Ngb-pt-0746-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྫོག་སོ།། །། རྒྱ་གར་སྐད་དུ། བཛྲཀི་ལ་ཡ་ཁ༷་ཤུད་དི་ཕྲོ་མ་ཧྭ་ཏན་ཏྲ། བོད་སྐད་དུ།རྡོ་རྗེ་ཕུར་པ་ཆུ་་བྱག་དབབ་པའི་རྒྱུད་ཆེན་པོ། བཅོམ་ལྡན་འད་འཇིག་བྱེད་ཆེན་པོ་རྡོ་རྗེ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་གདུག་པ་སྒྲོལ་བའི་ཕོ་བྲང་། དུར་ཁྲོད་ཀྱི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་། བྷ་ག་གསང་བའི་གཞལ་ཡས་ཁང་གྲུ་གསུམ་ཟླ་ཁམ་མུ་ཁྱུད་འཁོར་ལོ་འབར་བ་ན། མཉམ་པ་ཆོས་ཀྱི་སྐུ་ལས་བཞེངས་པའི་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་རྡོ་རྗེ་གཞོན་ནུ་དེ་རིགས་དང་ཡེ་ཤེས་ཐམས་ཅད་ཀྱི་ངོ་བོ། སྤྲུལ་པའི་མཛད་པ་གང་ལ་ཡང་མ་འགགས་པར་བཞུགས་སོ། །ཡུམ་རྡོ་རྗེ་གར་གྱི་དབང་ཕྱུག་རྒྱས་འདེབས་མ་དང་གཉིས་སུ་མེད་པ་ལས་བྱུང་བ་ནི། ཡེ་ཤེས་རིགས་ཀྱི་ཁྲོ་བོ། དབྱིངས་ཀྱི་ཁྲོ་མོ། ཐབས་ཤེས་རབ་ལས་དྲལ་དང་ལྕམ་དུ་བཅས་པ་དང་། ཀི་སིང་གནས་ཡུལ་ཕྱག་བརྙན་དབང་ཕྱུག་མ་དང་བཅས་པར་བཞུགས་སོ། །གཞན་ཡང་གདུག་ཅིང་དབང་ཆེ་བར་མི་བཟད་པ། ནད་དང་ཆུ་འཁྱགས་ཆོ་འཕྲུལ་གཏོང་བ་དཔག་ཏུ་མེད་པ་ནི། ཕ་སྲིན་དང་མ་ཀླུ་ལས་སྤྲུལ་པའི་སྲས། །དྲེགས་པ་གཟའ་བདུད་ཀྱི་ཚོགས་སྲིན་མོའི་གཟུགས་ཅན་འབྱུང་པོའི་མངའ་བདག་ཆེན་མོ་བཞི་འདི་ལྟ་སྟེ། ཕོ་ཉ་རྣམས་ཀྱི་གཙོ་མོ་སྟག་སྲིན་ཟོར་བ་གདོང་ཞེས་བྱ་བ་དང་། བདུད་མོ་ཀུན་གྱི་གཙོ་མོ་བམ་སྲིན་དྲེད་མོ་གདོང་ཞེས་བྱ་བ་དང་། སྨན་ཕྲན་ཀུན་གྱི་གཙོ་མོ་སྐོང་སྲིན་བ་གླང་གདོང་དང་། ཉུལ་ལེ་ཀུན་གྱི་གཙོ་མོ་འབྲོག་སྲིན་ཆུ་སྲིན་གདོང་ཞེས་བྱ་བ་རྣམས་གླིང་བཞི་དབུས་རི་རབ་ཀྱི་ཟོམ་དང་ཕྱོགས་བཞི་ན་གནས་ཏེ། གླིང་བཞི་རི་རབ་ཏུ་འཚེ། ཀུན་ཏུ་འཁྲུག །ཐམས་ཅད་གསོད་ཅིང་གླིང་བཞི་ཕུང་ལ་ཁད་ནས་གནས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེའི་ཚེ་དེའི་དུས་ན་ཐུགས་རྗེ་དང་མཐུ་སྟོབས་སུ་ལྡན་པའི་རྡོ་རྗེ་གཞོན་ནུ་གསང་བ་ཞེས་བྱ་བས་སེམས་ཅན་རྣམས་དྲེགས་པ་ཕོ་མོས་འཚེ་བ་དེ་དག་གཟིགས་ནས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གསང་བ་ལས། ཡེ་ཤེས་ཀྱི་འོད་ཟེར་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་གསེར་གྱི་བ་ཐག་གཟིངས་པ་བཞིན་སྤྲོས་པས། དྲེགས་པ་ཕོ་མོ་རང་བཞིན་དུ་ཟིལ་གྱིས་མནན་ཏེ་སྲོག་གི་དབང་པོས་མ་བཟོད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་དབང་དུ་བསྡུས། འཁོད་ནས་འདར་ཞུང་བྲེད་ནས་གནས་སོ། །དེ་ནས་འཇིགས་བྱེད་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་རང་གི་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཧེ་ཧེ་བཅོམ་ལྡན་དཔའ་བོ་ཐུགས་རྗེའི་བདག །ཀླུ་སྲིན་ཕོ་མོ་མིང་སྲིང་འཇིག་རྟེན་ཕུང་ལ་རག །དོན་ཆེན་སྨོན་ལམ་ཐུགས་རྗེས་དགོངས་མཛད་ལ། །མི་བཟད་དྲེགས་པ་ཕོ་མོ་ཚར་གཅོད་བཀའ་ལ་ཐོགས། །འཇིག་རྟེན་འདི་ཡང་བདེ་བའི་ལམ་ལ་འཁོད། །མ་ཐུབ་ངེས་ལ་བཀའ་ཡི་ཆད་པས་ཆོད། །མངོན་ཅི་མི་ནད་ཆུ་འཁྱགས་ཐོབ། །ཧོ་ཞེས་གསོལ་ནས་ཕྱག་གཡས་པའི་རྡོ་རྗེ་སྲིད་པའི་རྩེ་མོ་ལ་ཐུག་པར་གསོར་བས། དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་འདར་ཞིང་གཡོས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུས་གདུག་པ་ཅན་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །ཐབས་དང་ཤེས་རབ་སྦྱོར་བའི་བརྡས་བསྐུལ་ནས་ཡུམ་དང་གཉིས་སུ་མེད་པར་གྱུར་ཏོ། །དེའི་ཚེ་ཡུམ་གྱི་བྷ་ག་ནས་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཡེ་ཤེས་ལས་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་སྐུ་ཐ་དད་ཅིང་ངོ་བོ་ཉིད་གཅིག་པ་དང་། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཧུ༷་ཧ་ཧེ་ཧ་ཧེ་ཕཊ་སྨྱོ་རུ་ལུ་སྟེ། བརྗོད་ཀྱིས་མི་ལང་བའི་གསུང་གི་སྒྲ་འབྲུག་ལྟར་སྒྲོགས་ཤིང་ཐུགས་ཡེ་ཤེས་ཀྱི་འོད་ཟེར་འཇིག་རྟེན་གྱི་བྱམས་པོ་གློག་སྟོང་འཕྲོ་བ་བཞིན་སྤྲོས་སོ། །དེའི་ཡོན་ཏན་གྱི་ཁྱད་པར་ལས། འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། དེ་བཞིན་དུ་འགུལ། ལྡེག །ཚིག །འཐོར། འུར་ཆེམ་དུ་གྱུར་པས། ཡེ་ཤེས་རོལ་བའི་འཁོར་རྣམས་ཀྱང་རབ་ཏུ་འཇིགས་སྐྲག་དངངས་ཏེ།ཉ་བྱེ་ཚན་ལ་བཞག་པ་བཞིན་དུ་གྱུར་ཏོ། །འཇིགས་བྱེད་དྲེགས་པའི་འཁོར་རྣམས་སྐྲག་ཅིང་བརྒྱལ་ནས་གན་རྐྱལ་དུ་འགྱེལ་ཏོ། །ཁྲག་སྐྱུགས་སོ། །དེ་དག་ཀྱང་རང་རང་གི་མཚོན་ཆ་ཤོར་ཏེ་བཀྲག་མདངས་ཉམས་ནས། ལུས་ལ་དྲི་ང་བ་དག་ཀྱང་ལངས་སོ། །ཡིད་ཀྱི་ཤེས་པ་ཉམས་ནས་ངག་གི་སྒྲ་ཡང་ལྐུགས་པར་གྱུར་ཏོ། །དེ་ནས་ཡེ་ཤེས་རོལ་པའི་འཁོར་ཚོགས་རྣམས་སླར་འདུས་ཏེ། ཡབ་ཡུམ་ལ་ལན་སྟོང་དུ་བརྐྱང་ཕྱག་འཚལ་ཞིང་བསྐོར་བ་བྱས་ནས། གསང་བ་ཡུམ་གྱི་མཁར་ཞུགས་སོ། །དེ་ནས་ཡང་ཀེའུ་རི་ལ་སོགས་པ་གསང་བ་རོལ་བའི་འཁོར་རྣམས་ཀྱང་། གཙོ་བོའི་སྐུ་ལ་རང་གི་ཐད་དུ་འཁྲིལ་ཏེ་དགེས་པ་དང་བཅས་ནས་འཁོད། །དེ་ནས་བཅོམ་ལྡན་འདས་ནི་རྡོ་རྗེ་ལྟ་བུའི་ཆོས་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བདག་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ཐུགས་རྗེ་ཆེ་ལ་ཐབས་མཁས་པའི་བདག་ཉིད་ཅན། དྲེགས་པའི་ཚོགས་རྣམས་སླར་གསོ་བར་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བསྐུལ་བར་མཁྱེན་ཏེ། ཐུགས་རྗེའི་དབུགས་དབྱུངས་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་རྗེ་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དྲེགས་པའི་ཚོགས་རྣམས་སླར་གསོས་སོ། །དེ་ནས་དྲེགས་པ་རྣམས་འཇིགས་བཞིན་དུ་ལངས་ཏེ་ཁྲོ་བོ་ཆེན་པོའི་ཐད་དུ་འོངས་སོ། །དེ་ནས་སེམས་ཀྱི་དྲན་པ་ཅུང་ཟད་ཙམ་སྐྱེས་ནས། ལམ་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ། བག་གཞི་ས་ལ་བརྡབས་ཞིང་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །འཁོད་ནས་ཀྱང་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ ཨེ་མའོ་རབ་འཇིགས་དཔའ་བོ་ཁྱོད། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་བྱིན་བརླབས་པས། །མཐུ་སྟོབས་མི་བཟད་ཁྲོ་བོ་འབར་བ་ཡིས། །དྲེགས་པ་ཀུན་འདུལ་མཐུ་སྟོབས་ངོ་མཚར་ཆེ། །ཁྱེད་ཀྱིས་བདག་ཅག་སྐྱབས་མཛོད་བྱིན་བརླབས་བཀའ་གསལ་བསྐོས་པ་ཉན། །དབང་བསྐུར་དམ་ཐོབ་ཅི་བགྱི་ཞེས་ནི་ལུང་ཡང་ནོས། །ཞེས་གསོལ་ཞིང་ཁས་བླངས་ནས་རང་རང་གི་གནས་ག་ལ་བ་རུ་དོང་ངོ་། །དེ་ལྟ་བུའི་འཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་འབེབས་པའི་རྒྱུད་ལས། དྲེགས་པ་ཅན་བ་་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུས་དཀྱིལ་འཁོར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབ་པ་མཛད་དོ། །ཨེ་མའོ་རྒྱ་ཁྱོན་མེད་པའི་གནས་ཆེན་ནི། །རྡོ་རྗེ་ཐོད་རུས་འབར་བའི་གཞལ་ཡས་ཁང་། །ཟླ་ཁམ་གྲུ་གསུམ་ལྟེ་བར་ལྡན་པ་ལ། །ཤེས་རབ་འབར་བའི་འཁོར་ལོ་བཞི། །མུ་ཁྱུད་ཐོད་པར་ལྡན་པ་ལ། །གྲུ་བཞི་བློ་འབུར་སྒོ་ཁྱུད་ལྡན། །ཞིང་གི་ཀ་གདུང་ཉི་ཟླའི་ཀ་གཞུ་ཅན། །རྟ་བབས་ཕྱི་བརྒྱན་དུར་ཁྲོད་བརྒྱད། །ལྷུན་གྱིས་གྲུབ་སྟེ་རྡོ་རྗེ་མེ་རི་ལག་ཆུའོ། །རིན་ཆེན་མཆོག་གི་ཁྲི་རྐང་དང་། །དྲེགས་པ་ཉི་ཟླ་པདྨའི་གདན་སྟེངས་སུ། །འཇིགས་བྱེད་ཆེན་པོ་ཡབ་ཡུམ་བཞུགས། །དེ་ཡི་བྱིན་རླབས་འོད་ཟེར་ལ། །བཀའ་ལས་བཏགས་པའི་གཟའ་བདུད་ནི། །སྤྱན་སྔ་ཉིད་དུ་འཁོད་པར་འགྱུར། །ཕ་ནི་གཡས་ལ་མ་ནི་གཡོན། །འཁོར་ལོ་འབར་བའི་རྩིབས་གཞི་ལ། །ལས་ཀྱི་གདོང་མོ་སྲིང་བཞི་གནས། ཁུ་ཆད་བློ་འབུར་བརྒྱད་དག་ཏུ། །ལྷ་སྲིན་སྡེ་བརྒྱད་ཚོགས་བཅས་འཁོད། །དེ་ཚེ་ཕྱི་ཡི་དཀྱིལ་འཁོར་དེ། །ཕ་མ་མིངསྲིངཚོགསབཅསཀྱིས། །རང་གི་རྫས་དང་སྲོག་སྙིང་ཡང་། །མགྲིན་གཅིག་ཏུ་ནི་མཐུན་པར་ཕུལ། །དེབཞིན་དྲེགས་་པ་ཡོངས་ཀྱིས་ཀྱང་། །དེ་བཞིན་དུ་ནི་རིམ་པར་མཛད། །དེ་ནས་རྡོ་རྗེ་གཞོན་ནུ་ཡིས། །སྲིན་པོ་འབར་བའི་ཐོད་པ་མྲ །མི་བཟད་ཕ་མ་མིང་སྲིང་རྣམས། །དབང་དུ་བསྡུས་ཤིང་བཅུག་ནས་ནི། །གསང་བའི་གནས་སུ་བྱིན་གྱིས་བརླབ། །མི་བཟད་ནང་གི་དཀྱིལ་འཁོར་དེར། །སྐུ་བསྐྱེད་རྩ་བའི་སྙིང་པོ་ཕུལ། ཁྲི་རྐང་བཞི་ལ་དབུས་སུ་ནི། །དྲེགས་པ་འཁོར་དང་བཅས་པ་རྣམས། །ཞབས་བཞི་རྡོ་རྗེའི་འོག་ཏུ་སྦས། །རྦད་པ་གསང་བའི་སྙིང་པོ་ཕུལ། །དེ་ནས་གདན་ལ་བཀྱེ་ནས་ནི། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ཕུལ། སྐུ་ལ་སྦྲུལ་ལྟར་འཁྲིལ་ནས་ནི། །ཡོན་ཏན་འཕྲིན་ལས་སྙིང་པོ་ཕུལ། །མ་ཆགས་སྦྱོར་བ་མཛད་པ་ཡི། །གནད་ལ་དབབ་པའི་སྙིང་པོ་བསྟབས། །གསང་བའི་དོན་ནི་རྟོགས་བྱས་པས། །དྲག་སྔགས་ཟོར་ཐབས་སྙིང་པོ་ཕུལ། །དམ་ཚིག་ལུང་ནི་ཕོག་པ་ཡིས། །གཟེར་སྔགས་སུར་སྔགས་གནད་ལ་དབབ་པ་ཕུལ། །ཁས་བླངས་དམ་ཚིག་གནོས་པ་ཡིས། །ཉེ་བར་བྱ་བའི་བསྙེན་པ་དང་། །བོད་དང་དམོད་པའི་སྔགས་རྣམས་བསྟབས། །ཐ་ཚིག་བཅས་ནས་དོན་བྱེད་ཕྱིར། །མགོ་ནས་བསྔགས་ཤིང་ཤམ་བུ་བསྟན། །དེ་བཞིན་སྙིང་པོ་ཕུལ་ནས་ནི། །གཙོ་བོ་ལ་ནི་བསྐོར་ནས་སུ། །མགྲིན་གཅིག་ཏུ་ནི་འདི་སྐད་གསོལ། །བདག་ཅག་སྐྱབས་མཛད་སྡུག་བསྔལ་མགོན། །འཇིག་རྟེན་ལས་རྒྱལ་མཐུ་སྟོབས་ཅན། །བདག་གིས་ཅི་བགྱི་ལུང་སྟོན་མཛད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཆེན་གྱིས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཀྱེ་ཀྱེ་ཀྱེ་མའོ་གསང་བའི་ཡུམ། །ཁྱེད་ལ་ཁོ་བོས་བསྒོ་བ་ནི། །བསྒྲལ་བའི་ཞིང་བཅུར་གྱུར་པ་དང་། །ཉམས་པ་བདུན་པོ་ཚར་བཅད་ཕྱིར། །འགལ་བ་ཆམ་ལ་ཕབ་ནས་ཀྱང་། །སྲོག་སེར་གཉིས་ལ་ཀི་ཀང་ཕོབ། །སངས་རྒྱས་བསྟན་པའི་བཀའ་འཁོར་བསྲུང་བར་གྱིས། །ཞེས་གསུངས་སོ། །དོན་དེ་དག་ཇི་ལྟར་མཛད་ཀྱང་།དོན་ཆོས་ཉིད་ལས་མི་གཡོ་བའི་ཕྱིར། ཨོ་དྷརྨ་དྷ་ཏུ་སྭ་བྷ་བ་ཨུཏཱ་ཀོ྅ཧ༷། ཞེས་གསུངས་སོ། །ཐུགས་ཡེ་ཤེས་དགོངས་པ་ཆོས་ཉིད་དུ་གྱུར་ཏོ། །འཁོར་རྣམས་ཀྱང་དཔལ་གྱི་དམ་ལ་གནས་ནས་འཁོད་དོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། རང་བཞིན་དཀྱིལ་འཁོར་དུ་སྙིང་པོ་ཕུལ་ཞིང་དབང་བསྐུར་ནས་དམ་ལ་བཏགས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་ངོ་མཚར་ཐམས་ཅད་དབང་སྡུད་བདག །གདུག་བའི་ཚོགས་རྣམས་གདུལ་ཕྱིར་དམ་ལ་བཏགས་པ་ངོ་མཚར་ཆེའོ། །གོང་དུ་འཇིགས་བྱེད་དཔལ་ལ་བསྟབ་ཅིང་ཕུལ་བའི་སྙིང་པོ་དང་། །སྔགས་རྣམས་ཕྱི་རབས་རྣལ་འབྱོར་པ་རྣམས་ལ་སྨན་པའི་སླད་དུ། །མི་བཟད་ཟབ་མོའི་སྔགས་རྣམས་མ་ལུས་ཀུན། །དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་ཆོས་སྐུ་མཉམ་པའི་ངང་ལས་བྱམས་མགོན་ཐུགས་ཀྱིས་བཞེངས་ནས། མན་པྲ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་ཐམས་ཅད་མཉམ་ཉིད་དོན་གྱི་གསུང་། །ཐུགས་རྗེ་བརྟན་གཡོ་སྒྲ་རུ་གྲགས་པ་ངོ་བོ་ཉིད། །བདེ་གཤེགས་རྒྱལ་བའི་གསུང་སྟེ་སྔགས་ཀྱི་ཚིག །གསུང་གི་དོན་ཉིད་༷བཤད་ཀྱི་ཉོན། །ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་བསྐྱེད་ཅིང་མཆོད་པའི་སྙིང་པོ་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ། ་།་རྒྱ་ཏ་དྷ་རྨ་སྒྲི་ཏུ་ཨོ་ཨུ༷༷ཧྭ༷། ཨེ་ཡ༷་ཁ༷་སུ་ཀེ་ར༷་ཧཱུཾ་བྷན་དྷ་ཙྭ་ན་ཨེ་བ༷་ཡ་ཙཀྲ་མཎྜལ། ཧུ༷་ཀྲོ་བཛྲ་གནད། བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕ་ཊ། དིབ་སྟ་ཙཀྲ་ཀྲོདྷ་ཀྲོདྷ་ཧ་ཧེ་ཧ་ཧེ་ཕཊ་སྨྱོ། བཛྲ་ས་མ་ཡ་ཛཛ་ཧུ༷་བ༷་ཧོ། ཨེ་ཨ་ར་ལི་ཧྲིང་། ཀྭ་ཡ་ལྷུ་ཀ་ཙིསྟ་ཏིརྫི་བཛྲ། མ་ཧྭ་སུ་ཁ་སིརྙི་ན་མ་ཨ་ར་ལི་ཧོ། ཁ་ར༷་ཡོ་གི་ནི། ཁ་ར༷་ཌའ་ཀི་ནི། ཁ་ཁ་ལེ་ལེ་ཧུ༷་སྦྱོ་ཧཱུཾ། སརྦ་པརྩི་ཨ་མྲི་བ་ལིང་རཀྟ་ཁ་ཁ། ཁུ་ཧི་ཁུ་ཧི་རུ་ལུ་རུ་ལུ་ཧུ༷་སྦྱོ།བསྙེན་པ་དང་ནི་ཉེ་བསྙེན་པ་བསྒྲུབ་པ་དང་ནི་བསྒྲུབ་ཆེན་དུ་རིག་པར་བྱའོ། །དེ་ནས་ཡང་རྩ་བའི་སྙིང་པོ་འདི་རྣམས་འཐོན་ཏེ། ཧུ༷་༼ཉཤ་༽མ་ཙ་ར་ཤ། དེ་ནས་ཡང་སྐུ་བསྐྱེད་པའི་སྙིང་པོ་གསུངས་པ། ཨོ་བཛྲ་གི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་པུ་ཙེ་པུ་ཙེ་ད་ན་པུ་ཙེ་ས་མ་ཏ་ཨ་ཀ་ར་ཧུ༷་ཕཊ། རག་མོ་ད་རོ་རུ་ཙམ་མོ་ཤམ་མོ། སྙན་གསན་གསོལ་བའི་སྙིང་པོ་ནི། མ་ར་ཙ་ཤ་ས་མ་ཡ་ཛ་ཛ། སྤྱན་དྲང་བའི་སྙིང་པོ་ནི། རག་མོ་སྙིང་རྩ་ལ་རུ་རོ་རུ། ཙབ་མོ་ཙབ་མོ་ཙབ་མོ། ཁྲག་ལ་མུ་ཤ་མ་སྙིང་ཁ་རག་མ་སྨྱོ་ཛ་ཧཱུཾ༷་བ༷་ཧོ། བསྟན་པར་བཞུགས་སུ་གསོལ་བའི་སྙིང་པོ་ནི། རག་མོ་རག་མོ་སྙིང་རྩ་ལ། རུག་རུ་ཙབ་མོ། ཙབ་མོ་ཙབ་མོ་ཁྲག་ལ་མུ་ཤ །སྙིང་ཁ་རག་སྙིང་ཁ་རག །ས་མ་ཡ་ཏིརྫི་ལྷན། ཕྱག་བཙལ་བའི་སྙིང་པོ་ནི། མ་ར་ཙ་ཤ་ན་མོ་སིདྷི་ཀུ་རུ་ཧུ༷། མཆོད་པ་དབུལ་བའི་སྙིང་པོ་ནི། མཧྭ་པྱུ་ཛ་བ་ལིང་ཏ་ཨ་མྲི་ཏེ་ས་མ་ཡ་ཁུ་ཧི། འཛབ་འདས་པའི་སྙིང་པོ་ནི། བཛྲ་མ་ཏི་པྲ་ལི་མ་པྲ་མ་ཛྲ་ཧུ༷་ས་ཧ། བ་ལོ་ཨག་ཤུ་མེག་བཛྲ་དུ་ཕྲི་ཧུ༷་ཛ་ས་ཧ། ག་ཏྲ་མ་ཛུ་བཛྲ་ཡཀྟ་ཀྲི་ཀྲིང་ར་མ་ཛ་སྲུཧྭ། བཛྲ་ཀི་ལི་པྲི་ཀ་ལི་ཧོ་ཛ་ཧུ༷་གྲྭཧྭ། མ་མོ་སྤྱི་ཡི་སྔགས་ནི། མ་མོ་སྙིང་ཁ་རག །མ་མ་རག་ཤ་རག་ཤ། མ་མོ་སྙིང་ཁྲག་མོ་མདུན་མདུན་སྒག་རག་ཤ་མ་སྙིང་སྟེ། ཁེམ་མ་རུ་ལུ་སྨྱོ་སྙིང་ཁ་རག་མ་ས་མ་ཡ་དམ་དམ་ཛ་ཛ། བོད་པའི་སྔགས་སོ། །མ་མ་སྙིང་ཙིསྟ་ལ་ཐུན་སྙིང་ཁ་རག་མ་ཐུན།ཤ་ཏི་ཏ་མ་ཐུན་སྙིང་ལ་ཡ་ཡ་སྨྱོ་ཐུན། རྦད་པའི་སྔགས་སོ། །མ་མ་ར་ར་མ་མ་ཤ་ཤ་མ་མ་ས་ས་མ་མ་ཡ་ཡ་དགྲ་བོ་སོད་སོད་མ་ཧྭ་ཙིསྟ་ཛ་ལ་རེ། སྙིང་རྩ་ཏ་མ་ལ་རོལ། ཆུམ་ཆུམ་ཐུམ་ཐུམ་རིལ་རིལ་མ་མ་ལས་མྱུར་དུ་མཛོད་ཅིག །ཅེས་པ་ནི་དམོད་པའི་སྔགས་སོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཨ་མྲི་ཏ་ཀུཎྜལི་སརྦ་བིབྷ་ན༷་ཀྲོདྷ་ནི་ཧུ༷་ཧུ༷་ཕཊ། ཅེས་པ་ནི་བཟློག་སྔགས་སྤྱིར་དྲིལ་བའོ། །ཡང་སྙིང་ཐུགས་ཀྱི་བརྣག་པ་ནི། དེ་ཡང་ཕ་སྲིན་པོའི་ཡང་སྙིང་ནི། ཨོ་བཛྲ་ཡག་ཤ་ཀེ་ཏེ་ཕྲོ༷།ཧྲོ་་ག་རུ་ཙ་ཤ་ཏྲི་ཕྲོ༷། ས་མན་ཏ་ཨ་ཀ་ར་དུ་རུ་ཕྲོ། མ་ཀླུའི་ཡང་སྙིང་ནི། ཨོ་བཛྲ་ནཱ་ག་ཤུ་ག་ལེ་སུ་ར་ཕྲོ༷། མ་མ་ཧྲིལ་ཤར་ཕྲོ༷། ཙ་མུ་ཤ་ས་མ་ཡ་ཕྲོ༷། མིང་པོའི་ཡང་སྙིང་ཡང་དག་པ་ནི། ཨོ་པུ་པུ་ཙེ་ས་མ་ཏ་ཨ་ཀར་དུ་རུ་དུ་རུ་ཧུ༷་ཕཊ། སྲིན་མོ་བཞིའི་ཡང་སྙིང་གཅིག་ཏུ་དྲིལ་བ་ནི། རག་མོ་ཁྲག་ལ་མུ་ཤ་ཛ། སྙིང་རྩ་ལ་རག་མོ་རག་མོ། ཙ་པ་ལ་མ་མ་སྨྱོ་མ་མ་དྲིལ་ཤར་ཤ་ཏྲ་ཧུ༷་ཕཊ། མ་མོའི་སྐུའི་སྔགས་ནི། པ་ཤ་ཤ་ནི་རག་ཤ་དུ་ཛ་ཛ། གསུང་གི་སྔགས་ནི། མ་ར་ཙ་ཤ་གུར་བི་གུར་བི་ཏ་མ་ལ་ནི་ར་ཡ་གྲྭཧྭ། ཐུགས་ཀྱི་སྔགས་ནི། ཏིང་ཏིང་གར་པ་ནེ་ར་ཡ་གྲྭཧྭ། ཡོན་ཏན་གྱི་སྔགས་ནི། རག་མོ་རག་མོ་སྙིང་རྩ་ཤ་མ་སྨྱོ། རག་མོ་རོ་རུ་ཙ་པ་མ་སྨྱོ། རག་མོ་ཙབ་མོ་ཙབ་མོ་ཤིག་ཤིག་སྙིང་ཁ་རག་མ་སྨྱོ། རག་མོ་རག་ཁྲག་ལ་མུ་ཤ་ལ་སྨྱོ། འཕྲིན་ལས་ཀྱི་སྔགས་ནི། གུ་སུ་དན་མ་དགྲ་ལ་སྨྱོ། ཨུ་ཙུ་སྨ་ཤ་དགྲ་ལ་སྨྱོ། ཁ༷་ཁས་དགྲ་ལ་སྨྱོ། རྦད་ཤ་མ་དགྲ་ལ་སྨྱོ། མ་མོ་མདོར་བསྡུས་པའི་སྔགས་ལུང་ནི། མ་མ་རིལ་མ་མ་རིལ་སྨྱོ། ཚལ་པ་ཚལ་པ་མ་མ་ཧྲིལ་སྨྱོ། ཙབ་མོ་ཙབ་མོ་མ་མ་ཧྲིལ་སྨྱོ། རག་མོ་རག་མོ་མ་མ་ཧྲིལ་སྨྱོ། བཞི་སྙིང་གཅིག་ཏུ་དྲེལ་བ་ནི། བཛྲ་ལ་ཏིང་མོ་པོ་ཨ་ཀ་ཏྲ་བཛྲ་ཀི་ལི་བི་མ་རོ་ཧྲི་ཏྲིང་ཧུ༷་ཛ། སྔགས་ཀྱི་མགོ་ནན་ནི། མ་ཀ་ཡེ་པ་ཀ་ཡེ། སིང་ཀ་ཡེ། བྱ་ཙ་ཡེ། སྒྲོལ་བྱེད་ཉེ་བར་བསྙེན་པའི་སྔགས་ནི། ཧྲི་སྟི་བི་ཀི་ཏི་མ་མ་སྙིང་རྩ་ལ་ཡ་དགྲ་བོ་མ་ར་ཡ་ཧུ༷་ཕཊ། ངན་སྔགས་ཀྱི་ཤམ་བུ་ནི། རག་མོ་སྙིང་རྩ་རུ་རུ་ཙབ། སྙིང་ཁ་རག་གུ་སིང་དན་མ་ཤག་མུ་ཤག་མུ་སྨྱོ། སྙིང་ཁ་ར༷ག་མ་སྨྱོ། ཐིག་ནི་གཅིག་མེད་ཤུད་ཏི་ཕྲོ༷་གཉིས་་ག་རྒྱབ་གཅོད། དུད་ཕྲོ་ནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རོ་སོད། རྒྱང་རྗེ་བཙུན་མོ་ཙུན༷ ་སླུ་ཏ་ཕཊ། ཆེ་གེ་མོ་མ་ར་ཧྲིལ་རིལ་ཤར་ཤེལ་ཧུ༷་་ག་ཙ་ར་ག་ཤུ་ཏི་ཕྲོ། ཡ་མ་སྙིང་ཡ་མ་ཁྲ༷ག་ར་ཧུ༷་ལ་ཧྲིལ་ཧྲིལ་ཤག་ཤག་སེན་ཡ་སྨྱོ། དྷིལ་ནཱ་ག་ཤུ་ན་ག་ལེ་དུམ་པ་ལེ། ཨོ་པུ་ཙེ་པུ་ཙེ་ས་མ་ཏ་ཨ་ཀ་ར་དུ་རུ་དུ་རུ་ཕྲོ་ཨོ་ཧུ༷་ཕཊ། ཐུན་ལ་བཀོལ་བ་ནི། རག་མོ་རག་མོ་ཏ་མ་ཀེ་ཏ། ནཱ་ག་ནཱ་ག་ཀེ་ཙེ་དུས་ཧྲིལ་ཕྲོ་ཤར་སྨྱོ། ཟོར་ལ་བཀོལ་བ་ནི། ཧུ༷་ཙབ་ཙབ་སྙིང་ཁ་རག་ཁ་རག་མོ་ཤིག་ཤིག་ཁ་རག་ལམ་སྨྱོ། ཐབས་ལ་བཀོལ་བ་ནི། རག་ཤ་ན་ག་ཏྲི་ཐང་གུ་སི་དན་མ་ཨུ་ཙུསྨ་ཤ་ཁམས་ཁས་རྦད་ཤག་དགྲ་ལ་སྨྱོ་སྨྱོ། རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་གཟའ་གདོང་བསྲེས་པའི་ལས་ཀྱི་ལུང་ལས། གསང་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཨེ་མའོ། བདེ་བར་གཤེགས་པ་རྒྱལ་བ་ཐམས་ཅད་དངོས་གྲུབ་མཐའ་ཡས་པ། རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། དྲེགས་པ་ཕོ་མོའི་གནས་དང་དཀྱིལ་འཁོར་རྫས་དང་ལས་རྣམས་བཤད་དུ་གསོལ། ཨལ་ལ་ས་མ་ཡ་ཧོ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་ཁྲག་ལ་སོགས་ཁྲག་སྣ་འབྱོར་ཚད་དང་། །ར་མཆིན་ལ་སོགས་སེམས་ཅན་ཤ་སྣ་བུ། །དྲེའུ་དང་བོང་བུའི་ཐོད་པར་ཚིལ་ཆེན་དག་ཀྱང་བསྲེ། །རིགས་ཀྱི་དབྱིབས་སུ་ལྡན་པའི་ཟན། །ཁྲག་གི་ཐིག་ལེ་བྱས་ལ་འཁོར་ལོ་དགོད། །དེ་ལ་འུག་པ་ཁྲ་དང་སྲིན་བྱ་སྐྱེ་ཀའི་སྒྲོ། །མིང་རུས་སྔགས་དང་སྦྲེལ་ཏེ་བྲིས་ལ་གདགས། །རྒྱལ་མཚན་བཞི་ལ་སོགས་པའི་རྒྱན་ཡང་དགྲམ། །ག་བུར་ཙན་དན་ལ་སོགས་དྲི་ཡི་ཚོགས་རྣམས་ཀུན། །རོག་ཏའི་གནས་སུ་བསེ་ཁབ་ནང་དུ་བསོགས་ཏེ་སྦྲུལ་གྱི་པགས་པས་གཏམས། ཁྲ་ལྔ་ལ་སོགས་པའི་དམར་གྱི་རྫས། །ལྷོ་ཡི་གླིང་ལ་ཐོད་པའི་ནང་དུ་གསོག །དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་རྣམས། །དུང་ཕོར་ནང་དུ་ནུབ་ཀྱི་གླིང་ལ་བསོགས། །འབྲུ་དང་མེ་ཏོག་རིན་ཆེན་སྣ་ཚོགས་རྣམས། །རིན་ཆེན་སྣོད་དུ་གླིང་གི་གླིང་ལ་བཞག །རབས་ཆད་རྩ་ཀི་ལ་ནི་ནག་པོ་ལ། །ནང་དུ་དྲི་ལྔ་བདུད་རྩི་ལྔ་ཡིས་བྱུག ཁྲག་སྣ་གསུམ་གྱིས་ཐིག་གདབ་འཁོར་ལོ་བྲི། །གོང་བཞིན་སྙིང་པོ་བྲིས་ཏེ་རྫས་བསགས་པ། །ཆུ་ཡི་མི་དང་ས་ཡི་མི་དང་བྱི་བའི་སྙིང་དང་དགྲ་ཆའི་སྙིང་དག་ལ། ཁྲ་སྣ་ཁྲག་སྣ་འབྱོར་ཚད་དག་དང་ནི། །དེ་ཡི་ཡུལ་དང་དགྲ་ཡི་མིང་རུས་དང་། །ཐུན་གྱི་རྫས་རྣམས་དེ་རུ་བླུགས་པར་བྱའོ། །གསང་བ་ནང་གི་འཁོར་ལོ་ཡིན། །སྦས་པ་གསང་བའི་འཁོར་ལོ་ནི། །རྣལ་འབྱོར་ལུས་ཀྱི་ཡན་ལག་སྟེ། །སྙིང་ཁར་ཡི་གེ་ཧུ༷་བཀོད་ལ། །འཁོར་ལོ་དབུས་ཀྱི་ལྟེ་བ་ཡི། །གཡས་གཡོན་ཡན་ལག་རྩ་ཆེན་བཞི། །འཁོར་ལོ་བཞི་སྟེ་སྲིང་བཞི་གནས། །དེ་ཡི་རྫས་ཏེ་དམར་ཆེན་ཡིན། །ཡང་ན་སེང་ལྡེང་ཕུར་པ་ལ། །སྔགས་དང་སྙིང་པོ་བཅས་པ་བྲི། །མཆོག་ཏུ་དེ་ལ་སྔགས་པ་ཡིན། །དེ་ལྟར་དཀྱིལ་འཁོར་རྣམ་བཞི་རྫས་དང་བཅས་པ་སྲ །རྣལ་འབྱོར་དངོས་གྲུབ་རྣམ་གཉིས་ཐོབ། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འབྱགས་དབབ་པའི་རྒྱུད་ལས། དྲེགས་པ་མིང་སྲིང་གི་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མི་འགྱུར་བའི་གཟེར་འདི་དག་བཀའ་སྩལ་ཏོ། །འཁོར་ལོ་ཅན་དང་དམ་རྫས་ཅན། །ས་བོན་ཅན་གྱི་ཐོད་པ་ཕུར་པར་བཅས། །འདི་ནི་རྫས་ཀྱི་བར་སྣང་གཟེར། །སྒྲུབ་པའི་མགོ་འཇུག་བར་གསུམ་དུ། །ཡུལ་དང་མིང་རུས་སྨོས་པ་ནི། །འདི་ནི་སྒྲུབ་པའི་གཟེར་གསུམ་མོ། །ལྷ་སྔགས་དྲེགས་པ་ཕོ་མོའི་སྔགས། །ལས་ལ་སྦྱོར་བའི་དབུ་ཞབས་བར་དུ་བརྣག་པ་བརྗོད། །འདི་ནི་སྔགས་ཀྱི་གཟེར་ཆེན་གསུམ། །མདུང་ཤིང་རྩེ་དང་སྤྱང་མོའི་རྩེད། །ཕག་མོའི་རྡུར་ལ་རྟ་གསུམ་གཞུག །དེ་ནི་ངེས་པར་གདོན་མི་ཟ། །འདི་ནི་རྟ་མའི་གཟེར་གསུམ་ཞེས་བྱའོ། །ཡང་ན་ལྷ་རྟེན་ཆུ་མིག་ཡུལ་དབུས་སུ། །ཁུང་བུ་གྲུ་གསུམ་ཆག་གང་བྲུ། །ཞབས་སུ་ཕོ་བྲང་དཀྱིལ་འཁོར་བྲི། །ཙག་ཀྲོ་ལ་ཡི་ཐོད་པ་དེར། །བསྒྲུབ་པའི་རྫས་དང་གཏོར་མ་དང་། །སྨན་གྱི་ཕུད་དང་གཏོར་ཁྲག་བླུགས། །དྲེགས་པ་རྒྱུ་བའི་དུས་ཚོད་ལ། །གཟའ་དང་མ་མོ་བཀུག་ལ་མཆོད། །དེར་བཞུག་མནན་པའི་འཁོར་ལོས་གདབ། །དཔང་རྣམས་བཙུགས་ལ་ལྷ་སྲིན་མཆོད། །དེ་ནི་ཕྱི་ཡི་ས་གཟེར་ཡིན། །བསྣོལ་དྲི་མོའམ་རྒྱལ་པོའི་སྙིང་དག་ལ། །ངན་སྔགས་བྲིས་ལ་ཕོ་བྲང་དབུས་ལ་བསྒྲུབ། །ཡུངས་ཀར་ཡུངས་ནག་ཁྲག་སྐམས་གུ་གུལ་ནག་པོ་རྫས། །ཏིལ་ནག་ཐལ་ཆེན་མི་སྙིང་དག་དང་སྦྲགས། །དངོས་གྲུབ་ཐོབ་པས་རྟག་ཏུ་ལུས་ལ་བཅང་། །དེ་ནི་ནང་ལྟར་བསྒྲུབ་པའི་གནམ་གཟེར་ཡིན། །ངན་སྔགས་ཡང་སྙིང་རྟག་ཏུ་གདོན་པ་བྱ། །གསང་བའི་དམར་ཆེན་ནང་དུ་སྐུ་བསྟིམ་ནས། །རྟག་ཏུ་བསྒོམ་ནས་བདག་མཆོད་གསང་བའི་བར་སྣང་གཟེར། །རྟག་ཏུ་ཡི་དམ་མི་འགྱུར་མི་འབྲལ་ན། །དྲེགས་པ་མིང་སྲིང་རྟ་མ་ཡིན་པར་བཟུང་། །རྒྱུན་གྱི་གཟེན་ཆེན་ཡེ་ནས་ཐེབས་པ་ཡིན། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའིརྒྱུད་ལས། རོག་ཏི་ནག་པོ་འབྱུང་བའི་བདག་མོ་བཞི་ཡི་གཟེར་གདབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་གསལ་བ་ལ་མཉམ་པར་གཞག་ནས། འདི་སྐད་ཅེས་གསུངས་སོ། །ཨེ་མའོ། སེམས་ཅན་ཀུན་རྟོག་ཏིང་འཛིན་བྱིན་གྱིས་རློབས། །ཆོས་རྣམས་ཏིང་འཛིན་སྤྲོས་བྲལ་དམ་པ་ལས། །ཧུ༷་གི་མཐའ་ལས་བྱུང་བའི་དཀྱིལ་འཁོར་འབར། །བྲུ༷་ལས་བན་དྷ་རིན་ཆེན་གནས་སུ་བསམ། །དུར་ཁྲོད་རྒྱན་དང་དབྱིབས་སུ་ལྡན་པ་ལ། །དབུས་ཀྱི་ཨེ་ལ་ཉི་ཟླ་དྲེགས་པའི་གདན། །ཧུ༷་ལས་རྡོ་རྗེ་ཚོན་གང་བདག་ཉིད་ཁྲོ་བོ་གསལ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རིགས་ལྔའི་སངས་རྒྱས་རྫོགས། །གཡས་གཡོན་དང་པོ་རྡོ་རྗེ་མེ་དཔུང་དང་། །བར་མ་རྩེ་ལྔ་ཁ་ཊ༷་ཐ་མ་རི་རབ་ཕུར་བུ་འདྲིལ།།སྐུ་གསུང་ཐུགས་ལྡན་ཁྲོ་ཆུང་སྐ་ནན་དང་། །ཐུགས་ལ་འབར་བའི་སྲོག་ཀྱང་བཞུགས། །འཇིགས་བྱེད་སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །རྔམ་པའི་གསུང་གི་ཀི་ལི་འབྲུག་ལྟར་སྒྲོགས། །རྡོ་རྗེ་གར་གྱི་དབང་མོ་སྐུ་ལ་འཁྲིལ། །ཆ་ལུགས་སྐུ་འདྲ་ཆགས་པའི་བདེ་བ་སྟོབས། །སྐུ་ཡི་གནས་བཅུར་ཁྲོ་བོའི་འཁོར་བཅས་ཚོམ་བུར་བསམ། །རྣམ་ཤེས་བརྒྱད་པོ་ཡུལ་དང་བཅས་པ་ལ། །ཀི་རི་སིང་ངའི་ཚོགས་ཀྱང་དེ་བཞིན་ཏེ། །དབང་པོ་སྲས་མཆོག་ཡན་ལག་སྒོ་མ་དང་། །ཅི་བགྱི་ལ་སོགས་མདུན་རྒྱབ་ཟུར་གཉིས་ཐུགས་ཀར་ཏེ། །ཐུགས་ཀར་བརྒྱད་དེ་ཕྱོགས་བཞིར་ལྔ་ལྔའོ། །དེ་ལྟར་གསལ་ན་མཁའ་གསང་བྱིན་གྱིས་བརླབ། །སྦྱོར་བའི་བརྡ་བསྐུལ་བྱང་ཆུབ་སེམས་ཆུ་ལས། །ཡི་གེ་ལྔ་ནི་འཐོན་ནས་སུ། །དབུས་དང་འཁོར་ལོ་བཞི་ལ་དགོད། །སྐུ་བསྐྱེད་རྩ་བའི་སྔགས་བརྗོད་པས། །དབུས་སུ་ཁྱབ་འཇུག་ཉིད་ཀྱི་སྐུ། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ། །ཉིད་ཀྱི་དབུ་ནི་ཆུ་སྲིན་ཏེ། །སྤྲུལ་པའི་དབུ་བརྒྱད་དང་ཡང་ལྡན། །མགོ་ལུས་མེད་པར་སྤྱན་གྱིས་ཁེངས། །གདུག་པའི་ཕྱག་ཆ་སྣ་ཚོགས་འཆང་། །ལྕགས་ཀྱི་དྲ་བའི་ནང་ན་ཞུགས་པར་བསམ། །ཤར་དུ་སྟག་སྲིན་ཕྱག་གཉིས་སྨུག་ནག་སྐུ། །དབུ་གཉིས་སྟེང་མའི་དབུ་ནི་སྟག་གི་དབུ། །སྐུ་ཞབས་སྟག་གི་ཤམ་ཐབས་ཐོད་འཕྲེང་བརྒྱན། །དྲི་ཟ་རྣམས་ལ་དབང་སྒྱུར་འབྲུག་སྒྲ་འབྱིན་པར་བསྒོམ། །ལྷོ་རུ་བམ་སྲིན་ཕྱག་གཉིས་སེར་ནག་སྐུ། །དབུ་གཉིས་སྟེང་མའི་དབུ་ནི་དྲེད་ཀྱི་དབུ། །གཡང་གཞི་སྟོད་གཡོགས་དྲེད་ཀྱི་ཤམ་བུ་ཅན། །གློག་འགྱུར་གྲུལ་བུམ་རྣམས་ཀྱིས་བསྐོར་བར་བསྒོམ། །ནུབ་ཏུ་སྐོང་སྲིན་ཕྱག་གཉིས་དམར་ནག་སྐུ། །དབུ་གཉིས་སྟེང་མའི་དབུ་ནི་བ་གླང་དབུ། །སྐུ་ལ་གཡང་གཞི་བ་གླང་ཤམ་ཐབས་ཅན། །ཀླུ་ཡི་སྐོར་ནི་བུ་ཡུག་འཐོར་བར་བསྒོམ། །བྱང་དུ་འབྲོག་སྲིན་ཕྱག་གཉིས་ལྗང་ནག་སྐུ། །དབུ་གཉིས་སྟེང་མའི་དབུ་ནི་ཆུ་སྲིན་ཏེ། །གཡང་གཞི་གསོལ་ནས་ཆུ་སྲིན་ཤམ་བུས་བརྒྱན། །ཡག་ཤོས་བསྐོར་ནས་ནད་ཀྱི་རླངས་པ་འཐོར། །མ་མོ་ཚོགས་ཆེ་རབ་འཇིགས་པ། །དུར་ཁྲོད་རྒྱན་དང་གནམ་ལྕགས་ཟོར་བའི་དབུ་བརྒྱན་ཅན། །ཐུགས་ལ་སོ་སོའི་རང་སྔགས་ལྡན་པར་བསམ སོ་སོའི་མ་མོའི་འཁོར་གྱིས་བསྐོར་བ་ལ། །འཁོར་བཅས་རྣལ་འབྱོར་བཀའ་སྩལ་ཉན་པར་བསམ། །སྤྲུལ་པ་རྣམས་ནི་དོན་གྱིས་ཤེས་པར་བྱའོ། །སྤྱན་དྲངས་ལ་སོགས་མཆོད་ཅིང་བཟླས་པ་ཡིས། །རྟགས་བྱུང་ནས་ནི་ཐོད་པར་དེ་བཞིན་བསྐྱེད། །དེར་མཆོད་འཛབ་བཟླས་དངོས་གྲུབ་བླངས་པ་དང་། །རྣལ་འབྱོར་སྐུ་ཡི་དཀྱིལ་འཁོར་གསང་བར་བསྟིམ། །ཞབས་གཡོན་ཤར་གྱི་རྩ་དེ་དར་དཀར་ལྕེལྭ །གསེར་གྱི་སྐྲུ་གུར་སྟག་སྲིན་འཁོར་བཅས་བསྒོམ། །ཕྱག་གཡོན་རྩ་ཆེན་བི་ཌརུ་ཡི་མདོག །གསེར་གྱི་སྐྲུ་གུར་བམ་སྲིན་འཁོར་བཅས་བསྒོམ། །ཕྱག་གཡས་ནུབ་ཀྱི་རྩ་དེ་ལ་བརྒན་མདོག །གསེར་གྱི་སྐྲུ་གུར་སྐོང་སྲིན་འཁོར་བཅས་བསྒོམ། །ཞབས་གཡས་བྱང་གི་རྩ་དེ་གཡུ་ཡི་མདོག །གསེར་གྱི་སྤུ་གུར་འབྲོག་སྲིན་འཁོར་བཅས་བསྒོམ། །དབུས་ཀྱི་རྩ་ཆེན་ཡན་ལག་བཅས་པ་ལ། །འཇིགས་བྱེད་ཆེན་པོ་འཁོར་དང་བཅས་པ་བསྒོམ། །དེ་དག་རང་རང་རིགས་ཀྱི་གདན་སྟེངས་སུ། །སོར་བཞིའི་ཚད་དུ་རང་རང་རིགས་སུ་བསྒོམ། །དེ་རུ་ཐོད་པ་དཀྱིལ་འཁོར་སྔགས་འདི་བསྡུ། །རག་ཤ་རག་ཤ་རཀྟ་རག་མོ་ས་མ་ཡ་ཏིཁྱི་ཧུ༷་ཛ་ཧུ༷། དེ་རྟག་ཏུ་བསྒོམ་ཞིང་ལས་ལ་སྤྲོས། །ཞེས་གསུངས་སོ། །དེ་སྐད་ཅེས་གསུངས་པ་ལ། གསང་བའི་བདག་པོས་འདི་སྐད་ཅེས་བསྟོད་དོ། །ཨེ་མའོ་དཔའ་བོ་ཆེན་པོ་ཐུགས་རྗེའི་བདག །ཕྱི་རབས་དོན་དུ་དཀྱིལ་འཁོར་རྣམ་གསུམ་བསྟན། །དངོས་གྲུབ་ཐབས་ལྡན་བདག་ཅག་ངོ་མཚར་ཆེ ཨེ་མ་ཨ་ལ་ལ་ཧོ་ཞེས་བསྟོད་དོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཀྱེ་ཀྱེ། ཀྱེ་མའོ་བཅོམ་ལྡན་བདུད་ཀྱི་བདག །བདུད་ཀུན་གྱི་ནི་བདུད་བདག་པོ། །བདུད་ཀྱི་བདུད་དེ་བདུད་མཛད་པ། །འགལ་བྱེད་དམ་སྲི་གདུལ་ཞིང་ཆུ་འཁྱགས་དབབ་པའི་ཕྱིར། །དྲེགས་པ་ཁྱབ་འཇུག་ཆེན་པོ་བསྒྲུབ་པའི་འཕྲིན་ལས་གང་། །བདུད་ཀྱི་རྒྱལ་པོས་བསྟན་པ་བསྲུང་བའི་དོན་དུ་སྟོན། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི༷ ས་སྔགས་གསང་བའི་འདི་དག་ཐུགས་རྗེ་ལས་འཐོན་ཏེ། ཨོ་བཛྲ་པ་ཏི་ཧུ༷་ལ། སུ་བཛྲ་ཡག་ཤ་ཀེ་ཏེ་ཀེ་ཏེ། བཛྲ་རག་ཤ་ཛ་ལ་ཏི་སྲུཧྭ། ཞེས་པ་ནི་བོད་པའོ། །ཨོ་པུ་ཙེ་པུ་ཙེ་ད་ན་པུ་ཙེ་ས་མརྙ་ཨ་ཀར་ར་དུ་རུ་དུ་རུ་ཕྲོ། ཞེས་པ་ནི་རྦད་པ་དང་ཀུན་ལ་འཇུག་༷པའོ། །ཧུ༷་ཛ་ཏི་ར་ཧྲུ༷་ཀ་ལི་ལ་ཡ། ཕོབ་ཏ་ཤར། ཤལ་ཏ་ཤལ་ཏ་ཧུ༷་ཕཊ། ཡོན་ཏན་གྱི་སྙིང་པོའོ། །ཙ་ར་མུ་ནེ་ཕྲོ༷་ཨག་ནཱ་ག་རག་མོ་ཀྲོདྷ་རེ་གྲྭཧྭ། ཕ་མ་བུའི་སྙིང་པོ་བསྡུས་པའོ། །རྒྱང་རྗེ་རྐྱང་མོ་ཙུ་རུ་ཏ་ཕཊ། ཧོ་ཧོ་ཕྲོ་མུ་ར་མུ་ཤ་དུ་རུ་ཕྲོ། འཕྲིན་ལས་ལ་བསྐུལ་བའོ། །དེ་ནས་ཡང་དཀྱིལ་འཁོར་གསང་བ་འདི་སྐད་ཅེས་འཐོན་ཏོ། །གྲུ་བཞི་པ་ཡི་དཀྱིལ་འཁོར་ལ། །དྲི་ཡི་རྒྱལ་པོ་བྱུགས་ནས་ནི། །རྩིབས་བརྒྱད་པ་ཡི་ཐིག་བཏབ་སྟེ། །སྒོ་དང་གིང་བཞིདེབཞིནནོ། །དབུས་ཀྱིགྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་དང་མུ་ཁྱུད་དཀར། །འཁོར་ལོ་སེར་ལ་རྩིབས་མཆན་གནག །མཚམས་བྱེད་ཐམས་ཅད་འཕྲེང་གྲུ་ཆད་ལྗང་། །ག་ལིང་བཞི་སྒོ་རྣམས་རིགས་དང་སྦྱར། དེ་ནས་ཡང་ལས་ཀྱི་སྟོང་ཐེབས་པར་བྱ་བའི་ཕྱིར། །མཐུན་པ་དམ་རྫས་བསག་པ་འདི་སྐད་ཅེས་གསུངས་སོ། །བསེ་ཁབ་ཐོད་པ་ཁ་སྦྱར་དང་། །དྲི་དང་སྨན་དང་མངར་གསུམ་ལ། །རྣམ་པ་སྣ་ཚོགས་འབྱོར་ཚད་དེ། །དམར་སེར་བ་ཡི་འོ་མར་བཅས། །གཞན་ཡང་ཤ་སྣ་ཐལ་ཆེན་དང་། །གུ་གུལ་ནག་དང་གདུག་པའི་འབྲུ། ཁྲག་སྣ་དང་ནི་སྦྱར་ནས་ནི། །སྦྲུལ་ཤུན་དག་གིས་རྒྱ་གྲམ་བཅིང་། །ཕོ་བྲང་དབུས་ཀྱི་ཨེ་ལའོ། །ཡུལ་དང་བསྒྲུབ་བྱའི་མིང་བྱང་དང་། །རང་དང་ལིང་ག་དེ་བཞིན་ནོ། །གཞན་ཡང་འཁོར་ལོ་རྩིབས་བརྒྱད་ལ། །སྤྲུལ་པ་བརྒྱད་ཀྱི་མཆོད་རྫས་དང་། །མཐུན་པའི་སྒྲུབ་རྫས་སྣ་བརྒྱད་ཀྱང་། །དེ་བཞིན་དུ་ནི་དགོད་པར་བྱའོ། །སྤྱན་དྲང་མཆོད་ཅིང་བཟླས་པ་དང་། །བསྒྲུབ་ཅིང་ཐུགས་དམ་གནད་ནས་བསྐུལ། །ཕྱོགས་མཚམས་རིམ་གྱིས་མ་ནོར་བར། །རྒྱུ་དང་ལྡོག་པའི་དུས་བཟུང་སྟེ། །དུས་བརྒྱད་དུ་ནི་དྲག་སྔགས་བརྡེག །ཚེས་བཞི་བརྒྱད་དང་བཅུ་གཅིག་དང་། །བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས། །ཉེར་ལྔ་ཉི་ཤུ་དགུ་ལ་བྱ། །གདོང་ཚུགས་སུ་ནི་བྱེད་གྱུར་ན། །འོང་བའི་སྔོན་དུ་ལིང་ག་བཞག །གཏིང་ཐོགས་སུ་ནི་བྱེད་གྱུར་ན། །ཕྱི་བཞིན་སྔགས་ཐུན་ཕུར་པས་གདབ། །དེ་ཡང་ཏིང་འཛིན་ཉམས་དང་སྦྱར། །ཉམས་དང་ཏིང་འཛིན་གཡེལ་གྱུར་ན། །བསྲེགས་ནས་བརྡེག་ཅིང་ལྷ་སྲུངས་དབྱེ། །དེ་ཡིས་འགལ་བྱེད་རླག་པར་འགྱུར། །རྡོ་རྗེ་ཕུར་པ་གཟའ་གདོང་བཅས་པའི་རྒྱུད་ཀྱི་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཁྱབ་འཇུག་སྤྲུལ་པ་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡ། ཟོར་ཐབས་ཐུན་གྱི་ལས་འདི་རྣམས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཨེ་མའོ་བདེ་གཤེགས་ཐུགས་བྱིན་བསམ་མི་ཁྱབ། །སྲིན་པོ་སྲིན་མོའི་དམ་ཚིག་བསྐུལ་ནས་ཀྱང་། །འགལ་བྱེད་ཚོགས་ལ་ཟོར་ཕུར་ཐབས་ཀྱི་བསད་ཅིང་བཟློག་པར་བྱའོ། །བདུན་ཟུར་གཤེད་ཀྱི་དུས་ལ་དབབ་པ་དང་། །དཀྱིལ་འཁོར་སྒྲུབ་རྫས་གོང་བཞིན་ལས། །ཟོར་ཐུན་ཐབས་ཀྱི་གཞི་བསྒྲུབ་རྫས་བསག་པ། །ཡུལ་གྱི་སྔོ་རྒ་ཕུ་ཆུ་སེར་པའི་ཆུ། །ཐོད་པར་བླུག་ལ་བྱང་གི་ཟླ་ཁམ་ལ། །ར་དཀར་ཁྱི་དཀར་དམར་སེར་བ་ཡི་ཞོ། །གུ་གུལ་དཀར་པོ་འབྲེས་ཆེན་སྨན་དང་སྦྱར། །ཐོད་པར་བླུག་ལ་ནུབ་ཀྱི་ཟླ་གམ་ལའོ། །ཤ་སྣ་ཁྲག་སྣ་བན་ད་ཧྲིལ་པོ་བླུག །ཤར་གྱི་ཟླ་ཁམ་སྟེངས་སུ་བཞག་པར་བྱའོ། །དགྲ་དང་ཡུལ་ས་དགྲ་བླ་བོན་ཆོས་བསྲུངས་མའི་མིང་བྱང་བྲི། །ར་ཡི་སྐྱེར་གདགས་ཤེས་བསྟིམ་ལ། །དུས་དྲུག་བསྐང་ཞིང་ཞལ་དུ་བསྟབ། །སེང་ལྡེང་ཕུར་སྙིང་སྔགས་ལྡན་པས། །རི་རབ་ལྟར་དུ་བསྒོམ་ལ་བྱིན་བརླབས་ལ། །ཚིལ་ཆེན་ཐལ་ཆེན་ཁྲག་ཆེན་བྱུགས་ནས་ཀྱང་། །གུ་གུལ་ལ་སོགས་སྨེ་བའི་དུད་བཏང་ནས། །ཁྲོ་བདག་ཆེན་པོ་གཟས་པ་ལྷ་དང་བཅས་པ་ལ་བཏབ་ལ། །ལས་ཀྱི་ཕུར་ཐུན་བརྒྱད་ཀྱང་དུས་དང་སྦྱར་ཞིང་གདབ། །ཐོད་པ་གསུམ་པོས་ལས་ཀྱི་ཐུན་ཡང་གདབ། །སྲོག་དང་སེར་བ་བྱེད་པ་དོན་གྱི་མན་ངག་སྦྱར། །ར་བསྒྲལ་ཤ་རུས་ཁྲག་རྣམས་ཟོར་ཐུན་རྫས་སུ་སྦྱར། །གཡང་གཞི་བརྡབ་ཅིང་དྲོད་པ་བུད། །ཟོར་དུ་བྱེད་ན་ཁྲག་འཕང་ཐོད་པ་སྐྱིལ། །དེ་ནས་ཐབ་ཏུ་བྱེད་འགྱུར་ན། །མི་རྐང་སྒྱེད་གཟུགས་བན་དུ་ཕྲུ་བར་བྱ། །དུར་ཁྲོད་ཤིང་ལ་མེ་བཏང་ཁོལ་ནས་ཁྲམ་ཤིང་ནག་པོ་སྐྱེལ། །སྔོ་དང་བསྲེས་ཐབ་ལྷོ་རུ་སྟེ། །འོ་མ་དང་བསྲེས་ཐབ་ནི་ཤར་དུ་ཡིན། །དམར་དང་སྦྱར་བའི་ཐབ་ནི་བྱང་དུའོ། །གནམ་ས་བར་སྣང་གསུམ་གྱི་ཐབ་ཅེས་བྱ། །མི་སོགས་ཁྱིམ་བྱས་ཐལ་འཇིམ་ཕྱོགས་སུ་དོར། །རང་ལ་འཁྲིས་ན་རབ་ཏུ་དགྲ་ལ་བཟློག །སྡིགས་མཛུབ་བསྒྲེང་སྟེ་དམིགས་པས་ལམ་ཡང་བསྟན། །དེ་ལྟར་ལས་རྣམས་ཅི་བྱེད་ཀྱང་། །བསྙེན་དང་བསྒྲུབ་དང་ལས་ལ་སོ་སོར་སྦྱར། །སྔགས་རྣམས་གོ་རིམས་དོན་གྱི་མ་ནོར་མན་ངག་སྦྱར། །བསྔགས་བསྒོ་པ་སྲུངས་དབང་གིས་རྒྱལ་པོས་དབང་དུ་བསྡུ་བ་ནི། །ཨོ་བཛྲ་ཀི་ལ་ཡ་ཧ་ཡ་གྲི་བ་ཧྲི་དབང་། ཕཊ་མརྙི་ཧྲི་གབ། ཙན་དར་ག་ཤ་ཧྲི་གབ། ལས་ཀྱི་གཞུང་དུ་གདགསཔནི། ཨོཏིཀྟབ༷ ཛཏིབམ། ཨུཏིཀྟཀུརུཛཏིསྟརྦད། སམཡཏིསྟརྦད། ཛལམུ་ག་ཏི་ས་རྦད། དེ་ལྟར་ལས་རྣམས་བྱས་གྱུར་ན། །ངན་བྱེད་མཚམས་མེད་སྲོག་ཅན་རབ་ཏུ་འཇོམས་པར་བྱེད། །སྲོག་སེར་གཉིས་ལ་གདོན་མི་ཟ། །ཞེས་གསུངས་སོ། །དེ་ནས་ཡང་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་རྨད་དུ་བྱུང་བའི་ཚིག་གིས་བསྟོད་དོ། །ཧུ༷། དུས་གསུམ་མངའ་མཛད་དཔལ་ཆེན་རོལ་བའི་སྐུ། །བཞད་པའི་སྒྲ་སྐད་ཀི་ལ་ཡའི་སྲིད་གསུམ་འབྲུག་སྒྲ་སྒྲོགས། །ཐུགས་ཀྱི་དགོངས་པ་མ་གཡོས་དབུ་མའི་ངང་། །སྤྱན་མིག་བཟློག་པས་ཐོག་བདག་ལས་ལ་གཏོང་། །ཤངས་ནས་རླང་བྱུང་སྲིད་གསུམ་འཐོར་ཞིང་གཡོ། །སྦྲུལ་གྱི་ཆུན་པོས་ཀླུ་རྒྱལ་གདན་ལ་བེབས། །སྙན་གྱི་སྒྲ་མས་སྲིན་པོ་དམ་ལ་སྡུད། །རལ་པ་གསིགས་བས་མ་མོ་སེར་ཆེན་འབེབས། །ལྗགས་ཀྱི་རྐན་བརྡབས་བར་སྣང་གློག་གིས་འགེངས། །མཆེ་བ་གཙིགས་པའི་སྤྲུལ་པས་ཀི་ཀང་འབེབས། །ཞབས་ཀྱི་སྟང་སྟབས་དགྲ་བགེག་གནད་ལ་འབེབས། །རྡོ་རྗེ་གཤོག་པས་ཁམས་གསུམ་ཟིལ་གྱིས་གནོན། །དུར་ཁྲོད་ཆས་ཀྱིས་སངས་རྒྱས་དམ་ལ་སྡུད། །རབ་འཇིགས་ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །དྲེགས་པའི་ཚོགས་རྣམས་འཇོམས་ལ་ཕྱག་འཚལ་བསྟོད། །ཞིང་བཅུ་གནས་ནས་ལེན་ལ་ཕྱག་འཚལ་བསྟོད། །ཡལ་གམ་དངོས་གྲུབ་གསོལ་ལ་ཕྱག་འཚལ་བསྟོད། །ཙཀྲ་ཀི་ལ་་ཡ། ཨ་སི་ཀི་ལ་ཡ། པ་ཤ་ཀི་ལ་ཡ། སིརྙི་ཀི་ལ་ཡ། རྡོ་རྗེ་ཕུར་པ་གཟའ་གདོང་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཟོར་ཐབ་ཐུན་གྱིས་དབབ་པ་དང་འཁོར་གྱིས་བཅོམ་ལྡན་འདས་ལ་བསྟོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བདག་པོ་ལ། །ལྷའི་ལྕམ་མོས་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་ཐུགས་རྗེའི་བདག །བདག་གི་ལས་དང་འཚལ་བ་གང་། །བདག་ལ་དམིགས་པ་བདག་ལ་གསོལ། །ཞེས་གསོལ་ཏོ། །དེ་ནས་རྡོ་རྗེ་ཕུར་པའི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ཁྱེད་ཅག་འཁོར་ལ་གཏད་པ་ནི། །ལུས་འཕགས་གླིང་གི་ལོ་ཐོག་དང་། །ཞི་བ་དང་ནི་ཕོ་ལོག་ནད། ཁྱེད་ཀྱིས་ལས་དང་ཟས་སྐལ་གྱིས། །ཞེས་ལུང་ནོས་ཤིང་ཕོག་གོ །དེ་ཡི་འཕྲིན་ལས་བཤད་བྱ་བ། །མཎྜལ་འདོམ་གང་ཟླ་ཁམ་དབྱིབས། །དྲི་སྣ་ལྔ་ཡི་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཟླ་ཁམ་གསུམ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས་པ་བྲི། །དབུས་སུ་མ་དང་ཧྭ༷་བཀོད་ལ། །རྩིབས་ལ་ལྷ་ཆེན་བརྒྱད་ཀྱང་བྲི། །སྟག་གི་སྙིང་དང་དམར་གཏོར་དང་། །ར་ཁྲག་བན་དྷ་དབུས་སུ་བཞག །དྲེའུ་ལམ་རྟ་ཡི་ཐོད་པ་མྲ །དགྲ་ཡི་མིང་དང་ཐུན་རྫས་བགས། །དྲི་དང་སྤྱན་གཟིགས་སྣ་མོགས་དང། །འཁོར་ལོ་བརྒྱད་ཀྱི་རྩིབས་ལ་བཞག །དབུས་སུ་ཁྲོ་བདག་ཆེན་པོ་དང་། །སྟག་སྲིན་ཟོར་བ་གདོང་ཡང་བསྐྱེད། །བོས་ལ་རྦད་དེ་དྲག་སྔགས་བརྡེག །ཨོ་བཛྲ་མ་ཏི་པྲ་གློ་པྲ་མ་ཛ་ཧུ༷་གྲྭཧྭ། རག་མོ་རག་མོ་སྙིང་ཙ་ཤ་མ་ལ་སྨྱོ། ཨོ་སྒག་རག་ཤ་སྙིང་ཀེ་ཏ༷་ཀུ་སི་ལ་ཤ་ཧྲི་ད་ཡ་དྲི་དགྲ་སྙིང་ལ་གཤོགས། དང་པོ་བདུན་འབུམ་ཉི་ཁྲི་ལ། །གཉིས་པ་བརྒྱ་ནི་རྩ་བརྒྱད་ཡིན། །གསུམ་པ་སྟོང་གི་ལས་བྱེད་འགྱུར། །ལས་ནི་འདི་སྐད་བཅོམ་བར་བྱའོ། །ཧུ༷། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས། །སྲིང་ཅིག་སྟག་སྲིན་ཟོར་བ་གདོང་། །ཚངས་དང་བརྒྱ་བྱིན་ཀུན་གྱི་ལྕམ་མོ་སྟེ། །འཁོར་དུ་ལྷ་དང་དྲི་ཟའི་ཚོགས་ཀྱིས་བསྐོར། །སྲིད་པའི་ཆུ་འབབས་ཕོ་ལྷོག་ནད་ཀྱི་བདག་མོ་ཁྱོད། །ལྕགས་ཀྱི་ཐོག་སེར་འབེབས་ཤིང་འབྲུག་སྒྲོགས་མ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཅེས་བསྐུལ་ནས་ཁྲག་ཐུན་དང་སྦྱིན་སྲེག་བྱས་ནས་མདངས་དང་བྲལ། ཁྱིམ་ལ་གཏོར་ན་ཕོ་ལོག་འོང་། །ཡུལ་ལ་གཏོར་ན་ཐོག་སེར་འབབ། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། སྟག་སྲིན་སྒྲུབ་ཅིང་ལས་བཅོལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་གཤིན་རྗེའི་ལྕམ་མོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་དཔའ་བོ་ཆེན་པོ་ཡོན་ཏན་བདག །ཐམས་ཅད་རྒྱས་པར་ཐུགས་ཀྱིས་རབ་གཟིགས་པས། ཁྱོད་ཀྱིས་བདག་ལ་ལས་དང་འཚལ་མ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །འཛམ་བུ་གླིང་གི་ལོ་ཐོག་འབྲུ་བབ་དང་། འགལ་བྱེད་སྲོག་ཆོད་གླང་ཐབས་བཀྲུག་པ་ཐོང་། །དཀར་པོ་ཕྱོགས་ཀྱི་འཆི་བདག་ཁྱོད་ཀྱིས་བཟློག །ཅེས་ལུང་ནོས་ཤིང་ཕོག་གོ །དེ་ནས་ཡང་དག་འདི་གསུངས་སོ། །དཀྱིལ་འཁོར་འདོམ་གང་སོག་ཁ་ལ། ཁྲག་དང་བདུད་རྩིའི་ཆག་ཆག་གདབ། །རྩིབས་བརྒྱད་ཨེ་དང་ལྡན་པ་ལ། །དབུས་སུ་ཧུ༷་དང་ར་བཀོད་ནས། །རྩིབས་བརྒྱད་ཡ་མ་བརྒྱད་ཀྱང་དགོད། །མོན་གྱི་སྙིང་དང་དམར་གཏོར་དང་། ཁྱི་ཁྲག་བན་ད་གང་ཡང་བཞག །སྟག་གམ་སྤྱང་ཁུའི་ཐོད་པ་སྲ །ཐུན་རྫས་དགྲ་བོའི་མིང་རུས་གཞུག ཁྲ་ཁྲག་སྤྱན་གཟིགས་ལྡན་པ་ཡི། །གཏོར་མ་བརྒྱད་ཀྱང་རྩིབས་བརྒྱད་ལ། །གཤིན་རྗེ་གཤེད་དང་དྲེད་གདོང་བསྐྱེད། །བོད་དང་རྦད་དང་གསང་སྔགས་བཟླས། །ཨོ་བ་ལོ་ཨག་ཤུག་མེ་བཛྲ་དུམ་ཕྲིང་ཧྭ༷་ཛ། ཨོ་རག་མོ་རག་མོ་རུ་རོ་རུ་ཙ་པ་ལ་ཨ་ཤུ་མེ་དགྲ་བོའི་སྙིང་ཁ་རག་མ་སྨྱོ། ཨོ་ཤ་ཏི་སྟ་མ་སྙིང་ལ་ཡ་ཨུ་ཙུས་སྨེ་ཤས་ཁྲག་སྙིང་ལས་གཤོག་རྦད། དེ་ནས་འཕྲིན་ལས་འདི་སྐད་བཅོལ། །ཧུ༷་ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ནས། །སྲིང་ཅིག་བམ་སྲིན་དྲེད་མོ་གདོང་། །གཤིན་རྗེ་འབར་མ་རྣམས་ཀྱི་ལྕམ་མོ་སྟེ། །འཁོར་དུ་གཤིན་རྗེ་གྲུལ་བུམ་རྣམས་ཀྱིས་བསྐོར། །སྲིད་པའི་ཆུ་འབེབས་རླུད་ནག་འཁྲུག་པའི་བདག །གསེར་གྱི་ཐོག་སེར་འབེབས་ཤིང་གློག་འགྱུར་མ། །རྣལ་འབྱོར་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དེ་སྐད་བསྐུལ་ཞིང་དྲག་པོའི་རྫས། །དུར་དུ་མནན་ན་སྲོག་དང་བྲལ། ཁྱིམ་ལ་གཏོར་ན་ཀླད་ནད་འཁྲུག་པ་འོང་། །ཡུལ་དུ་གཏོར་ན་གསེར་ཐོག་སེར་བའོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། བམ་སྲིན་དྲེད་མོ་གདོང་བསྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཀླུའི་ལྕམ་མོས་འདི་སྐད་ཅེས་གསོལ་བ་བཏབ་བོ། །རང་རང་དཔའ་བོ་ཐུགས་རྗེ་ཆགས་པའི་བདག །དབང་སྡུད་ཁྱོད་ཀྱིས་ཐུགས་རྗེས་རབ་གཟིགས་ལ། །བདག་ལ་ཁྱོད་ཀྱིས་ལས་དང་འཚལ་སྐལ་ཞུ། །ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་བཛྲ་ཀུ་མ་རས་འདི་སྐད་ཅེས་གསོལ་ཏོ། །བ་གླང་སྤྱོད་ཀྱི་ལོ་ཐོག་འབྲུ་བཅུད་དང་། །འགལ་བྱེད་སྲོག་ཕྲོགས་མཛེ་དང་ཁྲག་གཟེར་ཐོང་། །དམ་ལ་གནས་པའི་ཆུང་སྲིད་འཕེལ་པར་གྱིས། །ཞེས་ལུང་ནོས་ཤིང་ཕོག་གོ །དེ་ནས་ཡང་དེ་ཡི་འཕྲིན་ལས་འདི་གསུངས་སོ། །དཀྱིལ་འཁོར་ཟླུམ་པོ་ཁྲུ་དེའི་ཚད་དུ་སྟེ། །འོ་མ་སྨན་གྱི་ཆག་ཆག་བཏབ་ནས་ཀྱང་། །རྩིབས་བརྒྱད་ཨེ་དང་ལྡན་པ་བྲིས་ནས་ནི། །དབུས་སུ་ཧུ༷་དང་ཤ་བྲིས་ཏེ། །རྩིབས་བརྒྱད་ལ་ནི་ཀླུ་བརྒྱད་བྲི། །གླང་ཆེན་སྙིང་དང་དམར་ཆེན་དབུས་སུ་བཞག །བྱ་ཁྲག་བན་དྷ་གང་ཡང་ཟླ་གམ་དག་ལ་བཞག །སྐྲུལ་ནག་མཛོ་ཏོ་དག་གི་ཐོད་པ་སྲ །ཐུན་དང་དགྲ་བོའི་ཡུལ་མིང་བཅུག་ལ་བཞག །དཀར་གསུམ་ཀླུ་སྨན་ལ་སོགས་བརྒྱན་ལྡན་དགྲམ། །བ་གླང་གདོང་དང་རྟ་མཆོག་དབུས་སུ་བསྐྱེད། །སྤྱན་དྲངས་མཆོད་ཅིང་བསྙེན་པའི་དོན་རྫོགས་ནས། །བོད་རྦད་བསད་པའི་སྔགས་ཀྱིས་བརྡེག་པར་བྱའོ། །ཨོ་ག་ཏྲག་མ་ཏ་ཛ་བཛྲ་ཡག་ཤ་ཀྲིང་ཀྲིང་ར༷་མ་ཛ། ཨོ་རག་མོ་རག་མོ་ཙ་བ་ཙ་བ་མོ་ཁྲག་མུ་ཤ་དགྲ་སྙིང་སྨྱོ་སྨྱོ། ཨོ་སྙིང་ཙིརྟི་མ་ལ་སྨྱོ་སྨྱོ། གྲ༷་མ་ཏ་མ་ཏ་ཁ༷་ཁམ་ཁས་རྦད་དུ་ཕོབ་དགྲ་ལ་སྨྱོ་སྨྱོ། དེ་ནས་འདི་སྐད་ལས་བཅོལ། ཧུ༷། ནུབ་ཕྱོགས་པདྨ་རིགས་ཀྱི་དཀྱིལ་འཁོར་ནས། །སྲིང་ཅིག་རྐོང་སྲིན་བ་གླང་གདོང་། །ཀླུ་རྒྱལ་ཀུན་གྱི་ལྕམ་མོ་སྟེ། །འཁོར་དུ་ཀླུ་བདུད་བྱེ་བ་འབུམ་གྱིས་བསྐོར། །སྲིད་པའི་ཆུ་འབེབས་ཁྲག་གཟེར་རྒྱལ་མོ་ཁྱོད། །ཟངས་ཐོག་ཁྲག་གི་གཟེར་ནད་འབེབས་རྣལ་འབྱོར་བཅོམ་ལས་རྣམས་གྲུབ་པར་མཛོད། །དེ་སྐད་བསྟོད་དེ་ལས་བཅོལ་ནས། རྫས་དེ་ཆུ་མིག་དག་ཏུ་མནན་ན་མཛེ་རུ་འགྱུར། དེ་དག་དགྲ་ལ་བརྒྱབ་ན་ཁྲག་གཟེར་འོང་། དེ་དག་ཡུལ་དུ་གཏོར་ན་སེར་བ་དམར་པོ་འབབ། ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། རྐོང་སྲིན་བ་གླང་གདོང་བསྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་གནོད་སྦྱིན་གྱི་སྲིང་མོས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཨེ་མའོ་དཔའ་བོ་ཐམས་ཅད་རྡོ་རྗེ་ལས་ཀྱི་སྒྲོལ། །ཐམས་ཅད་རྒྱལ་བའི་ལུས་སུ་དགོངས་མཛོད་ལ། །བདག་གི་ལས་དང་ཚལ་མ་ཁྱོད་ལ་ཞུ། །ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་མོ་སྙནགྱི་འབྲས་བུའི་ལོ་ཐོག་དང་། །སྨྱོ་འབོག་ལྷོག་རྒལ་གག་པའི་ནད་ཐོང་ལ། །དམ་ཆོས་སྤྱོད་པའི་འཁོར་བཞི་འཕེལ་བར་གྱིས། །ཞེས་གསུངས་སོ། །དེ་ཡི་ལས་སུ་བསྟན་པ་ནི། །དཀྱིལ་འཁོར་གྲུ་བཞི་ཚད་ལྡན་ལ། །སྤོས་དང་རིན་ཆེན་ཆག་ཆག་གདབ། །དེ་དབུས་གྲུ་གསུམ་ཟླ་ཁམ་གསུམ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །དབུས་སུ་ཧུ༷་དང་ཤ་བཀོད་ནས། །རྩིབས་ལ་གནོད་སྤྱིན་སྲིན་པོ་གདོང་། །རྟ་ཡི་སྙིང་དང་དམར་གཏོར་དང་། །མི་ཁྲག་བན་ད་གང་ཡང་བཞག །དོམ་མམ་ཕག་པའི་ཐོད་པ་མྲ །དགྲ་བོའི་ཡུལ་དང་མིང་བྱང་གཞུག །དེ་ལ་ཐུན་གྱི་རྫས་ཀྱིས་བྲབ། །རྩིབས་ལས་འབྲུ་དང་རིན་ཆེན་དང་། །རྒྱན་དང་ལྡན་པའི་གཏོར་མ་དགྲམ། །བདག་ཉིད་བདུད་རྩི་འཁྱིལ་བ་དང་། །ཆུ་སྲིན་གདོང་ཡང་དབུས་སུ་བསྒོམ། །དེ་ཚེ་བོད་རྦད་བསད་པའི་སྔགས་འདི་བཟླས། །ཨོ་བཛྲ་ཀི་ལི་པྲིང་ཀ་ལིང་ཧོ་པ་ཡ་ཧུ༷་ཛ། ཨོ་བཛྲ་རག་མོ་རག་མོ་ཏྲག་མོ་ཤིག་ཤིག །དགྲ་བོའི་སྙིང་ཁ་རག་ལ་སྨྱོ། ཨོ་ཐུམ་རི་ལི་ལི་པྲ་ཙར་པྲ་མ་ཡ་གཤོགས། ཐུམས་རྦད་ཤག་མ་དགྲ་ལ་སྨྱོ། དེ་ཡི་དུས་སུ་འདི་སྐད་བསྐུལ། ཧུ༷། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། ཁྱོད་ནི་གནོད་སྤྱིན་རྣམས་ཀྱི་སྲིང་མོ་སྟེ། །འཁོར་ནི་གནོད་སྦྱིན་ཕོ་མོ་སྟོང་གིས་བསྐོར། །སྲིད་པའི་ཆུ་འབེབས་ལྷོག་རྒལ་གག་པའི་བདག །མཐིང་ཤིང་གཡུ་ཡི་ཐོག་སེར་འབེབས། །རྣལ་འབྱོར་བཅོལ་བའི་ལས་རྣམས་གྲུབ་པར་གྱིས། །དེ་སྐད་བསྟོད་ནས་མཆོད་དེ་ལས་བཅོལ་ནས། ཁེང་གཅིག་དྲུང་དུ་སྦས་ནས་སྨྱོ་ཞིང་འབོག །དགྲ་བོའི་སྙིངལ་གཏོར་ན་ལྷོག་རྒལ་འོང་། །ཡུལ་དང་ལོ་ལ་གཏོར་ན་ལྕགས་ཐོག་སེར་བ་འོང་། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། འབྲོག་སྲིན་བསྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེས། རྡོ་རྗེ་གདུག་པ་འདུལ་བའི་རྒྱལ་པོ་ལ་ངོ་མཚར་གྱི་ཚིག་འདི་སྐད་ཅེས་གསོལ་ལོ། །ཨེ་མའོ་བདེ་གཤེགས་རྡོ་རྗེ་གདུག་པ་འདུལ་པའི་གཙོ། །དྲེགས་པ་ལྕམ་དྲལ་བཅས་པ་ཡི། །མ་ནི་ཀླུ་ལས་བྱུང་བས་ན། །དྲག་པོ་ཀླུ་ཡི་སེར་བ་རྣམས་ནི་ཇི་ལྟར་དབབ། །རྣལ་འབྱོར་དོན་དུ་རྒྱལ་བ་གདབ་བོས་བསྟན་དུ་གསོལ། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གསང་བས་རྡོ་རྗེ་དྲག་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དྲག་པོ་གནམ་ལྕགས་ཀྱུ་ཀླུ་སེར་དབབ་པ་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཀླུ་ཡི་གནས་སུ་འདུག་ནས་ནི། །དཀྱིལ་འཁོར་པདྨ་འདབ་བརྒྱད་ལ། །དཀྱིལ་དུ་བྷ་ག་ཨེ་ཡིས་མཚན། །རྡོ་རྗེ་སྦྲུལ་གྱི་ཆུན་པོས་བརྒྱན། །དབུས་སུ་ཧུ༷་དང་ནཱ་ག་བྲི། །འདབ་བརྒྱད་ཀླུ་བརྒྱད་སྙིང་པོར་བཅས། །མཆོད་རྫས་དཀར་གསུམ་མངར་གསུམ་ཀླུ་སྨན་དང་། །གཏོར་མ་ལ་སོགས་མཛེས་པར་དགྲམ། །བདག་ཉིད་གསང་བའི་ཁྲོ་བོར་བསམ། །ཀླུ་བརྒྱད་ཕོ་མོ་བཀུག་བསྟིམ་མཆོད། །མེ་ཐབ་དཀར་པོ་ཟླུམ་པོ་ལ། །རྡོ་རྗེ་འོད་ཟེར་འཕྲོས་པས་བརྒྱན། །རྒྱལ་རིགས་ཁྱིམ་ནས་བླང་བའི་མེ། །ཨུ་དུམ་འབའ་རའི་ཤིང་ལ་སྤར། །མེ་ཡི་ལྷ་ཉིད་མཆོད་ནས་སུ། །མེ་ལྷའི་ལྟོ་བར་ཀླུ་རྣམས་བསམ། །དཀར་ལ་མངར་བའི་རྫས་རྣམས་ཀྱིས། །ཞི་བའི་ཚུལ་དུ་སྤྱིན་སྲེག་བྱ། །ཨོ་ཀི་ལ་ཡ་ཨསྣེ་དེ་བ་ནཱ་ག་དེ་བ་རྭ་ཛ་མ་ཧྭ་པྲུ་ཛ་ས་མ་ཡ་མཧྭ་ཤིསྟི་ཀུ་རུ་ཧུ༷་གྲྭཧྭ། བརྒྱ་ནི་རྩ་བརྒྱད་དག་ཏུ་དབུལ། །གཏོར་མ་བྱིན་བརླབས་འཁོར་ལ་སྦྱིན། །བདེན་པའི་ཚིག་གིས་ལས་ལ་བསྐུལ། །དེས་ནི་ཀླུ་ཡི་གདུག་པ་ཞི་བར་འགྱུར། །དེ་ནས་ཡང་ནི་ལས་ལ་སྦྱར། །བན་ད་མཚན་མེད་བཀྲ་མི་ཤིས། །དེ་རུ་ཁྲག་སྣ་དུག་སྣ་དང་། །རྒྱ་ཚིལ་འུ་ཟུ་དཀར་པོ་དང་། །ཡུངས་ཀར་གུ་གུལ་ཐལ་ཆེན་དང་། །གསང་སྔགས་འདི་ཡིས་བཟླས་ཤིང་བསྒྲུབ། །ཨོ་སྤྱི་རི་ཏྲ་་།ན་་་ན་བི་ལི་ཟེར་ཁྲོལ། ཤུ་ཤུ་ར༷་ཤེ་ན་ར༷།ཞེས་ནི་ཐོད་པར་རབ་ཏུ་བསྔགས། །གཞན་ཡང་སེང་ལྡེང་ཕུར་པ་ལ། །སྔགས་འདི་དག་ནི་སྟོང་དུ་བཟླས། །ཨོ་བཛྲ་ཀི་ལི་ཀི་ལི་ཡ་མི་ལི་མི་ལི་ཙན་ཏྲི་བཛྲ་ད་ཡ་གྲྭཧྭ། ཞབས་མས་ཕུར་བུ་ཐོད་པ་དྲིལ། །ཀླུ་ནག་གནས་པའི་ཆུ་རུ་གཞུག །བདག་ཉིད་རྡོ་རྗེ་གཞོན་ནུར་བསྒོམ། །བྱིན་བརླབས་དབང་བསྐུར་ཚུལ་བཞིན་བྱ། །ཆེ་བའི་ང་རྒྱལ་བསྐྱེད་ནས་ནི། །ཀླུ་གཟུགས་བརྡུང་ཞིང་སྔགས་འདི་བཟླས། །ཨོ་བཛྲ་མ་ཏི་ས་མ་ནི་ཛ།ཀྲུགས་ཀྲུགས་མ་མ་ནི་སྲི་སོད། དྲག་པོར་སོད་ཕོབ། ན་མ་ས་མ་ཏ་བིང་བིང་ཧུ༷་ཕཊ། ནཱ་ག་ནཱ་ག་དེ་བ་གན་དྲག་པོར་སོད་ཕོབ། གུ་གུལ་གནག་དང་འབའ་དུད་བཏང་། །མིང་རུས་བཅུག་ནས་མཛེ་ཡིས་འཛིན། །ཡུལ་མིང་བཅུག་ན་ཀླུ་སེར་འབབ། །རེ་དོགས་མེད་པར་གདོན་མི་ཟའོ། །གཞན་ཡང་ཐུན་བྱུང་ཆར་འབེབས་ན། །མཆོད་ཅིང་བསྒྲུབ་པ་གོང་བཞིན་དུ། །ལས་ལ་སྦྱར་བ་འདི་སྐད་གསུངས། །མཚན་མ་ངན་པའི་ཐོད་པ་ལ། །བཛྲ་མ་ཏིའི་སྔགས་ཀྱང་བྲི། །སྨེ་ཁྲག་གསུམ་དང་གར་ཏི་སྦྲེང་། །ལྐུགས་པའི་ཆུ་དང་སྔོ་ཁུ་དང་། །གཞན་ཡང་ཡུངས་ཀར་ཐལ་ཆེན་ལ། །གསང་སྔགས་འབུམ་ཕྲག་གསུམ་དུ་འདོན། །དེ་ལ་ཏིལ་མར་ཐལ་ཆེན་སྐུ། ཁྲོ་བོ་བྱིན་བརླབས་དུད་པས་བདུག །ཀླུ་ཡི་དམིགས་སུ་བཏབ་སྟེ་གཞུག །ཁྱབ་འཇུག་སྒྱུ་བའི་དུས་སུ་མནན། །དེ་ཡིས་ཆར་ཆེན་གདོན་མི་ཟ། །ཆར་ཆེན་རང་ཡང་གཅོད་པར་བྱ། །སྲོག་ལ་མིང་རུས་ལིང་ཁར་བཅས། །ཀླུ་ཡི་གནས་སུ་མནན་གཟིར་ནི། །ཡ་ང་བ་ཡི་ནད་རྣམས་འབྱུང་། །ཞེས་རྡོ་རྗེ་གསང་བའི་ཚིབ་ཏུ་གསུངས་སོ། །རྡོ་རྗེ་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཀླུ་སེར་དང་ཀླུ་ཆར་དབབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཀྱེ་ཀྱེ། ཀྱེ་མའོ་དཔའ་བོ་ཆེན་པོ་མི་ལྡོག་སྒྲོལ། །དྲེགས་པའི་གསང་སྔགས་མི་བཟད་པ། །ཕྱི་རབས་དོན་དུ་བདག་ལ་བཤད་པར་འཚལ། །ཞེས་ཞུས་སོ། །དེ་ནས་ཡང་རྒྱལ་བ་དཔའ་བོས་འདི་སྐད་ཅེས་གསུངས་སོ། །ཧེ་ཧེ་སྲིད་པའི་འཇིག་རྟེན་དྲེགས་པ་སྐྱོང་བའི་དྲེགས་པ་རྣམས། །གསང་སྔགས་འདི་ཡི་སྒོ་ནས་མཉེས་པར་གྱིས། །ཨོ་སྲ ཨོ་ཨི། ཨོ་ཨ༷། ཨོ་ཨ། ཨོ་ག །ཨོ་དྷི། ཨོ་བྲི། ཨོ་ཀྟ། ཨོ་ཧ་ན་ཧ་ན་སྟིནྟྲ་བཛྲ་ཧུ༷། ཨི་ཏྲ་ཡེ་གྲྭཧྭ། ལྷ་རྣམས་ཀྱིའོ། །ཧུ༷་ཡ་མ། ཧུ༷་ས་ཏོ། ཧུ༷་ཡ་མ་ཡེ། ཧུ༷་ན་ཡོ། ཧུ༷་ཡ་ཏོ་ཧུ༷་ར་ཡ། ཧུ༷་ཡཀྟ་ཤེ། ཧུ༷་ནི་ར། བཛྲ་ཀྭ་ལ་བྷན་དྷ་བྷན་དྷན་ཧ་ན་ཧ་ན་ཧུ༷་ཕཊ། ཡ་མ་ཡེ་གྲྭཧྭ། གཤིན་རྗེའི་འོ། །ཨོ་ཕུ། ཨོ་ཕོ། ཨོ་ཕུ༷། ཨོ་ཕེ། ཨོ་ཕ། ཨོ་ཕ༷། ཨོ་ཕོལྭ ཨོ་ནཱ་ག་བཛྲཡ་ན་ཡ་སརྦ་ད་ན་ད་ན་ད་རུ་པ་རྣ་ཡེ་གྲྭཧྭ། ཀླུ་རྣམས་ཀྱིའོ། །ཨོ་ཛ། ཨོ་བ། ཨོ་ཀ། ་་ག །ཨོ་བྲི། ཨོ་གྲུ། ཨོ་མ༷། ཨོ་མ། ཨོ་ཀརྨ་ཀུ་བི་ར། ཡསྒ་ཧུ༷་ཕཊ། ཨ་ཏི་པ་ཏ་ཡེ་གྲྭཧྭ། གནོད་སྦྱིན་གྱིའོ། །ཛ་ཧུ༷་བ༷་ཧོ། ཨུ་གསྣྲོ་ཡ། ཨུ་གསྣྲོ་ཡ། སྤྱན་དྲང་བའོ། །ཕུ་ཛ་མེ་ཁ་ར༷་ཁ་ཧི། མཆོད་པའི་འོ། །ཞེས་གསུངས་པས་དྲེགས་པ་རྣམས་འདར་ཞིང་སྐྲག་སྟེ། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ། བག་གཞི་ས་ལ་བརྡབས་ནས་བརྐྱང་ཕྱག་འཚལ་ཏེ། རང་རང་གི་གནས་ག་ལ་བ་དེར་འཁོད་དོ། །ཕྱི་རབས་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་བསྟན་པ་བགྲུང་བར་ལུང་ནོས་ཤིང་བཀའི་ལུང་ཕོག་ནས་དམ་ལ་གནས་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། དྲེགས་པ་ཅན་རྣམས་ཀྱི་རྩ་བའི་སྔགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། དྲེགས་པ་ཕོ་མོའི་ཡབ་གྱུར་པའི། །སྲིན་པོའི་རྒྱལ་པོ་ཇི་ལྟར་སྒྲུབ། །བཀའ་སྩལ་པ། ཁང་སྟོང་གྲོག་པོ་གཏིང་ཟབ་པར། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ། །ནག་པོ་རྩང་ཐོད་རྒྱན་གྱིས་བརྒྱན། །མི་ཆེན་ཐོད་པ་ཁ་སྦྱོར་དུ། །མི་ཤ་ཁྲག་རུས་ལ་སོགས་དང་། །ར་སྙིང་མཆིན་པ་དུག་རྣམས་དང་། །འདའ་འུར་དང་ཟིར་དང་། །སྨྱོ་བའི་ཁུ་བ་ཉིངས་པར་སྦྱར། ཁང་རལ་མ་ཡི་ཞབས་མས་དྲིལ། །དབྱར་ཟླ་གསུམ་ལ་བསྙེན་བསྒྲུབ་བྱ། །སྟོན་ཟླ་གསུམ་ལ་ལས་ལ་སྦྱར། །བདག་ཉིད་དཔལ་ཆེན་འབར་བ་སྟེ། །དེ་ཡི་བྱིན་རླབས་ཆོ་འཕྲུལ་ལས། །ཡི་གེར་ལས་སྐུ་བསྐྱེད་ལ། །སྲིན་པོ་རག་ཤ་འཇིགས་པའི་གཟུགས། །བཀའ་ཉན་གསུང་སྡོད་བསམ་བྱས་ལ། །མིང་རུས་ཁྲམ་ཤིང་གནས་ལ་གདགས། །བསྙེན་པ་བགྲང་ཞིང་དུས་དྲུག་གཏང་། ་་ཁྲག་གཏོར་མ་དེ་བཞིན་སྦྱིན། །བསྙེན་བསྒྲུབ་རྫོགས་ནས་ལས་ལ་སྦྱར། །ཨོ་བཛྲ་ཀྲོདྷ་ཀི་ལི་ཀི་ལ་ཡ། རག་ཤ་ཧ་ལི་ཀརྨ་ས་མ་ཡ་ཛ་འདུ་འདུ་ཛ་ཛ། བཛྲ་རསྒ་ཀྲོདྷ་དྲི་དྲི་ག་ཤུ་ཏི་ཕོབ་ས་མ་ཡ་ཕོབ། ཨོ་རག་ཤ་ཀྲོདྷ་ཏེ་ཙོ་ནི་ར་སྲོག་ལ་ཆུམ་ཧ་སྟི་བ་ལ་རག་ཤ་ཁམ་ག་ཤུ་ཏི་ཕོབ་ཡ། ཡ་རྦད་ཕཊ། ཅེས་བོད་ཅིང་རྦད་ནས་ལས་ལ་སྦྱར། འཕྲིན་ལས་བསྐུལ་བ་འདི་སྐད་དོ། །ཧུ༷། མཐིང་ནག་གྲུ་གསུམ་༄༅ འབར་བའི་དཀྱིལ་འཁོར་ནས། །མི་རོ་རྟ་རེ་འབུམ་གྱི་གདན་སྟེངས་ན། །རྣག་ཁྲག་ཆུ་སེར་རྦ་ཀློང་འཁྱིལ་བའི་ནང་ཤེད་ན། །སྲིན་པོའི་ཚོགས་ཀྱི་རྒྱལ་པོ་ནི། །གཅེར་བུ་སྐྲག་སིག་སྡང་མིག་བགྲད། །ལག་དང་མདུང་དང་རལ་གྲི་འཁོར་ལོ་གྲི་ཁུག་ཐོགས། ་་དང་ཁྲག་དང་ཐལ་བའི་ཐིག་ལེས་བརྒྱན། །གསོད་ལ་བརྩོན་ཞིང་ཤ་ཁྲག་དམར་ལ་དགའ། །དམ་ལ་རུབ་བཅིང་དོན་ལ་འཕྲེང་། །རག་ཤ་རུ་ལུའི་སྒྲ་ཡིས་བོས་ཙམ་ན། །ཕ་བས་བྱམས་ཤིང་ཁུ་བས་གདུང་། །ལས་བཅོལ་འཕྲིན་ལས་མྱུར་དུ་སྒྲུབས། །སྲོག་སེར་གང་བྱེད་ལས་གཉེར་གཏད། །གང་ལ་དམིགས་པ་གདོན་མི་ཟའོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཕ་སྲིན་པོ་བསྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་བཛྲ་ཀི་ལ་ཡས་མི་འདའ་བའི་དམ་ཚིག་འདི་དག་བཀའ་སྩལ་ཏོ། །མི་སྒོམ་མི་རུང་བ་ཡི་ལྷ། །བཅོམ་ལྡན་དཔལ་ཆེན་འབར་བ་ཉིད། །སྤྱན་ལམ་བཅུ་དྲུག་གནས་པ་ནི། །སྐུ་ཡི་ས་མ་ཡ་ཞེས་བྱའོ། །མི་བཟླར་མི་རུང་བའི་བ་ཡི་སྔགས། །རབ་ཀྱིས་ཆུ་བོ་རྒྱུན་བཞིན་ནམ། །འབྲིང་གིས་ཉིན་གསུམ་མཚན་གསུམ་དང་། །ཐ་མས་ཉིན་གཅིག་མཚནགཅིགབཟླས། །གསུང་གི་ས་མ་ཡ་ཡིན་ནོ། །གཞན་ལ་བསྟན་པར་མི་རུང་བའི། །མན་ངག་གསང་བའི་འབྲས་བུ་ནི། །སྣོད་ངན་ཕལ་ལ་མི་སྟོན་པ། །ཐུགས་ཀྱི་ས་མ་ཡ་ཡིན་ནོ། །མི་བཅང་མི་རུང་བ་ཡི་རྫས། །ལུས་སམ་མགུལ་དུ་བཏགས་པ་ལས། །གཡེལ་བར་བྱས་ན་མི་རུང་བས། །འདི་ནི་ཡོན་ཏན་ས་མ་ཡ། །སྒྲུབ་པའི་དོན་ལ་གནས་པ་དང་། །ཞི་རྒྱས་དབང་དྲག་སྦྱོར་དང་སྒྲོལ། །མིང་གི་མི་བྱར་མི་རུང་བས། །འདི་ནི་འཕྲིན་ལས་ས་མ་ཡ། །དེ་ལྟར་དམ་ལ་གནས་གྱུར་ན། །དམ་ལ་གནས་པའི་རྣལ་འབྱོར་ལ། །མ་རྟེན་བཞིན་དུ་དམ་ཅན་འགོ །སྲོག་སེར་གང་ཡང་གདོན་མི་ཟའོ། །དམ་ཚིག་དེ་ལ་མི་གནས་ན། །མིང་གི་རྣལ་འབྱོར་འབའ་ཞིག་གིས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཞེས། །དུས་གསུམ་རྒྱལ་བ་རྣམས་ཀྱིས་གསུངས། །དེ་བས་དམ་ཚིག་རྣམ་ལྔ་པོ། །བསྒྲུབ་པའི་དོན་ལྡན་རྣལ་འབྱོར་བས། །ལུས་དང་སྲོག་གི་ཕྱིར་ཡང་མི་གཏོང་བས། །འཇིགས་པའི་མཁར་བཞིན་རྟག་ཏུ་བསྲུང་བར་གྱིས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། མི་འདའ་བའི་དམ་ཚིག་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀུན་སེམས་དང་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །ཐམས་ཅད་ཡང་དག་པའི་སངས་རྒྱས་སུ་བྱ་བའི་ཕྱིར་ན། ཆོས་ཐམས་ཅད་ཀྱི་རྩ་བ་དབྱིངས་ཀྱི་ལྷ་འདི་དག་བཀའ་སྩལ་ཏོ། །མ་གཡོས་རྣམ་དག་ཆོས་ཀྱི་དབྱིངས། །དེ་ལ་སེམས་རོལ་ཡེ་ཤེས་མཆོག །རངབཞིནལྷུནགྲུབངང་གིས་གསལ། །གཉིས་མེད་ཆོས་སྐུ་བདེ་བ་ཆེ། །ཆེ་བའི་ཡོན་ཏན་བསམ་ཡས་པས། །སྙིང་རྗེ་ཆེན་པོའི་བྱང་ཆུབ་སེམས། །མ་བཅོས་ཐིག་ལེ་ཉིད་ཀྱི་ངང་། །ལོངས་སྤྱོད་རྫོགས་སྐུ་མི་ཟད་གཏེར། །གཡོ་བ་མེད་པའི་ཆོས་ཉིད་ལ། །རང་སྣང་ཡེ་ཤེས་ལྷུན་གྱིས་རྫོགས། །བཅོམ་མེད་སེམས་ཉིད་ཡེ་ཤེས་ཆེན་པོར་སྣང་། །མངོན་པར་བྱང་ཆུབ་སྐུར་བསྟན་པའོ། །དུས་གསུམ་འདུས་མ་བྱས་པའི་སེམས། །མི་འགྱུར་མི་ཤིགས་རྡོ་རྗེའི་སྟེ། །རང་བཞིན་མེད་པས་འདུས་མ་བྱས། །དམིགས་མེད་བསྟན་པས་རྡོ་རྗེའི་སྐུ། །རྫུ་འཕྲུལ་ཐབས་ཀྱི་འོད་ཟེར་ཡང་ ཡོངས་ལ་ཁྱབ་ཅིང་དོགས་མེད་སེམས། །བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །སྤྲུལ་པའི་སྐུ་དེ་ཀུན་ཁྱབ་པའི། །ཐབས་དང་ཤེས་རབ་གཉིས་མེད་པའོ། །ལྷག་པའི་བྱང་ཆུབ་སེམས་ཆེན་པོ། །སྐལ་མེད་རྣམས་ལ་རང་བཞིན་གསང་། །གསང་བ་རོལ་བའི་སྐུ་ཞེས་བྱ། །གང་ལ་ཅི་འདུལ་དེ་ལ་དེ་བསྟན་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །གདུལ་བྱའི་ངོ་ལྟར་སྣང་བའི་སྐུ། །མི་འགྱུར་ངོ་བོ་ཉིད་ཀྱི་སྐུ། །དེ་ཉིད་ཆོས་ཉིད་བྱང་ཆུབ་སེམས། །ལས་ཀྱི་ཕྱག་རྒྱ་ཞེས་སུ་བྱའོ། །ངོ་བོ་ཉིད་གསུང་འདུལ་བའི་ངོ་ལ་སྣང་། །ཆོས་ཀྱི་ཕྱག་རྒྱ་སེམས་ཉིད་ཡིན། །ཐུགས་ཉིད་མཚོནཔའིཡེཤེསཀྱང་། །དམ་ཚིག་ཕྱག་རྒྱ་བྱང་ཆུབ་སེམས། །དངོས་སྣང་སྐུ་རུ་སྣང་མོད་ཀྱང་། །སེམས་ཉིད་སྐུ་ཡི་ཕྱག་རྒྱར་སྣང་། །མཐོ་དམན་གཉིས་སུ་མེད་པས་ཐེག་པ་མཉམ་ཉིད་བྱང་ཆུབ་སེམས་སོ། །སྐྱེ་ཤི་གཉིས་སུ་མེད་པས་ལྟ་བ་བྱང་ཆུབ་ཀྱི་སེམས། །བཟང་ངན་གཉིས་སུ་མེད་པ་སྤྱོད་པ་བྱང་ཆུབ་ཀྱི་སེམས། །འདུ་འབྲལ་གཉིས་སུ་མེད་པ་དམ་ཚིག་བྱང་ཆུབ་སེམས། །སྤོང་ལེན་གཉིས་སུ་མེད་པ་འཕྲིན་ལས་བྱང་ཆུབ་ཀྱི་སེམས། །མཐའ་དབུས་གཉིས་སུ་མེད་པ་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས། །རྟག་ཆད་གཉིས་སུ་མེད་པ་ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས། །ཆེ་ཆུང་གཉིས་སུ་མེད་པ་མཆོད་པ་བྱང་ཆུབ་ཀྱི་སེམས། །ཡོད་མེད་གཉིས་སུ་མེད་པ་སྒྲུབ་པ་བྱང་ཆུབ་ཀྱི་སེམས། །དངོས་པོ་དང་མཚན་མ་གཉིས་སུ་མེད་པ་ནི་སྐུ་བྱང་ཆུབ་གྱི་སེམས། །གཟུང་འཛིན་གཉིས་སུ་མེད་པ་གསུང་བྱང་ཆུབ་ཀྱི་སེམས། །ཡངས་དོག་གཉིས་སུ་མེད་པ་ཐུགས་བྱང་ཆུབ་ཀྱི་སེམས། །ཐོབ་དང་མ་ཐོབ་མེད་པ་ཡོན་ཏན་བྱང་ཆུབ་ཀྱི་སེམས། །གྲུབ་དང་མ་གྲུབ་མེད་པ་འཕྲིན་ལས་བྱང་ཆུབ་ཀྱི་སེམས། །ཕྱི་ནང་གཉིས་སུ་མེད་པ་ཞིང་ཁམས་བྱང་ཆུབ་ཀྱི་སེམས། །དེ་ལྟར་གཉིས་མེད་བྱང་སེམས་ལྟ་བ་དེ་རྟོགས་ན། །སྲོག་སེར་ལས་ལ་སྦྱོར་བ་དེ་མི་འགྲིབ་སྟེ། །སྡིག་པ་སྤྱད་ཀྱང་ཡེ་ཤེས་འབར། །མེ་ལ་ཤིང་གིས་མནན་པ་འདྲ། །ཞེས་གསུངས་པས། འཁོར་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་རེ་དོག་མེད་པར་གྱུར་ཏེ། དོན་དམ་པ་བྱང་ཆུབ་སེམས་ཀྱི་ཕུར་པ་ཐེབས་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ཆེན་པོ་ལས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་རྒྱལ་པོ་ཡོ་བྱད་འཛིན། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །སྐུ་ཡི་སྒྲུབ་པ་བྱེད་གྱུར་ན། །སྒྲ་སྦར་བཏགས་པའི་སྐུ་གཟུགས་ལ། །ཞི་གནས་ལས་སུ་རུང་བར་བྱའོ། །སྔགས་ཀྱི་རིམ་པ་རྫོགས་གསལ་ན། །གསུང་གི་སྒྲུབ་པ་ཡིན་པར་འདོད། །ཕུར་པ་རྩ་གཟིར་ལས་བསྟན་པ། །ཐུགས་ཀྱི་སྒྲུབ་པ་ཞེས་སུ་བྱ། །མཐུན་པའི་དམ་རྫས་གཙོ་བཞག་ལ། །ཡོན་ཏན་བསྒྲུབ་པར་བསྟན་པའོ། །ཟོར་ཐབ་ཐུན་གཟེར་ལས་ལ་སྦྱར། །འཕྲིན་ལས་བསྒྲུབ་པར་རྒྱལ་བས་གསུངས། །གསུང་བ་པོས་ནི་ཡང་གསོལ་བ། །དེ་བསྒྲུབ་དུས་དང་རྟགས་ནི་གང་། །འཇིགས་བྱེད་ཆེན་པོས་བསྟན་དུ་གསོལ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་ཉོན། །རབ་ཀྱིས་ཟླ་བ་གཅིག་གིས་གྲུབ། །འབྲིང་གིས་ཟླ་བ་གསུམ་གྱིས་སོ། །ཐ་མས་ལོ་གཅིག་ཚུན་ཆད་ཀྱིས། ཁུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལོ་ཟླ་ཞག་གྲངས་བརྒྱད་ལ་ཡང་། །གསུམ་གསུམ་དག་ཏུ་ཤེས་པར་བྱའོ། །ཕུར་བུ་འཕར་འཚེག་འཁོལ་འཕྱོང་འོད་དང་དུ་བ་འབྱུང་། །ཐོད་པ་འཕག་ཅིང་ཐུན་ཁོལ་དང་། །སྒྲོ་འགུལ་ཡུངས་ཀར་སྦོམ་པ་དང་། །ཆུ་ཆེན་བྲུབ་དང་རླུད་ཆེན་འ་། །འབྲུག་གྲགས་གློག་ནི་འགྱུ་བ་དང་། །ས་གཡོ་བ་དང་རུང་ཆད་ཅིང་། །ནམ་མཁའའཇའ་ཚོན་གང་བ་དང་། །ཆུ་བོ་ཆེན་པོ་ནག་པ་དང་། །གནམ་ལྕགས་ཟོར་བ་ལག་ཏུ་བབས། །དེ་ལྟ་བུ་ཡི་ལྟས་རྣམས་ནི། །རབ་ཀྱིས་མངོན་དུ་འབྱུང་བ་དང་། །འབྲིང་གིས་ཉམས་དང་རྟགས་འོང་སྟེ། །ཐ་མས་རྨི་ལམ་སྟོན་པར་འགྱུར། །དེ་ལྟར་གྲུབ་ན་ལས་ལ་སྦྱར། །རྟགས་དེ་མངོན་དུ་མ་བྱུང་ན། །ལས་ཀྱི་སྦྱོར་བ་ཅི་བྱས་ཀྱང་། །ངལ་བ་ཚི་ཆད་དོན་མེད་འགྱུར། །དེ་ལས་བཏན་ལ་ཕེབས་པ་གཅེས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འབྱགས་དབབ་པའི་རྒྱུན་ཆེན་པོ་ལས། བསྒྲུབ་པའི་ཤན་དབྱེ་ཞིང་དུས་དང་རྟགས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །དྲེགས་པ་འཁོར་དང་བཅས་པ་རྣམས། །ལྒབུ་ཞིང་དམ་ལས་ལྡོག་འགྱུར་རམ། ཁེང་དབང་བསྐུར་ཇི་ལྟར་བགྱི། །ཀི་ལ་ཡ་ཡིས་བསྟན་དུ་གསོལ། །ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །དྲེགས་པ་ལྒབུ་ལྡོག་དམ་ལས་འདའ་གྱུར་ན། །དབང་སྡུད་ཤི་ས་འདི་ལྟར་བསྟན། །གོང་དུ་བསྒྲུབ་པའི་དྲེགས་པ་རྣམས། །ཨོ་ས་མ་ཡ་རག་ཤ་མ་ར་ཙ་ཤ། རུ་ལུ་རུ་ལུ་ཧུ༷་ཛ་ནན། ཞེས་པས། དྲེགས་པ་རྣམས་ཀྱིས་མནན་ཏེ་མ་བཞི་ཞབས་ཀྱིས་མརྫིས། ཨོ་བཛྲ་བརྙ་ཏྲ་ཐ། ཞེས་ནི་སྒྲིབ་པ་བྲལ། ཨོ་བི་དྷི་ཙིསྟ་ཧུ༷་ཨ། ཞེས་པ་ནི། གདན་གྱི་སྙིང་ཁྲག་ཞལ་དུ་རྡུབ། །བདག་ཉིད་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །དྲེགས་པའི་ལྕེ་ལ་གསལ་བར་གཞག །ཨོ་ས་མ་ཡ་ཏིཁྱི་ཧ༷། ཞེས་དམ་ཚིག་དབོག །ཨོ་ས་མ་ཡ་ཨི་ཏན་ཏི་ན་ར་ཀན། ཞེས་པས་དམ་བསྒྲགས་ནས། ས་མ་ཡ་པྲ་བེ་ཤ་ཕཊ་ཀྱིས་གདན་ལ་བཀྱེ། དེ་ནས་བཟོད་ཅིང་ལས་ལ་བསྐུལ། །དེ་ནི་ཁྱད་པར་དབང་དུ་བསྡུ་བའི་ཤི་ས་ཡིན། །ཏིང་ངེ་འཛིན་གྱི་བྱ་བར་གསུངས། །ཡང་ན་བན་དྷ་མཚན་ལྡན་དུ། །རྡོ་རྗེ་དྲི་ཆུ་བདུད་རྩིས་བརྒྱན། །སྐུ་གསུང་ཐུགས་ཀྱི་དམ་ཡང་བསྲེ། །རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག །པརྩི་ཨ་མྲི་ཏ་དང་སྦྱར། །དམ་ཚིག་སྙིང་གི་ཁྲག་ཆེན་པོ། །བསྲེགས་པའི་མཆོག་སྟེ་སྲོག་གི་་སྙིང་། །སྙིང་དང་སྙིང་གི་གྲོགས་སུ་བྱའོ། །ཨ་མཧྭ་ཀུ་པརྩི་ས་མ་ཡ། ཧུ༷མ་ཧྭ་ཨ་མྲི་ཏ་ས་མ་ཡ། ཞེས་ནི་རྫས་ཀྱི་དམ་ཡང་བསྲེའོ། །ཧུ༷། ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ཁམས་གསུམ་སྙིང་ཁྲག་དང་དངས་མའི་བདག །ཁྱེད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱེད་ཀྱིས་གྱིས། །ཞེས་ཆེ་བའི་ང་རྒྱལ་གྱིས་དབང་དུ་བསྡུ་བའོ། །ཤི་ས་དབང་བསྐུར་བཀའ་སྩལ་པ། །བློ་ལྡན་གསོལ་བཏབ་དབང་ཐོབ་ནས། །ཆོ་ག་ལྔ་ཡི་སྦྱོར་བ་ཡིས། ཁེ་ས་རྒྱལ་བའི་སྐུར་བསྐྱེད་ལ། །སྨེ་བ་ཅན་དང་མཐུ་ཆེན་གྱིས། །ཁང་གཅིག་མ་ཡི་གཟུངས་མ་ལ། །ཕྱག་རྒྱ་གསོལ་བར་བཀོད་ནས་ནི། །རྣམ་གསུམ་ཚུལ་གྱིས་ནན་ཏན་བྱའོ། །སྦྱོར་ཐབས་སེམས་ཆུས་དབང་བསྐུར་ནས། །གོངབཞིནདྲེགསཔདབང་བསྡུ་མནན་དམ་བྱ། །དེས་ནི་དྲེགས་པ་དབང་དུ་བསྡུ། །དེ་ཡི་ཡོན་ཏན་དཔག་ལས་འདས། །དེ་ལྟར་དབང་རྣམས་མ་ཐོབ་པར། །དྲག་ཤུལ་སྤྱད་ཀྱང་མི་འགྲུབ་པས། །ཁྲག་འཐུང་རོལ་བས་འདི་སྐད་གསུངས། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། དྲེགས་པ་དབང་དུ་བསྡུ་ཞིང་སློབ་མ་དབང་བསྐུར་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་བ་གདབ་སྟེ། ཨེ་ཨེ་མ་རྡོ་རྗེ་གར་གྱི་དབང་ཕྱུགས་ཐུགས་རྗེའི་བདག །བདག་དང་འགྲོ་བ་བསྟན་ལ་ཕན་གདགས་ཕྱིར། །ཆུ་འཁྱགས་བསྲུང་བའི་རིམ་པ་གང་། །ཕན་པའི་སླད་དུ་བཤད་དུ་གསོལ། །ཞེས་པ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་ཆེན་པོས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་གསང་བའི་བདག །འགྲོ་བསྟན་ལ་ཕན་གདགས་ན། །ས་ལ་སྤྱོད་པའི་རྣལ་འབྱོར་བས། །ཡིད་འོང་བ་ཡི་གནས་དག་ཏུ། །དཔྱིད་ཟླ་གསུམ་གྱི་ཟླ་བ་ལ། །གཟའ་སྐར་ཉི་མ་བཀྲ་ཤིས་ལ། །ཡོ་བྱད་མ་ལུས་ལྡན་བྱས་ན། །སྟེགས་བུ་ཁྲུ་གང་དལ་མཉམ་ཐིག་བཏབ་སྟེ། །དབུས་སུ་ལས་བཞི་གྲུ་གསུམ་བརྒྱད་དང་སྒོ་བཞིར་བཅས། །ཕུར་པ་བཅུ་གཅིག་ཡང་དག་ལྡན། །ཡུངས་ཀར་ཁྲག་ཆེན་ཐལ་ཆེན་གུ་གུལ་བཅས། །བསྐྲུབ་རྫས་མཆོད་རྫས་ཡང་དག་ལྡན། །དབུས་སུ་དགོད་པའི་ཕུར་པ་ལ། །སྔགས་འདི་བྲིས་ཏེ་དགོད་པར་བྱ། །ཨོ་བཛྲ་ཀི་ལི་ཀི་ལ་ལྭ་ཡ་ཧུ༷། ཛ་ལ་ཛ་ལ་ཨ་མུ་ཀ་བཛྲ་ཙཎྜལི་ཨ་ར་ལི་ཧུ༷་ཛ་ཕཊ། དེབཞིནསྟེངདུདགོད་པའི་ཕུར་པ་ལ། །ཨོ་བཛྲ་ཀི་ལ་ཡ་ཧུ༷། ཀ་ར་ཁ༷་ར༷་ཡ༷་ཧུ༷་ཕཊ། ཤར་དུ་དགོད་པའི་ཕུར་པ་ལ། ཨོ་བཛྲ་ཀི་ལ་ཡ་བི་ཛ་ཡ། ཨ་ནི་ད་ལ་ནི་ལ་གྲྭཧྭ། ཤར་ལྷོར་དགོད་པའི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ནི་ལན་དན་ཏྲ་ནི་ཏྲི་ཨ་ཏྲི་ནན་ཧུ༷་གྲྭཧྭ། ལྷོ་ཡི་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཡ་མརྙ་ཧུ༷། ཨ་ཤུ་ཏྲི་ན་ཧུ༷་སྲུཧྭ། ལྷོ་ནུབ་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཨུརུ་ཨ་ཙ་ལེ་ཧུ༷། ཨ་ཏྲི་སུ་ཏྲི་ནན་ཧུ༷་གྲྭཧྭ། ནུབ་ཀྱི་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཧ་ཡ་གྲི་བ་ཧུ༷།ན་ག་ཨ་ལི་ནན་ཧུ༷་གྲྭཧྭ། ནུབ་བྱང་གི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཨ་པ་རྭ་ཛི་ཏ་ཧུ༷། ཤུ་ལི་ཤུ་ལི་ནན་གྲྭཧྭ། བྱང་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཨ་མྲི་ཏ་ཀུཎྜལི་ཧུ༷། ཤུ་ལོ་སྨྱོ་དུ་ནན་ཧུ༷་གྲྭཧྭ།བྱང་ཤར་གྱི་ཕུར་པ་ལ་ཡ། ཨོ་བཛྲ་ཀི་ལི་ཀི་ལ་ཡ།སྟེ་ལོཀྱ་བི་ཛ་ཡ་ཧུ༷། ཏི་ལི་ནན་ཧུ༷་གྲྭཧྭ། འོག་གི་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་མཧྭ་བ་ལ། བེ་ཨ་ཏྲ་ན་གྲ་ཏི་ལི་ནན་ཧུ༷་གྲྭཧྭ། ཞེས་ནི་བྲིས་ལ་དགོད་པར་བྱ། །དེ་ནས་ཏིང་འཛིན་རིམ་པ་ནི། །རྡོ་རྗེ་ཁྲོ་བོ་བཅུ་གཅིག་བསྐྱེད། །སྤྱན་དྲངས་བསྟིམ་སྟེ་མཆོད་པས་མཆོད། །འདོད་དོན་གསོལ་ཏེ་འཕྲིན་ལས་བཅོལ། །གོང་གི་སྔགས་ཀྱི་རིམ་པ་བཞིན། །བསྙེན་བསྒྲུབ་ཡན་ལག་དོན་སྦྱར་ཏེ། །དེ་ལ་ཁྲི་ཕྲག་དག་ཏུ་བཟླས། །བྱུག་བརྡེག་བདུག་པ་དུས་དྲུག་བྱ། །བསྟོད་ཅིང་བསྐུལ་བ་དུས་དྲུག་བྱ། །དེ་ནས་ཁམ་ཕོར་དག་ཏུ་བསྡུ། །དམ་བརྗོད་ཡི་དམ་ཐུན་མཚམས་སྦྱར། །དབྱར་སྟོན་གཉིས་ཀྱི་ཟླ་མཚམས་སུ། །གང་བསྲུངས་པ་ཡི་ཕྱོགས་མཚམས་སུ། །སྟེང་འོག་དབུས་དང་བཅུ་གཅིག་དག་ཏུ་གདབ། །གང་ནས་འོང་བའི་ཕྱོགས་དག་གི །གོང་གི་སྔགས་བཟླས་སྡིགས་མཛུབ་བསྒྲེང་། །ཡུངས་ཀར་ཐལ་ཆེན་ལ་སོགས་གཏོར། །དེ་བཞིན་བྱས་ན་བསྲུང་བྱ་ཐུབ། །ཐན་པ་བྱུང་ནའང་ཆར་འབེབས་ཤིང་། །ཆར་ཆེན་རང་ཡང་གཅོད་པར་ནུས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་གཟའ་གདོང་གི་ལུང་ལས། གཞན་ལ་ཕན་གདགས་བགྲུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཡང་གནོད་སྤྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེས། འཇིགས་བྱེད་ཆེན་པོ་གསང་བ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་ཀྱེ་མ་ཕྱི་རབས་དོན་གྱི་ཕྱིར་ཁྱབ་འཇུག་རྒྱུ་དུས་དང་ལས་ལ་སྦྱར་བའི་གྲུབ་རྟགས་གང་། །ཞེས་ཞུས་པས། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། ཚེས་བཞི་སྲོད་ནས་ལག་པ་གཡོན། །མ་མོར་སྤྲུལ་ནས་ནུབ་ནས་ཤར་དུ་རྒྱུ། །ཡུལ་མིང་ཤར་གཞག་མོའི་དྲག་སྔགས་ནུབ་ནས་ཤར་དུ་བརྡེག །གདོན་མི་ཟ་བར་གྲུབ་པའི་རྟགས། །སྤྲིན་ནག་ཞབྲུག་ཅིང་སེར་བ་དུམ་བུར་འོང་། །གང་ལ་དམིགས་པ་འཕང་བའིསྔགས། །ཡུངས་ནག་མཆོག་ཕུར་དག་ལ་བཟླས། །ཏྲག་རག་ཤ་རྦད་སེར་ཧྲིལ་ཤར། ཞེས་གསུངས་སོ། །ཚེས་བརྒྱད་སྔ་དྲོ་ལག་པ་གཡས་པ་དགྲ་བླའི་རྒྱལ་མོར་སྤྲུལ། ཁྲར་ལྷོ་མཚམས་ནས་ནུབ་བྱང་མཚམས་སུ་རྒྱུ། །དམིགས་པ་ནུབ་བྱང་མཚམས་སུ་བཞག །ཤར་ལྷོ་མཚམས་ནས་ཡུངས་ཀར་བྱ་ཕུར་དག་གིས་གདབ། །རུ་ལུ་རུ་ལུ་མ་མ་ཏྲག་རག་ཤ་ཤར་སྨྱོ། གྲུབ་རྟགས་སྤྲིན་ནི་ལུག་གི་ལྟོ་ཚལ་ལྟར། ཁྲརོ་ལྷོམཚམས་ནས་ནུབ་བྱང་མཚམས། །སྣ་ཡང་འདྲེན་ཅིང་སེར་བ་ཉ་མིག་འོང་། །བཅུ་གཅིག་དག་ནི་ནམ་འཇིང་ལ། །མཆུ་སོ་བདུད་དུ་སྤྲུལ་ནས་ནི། །བྱང་ནས་ལྷོ་རུ་རྒྱུ་བ་སྟེ། །དེ་དུས་བསྒྲུབ་བྱ་ལྷོ་རུ་བཞག །བྱང་ནས་ཡུངས་ཀར་ལྕགས་ཕུར་གདབ། །ཨོ་པ་ཤ་མི་ཀི་ར་ཧུ༷་ལ་ཤར་ཧྲི་སྨྱོ། སྲོག་སེར་གང་ཡང་འཇོམས་པར་བྱེད། །གྲུབ་རྟགས་སྤྲིན་ཡང་ལོང་ལོང་གཤིག་པའམ། །སེམས་ཅན་ཐ་དད་གཟུགས་སུ་སྟོན། །སེར་པའི་དབྱིབས་ཀྱང་ཟུར་གསུམ་པའོ། །བཅོ་ལྔ་ཉི་མ་ཕྱེད་དུས་ན། །ལྷོ་ནུབ་མཚམས་ནས་བྱང་ཤར་མཚམས་སུ་ནི། །མགོ་བོ་སྲིན་པོ་སྤྲུལ་ནས་རྒྱུ། །གཟས་པ་བྱང་ཤར་མཚམས་སུ་བཞག །ལྷོ་ནུབ་མཚམས་ནས་ཤ་རུལ་ཁྲག་རུལ་དང་། །སེང་ལྡེང་ཕུར་པས་སྔགས་འདི་བརྡེག །ཨོ་སེར་ཁྲག་ལ་མུ་ཤ་སྨུགས་སྲུཧྭ། བཟླས་པ་ཙམ་གྱིས་གྲུབ་པར་འགྱུར། །ངེས་པར་གྲུབ་པའི་རྟགས་ཉིད་ཀྱང་། །སྤྲིན་ནི་ཁམ་ནག་མདུང་ཤིང་ཤར་བ་འདྲ་བ་དང་། །གཡག་རྒོད་འཁྲིག་པ་ལྟ་བུར་འོང་། །སེར་པའི་ཆུ་ཡང་སྦད་ཁ་དག་ཏུ་མཆོང་ཞིང་འོང་། །བཅོ་བརྒྱད་ནམ་གྱི་ཕྱེད་ཡོལ་ནས། །མཇུག་མ་དམུ་རུ་སྤྲུལ་ནས་ནི། ཁྲར་ནས་ནུབ་ཏུ་རྒྱུ་བ་སྟེ། །དེ་དུས་ལིང་ག་ནུབ་ཏུ་བཞག ཁྲར་ནས་ཏིལ་དང་གཟུགས་མོ་བྱི་དུར་གདབ། །ཨོ་ར༷་ཏྲ༷་ཐུན་ཤག་ཧྲིལ་ར༷་སྨྱོ། གྲུབ་པའི་རྟགས་ཀྱང་སྤྲིན་ནི་ཕྱིང་པ་བརྐྱང་པ་འདྲ། །སེར་བའི་ཚད་ཀྱང་བྱ་ནི་ཕུར་པ་བཞིན་དུ་འོང་། །ཉི་ཤུ་གཉིས་ཀྱི་ཉི་མ་ཕྱེད་ཡོལ་ལ། །མཆེ་བ་གཡས་གཡོན་གཤིན་རྗེར་སྤྲུལ། །ནུབ་བྱང་མཚམས་ནས་ཤར་ལྷོར་རྒྱུ་བ་དང་། དེ་ཚེ་དམིགས་པ་ཤར་ལྷོར་བཞག །སྐེ་ཚེ་བེ་ཅོན་ཕུར་པ་བརྡེག །ཨོ་ཡ་མ་རྭ་ཛ་ར༷་ཧྲིལ་ཤར་ར༷་ར༷། གྲུབ་རྟགས་སྤྲིན་ནི་ཧྲལ་པོ་དང་། །སེར་བ་འོང་སར་མཛུབ་རིས་བྱས་པའོ། །ཉི་ཤུ་ལྔ་ཡི་སྐྱ་རིངས་ཤར་ཙམ་ན། །སྙིང་དང་ནང་ཁྲོལ་ཀླུ་བཙན་དག་ཏུ་སྤྲུལ། །ལྷོ་ནས་བྱང་དུ་རྒྱུ་བ་སྟེ། །དེ་ཚེ་བསྒྲུབ་བྱ་བྱང་དུ་བཞག །ཡུངས་ཀར་ཡུངས་ནག་གསེར་གྱི་ཕུར་བས་གདབ། །ཨོ་ནཱ་ག་ཧྲིལ་སེར་ཤག་ཏུ་ས་མ་ཡ་ཧྲིལ་སྨྱོ། དེ་ཡི་གྲུབ་པའི་རྟགས་དག་ཀྱང་། །སྤྲིན་དང་ཕྱར་སྒྱེ་བཙུགས་པ་འདྲ། །སེར་པའི་དབྱིབས་ཀྱང་སྤྲ་ཚུགས་དྲེལ་བ་འདྲ། །ཉི་ཤུ་དགུ་ཡི་ཉི་མ་ནུར་ཙམ་ན། །རྐང་གཉིས་གཟའ་བདུད་ཉིད་སྤྲུལ་ནས། །བྱང་ཤར་མཚམས་ནས་ལྷོ་ནུབ་དག་ཏུ་རྒྱུ། །དེ་དུས་ཉིན་མཚན་གཉིས་ཀ་མྲ གཟུགས་བརྙན་ལྷོ་ནུབ་མཚམས་སུ་བཞག །ཡུངས་ཀར་ཁྲོ་ཆུའི་ཕུར་པས་གདབ། །ཨོ་ས་མ་སྙིང་ཡ་མ་ཁྲག་ར་ཧུ༷་ལ་ཧྲིལ་ཧྲིལ་ཤག་ཤག་སེ་ན་ཡ་སྨྱོ། དེ་ཡི་གྲུབ་པའི་རྟགས་ཉིད་ཀྱང་། །སྤྲིན་དུད་ཀ་མགོ་སེར་དུ་འབྱུང་བ་དང་། །སེར་བ་ཡང་གང་ལ་དམིགས་པ་གདོན་མི་ཟ་བ་འོང་ངོ་། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། རོག་ཏུ་སྲིང་བཞིའི་ལུང་ལས་ལས་བརྒྱད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོའི་བདག་པོས་འཁོར་དུ་མ་དང་བཅས་པས། །བཅོམ་ལྡན་འདས་ལ་རྨད་དུ་བྱུང་བའི་མཆོད་པ་དུ་མས་མཆོད་ནས། ངོ་མཚར་གྱི་ཚིག་འདིས་མངོན་པར་བསྟོད་དོ། །ཨེ་མའོ་བཞི་བཅོམ་དྲུག་ལྡན་འཁོར་བའི་མཐའ་ལས་འདས། །བདག་གཞན་གཉིས་སུ་མེད་པའི་དཔལ་མངའ་ཞིང་། །རྟག་ཆད་མཐར་མི་འགྱུར་བ་རྡོ་རྗེ་སྟེ། །དུས་གསུམ་བགྲེས་རྒུད་མེད་པས་གཞོན་ནུའོ། །དོན་དམ་ངེས་པའི་མཚན་ལ་ཕྱག་འཚལ་བསྟོད། །དུས་གསུམ་རྣམ་ཐར་སྐུ་གསུམ་ཞལ། །འགྲོ་དྲུག་སྒྲོལ་མཛད་ཕ་རོལ་ཕྱིན་པའི་ཕྱག །སྐྱེ་ཤི་ཚར་ཆོད་ཞབས་བཞི་རྫུ་འཕྲུལ་བཞི། །འཇིགས་པའི་སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །དཔའ་བོ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ལྗགས་གསུམ་ཐེག་གསུམ་དམ་ཆོས་ཀྱིས། །འགྲོ་བའི་སྐད་རྣམས་ཇི་ཙམ་པར། །དེ་སྙེད་སྒྲ་སྐད་ཐ་དད་སྟོན། །ཚིན་དོན་ངོ་བོ་ཉིད་ཀྱི་གསུང་སྙེམས་པ། །བཞད་པའི་གད་རྒྱངས་གསུངས་ལ་ཕྱག་འཚལ་བསྟོད། །མ་གཡོས་ཐུགས་མཆོག་དབུ་མའི་དོན་སྙེམས་པས། །སྐུ་དང་ཡེ་ཤེས་རིགས་ཀྱི་ངོ་བོ་ཉིད། །མཐར་ཐུག་སྤྲོས་དང་བྲལ་བའི་མཆོག །མི་དམིགས་ཆོས་ཉིད་རང་སྣང་བ། །དགེས་པ་ཆེན་པོའི་ཐུགས་ལ་ཕྱག་འཚལ་བསྟོད། །མི་བཟད་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས། །ཚད་མེད་པ་ཡི་གཟུགས་བརྙན་ནི། །ཆུ་ཡི་ནང་ན་གནས་པ་ཡང་། །ཟླ་བ་ལ་ནི་གཡོ་མེད་བཞིན། །ཡོན་ཏན་ཟད་མི་ཤེས་ལ་ཕྱག་འཚལ་བསྟོད། །ཞི་རྒྱས་དབང་གིས་འདུལ་བར་མ་གྱུར་ལ། །དྲག་ཤུལ་བཙན་ཐབས་གདུལ་དཀའ་འདུལ་བའི་གཙོ། །བསྟན་པ་བསྲུང་ཞིང་རྣམ་འབྱོར་བདེ་ལ་འཁོད། །རྟགས་དང་མཚན་མ་མངོན་དུ་སྟོན་པ་སྟེ། །འཕྲིན་ལས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་བསྟོད། །ཨེ་མ་དགེས་པ་ཆེན་པོ་ཡུམ་གྱི་མཁའ་གློང་ནས། །དུས་གསུམ་འདུ་འབྲལ་མེད་པ་རྟག་ཏུ་སྦྱོར། །ཐུགས་རྗེས་སྤྲུལ་པ་སྣ་ཚོགས་བསམ་ཡས་སྤྲོས། །གདུག་པ་ཚར་གཅོད་བདེ་ཆེན་དབྱིངས་ལ་དགོད། །དྲེགས་པ་རོག་ཏི་ནག་པོ་མི་སྲིང་ཐབས་ཀྱིས་འདུལ། །གསང་བ་སྙོམས་པར་འཇུག་ཕྱག་འཚལ་བསྟོད། །སྟོང་གསུམ་འཇིག་རྟེན་ཞིང་ཁམས་རྣམ་པར་དག །འདུལ་དབང་ཐུགས་རྗེའི་གསོད་ཀྱིས་སྙོམས་མཛད་ཅིང་། །མི་འདུལ་བསྒྲལ་བའི་ཞིང་བཅུར་གྱུར་པ་ལ། །རྟག་པའི་ལས་ཀྱིས་ཐོག་སེར་ལས་མཛད་དེ། །ཧག་སྔངས་སྐྲག་པའི་དོན་རྣམས་ཅིར་ཡང་སྟོན། །ཞིང་ཁམས་ཁྱབ་པར་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་པས་མངོན་པར་རྡོ་རྗེ་ཚིག་གིས་བསྟོད་དོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ཆེན་པོ་ལས། རོག་ཏི་ནག་པོའི་ལུང་ལས་རྒྱུད་བཤད་པ་རྫོགས་ནས། བཅོམ་ལྡན་འདས་ཀྱི་མཚན་དང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གསང་བ་ཞིང་ཁམས་ལ་བསྟོད་པའི་ལེའི་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་ཡང་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཐུགས་རྗེ་ཐབས་ལ་མཁས་པའི་བདག་ཉིད་རྒྱུད་ཀྱི་དོན་དེ་དག་བསྡུས་ཏེ་བསྟན་པར་གསོལ་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་བསྐུལ་བའི་ཐུགས་སུ་ཆུད་དེ། རྒྱུད་ཀྱི་དོན་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉོན་ཅིག་གསང་བདག་ལག་ན་རྡོ་རྗེ་ང་ཡིས་བསྟན་པའི་རྒྱུད་འདི་ཡང་། །ལྟ་སྤྱོད་དཀྱིལ་འཁོར་འཕྲིན་ལས་དང་། །ཏིང་འཛིན་བསྒྲུབ་ཅིང་མཆོད་པ་དང་། །དབང་དང་དམ་ཚིག་ངོ་བོ་ཉིད། །སྲོག་སེར་ཟོར་ཐབ་ཐུན་ཉིད་དང་། །ཕན་གནོད་ལས་ཀྱི་དོན་བསྡུས་པས། །དྲང་དོན་བསྟན་པའི་རིམ་པའི་ཚིག །་ངེས་དོན་རྒྱུད་ཀྱི་ངོ་བོར་བསྡུས་པ་འདི། །འགྲོ་བའི་ལམ་དུ་ཁྱོད་ལ་གཏད། །རྗེས་འཇུག་དོན་དུ་ནུབ་པ་རེ། །བསྟན་པ་བསྲུང་ཕྱིར་དར་བར་གྱིས། ཁྲེས་གདམས་ཤིང་གཉེར་ངེས་པར་གཏད་དོ། །དེ་ནས་ལག་ན་རྡོ་རྗེ་རབ་ཏུ་དགའ་བའི་ཡིད་ཀྱིས་འཛུམ་པའི་མདངས་ཕྱུང་སྟེ། ངོ་མཚར་གྱི་མདངས་ཀྱིས་འདི་སྐད་ཅེས་དམ་བཅས་སོ། །ཨེ་མ་ཡང་དག་དོན་དམ་བསྡུས་དོན་རྒྱུད་འདི་དག །ཕྱི་མཐའ་མུ་ཡི་བར་དུ་གནས་པར་གྱིས། །མི་ནུབ་བསྟན་པའི་རྒྱལ་མཚན་ཡོངས་སུ་གཟུགས། །མི་འདའ་བསྟན་པའི་ཆར་ཆེན་པོ་མངོན་པར་དབབ། །མི་འདུལ་བསྟཞོ་པ་སྒྲོ་སྐུར་ལ། །སྐྲག་ཅིང་རྒྱལ་བའི་ལས་ཀྱིས་བཀའ་དང་བསྟན་པ་བསྲུང་བར་གྱིས། །ཞེས་ཁས་བླངས་ཏེ་གཙུག་གི་མདུད་པས་ཕྱག་རྣལ་འབྱོར་གྱི་ཚུལ་དུ་བྱས་སོ། །དེ་ནས་འཇིག་རྟེན་ཆོས་ཀྱིས་འབྲེལ་བའི་འཁོར་རྣམས་རྗེས་སུ་ཡི་རང་སྟེ། །གསང་བ་ངེས་པའི་དོན་ངེས་པར་འབྱུང་ངོ་། །ཨ་ལ་ལ་ཧོ་ཞེས་མངོན་པར་བསྒྲགས་སོ། །དེ་ནས་བཅོམ་ལྡན་འདས་ཉིད་ནི་དུས་བཞི་མཉམ་པ་ཉིད་ལ་དགོངས་ནས་ཅད་མི་གསུང་བར་གྱུར་ཏོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ཆེན་པོ་རོག་ཏི་སྲིང་བཞི་དང་བཅས་པའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ། །རྫོགས་སོ།། །། རྒྱ་གར་སྐད་དུ། ནི་ལ་ཙཀྲ་