛ་གི་སྐྲུ་གྲིའི་རྒྱུད་ལས་སྐབས་གཉིས་པའོ།། །།སམཐ༷༷། །དེ་ནས་ཡང་དཔལ་ཧེ་རུ་ཀས་བཀའ་སྩལ་པ། ཉིན་ཅིག་ཕྱག་ན་རྡོ་རྗེ། སྔགས་བཟླས་པའི་རིམ་པ་ནི། འདི་ལྟ་སྟེ། ་ག་རག་ཤ་ཁ་མུན་ཏྲ། མུ་རུ་ལུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། རག་མོ་ཏེ་ཀེ་མ་ཛ་ཛ་ཁ་ལ་ཏི་སྨྱོ། རུ་ལུ་རུ་ལུ་མ་ཧྲི་སྦྱོ། ཞེས་པ་ནི་རྒྱུནད་ཏུ་དྲང་བའི་སྲོག་གི་སྙིང་པོའོ། ་ག་རག་ཤ་ཁ་མུན་ཏྲ། མུ་ཏྲ། ཨེ་ཀ་ཛ་རི་སྙིང་ཁ་རག་མ་སྨྱོ། ་ག་རག་ཤ་ས་མ་ཡ་དགྲ་བོའི་སྙིང་ལིང་རྦུད། ཅེས་པ་ནི་ཤིན་ཏུ་ཟབ་པའི་ཡང་སྙིང་ཙིསྟ་མངོན་དུ་དབྱུང་བ་དང་བཅས་པའོ། དེ་གཉིས་ནི་གཙོ་བོའི་སྔགས་ཏེ། བསྙེན་པའོ། དེ་ནས་འཁོར་གྱི་མ་མོ་སྟོང་རྩ་བརྒྱད་ཐུན་ལ་བསྒྲུབ་པ་ནི། མ་མ་སྙིང་ཁ་རག་སྙིང་ཁ་རག །མ་མ་རག་ཤ་མ་མ་རག་ཤ། རག་མོ་སྙིང་ཁྲག་ལ། མ་དུན་དུན་སྒག་རག་ཤ་ཡ། སྙིང་ལ་ཧ་སྐ་མ་མ། རུ་ལུ་རུ་ལུ་སྦྱོ། ཁོང་དབུགས་དྲོལ་ཅིག།ང་རྩ་ལ་ར། ཐུ་ར་ལ། སྙིང་ཁྲག་ལས་མ་ཡ་ད༷་ཛ་ཛ། སྙིང་རྩ་ཕྱུང་ཅིག །མ་སྙིང་ཙསྟི་ལ་ཐུན། སྙིང་ཁྲག་ལ་ཐུན། ཤི་ཏི་སྟེ་མ་སྙིང་ལ་ཡ་མ་སྨྱོ། མ་མ་ཤ་ཤ །མ་མ་ཧྲིང་ཧྲིང་། མ་མ་ས་མ་ཡ། དགྲ་བོ་ནི་བཱ་ར་ཡ་སོད་སོད། མ་ཅིསྟི་ཛུ་ལ་ར༷། སྙེང་རྩ་ལ་རོལ། ཆུ༷་ཐུ༷་རི་ལི་ལི་མ་ལས་མྱུར་དུ་མཛོདཅིག་། ཅེས་བསྒྲུབ་པའོ། དེ་ནས་རྟགས་བྱུང་ནས་ལས་ལ་སྦྱར་བ་ཐུན་རྫོགས་པ་དང་། ཕུར་པ་སྦས་པའི་མ་བཞིར་བསྒོམས་ལ། ལིང་ག་དང་སྙིང་ལ་གདབ་པའོ། ཨོ་བཛྲ་ད་ར་ལིག། བཛྲ་སྙིང་མགོ་ཆོད་ཅིག་ཁ་ལ་ཟ། མུན་ད་ལོ་དུན་ཏིང་། ད་ར་ཡ་རྦད། ཨོ་བཛྲ་ཁྲག་ཏི༷་སྣར་བ་རྦད། ཨོ་བཛྲ་ཙ་ཏུ་ཀྲི་ཏ་ར་རྦད། ཨོ་བཛྲ་ག་ཤུ་ཀྲི་ད་ར་ཏི་ཏི་ཡ་བཛྲ་ཧཱུཾ༷་ཕཊ། རྦད་དུ་རྦད་དུ། རྦད་དུ་རྦད་པུ། ད་ར་ཀ་ཡ། སྟིམ་བི་ཤི་སྟ་ས་མ་ཡ། ཞེས་ཕུར་པ་གདབ་པོ། བཏབ་པའི་རྗེས་སུ་དུག་ཤིང་ལ་ཧོ་བྱས་ལ། སྔགས་གོང་མས་བསྲེག་པར་བྱའོ། །ཞེས་གསུངས་སོ། ཨེ་ཀ་ཛ་ཏི་སྐྲུ་གྲི་གསང་རྒྱུད་ལས་སྐབས་གསུམ་པའོ། ། སམཐ༷༷ །དེ་ནས་ཡང་དཔལ་ཧེ་རུ་ཀས། ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཉོན་ཅིག་རྟགས་ཀྱི་རིམ་པ་ནི། དང་པོ་བུད་མེད་དུ་བྱུང་ན་དངོས་གྲུབ་འཕེལ། སྐྱེས་པར་བྱུང་ན་དགྲ་ལ་མྱུར། བཙན་བཙུན་ནམ། བཙམ་མོ་འམ། རྗེ་མོར་བྱུང་ན་སྲོག་འཕྲོག་ལྷའི་ང་རྒྱལ་བྱ། མ་དང་སྲིང་མོར་བྱུང་ན་བཟང་ངོ་། །མོན་མོར་བྱུང་ན་མ་དངོས་ཡིན། དེ་ནི་བསྙེན་དུས་སུའོ། བོད་ལས་དུས་སུ། དགྲ་རྟགས་ནི་གཡག་ཏུ་འོང་། ཇག་པ་དང་ཁྱིར་བྱེད་པོའང་། རི་དགས་འོང་། དེ་རྣམས་བསང་ན་བཟུང་ངོ་། །བཟུང་ནས་་།ར་ན་ལྷ་དང་དབྱེ། ཁྲག་ཁོ་བ་འོང་། ལིང་ག་འདར་བ་འོང་། དངོས་སུ་བཀུག་ཅིང་རྨིན་ལས་ལ་མྱུར། དགྲའི་ཙིསྟ་བཏོན་པ་འོང་། རྟགས་ཇི་ལྟར་བྱུང་ཡང་རེ་དོགས་ཉན་པ་སྤང་ངོ །དེའི་དུས་སུ་བསྐུལ་བ་ནི། ཧཱུཾ༷་འཕྲིན་ལས་རྣམ་བཞི་ལྷུན་གྱི་གྲུབ། གྲུ་གསུམ་མཐིང་ནག་ཀློང་དཀྱིལ་ནས། །སྔགས་ཀྱི་བསྲུང་མ་མཐུ་མོ་ཆེ། སྐུ་མདོག་མཐིང་ནག་ཆེན་མོ་ལ། རལ་བའི་ཟར་ཕུས་ས་གཞི་ཁེབས། ཟ་བྱེད་རྔམ་པའི་ཞལ་གདངས་ནས། སྐྱེ་ཤི་རྩད་གཅོད་མཆེ་བ་གཙིགས། །གཡས་ན་ཞིང་གི་ཙསྟི་བསྣམས། གཡོན་ན་གཡུ་ཡི་སྤྱང་མོ་བསྣམས། གཡུ་ཡི་སྤྱང་མོ་དགུ་འབུམ་ཐུགས་ཀྱི་སྤྲུལ་པ་འགྱེད། འཛིན་བྱེད་འབར་བའི་ལྕགས་ཀྱུ་ཡིས། མིག་གི་དབང་པོ་སྔོན་དུ་ཕྱུང་། ལྕགས་ཀྱི་སྡེར་ཆེན་གདེངས་པ་ཡིས། ལུས་ཀྱི་ཁོང་དྲོལ་སྙིང་པྱེད་ཅིག །སྤྱང་མོ་སྤྲུལ་པའི་འཕྲོ་འདུ་ཡིས། སྲོག་དབུགས་ཤེས་པ་སྡུས་ལ་ཤོག སྲོག་རྩ་སྙིང་རྩ་ཆོད་ལ་ཤོག །མགོ་དང་ཡན་ལག་རེངས་སུ་ཆུག ་་དང་རུས་པར་ཕྱེ་ལ་ཤོག །ནང་ཁྲོལ་དབང་པོ་སྤྱིས་ལ་ཤོག །དགྲ་བོའི་ལྷ་ལྔ་དབང་དུ་སྡུས། མངོན་སྤྱོད་དྲག་པོའི་ལས་རྣམས་ཀྱིས། དམ་ཉམས་དགྲ་བོ་རྡུལ་དུ་རློགས། ཛ་ཛ་ཞེས་ཞེ་སྡང་བསྐྱེད་དོ། སྒོ་བཞི་འབྱེད་པའི་ཕོ་ཉ་ཡང་ལས་ལ་སྦྱར་དུས་སུ་བསྐུལ་ལོ། ཞེས་གསུངས་སོ། ཨེ་ཀ་ཛ་ཞི་སྦུ་གྲི་གསང་བ་ལས་སྐབས་བཞི་པའོ། །ས་མ་ཐ༷༷། །དེ་ནས་ཡང་དཔལ་ཧེ་རུ་ཀས་བཀའ་སྩལ་པ། སྔགས་སྲུངས་བསྒྲུབ་པའི་དུས། ཉམས་ཆག་བྱུང་ན་མདོས་བྱའོ། །ཉམས་ན་བསྐང་མདོས་ཡིན་ལ། །བསད་ན་བསད་པའི་མདོས་སུ་བསྒྱུར། དགྲ་ལ་རྟགས་བྱུང་ན་གཏང་རག་ཏུ་མདོས་བྱ་ལ། འབྲུ་སྣ་ལྔ་ལ་བྱས་པའི་བྱ་ལུག་གིས་བསྐང་ངོ། ཕོ་ཁྲོས་ན་མོ་བསྐང་། མོ་ཁྲོས་ན་ཕོ་བསྐང་ངོ་། །ནན་ལྟར་ལས་མ་གྲུབ་ན། དགྲ་རྟགས་བྱུང་ནས་དགྲ་མ་ཤིན། གབ་སྔགས་འདི་བཟླས་སོ། མ་མ་ཨེ་ཀ་ཛ་ཏི་ཡ། ་ག་རག་ཤ །་ས་མ་ཡ་སྲོག་འདུས་འདུས་། མ་མ་དགྲ་བོའི་སྙིང་ལ་རྦུད། སྲོག་དྲོལ་དར། ཁུ་ཡ་ཕུབ་ཙིསྟ་རྦད།སྲོག་ཐུམ་རི་ལི་མ་སྨྱོ་ཛ། ཞེས་བཟླས་ན། མ་དཀྲུགས་པར་ཆམ་ལ་དབབ་པའི་མན་ངག་སྟེ་ཤིན་ཏུ་རྦ་ཞེས་པའི་ཐ་ཚག་གོ། ཨེ་ཀ་ཛ་ཏི་ལ་འཛིན་གིང་དང་སྒྲོལ་གིང་མང་ན་ཡང་། ལུས་དང་གྲིབ་མ་བཞིན་འབྲང་བ་བདུད་ཏྲང་ཀུན་ཡིན་པས། ཕོ་ཏྲང་ཀུན་དང་སྦགས་ན་ཤིན་ཏུ་བཀྲ་ཤིས་ལ་ལས་མྱུར་བ་ཡིན་ནོ། དེ་ནས་དཔལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། དཔལ་ཧེ་རུ་ཀ་ལ་གསོལ་བ། ཨེ་མ་ཧོ། སྔགས་སྲུངས་ཨེ་ཀ་ཛ་ཏིའི་སྐྲུ་གྲི་དགྲ་སྔགས་ཀྱི་གསང་རྒྱུད་མ་དཀྲུགས་ཤིང་མ་གབ་པར་བསྟན་པ་འདི། བདག་གིས་ཇི་ལྟར་གཟུང་བར་བགྱི། །ཞེས་གསོལ་བ་དང་། དཔལ་ཧེ་རུ་ཀས་བཀའ་སྩལ།་པ། རྒྱུད་འདི་ནི་གང་བཞུགས་པ་ན།ཨེ་ཀ་ཛ་ཏི་ལྕམ་དྲལ་གནས་པས། ཤིན་ཏུ་གསང་ལ་བསྟན་པ་བསྲུང་བའི་ཕྱིར་ཡིད་ལ་བརྣག་ཅིང་གཟུང་བར་བྱའོ། ཞེས་གསུངས་སོ། ཨེ་ཀ་ཛ་གིའི་རྒྱུད་སྐྲུ་གྲིའི་ལས་སྐབས་ལྔ་པའོ།། །ཁྲེན་རུ་ཟབ་པའི་མན་ངག་གི་རྒྱུད་རྫོགས་སོ།། །།མན་ངག་གི་རྒྱུད་འདི། རྒྱུད་རང་གིས་ཉམས་སུ་བླངས་པ་ཁོ་ན་ཡིན་ནོ། སྔགས་རྒྱུད་འདིམགཏོགསཔགཞནཐམས་ཅད་ནི་གབ་པ་དང་ཆད་ལྷག་ཡོད་པས ། རྒྱུད་འདི་དང་ཐེམ་ཡིག་ལྟར་བཟླས་སོ།། །། རྒྱ་གར་སྐད་དུ། ཏི་ལ་ཙཀྲ་ཨུ་པ་དེ་ཤ་ནཱ་མ་ཨེ་ཀ་ཛ་ཏི་ཏ་ནྟྲ། བོད་སྐད་དུ། ཨེ་ཀ་ཛ་ཏི་སྲིད་པའི་འཁོར་ལོ་མན་ངག་གི་རྒྱུད་