Ngb-pt-0744-vol-08-text
Front
Body
འདུལ་བའི་རྡོ་རྗེ་འབྱུང་། །མཚོན་པའི་རྡོ་རྗེ། རྟགས་ཀྱི་རྡོ་རྗེ། དོན་གྱི་རྡོ་རྗེ། གཞི་པའི་རྡོ་རྗེ་བཞིའོ། །གཞིའི་རྡོ་རྗེ་ནི། ཆོས་ཀྱི་སྐུའི་རྡོ་རྗེ། རྟགས་ཀྱི་རྡོ་རྗེ་ནི། ལོངས་སྤྱོད་རྫོགས་པའི་རྡོ་རྗེའོ། །མཚོན་པའི་རྡོ་རྗེ་ནི། སྤྲུལ་པའི་རྡོ་རྗེའོ། །མཚོན་པའི་རྡོ་རྗེ་ལ་ཡང་གཉིས་ཏེ། རྡོ་རྗེ་རྩེ་དགུ་པ་དང་། རྩེ་ལྔ་པ་གཉིས་སོ། །དེ་ནི་མཚོན་པའི་རྡོ་རྗེའོ། །གཞིའི་རྡོ་རྗེ་ལ་ནི་བཞི་སྟེ། གཞིའི་གནས་པའི་རྡོ་རྗེ་དང་། རིག་པའི་རྡོ་རྗེ་དང་། རྟོགས་པའི་རྡོ་རྗེ་དང་། རང་གྲོལ་དུ་མ་འགགས་པའི་རྡོ་རྗེ་དང་ངོ་། །ད་ནི་རྡོ་རྗེ་ལས་ཡང་དག་པ་ཆོས་ཉིད་ཀྱི་རྡོ་རྗེ་ལས། ཅིས་ཀྱང་མི་ཤིགས་པ། གང་གིས་ཀྱང་མི་བསྐྱོད། གང་ལ་ཡང་རག་མ་ལུས། རྡོ་རྗེའི་མཚན་ཉིད་རང་དུ་ཡང་མ་གྲུབ། རྡོ་རྗེ་སྟོང་པར་ཡང་མ་གྲུབ། མི་སྟོང་པར་ཡང་མ་གྲུབ་སྟེ། རྟགས་ཀྱི་རྡོ་རྗེ་དེས་ཤུལ་མཚོན་ནས་དོན་གྱི་རྡོ་རྗེ་སྟོན་ཏེ། ཕྱིའི་རྟགས་དེ་མ་རྟོགས་པར། ནང་གི་རྟགས་དེ་འཆར་བ་དཀའ། །ཕྱིའི་རྟགས་རྟོགས་པ་ནི། ཡུལ་སེམས་ལ་རིས་སུ་མི་འཛིན། །ང་བདག་གི་རིས་མེད། སེར་སྣའི་རྒྱུན་ཆོད། ལུས་སེམས་ལ་ཉམ་ང་མེད། འགྲོ་བ་རིགས་དྲུག་གི་རྗེས་སུ་མི་འབྲེང་། འཁོར་བའི་རྒྱུ་མེད།སངས་རྒྱས་ལ་བསྒྲུབ་པ་མི་རེ། ཐོབ་བྱེད་གནས་མེད། ལམ་ལ་བགྲོད་དུ་མེད། བགྲོད་བྱ་རུ་གདགས་སུ་མེད། ས་ལམ་སྦྱང་དུ་མེད། སྦྱང་བའི་ངེས་ཚིག་མེད། དེ་ལྟ་བུའི་རྡོ་རྗེ་ལས་སྣང་སྟོང་གི་རིས་མེད་པས། ལྟ་བ་གཏིང་གསལ་ཆེན་པོ་ཡིན། །ཉམས་མྱོང་གིས་གཞག་ས་མེད་པས། བསྒོམ་པའི་དོན་ཡིན། དུག་ལྔ་དུག་གསུམ་ལ་སྤྱད་དུ་མེད་པས་སྤྱོད་པ་ཆེན་པོ་ཡིན། དེ་ལྟ་བུའི་རྡོ་རྗེ་ལས་འབྲས་བུ་ཡང་དག་པ་ཉིད་དོ། །དེ་ལྟ་བུ་མ་རྟོགས་ཏེ་རྡོ་རྗེ་ལ་རིས་སུ་བཟུང་། ལྷ་ལ་མིང་བཏགས་སོ་སོར་བཟུང་། །ང་མེད་པ་ལ་ང་རུ་བཟུང་། ཕྱོགས་མེད་པ་ལ་ཕྱོགས་སུ་བཟུང་། རིས་མེད་པ་ལ་རིས་སུ་གཟུང་། །རང་ལ་རང་གིས་མཚོན་འཛུགས་ཏེ་རང་གིས་མ་ཚོར་རོ། །རང་གིས་སྲེག་སྟེ་མ་ཚོར་རོ། །རང་གིས་རང་ལ་རྨེ་བྱེད་དེ་རང་གིས་མ་ཚོར་རོ། ཁེང་རྟའི་འཁོར་ལོ་དང་འདྲའོ། །ཡང་དག་པའི་རྡོ་རྗེ་ནི་ཟེར་ཙམ་ཅིག་ཀྱང་མ་བྱུང་སྟེ། མ་རིག་པའི་བདག་ནི་ཁྱབ་པར་བརྡལ། འཁོར་བའི་འདམ་རྫབ་ནས་ཐོན་མི་སྲིད་དོ། །མུན་པའི་གཡུང་དྲུང་ནས་འབྱུང་མི་སྲིད་དོ། །ང་རྒྱལ་གྱི་བྲག་འཇིག་མི་སྲིད་དོ། །ཞེས་གསུངས་སོ། །ཡང་དག་པའི་རྡོ་རྗེ་དེ་ལྟར་གནས་ཀྱང་ན་འགྲིབ་བ་མི་མངའ་བའོ། །མུ་འཁོར་བའི་འདབ་རྫབ་ན་ཡོད་ཙམ་ན་ངན་པ་མེད་ལ། ཡང་དག་པའི་རྡོ་རྗེ་དེ་རྟོགས་ཙམ་ན་བཟང་མིན་ནོ། །མུན་པའི་གཡུང་དྲུང་ན་ཡོད་ཙམ་ན་ཚུབ་བ་མེད་ལ། རིག་པའི་ཡེ་ཤེས་ཤར་ཙམ་ན་གསལ་བ་མེད་དོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཤན་པ་སྐྲུ་གྲིའི་རྒྱུད་ལས། གླེང་གཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཀུན་ཏུ་བཟང་པོ་གདུག་པ་འདུལ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ། །མུ་སྟེགས་ཀྱིལྟ་བ་དར་བ་དང་། གཤིན་རྗེ་ཁྲམ་ཐོགས་ཀྱི་ལྟ་བ་དར་བ་དང་། བདུད་ཀྱི་ལྟ་བ་དར་བ་སྟེ། ང་རྒྱལ་གྱིས་དབང་བྱས་ཏེ། ཞེ་སྡང་མེ་ལྟར་འབར་བ་མ་ཐུལ་བ་ལ་ནི། གཤིན་རྗེ་མ་ཧྭ་དེ་བ་དེ་ ང་རྒྱལ་དང་ཆས་ནས་འདུག །ཆེ་བའི་ང་རྒྱལ་དང་ཆས་ནས་འདུག་སྟེ། བདེ་བར་གཤེགས་པའི་ཐུགས་རྗེས་དགོངས་ནས། ཐུགས་རྡོ་རྗེ་རིགས་ཀྱི་སྤྲུལ་པ་དཔལ་རྡོ་རྗེ་གཤོན་ནུ་རུ་སྤྲུལ་ནས། གཤིན་རྗེའི་རྒྱལ་པོ་དེ་ཆམ་ལ་ཕབ་ནས། རྒྱལ་ཁམས་ཀྱི་གནོད་སྒྱིན་ཕོ་མོ་ཡང་བཏུལ་ལོ། །དེ་ཇི་ལྟར་བཏུལ་ན་ཁོལ་འཁོར་ཕྱོགས་སྐྱོང་བཅུ་བྱུང་བས་ཁྲོ་བོ་བཅུ་ཐུགས་ལས་བྱུང་ནས་བཏུལ། ཡུམ་རྣམས་བྱུང་བས་ཁྲོ་མོ་བཅུ་ཐུགས་ལས་ཕྱུང་ནས་བཏུལ། སྤྲུལ་པ་གྲངས་མེད་པ་བྱུང་བ་ཡང་སྤྲུལ་དང་སུམ་སྤྲུལ་དུ་བཅས་ནས་བཏུལ། འཁོར་འཇིག་རྟེན་དུ་དྲེགས་པ་ཅན་དྲུག་བྱུང་བས། ཡེ་ཤེས་ཀྱིལྷ་དྲུག་སྲས་སུ་བསྐྱེད་ནས་བ་། །དེ་ལྟར་གནོད་སྤྱིན་ཕོ་མོ་ཐབས་ཅད་བཏུལ་ཏེ། སེམས་ཅནཐམས་ཅད་བདེ་བ་ལ་བཀོད་དོ། །ཆོས་བྱར་ཡོད་པའི་སྐལ་བ་དང་ལྡན་ནོ། །རྣམ་པར་འཚེ་བ་བྱ་བ་མིང་ཡང་མེད་དོ། །གལ་ཏེ་རྣལ་འབྱོར་པལ་རྣམ་པར་འཚེ་བའི་ལོག་པའི་སེམས་ཅན་བྱུང་ན། དྲག་པོའི་རྒྱུད་འདི་འབྱུང་བར་བསྟན། །གསོད་ཅིང་བཅད་ལ་ཐོགས་པ་མེད། །མཁའ་ལ་འཕྱོ་དང་ཆུ་ལ་འཛུལ། །གང་ལྟར་བསྒྲུབས་ཀྱང་ཐོགས་པ་མེད། །མ་རིག་ཉམས་པར་བྱེད་པ་ལ། །དྲག་པོ་འགྲུབ་པའི་ལས་བྱས་པས། །སྐྲུ་གྲི་ཀླད་ལ་བསྐོར་བ་འདྲ། །གང་ལ་བརྒྱབ་པ་ཐོགས་པ་མེད། །བསྟན་པ་བསྲུང་ཕྱིར་རྒྱུད་འདི་གསུངས། །ཞེས་བྱའོ། །རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྐྲུ་གྲིའི་རྒྱུད་ལས། གཤིན་རྗེའི་འཁོར་ཚོགས་བཏུལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོ་སྲོག་གི་སྙིང་པོ་བསྟན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དྲག་པོའི་ལྷ་ཐམས་ཅད་དང་། མཁའ་འགྲོ་སྲུངས་མ་ཐམས་ཅད་དང་། མ་མོ་མཁའ་འགྲོ་སྐྱེས་བུ་གིང་ལ་སོགས་པ་རྣམས། སྲོག་སྙིང་དྲག་སྔགས་བསྟན་དུ་གསོལ། ཞེས་གསུངས་སོ། །ད་ནི་སྔགས་ཀྱི་བསྒྱུར་ལུགས་བསྟན་ཏེ། སྔགས་ཀྱི་སྒྲས་བསྡེབས་པ་དང་གཅིག །སྔགས་ཀྱི་ཚིག་གིས་བསྡེབས་པ་དང་གཉིས། སྙིང་པོས་བསྡེབས་པ་དང་གསུམ་མོ། །དེ་ལ་སྔགས་ཀྱི་དྲག་སྔགས་ཀྱི་བསྡེབ་ལུགས་ནི། སྲོག་སྙིང་གིས་བསྡེབ་པ་ཡིན་ནོ། །དམ་ཅན་བཅུ་གཉིས་ལ་ཡང་སྲོག་བཞི་སྟེ། སྔགས་ཀྱི་མཚན་ཉིད་ཀྱིས་ཤེས་པར་བྱའོ། །དེ་ལ་སྤྱིར་སྔགས་ཀྱི་བསྡེབས་ལུགས་ནི། མགོ་ཅན་མགོ་བོ་གཅད་པ་དང་། མགོ་མེད་མགོ་བོ་གདགས་པ་དང་། འདུག་ས་གོང་འོག་བསྒྱུར་བ་དང་། སྔགས་མཐའ་ཡིས་བསྒྱུར་བ་དང་བཞིའོ། །ད་ནི་མགོ་ཅན་མགོ་བོ་བཅད་པ་ནི། དྲག་སྔགས་སུ་ཟློས་པའི་དུས་ཡིན་ཏེ། ཀི་ལི་ཀི་ལི་ཡ་ལ། ཨོ་བཅད་ན་ཀི་ལ་ཡ་ངན་སྔགས་སུ་འགྲོ་བའི་ཕྱིར་རོ། །གསོད་བྱེད་འབར་བའི་རྒྱུད་དུ་ཡང་། སྔགས་མཐའ་དག་དྲག་སྔགས་སུ་གཏོང་བས་གདབ་ན་ངན་སྔགས་སུ་བྱེད་པ་ཡིན་ཏེ། ཨོ་ཞེས་བྱ་བའི་མིང་མི་གྲག་གོ །དེ་ནི་མགོ་ཅན་མགོ་བོ་གཅོད་པའོ། །མགོ་མེད་མགོ་བོ་གདགས་པ་ནི། །རྒྱུད་བྱིན་པོ་རྣམས་སམ། དགོངས་འགྲེལ་ཀུན་ནམ། སྔགས་ཀྱི་འཕྲེང་བ་ཀུན་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡས་མགོ་མནན་པས། མགོ་མེད་མགོ་བོ་གདགས་པའོ། །དབུ་ནོན་མཇུག་སྡུད་བྱ་བ་ནི། །ཨོ་གྱིས་མགོ་མནན། བིག་གིས་མཇུག་སྡུད་པ་ནི། དབུ་ནོན་མཇུག་སྡུད་ཅེས་གསུངས་སོ། །ད་ནི་འདུག་ས་གོང་འོག་བསྒྱུར་བ་ནི། རྩ་བའི་སྔགས་ལ་ཚིག་སྡེ་ཚན་ལོངས་པར་ཡང་གོང་འོག་ནོར་ནས་འགྲོ །ནི་ཡས་ཀྱང་ནུར་ནས་འགྲོ །དྲག་སྔགས་བྱེད་དམ་བསྒྲུ་སྔགས་བྱེད། །དེ་ཡང་གོང་འོག་བསྒྱུར་ཞིང་བྱ། །མཁའ་འགྲོའི་སྔགས་དང་སྒྲོལ་བྱེད་གིང་གི་སྔགས། །དེ་ཡང་འདུག་ས་གོང་འོག་བསྒྱུར་གྱིན་བྱ། །དེ་ལྟར་བློ་ལ་རིག་པར་གྱིས། །ཞེས་གསུངས་སོ། །སྔགས་ཀྱི་མཐའ་ཡིས་བསྒྱུར་བ་ནི། །མ་ཡིས་བསྒྱུར་མ་མོ་རུ་འགྱུར། །ཡ་ཡིས་བསྒྱུར་ན་ཕོ་རུ་འགྱུར། །ཕཊ་ཀྱིས་བསྒྱུར་ན་སྒྲོལ་བར་འཀྱུར། །ནི་ཡིས་བསྒར་ན་གསོད་པར་འགྱུར། །ཧུ༷་གིས་བསྒྱུར་ན་སྡུད་པར་འགྱུར། །སྨྱོ་ཡིས་བསྒྱུར་ན་ཟོར་དུ་འགྱུར། དེ་ནི་སྔགས་ཀྱི་མཐའ་བསྒྱུར་ཡིན། །ཞེས་གསུངས་སོ། །ད་ནི་བསྲུངས་མ་བཅུ་གཉིས་ལ་སྲོག་བཞི་བཞི་ཡོད་དེ། རྣོག་པོ་བཞི་ལས་ཀྱང་དབང་དུ་བསྡུ་བའི་སྲོག་དང་གཅིག །དབང་བསྐུལ་བའི་སྲོག་དང་གཉིས། །བྲན་གྱིས་ཚུལ་དུ་ཁས་བླངས་པའི་སྲོག་དང་གསུམ། དམ་ཚིག་ལས་མི་འདའ་བའི་སྲོག་དང་བཞིའོ། །དེ་ལས་སྲུངས་མ་གཉིས་པོ་ཡང་དེས་འདྲེའོ། །དེ་སྲོག་རང་ལས་ཀྱང་སྔ་སྐྱོར་གྱི་སྲོག་གཉིས། ཕྱི་སྐྱོར་གྱི་སྲོག་གཉིས་ཡོད་པའོ། །ཀ་དང་ཞེས་པས་བདག་ཉིད་ཆེན་མོ་རེ་མ་ཏི། རེ་མ་ཏྲེ། ཀ་ཏེ་ཞེས་པས། རེ་མ་ཛ། རེ་མ་ཛུ་གཉིས་ཀྱི་སྲོག་གོ་ཞེས་གསུངས་སོ། །ཡང་ན་བསེ་མོ་མཆེད་བཞིའི་སྲོག་ནི་ཨ་ཙིད་ཏེ་ཞེས་པས། རྡོ་རྗེ་ཡ་བྱིན། རྡོ་རྗེ་དེ་བྱིན་གཉིས་ཀྱི་སྲོག་གོ །ཨ་པ་ར་ཙི་ཏེ་ཞེས་གསུངས་པས། རྡོ་རྗེ་བསེ་བྱིན། རྡོ་རྗེ་ཕག་བྱིན་གཉིས་ཀྱི་སྲོག་གོ །ཡང་ན་ཨ་ཨ་ར་ཙིད་ཏ་ན། བསེའི་སྐྱེས་བུ་བཞིའི་སྲོག་ཡིན་པར་ཡང་གསུངས་སོ། །ད་ནི་ཤྭ་ན་མ་མཆེད་བཞིའི་སྲོག་སྟོན་ཏེ། ཛ་ཡི་ཞེས་པས། ལྕགས་ཀྱི་སྤྱང་མོ་མགོ་དགུ་མ་དང་། ལྕགས་ཀྱི་ཁྱི་མོ་་རྐང་གསུམ་གྱི་སྲོག་གོ །བི་ཛ་ཡ་ཞེས་པས། ཟངས་ཀྱི་ཝ་མོ་རྐང་གསུམ་དང་། གསེར་གྱི་ཕར་བ་ལྕེ་བརྒྱད་ཀྱི་སྲོག་གོ །ཞེང་་གསུངས་སོ། །སྲོག་དྲུག་གི་མཁའ་འགྲོ་བཅུ་གཉིས་སྲོག་ཏུ་འདུས་པ་ཅི་སྟེ། དེ་ནི་འདི་ལྟ་སྟེ།ཀ་ཞེས་བྱ་བ་ན། རེ་མ་ཏིའི་སྲོག །ཀ་ཞེས་བྱ་བ་ན། རེ་མ་ཛའི་སྲོག །ཏེ་ཞེས་བྱ་བ་ན། རེ་མ་རྡོཁྲི་སྲོག་གོ །ཨ་ཞེས་བྱ་བ་ན།རྡོ་རྗེ་ཡ་བྱིན་གྱི་སྲོག །ཙི་ཞེས་བྱ་བ་ན།རྡོ་རྗེ་དེ་བྱིན་གྱི་སྲོག །ཏེ་ཞེས་བྱ་བ་ན། བསེ་བྱིན་གྱི་སྲོག །ཨ་་གེས་བྱ་བ་ན། རྡོ་རྗེ་ཕག་བྱིན་གྱི་སྲོག །དེ་ནི་བསེ་མོ་མཆེད་བཞིའི་སྲོག་ཏུ་གསུངས། །པ་ཞེས་བྱ་བ་ན། མོན་པ་ནག་པོའི་སྲོག །ར་ཞེས་བྱ་བ་ནི། འབྱུང་པོ་སེར་པོའི་སྲོག །ཅི་ཞེས་བྱ་བ་ན། སྐུ་མདོག་དམར་པོའི་སྲོག །ཏ་ཞེས་བྱ་བ་ན། བདུད་ཀྱི་རྒྱལ་པོའི་སྲོག །གྱད་ཆེན་པོ་བཞིའི་སྲོག་གོཤྭ་ན་མའི་སྲོག་ནི། ཛ་ཞེས་བྱ་བ་ན། ལྕགས་ཀྱི་སྤྱང་མོ་མགོ་དགུའི་སྲོག །ཡེ་ཞེས་བྱ་བ་ན། ལྕགས་ཀྱི་ཁྱི་མོ་རྐང་གསུམ་གྱི་སྲོག །བི་ཞེས་བྱ་བ་ན། ཟངས་ཀྱི་ཝ་མོ་རྐང་གསུམ་སྲོག །ཛ་ཡེ་བྱ་བ་ན། གསེར་གྱི་ཕར་བ་ལྕེ་བརྒྱད་ཀྱི་སྲོག་གོ །དེ་ལྟར་སྲུངས་མ་བཅུ་དྲུག་གི་སྲོག་སྙིང་དུ་ཡང་འགྱུར་རོ། །སྲོག་དེ་རྣམས་སློབ་དཔོན་ལ་སྔ་སྐྱོར་དུ་ཕུལ་བའོ། །སྲོག་དེ་རྣམས་དྲིལ་བས་སྲོག་གཞི་ལས་ཀྱང་། །དབང་དུ་སྡུད་པའི་སྲོག་དང་། དབང་བསྐུར་བའི་སྲོག་གཉིས་ཡིན་ནོ། །ཕྱི་སྐྱོར་དུ་ཕུལ་པའི་སྲོག་གཉིས་འདི་ལྟ་སྟེ། མ་ཏ་མ་ཉ་ཀ་ར་ཨིན་ན་མ་མ་པ་ཤི་ཀུ་སྲ ད་ཏི་མ་མ་ཀརྨ་ཞེས་ཕུལ་ལོ། །སྲོག་གཉིས་ལས་ཀྱང་། བཀའ་ཉན་པའི་སྲོག་དང་། དམ་ཚིག་བསྲུང་བའི་སྲོག་གཉིས་སོ། །བཀའ་ལས་མི་འདའ་བའི་སྲོག་ནི། ནག་མོའི་མ་ཏང་ཉ་ཞེས་གསུངས་སོ། །དམ་ཚིག་བསྲུང་བའི་སྔགས་ནི། ཀ་ར་ཨི་ནན་ཅེས་གསུངས་སོ། །བསེ་མོའི་སྲོག་སྔགས་ནི། བཀའ་ཉན་པའི་སྲོག་ནི། མ་མ་ཞེས་གསུངས་སོ། །དམ་ཚིག་ལས་མི་འདའ་བའི་སྲོག་ནི། པ་ཤི་ཀུ་རུ་ཞེས་སྐྱོར་སྲོག་གི་སྙིང་པོ་མ་ལུས་ཀྱིས། །དཔའ་བོ་ཉིད་ཀྱིས་བཞེས་སུ་གསོལ། །ཞེས་གསུངས་སོ། །ད་ནི་སྲོག་སྙིང་ནས་བོད་པ་དང་། སྲོག་སྙིང་ནས་དབང་བསྐུར་བ་དང་། སྲོག་སྙིང་གི་བྲན་གྱི་ཚུལ་དུ་ཁས་བླངས་པ་དང་། སྲོག་སྙིང་གི་དམ་ཚིག་ལས་མི་འདའ་བར་བྱ་བ་དང་བཞིའོ། །བོད་ན་དབང་དུ་བསྡུ་བའི་སྲོག་སྙིང་ནས་བོད། ལས་ལ་འགྱེད་ན་བྲན་དུ་ཁས་བླངས་པའི་སྲོག་སྙིང་ནས་རྦད། བྲན་མོའི་ལས་ལ་དབང་བསྐུར་ན། དབང་བསྐུར་བའི་སྲོག་སྙིང་གིས་བྱ། །བྲན་མོ་ལས་མི་བྱེད་ན། དམ་ཚིག་གི་སྲོག་སྙིང་གིས་གནད་ལ་བོར་རོ། །ཞེས་གསུངས་སོ། །དེ་ལས་ཀྱང་མཁའ་འ་གྲོ་སྲོག་གི་འཁོར་ལོ་བསྐོར་ན། སྲོག་གི་འཁོར་ལོའི་བྱ་ཐབས་ནི། །གཏོར་མའི་རྒྱུད་ནས་སྟོན། དབང་དུ་སྡུད་པའི་སྲོག་གི་འཁོར་ལོ་ནི། དབང་དུ་སྡུད་པའི་སྲོག་སྔགས་གཅིག་པུ་གཞུག །སྔགས་གཞན་མི་དགོས། ལས་ལ་མི་མགྲོན་བྲན་དུ་ཁས་བླངས་པའི་སྲོག་སྙིང་གཞུག །འཁུ་ལྡོག་བྱེད་ན། དབངབསྐུར་བའི་སྲོག་སྙིང་དང་། དམ་ཚིག་གི་སྲོག་སྙིང་གཉིས་གཞུག་གོ །དེས་སྲོག་འཁོར་ལོ་ཀུན་འདྲེའོ། །ལྷ་འདྲེ་ཕོ་རིགས་མོ་རིགས་གང་གི་སྲོག་གི་འཁོར་ལོ་བསྐོར་ཀྱང་དེ་བཞིན་དུ་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྐྲུ་གྲིའི་རྒྱུད་ལས། སྲོག་གི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ད་ནི་མཁའ་འགྲོ་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །མཁའ་འགྲོ་བསྒྲུབ་པའི་གནས་བཙལ་བ་དང་རྫས་བསག་པའོ། །བདག་ཉིད་མའི་མཐུན་རྫས་ནི། བསེ་མོའི་མཐུན་རྫས་དང་། ཁྲན་མའི་མཐུན་རྫས་དང་། ཕུར་པ་བཅུ་བདུན་དང་། མངར་གསུམ་དང་། དཀར་གསུམ་དང་། མཚོ་ཆེན་པོ་བཞི་དང་། ཁྲམ་བམ་དང་། རྫས་ཚོགས་ཚད་དུ་བསག་གོ །རྫས་ཚོགས་པ་དང་ཕྱི་མཆོད་བྱ། འབུམ་ལྔ་འདོ་ན། གཟུངས་གྲ་བཞི་གདོན། ཕྱི་མཆོད་རྒྱས་པར་བྱའོ། །ཞེས་གསུངས་སོ། །ད་ནི་མཎྜལ་བྱ་བར་བསྟན་ཏེ། མཎྜལ་མདའ་གང་གྲུ་བཞི་ལ་ཁྲག་སྣ་ཚོགས་ཀྱི་ཆག་ཆག་གདབ། །དུག་སྣ་ཚོགས་ཀྱི་ཆག་ཆག་དང་། ཐལ་ཆེན་གྱི་ཆག་ཆག་གདབ་བོ། །དཀྱིལ་འཁོར་བྲི་སྟེ། དང་པོ་གྲུ་གསུམ་ལས་འཁོར་ལོ་རྩིབས་བཞི་བཅད། །དེའི་ཕྱི་རིམ་དུ་འཁོར་ལོ་རྩིབས་བརྒྱད་བཅད། །སྒོ་དང་རྟ་བབས་བཅས་པ་བྲི། ཞེས་གསུངས་སོ། །དེ་ནས་མཚམས་བཅད་དེ། །དང་པོ་སྟོང་པ་ཉིད་དུ་བསམ། །དེ་ལས་ཧཱུཾ༷་དུ་གྱུར། དེ་ལས་སྤར་ན་ཕཊ། སྤྲོས་པས་རྡོ་རྗེར་གྱུར། །ཡང་སྤྲོས་པས་འོད་དུ་ཞུ། ཨོ་བཛྲ་གི་ལི་ཀི་ལ་ཡ། སརྦ་བིབྷ་ནན་བ༷་ཧཱུཾ༷་ཕཊ། རྡོ་རྗེ་གཞོན་ནུར་གྱུར། བདག་གི་ཐུགས་ཀ་ནས་ཉི་མའི་དཀྱིལ་འཁོར་རེ་སྐྱེད། །ཧཱུཾ༷་བཅུ་བསམ། ཨོ་བཛྲ་ཀྲོ་དྷ་ཧཱུཾ༷་ཀ་ར་ཧཱུཾ༷། ཁྲོ་བོ་བཅུ་བསྐྱེད་དེས་འདྲེས། །དངོས་གྲུབ་བར་ཆོད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འབའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། ཨོ་བཛྲ་ཀྲོ་དྷ་ཧཱུཾ༷་ཀ་ར་ཧཱུཾ༷་གརྫ་གརྫ་ཧཱུཾ༷་ཕཊ། ཁྲོ་བོ་བཅུ་དེས་འདྲེའོ། །བགེགས་དང་ལོག་འདྲེན་ཐམས་ཅད་སོག་སྦུར་རླུད་གིས་དེད་པ་བཞིན་བསམ། དེས་ཀྱང་མི་འགྲོ་བ་ཅིག་ཡོད་ན། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། །ཨ༷་ཀུ་ཤ་ཛ་ཞེས་བརྗོད་ལ། ཧཱུཾ༷་གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཏ་ཐ་ཡ་ཏ་ཐ་ཡ་ཧུ༷་ཕཊ། རྡོ་རྗེ་ཐོ་བས་རྫ་བྱེའུ་ཚོགས་བརྡུངས་ལེགས་པ་བཞིན་བསམ། བགེགས་བྱ་བ་མིང་མེད་དོ་ཞེས་གསུངས་སོ། །ད་ནི་ཕུར་པ་དགོད་པ་བསྟན་ཏེ། ཕུར་པའི་མཚན་ཉིད་ནི་ཟངས་སམ། ལྗོམ་དམར་རམ། དྲག་པོའི་ཤིང་ལ་བྱའོ། །དཔལ་གྱི་ཕུར་པ་ལ་བྱིན་བརླབས་དབང་བསྐུར་བ་ནི། དགོངས་འགྲེལ་དང་རྒྱུད་བྱིང་པོ་དང་མཐུན་ནོ། །ཕུར་པ་བཅུ་དྲུག་ལ་བྱིན་བརླབས་མི་དགོས་སོ། །དཔལ་གྱི་ཕུར་པ་དབུས་སུ་དགོད། ཁུ་ན་མ་མཆེད་བཞིའི་ཕུར་པ་འཁོར་ལོ་རྩིབས་བཞི་ལ་དགོད། འཁོར་ལོ་རྩིབས་བརྒྱད་ལ། མཚམས་བཞིའི་འཁོར་ལོ་ལ་བསེ་མོའི་ཕུར་པ་དགོད། ཕྱོགས་བཞིའི་འཁོར་ལོ་ལ་བདག་ཉིད་མའི་ཕུར་པ་དགོད། སྒོ་བཞི་ལ་བསེའི་སྐྱེས་བུ་བཞིའི་ཕུར་པ་བར་ཞལ་འཆེས་པ། །དམ་ཅན་ཤྭ་ན་མུ་ཁ་མཆེད་བཞི་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཛ་ཡེ་བི་ཛ་ཡེ་ཁ་རམ་ཁ་ཧི། དམ་ཅན་ཁས་བླངས་བདག་ཉིད་ཆེན་མོ་མཆེད་བཞི་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། ཀ་ཏང་ཀ་ཏེ་ཡེ་ཁ་ར༷་ཁ་ཧི། མཁའ་འགྲོ་འཇིག་རྟེན་དབང་སྡུད་བསེ་མོ་མཆེད་བཞི་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་བརྩེ་དགོངས་དབང་དང་དངོས་གྲུབ་རྩོལ། །ཨ་ཛི་ཏེ་ཨ་པ་ར་ཛི་སྟེ། མ་ཧ་པ྅་ཨ་མྲི་ཏ་ལ་ཁ་ར༷་ཁ་ཧི། དམ་ཅན་བསེ་ཡི་གྱད་ཆེན་རྣམ་བཞི་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེ་དགོངས་དབང་དང་དངོས་གྲུབ་རྩོལ། །ཞེས་དེ་ནས་དམ་ཅན་རིགས་འཛིན་ཕོ་མོ་རྣམས་དང་དྲེགས་པ་ཅན་མཐའ་དག་ལ་མཆོད་དོ། །ཨོ་ཨུ༷༷ཧུ༷་གསུམ་གྱིས་བདུད་རྩི་བྱིན་གྱིས་བརླབས་ལ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །གསུང་གི་དབྱིག་ཏུ་བདག་སྐྱེད་ཅིག །ཐུགས་ཀྱི་དབྱིག་ཏུ་དག་སྐྱེད་ཅིག །ཀྭ་ཡ་སིརྙི་ཨོ། བཱཀ་སིརྙ་ཨུ། ཙིརྟི་སིརྙི་ཧུ༷། ཨོ་བཛྲ་ཀི་ལི་ཀི་ལ་ཡ། སརྦ་བིལྷུ་ནན་བ༷་ཧུ༷་ཕཊ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །ཧུ༷། ཐབས་ཀྱིས་སྤྱོད་པའི་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས། དབང་དང་བྱིན་རླབས་བདག་ལ་སྩོལ། །མ་ཧྭ་བ་ལིང་ཏ་ལ་ཁ་ཧི། མ་ཧྭ་རག་ཏ་ལ་ཁ་ཧི། ཞེས་མཆོད་པ་དབུལ་ལོ། །དེ་ནས་བྲན་མོ་ལས་ལ་དབང་བསྐུར་ཏེ། བདག་རྡོ་རྗེ་གཞོན་ནུར་གསལ་བར་བྱས་ལ། བྲན་མོ་རྣམས་དཀྱིལ་འཁོར་ལ་གནས་པ་རྣམས་ལ། ཉོན་ཅིག་པའི་ཏིང་ངེ་འཛིན་དང་ཆས་ལ། གོང་དུ་སྲོག་སྙིང་ཕྱེ་བའི་དུས་ཀྱི་དབང་བསྐུར་བའི་སྲོག་སྙིང་རྣམས་འདིར་བཟླས་ལ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། །ཅེས་བྲན་མོ་ལས་ལ་དབང་བསྐུར་ཏེ། བཀའ་ཉན་ཏེ་ལས་བྱེད་དོ། །ད་ནི་འཛབ་བྱ་སྟེ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཨ་ཛི་ཏེ་ཨ་པ་རྭ་ཛི་ཏེ། མ་མ་པ་ཤི་ཀུ་སྲ ཀ་ཏང་ཀ་ཏེ་ཡ། མ་ཏམ་ཉ་ཀ་ར་ཨི་ནན། ཛ་ཡ་བི་ཛ་ཡེ། ད་ཏི་མ་མ་ཀརྨ། མ་ར་ས་ནི་སྤྲ་མ་རྟ་ནེ་ཡེ་ཧུ༷་ཕཊ། སརྦ་བིལྷུ་ནན་བ༷་ཧུ༷་ཕཊ། ཅེས་སྔགས་བཟླས་པས། བདག་རྡོ་རྗེ་གཞོན་ནུའི་་སྐྲུགས་ཁོང་དུ་བརྡུབས་པ་ས། ཐུགས་ཀའི་རྟ་མགྲིན་དང་ཡེ་ཤེས་སེམས་དཔས་བཟླས། ཐུགས་ལ་ནས་འོད་ཟེར་འཕྲོས་པས། དཀྱིལ་འཁོར་གྱི་མཁའ་འགྲོ་རྣམས་ཀྱིས་བཟླས། དེ་ལས་འོད་འཕྲོས་པས། འཇིག་རྟེན་གྱི་ཁམས་འདི་དག་བུད་མེད་ནག་མོ་དང་དམར་མོས་ཁེངས་ནས། ཕྱག་ན་ཕུར་པ་འདྲིལ་ཞིང་གང་ན་གནས་ཀྱང་སྒྲོལ་བར་བྱེད་པ། གྲོག་ཚང་བཤིག་པའམ། བུད་ཚང་བཤིག་པ་བཞིན་དུ་ཕར་འགྲོ་ཚུར་འདུ་བ། མེར་མེར་པོ་ཤིག་ཤིག་པར་ཡོད་པར་བསམ། སྔགས་ནི་ཉིན་ཁྲི་མཚན་ཁྲི་གདོན་ནོ། །འཛབ་བསྐུལ་བ་ནི།བཤད་པའི་རྒྱུད་ནས་ཤན་པའི་བསྐུལ་སྟོན། དེའི་རྟིང་ལ་མཁའ་འགྲོའི་ཐུན་བྱའོ། །ཞེས་གསུངས་སོ། །ད་ནི་ཚོགས་བྱ་སྟེ། སྤྱི་དང་མཐུན་པར་བྱའོ། ཁུབ་པའི་རྟགས་ནི་རབ་འབྲིང་ཐ་མ་གསུམ་སྟེ། རབ་ནི་མཁའ་འགྲོ་མས་ལུང་སྟོན་པ་དང་། འབྲིང་ནི་རྨི་ལམ་དུ་འོང་བ་དང། །ཐ་མ་ནི་མེ་དང་འོད་འོང་བ་དང་། དེ་ལྟར་བྱུང་ཙམ་ན། གདབ་པའི་ལས་བྱ་སྟེ། སྤྲོ་བ་དང་། དགུག་པ་དང། བསྟིམ་པ་དང་བཞི་བྱས་ལ། ལིང་གལ་རྣམས་ཤེས་བསྟིམ་ལ། གཙོ་བོ་ཕུར་པ་ལ་བྱིན་བརླབས་དབང་བསྐུར་མཆོད་པ་ཚུལ་བཞིན་བྱས་ལ། ཕུར་པ་དྲིལ་ཞིང་། ཛ། རྡོ་རྗེ་བསད་པའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཆེ་གེ་མོ་པ་ར་བིད་ཏ་ན་ཧུ༷་ཕཊ། ནན་ནི་ཛ། མ་ར་ས་ནི་པྲ་མརྟ་ནི་ཡེ་ཧུ༷་ཕཊ། ཨོ་ལ༷་དང་བདེན་པ་དང་ཐུན་གསུམ་འདྲེའོ། ཁྲ་ན་མ་མཆེད་བཞིའི་ཕུར་པ་བླངས་ལ་དྲིལ་ཞིང་། ཛ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །སྔོན་ཆད་ཇི་ལྟར་དམ་བཅསབཞིན། །མངོནསྤྱོད་འཕྲིན་ལས་མྱུར་དུ་མཛོད། །གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པ་བྱོས། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཆེ་གེ་མོ་ཀ་ཏང་ཀ་ཏེ་ཡེ། མ་ཏ་མ་ཉ་ཀ་ར་ཨིན་ན། མ་ར་ས་ནི་པྲ་མརྟ་ནི་ཡེ་ཧུ༷་ཕཊ། ནན་ནི་ཛ། སུ་རུ་སུ་རུས་ཐུན་བྲབ་བོ། །ནག་མོ་གསུམ་ཡང་དེ་བཞིན་དུ་བྱས་ལ་གདབ་བོ། །བསེ་མོ་མཆེད་བཞིའི་ཕུར་པ་བླངས་ལ། །ཛ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །སྔོན་ཆད་ཇི་ལྟར་དམ་བཅས་བཞིན། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། །གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ངལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཆེ་གེ་མོ་ཨ་ཛི་ཏེ། ཨ་པ་རྭ་ཛི་ཏེ། མ་མ་པ་ཤི་ཀུ་རུ་མར་ས་ནི་པྲ་མརྟ་ནི་ཡེ་ཧུ༷་ཕཊ། ནཎ་ནི་ཛ། སུ་རུ་སུ་རུས་ཐུན་བྲབ། བསེ་མོ་མཆེད་གསུམ་ཡང་དེས་གདབ་བོ། །མཁའ་འགྲོ་མའི་ཕྱག་ཆ་ཀུན་གྱིས་ཀྱང་གདབ་བོ། །མིང་བྱང་ལྷག་ལྷོག་རྣམས་བསྲེག་པ་དང་གཏོར་མར་གཏང་ངོ་། །མཁའ་འགྲོ་རྣམ་གསུམ་བསྒྲུབ་པ་ནི། གྲོང་ཡུལ་ཐག་ཉེ་བར་མི་བྱའོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྐྲུ་གྲིའི་རྒྱུད་ལས། མཁའ་འགྲོ་བསྒྲུབ་པའི་ལེའུ་སྟེ་བཞི་པའོ།། །།ད་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་བསེ་མིང་སྲིང་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དང་པོར་མཚམས་བཅད་ནས་བསྒྲུབ་པ་དང་། རྒྱུན་དུ་བསྒྲུབ་པ་གཉིས་སོ། །དེ་ལ་མཚམས་གཅོད་ན། མཎྜལ་གྱི་དཀྱིལ་དུ་དོང་གྲུ་གསུམ་དུ་བྲུས་ལ། དེའི་ནང་དུ་སྙིང་སྣ་ཚོགས་ལ་བྱས་པའི་གཏོར་མ་གཞག་གོ ཁུ།་བཞི་རུ་བསེ་མདུང་བཞི་གཟུགས་སོ། །མིང་བྱང་གཏོར་མའི་ཁ་ལ་བཞག་གོ ཁུན་དུ་བྱེད་ན་སྔས་འོག་ཏུ་དོང་གྲུ་གསུམ་བྲུས་ལ། གཏོར་མ་དེ་རུ་བཅུག་ལ། མིང་བྱང་གཏོར་མའི་ཁ་ལ་གཞག་ལ་བསྒྲུབ་བོ། །ཚེ་དང། ཡུངས་ནག་དང་། དུག་སྣ་ཚོགས་དང་། ཟངས་ཕྱེ་དང་། ལྕགས་ཕྱེ་དང་། བསེ་མོའི་འཁར་བ་དང་། བསེ་ཕོའི་རྡོ་ཐུན་རྣམས་བཤམ་མོ། །དོང་དེ་མིས་མི་མཐོང་བར་ཁ་བཅད། དེ་ནས་བདག་ཉིད་སྟོང་པ་ཉིད་དུ་བསམ། དེ་ལས་ཧུ༷་ཞེས་པས་ཧུ༷་མཐིང་ནག་གཅིག་ཏུ་བསམ། དེ་ལས་སྔགས་ཀྱིས་གཙོ་བོ་རུ་བསྐྱེད་དོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། སརྦ་བིསྒྱུན་བ༷ཧུ༷་ཕཊ། ཅེས་བརྗོད་པས། རྡོ་རྗེ་གཞོན་ནུར་གསལ་བར་བསྒོམ་མོ། །སྔགས་དེས་གནས་ལྔར་བསྲུང་ངོ་། །དེ་ནས་འཛབ་བྱ་སྟེ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྒྱུན་བ༷་ཧུ༷་ཕཊ། ཅེས་མི་མང་རིན་ཙམ་དུ་བཟླས་སོ། །དེ་ནས་སྔགས་ལ་འཇུག་པར་བྱ་སྟེ། མ་ར་ས་ན་པྲ་མརྟ་ནི་ཡེ་ཧུ༷་ཕཊ། ཐྲི་ཀྲང་ཀར་ཉེ་ཡེ་ཧུ༷་ཕཊ། ཅེས་མང་དུ་བཟླས་པས།མིང་སྲིང་རྣམས་རང་དབང་མེད་པར་འདུས་ནས་བཀའ་ཉན་ཅིང་གསུང་བསྒྲུབ་པར་བསམ་མོ། །དམ་ཉམས་པའི་དགྲ་བོ་ལ་བདུད་ཀྱི་སྨྱོ་འབོག་ལ་སོགས་བ་བཞི་ནི་འགུག་པའི་ལས་བྱེད། ལྕགས་ཀྱུ་དང་ཞགས་པ་ལྕགས་སྒྲོག་དྲིལ་བུ་བཞི་བསྣམས་པས། དེ་གང་ན་འདུག་ཀྱང་འགུགས་པར་བྱེད་པ། བསེ་ཡི་མིང་པོ་གདུག་པ་ཅན་བཞི་ཡིས་ཉམས་པ་སྒྲོལ་ཞིང་སྙིང་ཁྲག་ཁ་རུ་འཐུང་བར་བསམ་མོ། །དེ་ལྟར་བཟླས་པས་གཏོར་མ་མེ་རུ་འབར་བ་འབྱུང་། །ལིང་ག་འགུལ་བ་འབྱུང་། གོང་གི་ཐུན་ཐམས་ཅད་བྲབ་བོ། །ཏིང་ངེ་འཛིན་གྱིས་ཀྱང་དགྲ་པོ་ལ་བརྒྱབ་པས། ནག་མྱོགས་མྱོགས་འདུག་པར་བསམ་མོ། །དེ་ནས་མིང་བྱང་བསྲེགས་ལ་གཏོར་མར་དབུལ། གཏོར་མ་ལ་གོང་གི་སྔགས་བཟླས་ལ་དགྲའི་ཕྱོགས་སུ་འཕང་། མེ་རུ་འབར་རམ་མེར་ལམ་གྱིས་འབྱུང་ངོ་། །དེ་ནི་རབ་ཡིན། མེ་སྟག་ཙམ་བྱུང་ཡང་དོན་གྲུབ་འོང་ངོ་། །དེ་བཞིན་དུ་བྱས་ན་རྟགས་རྣམས་མྱུར་བར་འོང་ངོ་། །དེ་བཞིན་དུ་བྱས་ན་རྟགས་རྣམས་མྱུར་བ་འོང་སྟེ་ལས་བསྟུན་ལ་བྱའོ། །བསེ་མོའི་ངན་སྔགས་དྲག་པོ་འདི། །གསང་བའི་ལས་སུ་བྱས་པ་ཡིན། །མི་གསང་བསྒྲགས་ན་དམ་ཚིག་ཉམས། །ལས་རྣམས་ཐམས་ཅད་མྱུར་བར་ནུས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྐྲུ་གྲིའི་རྒྱུད་ལས། བསེ་མོ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པ་དྲུག་ངན་སྔགས་སུ་བསྒྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ད་ནི་ངན་སྔགས་བསྒྲུབ་པ་ལ་ཡིད་དམ་གྱི་ལྷ་མི་དགོས། འཕྲིན་ལསད་ཀྱི་གཞུང་མི་དགོས། དེ་ལྟར་འདུག་ན་ངན་སྔགས་མིན། །ངན་སྔགས་འདི་ལྟ་སྟེ། ཤ་རྐྱང་གི་སྙིང་ལ་རྩེ་མོ་སུམ་ཤགས་སུ་བྱས་ཏེ། དེ་རུ་མིང་བྱང་བཅུག་ལ། ཚེ་ལག་ཏུ་ཐོགས་ལ། དབུ་ལ་མཐིང་བེར་གྱི་ལེ་བརྒན་བཅིངས་ལ། སྐུ་ལ་དར་དམར་པོའི་བེར་གསོལ་ལ། བདག་ཉིད་ཡམ་ཤུད་དམར་པོའི་ཆས་སུ་ཞུགས་ལ། ལག་པ་གཡོན་པ་རུ་སྙིང་ཐོགས་ལ། གཡས་སུ་མཚེ་ཐོགས་ལ། ངན་སྔགས་བཟླས་ཏེ། ཆེ་གེ་མོ་ཛ་ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། ཅེས་སྙིང་གི་ལིང་ག་ལ་མཚེ་བརྒྱབ་ལ། །མགོ་ནས་རྐང་པར་འདོན། རྐང་པ་ནས་མགོར་འདོན། དཔག་ཆེན་གྱི་མདའ་ལྟར་བསམ་ལ་ང་རོ་དང་བཅས་པར་བསྐྱེད། དེ་ལ་གུས་པར་བྱས་པ་ན། ལས་རྣམས་མི་འགྲུབ་མི་སྲིད་དོ། །ཞེས་གསུངས་སོ། །ད་ནི་རྒྱལ་པོ་སྲོག་བདག་གི་ངན་སྔགས་བསྟན་ཏེ། རྟ་ཐོད་དཀར་མོ་ལ་མཁར་བརྩིགས། གྲོ་ག་སེར་པོ་ལ་ལིང་ག་བྲིས། རྒྱལ་པོའི་སྐུ་རྟེན་དང་ཡུངས་ཀར་རྒྱལ་པོ་ཚགས་བྱས་ལ། བདག་ཉིད་དར་དཀར་པོའི་ཐོད་བ་ཅིང་། བྱད་དཀར་པོར་བྱ། དར་གྱི་གོས་གྱོན་ལ་སྔགས་བཟླས་ཏེ། ཤི་ཀྲིན་ཨ་ན་ཡ་ཧུ༷་ཕཊ། ཡུངས་ཀར་གྱིས་རྟ་ཐོད་ལིང་ག་ལ་བརྡེག །རྟ་ཐོད་དེ་ལ་འོད་འབར་བ་དང་མེ་འབར་བ་བྱུང་ན། རྟ་ཐོད་དགྲའི་ཁང་པའི་འགྲམ་འོག་ཏུ་སྦའོ། །སྲོག་བདག་རྒྱལ་པོའི་ངན་སྔགས་སོ། །ཞེས་གསུངས་སོ། །ད་ནི་བདུད་ཀྱི་ངན་སྔགས་ནི། མི་ནག་པོའི་སྙིང་ལ། སྙིང་ཤུན་ལ་མིང་བྱང་བྲིས་ལ། ཕྱི་རུ་བཟློག་ལ་ནང་དུ་བརྟག །ཐོད་པའི་ནང་དུ་སྙིང་གི་རྩེ་མོ་ཁ་ནང་དུ་བསྟན་ལ་བཞག་གོ །ཐལ་ཆེན་དང་། ཐུན་ཡུངས་ཀར་དང་། ཁྲག་དང་གསུམ་གྱིས་ཐུན་བྱ། བདག་ཉིད་བདུད་ནག་པོ་འཛུམ་མེད་ཀྱི་ཆས་སུ་ཞུགས་ལ། དར་ནག་པོའི་དབུ་ཐོད་བཅིངས་ལསྐུ་ལ་དར་ནག་གི་གོས་གྱོན་ལ། བྱད་ནག་པོར་བསྐུས་ལ། རྐང་པ་ལ་རེ་བའི་འབོབ་བུ་གྱོན་ལ། སྙིང་གི་ནང་ན་དགྲ་བོའི་སྲོག་དབུགས་ཡོད་པར་བསམས་ལ། མིག་འབྲུ་ཚུགས་སུ་་བལྟས་ལ། ངན་སྔགས་བཟླས་ལ་ཐུན་བརྡེག་གོ །ཆེ་གེ་མོ་ཏ་ཐ་ཡ་ཏ་ཐ་ཡ་ཧུ༷་ཕཊ། ཅེས་ཐུན་མང་དུ་བྲབ་བོ། །བདུད་ཀྱི་རྟགས་རྣམས་འབྱུང་ངོ་། །རྟགས་བྱུང་བ་དང་སྙིང་དང་མིང་བྱང་བཅས་པ་་བདུད་ལ་སྤྱིན། མཆོད་པ་འབུལ་ལོ་ཞེས་གསུངས་སོ། །ད་ནི་དགེ་བསྙེན་གྱི་ངན་སྔགས་བསྟན་ཏེ། མདའ་བྱ་རྒོད་མ་ལ་དར་སྣའི་བརྒྱན་བཏགས་ལ། མདའི་སྒྲོ་མཚམས་སུ་དགེ་བསྙེན་གྱི་སྔགས་རྣམས་བྲིས་ལ་བཞག །ར་ཁམ་པ་དག་སྣའི་ཐོད་པ་དང་སྙིང་ལ། ཐོད་པའི་ནང་དུ་སྙིང་གཞུག །སྙིང་ལ་ཐུན་རྫས་བྱ། ཁྲག་དང་དུག་དང་། ཏིལ་གསུམ་གྱི་ཐུན་བྱ། ངན་སྔགས་བཟླས་པ་ནི། ཆེ་གེ་མོ་ཧ་ས་ར་ན་ཧ་ཏ་ན་ཧུ༷་ཕཊ། ར་ཐོད་དུ་ཐུན་བྱ། རྟགས་བྱུང་བ་དང་སྙིང་དགེ་བསྙེན་ལ་མཆོད། ར་ཐོད་མནན་པ་བྱའོ། །ཞེས་གསུངས་སོ། །ད་ནི་བཙན་གྱི་ངན་སྔགས་བསྒྲུབ་པ་ནི། སྙིང་སྣ་གསུམ་ལ་གཏོར་མ་བྱ། །རྟ་དམར་པོ། ལུག་སེ་པོ། བྱ་དམར་པོ་གསུམ་གྱི་སྙིང་སྣ་ལ་གཏོར་མ་བྱ། ཤིང་བྱང་ལ་མིང་བྱང་བྲི། བདག་ཉིད་བཙན་གྱི་ཆས་སུ་ཞུགས་ཏེ། དར་དམར་པོའི་ཐོད་བྱས་ལ། བེར་དམར་པོ་གྱོན་ལ། ངན་སྔགས་བཟླས་ཏེ། ཆེ་གེ་མོ་བི་ཏ་ཡ་བི་ཏ་ཡ་ཧུ༷་ཕཊ། ཅེས་མང་དུ་བཟླས། རྟགས་བྱུང་བ་དང་ཤིང་བྱང་མེ་ལ་བསྲེག །ཐལ་བ་བྲག་དམར་པོ་བཙན་གནས་སར་གནན་ནོ། །ཞེས་གསུངས་སོ། །ད་ནི་སྒྲོལ་བྱེད་གྱིང་གི་བསྒྲུབ་པ་བསྟན་ཏེ། གནས་ཁང་ཤིན་ཏུ་དབེན་པར་སྟེགས་བུ་མདའ་གང་བ་བརྩིགས་ཏེ། དེར་ཁྲག་གི་ཆག་ཆག་བཏབ་ལ། སྐྱེས་པ་གྲིར་ཤི་བའི་སྙིང་ནང་དུ་ལིང་ག་བཅུག་ལ། བདག་ཉིད་དཔལ་གྱི་ཆས་སུ་ཞུགས་ལ། ཡུངས་ཀར་དང་ཡུངས་ནག་ལ་ཐུན་བསྔགས་ལ་སྙིང་ལ་བྲབ་བོ། །སྔགས་བཟླས་བར་བྱ་སྟེ། ཆེ་གེ་མོ་ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ་ཧུ༷་ཕཊ། ཅེས་བཟླས་པས། སྙིང་འགུལ་བ་དང་འཕར་བ་འབྱུང་ངོ་། །དེ་བྱུང་བ་དང་ལིང་ག་དམེ་ལ་བསྲེགས་ལ་ཐོད་ནང་དུ་བཅུག་ལ་ལྷ་ཁང་དུ་མནན་པ་བྱ། སྙིང་དེ་གཏོར་མར་འབུལ་ལོ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། འཇིག་རྟེན་པ་དྲུག་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དྲག་པོ་འབར་བའི་རྒྱལ་པོ་ཆེན་པོ་དེ།དྲག་པོ་དུག་ཐུན་བསྒྲུབ་པའི་ཏིང་ངེ་འཛིན་ལ་ཞུགས་ནས་འདི་གསུངས་སོ། །དྲག་པོའི་དུག་ཏུ་བསྐྲུབ་པ་ནི། དུར་ཁྲོད་དམ་མི་ཕུང་བའི་རེ་ཤུལ་འདྲེ་ཡོད་པའི་གནས་སུ་བསྒྲུབ་པར་བྱའོ། །རབས་ཆད་ནག་པོའི་ཐོད་པར་བཙན་དུག་དང་། ར་དུག་དང་། བོང་དུག་ལ་སོགས་པ་དུག་སྣ་ཚོགས་བསགས་པ་དམེ་ཁྲག་གིས་སྦྲུས་ལ་ཐོད་པར་བླུག་སྟེ། སྟེགས་བུའི་ཁར་བཞག་ལ་དྲག་པོའི་བསྒྲུབ་པ་ལ་འཇུག་པ་བྱའོ། །ཡང་དགྲ་བོའི་ཟག་པའི་རྫས་ལ་ལིང་ག་བྱས་ལ་ཐོད་ནང་དུ་བཅུག་ལ་ཐུན་གྱིས་བྲབ་པར་བྱེད། །བཛྲ་ཀི་ལི་ཀི་ལི་ཡ། ཆེ་གེ་མོ་ཧ་ས་ཡ་ར་ན་ཧ་ཏ་ན་ཧུ༷་ཕཊ། ཤི་ཀྲིན་ཨུ་ན་ཡ་ཧུ༷་ཕཊ། ཛ་ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ་ཧུ༷་ཕཊ། བི་ཏ་ཡ་བི་ཏ་ཡ་ཧུ༷་ཕཊ། ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷་ཕཊ། མ་ར་ས་ནི་པྲ་མརྟ་ནི་ཡེ་ཧུ༷། ཆེ་གེ་མོ་མར་ཡ་བོད་ཧུ༷་སརྦ་བིསྒྱུ་ན་བ༷་ཧུ༷་ཕཊ། ཅེས་བཟླས་ནས་ཐོད་པའི་དུག་ཐུན་ལ་བསྔགས་པས། རྟགས་སུ་ཐུན་དེ་ཉིད་ཁོལ་བ་དང་མེ་འབར་བར་འགྱུར་ཏེ། དེ་ནས་ལིང་ག་ལ་བྲབ་པས། དགྲ་བོ་དེ་ཉིད་དུག་ཁྲག་གིས་མྱོས་ནས་བརྒྱལ་ཞིང་མྱུར་དུ་སྒྲོལ་བར་འགྱུར་རོ། །ཞེས་གསུངས་སོ། །དྲག་པོའི་ཁྲོ་བོས་དུག་གིས་ལྷ་རྣམས་འབྱེད། །དུག་ཏུ་བསྒྲུབ་པས་ཤིན་ཏུ་ཟབ་པར་བསྟན། །རྫས་ཀྱི་འབྲེལ་བས་ནུས་མཐུ་ཡོད་པར་བྱེད། །ཐབས་ཀྱི་སྒོ་ན་།་ཕ་་རོལ་ཕྱིན་པར་བྱེད། །མང་པོ་ཚོགས་པའི་ནུས་མཐུས་ལས་རྣམས་འགྲུབ་པར་བྱེད། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྐྲུ་གྲིའི་རྒྱུད་ལས། ངན་སྔགས་ཀྱི་སྔགས་དྲུག་དང་དྲག་པོ་དུག་བསྒྲུབ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྒྱུན་གྱི་ཚོགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཚོགས་རྒྱས་འབྲིང་རྣམ་པ་གསུམ། ཚོགས་རྒྱས་པ་ནི། ཚོགས་རྒྱུད་ནས་བསྟན། འབྲིང་པོ་ནི་དགོངས་འབྲེལ་ནས་བསྟན། འདི་ཚོགས་ལས་ཐ་ཆུངས་སོ། །ཞེས་གསུངས་སོ། །རྣལ་འབྱོར་པ་ཚོགས་ལམ་པ་རྣམས་ལ། ལྟ་བའི་སྒོ་ནས་ཚོགས་བསྟན་པ་དང་། སྒོམ་པའི་སྒོ་ནས་ཚོགས་བསྟན་པ་དང་། འཕྲིན་ལས་ཀྱི་སྒོ་ནས་ཚོགས་བསྟན་པ་དང་གསུམ་མོ། །འཕྲིན་ལས་ཀྱི་སྒོ་ནས་ཚོགས་བསྟན་པ་ནི་རྒྱུད་གཞན་ནས་བསྟན་ནོ། །ལྟ་བའི་སྒོ་ནས་ཚོགས་བསྟན་པ་ནི་རྣལ་འབྱོར་བ་ལྟ་བ་དང་ལྡན་པ། བདག་ཉིད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འདུག་པ། དཀྱིལ་འཁོར་ཉིད་ངོ་གྲོལ་བ།ལྷ་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པར་འདུག་པ། དེ་ནི་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ལས་བྱུང་སྟེ། ཚོགས་ལ་དབུལ་བྱ་དབུལ་བྱེད་གཉིས་མེད་དེ། ཚོགས་ལ་བསགས་པའི་ཡུལ་མེད། དབུལ་བའི་གནས་མེད། ཚོགས་སོག་པ་ཡང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས། དབུལ་བ་ཡང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས། དབུལ་ས་ཡང་རང་གི་རིག་པ་བྱང་ཆུབ་ཀྱི་སེམས། དབུལ་བྱ་དབུལ་བྱེད་རྣམ་པ་གཉིས་མེད་པའི་ཕྱིར་རོ། །དེའི་ཕྱིར། བདག་གིས་བདག་མཆོད་ཀུན་མཉེས་ཕྱིར། །ཞེས་བྱའོ། །དེ་ནི་ཁྱདཔརགྱིཚོགསལམམོ། །རྣལ་འབྱོར་ལྟ་བ་རབ་ཀྱིས་རྟོགས། །ཞེས་གསུངསསོ། །ཚོགསལམའབྲིང་པོ་ནི། རྣལ་འབྱོར་པ་འགགཔ་མེད་པའིརྒྱུད། འགག་པ་མེད་པ་ལསརྒྱུད་འབྱུང་། སྣང་བ་དང་སྟོང་པར་གྲོལ་བའི་རྒྱུད། སྣང་སྟོང་རང་གྲོལ་བ་ལས་རྒྱུད་འབྱུང་། མཐའ་དང་དབུས་མེད་པའི་རྒྱུད། མཐའ་དང་དབུས་མེདཔ་ལས་རྒྱུད་འབྱུང་། ཆད་པ་དང་ལྟུངབ་མེདབའི་རྒྱུད། ཆད་པ་དང་ལྟུང་བ་མེད་པ་ལས་རྒྱུད་འབྱུང་། ཡི་གེ་དང་ཚིག་ལས་འདས་པའི་རྒྱུད། ཡི་གེ་དང་ཚིག་ལས་འདས་པལ་རྒྱུད་འབྱུང། གང་ཡང་མེད་པའིརྒྱུད། གང་ཡངམེད་པ་ལས་རྒྱུད་འབྱུང། གཞིདོན་གྱི་ཀུན་གཞིའི་རྒྱུད། གཞིདོན་གྱིཀུན་གཞི་ལས་ཀྱང་རྒྱུད་འབྱུང། འགྲིབ་པ་མེད་པའི་རྒྱུད། འགྲིབ་པ་མེདཔ་ལས་ཀྱང་རྒྱུད་འབྱུང་། གསལ་བ་མེད་པའིརྒྱུད། གང་དུ་ཡངསྨྲར་མི་བཏུབཔའི་རྒྱུད། སྨྲ་བརྗོད་དང་བྲལ་བའི་རྒྱུད། ཐིག་ལེའི་རྒྱུད། འཕྲབའི་རྒྱུད། ཡངས་པའི་རྒྱུད། ངོ་བོ་ཅིར་ཡང་མ་གྲུབ་པའི་རྒྱུད། ནོར་བུ་རིནཔོ་ཆེའི་རྒྱུད། སྨནགྱི་རྒྱལཔོ་ག་བུར་གྱིརྒྱུད། དུག་གི་རྒྱལ་པོ་བཙན་དུགགི་རྒྱུད། རྨབྱ་མ་དོངས་ཀྱི་རྒྱུད། རྒྱ་མཚོཆེནཔོའི་རྒྱུད། རིན་ཆེན་གསེར་གྱི་རྒྱུད། འབྱུང་བ་སའི་རྒྱུད། འབྱུང་བ་མེའིརྒྱུད། འབྱུང་བ་ཆུའི་རྒྱུད། འབྱུང་བ་རླུད་གི་རྒྱུད།དུག་ལྔའི་རྒྱུད། འགྲོབ་རིགས་དྲུག་གི་རྒྱུད། ཁྲོ་བོའི་རྒྱུད་སངས་རྒྱས་ཀྱི་རྒྱུད། རྒྱུད་ཅེས་འབྱུང་སྟེ། དེ་ལྟར་འབྱུང་ཡང་ཀུན་གཞི་བྱངཆུབ་ཀྱི་སེམས་ལས་འབྱུང་སྟེ། འདུས་ཀྱང་དེར་འདུས། ཡང་དག་པའི་ཀུན་གཞི་ལ། ཀུན་གཞི་བྱ་བ་རང་དུ་ཡང་གདགས་སུ་མེད་དོ། །ཀུན་གཞི་དོན་དམ་པའི་མཚན་ཉིད་གང་ཡང་མེད་པ་ལ་གང་ཡང་ཡིན་པའོ། །དེ་ལྟ་བུ་ལས་ཐབས་ལམ་དུ་འཇུག་པའི་རྒྱུད་བྱ་བ་འབྱུང་ངོ་། །རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྐྲུ་གྲིའི་རྒྱུད་ལས། རྒྱུད་འབྱུང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནི་རྒྱུད་གཏད་པ་བསྟན་ཏེ། རྣལ་འབྱོར་ཚུལ་དང་ལྡན་པ་ལ། །བརྡ་ཡིས་བསྟན་པས་གོ་བ་དང་། ཟུར་ཙམ་བསྟན་པས་རིག་པ་དང་། ཡང་དག་པའི་འབྲས་བུ་རྟོགས་པ། དམ་པའི་ཆོས་བསྒྲུབ་པ་ལ་བརྩོན་པ་དང་། རང་གི་རིག་པ་ལ་འགྲིབ་པ་མེད་པ། ཕ་རོལ་གྱི་ཕྲ་མའི་རྗེས་སུ་མི་འབྲང་བ། སློབ་དཔོན་ལ་བརྩེ་གདུང་ཆེ་བ། ཡུམ་གྱི་དབང་མོ་མ་ལྟར་འཁུར་བ། སྨྲས་པའི་ཚིག་ལ་ངག་མི་གཅོག་པ། ཚེ་རབས་སྔ་མ་རུ་སྦྱངས་པ། དམ་ཚིག་ཚུལ་བཞིན་དུ་བསྲུང་བ། གླིང་གཅིག་ཏུ་སྐྱེས་པ། གནས་གཅིག་ཏུ་དུས་མཚུངས་པ། ཡི་དམ་གྱི་ལྷ་དང་མི་འབྲལ་བ། མཁའ་འགྲོ་མ་སྐོང་བ་ལ་རིམ་པ། སྙིང་པོ་བཟླས་པ་ལ་སྐྱོངས་མེད་པ། རིགས་དང་མཐུན་པའི་རྣལ་འབྱོར་པ་རྗེའུ་རིགས་སུ་འདུག་པ་དེ་ལྟ་བུ་ལ་རྒྱུད་འདི་གཏད་པར་བྱ་སྟེ། རྡོ་རྗེ་ཕུར་པ་ཆེན་པོ་རང་བཞིན་གྱི་རྒྱུད་གཏད་པར་བྱའོ། །རྡོ་རྗེ་ཕུར་པ་ཆེན་པོའི་རྒྱུད་གཏད་པར་བྱའོ། །རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྤུ་གྲིའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་བཅུ་པའོ།། །ཁྲན་པ་སྤུ་གྲིའི་རྒྱུད་འདི་ནི། དགེ་བའི་བཤེས་གཉེན་གྱི་སྐུ་ལ་སྡོ་བ་དང་། དཀོན་མཆོག་གཉན་པར་མི་བྱེད་པ་རྣམས་ལ་བྱའོ། །གཞན་དང་གཞན་གྱི་ཐུན་མོང་མ་ཡིན་ཏེ། །བསྟན་པ་བསྲུང་ཕྱིར་རྒྱུད་འདི་གསུངས། །ཐམས་ཅད་ཀུན་ལ་སྤེལ་ན་རྒྱལ་ཁམས་མེ་ཡིས་གཏང་། །དེ་ལྟར་གཏང་ན་སློབ་དཔོན་ཉིད་ཀྱང་འཚིག་བར་འགྱུར། །སྣོད་ལྡན་གཅིག་ལ་གཏད་པར་གསུངས། །རྡོ་རྗེ་ཕུར་པ་ཆེན་པོ་ཤན་པ་སྐྲུ་གྲིའི་རྒྱུད་དྲག་སྔགས་སྐྲུ་གྲི་དང་འདྲ་བ། བཟླས་པ་ཙམ་གྱིས་སྒྲོལ་བར་བྱེད་པ། རྒྱུད་ཕྱི་མའི་ཕྱི་མ་རྫོགས་སོ།། །།ཨོརུན་གྱི་མཁན་པོ་ཆེན་པོ་པདྨ་འབྱུང་གནས་ཀྱིས་སྒྲ་རང་འགྱུར་དུ་བསྒྱུར་ཏེ། བསྟན་པའི་བཙས་སུ་བཞག་པའོ། །གསང་ངོ་།། །། རྒྱ་གར་སྐད་དུ། བོདྷི་ཙིསྟ་ཀི་ལ་ཡ་ཨུ་ཏི་ཡོ་ག་བི་ཏོ་ཏ་མ་ལ་མ་ཧྭ་རྭ་ཛ་ཏན་ཏྲ། བོད་སྐད་དུ། བྱང་ཆུབ་སེམས་ཀྱི་ཕུར་པ་རྫོགས་པ་ཆེན་པོ་ཐེག་པའི་ཡང་ཞུན་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་ཕུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། ཆོས་ཉིད་སྤྲོས་པ་མེད་པ་དང་ཀུན་འབྱུང་ཡེ་ཤེས་ཆེན་པོ་སྟེ། གཉིས་མེད་གསང་བའི་འོག་མིན་གནས་མཆོག་དམ་པ་ན། བཅོམ་ལྡན་འདས་ཚིག་དང་། དོན་དང་། ལས་དང་། འབྲས་བུ་ཡང་དག་པར་སྟོན་པའི་མཆོག །བརྗོད་མེད་མི་གནས་སྐུ་མི་མངའ། །སྒྲ་ལས་འདས་པ་དོན་གྱི་གསུང་། །བསམ་བྲལ་ཡེ་ཤེས་ཐུགས་ཀྱི་ངང་། །ཐུགས་རྗེ་ཡོན་ཏན་རྒྱ་མཚོ་ཀུན་ལ་ཁྱབ། །མ་འདྲེས་ཡོངས་རྫོགས་འཕྲིན་ལས་མཆོག །ཕྱོགས་རིས་དབྱིབས་གནས་ཞིང་ཁམས་ཏེ། །བཞུགས་པ་མེད་པའི་ཚུལ་གྱིས་བཞུགས་པའོ། །བཏགས་པའི་མིང་དང་ཡེ་ཤེས་རོལ་པ་དང་། །བྱིན་བརླབས་སྤྲུལ་པའི་འཁོར་དང་ལྡན། །བསྐོར་བ་མེད་པའི་ཚུལ་གྱིས་བསྐོར། །ཚིག་དོན་བརྗོད་རྙོགས་པ་སྐད་ཅིག་མ་ལས་དངོས་པོར་འབྱུང་བར་བ་་བམ་ཞེ་ན། བཀའ་སྩལ་པ། སེམས་ལས་འདོད་ཆགས་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་སྡུག་བསྔལ་འབྱུང་། །གཏི་མུག་དག་ཀྱང་དེ་བཞིན་ཏེ། །འདི་ལས་ཁམས་གསུམ་ཐམས་ཅད་དང་། །སྐྱེས་པ་བུད་མེད་མ་ནིང་འབྱུང་། །འདི་ལས་འདོད་དང་གཟིར་བ་འབྱུང་། །ཉོན་མོངས་གདུང་འདོད་ཆགས་པ་འབྱུང་། །རི་དང་སྐྱེ་བོ་དེ་བཞིན་དུ། །ནམ་མཁའ་དང་ནི་རླུད་དང་དང་། །སྲེག་པ་མེ་ནི་རབ་ཏུ་འབྱུང་། །འདི་ལས་ས་དང་ཆུ་དག་ནི། །རྡོ་དང་ས་བོན་མྱུ་གུ་འབྱུང་། །དེ་བཞིན་གློག་དང་སྐར་མ་དང་། །ཉི་མ་ཟླ་བ་སྤྲིན་རྣམས་འབྱུང་། །དེ་བཞིན་སྤྱོད་དང་མི་སྤྱོད་ཀུན། །ཐམས་ཅད་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་དང་། གསོལ་པ།བྱང་ཆུབ་སེམས་ཀྱི་ཕུར་པ་ལས་འབྱུང་བའི་ཆོས་འདི་དག་ཐམས་ཅད་ཅི་ཞིག་ལགས་ཞེ་ན། བཀའ་སྩལ་པ། ཆོས་རྣམས་ཐམས་ཅད་སེམས་ལས་འབྱུང་། །སེམས་ཀྱིས་བསྟན་པའི་ལུས་ལ་ཉོན། །ཕྱོགས་བཅུའི་སངས་རྒྱས་ང་ཡི་སེམས། །ཕྱི་ནང་སྣོད་བཅུད་ང་ཡི་སེམས། །ཕྱོགས་སུ་སྣང་བ་ང་ཡི་སེམས མཐོ་རིས་ངན་སོང་ང་ཡི་སེམས། །སེམས་ཀྱི་སངས་རྒྱས་ཕུར་པ་ལ། །སྤྲུལ་པ་ཕྱོགས་བཅུ་སངས་རྒྱས་ཉན། །ཞེས་པའོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་འཁྲུལ་པའི་དངོས་པོ་སྣ་ཚོགས་པ་འདི་གང་སྤྱོད་ཡུལ་ལགས་ཤེ་ན། བཀའ་སྩལ་པ། འབྱུང་བ་ལྔ་དང་ཡུམ་ལྔ་དབང་པོར་བཅས། །སྐྱེ་རྒས་ན་འཆི་ལ་སོགས་སྡུག་བསྔལ་ཚོགས། །དབྱིབས་དང་ཁ་དོག་མཚན་མ་ཇི་སྙེད་པ། །འདི་དག་འཁྲུལ་བའི་སེམས་ཅན་ཡུལ་ཡིན་ཏེ། །བདེན་པ་མཐོང་བའི་ངོ་ལ་འདི་མི་སྣང་། །སྣང་བ་འདི་ཀུན་གྱིས་ནི་ཚད་མ་མཐོང་བ་མ་ཡིན་ཏེ། །སྣང་བ་མེད་བཞིན་ཐོག་མ་མེད་པའི་དུས་ནས་རྟོགས་པས་བརྟགས་པ་ཡི། །གཟུང་འཛིནབག་ཆགས་རྟས་པའི་དབང་ཡིན་ཏེ། འཁྲུལ་ཏེ་འདི་ལ་གདགས་སུ་ཟད་ཀྱི་ཡང་། །སེམས་ཉིད་མ་འཁྲུལ་བར་ཡང་བདེན་པའི་ཕྱིར། །སྐད་ཅིག་གཅིག་ལ་སྣང་མྱོང་ངོ་། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་འཁྲུལ་བའི་ཡུལ་དུ་སྣང་བའི་དངོས་པོ་འདི་དག་ཅི་ལ་གནས་པ་ལགས་ཤེ་ན། བཀའ་སྩལ་པ། བདག་དང་བདག་གཞན་རྣམས་དང་ནི། །ལོག་པར་རྟོགས་པ་ཙམ་ཉིད་ལས། །ཕྲ་ཞིང་ཟག་པ་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །གཞན་དུ་གསོལ་བ་ཅི་ཡང་མེད། །ཅེས་པའོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཚུལ་ཇི་ལྟར་གནས་ཤེ་ན། བཀའ་སྩལ་པ། དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས་། །དེ་བས་ཞེན་ཕྱིར་ཕྱི་མ་ཡང་དེས་དེ་ལ་སྣང་། །རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བའི་ཆོས་ནི་གཞན་ན་ཡོད་མ་ཡིན། །རྒྱུ་དྲུག་རིགས་ལས་དེ་ལ་སྣ་ཚོགས་དེ་དག་རང་གི་ཏིང་ངེ་འཛིན་ཏེ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་དངོས་པོ་སྣ་ཚོགས་པར་སྣང་བ་འདི་དག་ཚད་མ་ལགས་སམ་མ་ལགས་ཤེ་ན།བཀའ་སྩལ་པ། སྐྱེ་བོ་ཀུན་གྱི་སེམས་དང་དངོས་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི། །འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པས་དེ་ལྟ་མ་ཡིན་་བྲུལ། །རང་གི་རྟོགས་པས་མྱོས་པ་དེ་ཉིད་གཟུང་བ་བདེན་གྱུར་ན། །དེ་དག་དངོས་པོ་མེད་རྟོགས་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བར་རིགས། གཞན་དུ་སྐྱེ་མཆེད་བསྒོམས་ནས་རིག་པ་དེ་དག་ཚད་མར་འགྱུར་ན་ནི། དེ་ཉིད་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལ་རྒས་མི་འགྱུར། །ལམ་དེ་རྣམ་གྲོལ་ལམ་དེ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། །སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཅེས་ཏེ་ཉོན་མོངས་འབྱུང་བའི་གནས། །དེ་ཕྱིར་སྐྱེ་བས་མཐོང་བ་དེ་དག་འཁྲུལ་པ་ཡིན་པར་མངོན་ཞིང་རྒྱལ་བས་གསུངས་པའོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེས་འཁོར་བའི་སྡུག་བསྔལ་བཟློག་པར་འདོད་པའི་ཕྱིར་རྣལ་འབྱོར་ལས་གང་ལ་བརྟེན་པར་བྱ་ཞེ་ན། བཀའ་སྩལ་པ། འཁོར་བའི་སྡུག་བསྔལ་སེལ་འདོད་ན། །མན་ངག་ལྡན་པའི་སློབ་དཔོན་ཚོལ། །དེ་ནས་འཁོར་བ་རྩད་ནས་འདོན། །དེ་ལྟར་རྟག་ཏུ་གུས་པར་གྱིས། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་བསྟན་པའི་སློབ་དཔོན་ཇི་ལྟ་བུ་བརྟེན་པར་བགྱི་ཞེ་ན། བཀའ་སྩལ་པ། སློབ་དཔོན་ཚད་མར་མི་ལྡན་སྤྲེའུ་འདྲ་བའི་ལུས། །བསྟེན་ཀྱང་ལམ་ནོར་རྟོག་པས་ཟིན་ཏ་རེ། །དེ་བས་གསེར་ལ་ནག་ཚུལ་གཏོང་བའི་སློབ་དཔོ་རིན་ཆེན་ཏེ། །རིན་ཐང་དཔག་ཏུ་མེད་པའི་རིན་གྱིས་བསླུ་བར་བྱའོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་སྟོན་པའི་སློབ་དཔོན་བརྟེན་པའི་ཡོན་ཏན་ཅི་ཞེ་ན། བཀའ་སྩལ་པ། བླ་མེད་བྱང་སེམས་ཕུར་པ་སྟོན་པའོ། །ཡོན་ཏན་མི་ཟད་སྦྱིན་པ་ཡིན། །བྱང་ཆུབ་ལམ་ཆེན་འདྲེན་མཛད་པ། །འཁོར་བའི་ལམ་རྣམས་སྟོངས་པར་བྱེད། །མ་རིག་མུན་སེལ་སྒྲོན་མ་ཡིན །ལོང་པ་རྣམས་ཀྱི་དམིགས་བུ་མཁན། །དེ་ལ་རྟག་ཏུ་མཆོད་བྱས་ན། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་དོན་སྟོན་པའི་སློབ་དཔོན་དེ་ལ་ཐབས་ཇི་ལྟ་བུས་མཉེས་པར་བགྱི་ཞེ་ན། བཀའ་སྩལ་པ། སློབ་དཔོན་ལ་སྨོད་པ་ནི། དཔེར་ན་མུན་ཁུང་སྒྲོན་བསད་ན། །མཐོང་བའི་དོན་མི་རྙེདཔབཞིན། །སྡུགབསྔལ་ནམ་ཉག་ཡུན་རིངས་སུ། །བསྐལ་པ་མང་པོར་མྱོང་བར་འགྱུར། །དེ་བས་རྟག་ཏུ་གུས་པར་བགྱི། །ཡུལ་ལ་དབང་པའི་རྒྱལ་པོ་བས། །ཤིན་ཏུ་གཙོ་བོར་བླང་བར་བྱ། །དྲིན་ཆགས་བསྐྱེད་པའི་ཕ་མ་བས། ་ན་ཏུ་གདུང་ཞིང་བརྩེ་བར་བྱ། །བརྣག་པའི་ནོར་ལ་འཕངས་མེད་ཅིང་། །གུས་དང་བཅས་པའི་བརྩེ་གདུང་གིས། །མན་ངག་ཐོབ་ཕྱིར་དབུལ་བར་བྱ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་གོ་བའི་ཕྱིར་མང་དུ་ཐོས་པའི་ཤེས་རབ་གཅེས་སམ་མི་གཅེས་ཞེ་ན། བཀའ་སྩལ་པ། ཇི་ལྟར་ཅང་ཤེས་ཀྱི་ལིང་དག །སྡོམ་བྱེད་སྒྲོག་གིས་བཅིངས་འགྱུར་བ། །བཀྲོལ་ནས་བདེ་རླག་བཏང་གྱུར་ན། །ཅི་ཡང་ཐོགས་མེད་འགྲོ་བ་ལྟར། །སེམས་ཀྱི་དབང་པོ་ཅང་ཤེས་འདི། །མི་ཤེས་བཅིངས་པས་བཅིངས་འགྱུར་ན། །རྣམ་གྲོལ་ཐོས་པའི་སྒོ་མོ་ཡིས། ཁྲེས་རྒྱུད་ཀུན་འགྲོལ་ཐོགས་མེད་འགྲོ། །འདི་ནི་མི་ཤེས་རྒྱུད་འགྲོལ་བའི། །བཅིངས་པར་འགྱུར་བ་དགྲོལ་བ་སྟེ། ཁུད་རྣམས་དགྲོལ་བའི་བརླབ་པ་མྲ །གོམས་པར་བྱེད་པ་རབ་ཏུ་གཅེས། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་མན་ངག་ཡིད་ཀྱང་མང་དུ་ཐོས་པ་གཅེས་ལགས་སམ་ཞེ་ན། བཀའ་སྩལ་པ། རང་གི་སེམས་ཀྱི་རྩ་བ་མ་ཆོད་ན། །ཇི་ལྟ་སྨྲས་ཀྱང་དོན་མེད་གཡེང་བའི་རྒྱུ། །ཉན་པ་མང་པོ་འདུ་འཛི་བསྐྱེད་པ་ཡིན། །དགེ་བའི་ཆོས་སྤྱོད་རྣམ་གྲོལ་ཐོབ་པར་དཀའ། །དེ་བས་དོན་འདི་ཡོངས་སུ་གོམས་པར་གྱིས། །སྡེ་སྣོད་རྣམ་གྲངས་ཆོས་ལ་བློ་འབྱོངས་ཀྱང་། །ངེས་པའི་གཏན་ཚིགས་གཅིག་ཏུ་མ་ཤེས་ན། །དོན་མེད་སྐྲུངས་པའི་ཚིག་དེས་སུས་ཀྱང་གོ་མི་འགྱུར། །གདེང་ལྡན་བློ་ལ་མན་ངག་མ་བཞག་ན། །མུ་མེད་སླབ་ཅོལ་དོན་མེད་སྨྲ་བ་བོན་པོ་བཞིན། །ཇི་ལྟར་བརྗོད་ཀྱང་དོན་མེད་གཡེང་བའི་རྒྱུ། །ཞེས་གསུངས་སོ། །གསོལ་བ། དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་ཕུར་པའི་མན་ངག་སྟོན་པ་ལ། །དཔེ་འམ་ཚད་མ་ཞིག་འཚལ་ལམ་མི་འཚལ་ཞེ་ན། བཀའ་སྩལ་པ། གསང་སྔགས་རྒྱ་མཚོ་ཆེན་པོ་འདི། །དཔེ་དང་ཚད་མའི་གཏན་ཚིག་དང་། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་གྱུར་པ་མ་ཡིན་ནོ། །མངོན་སུམ་ལ་སོགས་རྒྱུའི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་སྤྱོད་པའི། །དེ་ཉིད་རྟོགས་པའི་རྒྱུ་འབྲས་སྤྱོད་ཡུལ་ཚད་མར་བཞག་ནས་བློ་ཡིསའཇིག་བྱེད་དེ། །རྟོག་མཐའ་མེད་ཕྱིར་སྤྱོད་མཐའ་མེད། །དེ་ཡི་སྙིང་པོ་མེད་ན་ཚད་མ་གང་། །དེ་ཕྱིར་འཇིག་རྟེན་བརྟགས་པའི་ཐ་སྙད་རྟོགས་པ་རྣལ་འབྱོར་ལམ་འདིར་མི་དགོངས་སོ། ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་ཚད་མ་གང་ལགས། །བཀའ་སྩལ་པ། དེ་བས་གསང་སྔགས་བདག་ཉིད་ཆེ། །དངོས་གྲུབ་རླབས་ཆེན་འབར་བ་ཅན། །བསམ་ཡས་གཏིང་ནི་དཔག་དཀའ་འོ། །ལུང་དང་མན་ངག་ཐོབ་པར་འགྱུར། །སྟོན་པས་ངེས་པའི་ལུང་དང་ནི། །བླ་མ་རྣམས་ཀྱི་མན་ངག་དེ་ནི་དོན་འདིར་བལྟ། །ཚད་མ་གསུམ་དང་ལྡན་བློས་རྣམ་པར་རྟོགས་པ་རྗེས་བཅད་པ། ལུང་དང་མན་ངང་གི་ཚིག་ཙམ་ལ་རྟེན་པ་ཡང་མ་ཡིན། རང་གི་བློ་ཡིས་མངོན་སུམ་དུ་ཡིད་ཆེས་པའོ། །ཞེས་གསུངས་སོ། །གསོལ་བ། །དེ་ལྟར་ཚད་མ་གསུམ་པོ་དེས་བྱང་ཆུབ་སེམས་ཀྱི་ཕུར་པ་དོན་ཇི་ལྟར་རྟོགས་པར་བགྱི་ཞེ་ན། བཀའ་སྩལ་པ། ངེས་དང་ཉམས་ལྡན་གཉིས་རྟེན་ལ། །རང་གི་ངོ་བོ་ཤེས་པར་བྱ། །གདུལ་བྱ་ཇི་སྙེད་པའི་དོན་དུ་ཡང་། །བཀའ་རབ་འབྱམས་ཀྱི་བསྟན་པ་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་ཀྱང་། དོན་བྱང་ཆུབ་སེམས་ཀྱི་ཕུར་པར་ལྷུན་གྱིས་གྲུབ་པའོ། ཁམས་གསུམ་གནས་པའི་སེམས་ཅན་ལ། །བྱང་ཆུབ་སེམས་ནི་མ་ཡིན་པའི། །ཕན་པའི་སྨན་ནི་གཞན་མེད་དེ། །བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་རྟོགས་ནི། །འཁོར་བའི་ཆོས་ནི་རྒྱུན་མེད་དེ། །མྱུར་དུ་བྱང་ཆུབ་ཀུན་གྱིས་ཐོབ། །མི་སྐྱེ་མི་འགག་བདེ་ལ་གནས། །ཞེས་གསུངས་སོ། །གསོལ་བ། འཁོར་བའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཕུར་བུར་དག་གོ་མཉམ་མོ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། སྣོད་བཅུད་རྒྱུ་རྣམས་དག་རྟོགས་ཤིང་། །མཉམ་ཉིད་ལྷག་པའི་མཉམ་ཉིད་ཀྱིས། །དཀྱིལ་འཁོར་བྱང་སེམས་ཕུར་པའི་ཞིང་དུ་དག །མཉམ་པ་ལ་ཡང་རྣམ་བཞི་སྟེ། །དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་དང་། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་མཉམ་པ་དང་། ཕྱིའི་ཡུལ་དེ་བཞིན་གཤེགས་པ་ལྔར་མཉམ་པ་དང་། ནང་གི་སེམས་ཡེ་ཤེས་ལྔར་མཉམ་པའོ། །འབྱུང་བ་ཆེན་པོ་སོ་སོར་མ་བྱས་མ་བཅོས་པ་ལས་སྒྲ་སྐད་སྣ་ཚོགས་པར་ཐ་དད་པར་འབྱུང་བ་ནི། བྱང་ཆུབ་སེམས་ཀྱི་ཕུར་པ་ཉིད་དོ། །འདི་དག་ནི་བདག་ཉིད་ལས་བྱུང་བས་གང་གི་ངོ་བོར་ཡང་མ་གྱུར་ཆོས་ཀྱི་སྐུ་སྟེ། བྱང་ཆུབ་སེམས་ཀྱི་ཕུར་པ་ང་ཉིད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ནི་ངའི་སྐུའོ། །ངའི་གསུང་ངོ་། །ངའི་ཐུགས་སོ། །ངའི་ཡོན་ཏན་ནོ། །ངའི་འཕྲིན་ལས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི། སངས་རྒྱས་ཀྱི་ས་མཐར་ཕྱིན་པ་རྫོགས་པ་ཆེན་པོ་ཉིད་དོ། །ཐམས་ཅད་སྐུ་གསུང་ཐུགས་ལས་མ་གཏོགས་པ་འཁོར་བ་དང་ཉོན་མོངས་པའི་མིང་ཡང་མེད་དོ། །སངས་རྒྱས་འབྱུང་བ་ལས་མ་གཏོགས་པ་སེམས་ཅན་དུ་སྐྱེ་བའི་རྒྱུ་ཅི་ཡང་མེད་དོ། །སྐུ་སྣང་བ་ལས་མ་གཏོགས་པ་སེམས་ཅན་དང་ཆེན་པོ་ལྔ་ཡེ་ནས་མེད་དོ། །སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལས་མ་གཏོགས་པ་སེམས་ཅན་དང་སྡུག་བསྔལ་གྱི་ཆོས་ཡེ་ནས་མེད་དོ། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཡང་དག་པར་ཡབ་དང་། ཡུམ་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སུ་ཡོད་པ་ལགས་སམ་ཞེ་ན། བཀའ་སྩལ་པ། ཐམས་ཅད་མ་སྐྱེས་ཟག་པ་མེད། །ཁམས་ཀྱང་མེད་ཅིང་འབྱུང་བ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །མཚན་མེད་མི་འགྱུར་ནམ་མཁའ་བཞིན། །གཉིས་མེད་གཉིས་སུ་མེད་མིན་ཞི། །བྱང་ཆུབ་སེམས་འདི་རྒྱས་པའི་ཕྱིར། ཐུགས་ཉིད་སྐུ་ཡི་དཀྱིལ་འཁོར་ལ། །དབྱིངས་ཉིད་སྐུ་ཡི་དཀྱིལ་འཁོར་ཏེ། །ཡོན་ཏན་འཕྲིན་ལས་དབྱེར་མེད་དེ་བཞིན་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །གསོལ་པ། དངོས་པོ་ཐམས་ཅད་ཀྱི་མཐའ་བྱང་ཆུབ་སེམས་ཀྱི་ཕུར་པ་སྐྱེས་པ་དེ། ཚུལ་ཇི་ལྟར་འཚལ་བར་བགྱི་ཞེ་ན། བཀའ་སྩལ་པ། དཔེར་ན་རྡོ་རྗེའི་རང་བཞིན་དག །སྲ་ཞིང་མཁྲེགས་པའི་དངོས་པོ་ཡང་། །བརྟགས་ཏེ་དུ་མར་བྱས་ནས་ནི། །རླུང་གི་མཐུ་ཡིས་གཏོར་བྱས་ན། །དེ་ལ་དངོས་པོ་ག་ལ་ཡོད། །དཔེར་ན་མེ་ཡི་རང་བཞིན་དག །ཚ་ཞིང་དངོས་པོ་ཀུན་བསྲེགས་ཤིང་། །འབར་འཕྲོ་སྣང་གསལ་མཆེད་བྱེད་པ། །ཆུ་ཡི་མཐུ་ཡིས་རླག་བྱས་ན། །དེ་ལ་རང་བཞིན་ག་ལ་ཡོད། །དཔེར་ན་རྫས་ཀྱི་དངོས་པོ་ཡང་། །མེ་ཡི་མཐུ་ཡིས་བསྲེགས་གྱུར་ན། །དེ་ལ་རང་བཞིན་ག་ལ་ཡོད། ཁྲེས་པས་ཟིན་པའི་ཤེས་པ་རྣམས། །གཟུགས་དང་འདྲ་བ་སྣ་ཚོགས་ཀྱང་། །དབང་པོ་ལ་སོགས་མཛེས་གྱུར་ཀྱང་། །ཕུང་པོ་མི་རྟག་ཤི་འཔོས་ནས། །དངོས་པོ་ཐམས་ཅད་ཞིག་འགྱུར་ཏེ། །ཞིག་དང་རྡུལ་ལ་སོགས་པ་དང་། །རུས་པ་དག་ཀྱང་རླག་འགྱུར་ཏེ། །ཐ་མ་ཅིར་ཡང་སྣང་མི་འགྱུར། །རི་བོ་ཆེན་པོ་ལ་སོགས་པ། །དངོས་པོ་བརྟན་གཡོ་འཇིག་རྟེན་རྣམས། །བསྐལ་པ་གསུམ་གྱིས་རླག་བྱས་ན། །དེ་ལརངབཞིནགལཡོད། །དེས་ན་དངོས་པོའི་ཆོས་རྣམས་ཀུན། །དངོས་པོ་རྟག་པ་མ་ཡིན་པས། །ཆོས་རྣམས་རང་བཞིན་མེད་པར་ཤེས། །དབང་པོ་བརྟན་གཡོ་སྣང་བ་ཀུན། །ཡུལ་རྣམས་ཡོད་པ་མ་ཡིན་ཏེ། །ཀུན་གཞི་རྣམ་པར་ཤེས་པ་ཉིད། །དངོས་པོ་སྣ་ཚོགས་པར་སྣང་སྟེ། །སྣང་བའི་དངོས་པོ་རྣམས་བཤིག་ན། །གཞིགས་ན་ནམ་མཁའི་ངང་དུ་ཞི། །ནམ་མཁའ་དེ་ཉིད་ལྔས་གཞིག་ན། །མཚན་མ་མེད་པའི་དབྱིངས་སུ་ཐིམ། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་བྱང་སེམས་ཕུར་པ་ཆོས་སྐུ་ཆེན་པོ་ཡིན། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཡང་དག་པར་སྒྱུ་མ་ཙམ་དུ་ཡང་མ་མཆིས་སམ་ཞེ་ན།བཀའ་སྩལ་པ། དེ་ལྟ་དངོས་པོའི་མཚན་མ་ཀུན་བརྟགས་ན། །རང་བཞིན་སྒྱུ་མ་མེད་འགྱུར་ཕྱིར། །ཡོད་ལས་ལྟོས་པ་མེད་དེ་མེད་པའི་མེད་པ་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །མ་སྤངས་མ་བསྒྲུབས་ནམ་མཁའི་ངང་དུ་གནས། །ཁམས་གསུམ་བརྟགས་ན་འཁོར་བ་མྱ་ངན་མེད། །ཕྱོགས་ཆར་དབྱེ་ན་བདེ་གཤེགས་སྙིང་པོ་ཡིན། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་སྒྱུ་མ་ཙམ་དུ་ཡོད་པ་དེ་ཞིན་གཤེགས་པ་ཡིན་བགྱི་བ་དེ་ཇི་ལྟ་བུ་ལགས་ཤེ་ན། བཀའ་སྩལ་པ། ཡང་དག་ཉིད་ན་གནས་བཅས་ན། །ཕྱི་ནང་སྣོད་བཅུད་རྣམས་པར་དག །རགས་པར་སྣང་བ་དེ་བཞིན་གཤེགས། །སྒྱུ་མར་འཛིན་པ་ཡུམ་གྱི་དབྱིངས། །གཟུགས་ཀྱི་མཚན་ཉིད་དངོས་པོ་མེད། །གཅིག་ལའང་ལྔར་གཞིག་པ་དང་། །ཐམས་ཅད་ནམ་མཁའི་ངང་དུ་གནས། །ནམ་མཁའ་དེ་ནི་ཆོས་ཀྱི་དབྱིངས། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཐམས་ཅད་སྟོང་པ་ཁོ་ནར་ཤེས་ནས་ཡང་དག་པའི་དོན་ལགས་སམ་ཞེ་ན། བཀའ་སྩལ་པ། མདོ་སྡེ་དང་བསྟན་བཅོས་བཀྲི་དྲང་གི་དོན་གྱིས་ནི་ཐམས་ཅད་སྟོང་བར་བཤད། དེ་བས་མེད་པར་བཤད། །དེ་བས་ཀྱང་སྟོང་པ་བདག་མེད་པར་བཤད་དེ། སྟོང་པ་ཉིད་ལ་བལྟ་ཉེས་ན། ཁེས་རབ་ཆུང་ལྡན་ཕུང་པར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ལོག་པར་བསྒྲུབས་པ་བཞིན། །རྒྱལ་བ་རྣམས་ཀྱི་སྟོང་ཉིད་ནི། །ལྟ་ཀུན་ངེས་པར་འབྱིན་པ་སྟེ། །གང་ཟག་སྟོང་པ་ཉིད་ལྟ་བ། །དེ་ནི་སོར་མི་རུང་ཞེས་གསུངས། །སྣ་ཚོགས་སྣང་ཞིང་མེད་པར་གང་སྨྲ་བ། །མེད་པར་མཐོང་བས་མུ་སྟེགས་འཆལ་བའི་ལམ། །ཞེས་བྱའོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་ཆོས་རྣམས་ཐམས་ཅད་སྟོ་ང་པ་ཉིད་དུ་བསྟན་པ་ཅི་འཚལ་ཞེ་ན། བཀའ་སྩལ་པ། སྐྱེ་བ་མེད་ཅེས་བསྟན་པ་ཡང་། །དངོས་པོ་འཛིན་པ་བཟློག་ཕྱིར་ཏེ། །སྒྱུ་མ་ཡེ་ནས་སྐྱེ་མེད་ལ། །སྐྱེ་མེད་ཉིད་ཀྱིས་སྒྲོ་མི་གདགས། །ནམ་མཁའ་འདི་ནི་མེད་དོ་ཞེས། །བླུན་པོ་གང་ཞིག་རྟོག་པར་བྱེད། །མཁས་པས་སྔོན་ནས་ཡོང་མི་འཛིན། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་སྟོང་པ་ཉིད་ཅེས་བྱ་བ་འདི་ཇི་ལྷ་བུ་འཚལ་བར་བགྱི་ཞེ་ན། བཀའ་སྩལ་པ། ང་མེད་ཕྱོགས་དང་བྲལ་བར་ཡོངས་ལ་བསྟན་དུ་མེད། །མེད་པའི་ས་མཚམས་བཅད་པར་ཡོང་མི་བསྟན། །མེད་པར་བསྟན་པ་ཡོད་པའི་ངོ་བོ་ཡིན། །ཡོད་མེད་གཉིས་སུ་བསྟན་པ་ཤིན་ཏུ་དཀའ། །གཟུགས་རྣམས་སྣ་ཚོགས་མཚན་མ་ཅིར་སྣང་བ། །དོན་དམ་ཉིད་དུ་ཡོད་པ་མ་ཡིན་པས། །གང་ལ་འདི་འདྲ་ཞེས་ནི་བརྟག་པ་མེད། །ཅེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཅི་ཞིག་གིས་མེད་པར་འགྱུར་བ་ལགས་ཞེ་ན། །བཀའ་སྩལ་པ། ཆོས་ཀྱི་དབྱིངས་ཉིད་ཆོས་ཀྱི་སྐུ། །མི་རྟོག་ཡེ་ཤེས་ཡིན་ཞེས་བཤད། །རང་བྱུང་ཡེ་ཤེས་རང་བཞིན་སྣང་། །གང་ཞིག་སྟོང་བའི་ངང་ཡོད་ཅེས། །མེད་པའི་རང་བཞིན་རྟོག་པ་སྟེ། །རི་བོང་རྭ་དང་མོ་ཤམ་བུ། །ཚིག་ཙམ་གདགས་སུ་རུང་མོད་ཀྱིས། །ཐམས་ཅད་མིང་ཙམ་སྟོང་ཉིད་མེད། །ཐམས་ཅད་སྟོང་པ་ཞེས་པ་སྟེ། །ས་རྡོ་དྲན་མེད་མ་ཡིན་པས། །རྟོག་མེད་རང་བཞིན་འདི་གསལ་བ། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །གདོས་པ་ཅན་གྱི་ཆོས་མེད་དེ། ཤེས་པ་འབའ་ཞིག་ཁོ་ནའོ། །རང་བཞིན་ཆ་ཕྲ་གང་འཛིན་པ། །འཛིན་པ་དེ་ལ་ཆོས་མེད་དོ། །ཆོས་མེད་འབྲས་བུ་དེ་ལ་མེད། །ཆོས་ཀྱི་འབྲས་བུ་གང་ཡིན་པ། །རིག་པའི་དོན་ནི་འདི་རྣམས་སོ། །སྔོན་དང་ཕྱི་མར་མ་གྱུར་ཅིང་། ཕྱོགས་དང་རིས་སུ་མ་ཕྱེ་བར། །འཛིན་ཆགས་འཛིན་པའི་རྟོགས་སྤངས་ན། །དེ་ནི་ཆོས་ཉིད་ཅེས་བྱའོ། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཀུན་རྫོབ་ཏུ་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་བགྱི་བའི་ཚུལ་ཇི་ལྟར་འཚལ་བར་བགྱི་ཞེ་ན། བཀའ་སྩལ་པ། ཀུན་རྫོབ་སྒྱུ་མར་མཉམ་པ་ནི། །འདུས་བྱས་དངོས་པོ་སྣ་ཚོགས་ཀུན། །སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་། །འཕྲལ་སྣང་བྱ་བ་ཀུན་ཀྱང་བྱེད། །རྟག་པ་ཀུན་གྱི་ཚད་མར་སྣང་། །འདི་དག་ཐམས་ཅད་གཟུགས་བརྙན་དེ། །བྱ་བྱེད་སྣང་ཞིང་དངོས་པོ་མེད། །ཆུ་ཟླའི་ཚུལ་དུ་ཐམས་ཅད་གནས། །ཐམས་ཅད་སྣང་ལ་རང་བཞིན་མེད། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སྙིང་པོ་ཡོད་པ་མ་ཡིན་ཏེ། །སྒྱུ་མ་མིག་ཡོར་སྤྲུལ་པ་དང་། །སྨིག་རྒྱུ་འཇའ་ཚོན་ཆུ་ཟླའི་ཚུལ། །དེ་ལྟར་གང་གིས་རྟོགས་པ་སྟེ། །དེ་ཉིད་སངས་རྒྱས་ཡིན་པར་བཤད། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བདེན་པ་གཉིས་དབྱེར་མེད་དོ་ཞེས་བགྱི་བ་དེ་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། དོན་དམ་པོ་དང་ཀུན་རྫོབ་བྱེར་མེད་པར་མཉམ་པ་ནི། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །ཡོད་དང་མེད་པ་གཉིས་ཀ་མེད། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །སྣང་བ་ཉིད་ན་དངོས་མེད་དེ། །དངོས་མེད་དེཉིདསྣཚོགསསྣང། །དེ་ཉིད་སྒྱུ་མ་མིག་ཡོར་ཚུལ། །བདེན་པ་གཉིས་མེད་སེམས་པར་ཟད། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བདེན་པ་གཉིས་སུ་བརྟགས་པ་ཅི་འཚལ་ཞེ་ན། བཀའ་སྩལ་པ། གང་ཟག་སྒྱུ་མ་བཀྲི་དོན་བདེན་གཉིས་མེད། །བག་ཆགས་སྟོང་སེམས་དེ་དག་གཡེང་བ་ཆེ། །རང་བཞིན་དུས་གཅིག་སྟོང་ལས་ན། །སེམས་དང་བག་ཆགས་གཅིག་པར་གསུངས། ཁྲེས་ཙམ་ཡིན་པ་བདག་ཉིད་ལས། ཐིག་ལེའི་ཆེན་པོར་རྒྱལ་བས་བཤད། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བདེན་པ་གཉིས་དབྱེར་མེད་པའི་བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཉིད་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། ཡོད་དེ་དངོས་པོ་མ་ཡིན་ཏེ། །ཆུ་ཟླ་བཞིན་དུ་རང་བཞིན་མེད། །མེད་དེ་ཆད་པ་ཡོད་མ་ཡིན། །ནམ་མཁའི་དབྱིངས་ལྟར་ཅིང་ཡང་སྣང་། །གཅིག་སྟེ་རྣམ་པ་མ་ཡིན་ཏེ། །དོན་དམ་གཅིག་ཏུ་ཐམས་ཅད་འདུས། །གཉིས་མེད་ཕྱལ་བ་མ་ཡིན་ཏེ། །ཡོངས་ལ་ཁྱབ་པས་བརྡལ་བའི་སྐུ། །གང་ལྟར་བསྟན་ཀྱང་གང་ཡང་མེད། །མེད་པ་མ་ཡིན་དྲན་བཞིན་ཚོལ། །ཆད་པར་མ་སོང་རིག་ཅིང་རྟོགས། །རྟག་པར་མ་སོང་རིག་ཅིང་རྟོགས། །རྟག་པར་མ་སོང་དངོས་པོ་མེད། །གཉིས་སུ་མ་སོང་རྟོག་པ་མེད། །གཅིག་ཏུ་མ་སོང་ཀུན་ལ་ཁྱབ། །དང་པོ་སྐྱེ་བའི་རྒྱུ་མེད་ལ། །ཐ་མ་འཆི་ཞིང་འཕོ་བ་མེད། །ད་ལྟར་དངོས་པོའི་རྫས་མེད་པས། །རྟག་པར་ཆགས་ཞིང་གཟུང་དུ་དངོས་པོའམ། མ་ལུས་བའི་ཆོས་གཅིག་ཀྱང་མེད་དེ། སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པར་ཕབ་པས་ཐེག་པ། དེའི་རྡོ་རྗེའི་ཐེག་པའི་ཆོས་ཞེས་བྱའོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཆོས་ཉིད་ཚིག་ལས་འདས་པ་གསུངས་པ་ཅིའི་ཕྱིར་ལགས་ཞེ་ན། བཀའ་སྩལ་པ། སེམས་ཀྱི་རང་བཞིན་བཙལ་བས་མི་རྙེད་ན། །གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད། །མཆོག་ཏུ་གསང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ཁ་བརྗོད་དུ་རྡུལ་ཙམ་མེད། །སྐྱེ་བ་མེད་པའི་ཆོས་རྣམས་ནི། །མ་སྐྱེས་པས་ནི་སྙིང་པོར་བཞེད། །སྙིང་པོའི་དོན་དུ་གང་འགྱུར་བ། །ཚིག་ཏུ་སྨྲ་བ་ལེགས་མ་ཡིན།་།སྤྲོས་པ་ཉིད་ན་གོལ་བ་ཞེས། །རྒྱལ་བ་རྣམས་ཀྱིས་ཡང་དག་བཤད། །དེ་བས་རྡོ་རྗེ་རྒྱལ་པོ་ཉིད། །བཀའ་མི་གསོལ་བར་དགོངས་པའོ། །ཕྲ་ཞིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ་ནི་མི་རྟོག་རྟོགས་ལས་འདས། །མི་གནས་དམིགས་པའི་ཡུལ་མེད་བསམ་པ་ཀུན་དང་བྲལ། །ཚིག་གིས་མ་ཕེབས་དབྱིབས་དང་ཁ་དོག་དབང་པོའི་སྤྱོད་ཡུལ་མིན། །བསྟན་ཅིང་བརྟག་པར་དཀའ་ལ་བརྗོད་དུ་རྡུལ་ཙམ་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འགྲོ་བ་མི་ཤེས་དྲང་དོན་དུ། །ཆོས་ཀྱི་འཁོར་ལོ་ཡོངས་བསྐོར་ཏེ། །ཐེག་པའི་བྱེ་བྲག་བསམ་ཡས་པ། །འགྲོ་བའི་དོན་ལ་ཅི་གསུངས་ཀྱང་། །སེམས་ཀྱི་རང་བཞིན་འདས་པ་ཡི། །རང་བཞིན་མེད་ལས་ཡོད་པ་དྲན། ཁྲེས་རབ་ཆེན་པོས་རྟོགས་པའི་རྟགས། །མཁའ་ལྟར་མཉམ་པ་ཉིད་ལ་གནས། ཁྲེས་རབ་ཆེན་པོས་ཁྱབ་པའི་རྟགས། །མི་གཡོ་མཉམ་བཞག་འདུས་མ་བྱས། ཁྲེས་རབ་ཆེན་པོས་གྲུབ་པའི་རྟགས། །མ་ཆགས་ཐབས་ཀྱིས་ཀུན་ལ་སྤྱོད། །རྟོགས་པ་ཆེན་པོའི་ཆེན་པོ་ལ། །མ་རྟོགས་སྦྱོར་བའི་ལས་བྱེད་ན། །ཆེ་བའི་ཡོན་ཏན་ཡོད་མ་ཡིན། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་རྟོགས་པ་དེའི་སྐབས་གང་དུ་དགོས་པ་ལགས་ཞེ་ན། བཀའ་སྩལ་པ། མཁས་པ་མི་གཙོ་རྟོགས་པ་གཙོ། །མཁས་པ་མི་ཚིག་ཐན་པ་ཡིན། །རྟོགས་ལ་ཆོས་ཉིད་རླུད་ལ་འབྱོ། །བསྒྲུབ་པ་བས་ཀྱང་རྟོགས་པར་རིགས། །རྟོགས་པ་དེ་རུ་མ་གྱུར་ན། །བསྒྲུབ་པ་རྟོག་པའི་རྒྱུན་ལ་བསྒྲུབ། །སྒོམ་པ་མཚན་མའི་ངངལ་སྒོམ། །རྩོལ་བ་ཉོན་མོངས་ཞེན་པས་རྩོལ། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་རྟོགས་པ་དེའི་སྤྱོད་ཡུལ་དང་ཡོན་ཏན་ཇི་ལྟ་བུ་ལགས། བཀའ་སྩལ་པ། དག་པས་བརྟགས་ན་ཀུན་ཀྱང་ལགས། །རྟོགས་པས་བསམ་ན་གང་ཡང་འགྲུབ། །ཐམས་ཅད་དག་ཅོས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །ཅེས་གསུང་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་ངང་དུ་ཐམས་ཅད་དག་པའི་ཚུལ་ཇི་ལྟར་ལགས་ཞེ་ན།བཀའ་སྩལ་པ། འདི་ལྟར་སྣང་བ་ཐམས་ཅད་ལ། །མངོན་སུམ་ཚད་མས་རྟགས་མཐོང་ཡང་། །སྣང་བ་ཉིད་ན་དངོས་པོ་མེད། །དེ་བཞིན་ཉིད་དུ་ཡང་དག་རྟོགས། །མཐོང་ན་མཐོང་དུ་ཟད་དེ་རྣམ་དག་དབྱིངས་སུ་མཐོང་། །ཐོས་ནས་ཐོས་སུ་ཟད་དེ་མན་ངང་ངེས་པ་ཐོས། །ཚོར་ན་ཚོར་དུ་ཟད་དེ་རྩ་བ་མེད་པར་ཚོར། །མྱོང་ན་མྱོང་དུ་ཟད་དེ་བཅོས་པ་མེད་པར་མྱོང་། །རེག་ན་རེག་ཏུ་ཟད་དེ་འགྱུར་བ་མེད་པར་རེག །ཆོས་ན་ཆོས་སུ་ཟད་དེ་རྣམ་དག་དབྱིངས་སུ་ཆོས། །སྔགས་ཀྱི་ཡོངས་སུ་ཟིན་པའི་ནད། །ཀུན་ལ་གནོད་པར་བྱེད་མི་ནུས། །ཐབས་དང་ཤེས་རབ་རྟོགས་པ་ཡིས། །དུག་གསུམ་སྡུག་བསྔལ་གནོད་མི་འགྱུར། །ཐབས་ལ་མཁས་པས་མ་ཟིན་ན། །ལམ་གྱི་དགེ་སྤྱད་སྟེགས་བཅས་ཀྱང་། །མཐོ་རིས་དང་ནི་མི་རུ་སྐྱེ། །སྐྱེ་ཤི་མེད་དཔའི་ས་མི་ཐོབ། །ཐབས་མཁས་སྙིང་རྗེས་ཟིན་པས་ནི། །མཚམས་མེད་སེམས་ཅན་མ་ལུས་ཀུན། །བྱང་ཆུབ་སྙིང་རྗེས་བསད་ན་ཡང་། །བསོད་ནམས་དཔག་ཏུ་མེད་པ་ཐོབ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྱོད་ལམ་རྣམ་བའི་ཅི་སྤྱད་ཀྱང་། །འཆི་བར་མི་འགྱུར་རྣམ་གྲོལ་རྫོགས། །ལྟ་བས་མཐོང་ལ་རྟོགས་པ་མེད། །ཡེ་ནས་ལྷུན་གྲུབ་ཉམ་མི་ང་། །དེ་ལ་གོལ་ས་ག་ལ་ཡོད། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་རྟོགས་པས་སྒྲིབ་པ་ཇི་ལྟར་དག་པ་ལགས་ཞེ་ན། བཀའ་སྩལ་པ། དེ་ལྟར་ཤེས་པའི་མཐུ་ཡིས་ནི། །བག་ཆགས་མུན་པ་ཀུན་གསལ་ཏེ། །ཇི་ལྟར་རླུད་གིས་རྡུལ་ཆགས་ལྟར། །སྐད་ཅིག་ཙམ་གྱིས་ཏིང་འཛིན་གྱིས། །སྒྲིབ་པའི་ཕུང་པོ་ཕྱགས་པར་འགྱུར། །ཇི་ལྟར་མར་མེས་མུན་བསལ་ན། །མུན་ཉིད་སྣང་བར་འགྱུར་བ་བཞིན། །སྐད་ཅིག་མ་ཡི་དོན་རིག་པར། །སྔོན་ནས་བསགས་པའི་མུན་པ་སེལ། །རྨད་བྱུང་བྱང་ཆུབ་སེམས་བསྒོམས་པས། །འགྲོ་བ་མྱུར་དུ་བྱང་ཆུབ་སྟེ། །མ་སྐྱེས་བྱང་ཆུབ་རྨད་བྱུང་བ། །ཉོན་མོངས་ལས་ཀྱིས་གོས་མི་འགྱུར། །བྱང་ཆུབ་སེམས་ནི་སྤུ་གྲིའི་སོ། །ཏིལ་མར་ངར་བཏབ་རལ་གྲི་བཞིན། །བྱང་ཆུབ་སེམས་ནི་ཡོངས་ཀྱི་ལམ། །སྐྱོན་གྱིས་མ་གོས་པདྨ་བཞིན། །ཅིབྱསཉེསཔའི་སྐྱོན་མ་གོས། །བསྐལ་བ་འབར་བའི་མེ་བཞིན་དུ། །སྡུག་བསྔལ་སྡིག་པ་ཅི་སྤྱད་ཀྱང་། །རྣམ་གྲོལ་བླ་མེད་སངས་རྒྱས་འགྲུབ། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན། །ཐུགས་སུ་ཆུད་པའི་རྣལ་འབྱོར་པས། །སྟོད་པ་ཇི་ལྟར་བསླབ་པར་བགྱི། །ཞེ་ན། བཀའ་སྩལ་པ། སྣང་སྲིད་མཚན་མའི་རྫས་རྣམས་ཀུན། །མ་རིག་རྨོངས་པའི་བློ་རྣམས་ཀྱིས། །སྤྱོད་པ་ཉིད་དུ་སྣང་བ་དེ། །ཐབས་ལ་མཁས་པའི་རྣལ་འབྱོར་པས། །རངབཞིནམེདཔརའདྲིས་པར་སྤྱོད། །སེམས་ཉིད་ཅིར་ཡང་མི་སྣང་ཕྱིར། །སྤྱོད་པ་ཅིར་ཡང་མི་སྤྱད་དེ། །གཙང་སྨེ་ཕྱོགས་རིས་སྤྱོད་པ་དང་། །ཆེ་ཆུང་ཆགས་སྡང་བླང་དོར་སོགས། །ཅི་ལའང་བྱེ་བྲག་མི་བྱ་སྟེ། །བདག་སྨོད་གཞན་རྐྱེན་ལ་སོགས་པ། །ཐེག་ཆེན་རྣལ་འབྱོར་ག་ལ་ཡིན། །སེམས་ཅན་དམྱལ་བའི་ཆོས་ཀྱང་མི་འགལ་ཏེ། །ཉན་ཐོས་ལ་སོགས་ཅིས་ཅི་དགོས། །ཐམས་ཅད་མཉམ་ཉིད་ངང་དུ་སྤྱད། །བདག་ཉིད་མི་རྟོགས་ཉམས་རྙེད་ཀྱང་། །འགྲོ་དོན་དགེ་ཆོས་རྫོགས་བྱེད་པ། །ཡོན་ཏན་མ་ལུས་སྦེད་ཤེས་ཏེ། །མདོར་ན་སྤྲུལ་སྐུའི་སངས་རྒྱས་བཞིན། །ཆོས་རྣམས་སྟོང་པ་ཉིད་དུ་རབ་རྟོགས་ཀྱང་། །ལས་ཀྱི་རྣམ་སྨིན་ཡོད་ཅེས་བྱས། །བསམ་དུ་མེད་པའི་ཆོས་ཉིད་ལ་ལོངས་སྤྱོད། །འདུས་བྱས་དག་པ་རྒྱུན་མི་འཆད། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་བའི་དོན་སྤྱོད་པ་དེ་ལྟར་སྤྱད་ན། དངོས་པོའི་ཆོས་ལ་ཞེན་པར་མི་འགྱུར་རམ་ཞེ་ན། བཀའ་སྩལ་པ། རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད། །བདེ་བའི་རོ་མཆོག་མྱོང་འགྱུར་ཏེ། །དེ་ལ་སུ་ཞིག་ཆགས་པར་བྱེད། །སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན། །བདེ་བའི་མཆོག་ཉིད་བསོད་ནམས་ཚོགས། །དེ་ལྟ་བུ་ཡི་ངང་དུ་སྤྱོད། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་སྤྱོད་པའི་ཞབྲུལ་པ་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། རྡོ་རྗེ་ཐེག་མཆོག་ཁས་འཆེས་ལ། །མཉམ་པའི་དོན་ཉིད་མི་ཤེས་པར། །གསང་སྔགས་དམ་ཚིག་མཉམ་ཟེར་ཞིང་། །ཐུགས་ཐུབ་དག་ཏུ་སྤྱད་བྱས་པས། །དམྱལ་ཁམས་དག་ཏུ་བརྒྱུད་པར་འགྱུར། །བདེ་དང་སྡུག་བསྔལ་རྫོགས་པས་ན། །བདག་རྒྱལ་གཞན་འཕམ་ཅི་ཡི་ཕྱིར། །བཟང་དང་ངན་པ་འཁྲུལ་བ་ན། །འདོད་པས་མཆོག་གང་གིས་བསྟན། །མཉམ་ཉིད་ཆེ་ཆུང་མེད་པ་ལ། །བདག་བསྟོད་གཞན་སྨོད་སུ་ཞིག་སྨྲ། །ཆོས་ཉིད་སྤོང་ལེན་མེད་པ་ལ། །བླང་དང་དོར་བ་གང་གིས་བརྗོད། །བྱང་སེམས་ཕུར་པའི་ཁས་འཆེས་ནས། །མ་རུངས་ལོག་པར་སྤྱོད་བྱེད་ཅིང་། །རང་ཤེས་རས་ཆོད་བྱེད་པ་ནི། །མུ་སྟེགས་ལྟ་ངན་ཆད་པ་ཡིན། །ཅི་ཡི་ཕྱིར་ན་འབྲས་བུ་མེད། །ལྟ་བུ་ཆེ་བར་ཁས་བླངས་ནས། །བདག་ཉིད་ཆེ་ལ་གཞན་ལ་ཆུང་། །རང་ལ་མི་བཟོད་གཞན་ལ་ཕོད། །མུ་སྟེགས་རྟག་པར་བལྟ་བ་ཡིན། །ང་ནི་སངས་རྒྱས་ཡིན་པས་ན། །གཞན་ནི་ང་ཡི་གོང་ན་མེད། །དེ་ཕྱིར་བལྟ་བ་གཏིང་ཐུག་པའི། །རྒྱལ་བའི་སྲས་འབྲས་རྣལ་འབྱོར་པས། །ལམ་བསྟན་སྐྱོན་སེལ་མཁས་པ་ལ། ཁ་ཅིག་དྲེགས་པའི་ཕྲག་དོག་གིས། ཁྲོ་སྟོན་ཐབས་ཀྱིས་སྨོད་པར་བྱེད། །དེ་ནི་འཁོར་བའི་གཏིང་རྡོ་སྟེ། །ནམ་ཡང་ཐར་པའི་ཁར་མི་འབྱུང་། །དགེ་བའི་ཕྱོགས་དང་སྡིག་ལ་སོགས། །ཐ་སྙད་ཙམ་ཡང་ཡོད་མ་ཡིན། །རྣལ་གྲོལ་རྣམ་པར་བཅིངས་པ་ཡི། །གཉིས་པོ་དེ་ཡོད་གདོད་ནས་མེད། །གང་གིས་དེ་ལྟར་མ་རིག་པ། །དོན་མེད་སྒྲ་ཕྱིར་དེ་འབྲེངས་ནས། །དགེ་བའི་ཆོས་ནི་རྣམ་སྤངས་ནས། །དེ་ནི་འཐོམས་ནས་དམྱལ་བར་འགྲོ །གསང་སྔགས་དབང་ཕྱུག་གོ་འཕང་ཆེན་པོ་འདིར། །ཕྱི་ནང་གསང་བའི་དོན་དང་མི་ལྡན་པར། །ལ་ལ་མཁས་འདོད་དྲེགས་པའི་ང་རྒྱལ་ཅན། །རང་གི་ལྟ་བ་ཡང་རབ་ཐོབ་འདོད་དེ། །གཏི་མུག་དབང་གིས་བག་ཟོན་མ་ཆགས་པར། །དྲན་འདོད་ཡས་བཞག་བཙན་ཐབས་དྲེགས་པ་ཡིས། །བདག་ལས་གཞན་མེད་དཔེ་ཟླས་འཕགས་འདོད་པ། །གཞན་ལ་བརྙས་འདོད་བདག་ཉིད་ལྷར་བསྒོམས་ཀྱང་། །མཉམ་པའི་རྒྱལ་པོ་ཆེ་ལས་འགལ་བའི་ཕྱིར། །ལྟ་སྤྱོད་ཡ་ཆབ་བདུད་ཀྱི་ལས་སུ་འགྱུར། །མཐོ་དམན་རློམ་སེམས་དབང་སྒྱུར་མཉམ་པའི་ཐུགས། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་དང་ལྡན་པའི་རྣལ་འབྱོར་པས་ལས་ཀྱི་མཐའ་གང་ལགས་ཞེ་ན། བཀའ་སྩལ་པ།དཔེར་ན་ཞིང་པས་ལོར་བཏབ་པའི། །ཐ་མ་སྔ་རྩ་མ་བྱས་ན། །འབྲས་བུ་ཐ་ཡ་ཁྱེར་བ་བཞིན། །རྣལ་འབྱོར་ལྟ་སྤྱོད་དམ་ཚིག་དབང་། །ཉན་བསམ་ལས་ཀྱི་མཐའ་མ་སྲ །མི་སྒོམ་པ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཤེས་རབ་རྣམ་པ་གསུམ་གལ་ཆེ་བ་ཅིའི་ཕྱིར་ལགས་ཞེ་ན། བཀའ་སྩལ་པ། རང་གསང་ཐབས་ཀྱི་འབྲས་བུ་ནི། །མ་བསྟན་པ་རུ་ཤེས་མི་སྲིད། །ཡང་དག་དོན་གྱི་ངོ་བོ་ནི། །མ་བསམ་བར་དུ་རྟོགས་མི་སྲིད། །ཡང་དག་ངེས་པའི་འབྲས་བུ་འདི། །མ་བསྒོམས་བར་དུ་འགྲུབ་མི་སྲིད། །བསྒོམས་ན་འབྲས་བུ་ཐག་མི་རིང་། །དགོས་པ་དམ་པ་ཀུན་འདུས་ལ། །འཇུག་པའི་གཙོར་ནི་བསམ་གཏན་ཏེ། །འཁོར་ལོ་དབང་བསྐུར་ཇི་བཞིན་དུ། །ཆོས་ཀུན་དབང་བསྐུར་བསམ་གཏན་ཡིན། །གལ་ཏེ་བསམ་གཏན་འདི་མེད་ན། །རྒྱ་མཚོ་འཇིངས་ཀྱི་ཕ་བོང་ལྟར། །དཔག་ཏུ་མེད་པའི་སྒོ་སྤྱོད་ཀྱང་། །དོན་མེད་སྙིང་པོ་སྐམས་པ་ཡིན། །བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །མུན་ལས་སྣང་བྱུང་དེ་བཞིན་དུ། །འགྱུར་བ་གསེར་འཀྱུར་སྨནགྱི་ཚུལ། །རྫོགས་པའི་དབང་སྒྱུར་ཏིང་འཛིན་ཡིན། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་བསྒོམས་པའི་རྣལ་འབྱོར་བའི་གནས་ཇི་ལྟ་བར་ལགས་ཞེ་ན། བཀའ་སྩལ་པ། རྣམ་པར་མི་རྟོགས་དོན་ཚོལ་ན། །གཅིག་པུ་དབེན་པའི་ས་བཟུང་སྟེ། །བར་ཆད་རྣམ་གསུམ་མེད་པའི་གནས། །རྙེད་ནས་གཅིག་པུར་གནས་བར་བྱའོ། །དེ་ཉིད་ཉམས་སུ་ལེན་འདོད་པས། །གཅིག་པུ་སེང་གེ་བཞིན་དུ་གནས། །གཡེང་བའི་ཡུལ་རྣམས་ཐག་བཅད་དེ། །འབྲེལ་ཡུལ་དཔག་ཚད་དུ་མས་བཤུགས། །དེ་ནས་སེམས་ཀྱི་མེ་ལོང་བལྟའོ། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་འདོད་པའི་རྣལ་འབྱོར་པས་སྔོན་དུ་འགྲོ་བའི་ལས་ནི་ཇི་ལྟར་བྱས་ལ་འཇུག་ཅེ་ན། བཀའ་སྩལ་པ། ཟབ་དོན་འཇུག་པའི་སྔོན་ལོགས་སུ། །ཐེ་ཚོམ་གཡེངས་མ་ཐག་བཅད་དེ། །སྡིག་བཤགས་བྱང་ཆུབ་སེམས་བསྐྱེད་ནས། །རྣལ་འབྱོར་ཚོགས་ཀྱི་བསོད་ནམས་དཔུང་། །ཕྱིས་ནས་འགྱོད་པ་མེད་པར་བྱ། །རྣམ་པར་མི་རྟོག་སྒོམ་འདོད་ན། །ངེས་དང་ཉམས་ལྡན་གནས་བསྟེན་པ། །རང་གི་ངོ་བོ་ཤེས་པར་བྱ། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་དོན་དམ་པར་བསྒོམ་དུ་མེད་ཅེས་བྱ་བའི་དོན་དེ་ཇི་ལྟར་ལགས་ཞེ་ན། བཀའ་སྩལ་པ། འཁོར་བ་རྣམས་ནི་ཀུན་ཏུ་བཟང་པོའི་སྐུ་སྟེ་མཚན་མེད་ནམ་མཁའི་ཀློང་། །གང་ཡང་བསྒོམ་པར་བྱ་བ་རྫོགས་པ་ཆེན་པོའི་འདི་ལ་ཅི་ཡང་མེད། །མི་བསྒོམ་བསྒོམ་དུ་རྡུལ་ཡང་མེད་དེ་ཅི་ཞིག་བསྒོམ། །བསྒོམ་པར་འདོད་པ་རྣམས་ཀྱིས་འདི་ཡི་དོན་མི་རྟོགས་ཏེ་ཀློང་ལས་ཉམས། །དྲང་སྲོང་སྒོམ་འདོད་པས་ནི་ཡུལ་ལ་དཔྱད་མི་བྱ། །སྒོམ་མེད་ཡུལ་ལམ་དམིགས་པར་བྱེད་པ་ནི། །དེ་ནི་སྨིག་རྒྱུ་ཆུ་རྙེག་འདྲ། །སེམས་དཔའ་ཆེན་པོ་ཐམས་ཅད་བསྒོམ་པའི་མཆོག །ངོ་བོ་ཉིད་དུ་དམིགས་སུ་མེད། །ང་ཡི་ལུགས་སུ་སྦྱོར་བ་ལས། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ལམ་བསྒོམས་ནས་རྡོ་རྗེ་ལྟ་བུར་མི་འགྱུར་རམ་ཞེ་ན། བཀའ་སྩལ་པ། བསམ་གྱིས་མི་ཁྱབ་མི་ཤེས་པར། །བསམ་མེད་ངང་དུ་གང་འཇོག་པ བུས་པ་དེ་ནི་བླུན་པ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །བསམ་གྱིས་མི་ཁྱབ་དོན་ཤེས་ན། །བསམ་མེད་ངང་དུ་གང་འཇོག་པ། །དེ་ནི་ཐམས་ཅད་མཁྱེན་པ་ཉིད། །ཡོན་ཏན་དཔག་ཏུ་མེད་པ་འབྱུང་། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པཆོས་ཉིད་ལ་བསྒོམ་དུ་ཡོད་པ་ལ། རྣལ་འབྱོར་པས་མི་སྒོམ་པ་ཅི་ཞིག་ལགས་ཞེ་ན། །བཀའ་སྩལ་པ། ཆོས་ཉིད་བསམ་དུ་མེད་པ་ནམ་མཁའ་ཆེ། །ནམ་མཁའི་བསམ་པ་དེ་དག་ཀུན་དང་བྲལ། །ནམ་མཁའི་དམིགས་པར་ཡང་ནི་དམིགས་སུ་མེད། །སེམས་དང་ཆོས་ནི་ཅི་ཡང་མ་ཡིན་པས། །བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བསྒོམས་ན་སྐྱོན་ཅི་མཆིས་ཞེ་ན། བཀའ་སྩལ་པ། མ་བཅོས་བྱང་ཆུབ་དེ་བཞིན་ཉིད། །བསྒོམ་དུ་མེད་པའི་ཆོས་ཉིད་ལ། །བསྒོམ་པ་དམིགས་སུ་མེད་པ་སྟེ། །ཏིང་འཛིན་ཞེས་ནི་གདགས་སུ་མེད། །བསྒོམས་ཀྱང་རྙེད་པ་མ་ཡིན་ལ། །དེ་བཞིན་མ་བཅོས་སྟོརབ་མེད། །བསྒོམ་ཆོས་སྣ་ཚོགས་ཅིར་སྣང་བ། །བསྒོམས་ན་དེ་ཡི་ངང་མི་གནས། །དེ་བས་བྱིས་པའི་སྤྱོད་ཡུལ་ཡིན། །བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་། །བསྒོམས་ན་མཚན་དང་དཔེ་བཞིན་དེ་ལ་རྟོག་པ་སྐྱེ། །དམིགས་པའི་ཡུལ་མེད་གནས་པར་བརྟག་པར་དཀའ། །ཞེས་གསུངས་སོ། །གསོལ་པ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ནི་མི་བསྒོམ་པར་བཞག་པ་ལགས་སམ་ཞེ་ན། བཀའ་སྩལ་པ། བསྒོམ་པའི་ཡུལ་མེད་དེ་ལ་བསྒོམ་པའི་གནས། །བསྒོམ་ཆགས་བདེ་བ་བདག་འཛིན་སྡུག་བསྔལ་ཡིན། །བསྒོམ་པའི་གནས་མེད་དག་ཏུ་རབ་རྟོགས་ན། །བསྒོམས་ཀྱང་སྐྱོན་མེད་ཆོས་དབྱིངས་ནམ་མཁའ་འདྲ། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བསྒོམས་ཀྱང་སྐྱོན་མེད་པ་ལགས་ན་བསྒོམ་པ་ཉིད་ནི་ཚུལ་ཇི་ལྟར་བསྒོམ་ཞེ་ན། བཀའ་སྩལ་པ། མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་བསྒོམ་པ་མེད། །ནམ་མཁའི་ཚུལ་དུ་རབ་འབྱོར་བས། །དངོས་གྲུབ་ཀུན་ཏུ་རབ་ཏུ་གྲགས། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ལས་དང་པོའི་རྣ་འབྱོར་པས་བློས་ཇི་ལྟར་བཞགཅེ་ན། བཀའ་སྩལ་པ་སེམས་ཀྱི་སྐད་ཅིག་དྲན་པ་ལ། །ཡིད་ཀྱི་དམིགས་པ་རྒྱུན་ཆད་ནས། །བྱུང་ཚོར་ཆད་པའི་མཐའ་སྤངས་ཏེ། །ཆོས་རྣམས་ནམ་མཁའ་ལྟ་བུ་ནི། །བརྗོད་མེད་རྒྱུན་གྱི་ཆད་པར་དམིགས། །དོན་ནི་ཕྱིན་ཅི་མ་ལོར་པར། །བརྗོད་མེད་ཏིང་འཛིན་བསྒོམ་པའི་མཆོག །ཡང་དག་དོན་གྱི་རང་བཞིན་འདི། །ཅི་ཡང་མི་ལེན་མི་གནས་ཤིང་། །ཅི་ཡང་མི་ཐོས་ཐོས་པ་མེད། །ཅི་ཡང་མི་བྱེད་བྱེད་དང་བྲལ། །ཅི་ཡང་སྣང་བ་མེད་པ་སྟེ། །དེ་ནི་སྣང་བའི་དམ་པ་ཡིན། །བསམ་དུ་མེད་པའི་ཆོས་ཉིད་འདི། །བསམ་དུ་མེད་པར་དེ་བཞིན་བཞག །རང་བཞིན་མེད་པའི་ཆོས་ཉིད་ལ། །སེམསཀྱིགྱིནདསྐདཅིགམ། །མི་གཡོ་རྒྱུན་དུ་དྲན་པར་བྱ། །ཞེས་གསུངས་སོ། །གསོལ་བ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཐམས་ཅད་དུ་དམིགས་ཤིང་དྲན་པར་བྱ་བ་ལེགས་སམ་ཞེ་ན། བཀའ་སྩལ་པ། བསྒོམ་པར་བྱ་བ་བསྒོམ་པ་མིན། །གསལ་བྱ་དམིགས་སུ་མེད་པ་སྟེ། །དེ་ལྟར་སེམས་ཀྱིས་གང་བསྒོམས་པ། །དོན་ལ་སེམས་བསྒོམ་ཏིང་འཛིན་མཆོག །ཅེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ཅིའི་ཕྱིར་མི་བསམ་པར་གནས་པར་བགྱི་ཞེ་ན། བཀའ་སྩལ་པ། སྣང་བ་མེད་པའི་རང་བཞིན་ལ། ཁྲེས་བློ་ཡོད་པའི་སེམས་མི་འགྱུར། །མཉམ་ཉིད་སྟོན་པའི་དོན་འདི་ལ། །དོན་ལྡན་སྟོང་པའི་སྒྲོ་མི་འདོགས། །མ་བཅོས་རང་བཞིན་ཞི་བ་ཡི། །མཚན་མའི་རྟོག་བྲལ་ཤེས་ལྡན་པས། །མེད་དོ་ཙམ་དུའང་མི་དམིགས་ན། །བྱུང་ཚོར་འཛིན་པར་ག་ལ་འགྱུར། །ཐམས་ཅད་མི་གནས་བྱང་ཆུབ་སེམས། །བཙལ་ནས་གྲུབ་པ་མ་ཡིན་ཡང་། །སྒྱུ་མ་སངས་ནས་འཁྲུལ་བ་བཞིན། །སྤྲོས་བྲལ་ཡེ་ཤེས་སྙིང་པོ་གནས། །བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན། །དོན་དམ་ངང་ལ་བདེ་བར་གནས་པ་ནི། །བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱ། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བློའི་ཡུལ་མེད་པར་བློ་ལ་གནས་པ་དེ་ཅིའི་ཕྱིར་ལགས་ཞེ་ན། བཀའ་སྩལ་པ། རྡོ་རྗེ་འདུས་པ་ཆེན་པོ། བྱང་ཆུབ་སྙིང་པོར་བཞུགས་པའི་ཚེ། སྟོང་པའི་ཆོས་ལ་སྟོང་པའི་ཡུལ་མེད་དེ་ནི་མི་གནས་སོ། །བྱང་ཆུབ་སེམས་བྱང་ཆུབ་བསྒྲུབ་པའི་རྒྱུ་མེད་དེ་ནི་མི་གནས་སོ། །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །ཞེས་པ་ནི་དེ་ལ་མ་སྐྱེས་མིང་མི་དམིགས། །དེ་ལས་གཞན་པའི་སེམས་མེད་ཕྱིར། །བཅོས་ཤིང་གནས་པ་གང་ཞིག་ཡོད། །ཇི་ལྟར་ནམ་མཁའ་མཁན་མ་ཡི། །དེ་ཕྱིར་ནམ་མཁའ་དེ་ཉིད་བསྒོམ་པར་མི་འགྱུར་ཞིང་། །ངོ་བོ་ཉིད་ཀྱིས་མ་སྐྱེས་སེམས་ཀྱི་ནི། །མ་སྐྱེས་དེ་ཉིད་བསྒོམ་པར་ག་ལ་འགྱུར། །མི་མཐུན་པ་དང་མཉམ་པོ་དབྱེར་མེད་དོན། །གང་གིས་ཤེས་ནས་རྩོལ་བ་ཀུན་སྤངས་ཏེ། །བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་ན། །ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བརྗོད། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་བསྒོམ་པའི་དུས་ན་ཏིང་ངེ་འཛིན་གྱི་སྐྱོན་དག་ཇི་ལྟར་འཚལ་བར་བགྱི་ཞེ་ན། བཀའ་སྩལ་པ། དྲན་འབྱུང་རྗེས་སུ་འབྲངས་ནས་ནི། །འཁོར་བའི་གནས་སུ་འཁོར་བར་འཀྱུར། །དྲན་འབྱུང་གཡོ་བ་ཅི་བཀག་པ། །དེ་ནི་འགོག་པ་ཉིད་དུ་འགྱུར། །དྲན་འབྱུང་མེད་པར་བླུན་པར་ན། །མུ་སྟེགས་ཅན་ནམ་མུན་པར་འགྱུར། །འདི་ཞེས་སེམས་སུ་གཅིག་བཟུང་ན། །མཚན་མ་རྟོག་པའི་རི་བོ་ཡིན། །སྔ་ཕྱི་མེད་པས་ཕྱ་ཆད་ན། །མེད་དེ་ཆད་པའི་མུན་ཅན་ཡིན། །གཞི་ཡི་དོན་ལས་ཡུད་ཙམ་ཞིག །ཅི་གཡོ་སྐྱེ་འགག་འབྱུང་བ་དེ། །དེ་ལས་དྲན་པ་མང་འཕེལ་ཞིང་། །ལམ་འཚལ་བ་ཡི་གྲངས་བྱུང་ན། །ལམ་གྱི་རྣམ་གྲངས་འཕེལ་འགྱུར་གྱི། །ཆོས་ཉིད་ལམ་དུ་ག་ལ་འགྱུར། །ལྷུང་བར་གྱུར་པའི་སྐྱོན་ཆེན་ནི། །མཚན་མའི་གཡེང་བ་རྣམ་དྲུག་ཡིན། །རངབཞིནཡུལལ་གཡེང་བ་དང་། །ནད་དང་མཚན་མའི་གཡེང་བ་དང་། །ཡིད་ལ་བྱེད་དང་གནས་ངན་ལེན། །འདི་དག་རབ་ཏུ་གསལ་བྱས་ན། །དོན་ལ་མཉམ་པར་བཞག་པའི་ཚེ། །མཉམ་པའི་དོན་ལ་སྒྲིབ་པའི་སྐྱོན། །རྣམ་པ་ལྔ་འབྱུང་འདི་ལྟ་སྟེ། །བྱུང་ཚོར་དབང་གིས་གཡེང་བ་དང་། །བྱིང་རྨུགས་དབང་གིས་ཐིབས་པ་དང་། །འཛིན་ཆགས་དབང་གིས་འགོག་པ་དང་། །ཐེར་ཟུག་དབང་གིས་དྲུག་པ་དང་། །ཕྱལ་བའི་དབང་གིས་མེད་པ་དང་། །འདི་ནི་མཉམ་ཉིད་སྐྱོན་ཡིན་ནོ། །ཏིང་འཛིན་བདེ་བའི་རོལ་ཆགས་གནས་པ། །ཡོད་མེད་རྒྱུ་དང་ལམ་ལྟ་ཆོས་ཉིད་ཡིན། །དེ་བས་ཆགས་པའི་གནས་ལ་ཏིང་འཛིན་ན། །ཞི་བས་ས་སྟེངས་མྱ་ངན་དེ་མི་འདའ། །སེམས་ནི་ཅི་ལའང་མི་གནས་དང་། །ཅི་ལའང་མི་དམིགས་ཤེས་བྱ་བ། །སེམས་ལ་གནས་དམིགས་སྐྱོན་སེལ་བ། །སེམས་འཛིན་ཕྲ་མོ་དེ་ལ་ཡོད། །སྨིག་སྒྱུ་བཞིན་དུ་སེམས་མེད་ན། །མི་གནས་མི་དམིགས་བྱེད་པ་གང་། །ནམ་མཁའི་རང་བཞིན་མ་ཤེས་ན། །བསྒོམ་པ་དོན་དང་ལྡན་མི་ཡིན། །ཇི་ཙམ་རྟོག་མེད་ཟབ་མོ་ཞིག །བློ་ཡི་ཡུལ་དུ་སྣང་ཞེ་ན། །མི་རྟོག་ཟབ་མོའི་ཉམས་མྱོང་བ། མྱོང་བ་ཡིན་ཕྱིར་དེ་ཉིད་མིན། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ལྟར་ཤེས་ནས་བསྒོམ་པ་ལ། ཐེག་པ་འོག་མའི་རྩལ་སྒྲུབ་སྤྱོད་མི་དགོས་པ་ཇི་ལྟར་འཚལ་བ་ལགས་ཞེ་ན། དཀའ་སྩལ་པ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་འབྱུང་འགྱུར་བ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །དེར་གཞོལ་དེ་ནི་མཆོད་པའི་སྤྲིན། །གློང་དུ་གནས་པ་སྒྲུབ་ཐབས་སོ ངང་ ས་མི་ལྡོག་དངོས་གྲུབ་པས། །དོན་དུ་ཀུན་གྲུབ་ཕྱག་རྒྱར་རྫོགས། །ཅི་ལ་མ་ཆགས་སྤྱིན་པ་སྟེ། །ངེས་པས་མི་གཏིང་དད་པའོ། །ཆོས་ཉིད་ལས་མ་འདས་པས་དམ་ཚིག་གོ །མན་ངག་དང་འབྲེལ་བས་གཟུངས་སོ། །དེ་བཞིན་ཉིད་ལས་མི་གཡོ་བས་ཏིང་ངེ་འཛིན། གཉིས་སུ་མེད་པས་ལྟ་བ། ཡིན་པའི་དོན་མ་སྤྲོས་པས་འཕྲིན་ལས། བདེན་པ་མཉེས་པས་སྔགས་དང་ཕྱག་རྒྱ། སྣང་སྲིད་ཡེ་འབྱམ་དབང་གི་མཆོག །འགྱུར་མེད་རྟོག་པ་བྱིན་རླབས་ཏེ། །ཆོས་ཉིད་གསལ་བ་མཆོད་པ་དང་། །རྟོགས་པས་སྒྲོལ་བའི་འཕྲིན་ལས་ཡིན། །གོམས་པས་སྦྱོར་བའི་འཕྲིན་ལས་ཡིན། །གསལ་བའི་ཏིང་འཛིན་འཕྲིན་ལས་ཡིན། །ཕེབས་པས་མཆོད་པའི་འཕྲིན་ལས་ཡིན། །གསང་ཐུབ་བཀའ་ཡི་འཕྲིན་ལས་ཡིན། འཕྲིན་ལས་རྫོགས་ཤེས་དེ་ལ་བྱ། །ཀུན་གཞི་བཟང་པོའི་རིག་པ་ལ། །རྒྱུད་ལྟར་དགྲོལ་ཞིང་ལུང་ལྟར་བསྐྱེད། །དོན་དམ་མན་ངག་གཞུང་ལྟར་བསྒོམ། །སྒྲུབ་ཐབས་ཚང་ཞེས་དེ་ལ་དེ་སྐད་བྱ། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་གོང་མ་ལྷར་བསྒོམས་པའི་དུས་སུ་མཚན་མ་ཕྲ་མོ་ལྡན་པ་ཀུན་སྐྱོན་ལགས་སམ་ཞེ་ན། བཀའ་སྩལ་པ།འདུ་བྱེད་མེད་པ་མཁའ་འདྲ་བས། །འདུ་བྱེད་ལས་བྱུང་བསམ་གཏན་སྐྱོན། །བརྟག་ཏུ་མེད་པའི་ཆོས་ཉིད་ནི། །རྟོག་པ་ཅན་གྱིས་མི་རྟོགས་ཏེ། །གང་ཞིག་དེ་དོན་མི་རྟོགས་པར། །གཡེང་བར་ལྟུང་བ་ཅི་ཆ་ཡོད། །ཆོས་ཉིད་ཙམ་དུ་མི་སྐྱོན་ན། །སྒྱུ་མ་ཕྲ་རགས་སྨོས་ཅི་དགོས། །བསམ་དང་བྲལ་བ་ཡེ་ཤེས་པས། །མཐའ་ཀུན་ཡིད་ལ་མི་བྱའོ། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པ་ལ་དེ་ལྟར་སྐྱོན་ལགས་ན། ལྡང་བ་རྣམས་དགག་ལགས་སམ་ཞེ་ན། བཀའ་སྩལ་པ། ལྡང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་ཅི་འཆང་མངོན་དུ་མིན། །འཇམ་པ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་ཡིན་ཏེ་དེར་མི་གནས། །བསྒོམ་པའི་ས་མི་རྙེད་ཅིང་བསྒོམས་པས་རྙེད་མ་འགྱུར་བ་སྟེ། །སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་ལ་དེ་དག་ཆོས་རྣམས་ཀྱི་མཚན་ཉིད་ཡིན། །རྣམ་འབྲས་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འབྱུང་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །དེ་ལ་གཉེན་པོས་བཅོས་ཤིང་དཔག་ཏུ་མེད། །ཐེ་ཚོམ་ལྡང་ངོ་ཅོག་ནི་ཆོས་ཀྱི་དབྱིངས་ཡིན་པས། །ལྷག་པར་ཐེ་ཚོམ་དོན་དག་ལ། །སོ་སོར་ཐ་དད་མི་བྱེད་པས། །ས་ཡི་རིམ་པར་མི་ལྟུང་ཞིང་། །རིམ་གྱིས་སྦྱང་ཞིང་འཕར་བ་མེད། །གང་ཞིག་གསལ་ཞིང་དམིགས་ཡོད་ན། །དེ་ཉིད་ངེས་པར་གཡེང་བ་ཡིན། །ཅི་ཡང་ཡིད་ལ་མི་བྱེད་པས། །གསིལ་བར་ལྷུང་བ་ཅི་ཞིག་ལྟུང་། །བསམ་མེད་བསྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཅེས་གསུངས་སོ། །གསོལ་པ། །བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པའི་ཚེ་དམིགས་པ་བཅུག་ཀྱང་ཆོས་ཉིད་གསལ་ན་སྐྱོན་ཅི་མཆིས་ཞེ་ན། བཀའ་སྩལ་པ། གཞན་མ་དམན་པའི་སྒོ་ནས་ནི། །དམིགས་པ་འཛིན་པ་མེད་པའི་ཆོས་ཉིད་ལ། །དམིགས་པའི་རྟོག་པ་ཡོད་པས་ནོར། །ཐེར་ཚེར་དམིགས་ཀྱི་ནམ་མཁའ་ལ། །ཕྲ་རབ་ཐེན་ཐག་འཛུད་པ་ལྟར། །བྱིས་པ་ལས་གང་བྱེད་པ་སྟེ། ཁྲེས་ཅམ་དག་གིས་བྱ་མ་རུང་། །བྱང་ཆུབ་དེ་ཡང་མི་དམིགས་ཏེ། །མི་གནས་ཤེས་ནི་གང་བརྗོད་ཅིང་། །གནས་དང་དམིགས་པའི་གནས་འཛིན་པ། །གཟུང་འཛིན་ཞེ་ནི་དེ་ལ་བྱ། །དམིགས་པའི་ཡིད་ལ་ཅི་གསལ་བ། ཁྲེས་པའི་ཡུལ་དུ་འཇུག་འགྱུར་བས། །དེ་དག་མ་རབས་ཏིང་ངེ་འཛིན། །དེས་ན་དམིགས་མེད་རྒྱལ་བས་གསུངས། །ཞེས་བྱའོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པས་གྲུབ་པའི་རྟགས་ཇི་ལྟ་བུ་འབྱུང་བ་ལགས་ཞེ་ན། བཀའ་སྩལ་པ། དེ་ལྟར་དོན་ལ་མཉམ་བཞག་ན། །རྟགས་ཀྱི་ཚོར་བ་འདི་ལྟར་འབྱུང་། །དྲོད་དང་རྟགས་དང་ཆོ་འཕྲུལ་དང་། །རྣམ་ཤེས་དང་ནི་ཡེ་ཤེས་དང་། །དྲོད་ནི་གཡོ་དང་ཐོབ་པ་དང་། །རྟགས་ནི་མྱོང་དང་བརྟན་པ་དང་། །ཆོ་འཕྲུལ་འབྱུང་དང་རྫོགས་པ་དང་། །རིག་པ་ཕྲ་མོ་ཡན་ཆད་གསལ། །དེ་ནི་དོན་རྣམས་རྫོགས་པ་ཡིན། །དྲོད་གསུམ་ཉམས་སུ་ལོན་པ་དང་། །རྣམ་གཉིས་རྟགས་ཀྱང་འབྱུང་བར་འགྱུར། །ཆེད་དུ་རྩོལ་བ་མི་བྱེད་ཀྱི། །མི་ཞབྲུགས་མཉམ་པ་ཉིད་ཤེས་དང་། །གང་ལ་ཆགས་དང་ཡུལ་གྱིས་མྱོས། །སྐྲག་མེད་དེ་ནི་མི་འབྲལ་མི་གནས་ཤིང་། །མི་འཕྲོག་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་དེར་ཤེས། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པ་དེ་ཀློང་དུ་ཚུལ་ཇི་ལྟར་འགྱུར་ཞེ་ན། བཀའ་སྩལ་པ། དེ་ལྟར་ཡུན་རིངས་འདུག་གནས་དང་། །སེམས་ནི་མི་འགྱུར་རྡོ་རྗེ་དང་། །བཟོད་ཅིག་སྡུག་བསྔལ་བྱང་ཆུབ་སེམས། །བྱང་ཆུབ་མཆོག་གི་སྙིང་པོ་ནི། །མཚན་མས་བཙལ་བ་མ་ཡིན་ཏེ། །དག་པ་རྣམ་གསུམ་མ་ནོར་ཅིང་། །རང་གི་རྒྱལ་པོ་གོམས་པ་ཡིས། །བྱང་ཆུབ་མཆོག་འདི་རྙེད་པར་འགྱུར། །བསྒྲུབ་པར་བྱ་བ་་ང་ཡིན་དེ་ལ་ནི། །བཙལ་བ་ཡང་ནས་ཡང་དུ་མཉམ་བཞག་སྟེ། །གོམས་པ་ཀློང་དུ་གྱུར་ཅིང་ཁད་ཀྱིས་ནི། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ་བར་འགྱུར། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་སྙིང་རྗེ་ཆེན་པོ་ཞེས་བགྱི་བར་ཇི་ལྟར་འབྱུང་ཞེ་ན། བཀའ་སྩལ་པ། ཐབས་ཀྱི་རྩ་བར་སྙིང་རྗེ་མ་ཤར་ན། །འཕྲལ་དུ་ཕྱོགས་ཆས་ཡོངས་ལ་ཁྱབ་མི་འགྱུར། །བདལ་བ་ཆེན་པོའི་བློ་ཡིས་སྤྱིར་ཁྱབ་ན། །ཀུན་ཏུ་སྣང་གི་ཏིང་འཛིན་མ་བསྒོམས་གསལ། །ཐུགས་རྗེ་འབྱུང་བའི་གནས་ནི་ཉོན་མོངས་ལྔ། །ཉོན་མོངས་དེ་ཉིད་ཡང་དག་ཡིན་རྟོགས་ན། །དོན་དམ་རྒྱུ་ལ་འབྲས་བུ་ཡིན་རྟོགས་ན། །སངས་རྒྱས་སེམས་ཅན་འབྲས་བུ་ཡིན་རྟོགས་མཉམ། །ཐུགས་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱ། །ཆོས་དབྱིངས་མཐའ་དབུས་མེད་པ་ལ། །སྐྱེ་འགག་མེད་པའི་བློ་བདལ་བས། །སྤྲོས་པ་མེད་པར་རྟོགས་པ་ཡི། །ཁྱབ་པ་སྦྱི་ཡི་ཐུགས་རྗེ་ཆེ། །ཐུགས་རྗེ་ཆེན་པོ་ཅིར་མི་མཛད། །ཅེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་བསྒོམ་པའི་དུས་ན། ཐུགས་རྗེ་ཆེན་པོ་ཐབས་ཀྱི་སྤྱོད་པའི་འགྲོ་དོན་བྱའོ་ཞེས་གསུངས་པ་དེ་དོན་ཇི་ལྟར་ལགས་ཞེ་ན། བཀའ་སྩལ་པ། དེ་ལྟར་དེ་བཞིན་ཆོས་ཀྱི་དབྱིངས་རིག་ནས། །མ་རིག་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་གྱིས། །འགྲོ་དོན་ཐབས་ཀྱི་སྤྱོད་པ་སྣ་ཚོགས་སྟོན། །རྩ་བ་བྱང་ཆུབ་སེམས་ཉིད་རྟོགས། །ཐབས་ཀྱི་ཕ་རོལ་ཕྱིན་པ་སྤྱོད། །སྙིང་རྗེས་ཆུད་མ་ཟོས་བར་ཟུང་། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་མཚན་མའི་གཟུང་འཛིན་དུ་མི་འགྱུར་ལགས་སམ་ཞེ་ན། བཀའ་སྩལ་པ། ཐབས་ཀྱི་སྤྱོད་པས་གདུལ་བྱ་ཀུན་གདུལ་ཀྱང་། །སྒྱུ་མའི་བློ་ལྡན་རློམ་སེམས་རྡུལ་ཙམ་མེད། །མ་སྐྱེས་སེམས་ལ་སེམསཅནམེད་པའི་ཕྱིར། །ངོ་བོ་ཉིདཀྱི་ཆོས་ཀུན་ང་རྒྱལ་འཆང། །ཆོས་ཀུན་སྒྱུམརམངོན་སུམ་སྣང་བའི་ཕྱིར། །ཏིང་འཛིན་སྒྱུམས་ཏིང་འཛིན་དེ་ལྟར་སྟོན། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམསཀྱི་ཕུར་པ་དེ་ཐབས་དང་ཤེས་རབའབྲེལ་བས་བདེན་པ་མཐོང་ཞེས་བགྱི་བ་ཇི་ལྟར་ལགསཞེ་ན། བཀའ་སྩལ་པ། དེ་ལྟར་སེམས་ཀྱི་སེམས་མཐོང་། །ཡེ་ཤེས་ཀྱིས་ཆོས་ཉིད་མཐོང། །དུས་ཀུནཏུ་ནི་སྐྱེ་འགག་མེད། །སྔོནནསམཐོང་བའིདོན་མཐོང་འགྱུར། །དེ་ཡང་དངོས་པོ་མི་མཐོངབའི། །ཐམས་ཅད་རང་བཞིན་མེད་པཅིག །བློལ་འདས་པཁོ་ནརཟད། །དེ་ལྟབུ་ཡིདོན་མཐོང་ན། །མཚན་མར་མཐོང་བ་ཅི་ཡང་མེད། །སྒྱུ་མ་ཙམ་དུ་ཚུལ་ཤེས་ན། །ནམ་མཁའ་མཉམ་པའི་དོན་སྣང་འགྱུར། །ཁ་ཅིག་དང་ནི་དེ་དོན་ལ། །སྣང་བ་ཞེས་ནི་ཅི་ཕྱིར་གདགས། །མེད་པའི་དོནདང་འགལ་ལོ་ཞེས། །ཐེ་ཚོམ་ཟ་འགྱུར་དེ་དག་ལ། །མཐོང་བམེད་པའི་དོན་དེ་ཉིད། །ཡིད་ཀྱིངོ་ལ་སྣང་འགྱུར་ན། །སྣང་ཞེས་དེ་ཕྱིར་བརྗོད་པར་བྱ། །དེ་བས་འཁྲུལ་བམ་ཟད་པར། །ནམ་མཁའ་མཐོང་བ་མེད་པ་དེ། །དེ་ཉིད་ཡིད་ལ་སྣང་འགྱུར་ཡང་། །གཟུགས་ལ་སྣང་བར་གྱུར་མ་ཡིན། །སེམས་ཉིད་བདེན་པས་མ་མཐོང་ན། །ཡིད་ལ་མཚན་ཉིད་དོན་གསལ་ཡང་། །མཚན་མ་འཁྲུལ་པ་རྒྱུ་བ་གཉིས། །འདྲེན་མར་རྒྱུ་བ་འབྲས་བུ་མེད། །དེ་ཉིད་བདེན་པར་མཐོང་འགྱུར་ན། །དེ་ནས་དེ་མ་ཐག་ཏུ་ཡང་། །ཡིད་ཀྱིས་རྒྱུ་བ་རྒྱུན་བཅད་ནས། །སྔར་འཁྲུལ་མཚན་མའི་ཆོས་བྲལ་ཏེ། དེས་ནི་བདེན་པ་མཐོང་བ་ཡིན། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་བདེན་པ་མཐོང་བའི་དྲོད་ཚད་ཅི་གཟུང་བ་ལགས་ཞེ་ན། བཀའ་སྩལ་པ། ངེས་དོན་མཐོང་བའི་ཉམས་དྲོད་ནི། །མན་ངག་ལུང་གི་བརྒྱན་ཆ་སྟེ། །ངེས་པར་དྲོད་གསུམ་མྱོང་བར་འགྱུར། །དེ་དག་ཐོག་ཏུ་ཕེབས་པའི་དྲོད། །དྲོད་ཆེན་རྟག་ཏུ་བསྟན་པ་ཡིན། །དེ་ཡིས་ཞར་ལ་འབྱུང་བའི་ཕྱིར། །འཁོར་བའི་ཁམས་སུ་སྙིང་རྗེ་ཡི། །བྱང་ཆུབ་སེམས་ཀྱང་སྐྱེ་བར་འགྱུར། །མཚན་མ་རྟོགས་པའི་ཆོས་རྣམས་ལ། །ཡིད་མ་ཆེས་པའི་འདུ་ཤེས་སྐྱེས། །ཆོས་རྣམས་འདི་ལྟར་ཡིན་པ་ལ། །ལོག་པར་འཁྲུལ་པ་ངོ་མཚར་ཞེས། །ཡ་ཆར་སྤྱོད་པའི་འདུ་ཤེས་འབྱུང་། །འདི་དོན་མ་ཤེས་འགྲོ་བ་རྣམས། །རྩོལ་སྒྲུབ་དཀའ་བའི་ཐབས་ཆེན་གྱིས། །ཡང་དག་དོན་འཚོལ་ལམ་དེ་རིང་། །བསགས་པའི་འབྲས་བུ་ཡོད་གྱུར་ཀྱང་། །གཟུགས་ལ་སྣང་བར་དོན་དེ་མཐོང་བར་ཡོངས་མ་ནུས། །དེ་ལྟར་ཤེས་པའི་ཉམས་དྲོད་ནི། །སྐལ་དང་ལྡན་པའི་སྐྱེས་བུ་གང་། ཁུད་འགྲོས་ཚིག་གིས་མ་བཀྲོལ་བར། །སེམས་ལས་ཆོས་འབྱུང་འབུམ་ཕྲག་ཡས། །སྨྲ་བའི་སྒོ་མོ་ཐམས་ཅད་གསལ། །དོན་ལ་ངེས་པའི་གཏན་ཚིག་དག །ཚིགཏུམཚོན་ཏེ་འབྱིན་པར་ནུས། །དེ་ནི་རྩོ་ས་སྐུ་མཉམ་ཉིད་དང་། །དབྱེར་མེད་གཉིས་སུ་མེད་པ་ཡིན། །བསྟན་པའི་གཟུགས་སུ་གཟུགས་བརྙན་དང་། །དེ་ནི་མཚུངས་པ་མ་ཡིན་ནོ། །ཞི་ལུས་མཐར་འགོག་རྐྱེན་གཉིས་དང་། །དེ་ནི་མཚུངས་པ་མ་ཡིན་ནོ། །ས་ལ་སློབ་པའི་སེམས་དཔའ་དང་། །དེ་ཡང་མི་མཚུངས་རྒྱལ་བས་གསུངས། །རིགས་འཛིན་དྲང་སྲོང་དོན་སྤྱོད་དང་། །ལུས་འདྲ་སེམས་ནི་ཡོང་མི་མཚུངས། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་བའི་དོན་སྤྱོད་པའི་རྣལ་འབྱོར་པ་དེ་ལ་བར་ཆད་ཀྱི་བདུད་ཀྱི་སྤྱོད་ཡུལ་རྣམས་འབྱུང་བ་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། རྣལ་འབྱོར་བདུད་ཀྱི་སྤྱོད་ཡུལ་ནི། །དམ་པར་མདུན་མཐོང་དམ་པར་སྨྲ། །སྤྲུལ་པ་གྲངས་མེད་འགྱེད་མཐོང་དང་། །དམ་པས་གསུང་ཀུན་གསལ་མཐོང་དང་། །དུས་ཀུན་ཤེས་གསལ་མཐོང་བ་དང་། ཁུད་དྲུག་ལམ་གནས་ཀུན་སྣང་དང་། །དེ་ལ་གདུང་བའི་ཤུགས་ཕྱུང་དང་། །ཀུན་གང་གསལ་བར་མཐོང་བ་དང་། །ཅི་ལ་ཐོགས་མེད་འགྲོ་བ་དང་། །མཁའ་ལ་བྱ་བཞིན་འགྲོ་འདུག་དང་། །སངས་རྒྱས་ཕྱག་རྒྱ་ལུང་སྟོན་དང་། །ཀུན་གྱི་སྐད་དུ་ཆོས་སྟོན་དང་། །དངོས་པོ་བརྟན་གཡོ་བསྟི་གནས་མཐོང་ ཐམས་ཅད་མཉམ་པར་བཀོད་པ་དང་། །དེ་ཉིདརངབཞིནགསལསྣངདང་། །ལས་སུ་རུང་བ་ཐོགས་མེད་དང་། །དམ་པས་དོན་ལ་བསྔོས་པ་དང་། །ཏིང་འཛིན་གཙོ་བོས་མཆོད་པ་དང་། །རང་བཞིན་༄༅། ཁྲེས་ན་དམ་པའིཐབས། །གང་གིས་མི་ཤེས་ལོག་པའི་བདུད་ཅེས་བྱ། །ཆགས་སྡང་དྲག་པོའི་ཡུལ་དང་ནི། །མི་མ་ཡིན་པའི་གཟུགས་སུ་སྣང་བ་དང་། །མཁའ་ལ་སྣ་ཚོགས་གཟུགས་སུ་མཐོང་བ་དང་། །དེ་དག་བདུད་ཀྱི་སྤྱོད་ཡུལ་ལོ། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པར་སྤྱོད་པའི་ཚེ། གོང་གི་སྤྱོད་ཡུལ་དེ་དག་ཇི་ལྟར་ཤེས་པར་བགྱི་བ་ལགས་ཞེ་ན། བཀའ་སྩལ་པ། སེམས་དང་སྣང་བའི་མཚན་མ་དང་། །ང་བདག་གཉིས་པའི་མཐའ་མེད་པས། །སྣང་བ་ཐམས་ཅད་ཡོན་ཏན་མིན། །དེ་བས་དགའ་བྲོད་འདུ་ཤེས་མེད། །ཡོན་ཏན་སྙེམས་པའི་ང་རྒྱལ་གྱིས། །དྲེགས་ཁེངས་མཐོ་དམན་སེམས་བསྐྱེད་ན། །ངེས་པར་བདེན་པ་མ་མཐོང་བ། །དེ་བས་བདུད་ཀྱི་སྤྱོད་ཡུལ་གསུངས། །དེ་བས་སྒྱུ་མ་རབ་ཤེས་ནས། །རློམ་སེམས་བྲལ་བས་སངས་རྒྱས་ཡིན། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཐོང་ཡང་མ་ཆགས་པ་དང་། སྲིད་པ་གསུམ་ས་ལེ་མཐོང་ཡང་རིག་པའི་གནས་སུ་མི་འཇིགས་པ་དང་། དུས་གསུམ་གྱི་ཚེ་གསུམ་དྲན་ཡང་ཆོས་ཉིད་ལས་མ་གཡོས་པའོ། །ཞེས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་གོངམ་ལྟར་བསྒོམས་པས་འབྲས་བུ་ཇི་ལྟར་ཐོབ་པ་ལགས་ཞེ་ན། བཀའ་སྩལ་པ། དམིགས་མེད་ཏིང་འཛིན་རྟོགས་གྱུར་ན། །ཆོས་སྐུ་རྟོགས་ཞེས་དེ་ལ་བྱ། །མི་ཟད་རྒྱན་གྱི་འཁོར་ལོ་ཡང་། །སྒྱུ་མའི་སྤྱོད་ཡུལ་དཔག་ཏུ་མེད། །ཅེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེའི་འབྲས་བུ་ཐོབ་པ་ཞིག་ལགས་སམ་ཞེ་ན། བཀའ་སྩལ་པ། ནམ་མཁའ་བཞིན་ཏེ་མཐའ་མཉམ་ཞིང་། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །མཚུངས་པ་མེད་པའི་ཡེ་ཤེས་ཀྱིས། །རངགི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ནས་འབྱུང་མི་འགྱུར། །རང་རིག་སྐྱེས་བུ་དམ་པ་ལ། །བླ་མའི་སངས་རྒྱས་དེ་ལ་གནས། །དོན་དམ་བཅོས་ལྡན་བཞག་པ་ལ། །ཡོན་ཏན་འབྲས་བུ་རང་བཞིན་ཚང་། །བཀའ་གསང་ཐབས་ཀྱི་འབྲས་བུ་ནི། །རེ་མེད་དོན་དམ་ང་ལ་ཡོད། །ཀྱེ། རྣལ་འབྱོར་གང་དུ་དོན་གཅིག་ཉན། །མ་ཡེངས་དོན་ལ་བློ་འཇོག་དང་། །སྣང་མེད་འབྲས་བུ་ལག་ཆང་མ། །མི་འབྱུང་མི་འཇུག་བདག་མེད་སྙིང་རྗེའི་དེ་ཡིས་ནི། །གཞན་གྱི་ནོར་མེད་མ་འོངས་ཡེ་ནས་གནས་པ་ཡིན། །བྱང་ཆུབ་སྙིང་པོར་དག་འཇུག་པས། །ཐོབ་པ་མེད་པས་སྤངས་པ་མེད། །ང་ངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི། །ཐ་སྙད་ཡིན་ཏེ་དོན་དམ་མིན། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་འབྲས་བུ་ཐོབ་པ་བགྱི་བ་ཉིད་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། བདག་ཉིད་ཆོས་སྐུ་སྙིང་པོ་བྱང་ཆུབ་པས། །གཞན་ནས་བཙལ་ཞིང་ཐོབ་པ་མ་ཡིན་ཡང་། རྨི་ལམ་སད་ནས་གཟུགས་དང་བྲལབབཞིན། །སྒྲིབསྤངས་བྱང་ཆུབ་ཐོབ་ཅེས་རྒྱལ་བས་གསུངས། །རྟོགས་པའི་འདུ་ཤེས་ཟད་གྱུར་ན། །ལྷུན་གྲུབ་ཡེ་གསལ་རང་ལས་འཆར། །དེ་ལ་རྒྱུ་དང་འབྲས་བུ་མེད། །དེ་ཕྱིར་ཡེ་ཤེས་སྤྲོས་བྲལ་ཡིན། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པའི་དེ་ལ་རྒྱུ་འབྲས་དབྱེར་མེད་པ་ཞེས་བགྱི་བ་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། རྒྱུ་འབྲས་ཡེ་ནས་དབྱེར་མེད་སྔ་ཕྱི་མ་ཡིན། །འབྲས་བུ་ལམ་དུ་གྱུར་ན་དུས་གཅིག་མཉམ་པར་སྦྱོར། །བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་གོང་མ་དེ་ཇི་ལྟར་དབྱེར་མེད་ཅེ་ན།བཀའ་སྩལ་པ། འབྲས་བུ་རྣམ་པར་དག་པ་ནི། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་ཉིད་མེད། །ཆོས་ཉིད་ཆོས་སྐུ་ཆེན་པོ་ཡིན། །སྐུ་དང་རྒྱན་དང་འཁོར་ལོ་ནི། །ལུང་ཆེན་བཟང་མོའི་ནང་ན་གསལ། །དངོས་གྲུབ་མཆོག་གི་སྙིང་པོ་དང་། །དང་པོའི་དོན་རྟོགས་མཐར་མི་གཏོང་། །ཆུ་སྲིན་ཕྱག་རྒྱ་ཇི་བཞིན་ནོ། །སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཅེས་གསུངས་སོ། །གསོལ་བ། བཅུ་བཞི་པ་ཡི་གསང་སྔགས་དོན། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡི། །ངེས་པར་བཟླས་པའི་ཉམས་བླངས་པ། །ལྔ་གསུམ་དང་པོའི་ཡི་གེ་ཡི། ཁྲེས་རབ་ཐབས་ཀྱི་ཕུར་པ་གང་། །གཉིས་མེད་ཐེག་ཆེན་ཕུར་བུ་གཅིག །ཐམས་ཅད་བགེགས་ཀྱི་དོན་ཅི་ལགས། །དེ་དག་བསྡུས་པ་གང་དུ་བསྒྲལ། །བཀའ་སྩལ་པ། དང་པོ་དགོན་པར་གནས་པའི་ཕྱིར། །ལྔ་དྲུག་སེམས་ཅན་རང་བྱུང་བ། །གཅིག་མང་ལྔ་བཤད་གང་ཡིན་དང་། །རྡོརྗེསྐུམཆོགལྷུན་རྫོགས་ཉིད། །དུས་གསུམ་རྒྱལ་བའི་ཡབ་ཆེན་པོ། །སངས་རྒྱས་ཐམས་ཅད་འདུས་པའི་སྲས། །རང་ལས་གཞན་ན་ཡོད་མིན་པ། །མཐའ་བྲལ་བ་ཡང་ཡོད་མ་ཡིན། །འདི་ལྟར་ཡིན་ཞེས་ང་ ་སྨྲ། ། ་སྒྲས་ཤེས་རབ་མཆོག་གི་དབྱིངས། །ཆོས་ཅན་མཚན་མ་ཀུན་ལ་ཐེབས། །དེ་དག་སྤྲོས་དང་བྲལ་མ་བྲལ། །ཕྱོགས་བཅུ་ཐུག་པ་ག་ལ་ཡོད། །བསམ་པའི་དབྱིངས་ལས་ཡུལ་མེད་པར། །རིག་པ་རང་ཤར་ཐབས་ཀྱི་མཆོག །སྤྱོད་ཡུལ་དག་པས་བཟང་པོ་ནི། །ལ་སྒྲས་མཚོན་པའི་ཐེག་ཆེན་པོ། །ཡ་སྒྲས་མཚོན་པས་དབྱིངས་ལ་ཐེབས། །གཉིས་མེད་ཕུར་བུ་མཐར་ཕྱིན་ནོ། །ཡེ་ཤེས་སྤྲོས་བྲལ་ཕུར་བའི་མཆོག །འཐོབ་དབང་ཀུན་གྱི་མཆོག་ཡིན་ཏེ། །གཟའ་གཏད་མེད་པར་ཐག་ཆོད་ན། །རེ་བཞིན་དོགས་པ་ག་ལ་ཡོད། །དེ་རྗེས་མངོན་དུ་གང་བྱེད་པ། །དགོན་པ་གཉིས་པོ་རྣམ་བྲལ་བའི། །དགོན་པ་མཆོག་ལ་གནས་པ་སྟེ། །རེ་དོགས་མེད་པར་རང་བཞིན་འདུག །དབྱིངས་ཉིད་རང་སྣང་རྒྱ་ཆེ་ལ། །འདུག་ན་མཚོན་དང་རླབས་ཚུལ་ལས། །དང་པོ་སྔགས་སུ་དོན་ཉིད་སྣང་། །ཕྱོགས་ནས་ལྡང་པ་ག་ལ་ཡོད། །དེ་ཚེ་དྲུག་གིས་མཚོན་བསྒྲིབས་པ། །རྩ་བ་རང་བཞིན་རྐྱེན་བླང་སྟེ། །ཉམས་མྱོང་ཆེད་བྱེད་ཤུགས་སྣང་བགེགས། །ཐམས་ཅད་གསུམ་ལ་ཇི་ལྟར་བསྒྲིབ། །ཟིན་ནས་ཉམ་ང་དང་པོ་ལ། །འབྱུང་ཚེ་བཅོམ་པའི་ཡི་གེ་གཅིག །དབང་སྟེ་རྟོགས་པས་དབང་གྱུར་ན། །བྱིང་རྨུགས་ལྷག་མཐོང་རྒོད་ཞི་ནས། །ཐ་དད་ཟུང་འབྲེལ་རང་བཞིན་ལས། །སྒྲིབ་རྩལ་རྩོལ་བ་ག་ལ་ཡོད། །ཐུགས་ཀྱི་ཡི་གེ་རང་གནས་ན། །ཉམས་ལྔའི་དྲོད་རྟགས་རང་བྱུང་བས། །འཁོར་བའི་རྒྱ་མཚོ་ལས་སྒྲོལ་བ། །ཡི་གེ་འབྲུ་དགུ་དྲང་བའི་དོན་ཡིན་ཏེ། །མིང་ཙམ་གཞན་ལ་རྟེན་འདྲ་ཡང། །མངོན་སུམ་སྨིན་པ་རང་ཉིད་ཡིན། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །གདབ་པའི་གནས་ནི་གང་ལྟར་ལགས། །བཀའ་སྩལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །གཞན་དུ་འདེབས་པའི་གནས་མེད་དེ། །དངོས་པོ་ཕྱིན་ཅི་ལོག་ལ་གདབ། །གཟུང་འཛིན་འཁྲུལ་པའི་ཆོས་ལ་གདབ། །ཐབས་ཀྱི་ཕུར་བུ་ཤེས་རབ་ངང་དུ་གདབ། །ཡེ་ཤེས་ཕུར་པ་དབྱིངས་ལ་གདབ། །དངོས་པོ་ཀུན་བྲལ་ཕུར་བུ་ཡིས། །རང་རིག་བྱང་ཆུབ་སེམས་ལ་གདབ། །དེ་ལྟར་རྟོགས་ན་ཐེབས་པ་ཡིན། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །དེ་ལྟར་ཐེབས་པའི་འབྲས་བུ་གང་། །བཀའ་སྩལ་པ། དངོས་པོ་ཆོས་ཉིད་ཆེན་པོར་སྣང་བར་འགྱུར། །གཟུང་འཛིན་འཁྲུལ་སྣང་རང་བཞིན་དག །ཐབས་དང་ཤེས་རབ་གཉིས་སུ་མེད། །དབྱིངས་ལ་བཏབ་པས་དོན་རྣམས་རྟོགས། །སེམས་ལ་གདབ་པས་རིག་པ་ཤར། །མྱ་ངན་འདས་པའི་དབྱིངས་སུ་གདབ། །དེ་ཡི་དོན་གྱིས་ཐེབས་གྱུར་ན། །འཁོར་བ་ཉིད་ན་མྱ་ངན་འདས། །དམྱལ་བའི་གནས་ཉིད་བླ་མེད་གནས། །སྡུག་བསྔལ་ཉིད་ན་བྱང་ཆུབ་ལམ། །རྣམ་རྟོག་ཉིད་ན་ཡེ་ཤེས་སྐྱེས། །མ་ལུས་ཕུར་པས་ཐེབས་ཤེས་བྱའོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་ངོ་བོ་ཇི་ལྟ་བུ་ལགས། བཀའ་སྩལ་པ། ཕུར་པ་བླ་མ་ཆེན་པོ་ཡིན། །ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པ་ཡིན། །ལྷངས་ཀྱི་རྟོགས་ན་ལྟ་བའི་ཕུར་པ་ཡིན། །མངོན་དུ་གྱུར་པ་དཀྱིལ་འཁོར་ཕུར་པ་ཡིན། །ཉམས་སུ་ལོན་པས་ཏིང་འཛིན་ཕུར་པ་ཡིན། །གནས་སུ་སོན་པས་མཆོད་པའི་ཕུར་པ་ཡིན། །གདེང་དུ་གྱུར་བས་དབང་མཆོག་ཕུར་པ་ཡིན། །ཐུགས་རྗེས་ཟིན་པས་དམ་ཚིག་ཕུར་པ་ཡིན། །ལྷུན་གྱིས་གྲུབ་པས་འཕྲིན་ལས་ཕུར་པ་ཡིན། །བྱ་བྲལ་རྫོགས་པས་སྤྱོད་པའི་ཕུར་པ་ཡིན། །ལྷངས་ཀྱིས་རྟོགས་པས་སྒྲོལ་བའི་ཕུར་པ་ཡིན། །ཐམས་ཅད་བྱང་ཆུབ་སེམས་ཀྱི་ཕུར་པར་ལྷུན་གྱིས་གྲུབ་པར་གྱུར་ཏོ། །གསོལ་བ། དེ་ལྟར་བྱང་ཆུབ་སེམས་ཀྱི་ཕུར་པ་ལས་སུ་རུང་བའི་དུས་ན་ནི་འཁོར་བའི་ཆོས་འདི་དག་མཐའ་གང་དུ་བཅིང་ཞེ་ན། །བཀའ་སྩལ་པ། །འཇིག་རྟེན་འདི་ན་བརྟན་གཡོ་ཅི་ཡོད་པ། །མིང་དང་ཐ་དད་འཛིན་པ་དག །སོ་སོའི་མཚན་ཉིད་གཞིག་བྱས་ན། །རང་བཞིན་མེད་དེ་ཡང་དག་སེམས་ཀྱི་ཕུར་པ་ཉིད། །ཡེ་ཤེས་སྤྲོས་བྲལ་ཆེན་པོ་སྟེ། །ཐམས་ཅད་སངས་རྒྱས་ཞིང་དུ་སྦྱོར། །མ་བཅོས་མ་བྱས་ངང་གིས་སེམས་ཉིད་ཕུར་པར་གསལ། །འཁོར་བ་མྱང་འདས་གཉིས་མེད་དེ། །གུད་ན་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ཉིད། །དེ་ཉིད་མྱ་ངན་འདས་པའི་མཐའ། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པ་འབྲས་བུ་ལྷུན་གྱིས་གྲུབ་པའོ། །ཞེས་བྱ་བ་ཇི་ལྟར་འགྲུབ་པར་འགྱུར་བ་ལགས་ཞེ་ན། བཀའ་སྩལ་པ། སྟོང་དང་མི་སྟོང་བྱང་སེམས་ཕུར་པ་ལ འབྲས་བུ་དཔག་མེད་ཡེ་གནས་པ། །སུས་ཀྱང་མ་བྱས་་བྱས་པ་མེད། །དེ་བས་གསང་མཆོག་ལུས་སྤྱོད་པའི། །བསོད་ནམས་མཆོག་ལྡན་གཟུགས་ཀྱི་སྐུ། །རྣམ་སྨིན་ཚུལ་གྱིས་གྲུབ་པའི་ལྷ། །བཙལ་ནས་ཐོབ་པར་མི་བྱེད་དེ། ཁུའི་དུས་ན་བྱང་སེམས་ཕུར་པ་འབྲས་བུཁྱི་མཆོག །གཞན་ནས་བཙལ་ནས་རྙེད་པར་མི་འགྱུར་ཏེ། །བྱང་ཆུབ་ཕུར་པ་ཀུན་ལ་ཁྱབ་གནས་པ། །བྱང་སེམས་ཕུར་པ་སྤྲོས་བྲལ་བཅོམ་ལྡན་འདས། །རྩོལ་བས་བཙལ་དུ་མེད་དེ་སྙིང་པོའི་དོན། །ཇི་བཞིན་པ་ཞེས་མི་རྟོག་ན། །གཟུགས་སྐུ་ཕུར་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བྱང་སེམས་ཕུར་པའི་མཆོག །ཅེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་བུ་ཐམས་ཅད་མྱ་ངན་ལས་འདས་ཞེས་བྱ་བ་ཇི་ལྟར་གསལ་ཞེ་ན།བཀའ་སྩལ་པ། མྱ་ངན་འདས་པའི་བྱང་སེམས་ཕུར་པའི་མཆོག་ནི། ཆོས་ཉིད་ཕྱོགས་བཅུར་བརྡལ་བ་དང་། །རིག་པ་མཐའ་དབུས་མེད་པ་དང་། ཀུན་གཞི་བཟང་ངན་མེད་པ་དང་། ཤེས་པ་ཕྱོགས་རིས་མེད་པ་དང་། །མྱ་ངན་འདས་པའི་དགོངས་པ་ཀུན། །མི་གཡོ་སེམས་ལ་རིག་པའི་ཕུར་པ་ཤར། །སངས་རྒྱས་སེམས་ནི་མྱ་ངན་འདས། །ཡུལ་ནི་ཆོས་སུ་མྱ་ངན་འདས། །རྟག་པ་ཡེ་ཤེས་མྱ་ངན་འདས། །སྣོད་བཅུད་ཆོས་སྐུར་མྱ་ངན་འདས། །སེམས་ཅན་སངས་རྒྱས་མྱ་ངན་འདས། །ཀུན་རྫོབ་དོན་དམ་མྱ་ངན་འདས། །མྱ་ངན་འདས་པའི་དོན་རྟོགས་ན། །འཁོར་བ་ངན་སོང་མིང་ཡང་མེད། །ཅེང་་གསུངས་སོ། །གསོལ་པ། ཐམས་ཅད་བྱང་ཆུབ་སེམས་ཀྱི་ཕུར་པར་མྱ་ངན་འདས་ཏེ་གཟུགས་ཀྱི་སྐུ་རུ་བྱུང་ནས་འགྲོ་བའི་དོན་མཛད་པ་ཚད་མ་ལགས་སམ་མ་ལགས་ཞེ་ན། བཀའ་སྩལ་པ། སངས་རྒྱས་པས་ཀྱང་སངས་རྒྱས་མིང་ཡང་མེད། །སངས་རྒྱས་སྟོན་པས་མིང་དུ་བཏགས་པས་ནོར། །སེམས་ཉིད་ཆོས་པས་སེམས་ཉིད་སྐུ་མི་མངའ། །སྒྲ་ལས་འདས་པས་སྒྲ་ཉིད་ཡེ་ཤེས་ཏེ། །ཞི་བ་འདི་གང་ལ་གདོད་ནས་ལྷུན་གྱིས་གྲུབ། །མཚན་མ་འཇིལ་བའི་སྐུ་མེད་རགས་པས་ན། །བྱང་ཆུབ་སེམས་ཀྱི་ཕུར་པ་ལ། །བཟའ་བའི་ཡུལ་མེད་བཙལ་བའི་དངོས་པོ་སྟོང་། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་ལ། །སྐུ་ཞེས་གང་ལ་གདགས་ཞེ་ན། བཀའ་སྩལ་པ། སྐུ་ཡི་དཀྱིལ་འཁོར་ཡང་དག་པ། །ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད། །གསུང་གི་དཀྱིལ་འཁོར་ཡང་དག་པ། །ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད། །ཐུགས་ཀྱི་དཀྱིལ་འཁོར་ཡང་དག་ང་། །ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད། །བྱང་ཆུབ་སེམས་ཀྱི་ཕུར་པ་ལ། །ཡོན་ཏན་འཕྲིན་ལས་དེ་བཞིན་པས། །ཞིང་ཁམས་དག་ཏུ་སྐུ་རུ་སྣང་། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེསམ་ཀྱི་ཕུར་པ་གཟུགས་ཀྱི་སྐུར་བསྟན་ནས་ཞིང་ཁམས་འདུལ་བ་ཇི་ལྟ་བུ་ལགས་ཞེ་ན། བཀའ་སྩལ་པ། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ། །རྫུ་འཕྲུལ་སྒྲ་འདྲ་འཁྲུལ་ལ་སྣང་། །ཇི་སྲིད་མཚན་མ་ཡོད་ཀྱི་བར། །དེ་བཞིན་སངས་རྒྱས་སྐུ་ཡང་ཡོད། །ཇི་སྲིད་མཚན་མ་མེད་ན་ནི། །དེ་བཞིན་སངས་རྒྱས་སྐུ་ཡང་མེད། །ཇི་སྲིད་རྣམ་གྲངས་ཡོད་ཀྱི་བར། །དེ་བཞིན་ལྷ་ཡི་གྲངས་ཀྱང་ཡོད། །ཇི་སྲིད་རྣམ་གྲངས་མེད་ན་ནི། །དེ་བཞིན་ལྷ་ཡི་གྲངས་ཀྱང་མེད། །མ་རིག་འཁྲུལ་བའི་སྒོ་ཙམ་དུ། །གྲངས་ལ་རྟགས་ཀྱི་མཚན་པ་ཟད། །དོན་དམ་བཅོས་པ་མེད་པ་ལ། །བྱང་སེམས་ཕུར་པའི་སྐུ་གཅིག་བསྡུས་པ་ལ། །རིས་དང་རྟགས་སུ་ག་ལ་བསྟན། །ཞེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་མཐར་ཕྱིན་པའི་དུས་ན་ཇི་ལྟ་ཕུར་པ་བུ་ཞིག་གནས་པ་ལགས་ཞེ་ན། བཀའ་སྩལ་པ། འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ་བྱང་ཆུབ་སེམས་ཀྱི་ཕུར་པ་ཉིད་ལས་མ་ཡེངས་པ་ནི་ཆོས་ཀྱི་སྐུའོ། །སྟོབས་སུ་གྱུར་ནས་འཇིག་རྟེནརངབཞིནམེད། །ཅེས་གསུངས་སོ། །གསོལ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་དེ་སྟོང་ཞིང་ཕྱལཆདཔགཅིགལགསསམ་ཞེ་ན། བཀའ་སྩལ་པ། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །མཐར་ཕྱིན་སྣང་བ་མེད་པའི་ཀློང་། །མུ་མཐའ་མེད་པའི་ཆོས་དབྱིངས་ལ། །སྒྲིབ་སྤངས་ཡེ་ཤེས་ཀློང་བརྡལ་བས། །ཡོན་ཏན་དཔག་མེད་ལྷུན་གྱིས་གྲུབ། །དུས་གསུམ་འགྱུར་མེད་སྣང་བའོ། །ཞེས་གསུངས་སོ། །གསོལ་བ། བྱང་ཆུབ་སེམས་ཀྱི་ཕུར་པར་ཐམས་ཅད་སངས་རྒྱས་ན་སེམས་ཅན་ཡེ་མི་གཟིགས་ལགས་སམ་ཞེ་ན། བཀའ་སྩལ་པ། བསྐལ་པ་སྔོན་གྱི་སྨོན་ལམ་དང་། །ཀུན་མཁྱེན་ཡེ་ཤེས་ཆེ་བས་ནི། །འགྲོ་དྲུག་དུས་གནས་སྡུག་བསྔལ་ཡང་། །རྨི་ལམ་ཚུལ་དུ་མེད་པར་སྣང་། །ཡིན་བཞིན་ནོར་ལྟར་རྟོག་མེད་པས། །སྣ་གསུམ་འཕྲིན་ལས་ལྷུན་གྱིས་གྲུབ། །ལོག་པར་རྟོགས་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བར་ནི། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་ཕུང་པ་རྫོགས་པ་ཆེན་པོའི་ཐེག་པའི་ཡང་ཞུན་རྒྱུན་ཀྱི་རྒྱལ་པོ་ལས། །བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་སྟོན་པ་དང་སྡུད་པ་པོའི་ཞུས་ལན་བསྟན་པ་སྟེ་གསུམ་པའོ།། །།དེ་ལྟར་བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་སྟོན་པ་དང་། སྡུད་པ་པོས་ཞུས་ལན་དུ་བསྟན་ན། བྱང་ཆུབ་སེམས་ཀྱི་རྡོ་རྗེའི་ཕྱག་མངོན་པར་མཛད་དེ། སེམས་ཉིད་མ་ཆགས་པའི་མཆོད་པས་མཆོད་དེ་འདི་སྐད་བསྟོད་དོ། །བྱང་སེམས་ཕུར་པའི་མཛད་ནི་མིག་གི་སྒྲོན་མར་སྣང་། །བཀའ་ལུང་བདུད་རྩི་ཡང་དག་སྟོན་བྱེད་པ། །སྤྱི་དང་རང་གི་མཚན་ཉིད་ཆོས་རྣམས་གནས་པ་སྟེ། །སེམས་ལས་བྱུང་བའི་ཆོས་རྣམས་རྒྱུ་འབྲས་ཆོས་རྣམས་འཁོར། །སེམས་ཉིད་ཆོས་དབྱིངས་ཐམས་ཅད་འདུས་པར་སྡུད་པས་ཨེ་མའོ་ངོ་མཚར་ཆེའོ། །ཞེས་བསྟོད་པ་མེད་པའི་ཚུལ་གྱིས་བསྟོད་དོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་ཕུར་པས་བཀའ་སྩལ་པ། བྱང་སེམས་ཕུར་པའི་ཡིད་བཞིན་རིན་པོ་ཆེ། །ཐེག་པའི་ནང་ན་ཡང་ཞུན་བླ་ན་མེད། །ཚིགས་ཆུང་བགྲོད་སླ་རྫོགས་པ་ཆེ། །ཚིག་དོན་ལམ་རྒྱུད་ངེས་པའི་དོན། །ཁྱོད་ལ་གཏད་ཀྱི་མི་ནུབ་གྱུར་ཏ་རེ། །ཞེས་གདམས་སོ། །བཅོམ་ལྡན་འདས་སྡུད་པ་པོ་རྡོ་རྗེ་འདུས་པ་འདི་སྐད་ཅེས་ཁས་བླངས་སོ། །དོན་དམ་བྱང་ཆུབ་སེམས་ཀྱི་ཕུར་པ་གཏེར་ཆེན་འདི། །བདག་ལ་སོགས་པའི་འཁོར་རྣམས་ཀྱིས། །ཕྱི་རབས་རྣལ་འབྱོར་དོན་འདོད་ཅིང། །མི་ནུབ་སེམས་ཀྱི་ཕུར་པ་གདབ་པར་བྱ། །བྱང་ཆུབ་སེམས་ཀྱི་ཕུར་པའི་ཆོས་ཀྱི་སྲོག་ཤིང་མངོན་པར་གཟུགས། །བྱང་ཆུབ་སེམས་ཀྱི་ཕུར་པའི་ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར། །བྱང་ཆུབ་སེམས་ཀྱི་ཕུར་པའི་ཆོས་ཀྱི་དུང་ཡོངས་སུ་འབུད། །བྱང་ཆུབ་སེམས་ཀྱི་ཕུར་པའི་ཆར་རྒྱུན་དུ་དབབ། །ཅེས་ཁས་བླངས་ཤིང་དམ་བཅས་སོ། །འཇིག་རྟེན་ཆོས་ཀྱིས་འབྲེལ་བའི་གཏམ་ཉན་པའི་འཁོར་རྣམས་ཀྱིས་དེ་ལྟ་བུའི་ངེས་པའི་དོན་ཚིག་ཏུ་གསུངས་པས། ཆོས་ཉིད་ལ་ཡེ་ཤེས་ཀྱི་རྩལ་མངའ་སྟེ། གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་ཕུར་པའི་དོན་ཐུགས་སུ་ཆུད་པར་གྱུར་ཏོ། །བྱང་ཆུབ་སེམས་ཀྱི་ཕུར་པ་རྫོགས་པ་ཆེན་པོའི་ཐེག་པའི་ཡང་ཞུན་རྒྱུད་ཀྱི་རྒྱལ་པོ་ལས། བྱང་ཆུབ་སེམས་ཀྱི་ཕུར་པ་ཡོངས་སུ་གཏད་པའི་ལེའུ་སྟེ་བཞི་པའོ།། །།དེ་ལྟར་བདེ་གཤེགས་བཀའ་ཡི་རྒྱུད་པ་དེ། །ལྷ་གནས་གསུམ་དུ་རིགས་འཛིན་རིགས་པ་བརྒྱུད། །ལྷ་སྲས་ཁྲི་སྲོང་དོན་གྱི་ཕྱིར། །སློབ་དཔོན་པདྨས་བསྣམས་ནས་གཤེགས། །གང་ཟག་སྙན་ཁུངས་རིམ་པས་བརྒྱུད། །སློབ་དཔོན་རྙོ་ནས་སྣུམས་ཆུང་ཡང་དབང་གཏོར་ལ་བཤད། །བྱང་ཆུབ་སེམ༷ས་ཀྱི་ཕུར་པ་དོན་རྟོགས་ནས། །ཚོམ་བུའི་གཟུགས་ལ་མ་ཆགས་པར། །བྱང་ཆུབ་ལམ་ལ་སྨིན་པར་འགྱུར། །རྫོག་སོ།། །། རྒྱ་གར་སྐད་དུ། བཛྲཀི་ལ་ཡ་ཁ༷་ཤུད་དི་ཕྲོ་མ་ཧྭ་ཏན་ཏྲ། བོད་སྐད་དུ།རྡོ་རྗེ་ཕུར་པ་ཆུ་་བྱག་དབབ་པའི་རྒྱུད་ཆེན་པོ། བཅོམ་ལྡན་འད་འཇིག་བྱེད་ཆེན་པོ་རྡོ་རྗེ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་གདུག་པ་སྒྲོལ་བའི་ཕོ་བྲང་། དུར་ཁྲོད་ཀྱི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་། བྷ་ག་གསང་བའི་གཞལ་ཡས་ཁང་གྲུ་གསུམ་ཟླ་ཁམ་མུ་ཁྱུད་འཁོར་ལོ་འབར་བ་ན། མཉམ་པ་ཆོས་ཀྱི་སྐུ་ལས་བཞེངས་པའི་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་རྡོ་རྗེ་གཞོན་ནུ་དེ་རིགས་དང་ཡེ་ཤེས་ཐམས་ཅད་ཀྱི་ངོ་བོ། སྤྲུལ་པའི་མཛད་པ་གང་ལ་ཡང་མ་འགགས་པར་བཞུགས་སོ། །ཡུམ་རྡོ་རྗེ་གར་གྱི་དབང་ཕྱུག་རྒྱས་འདེབས་མ་དང་གཉིས་སུ་མེད་པ་ལས་བྱུང་བ་ནི། ཡེ་ཤེས་རིགས་ཀྱི་ཁྲོ་བོ། དབྱིངས་ཀྱི་ཁྲོ་མོ། ཐབས་ཤེས་རབ་ལས་དྲལ་དང་ལྕམ་དུ་བཅས་པ་དང་། ཀི་སིང་གནས་ཡུལ་ཕྱག་བརྙན་དབང་ཕྱུག་མ་དང་བཅས་པར་བཞུགས་སོ། །གཞན་ཡང་གདུག་ཅིང་དབང་ཆེ་བར་མི་བཟད་པ། ནད་དང་ཆུ་འཁྱགས་ཆོ་འཕྲུལ་གཏོང་བ་དཔག་ཏུ་མེད་པ་ནི། ཕ་སྲིན་དང་མ་ཀླུ་ལས་སྤྲུལ་པའི་སྲས། །དྲེགས་པ་གཟའ་བདུད་ཀྱི་ཚོགས་སྲིན་མོའི་གཟུགས་ཅན་འབྱུང་པོའི་མངའ་བདག་ཆེན་མོ་བཞི་འདི་ལྟ་སྟེ། ཕོ་ཉ་རྣམས་ཀྱི་གཙོ་མོ་སྟག་སྲིན་ཟོར་བ་གདོང་ཞེས་བྱ་བ་དང་། བདུད་མོ་ཀུན་གྱི་གཙོ་མོ་བམ་སྲིན་དྲེད་མོ་གདོང་ཞེས་བྱ་བ་དང་། སྨན་ཕྲན་ཀུན་གྱི་གཙོ་མོ་སྐོང་སྲིན་བ་གླང་གདོང་དང་། ཉུལ་ལེ་ཀུན་གྱི་གཙོ་མོ་འབྲོག་སྲིན་ཆུ་སྲིན་གདོང་ཞེས་བྱ་བ་རྣམས་གླིང་བཞི་དབུས་རི་རབ་ཀྱི་ཟོམ་དང་ཕྱོགས་བཞི་ན་གནས་ཏེ། གླིང་བཞི་རི་རབ་ཏུ་འཚེ། ཀུན་ཏུ་འཁྲུག །ཐམས་ཅད་གསོད་ཅིང་གླིང་བཞི་ཕུང་ལ་ཁད་ནས་གནས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེའི་ཚེ་དེའི་དུས་ན་ཐུགས་རྗེ་དང་མཐུ་སྟོབས་སུ་ལྡན་པའི་རྡོ་རྗེ་གཞོན་ནུ་གསང་བ་ཞེས་བྱ་བས་སེམས་ཅན་རྣམས་དྲེགས་པ་ཕོ་མོས་འཚེ་བ་དེ་དག་གཟིགས་ནས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གསང་བ་ལས། ཡེ་ཤེས་ཀྱི་འོད་ཟེར་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་གསེར་གྱི་བ་ཐག་གཟིངས་པ་བཞིན་སྤྲོས་པས། དྲེགས་པ་ཕོ་མོ་རང་བཞིན་དུ་ཟིལ་གྱིས་མནན་ཏེ་སྲོག་གི་དབང་པོས་མ་བཟོད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་དབང་དུ་བསྡུས། འཁོད་ནས་འདར་ཞུང་བྲེད་ནས་གནས་སོ། །དེ་ནས་འཇིགས་བྱེད་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་རང་གི་སྟན་ལས་ལངས་ནས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཧེ་ཧེ་བཅོམ་ལྡན་དཔའ་བོ་ཐུགས་རྗེའི་བདག །ཀླུ་སྲིན་ཕོ་མོ་མིང་སྲིང་འཇིག་རྟེན་ཕུང་ལ་རག །དོན་ཆེན་སྨོན་ལམ་ཐུགས་རྗེས་དགོངས་མཛད་ལ། །མི་བཟད་དྲེགས་པ་ཕོ་མོ་ཚར་གཅོད་བཀའ་ལ་ཐོགས། །འཇིག་རྟེན་འདི་ཡང་བདེ་བའི་ལམ་ལ་འཁོད། །མ་ཐུབ་ངེས་ལ་བཀའ་ཡི་ཆད་པས་ཆོད། །མངོན་ཅི་མི་ནད་ཆུ་འཁྱགས་ཐོབ། །ཧོ་ཞེས་གསོལ་ནས་ཕྱག་གཡས་པའི་རྡོ་རྗེ་སྲིད་པའི་རྩེ་མོ་ལ་ཐུག་པར་གསོར་བས། དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་འདར་ཞིང་གཡོས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུས་གདུག་པ་ཅན་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །ཐབས་དང་ཤེས་རབ་སྦྱོར་བའི་བརྡས་བསྐུལ་ནས་ཡུམ་དང་གཉིས་སུ་མེད་པར་གྱུར་ཏོ། །དེའི་ཚེ་ཡུམ་གྱི་བྷ་ག་ནས་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཡེ་ཤེས་ལས་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་སྐུ་ཐ་དད་ཅིང་ངོ་བོ་ཉིད་གཅིག་པ་དང་། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཧུ༷་ཧ་ཧེ་ཧ་ཧེ་ཕཊ་སྨྱོ་རུ་ལུ་སྟེ། བརྗོད་ཀྱིས་མི་ལང་བའི་གསུང་གི་སྒྲ་འབྲུག་ལྟར་སྒྲོགས་ཤིང་ཐུགས་ཡེ་ཤེས་ཀྱི་འོད་ཟེར་འཇིག་རྟེན་གྱི་བྱམས་པོ་གློག་སྟོང་འཕྲོ་བ་བཞིན་སྤྲོས་སོ། །དེའི་ཡོན་ཏན་གྱི་ཁྱད་པར་ལས། འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། དེ་བཞིན་དུ་འགུལ། ལྡེག །ཚིག །འཐོར། འུར་ཆེམ་དུ་གྱུར་པས། ཡེ་ཤེས་རོལ་བའི་འཁོར་རྣམས་ཀྱང་རབ་ཏུ་འཇིགས་སྐྲག་དངངས་ཏེ།ཉ་བྱེ་ཚན་ལ་བཞག་པ་བཞིན་དུ་གྱུར་ཏོ། །འཇིགས་བྱེད་དྲེགས་པའི་འཁོར་རྣམས་སྐྲག་ཅིང་བརྒྱལ་ནས་གན་རྐྱལ་དུ་འགྱེལ་ཏོ། །ཁྲག་སྐྱུགས་སོ། །དེ་དག་ཀྱང་རང་རང་གི་མཚོན་ཆ་ཤོར་ཏེ་བཀྲག་མདངས་ཉམས་ནས། ལུས་ལ་དྲི་ང་བ་དག་ཀྱང་ལངས་སོ། །ཡིད་ཀྱི་ཤེས་པ་ཉམས་ནས་ངག་གི་སྒྲ་ཡང་ལྐུགས་པར་གྱུར་ཏོ། །དེ་ནས་ཡེ་ཤེས་རོལ་པའི་འཁོར་ཚོགས་རྣམས་སླར་འདུས་ཏེ། ཡབ་ཡུམ་ལ་ལན་སྟོང་དུ་བརྐྱང་ཕྱག་འཚལ་ཞིང་བསྐོར་བ་བྱས་ནས། གསང་བ་ཡུམ་གྱི་མཁར་ཞུགས་སོ། །དེ་ནས་ཡང་ཀེའུ་རི་ལ་སོགས་པ་གསང་བ་རོལ་བའི་འཁོར་རྣམས་ཀྱང་། གཙོ་བོའི་སྐུ་ལ་རང་གི་ཐད་དུ་འཁྲིལ་ཏེ་དགེས་པ་དང་བཅས་ནས་འཁོད། །དེ་ནས་བཅོམ་ལྡན་འདས་ནི་རྡོ་རྗེ་ལྟ་བུའི་ཆོས་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བདག་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ཐུགས་རྗེ་ཆེ་ལ་ཐབས་མཁས་པའི་བདག་ཉིད་ཅན། དྲེགས་པའི་ཚོགས་རྣམས་སླར་གསོ་བར་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བསྐུལ་བར་མཁྱེན་ཏེ། ཐུགས་རྗེའི་དབུགས་དབྱུངས་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་རྗེ་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་དྲེགས་པའི་ཚོགས་རྣམས་སླར་གསོས་སོ། །དེ་ནས་དྲེགས་པ་རྣམས་འཇིགས་བཞིན་དུ་ལངས་ཏེ་ཁྲོ་བོ་ཆེན་པོའི་ཐད་དུ་འོངས་སོ། །དེ་ནས་སེམས་ཀྱི་དྲན་པ་ཅུང་ཟད་ཙམ་སྐྱེས་ནས། ལམ་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ། བག་གཞི་ས་ལ་བརྡབས་ཞིང་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །འཁོད་ནས་ཀྱང་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་བ་བཏབ་བོ ཨེ་མའོ་རབ་འཇིགས་དཔའ་བོ་ཁྱོད། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་བྱིན་བརླབས་པས། །མཐུ་སྟོབས་མི་བཟད་ཁྲོ་བོ་འབར་བ་ཡིས། །དྲེགས་པ་ཀུན་འདུལ་མཐུ་སྟོབས་ངོ་མཚར་ཆེ། །ཁྱེད་ཀྱིས་བདག་ཅག་སྐྱབས་མཛོད་བྱིན་བརླབས་བཀའ་གསལ་བསྐོས་པ་ཉན། །དབང་བསྐུར་དམ་ཐོབ་ཅི་བགྱི་ཞེས་ནི་ལུང་ཡང་ནོས། །ཞེས་གསོལ་ཞིང་ཁས་བླངས་ནས་རང་རང་གི་གནས་ག་ལ་བ་རུ་དོང་ངོ་། །དེ་ལྟ་བུའི་འཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་འབེབས་པའི་རྒྱུད་ལས། དྲེགས་པ་ཅན་བ་་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུས་དཀྱིལ་འཁོར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབ་པ་མཛད་དོ། །ཨེ་མའོ་རྒྱ་ཁྱོན་མེད་པའི་གནས་ཆེན་ནི། །རྡོ་རྗེ་ཐོད་རུས་འབར་བའི་གཞལ་ཡས་ཁང་། །ཟླ་ཁམ་གྲུ་གསུམ་ལྟེ་བར་ལྡན་པ་ལ། །ཤེས་རབ་འབར་བའི་འཁོར་ལོ་བཞི། །མུ་ཁྱུད་ཐོད་པར་ལྡན་པ་ལ། །གྲུ་བཞི་བློ་འབུར་སྒོ་ཁྱུད་ལྡན། །ཞིང་གི་ཀ་གདུང་ཉི་ཟླའི་ཀ་གཞུ་ཅན། །རྟ་བབས་ཕྱི་བརྒྱན་དུར་ཁྲོད་བརྒྱད། །ལྷུན་གྱིས་གྲུབ་སྟེ་རྡོ་རྗེ་མེ་རི་ལག་ཆུའོ། །རིན་ཆེན་མཆོག་གི་ཁྲི་རྐང་དང་། །དྲེགས་པ་ཉི་ཟླ་པདྨའི་གདན་སྟེངས་སུ། །འཇིགས་བྱེད་ཆེན་པོ་ཡབ་ཡུམ་བཞུགས། །དེ་ཡི་བྱིན་རླབས་འོད་ཟེར་ལ། །བཀའ་ལས་བཏགས་པའི་གཟའ་བདུད་ནི། །སྤྱན་སྔ་ཉིད་དུ་འཁོད་པར་འགྱུར། །ཕ་ནི་གཡས་ལ་མ་ནི་གཡོན། །འཁོར་ལོ་འབར་བའི་རྩིབས་གཞི་ལ། །ལས་ཀྱི་གདོང་མོ་སྲིང་བཞི་གནས། ཁུ་ཆད་བློ་འབུར་བརྒྱད་དག་ཏུ། །ལྷ་སྲིན་སྡེ་བརྒྱད་ཚོགས་བཅས་འཁོད། །དེ་ཚེ་ཕྱི་ཡི་དཀྱིལ་འཁོར་དེ། །ཕ་མ་མིངསྲིངཚོགསབཅསཀྱིས། །རང་གི་རྫས་དང་སྲོག་སྙིང་ཡང་། །མགྲིན་གཅིག་ཏུ་ནི་མཐུན་པར་ཕུལ། །དེབཞིན་དྲེགས་་པ་ཡོངས་ཀྱིས་ཀྱང་། །དེ་བཞིན་དུ་ནི་རིམ་པར་མཛད། །དེ་ནས་རྡོ་རྗེ་གཞོན་ནུ་ཡིས། །སྲིན་པོ་འབར་བའི་ཐོད་པ་མྲ །མི་བཟད་ཕ་མ་མིང་སྲིང་རྣམས། །དབང་དུ་བསྡུས་ཤིང་བཅུག་ནས་ནི། །གསང་བའི་གནས་སུ་བྱིན་གྱིས་བརླབ། །མི་བཟད་ནང་གི་དཀྱིལ་འཁོར་དེར། །སྐུ་བསྐྱེད་རྩ་བའི་སྙིང་པོ་ཕུལ། ཁྲི་རྐང་བཞི་ལ་དབུས་སུ་ནི། །དྲེགས་པ་འཁོར་དང་བཅས་པ་རྣམས། །ཞབས་བཞི་རྡོ་རྗེའི་འོག་ཏུ་སྦས། །རྦད་པ་གསང་བའི་སྙིང་པོ་ཕུལ། །དེ་ནས་གདན་ལ་བཀྱེ་ནས་ནི། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ཕུལ། སྐུ་ལ་སྦྲུལ་ལྟར་འཁྲིལ་ནས་ནི། །ཡོན་ཏན་འཕྲིན་ལས་སྙིང་པོ་ཕུལ། །མ་ཆགས་སྦྱོར་བ་མཛད་པ་ཡི། །གནད་ལ་དབབ་པའི་སྙིང་པོ་བསྟབས། །གསང་བའི་དོན་ནི་རྟོགས་བྱས་པས། །དྲག་སྔགས་ཟོར་ཐབས་སྙིང་པོ་ཕུལ། །དམ་ཚིག་ལུང་ནི་ཕོག་པ་ཡིས། །གཟེར་སྔགས་སུར་སྔགས་གནད་ལ་དབབ་པ་ཕུལ། །ཁས་བླངས་དམ་ཚིག་གནོས་པ་ཡིས། །ཉེ་བར་བྱ་བའི་བསྙེན་པ་དང་། །བོད་དང་དམོད་པའི་སྔགས་རྣམས་བསྟབས། །ཐ་ཚིག་བཅས་ནས་དོན་བྱེད་ཕྱིར། །མགོ་ནས་བསྔགས་ཤིང་ཤམ་བུ་བསྟན། །དེ་བཞིན་སྙིང་པོ་ཕུལ་ནས་ནི། །གཙོ་བོ་ལ་ནི་བསྐོར་ནས་སུ། །མགྲིན་གཅིག་ཏུ་ནི་འདི་སྐད་གསོལ། །བདག་ཅག་སྐྱབས་མཛད་སྡུག་བསྔལ་མགོན། །འཇིག་རྟེན་ལས་རྒྱལ་མཐུ་སྟོབས་ཅན། །བདག་གིས་ཅི་བགྱི་ལུང་སྟོན་མཛད། །ཅེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཆེན་གྱིས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཀྱེ་ཀྱེ་ཀྱེ་མའོ་གསང་བའི་ཡུམ། །ཁྱེད་ལ་ཁོ་བོས་བསྒོ་བ་ནི། །བསྒྲལ་བའི་ཞིང་བཅུར་གྱུར་པ་དང་། །ཉམས་པ་བདུན་པོ་ཚར་བཅད་ཕྱིར། །འགལ་བ་ཆམ་ལ་ཕབ་ནས་ཀྱང་། །སྲོག་སེར་གཉིས་ལ་ཀི་ཀང་ཕོབ། །སངས་རྒྱས་བསྟན་པའི་བཀའ་འཁོར་བསྲུང་བར་གྱིས། །ཞེས་གསུངས་སོ། །དོན་དེ་དག་ཇི་ལྟར་མཛད་ཀྱང་།དོན་ཆོས་ཉིད་ལས་མི་གཡོ་བའི་ཕྱིར། ཨོ་དྷརྨ་དྷ་ཏུ་སྭ་བྷ་བ་ཨུཏཱ་ཀོ྅ཧ༷། ཞེས་གསུངས་སོ། །ཐུགས་ཡེ་ཤེས་དགོངས་པ་ཆོས་ཉིད་དུ་གྱུར་ཏོ། །འཁོར་རྣམས་ཀྱང་དཔལ་གྱི་དམ་ལ་གནས་ནས་འཁོད་དོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། རང་བཞིན་དཀྱིལ་འཁོར་དུ་སྙིང་པོ་ཕུལ་ཞིང་དབང་བསྐུར་ནས་དམ་ལ་བཏགས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་ངོ་མཚར་ཐམས་ཅད་དབང་སྡུད་བདག །གདུག་བའི་ཚོགས་རྣམས་གདུལ་ཕྱིར་དམ་ལ་བཏགས་པ་ངོ་མཚར་ཆེའོ། །གོང་དུ་འཇིགས་བྱེད་དཔལ་ལ་བསྟབ་ཅིང་ཕུལ་བའི་སྙིང་པོ་དང་། །སྔགས་རྣམས་ཕྱི་རབས་རྣལ་འབྱོར་པ་རྣམས་ལ་སྨན་པའི་སླད་དུ། །མི་བཟད་ཟབ་མོའི་སྔགས་རྣམས་མ་ལུས་ཀུན། །དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་ཆོས་སྐུ་མཉམ་པའི་ངང་ལས་བྱམས་མགོན་ཐུགས་ཀྱིས་བཞེངས་ནས། མན་པྲ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་ཐམས་ཅད་མཉམ་ཉིད་དོན་གྱི་གསུང་། །ཐུགས་རྗེ་བརྟན་གཡོ་སྒྲ་རུ་གྲགས་པ་ངོ་བོ་ཉིད། །བདེ་གཤེགས་རྒྱལ་བའི་གསུང་སྟེ་སྔགས་ཀྱི་ཚིག །གསུང་གི་དོན་ཉིད་༷བཤད་ཀྱི་ཉོན། །ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་བསྐྱེད་ཅིང་མཆོད་པའི་སྙིང་པོ་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ། ་།་རྒྱ་ཏ་དྷ་རྨ་སྒྲི་ཏུ་ཨོ་ཨུ༷༷ཧྭ༷། ཨེ་ཡ༷་ཁ༷་སུ་ཀེ་ར༷་ཧཱུཾ་བྷན་དྷ་ཙྭ་ན་ཨེ་བ༷་ཡ་ཙཀྲ་མཎྜལ། ཧུ༷་ཀྲོ་བཛྲ་གནད། བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕ་ཊ། དིབ་སྟ་ཙཀྲ་ཀྲོདྷ་ཀྲོདྷ་ཧ་ཧེ་ཧ་ཧེ་ཕཊ་སྨྱོ། བཛྲ་ས་མ་ཡ་ཛཛ་ཧུ༷་བ༷་ཧོ། ཨེ་ཨ་ར་ལི་ཧྲིང་། ཀྭ་ཡ་ལྷུ་ཀ་ཙིསྟ་ཏིརྫི་བཛྲ། མ་ཧྭ་སུ་ཁ་སིརྙི་ན་མ་ཨ་ར་ལི་ཧོ། ཁ་ར༷་ཡོ་གི་ནི། ཁ་ར༷་ཌའ་ཀི་ནི། ཁ་ཁ་ལེ་ལེ་ཧུ༷་སྦྱོ་ཧཱུཾ། སརྦ་པརྩི་ཨ་མྲི་བ་ལིང་རཀྟ་ཁ་ཁ། ཁུ་ཧི་ཁུ་ཧི་རུ་ལུ་རུ་ལུ་ཧུ༷་སྦྱོ།བསྙེན་པ་དང་ནི་ཉེ་བསྙེན་པ་བསྒྲུབ་པ་དང་ནི་བསྒྲུབ་ཆེན་དུ་རིག་པར་བྱའོ། །དེ་ནས་ཡང་རྩ་བའི་སྙིང་པོ་འདི་རྣམས་འཐོན་ཏེ། ཧུ༷་༼ཉཤ་༽མ་ཙ་ར་ཤ། དེ་ནས་ཡང་སྐུ་བསྐྱེད་པའི་སྙིང་པོ་གསུངས་པ། ཨོ་བཛྲ་གི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨོ་པུ་ཙེ་པུ་ཙེ་ད་ན་པུ་ཙེ་ས་མ་ཏ་ཨ་ཀ་ར་ཧུ༷་ཕཊ། རག་མོ་ད་རོ་རུ་ཙམ་མོ་ཤམ་མོ། སྙན་གསན་གསོལ་བའི་སྙིང་པོ་ནི། མ་ར་ཙ་ཤ་ས་མ་ཡ་ཛ་ཛ། སྤྱན་དྲང་བའི་སྙིང་པོ་ནི། རག་མོ་སྙིང་རྩ་ལ་རུ་རོ་རུ། ཙབ་མོ་ཙབ་མོ་ཙབ་མོ། ཁྲག་ལ་མུ་ཤ་མ་སྙིང་ཁ་རག་མ་སྨྱོ་ཛ་ཧཱུཾ༷་བ༷་ཧོ། བསྟན་པར་བཞུགས་སུ་གསོལ་བའི་སྙིང་པོ་ནི། རག་མོ་རག་མོ་སྙིང་རྩ་ལ། རུག་རུ་ཙབ་མོ། ཙབ་མོ་ཙབ་མོ་ཁྲག་ལ་མུ་ཤ །སྙིང་ཁ་རག་སྙིང་ཁ་རག །ས་མ་ཡ་ཏིརྫི་ལྷན། ཕྱག་བཙལ་བའི་སྙིང་པོ་ནི། མ་ར་ཙ་ཤ་ན་མོ་སིདྷི་ཀུ་རུ་ཧུ༷། མཆོད་པ་དབུལ་བའི་སྙིང་པོ་ནི། མཧྭ་པྱུ་ཛ་བ་ལིང་ཏ་ཨ་མྲི་ཏེ་ས་མ་ཡ་ཁུ་ཧི། འཛབ་འདས་པའི་སྙིང་པོ་ནི། བཛྲ་མ་ཏི་པྲ་ལི་མ་པྲ་མ་ཛྲ་ཧུ༷་ས་ཧ། བ་ལོ་ཨག་ཤུ་མེག་བཛྲ་དུ་ཕྲི་ཧུ༷་ཛ་ས་ཧ། ག་ཏྲ་མ་ཛུ་བཛྲ་ཡཀྟ་ཀྲི་ཀྲིང་ར་མ་ཛ་སྲུཧྭ། བཛྲ་ཀི་ལི་པྲི་ཀ་ལི་ཧོ་ཛ་ཧུ༷་གྲྭཧྭ། མ་མོ་སྤྱི་ཡི་སྔགས་ནི། མ་མོ་སྙིང་ཁ་རག །མ་མ་རག་ཤ་རག་ཤ། མ་མོ་སྙིང་ཁྲག་མོ་མདུན་མདུན་སྒག་རག་ཤ་མ་སྙིང་སྟེ། ཁེམ་མ་རུ་ལུ་སྨྱོ་སྙིང་ཁ་རག་མ་ས་མ་ཡ་དམ་དམ་ཛ་ཛ། བོད་པའི་སྔགས་སོ། །མ་མ་སྙིང་ཙིསྟ་ལ་ཐུན་སྙིང་ཁ་རག་མ་ཐུན།ཤ་ཏི་ཏ་མ་ཐུན་སྙིང་ལ་ཡ་ཡ་སྨྱོ་ཐུན། རྦད་པའི་སྔགས་སོ། །མ་མ་ར་ར་མ་མ་ཤ་ཤ་མ་མ་ས་ས་མ་མ་ཡ་ཡ་དགྲ་བོ་སོད་སོད་མ་ཧྭ་ཙིསྟ་ཛ་ལ་རེ། སྙིང་རྩ་ཏ་མ་ལ་རོལ། ཆུམ་ཆུམ་ཐུམ་ཐུམ་རིལ་རིལ་མ་མ་ལས་མྱུར་དུ་མཛོད་ཅིག །ཅེས་པ་ནི་དམོད་པའི་སྔགས་སོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཨ་མྲི་ཏ་ཀུཎྜལི་སརྦ་བིབྷ་ན༷་ཀྲོདྷ་ནི་ཧུ༷་ཧུ༷་ཕཊ། ཅེས་པ་ནི་བཟློག་སྔགས་སྤྱིར་དྲིལ་བའོ། །ཡང་སྙིང་ཐུགས་ཀྱི་བརྣག་པ་ནི། དེ་ཡང་ཕ་སྲིན་པོའི་ཡང་སྙིང་ནི། ཨོ་བཛྲ་ཡག་ཤ་ཀེ་ཏེ་ཕྲོ༷།ཧྲོ་་ག་རུ་ཙ་ཤ་ཏྲི་ཕྲོ༷། ས་མན་ཏ་ཨ་ཀ་ར་དུ་རུ་ཕྲོ། མ་ཀླུའི་ཡང་སྙིང་ནི། ཨོ་བཛྲ་ནཱ་ག་ཤུ་ག་ལེ་སུ་ར་ཕྲོ༷། མ་མ་ཧྲིལ་ཤར་ཕྲོ༷། ཙ་མུ་ཤ་ས་མ་ཡ་ཕྲོ༷། མིང་པོའི་ཡང་སྙིང་ཡང་དག་པ་ནི། ཨོ་པུ་པུ་ཙེ་ས་མ་ཏ་ཨ་ཀར་དུ་རུ་དུ་རུ་ཧུ༷་ཕཊ། སྲིན་མོ་བཞིའི་ཡང་སྙིང་གཅིག་ཏུ་དྲིལ་བ་ནི། རག་མོ་ཁྲག་ལ་མུ་ཤ་ཛ། སྙིང་རྩ་ལ་རག་མོ་རག་མོ། ཙ་པ་ལ་མ་མ་སྨྱོ་མ་མ་དྲིལ་ཤར་ཤ་ཏྲ་ཧུ༷་ཕཊ། མ་མོའི་སྐུའི་སྔགས་ནི། པ་ཤ་ཤ་ནི་རག་ཤ་དུ་ཛ་ཛ། གསུང་གི་སྔགས་ནི། མ་ར་ཙ་ཤ་གུར་བི་གུར་བི་ཏ་མ་ལ་ནི་ར་ཡ་གྲྭཧྭ། ཐུགས་ཀྱི་སྔགས་ནི། ཏིང་ཏིང་གར་པ་ནེ་ར་ཡ་གྲྭཧྭ། ཡོན་ཏན་གྱི་སྔགས་ནི། རག་མོ་རག་མོ་སྙིང་རྩ་ཤ་མ་སྨྱོ། རག་མོ་རོ་རུ་ཙ་པ་མ་སྨྱོ། རག་མོ་ཙབ་མོ་ཙབ་མོ་ཤིག་ཤིག་སྙིང་ཁ་རག་མ་སྨྱོ། རག་མོ་རག་ཁྲག་ལ་མུ་ཤ་ལ་སྨྱོ། འཕྲིན་ལས་ཀྱི་སྔགས་ནི། གུ་སུ་དན་མ་དགྲ་ལ་སྨྱོ། ཨུ་ཙུ་སྨ་ཤ་དགྲ་ལ་སྨྱོ། ཁ༷་ཁས་དགྲ་ལ་སྨྱོ། རྦད་ཤ་མ་དགྲ་ལ་སྨྱོ། མ་མོ་མདོར་བསྡུས་པའི་སྔགས་ལུང་ནི། མ་མ་རིལ་མ་མ་རིལ་སྨྱོ། ཚལ་པ་ཚལ་པ་མ་མ་ཧྲིལ་སྨྱོ། ཙབ་མོ་ཙབ་མོ་མ་མ་ཧྲིལ་སྨྱོ། རག་མོ་རག་མོ་མ་མ་ཧྲིལ་སྨྱོ། བཞི་སྙིང་གཅིག་ཏུ་དྲེལ་བ་ནི། བཛྲ་ལ་ཏིང་མོ་པོ་ཨ་ཀ་ཏྲ་བཛྲ་ཀི་ལི་བི་མ་རོ་ཧྲི་ཏྲིང་ཧུ༷་ཛ། སྔགས་ཀྱི་མགོ་ནན་ནི། མ་ཀ་ཡེ་པ་ཀ་ཡེ། སིང་ཀ་ཡེ། བྱ་ཙ་ཡེ། སྒྲོལ་བྱེད་ཉེ་བར་བསྙེན་པའི་སྔགས་ནི། ཧྲི་སྟི་བི་ཀི་ཏི་མ་མ་སྙིང་རྩ་ལ་ཡ་དགྲ་བོ་མ་ར་ཡ་ཧུ༷་ཕཊ། ངན་སྔགས་ཀྱི་ཤམ་བུ་ནི། རག་མོ་སྙིང་རྩ་རུ་རུ་ཙབ། སྙིང་ཁ་རག་གུ་སིང་དན་མ་ཤག་མུ་ཤག་མུ་སྨྱོ། སྙིང་ཁ་ར༷ག་མ་སྨྱོ། ཐིག་ནི་གཅིག་མེད་ཤུད་ཏི་ཕྲོ༷་གཉིས་་ག་རྒྱབ་གཅོད། དུད་ཕྲོ་ནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རོ་སོད། རྒྱང་རྗེ་བཙུན་མོ་ཙུན༷ ་སླུ་ཏ་ཕཊ། ཆེ་གེ་མོ་མ་ར་ཧྲིལ་རིལ་ཤར་ཤེལ་ཧུ༷་་ག་ཙ་ར་ག་ཤུ་ཏི་ཕྲོ། ཡ་མ་སྙིང་ཡ་མ་ཁྲ༷ག་ར་ཧུ༷་ལ་ཧྲིལ་ཧྲིལ་ཤག་ཤག་སེན་ཡ་སྨྱོ། དྷིལ་ནཱ་ག་ཤུ་ན་ག་ལེ་དུམ་པ་ལེ། ཨོ་པུ་ཙེ་པུ་ཙེ་ས་མ་ཏ་ཨ་ཀ་ར་དུ་རུ་དུ་རུ་ཕྲོ་ཨོ་ཧུ༷་ཕཊ། ཐུན་ལ་བཀོལ་བ་ནི། རག་མོ་རག་མོ་ཏ་མ་ཀེ་ཏ། ནཱ་ག་ནཱ་ག་ཀེ་ཙེ་དུས་ཧྲིལ་ཕྲོ་ཤར་སྨྱོ། ཟོར་ལ་བཀོལ་བ་ནི། ཧུ༷་ཙབ་ཙབ་སྙིང་ཁ་རག་ཁ་རག་མོ་ཤིག་ཤིག་ཁ་རག་ལམ་སྨྱོ། ཐབས་ལ་བཀོལ་བ་ནི། རག་ཤ་ན་ག་ཏྲི་ཐང་གུ་སི་དན་མ་ཨུ་ཙུསྨ་ཤ་ཁམས་ཁས་རྦད་ཤག་དགྲ་ལ་སྨྱོ་སྨྱོ། རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་གཟའ་གདོང་བསྲེས་པའི་ལས་ཀྱི་ལུང་ལས། གསང་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཨེ་མའོ། བདེ་བར་གཤེགས་པ་རྒྱལ་བ་ཐམས་ཅད་དངོས་གྲུབ་མཐའ་ཡས་པ། རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། དྲེགས་པ་ཕོ་མོའི་གནས་དང་དཀྱིལ་འཁོར་རྫས་དང་ལས་རྣམས་བཤད་དུ་གསོལ། ཨལ་ལ་ས་མ་ཡ་ཧོ། ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་ཁྲག་ལ་སོགས་ཁྲག་སྣ་འབྱོར་ཚད་དང་། །ར་མཆིན་ལ་སོགས་སེམས་ཅན་ཤ་སྣ་བུ། །དྲེའུ་དང་བོང་བུའི་ཐོད་པར་ཚིལ་ཆེན་དག་ཀྱང་བསྲེ། །རིགས་ཀྱི་དབྱིབས་སུ་ལྡན་པའི་ཟན། །ཁྲག་གི་ཐིག་ལེ་བྱས་ལ་འཁོར་ལོ་དགོད། །དེ་ལ་འུག་པ་ཁྲ་དང་སྲིན་བྱ་སྐྱེ་ཀའི་སྒྲོ། །མིང་རུས་སྔགས་དང་སྦྲེལ་ཏེ་བྲིས་ལ་གདགས། །རྒྱལ་མཚན་བཞི་ལ་སོགས་པའི་རྒྱན་ཡང་དགྲམ། །ག་བུར་ཙན་དན་ལ་སོགས་དྲི་ཡི་ཚོགས་རྣམས་ཀུན། །རོག་ཏའི་གནས་སུ་བསེ་ཁབ་ནང་དུ་བསོགས་ཏེ་སྦྲུལ་གྱི་པགས་པས་གཏམས། ཁྲ་ལྔ་ལ་སོགས་པའི་དམར་གྱི་རྫས། །ལྷོ་ཡི་གླིང་ལ་ཐོད་པའི་ནང་དུ་གསོག །དཀར་གསུམ་མངར་གསུམ་ཀླུ་སྨན་སྣ་ཚོགས་རྣམས། །དུང་ཕོར་ནང་དུ་ནུབ་ཀྱི་གླིང་ལ་བསོགས། །འབྲུ་དང་མེ་ཏོག་རིན་ཆེན་སྣ་ཚོགས་རྣམས། །རིན་ཆེན་སྣོད་དུ་གླིང་གི་གླིང་ལ་བཞག །རབས་ཆད་རྩ་ཀི་ལ་ནི་ནག་པོ་ལ། །ནང་དུ་དྲི་ལྔ་བདུད་རྩི་ལྔ་ཡིས་བྱུག ཁྲག་སྣ་གསུམ་གྱིས་ཐིག་གདབ་འཁོར་ལོ་བྲི། །གོང་བཞིན་སྙིང་པོ་བྲིས་ཏེ་རྫས་བསགས་པ། །ཆུ་ཡི་མི་དང་ས་ཡི་མི་དང་བྱི་བའི་སྙིང་དང་དགྲ་ཆའི་སྙིང་དག་ལ། ཁྲ་སྣ་ཁྲག་སྣ་འབྱོར་ཚད་དག་དང་ནི། །དེ་ཡི་ཡུལ་དང་དགྲ་ཡི་མིང་རུས་དང་། །ཐུན་གྱི་རྫས་རྣམས་དེ་རུ་བླུགས་པར་བྱའོ། །གསང་བ་ནང་གི་འཁོར་ལོ་ཡིན། །སྦས་པ་གསང་བའི་འཁོར་ལོ་ནི། །རྣལ་འབྱོར་ལུས་ཀྱི་ཡན་ལག་སྟེ། །སྙིང་ཁར་ཡི་གེ་ཧུ༷་བཀོད་ལ། །འཁོར་ལོ་དབུས་ཀྱི་ལྟེ་བ་ཡི། །གཡས་གཡོན་ཡན་ལག་རྩ་ཆེན་བཞི། །འཁོར་ལོ་བཞི་སྟེ་སྲིང་བཞི་གནས། །དེ་ཡི་རྫས་ཏེ་དམར་ཆེན་ཡིན། །ཡང་ན་སེང་ལྡེང་ཕུར་པ་ལ། །སྔགས་དང་སྙིང་པོ་བཅས་པ་བྲི། །མཆོག་ཏུ་དེ་ལ་སྔགས་པ་ཡིན། །དེ་ལྟར་དཀྱིལ་འཁོར་རྣམ་བཞི་རྫས་དང་བཅས་པ་སྲ །རྣལ་འབྱོར་དངོས་གྲུབ་རྣམ་གཉིས་ཐོབ། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འབྱགས་དབབ་པའི་རྒྱུད་ལས། དྲེགས་པ་མིང་སྲིང་གི་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་མི་འགྱུར་བའི་གཟེར་འདི་དག་བཀའ་སྩལ་ཏོ། །འཁོར་ལོ་ཅན་དང་དམ་རྫས་ཅན། །ས་བོན་ཅན་གྱི་ཐོད་པ་ཕུར་པར་བཅས། །འདི་ནི་རྫས་ཀྱི་བར་སྣང་གཟེར། །སྒྲུབ་པའི་མགོ་འཇུག་བར་གསུམ་དུ། །ཡུལ་དང་མིང་རུས་སྨོས་པ་ནི། །འདི་ནི་སྒྲུབ་པའི་གཟེར་གསུམ་མོ། །ལྷ་སྔགས་དྲེགས་པ་ཕོ་མོའི་སྔགས། །ལས་ལ་སྦྱོར་བའི་དབུ་ཞབས་བར་དུ་བརྣག་པ་བརྗོད། །འདི་ནི་སྔགས་ཀྱི་གཟེར་ཆེན་གསུམ། །མདུང་ཤིང་རྩེ་དང་སྤྱང་མོའི་རྩེད། །ཕག་མོའི་རྡུར་ལ་རྟ་གསུམ་གཞུག །དེ་ནི་ངེས་པར་གདོན་མི་ཟ། །འདི་ནི་རྟ་མའི་གཟེར་གསུམ་ཞེས་བྱའོ། །ཡང་ན་ལྷ་རྟེན་ཆུ་མིག་ཡུལ་དབུས་སུ། །ཁུང་བུ་གྲུ་གསུམ་ཆག་གང་བྲུ། །ཞབས་སུ་ཕོ་བྲང་དཀྱིལ་འཁོར་བྲི། །ཙག་ཀྲོ་ལ་ཡི་ཐོད་པ་དེར། །བསྒྲུབ་པའི་རྫས་དང་གཏོར་མ་དང་། །སྨན་གྱི་ཕུད་དང་གཏོར་ཁྲག་བླུགས། །དྲེགས་པ་རྒྱུ་བའི་དུས་ཚོད་ལ། །གཟའ་དང་མ་མོ་བཀུག་ལ་མཆོད། །དེར་བཞུག་མནན་པའི་འཁོར་ལོས་གདབ། །དཔང་རྣམས་བཙུགས་ལ་ལྷ་སྲིན་མཆོད། །དེ་ནི་ཕྱི་ཡི་ས་གཟེར་ཡིན། །བསྣོལ་དྲི་མོའམ་རྒྱལ་པོའི་སྙིང་དག་ལ། །ངན་སྔགས་བྲིས་ལ་ཕོ་བྲང་དབུས་ལ་བསྒྲུབ། །ཡུངས་ཀར་ཡུངས་ནག་ཁྲག་སྐམས་གུ་གུལ་ནག་པོ་རྫས། །ཏིལ་ནག་ཐལ་ཆེན་མི་སྙིང་དག་དང་སྦྲགས། །དངོས་གྲུབ་ཐོབ་པས་རྟག་ཏུ་ལུས་ལ་བཅང་། །དེ་ནི་ནང་ལྟར་བསྒྲུབ་པའི་གནམ་གཟེར་ཡིན། །ངན་སྔགས་ཡང་སྙིང་རྟག་ཏུ་གདོན་པ་བྱ། །གསང་བའི་དམར་ཆེན་ནང་དུ་སྐུ་བསྟིམ་ནས། །རྟག་ཏུ་བསྒོམ་ནས་བདག་མཆོད་གསང་བའི་བར་སྣང་གཟེར། །རྟག་ཏུ་ཡི་དམ་མི་འགྱུར་མི་འབྲལ་ན། །དྲེགས་པ་མིང་སྲིང་རྟ་མ་ཡིན་པར་བཟུང་། །རྒྱུན་གྱི་གཟེན་ཆེན་ཡེ་ནས་ཐེབས་པ་ཡིན། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའིརྒྱུད་ལས། རོག་ཏི་ནག་པོ་འབྱུང་བའི་བདག་མོ་བཞི་ཡི་གཟེར་གདབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་གསལ་བ་ལ་མཉམ་པར་གཞག་ནས། འདི་སྐད་ཅེས་གསུངས་སོ། །ཨེ་མའོ། སེམས་ཅན་ཀུན་རྟོག་ཏིང་འཛིན་བྱིན་གྱིས་རློབས། །ཆོས་རྣམས་ཏིང་འཛིན་སྤྲོས་བྲལ་དམ་པ་ལས། །ཧུ༷་གི་མཐའ་ལས་བྱུང་བའི་དཀྱིལ་འཁོར་འབར། །བྲུ༷་ལས་བན་དྷ་རིན་ཆེན་གནས་སུ་བསམ། །དུར་ཁྲོད་རྒྱན་དང་དབྱིབས་སུ་ལྡན་པ་ལ། །དབུས་ཀྱི་ཨེ་ལ་ཉི་ཟླ་དྲེགས་པའི་གདན། །ཧུ༷་ལས་རྡོ་རྗེ་ཚོན་གང་བདག་ཉིད་ཁྲོ་བོ་གསལ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་རིགས་ལྔའི་སངས་རྒྱས་རྫོགས། །གཡས་གཡོན་དང་པོ་རྡོ་རྗེ་མེ་དཔུང་དང་། །བར་མ་རྩེ་ལྔ་ཁ་ཊ༷་ཐ་མ་རི་རབ་ཕུར་བུ་འདྲིལ།།སྐུ་གསུང་ཐུགས་ལྡན་ཁྲོ་ཆུང་སྐ་ནན་དང་། །ཐུགས་ལ་འབར་བའི་སྲོག་ཀྱང་བཞུགས། །འཇིགས་བྱེད་སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །རྔམ་པའི་གསུང་གི་ཀི་ལི་འབྲུག་ལྟར་སྒྲོགས། །རྡོ་རྗེ་གར་གྱི་དབང་མོ་སྐུ་ལ་འཁྲིལ། །ཆ་ལུགས་སྐུ་འདྲ་ཆགས་པའི་བདེ་བ་སྟོབས། །སྐུ་ཡི་གནས་བཅུར་ཁྲོ་བོའི་འཁོར་བཅས་ཚོམ་བུར་བསམ། །རྣམ་ཤེས་བརྒྱད་པོ་ཡུལ་དང་བཅས་པ་ལ། །ཀི་རི་སིང་ངའི་ཚོགས་ཀྱང་དེ་བཞིན་ཏེ། །དབང་པོ་སྲས་མཆོག་ཡན་ལག་སྒོ་མ་དང་། །ཅི་བགྱི་ལ་སོགས་མདུན་རྒྱབ་ཟུར་གཉིས་ཐུགས་ཀར་ཏེ། །ཐུགས་ཀར་བརྒྱད་དེ་ཕྱོགས་བཞིར་ལྔ་ལྔའོ། །དེ་ལྟར་གསལ་ན་མཁའ་གསང་བྱིན་གྱིས་བརླབ། །སྦྱོར་བའི་བརྡ་བསྐུལ་བྱང་ཆུབ་སེམས་ཆུ་ལས། །ཡི་གེ་ལྔ་ནི་འཐོན་ནས་སུ། །དབུས་དང་འཁོར་ལོ་བཞི་ལ་དགོད། །སྐུ་བསྐྱེད་རྩ་བའི་སྔགས་བརྗོད་པས། །དབུས་སུ་ཁྱབ་འཇུག་ཉིད་ཀྱི་སྐུ། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ། །ཉིད་ཀྱི་དབུ་ནི་ཆུ་སྲིན་ཏེ། །སྤྲུལ་པའི་དབུ་བརྒྱད་དང་ཡང་ལྡན། །མགོ་ལུས་མེད་པར་སྤྱན་གྱིས་ཁེངས། །གདུག་པའི་ཕྱག་ཆ་སྣ་ཚོགས་འཆང་། །ལྕགས་ཀྱི་དྲ་བའི་ནང་ན་ཞུགས་པར་བསམ། །ཤར་དུ་སྟག་སྲིན་ཕྱག་གཉིས་སྨུག་ནག་སྐུ། །དབུ་གཉིས་སྟེང་མའི་དབུ་ནི་སྟག་གི་དབུ། །སྐུ་ཞབས་སྟག་གི་ཤམ་ཐབས་ཐོད་འཕྲེང་བརྒྱན། །དྲི་ཟ་རྣམས་ལ་དབང་སྒྱུར་འབྲུག་སྒྲ་འབྱིན་པར་བསྒོམ། །ལྷོ་རུ་བམ་སྲིན་ཕྱག་གཉིས་སེར་ནག་སྐུ། །དབུ་གཉིས་སྟེང་མའི་དབུ་ནི་དྲེད་ཀྱི་དབུ། །གཡང་གཞི་སྟོད་གཡོགས་དྲེད་ཀྱི་ཤམ་བུ་ཅན། །གློག་འགྱུར་གྲུལ་བུམ་རྣམས་ཀྱིས་བསྐོར་བར་བསྒོམ། །ནུབ་ཏུ་སྐོང་སྲིན་ཕྱག་གཉིས་དམར་ནག་སྐུ། །དབུ་གཉིས་སྟེང་མའི་དབུ་ནི་བ་གླང་དབུ། །སྐུ་ལ་གཡང་གཞི་བ་གླང་ཤམ་ཐབས་ཅན། །ཀླུ་ཡི་སྐོར་ནི་བུ་ཡུག་འཐོར་བར་བསྒོམ། །བྱང་དུ་འབྲོག་སྲིན་ཕྱག་གཉིས་ལྗང་ནག་སྐུ། །དབུ་གཉིས་སྟེང་མའི་དབུ་ནི་ཆུ་སྲིན་ཏེ། །གཡང་གཞི་གསོལ་ནས་ཆུ་སྲིན་ཤམ་བུས་བརྒྱན། །ཡག་ཤོས་བསྐོར་ནས་ནད་ཀྱི་རླངས་པ་འཐོར། །མ་མོ་ཚོགས་ཆེ་རབ་འཇིགས་པ། །དུར་ཁྲོད་རྒྱན་དང་གནམ་ལྕགས་ཟོར་བའི་དབུ་བརྒྱན་ཅན། །ཐུགས་ལ་སོ་སོའི་རང་སྔགས་ལྡན་པར་བསམ སོ་སོའི་མ་མོའི་འཁོར་གྱིས་བསྐོར་བ་ལ། །འཁོར་བཅས་རྣལ་འབྱོར་བཀའ་སྩལ་ཉན་པར་བསམ། །སྤྲུལ་པ་རྣམས་ནི་དོན་གྱིས་ཤེས་པར་བྱའོ། །སྤྱན་དྲངས་ལ་སོགས་མཆོད་ཅིང་བཟླས་པ་ཡིས། །རྟགས་བྱུང་ནས་ནི་ཐོད་པར་དེ་བཞིན་བསྐྱེད། །དེར་མཆོད་འཛབ་བཟླས་དངོས་གྲུབ་བླངས་པ་དང་། །རྣལ་འབྱོར་སྐུ་ཡི་དཀྱིལ་འཁོར་གསང་བར་བསྟིམ། །ཞབས་གཡོན་ཤར་གྱི་རྩ་དེ་དར་དཀར་ལྕེལྭ །གསེར་གྱི་སྐྲུ་གུར་སྟག་སྲིན་འཁོར་བཅས་བསྒོམ། །ཕྱག་གཡོན་རྩ་ཆེན་བི་ཌརུ་ཡི་མདོག །གསེར་གྱི་སྐྲུ་གུར་བམ་སྲིན་འཁོར་བཅས་བསྒོམ། །ཕྱག་གཡས་ནུབ་ཀྱི་རྩ་དེ་ལ་བརྒན་མདོག །གསེར་གྱི་སྐྲུ་གུར་སྐོང་སྲིན་འཁོར་བཅས་བསྒོམ། །ཞབས་གཡས་བྱང་གི་རྩ་དེ་གཡུ་ཡི་མདོག །གསེར་གྱི་སྤུ་གུར་འབྲོག་སྲིན་འཁོར་བཅས་བསྒོམ། །དབུས་ཀྱི་རྩ་ཆེན་ཡན་ལག་བཅས་པ་ལ། །འཇིགས་བྱེད་ཆེན་པོ་འཁོར་དང་བཅས་པ་བསྒོམ། །དེ་དག་རང་རང་རིགས་ཀྱི་གདན་སྟེངས་སུ། །སོར་བཞིའི་ཚད་དུ་རང་རང་རིགས་སུ་བསྒོམ། །དེ་རུ་ཐོད་པ་དཀྱིལ་འཁོར་སྔགས་འདི་བསྡུ། །རག་ཤ་རག་ཤ་རཀྟ་རག་མོ་ས་མ་ཡ་ཏིཁྱི་ཧུ༷་ཛ་ཧུ༷། དེ་རྟག་ཏུ་བསྒོམ་ཞིང་ལས་ལ་སྤྲོས། །ཞེས་གསུངས་སོ། །དེ་སྐད་ཅེས་གསུངས་པ་ལ། གསང་བའི་བདག་པོས་འདི་སྐད་ཅེས་བསྟོད་དོ། །ཨེ་མའོ་དཔའ་བོ་ཆེན་པོ་ཐུགས་རྗེའི་བདག །ཕྱི་རབས་དོན་དུ་དཀྱིལ་འཁོར་རྣམ་གསུམ་བསྟན། །དངོས་གྲུབ་ཐབས་ལྡན་བདག་ཅག་ངོ་མཚར་ཆེ ཨེ་མ་ཨ་ལ་ལ་ཧོ་ཞེས་བསྟོད་དོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཀྱེ་ཀྱེ། ཀྱེ་མའོ་བཅོམ་ལྡན་བདུད་ཀྱི་བདག །བདུད་ཀུན་གྱི་ནི་བདུད་བདག་པོ། །བདུད་ཀྱི་བདུད་དེ་བདུད་མཛད་པ། །འགལ་བྱེད་དམ་སྲི་གདུལ་ཞིང་ཆུ་འཁྱགས་དབབ་པའི་ཕྱིར། །དྲེགས་པ་ཁྱབ་འཇུག་ཆེན་པོ་བསྒྲུབ་པའི་འཕྲིན་ལས་གང་། །བདུད་ཀྱི་རྒྱལ་པོས་བསྟན་པ་བསྲུང་བའི་དོན་དུ་སྟོན། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི༷ ས་སྔགས་གསང་བའི་འདི་དག་ཐུགས་རྗེ་ལས་འཐོན་ཏེ། ཨོ་བཛྲ་པ་ཏི་ཧུ༷་ལ། སུ་བཛྲ་ཡག་ཤ་ཀེ་ཏེ་ཀེ་ཏེ། བཛྲ་རག་ཤ་ཛ་ལ་ཏི་སྲུཧྭ། ཞེས་པ་ནི་བོད་པའོ། །ཨོ་པུ་ཙེ་པུ་ཙེ་ད་ན་པུ་ཙེ་ས་མརྙ་ཨ་ཀར་ར་དུ་རུ་དུ་རུ་ཕྲོ། ཞེས་པ་ནི་རྦད་པ་དང་ཀུན་ལ་འཇུག་༷པའོ། །ཧུ༷་ཛ་ཏི་ར་ཧྲུ༷་ཀ་ལི་ལ་ཡ། ཕོབ་ཏ་ཤར། ཤལ་ཏ་ཤལ་ཏ་ཧུ༷་ཕཊ། ཡོན་ཏན་གྱི་སྙིང་པོའོ། །ཙ་ར་མུ་ནེ་ཕྲོ༷་ཨག་ནཱ་ག་རག་མོ་ཀྲོདྷ་རེ་གྲྭཧྭ། ཕ་མ་བུའི་སྙིང་པོ་བསྡུས་པའོ། །རྒྱང་རྗེ་རྐྱང་མོ་ཙུ་རུ་ཏ་ཕཊ། ཧོ་ཧོ་ཕྲོ་མུ་ར་མུ་ཤ་དུ་རུ་ཕྲོ། འཕྲིན་ལས་ལ་བསྐུལ་བའོ། །དེ་ནས་ཡང་དཀྱིལ་འཁོར་གསང་བ་འདི་སྐད་ཅེས་འཐོན་ཏོ། །གྲུ་བཞི་པ་ཡི་དཀྱིལ་འཁོར་ལ། །དྲི་ཡི་རྒྱལ་པོ་བྱུགས་ནས་ནི། །རྩིབས་བརྒྱད་པ་ཡི་ཐིག་བཏབ་སྟེ། །སྒོ་དང་གིང་བཞིདེབཞིནནོ། །དབུས་ཀྱིགྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་དང་མུ་ཁྱུད་དཀར། །འཁོར་ལོ་སེར་ལ་རྩིབས་མཆན་གནག །མཚམས་བྱེད་ཐམས་ཅད་འཕྲེང་གྲུ་ཆད་ལྗང་། །ག་ལིང་བཞི་སྒོ་རྣམས་རིགས་དང་སྦྱར། དེ་ནས་ཡང་ལས་ཀྱི་སྟོང་ཐེབས་པར་བྱ་བའི་ཕྱིར། །མཐུན་པ་དམ་རྫས་བསག་པ་འདི་སྐད་ཅེས་གསུངས་སོ། །བསེ་ཁབ་ཐོད་པ་ཁ་སྦྱར་དང་། །དྲི་དང་སྨན་དང་མངར་གསུམ་ལ། །རྣམ་པ་སྣ་ཚོགས་འབྱོར་ཚད་དེ། །དམར་སེར་བ་ཡི་འོ་མར་བཅས། །གཞན་ཡང་ཤ་སྣ་ཐལ་ཆེན་དང་། །གུ་གུལ་ནག་དང་གདུག་པའི་འབྲུ། ཁྲག་སྣ་དང་ནི་སྦྱར་ནས་ནི། །སྦྲུལ་ཤུན་དག་གིས་རྒྱ་གྲམ་བཅིང་། །ཕོ་བྲང་དབུས་ཀྱི་ཨེ་ལའོ། །ཡུལ་དང་བསྒྲུབ་བྱའི་མིང་བྱང་དང་། །རང་དང་ལིང་ག་དེ་བཞིན་ནོ། །གཞན་ཡང་འཁོར་ལོ་རྩིབས་བརྒྱད་ལ། །སྤྲུལ་པ་བརྒྱད་ཀྱི་མཆོད་རྫས་དང་། །མཐུན་པའི་སྒྲུབ་རྫས་སྣ་བརྒྱད་ཀྱང་། །དེ་བཞིན་དུ་ནི་དགོད་པར་བྱའོ། །སྤྱན་དྲང་མཆོད་ཅིང་བཟླས་པ་དང་། །བསྒྲུབ་ཅིང་ཐུགས་དམ་གནད་ནས་བསྐུལ། །ཕྱོགས་མཚམས་རིམ་གྱིས་མ་ནོར་བར། །རྒྱུ་དང་ལྡོག་པའི་དུས་བཟུང་སྟེ། །དུས་བརྒྱད་དུ་ནི་དྲག་སྔགས་བརྡེག །ཚེས་བཞི་བརྒྱད་དང་བཅུ་གཅིག་དང་། །བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས། །ཉེར་ལྔ་ཉི་ཤུ་དགུ་ལ་བྱ། །གདོང་ཚུགས་སུ་ནི་བྱེད་གྱུར་ན། །འོང་བའི་སྔོན་དུ་ལིང་ག་བཞག །གཏིང་ཐོགས་སུ་ནི་བྱེད་གྱུར་ན། །ཕྱི་བཞིན་སྔགས་ཐུན་ཕུར་པས་གདབ། །དེ་ཡང་ཏིང་འཛིན་ཉམས་དང་སྦྱར། །ཉམས་དང་ཏིང་འཛིན་གཡེལ་གྱུར་ན། །བསྲེགས་ནས་བརྡེག་ཅིང་ལྷ་སྲུངས་དབྱེ། །དེ་ཡིས་འགལ་བྱེད་རླག་པར་འགྱུར། །རྡོ་རྗེ་ཕུར་པ་གཟའ་གདོང་བཅས་པའི་རྒྱུད་ཀྱི་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཁྱབ་འཇུག་སྤྲུལ་པ་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡ། ཟོར་ཐབས་ཐུན་གྱི་ལས་འདི་རྣམས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཨེ་མའོ་བདེ་གཤེགས་ཐུགས་བྱིན་བསམ་མི་ཁྱབ། །སྲིན་པོ་སྲིན་མོའི་དམ་ཚིག་བསྐུལ་ནས་ཀྱང་། །འགལ་བྱེད་ཚོགས་ལ་ཟོར་ཕུར་ཐབས་ཀྱི་བསད་ཅིང་བཟློག་པར་བྱའོ། །བདུན་ཟུར་གཤེད་ཀྱི་དུས་ལ་དབབ་པ་དང་། །དཀྱིལ་འཁོར་སྒྲུབ་རྫས་གོང་བཞིན་ལས། །ཟོར་ཐུན་ཐབས་ཀྱི་གཞི་བསྒྲུབ་རྫས་བསག་པ། །ཡུལ་གྱི་སྔོ་རྒ་ཕུ་ཆུ་སེར་པའི་ཆུ། །ཐོད་པར་བླུག་ལ་བྱང་གི་ཟླ་ཁམ་ལ། །ར་དཀར་ཁྱི་དཀར་དམར་སེར་བ་ཡི་ཞོ། །གུ་གུལ་དཀར་པོ་འབྲེས་ཆེན་སྨན་དང་སྦྱར། །ཐོད་པར་བླུག་ལ་ནུབ་ཀྱི་ཟླ་གམ་ལའོ། །ཤ་སྣ་ཁྲག་སྣ་བན་ད་ཧྲིལ་པོ་བླུག །ཤར་གྱི་ཟླ་ཁམ་སྟེངས་སུ་བཞག་པར་བྱའོ། །དགྲ་དང་ཡུལ་ས་དགྲ་བླ་བོན་ཆོས་བསྲུངས་མའི་མིང་བྱང་བྲི། །ར་ཡི་སྐྱེར་གདགས་ཤེས་བསྟིམ་ལ། །དུས་དྲུག་བསྐང་ཞིང་ཞལ་དུ་བསྟབ། །སེང་ལྡེང་ཕུར་སྙིང་སྔགས་ལྡན་པས། །རི་རབ་ལྟར་དུ་བསྒོམ་ལ་བྱིན་བརླབས་ལ། །ཚིལ་ཆེན་ཐལ་ཆེན་ཁྲག་ཆེན་བྱུགས་ནས་ཀྱང་། །གུ་གུལ་ལ་སོགས་སྨེ་བའི་དུད་བཏང་ནས། །ཁྲོ་བདག་ཆེན་པོ་གཟས་པ་ལྷ་དང་བཅས་པ་ལ་བཏབ་ལ། །ལས་ཀྱི་ཕུར་ཐུན་བརྒྱད་ཀྱང་དུས་དང་སྦྱར་ཞིང་གདབ། །ཐོད་པ་གསུམ་པོས་ལས་ཀྱི་ཐུན་ཡང་གདབ། །སྲོག་དང་སེར་བ་བྱེད་པ་དོན་གྱི་མན་ངག་སྦྱར། །ར་བསྒྲལ་ཤ་རུས་ཁྲག་རྣམས་ཟོར་ཐུན་རྫས་སུ་སྦྱར། །གཡང་གཞི་བརྡབ་ཅིང་དྲོད་པ་བུད། །ཟོར་དུ་བྱེད་ན་ཁྲག་འཕང་ཐོད་པ་སྐྱིལ། །དེ་ནས་ཐབ་ཏུ་བྱེད་འགྱུར་ན། །མི་རྐང་སྒྱེད་གཟུགས་བན་དུ་ཕྲུ་བར་བྱ། །དུར་ཁྲོད་ཤིང་ལ་མེ་བཏང་ཁོལ་ནས་ཁྲམ་ཤིང་ནག་པོ་སྐྱེལ། །སྔོ་དང་བསྲེས་ཐབ་ལྷོ་རུ་སྟེ། །འོ་མ་དང་བསྲེས་ཐབ་ནི་ཤར་དུ་ཡིན། །དམར་དང་སྦྱར་བའི་ཐབ་ནི་བྱང་དུའོ། །གནམ་ས་བར་སྣང་གསུམ་གྱི་ཐབ་ཅེས་བྱ། །མི་སོགས་ཁྱིམ་བྱས་ཐལ་འཇིམ་ཕྱོགས་སུ་དོར། །རང་ལ་འཁྲིས་ན་རབ་ཏུ་དགྲ་ལ་བཟློག །སྡིགས་མཛུབ་བསྒྲེང་སྟེ་དམིགས་པས་ལམ་ཡང་བསྟན། །དེ་ལྟར་ལས་རྣམས་ཅི་བྱེད་ཀྱང་། །བསྙེན་དང་བསྒྲུབ་དང་ལས་ལ་སོ་སོར་སྦྱར། །སྔགས་རྣམས་གོ་རིམས་དོན་གྱི་མ་ནོར་མན་ངག་སྦྱར། །བསྔགས་བསྒོ་པ་སྲུངས་དབང་གིས་རྒྱལ་པོས་དབང་དུ་བསྡུ་བ་ནི། །ཨོ་བཛྲ་ཀི་ལ་ཡ་ཧ་ཡ་གྲི་བ་ཧྲི་དབང་། ཕཊ་མརྙི་ཧྲི་གབ། ཙན་དར་ག་ཤ་ཧྲི་གབ། ལས་ཀྱི་གཞུང་དུ་གདགསཔནི། ཨོཏིཀྟབ༷ ཛཏིབམ། ཨུཏིཀྟཀུརུཛཏིསྟརྦད། སམཡཏིསྟརྦད། ཛལམུ་ག་ཏི་ས་རྦད། དེ་ལྟར་ལས་རྣམས་བྱས་གྱུར་ན། །ངན་བྱེད་མཚམས་མེད་སྲོག་ཅན་རབ་ཏུ་འཇོམས་པར་བྱེད། །སྲོག་སེར་གཉིས་ལ་གདོན་མི་ཟ། །ཞེས་གསུངས་སོ། །དེ་ནས་ཡང་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་རྨད་དུ་བྱུང་བའི་ཚིག་གིས་བསྟོད་དོ། །ཧུ༷། དུས་གསུམ་མངའ་མཛད་དཔལ་ཆེན་རོལ་བའི་སྐུ། །བཞད་པའི་སྒྲ་སྐད་ཀི་ལ་ཡའི་སྲིད་གསུམ་འབྲུག་སྒྲ་སྒྲོགས། །ཐུགས་ཀྱི་དགོངས་པ་མ་གཡོས་དབུ་མའི་ངང་། །སྤྱན་མིག་བཟློག་པས་ཐོག་བདག་ལས་ལ་གཏོང་། །ཤངས་ནས་རླང་བྱུང་སྲིད་གསུམ་འཐོར་ཞིང་གཡོ། །སྦྲུལ་གྱི་ཆུན་པོས་ཀླུ་རྒྱལ་གདན་ལ་བེབས། །སྙན་གྱི་སྒྲ་མས་སྲིན་པོ་དམ་ལ་སྡུད། །རལ་པ་གསིགས་བས་མ་མོ་སེར་ཆེན་འབེབས། །ལྗགས་ཀྱི་རྐན་བརྡབས་བར་སྣང་གློག་གིས་འགེངས། །མཆེ་བ་གཙིགས་པའི་སྤྲུལ་པས་ཀི་ཀང་འབེབས། །ཞབས་ཀྱི་སྟང་སྟབས་དགྲ་བགེག་གནད་ལ་འབེབས། །རྡོ་རྗེ་གཤོག་པས་ཁམས་གསུམ་ཟིལ་གྱིས་གནོན། །དུར་ཁྲོད་ཆས་ཀྱིས་སངས་རྒྱས་དམ་ལ་སྡུད། །རབ་འཇིགས་ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །དྲེགས་པའི་ཚོགས་རྣམས་འཇོམས་ལ་ཕྱག་འཚལ་བསྟོད། །ཞིང་བཅུ་གནས་ནས་ལེན་ལ་ཕྱག་འཚལ་བསྟོད། །ཡལ་གམ་དངོས་གྲུབ་གསོལ་ལ་ཕྱག་འཚལ་བསྟོད། །ཙཀྲ་ཀི་ལ་་ཡ། ཨ་སི་ཀི་ལ་ཡ། པ་ཤ་ཀི་ལ་ཡ། སིརྙི་ཀི་ལ་ཡ། རྡོ་རྗེ་ཕུར་པ་གཟའ་གདོང་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཟོར་ཐབ་ཐུན་གྱིས་དབབ་པ་དང་འཁོར་གྱིས་བཅོམ་ལྡན་འདས་ལ་བསྟོད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་བདག་པོ་ལ། །ལྷའི་ལྕམ་མོས་འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་ཐུགས་རྗེའི་བདག །བདག་གི་ལས་དང་འཚལ་བ་གང་། །བདག་ལ་དམིགས་པ་བདག་ལ་གསོལ། །ཞེས་གསོལ་ཏོ། །དེ་ནས་རྡོ་རྗེ་ཕུར་པའི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། ཁྱེད་ཅག་འཁོར་ལ་གཏད་པ་ནི། །ལུས་འཕགས་གླིང་གི་ལོ་ཐོག་དང་། །ཞི་བ་དང་ནི་ཕོ་ལོག་ནད། ཁྱེད་ཀྱིས་ལས་དང་ཟས་སྐལ་གྱིས། །ཞེས་ལུང་ནོས་ཤིང་ཕོག་གོ །དེ་ཡི་འཕྲིན་ལས་བཤད་བྱ་བ། །མཎྜལ་འདོམ་གང་ཟླ་ཁམ་དབྱིབས། །དྲི་སྣ་ལྔ་ཡི་ཆག་ཆག་གདབ། །དབུས་སུ་གྲུ་གསུམ་ཟླ་ཁམ་གསུམ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས་པ་བྲི། །དབུས་སུ་མ་དང་ཧྭ༷་བཀོད་ལ། །རྩིབས་ལ་ལྷ་ཆེན་བརྒྱད་ཀྱང་བྲི། །སྟག་གི་སྙིང་དང་དམར་གཏོར་དང་། །ར་ཁྲག་བན་དྷ་དབུས་སུ་བཞག །དྲེའུ་ལམ་རྟ་ཡི་ཐོད་པ་མྲ །དགྲ་ཡི་མིང་དང་ཐུན་རྫས་བགས། །དྲི་དང་སྤྱན་གཟིགས་སྣ་མོགས་དང། །འཁོར་ལོ་བརྒྱད་ཀྱི་རྩིབས་ལ་བཞག །དབུས་སུ་ཁྲོ་བདག་ཆེན་པོ་དང་། །སྟག་སྲིན་ཟོར་བ་གདོང་ཡང་བསྐྱེད། །བོས་ལ་རྦད་དེ་དྲག་སྔགས་བརྡེག །ཨོ་བཛྲ་མ་ཏི་པྲ་གློ་པྲ་མ་ཛ་ཧུ༷་གྲྭཧྭ། རག་མོ་རག་མོ་སྙིང་ཙ་ཤ་མ་ལ་སྨྱོ། ཨོ་སྒག་རག་ཤ་སྙིང་ཀེ་ཏ༷་ཀུ་སི་ལ་ཤ་ཧྲི་ད་ཡ་དྲི་དགྲ་སྙིང་ལ་གཤོགས། དང་པོ་བདུན་འབུམ་ཉི་ཁྲི་ལ། །གཉིས་པ་བརྒྱ་ནི་རྩ་བརྒྱད་ཡིན། །གསུམ་པ་སྟོང་གི་ལས་བྱེད་འགྱུར། །ལས་ནི་འདི་སྐད་བཅོམ་བར་བྱའོ། །ཧུ༷། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནས། །སྲིང་ཅིག་སྟག་སྲིན་ཟོར་བ་གདོང་། །ཚངས་དང་བརྒྱ་བྱིན་ཀུན་གྱི་ལྕམ་མོ་སྟེ། །འཁོར་དུ་ལྷ་དང་དྲི་ཟའི་ཚོགས་ཀྱིས་བསྐོར། །སྲིད་པའི་ཆུ་འབབས་ཕོ་ལྷོག་ནད་ཀྱི་བདག་མོ་ཁྱོད། །ལྕགས་ཀྱི་ཐོག་སེར་འབེབས་ཤིང་འབྲུག་སྒྲོགས་མ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཅེས་བསྐུལ་ནས་ཁྲག་ཐུན་དང་སྦྱིན་སྲེག་བྱས་ནས་མདངས་དང་བྲལ། ཁྱིམ་ལ་གཏོར་ན་ཕོ་ལོག་འོང་། །ཡུལ་ལ་གཏོར་ན་ཐོག་སེར་འབབ། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། སྟག་སྲིན་སྒྲུབ་ཅིང་ལས་བཅོལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་གཤིན་རྗེའི་ལྕམ་མོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་དཔའ་བོ་ཆེན་པོ་ཡོན་ཏན་བདག །ཐམས་ཅད་རྒྱས་པར་ཐུགས་ཀྱིས་རབ་གཟིགས་པས། ཁྱོད་ཀྱིས་བདག་ལ་ལས་དང་འཚལ་མ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །འཛམ་བུ་གླིང་གི་ལོ་ཐོག་འབྲུ་བབ་དང་། འགལ་བྱེད་སྲོག་ཆོད་གླང་ཐབས་བཀྲུག་པ་ཐོང་། །དཀར་པོ་ཕྱོགས་ཀྱི་འཆི་བདག་ཁྱོད་ཀྱིས་བཟློག །ཅེས་ལུང་ནོས་ཤིང་ཕོག་གོ །དེ་ནས་ཡང་དག་འདི་གསུངས་སོ། །དཀྱིལ་འཁོར་འདོམ་གང་སོག་ཁ་ལ། ཁྲག་དང་བདུད་རྩིའི་ཆག་ཆག་གདབ། །རྩིབས་བརྒྱད་ཨེ་དང་ལྡན་པ་ལ། །དབུས་སུ་ཧུ༷་དང་ར་བཀོད་ནས། །རྩིབས་བརྒྱད་ཡ་མ་བརྒྱད་ཀྱང་དགོད། །མོན་གྱི་སྙིང་དང་དམར་གཏོར་དང་། ཁྱི་ཁྲག་བན་ད་གང་ཡང་བཞག །སྟག་གམ་སྤྱང་ཁུའི་ཐོད་པ་སྲ །ཐུན་རྫས་དགྲ་བོའི་མིང་རུས་གཞུག ཁྲ་ཁྲག་སྤྱན་གཟིགས་ལྡན་པ་ཡི། །གཏོར་མ་བརྒྱད་ཀྱང་རྩིབས་བརྒྱད་ལ། །གཤིན་རྗེ་གཤེད་དང་དྲེད་གདོང་བསྐྱེད། །བོད་དང་རྦད་དང་གསང་སྔགས་བཟླས། །ཨོ་བ་ལོ་ཨག་ཤུག་མེ་བཛྲ་དུམ་ཕྲིང་ཧྭ༷་ཛ། ཨོ་རག་མོ་རག་མོ་རུ་རོ་རུ་ཙ་པ་ལ་ཨ་ཤུ་མེ་དགྲ་བོའི་སྙིང་ཁ་རག་མ་སྨྱོ། ཨོ་ཤ་ཏི་སྟ་མ་སྙིང་ལ་ཡ་ཨུ་ཙུས་སྨེ་ཤས་ཁྲག་སྙིང་ལས་གཤོག་རྦད། དེ་ནས་འཕྲིན་ལས་འདི་སྐད་བཅོལ། །ཧུ༷་ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་དཀྱིལ་འཁོར་ནས། །སྲིང་ཅིག་བམ་སྲིན་དྲེད་མོ་གདོང་། །གཤིན་རྗེ་འབར་མ་རྣམས་ཀྱི་ལྕམ་མོ་སྟེ། །འཁོར་དུ་གཤིན་རྗེ་གྲུལ་བུམ་རྣམས་ཀྱིས་བསྐོར། །སྲིད་པའི་ཆུ་འབེབས་རླུད་ནག་འཁྲུག་པའི་བདག །གསེར་གྱི་ཐོག་སེར་འབེབས་ཤིང་གློག་འགྱུར་མ། །རྣལ་འབྱོར་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །དེ་སྐད་བསྐུལ་ཞིང་དྲག་པོའི་རྫས། །དུར་དུ་མནན་ན་སྲོག་དང་བྲལ། ཁྱིམ་ལ་གཏོར་ན་ཀླད་ནད་འཁྲུག་པ་འོང་། །ཡུལ་དུ་གཏོར་ན་གསེར་ཐོག་སེར་བའོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། བམ་སྲིན་དྲེད་མོ་གདོང་བསྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཀླུའི་ལྕམ་མོས་འདི་སྐད་ཅེས་གསོལ་བ་བཏབ་བོ། །རང་རང་དཔའ་བོ་ཐུགས་རྗེ་ཆགས་པའི་བདག །དབང་སྡུད་ཁྱོད་ཀྱིས་ཐུགས་རྗེས་རབ་གཟིགས་ལ། །བདག་ལ་ཁྱོད་ཀྱིས་ལས་དང་འཚལ་སྐལ་ཞུ། །ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་དཔལ་བཛྲ་ཀུ་མ་རས་འདི་སྐད་ཅེས་གསོལ་ཏོ། །བ་གླང་སྤྱོད་ཀྱི་ལོ་ཐོག་འབྲུ་བཅུད་དང་། །འགལ་བྱེད་སྲོག་ཕྲོགས་མཛེ་དང་ཁྲག་གཟེར་ཐོང་། །དམ་ལ་གནས་པའི་ཆུང་སྲིད་འཕེལ་པར་གྱིས། །ཞེས་ལུང་ནོས་ཤིང་ཕོག་གོ །དེ་ནས་ཡང་དེ་ཡི་འཕྲིན་ལས་འདི་གསུངས་སོ། །དཀྱིལ་འཁོར་ཟླུམ་པོ་ཁྲུ་དེའི་ཚད་དུ་སྟེ། །འོ་མ་སྨན་གྱི་ཆག་ཆག་བཏབ་ནས་ཀྱང་། །རྩིབས་བརྒྱད་ཨེ་དང་ལྡན་པ་བྲིས་ནས་ནི། །དབུས་སུ་ཧུ༷་དང་ཤ་བྲིས་ཏེ། །རྩིབས་བརྒྱད་ལ་ནི་ཀླུ་བརྒྱད་བྲི། །གླང་ཆེན་སྙིང་དང་དམར་ཆེན་དབུས་སུ་བཞག །བྱ་ཁྲག་བན་དྷ་གང་ཡང་ཟླ་གམ་དག་ལ་བཞག །སྐྲུལ་ནག་མཛོ་ཏོ་དག་གི་ཐོད་པ་སྲ །ཐུན་དང་དགྲ་བོའི་ཡུལ་མིང་བཅུག་ལ་བཞག །དཀར་གསུམ་ཀླུ་སྨན་ལ་སོགས་བརྒྱན་ལྡན་དགྲམ། །བ་གླང་གདོང་དང་རྟ་མཆོག་དབུས་སུ་བསྐྱེད། །སྤྱན་དྲངས་མཆོད་ཅིང་བསྙེན་པའི་དོན་རྫོགས་ནས། །བོད་རྦད་བསད་པའི་སྔགས་ཀྱིས་བརྡེག་པར་བྱའོ། །ཨོ་ག་ཏྲག་མ་ཏ་ཛ་བཛྲ་ཡག་ཤ་ཀྲིང་ཀྲིང་ར༷་མ་ཛ། ཨོ་རག་མོ་རག་མོ་ཙ་བ་ཙ་བ་མོ་ཁྲག་མུ་ཤ་དགྲ་སྙིང་སྨྱོ་སྨྱོ། ཨོ་སྙིང་ཙིརྟི་མ་ལ་སྨྱོ་སྨྱོ། གྲ༷་མ་ཏ་མ་ཏ་ཁ༷་ཁམ་ཁས་རྦད་དུ་ཕོབ་དགྲ་ལ་སྨྱོ་སྨྱོ། དེ་ནས་འདི་སྐད་ལས་བཅོལ། ཧུ༷། ནུབ་ཕྱོགས་པདྨ་རིགས་ཀྱི་དཀྱིལ་འཁོར་ནས། །སྲིང་ཅིག་རྐོང་སྲིན་བ་གླང་གདོང་། །ཀླུ་རྒྱལ་ཀུན་གྱི་ལྕམ་མོ་སྟེ། །འཁོར་དུ་ཀླུ་བདུད་བྱེ་བ་འབུམ་གྱིས་བསྐོར། །སྲིད་པའི་ཆུ་འབེབས་ཁྲག་གཟེར་རྒྱལ་མོ་ཁྱོད། །ཟངས་ཐོག་ཁྲག་གི་གཟེར་ནད་འབེབས་རྣལ་འབྱོར་བཅོམ་ལས་རྣམས་གྲུབ་པར་མཛོད། །དེ་སྐད་བསྟོད་དེ་ལས་བཅོལ་ནས། རྫས་དེ་ཆུ་མིག་དག་ཏུ་མནན་ན་མཛེ་རུ་འགྱུར། དེ་དག་དགྲ་ལ་བརྒྱབ་ན་ཁྲག་གཟེར་འོང་། དེ་དག་ཡུལ་དུ་གཏོར་ན་སེར་བ་དམར་པོ་འབབ། ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། རྐོང་སྲིན་བ་གླང་གདོང་བསྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་གནོད་སྦྱིན་གྱི་སྲིང་མོས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཨེ་མའོ་དཔའ་བོ་ཐམས་ཅད་རྡོ་རྗེ་ལས་ཀྱི་སྒྲོལ། །ཐམས་ཅད་རྒྱལ་བའི་ལུས་སུ་དགོངས་མཛོད་ལ། །བདག་གི་ལས་དང་ཚལ་མ་ཁྱོད་ལ་ཞུ། །ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་རྒྱལ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་མོ་སྙནགྱི་འབྲས་བུའི་ལོ་ཐོག་དང་། །སྨྱོ་འབོག་ལྷོག་རྒལ་གག་པའི་ནད་ཐོང་ལ། །དམ་ཆོས་སྤྱོད་པའི་འཁོར་བཞི་འཕེལ་བར་གྱིས། །ཞེས་གསུངས་སོ། །དེ་ཡི་ལས་སུ་བསྟན་པ་ནི། །དཀྱིལ་འཁོར་གྲུ་བཞི་ཚད་ལྡན་ལ། །སྤོས་དང་རིན་ཆེན་ཆག་ཆག་གདབ། །དེ་དབུས་གྲུ་གསུམ་ཟླ་ཁམ་གསུམ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །དབུས་སུ་ཧུ༷་དང་ཤ་བཀོད་ནས། །རྩིབས་ལ་གནོད་སྤྱིན་སྲིན་པོ་གདོང་། །རྟ་ཡི་སྙིང་དང་དམར་གཏོར་དང་། །མི་ཁྲག་བན་ད་གང་ཡང་བཞག །དོམ་མམ་ཕག་པའི་ཐོད་པ་མྲ །དགྲ་བོའི་ཡུལ་དང་མིང་བྱང་གཞུག །དེ་ལ་ཐུན་གྱི་རྫས་ཀྱིས་བྲབ། །རྩིབས་ལས་འབྲུ་དང་རིན་ཆེན་དང་། །རྒྱན་དང་ལྡན་པའི་གཏོར་མ་དགྲམ། །བདག་ཉིད་བདུད་རྩི་འཁྱིལ་བ་དང་། །ཆུ་སྲིན་གདོང་ཡང་དབུས་སུ་བསྒོམ། །དེ་ཚེ་བོད་རྦད་བསད་པའི་སྔགས་འདི་བཟླས། །ཨོ་བཛྲ་ཀི་ལི་པྲིང་ཀ་ལིང་ཧོ་པ་ཡ་ཧུ༷་ཛ། ཨོ་བཛྲ་རག་མོ་རག་མོ་ཏྲག་མོ་ཤིག་ཤིག །དགྲ་བོའི་སྙིང་ཁ་རག་ལ་སྨྱོ། ཨོ་ཐུམ་རི་ལི་ལི་པྲ་ཙར་པྲ་མ་ཡ་གཤོགས། ཐུམས་རྦད་ཤག་མ་དགྲ་ལ་སྨྱོ། དེ་ཡི་དུས་སུ་འདི་སྐད་བསྐུལ། ཧུ༷། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ནས། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། ཁྱོད་ནི་གནོད་སྤྱིན་རྣམས་ཀྱི་སྲིང་མོ་སྟེ། །འཁོར་ནི་གནོད་སྦྱིན་ཕོ་མོ་སྟོང་གིས་བསྐོར། །སྲིད་པའི་ཆུ་འབེབས་ལྷོག་རྒལ་གག་པའི་བདག །མཐིང་ཤིང་གཡུ་ཡི་ཐོག་སེར་འབེབས། །རྣལ་འབྱོར་བཅོལ་བའི་ལས་རྣམས་གྲུབ་པར་གྱིས། །དེ་སྐད་བསྟོད་ནས་མཆོད་དེ་ལས་བཅོལ་ནས། ཁེང་གཅིག་དྲུང་དུ་སྦས་ནས་སྨྱོ་ཞིང་འབོག །དགྲ་བོའི་སྙིངལ་གཏོར་ན་ལྷོག་རྒལ་འོང་། །ཡུལ་དང་ལོ་ལ་གཏོར་ན་ལྕགས་ཐོག་སེར་བ་འོང་། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། འབྲོག་སྲིན་བསྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེས། རྡོ་རྗེ་གདུག་པ་འདུལ་བའི་རྒྱལ་པོ་ལ་ངོ་མཚར་གྱི་ཚིག་འདི་སྐད་ཅེས་གསོལ་ལོ། །ཨེ་མའོ་བདེ་གཤེགས་རྡོ་རྗེ་གདུག་པ་འདུལ་པའི་གཙོ། །དྲེགས་པ་ལྕམ་དྲལ་བཅས་པ་ཡི། །མ་ནི་ཀླུ་ལས་བྱུང་བས་ན། །དྲག་པོ་ཀླུ་ཡི་སེར་བ་རྣམས་ནི་ཇི་ལྟར་དབབ། །རྣལ་འབྱོར་དོན་དུ་རྒྱལ་བ་གདབ་བོས་བསྟན་དུ་གསོལ། །ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གསང་བས་རྡོ་རྗེ་དྲག་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དྲག་པོ་གནམ་ལྕགས་ཀྱུ་ཀླུ་སེར་དབབ་པ་འདི་དག་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཀླུ་ཡི་གནས་སུ་འདུག་ནས་ནི། །དཀྱིལ་འཁོར་པདྨ་འདབ་བརྒྱད་ལ། །དཀྱིལ་དུ་བྷ་ག་ཨེ་ཡིས་མཚན། །རྡོ་རྗེ་སྦྲུལ་གྱི་ཆུན་པོས་བརྒྱན། །དབུས་སུ་ཧུ༷་དང་ནཱ་ག་བྲི། །འདབ་བརྒྱད་ཀླུ་བརྒྱད་སྙིང་པོར་བཅས། །མཆོད་རྫས་དཀར་གསུམ་མངར་གསུམ་ཀླུ་སྨན་དང་། །གཏོར་མ་ལ་སོགས་མཛེས་པར་དགྲམ། །བདག་ཉིད་གསང་བའི་ཁྲོ་བོར་བསམ། །ཀླུ་བརྒྱད་ཕོ་མོ་བཀུག་བསྟིམ་མཆོད། །མེ་ཐབ་དཀར་པོ་ཟླུམ་པོ་ལ། །རྡོ་རྗེ་འོད་ཟེར་འཕྲོས་པས་བརྒྱན། །རྒྱལ་རིགས་ཁྱིམ་ནས་བླང་བའི་མེ། །ཨུ་དུམ་འབའ་རའི་ཤིང་ལ་སྤར། །མེ་ཡི་ལྷ་ཉིད་མཆོད་ནས་སུ། །མེ་ལྷའི་ལྟོ་བར་ཀླུ་རྣམས་བསམ། །དཀར་ལ་མངར་བའི་རྫས་རྣམས་ཀྱིས། །ཞི་བའི་ཚུལ་དུ་སྤྱིན་སྲེག་བྱ། །ཨོ་ཀི་ལ་ཡ་ཨསྣེ་དེ་བ་ནཱ་ག་དེ་བ་རྭ་ཛ་མ་ཧྭ་པྲུ་ཛ་ས་མ་ཡ་མཧྭ་ཤིསྟི་ཀུ་རུ་ཧུ༷་གྲྭཧྭ། བརྒྱ་ནི་རྩ་བརྒྱད་དག་ཏུ་དབུལ། །གཏོར་མ་བྱིན་བརླབས་འཁོར་ལ་སྦྱིན། །བདེན་པའི་ཚིག་གིས་ལས་ལ་བསྐུལ། །དེས་ནི་ཀླུ་ཡི་གདུག་པ་ཞི་བར་འགྱུར། །དེ་ནས་ཡང་ནི་ལས་ལ་སྦྱར། །བན་ད་མཚན་མེད་བཀྲ་མི་ཤིས། །དེ་རུ་ཁྲག་སྣ་དུག་སྣ་དང་། །རྒྱ་ཚིལ་འུ་ཟུ་དཀར་པོ་དང་། །ཡུངས་ཀར་གུ་གུལ་ཐལ་ཆེན་དང་། །གསང་སྔགས་འདི་ཡིས་བཟླས་ཤིང་བསྒྲུབ། །ཨོ་སྤྱི་རི་ཏྲ་་།ན་་་ན་བི་ལི་ཟེར་ཁྲོལ། ཤུ་ཤུ་ར༷་ཤེ་ན་ར༷།ཞེས་ནི་ཐོད་པར་རབ་ཏུ་བསྔགས། །གཞན་ཡང་སེང་ལྡེང་ཕུར་པ་ལ། །སྔགས་འདི་དག་ནི་སྟོང་དུ་བཟླས། །ཨོ་བཛྲ་ཀི་ལི་ཀི་ལི་ཡ་མི་ལི་མི་ལི་ཙན་ཏྲི་བཛྲ་ད་ཡ་གྲྭཧྭ། ཞབས་མས་ཕུར་བུ་ཐོད་པ་དྲིལ། །ཀླུ་ནག་གནས་པའི་ཆུ་རུ་གཞུག །བདག་ཉིད་རྡོ་རྗེ་གཞོན་ནུར་བསྒོམ། །བྱིན་བརླབས་དབང་བསྐུར་ཚུལ་བཞིན་བྱ། །ཆེ་བའི་ང་རྒྱལ་བསྐྱེད་ནས་ནི། །ཀླུ་གཟུགས་བརྡུང་ཞིང་སྔགས་འདི་བཟླས། །ཨོ་བཛྲ་མ་ཏི་ས་མ་ནི་ཛ།ཀྲུགས་ཀྲུགས་མ་མ་ནི་སྲི་སོད། དྲག་པོར་སོད་ཕོབ། ན་མ་ས་མ་ཏ་བིང་བིང་ཧུ༷་ཕཊ། ནཱ་ག་ནཱ་ག་དེ་བ་གན་དྲག་པོར་སོད་ཕོབ། གུ་གུལ་གནག་དང་འབའ་དུད་བཏང་། །མིང་རུས་བཅུག་ནས་མཛེ་ཡིས་འཛིན། །ཡུལ་མིང་བཅུག་ན་ཀླུ་སེར་འབབ། །རེ་དོགས་མེད་པར་གདོན་མི་ཟའོ། །གཞན་ཡང་ཐུན་བྱུང་ཆར་འབེབས་ན། །མཆོད་ཅིང་བསྒྲུབ་པ་གོང་བཞིན་དུ། །ལས་ལ་སྦྱར་བ་འདི་སྐད་གསུངས། །མཚན་མ་ངན་པའི་ཐོད་པ་ལ། །བཛྲ་མ་ཏིའི་སྔགས་ཀྱང་བྲི། །སྨེ་ཁྲག་གསུམ་དང་གར་ཏི་སྦྲེང་། །ལྐུགས་པའི་ཆུ་དང་སྔོ་ཁུ་དང་། །གཞན་ཡང་ཡུངས་ཀར་ཐལ་ཆེན་ལ། །གསང་སྔགས་འབུམ་ཕྲག་གསུམ་དུ་འདོན། །དེ་ལ་ཏིལ་མར་ཐལ་ཆེན་སྐུ། ཁྲོ་བོ་བྱིན་བརླབས་དུད་པས་བདུག །ཀླུ་ཡི་དམིགས་སུ་བཏབ་སྟེ་གཞུག །ཁྱབ་འཇུག་སྒྱུ་བའི་དུས་སུ་མནན། །དེ་ཡིས་ཆར་ཆེན་གདོན་མི་ཟ། །ཆར་ཆེན་རང་ཡང་གཅོད་པར་བྱ། །སྲོག་ལ་མིང་རུས་ལིང་ཁར་བཅས། །ཀླུ་ཡི་གནས་སུ་མནན་གཟིར་ནི། །ཡ་ང་བ་ཡི་ནད་རྣམས་འབྱུང་། །ཞེས་རྡོ་རྗེ་གསང་བའི་ཚིབ་ཏུ་གསུངས་སོ། །རྡོ་རྗེ་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཀླུ་སེར་དང་ཀླུ་ཆར་དབབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཀྱེ་ཀྱེ། ཀྱེ་མའོ་དཔའ་བོ་ཆེན་པོ་མི་ལྡོག་སྒྲོལ། །དྲེགས་པའི་གསང་སྔགས་མི་བཟད་པ། །ཕྱི་རབས་དོན་དུ་བདག་ལ་བཤད་པར་འཚལ། །ཞེས་ཞུས་སོ། །དེ་ནས་ཡང་རྒྱལ་བ་དཔའ་བོས་འདི་སྐད་ཅེས་གསུངས་སོ། །ཧེ་ཧེ་སྲིད་པའི་འཇིག་རྟེན་དྲེགས་པ་སྐྱོང་བའི་དྲེགས་པ་རྣམས། །གསང་སྔགས་འདི་ཡི་སྒོ་ནས་མཉེས་པར་གྱིས། །ཨོ་སྲ ཨོ་ཨི། ཨོ་ཨ༷། ཨོ་ཨ། ཨོ་ག །ཨོ་དྷི། ཨོ་བྲི། ཨོ་ཀྟ། ཨོ་ཧ་ན་ཧ་ན་སྟིནྟྲ་བཛྲ་ཧུ༷། ཨི་ཏྲ་ཡེ་གྲྭཧྭ། ལྷ་རྣམས་ཀྱིའོ། །ཧུ༷་ཡ་མ། ཧུ༷་ས་ཏོ། ཧུ༷་ཡ་མ་ཡེ། ཧུ༷་ན་ཡོ། ཧུ༷་ཡ་ཏོ་ཧུ༷་ར་ཡ། ཧུ༷་ཡཀྟ་ཤེ། ཧུ༷་ནི་ར། བཛྲ་ཀྭ་ལ་བྷན་དྷ་བྷན་དྷན་ཧ་ན་ཧ་ན་ཧུ༷་ཕཊ། ཡ་མ་ཡེ་གྲྭཧྭ། གཤིན་རྗེའི་འོ། །ཨོ་ཕུ། ཨོ་ཕོ། ཨོ་ཕུ༷། ཨོ་ཕེ། ཨོ་ཕ། ཨོ་ཕ༷། ཨོ་ཕོལྭ ཨོ་ནཱ་ག་བཛྲཡ་ན་ཡ་སརྦ་ད་ན་ད་ན་ད་རུ་པ་རྣ་ཡེ་གྲྭཧྭ། ཀླུ་རྣམས་ཀྱིའོ། །ཨོ་ཛ། ཨོ་བ། ཨོ་ཀ། ་་ག །ཨོ་བྲི། ཨོ་གྲུ། ཨོ་མ༷། ཨོ་མ། ཨོ་ཀརྨ་ཀུ་བི་ར། ཡསྒ་ཧུ༷་ཕཊ། ཨ་ཏི་པ་ཏ་ཡེ་གྲྭཧྭ། གནོད་སྦྱིན་གྱིའོ། །ཛ་ཧུ༷་བ༷་ཧོ། ཨུ་གསྣྲོ་ཡ། ཨུ་གསྣྲོ་ཡ། སྤྱན་དྲང་བའོ། །ཕུ་ཛ་མེ་ཁ་ར༷་ཁ་ཧི། མཆོད་པའི་འོ། །ཞེས་གསུངས་པས་དྲེགས་པ་རྣམས་འདར་ཞིང་སྐྲག་སྟེ། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ། བག་གཞི་ས་ལ་བརྡབས་ནས་བརྐྱང་ཕྱག་འཚལ་ཏེ། རང་རང་གི་གནས་ག་ལ་བ་དེར་འཁོད་དོ། །ཕྱི་རབས་ཀྱི་རྣལ་འབྱོར་བ་རྣམས་ཀྱིས་བསྟན་པ་བགྲུང་བར་ལུང་ནོས་ཤིང་བཀའི་ལུང་ཕོག་ནས་དམ་ལ་གནས་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། དྲེགས་པ་ཅན་རྣམས་ཀྱི་རྩ་བའི་སྔགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་གསོལ་པ། དྲེགས་པ་ཕོ་མོའི་ཡབ་གྱུར་པའི། །སྲིན་པོའི་རྒྱལ་པོ་ཇི་ལྟར་སྒྲུབ། །བཀའ་སྩལ་པ། ཁང་སྟོང་གྲོག་པོ་གཏིང་ཟབ་པར། །དཀྱིལ་འཁོར་གྲུ་གསུམ་སུམ་བརྩེགས་ལ། །ནག་པོ་རྩང་ཐོད་རྒྱན་གྱིས་བརྒྱན། །མི་ཆེན་ཐོད་པ་ཁ་སྦྱོར་དུ། །མི་ཤ་ཁྲག་རུས་ལ་སོགས་དང་། །ར་སྙིང་མཆིན་པ་དུག་རྣམས་དང་། །འདའ་འུར་དང་ཟིར་དང་། །སྨྱོ་བའི་ཁུ་བ་ཉིངས་པར་སྦྱར། ཁང་རལ་མ་ཡི་ཞབས་མས་དྲིལ། །དབྱར་ཟླ་གསུམ་ལ་བསྙེན་བསྒྲུབ་བྱ། །སྟོན་ཟླ་གསུམ་ལ་ལས་ལ་སྦྱར། །བདག་ཉིད་དཔལ་ཆེན་འབར་བ་སྟེ། །དེ་ཡི་བྱིན་རླབས་ཆོ་འཕྲུལ་ལས། །ཡི་གེར་ལས་སྐུ་བསྐྱེད་ལ། །སྲིན་པོ་རག་ཤ་འཇིགས་པའི་གཟུགས། །བཀའ་ཉན་གསུང་སྡོད་བསམ་བྱས་ལ། །མིང་རུས་ཁྲམ་ཤིང་གནས་ལ་གདགས། །བསྙེན་པ་བགྲང་ཞིང་དུས་དྲུག་གཏང་། ་་ཁྲག་གཏོར་མ་དེ་བཞིན་སྦྱིན། །བསྙེན་བསྒྲུབ་རྫོགས་ནས་ལས་ལ་སྦྱར། །ཨོ་བཛྲ་ཀྲོདྷ་ཀི་ལི་ཀི་ལ་ཡ། རག་ཤ་ཧ་ལི་ཀརྨ་ས་མ་ཡ་ཛ་འདུ་འདུ་ཛ་ཛ། བཛྲ་རསྒ་ཀྲོདྷ་དྲི་དྲི་ག་ཤུ་ཏི་ཕོབ་ས་མ་ཡ་ཕོབ། ཨོ་རག་ཤ་ཀྲོདྷ་ཏེ་ཙོ་ནི་ར་སྲོག་ལ་ཆུམ་ཧ་སྟི་བ་ལ་རག་ཤ་ཁམ་ག་ཤུ་ཏི་ཕོབ་ཡ། ཡ་རྦད་ཕཊ། ཅེས་བོད་ཅིང་རྦད་ནས་ལས་ལ་སྦྱར། འཕྲིན་ལས་བསྐུལ་བ་འདི་སྐད་དོ། །ཧུ༷། མཐིང་ནག་གྲུ་གསུམ་༄༅ འབར་བའི་དཀྱིལ་འཁོར་ནས། །མི་རོ་རྟ་རེ་འབུམ་གྱི་གདན་སྟེངས་ན། །རྣག་ཁྲག་ཆུ་སེར་རྦ་ཀློང་འཁྱིལ་བའི་ནང་ཤེད་ན། །སྲིན་པོའི་ཚོགས་ཀྱི་རྒྱལ་པོ་ནི། །གཅེར་བུ་སྐྲག་སིག་སྡང་མིག་བགྲད། །ལག་དང་མདུང་དང་རལ་གྲི་འཁོར་ལོ་གྲི་ཁུག་ཐོགས། ་་དང་ཁྲག་དང་ཐལ་བའི་ཐིག་ལེས་བརྒྱན། །གསོད་ལ་བརྩོན་ཞིང་ཤ་ཁྲག་དམར་ལ་དགའ། །དམ་ལ་རུབ་བཅིང་དོན་ལ་འཕྲེང་། །རག་ཤ་རུ་ལུའི་སྒྲ་ཡིས་བོས་ཙམ་ན། །ཕ་བས་བྱམས་ཤིང་ཁུ་བས་གདུང་། །ལས་བཅོལ་འཕྲིན་ལས་མྱུར་དུ་སྒྲུབས། །སྲོག་སེར་གང་བྱེད་ལས་གཉེར་གཏད། །གང་ལ་དམིགས་པ་གདོན་མི་ཟའོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། ཕ་སྲིན་པོ་བསྒྲུབ་ཅིང་ལས་ལ་སྦྱར་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་བཛྲ་ཀི་ལ་ཡས་མི་འདའ་བའི་དམ་ཚིག་འདི་དག་བཀའ་སྩལ་ཏོ། །མི་སྒོམ་མི་རུང་བ་ཡི་ལྷ། །བཅོམ་ལྡན་དཔལ་ཆེན་འབར་བ་ཉིད། །སྤྱན་ལམ་བཅུ་དྲུག་གནས་པ་ནི། །སྐུ་ཡི་ས་མ་ཡ་ཞེས་བྱའོ། །མི་བཟླར་མི་རུང་བའི་བ་ཡི་སྔགས། །རབ་ཀྱིས་ཆུ་བོ་རྒྱུན་བཞིན་ནམ། །འབྲིང་གིས་ཉིན་གསུམ་མཚན་གསུམ་དང་། །ཐ་མས་ཉིན་གཅིག་མཚནགཅིགབཟླས། །གསུང་གི་ས་མ་ཡ་ཡིན་ནོ། །གཞན་ལ་བསྟན་པར་མི་རུང་བའི། །མན་ངག་གསང་བའི་འབྲས་བུ་ནི། །སྣོད་ངན་ཕལ་ལ་མི་སྟོན་པ། །ཐུགས་ཀྱི་ས་མ་ཡ་ཡིན་ནོ། །མི་བཅང་མི་རུང་བ་ཡི་རྫས། །ལུས་སམ་མགུལ་དུ་བཏགས་པ་ལས། །གཡེལ་བར་བྱས་ན་མི་རུང་བས། །འདི་ནི་ཡོན་ཏན་ས་མ་ཡ། །སྒྲུབ་པའི་དོན་ལ་གནས་པ་དང་། །ཞི་རྒྱས་དབང་དྲག་སྦྱོར་དང་སྒྲོལ། །མིང་གི་མི་བྱར་མི་རུང་བས། །འདི་ནི་འཕྲིན་ལས་ས་མ་ཡ། །དེ་ལྟར་དམ་ལ་གནས་གྱུར་ན། །དམ་ལ་གནས་པའི་རྣལ་འབྱོར་ལ། །མ་རྟེན་བཞིན་དུ་དམ་ཅན་འགོ །སྲོག་སེར་གང་ཡང་གདོན་མི་ཟའོ། །དམ་ཚིག་དེ་ལ་མི་གནས་ན། །མིང་གི་རྣལ་འབྱོར་འབའ་ཞིག་གིས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ཞེས། །དུས་གསུམ་རྒྱལ་བ་རྣམས་ཀྱིས་གསུངས། །དེ་བས་དམ་ཚིག་རྣམ་ལྔ་པོ། །བསྒྲུབ་པའི་དོན་ལྡན་རྣལ་འབྱོར་བས། །ལུས་དང་སྲོག་གི་ཕྱིར་ཡང་མི་གཏོང་བས། །འཇིགས་པའི་མཁར་བཞིན་རྟག་ཏུ་བསྲུང་བར་གྱིས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། མི་འདའ་བའི་དམ་ཚིག་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀུན་སེམས་དང་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །ཐམས་ཅད་ཡང་དག་པའི་སངས་རྒྱས་སུ་བྱ་བའི་ཕྱིར་ན། ཆོས་ཐམས་ཅད་ཀྱི་རྩ་བ་དབྱིངས་ཀྱི་ལྷ་འདི་དག་བཀའ་སྩལ་ཏོ། །མ་གཡོས་རྣམ་དག་ཆོས་ཀྱི་དབྱིངས། །དེ་ལ་སེམས་རོལ་ཡེ་ཤེས་མཆོག །རངབཞིནལྷུནགྲུབངང་གིས་གསལ། །གཉིས་མེད་ཆོས་སྐུ་བདེ་བ་ཆེ། །ཆེ་བའི་ཡོན་ཏན་བསམ་ཡས་པས། །སྙིང་རྗེ་ཆེན་པོའི་བྱང་ཆུབ་སེམས། །མ་བཅོས་ཐིག་ལེ་ཉིད་ཀྱི་ངང་། །ལོངས་སྤྱོད་རྫོགས་སྐུ་མི་ཟད་གཏེར། །གཡོ་བ་མེད་པའི་ཆོས་ཉིད་ལ། །རང་སྣང་ཡེ་ཤེས་ལྷུན་གྱིས་རྫོགས། །བཅོམ་མེད་སེམས་ཉིད་ཡེ་ཤེས་ཆེན་པོར་སྣང་། །མངོན་པར་བྱང་ཆུབ་སྐུར་བསྟན་པའོ། །དུས་གསུམ་འདུས་མ་བྱས་པའི་སེམས། །མི་འགྱུར་མི་ཤིགས་རྡོ་རྗེའི་སྟེ། །རང་བཞིན་མེད་པས་འདུས་མ་བྱས། །དམིགས་མེད་བསྟན་པས་རྡོ་རྗེའི་སྐུ། །རྫུ་འཕྲུལ་ཐབས་ཀྱི་འོད་ཟེར་ཡང་ ཡོངས་ལ་ཁྱབ་ཅིང་དོགས་མེད་སེམས། །བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །སྤྲུལ་པའི་སྐུ་དེ་ཀུན་ཁྱབ་པའི། །ཐབས་དང་ཤེས་རབ་གཉིས་མེད་པའོ། །ལྷག་པའི་བྱང་ཆུབ་སེམས་ཆེན་པོ། །སྐལ་མེད་རྣམས་ལ་རང་བཞིན་གསང་། །གསང་བ་རོལ་བའི་སྐུ་ཞེས་བྱ། །གང་ལ་ཅི་འདུལ་དེ་ལ་དེ་བསྟན་ཡང་། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །གདུལ་བྱའི་ངོ་ལྟར་སྣང་བའི་སྐུ། །མི་འགྱུར་ངོ་བོ་ཉིད་ཀྱི་སྐུ། །དེ་ཉིད་ཆོས་ཉིད་བྱང་ཆུབ་སེམས། །ལས་ཀྱི་ཕྱག་རྒྱ་ཞེས་སུ་བྱའོ། །ངོ་བོ་ཉིད་གསུང་འདུལ་བའི་ངོ་ལ་སྣང་། །ཆོས་ཀྱི་ཕྱག་རྒྱ་སེམས་ཉིད་ཡིན། །ཐུགས་ཉིད་མཚོནཔའིཡེཤེསཀྱང་། །དམ་ཚིག་ཕྱག་རྒྱ་བྱང་ཆུབ་སེམས། །དངོས་སྣང་སྐུ་རུ་སྣང་མོད་ཀྱང་། །སེམས་ཉིད་སྐུ་ཡི་ཕྱག་རྒྱར་སྣང་། །མཐོ་དམན་གཉིས་སུ་མེད་པས་ཐེག་པ་མཉམ་ཉིད་བྱང་ཆུབ་སེམས་སོ། །སྐྱེ་ཤི་གཉིས་སུ་མེད་པས་ལྟ་བ་བྱང་ཆུབ་ཀྱི་སེམས། །བཟང་ངན་གཉིས་སུ་མེད་པ་སྤྱོད་པ་བྱང་ཆུབ་ཀྱི་སེམས། །འདུ་འབྲལ་གཉིས་སུ་མེད་པ་དམ་ཚིག་བྱང་ཆུབ་སེམས། །སྤོང་ལེན་གཉིས་སུ་མེད་པ་འཕྲིན་ལས་བྱང་ཆུབ་ཀྱི་སེམས། །མཐའ་དབུས་གཉིས་སུ་མེད་པ་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས། །རྟག་ཆད་གཉིས་སུ་མེད་པ་ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས། །ཆེ་ཆུང་གཉིས་སུ་མེད་པ་མཆོད་པ་བྱང་ཆུབ་ཀྱི་སེམས། །ཡོད་མེད་གཉིས་སུ་མེད་པ་སྒྲུབ་པ་བྱང་ཆུབ་ཀྱི་སེམས། །དངོས་པོ་དང་མཚན་མ་གཉིས་སུ་མེད་པ་ནི་སྐུ་བྱང་ཆུབ་གྱི་སེམས། །གཟུང་འཛིན་གཉིས་སུ་མེད་པ་གསུང་བྱང་ཆུབ་ཀྱི་སེམས། །ཡངས་དོག་གཉིས་སུ་མེད་པ་ཐུགས་བྱང་ཆུབ་ཀྱི་སེམས། །ཐོབ་དང་མ་ཐོབ་མེད་པ་ཡོན་ཏན་བྱང་ཆུབ་ཀྱི་སེམས། །གྲུབ་དང་མ་གྲུབ་མེད་པ་འཕྲིན་ལས་བྱང་ཆུབ་ཀྱི་སེམས། །ཕྱི་ནང་གཉིས་སུ་མེད་པ་ཞིང་ཁམས་བྱང་ཆུབ་ཀྱི་སེམས། །དེ་ལྟར་གཉིས་མེད་བྱང་སེམས་ལྟ་བ་དེ་རྟོགས་ན། །སྲོག་སེར་ལས་ལ་སྦྱོར་བ་དེ་མི་འགྲིབ་སྟེ། །སྡིག་པ་སྤྱད་ཀྱང་ཡེ་ཤེས་འབར། །མེ་ལ་ཤིང་གིས་མནན་པ་འདྲ། །ཞེས་གསུངས་པས། འཁོར་རྣམས་བླ་ན་མེད་པའི་བྱང་ཆུབ་ལ་རེ་དོག་མེད་པར་གྱུར་ཏེ། དོན་དམ་པ་བྱང་ཆུབ་སེམས་ཀྱི་ཕུར་པ་ཐེབས་པར་གྱུར་ཏོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ཆེན་པོ་ལས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་རྒྱལ་པོ་ཡོ་བྱད་འཛིན། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །སྐུ་ཡི་སྒྲུབ་པ་བྱེད་གྱུར་ན། །སྒྲ་སྦར་བཏགས་པའི་སྐུ་གཟུགས་ལ། །ཞི་གནས་ལས་སུ་རུང་བར་བྱའོ། །སྔགས་ཀྱི་རིམ་པ་རྫོགས་གསལ་ན། །གསུང་གི་སྒྲུབ་པ་ཡིན་པར་འདོད། །ཕུར་པ་རྩ་གཟིར་ལས་བསྟན་པ། །ཐུགས་ཀྱི་སྒྲུབ་པ་ཞེས་སུ་བྱ། །མཐུན་པའི་དམ་རྫས་གཙོ་བཞག་ལ། །ཡོན་ཏན་བསྒྲུབ་པར་བསྟན་པའོ། །ཟོར་ཐབ་ཐུན་གཟེར་ལས་ལ་སྦྱར། །འཕྲིན་ལས་བསྒྲུབ་པར་རྒྱལ་བས་གསུངས། །གསུང་བ་པོས་ནི་ཡང་གསོལ་བ། །དེ་བསྒྲུབ་དུས་དང་རྟགས་ནི་གང་། །འཇིགས་བྱེད་ཆེན་པོས་བསྟན་དུ་གསོལ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་ལག་ན་རྡོ་རྗེ་ཉོན། །རབ་ཀྱིས་ཟླ་བ་གཅིག་གིས་གྲུབ། །འབྲིང་གིས་ཟླ་བ་གསུམ་གྱིས་སོ། །ཐ་མས་ལོ་གཅིག་ཚུན་ཆད་ཀྱིས། ཁུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ལོ་ཟླ་ཞག་གྲངས་བརྒྱད་ལ་ཡང་། །གསུམ་གསུམ་དག་ཏུ་ཤེས་པར་བྱའོ། །ཕུར་བུ་འཕར་འཚེག་འཁོལ་འཕྱོང་འོད་དང་དུ་བ་འབྱུང་། །ཐོད་པ་འཕག་ཅིང་ཐུན་ཁོལ་དང་། །སྒྲོ་འགུལ་ཡུངས་ཀར་སྦོམ་པ་དང་། །ཆུ་ཆེན་བྲུབ་དང་རླུད་ཆེན་འ་། །འབྲུག་གྲགས་གློག་ནི་འགྱུ་བ་དང་། །ས་གཡོ་བ་དང་རུང་ཆད་ཅིང་། །ནམ་མཁའའཇའ་ཚོན་གང་བ་དང་། །ཆུ་བོ་ཆེན་པོ་ནག་པ་དང་། །གནམ་ལྕགས་ཟོར་བ་ལག་ཏུ་བབས། །དེ་ལྟ་བུ་ཡི་ལྟས་རྣམས་ནི། །རབ་ཀྱིས་མངོན་དུ་འབྱུང་བ་དང་། །འབྲིང་གིས་ཉམས་དང་རྟགས་འོང་སྟེ། །ཐ་མས་རྨི་ལམ་སྟོན་པར་འགྱུར། །དེ་ལྟར་གྲུབ་ན་ལས་ལ་སྦྱར། །རྟགས་དེ་མངོན་དུ་མ་བྱུང་ན། །ལས་ཀྱི་སྦྱོར་བ་ཅི་བྱས་ཀྱང་། །ངལ་བ་ཚི་ཆད་དོན་མེད་འགྱུར། །དེ་ལས་བཏན་ལ་ཕེབས་པ་གཅེས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འབྱགས་དབབ་པའི་རྒྱུན་ཆེན་པོ་ལས། བསྒྲུབ་པའི་ཤན་དབྱེ་ཞིང་དུས་དང་རྟགས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། མཐུ་སྟོབས་ཀྱི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །དྲེགས་པ་འཁོར་དང་བཅས་པ་རྣམས། །ལྒབུ་ཞིང་དམ་ལས་ལྡོག་འགྱུར་རམ། ཁེང་དབང་བསྐུར་ཇི་ལྟར་བགྱི། །ཀི་ལ་ཡ་ཡིས་བསྟན་དུ་གསོལ། །ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། །དྲེགས་པ་ལྒབུ་ལྡོག་དམ་ལས་འདའ་གྱུར་ན། །དབང་སྡུད་ཤི་ས་འདི་ལྟར་བསྟན། །གོང་དུ་བསྒྲུབ་པའི་དྲེགས་པ་རྣམས། །ཨོ་ས་མ་ཡ་རག་ཤ་མ་ར་ཙ་ཤ། རུ་ལུ་རུ་ལུ་ཧུ༷་ཛ་ནན། ཞེས་པས། དྲེགས་པ་རྣམས་ཀྱིས་མནན་ཏེ་མ་བཞི་ཞབས་ཀྱིས་མརྫིས། ཨོ་བཛྲ་བརྙ་ཏྲ་ཐ། ཞེས་ནི་སྒྲིབ་པ་བྲལ། ཨོ་བི་དྷི་ཙིསྟ་ཧུ༷་ཨ། ཞེས་པ་ནི། གདན་གྱི་སྙིང་ཁྲག་ཞལ་དུ་རྡུབ། །བདག་ཉིད་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །དྲེགས་པའི་ལྕེ་ལ་གསལ་བར་གཞག །ཨོ་ས་མ་ཡ་ཏིཁྱི་ཧ༷། ཞེས་དམ་ཚིག་དབོག །ཨོ་ས་མ་ཡ་ཨི་ཏན་ཏི་ན་ར་ཀན། ཞེས་པས་དམ་བསྒྲགས་ནས། ས་མ་ཡ་པྲ་བེ་ཤ་ཕཊ་ཀྱིས་གདན་ལ་བཀྱེ། དེ་ནས་བཟོད་ཅིང་ལས་ལ་བསྐུལ། །དེ་ནི་ཁྱད་པར་དབང་དུ་བསྡུ་བའི་ཤི་ས་ཡིན། །ཏིང་ངེ་འཛིན་གྱི་བྱ་བར་གསུངས། །ཡང་ན་བན་དྷ་མཚན་ལྡན་དུ། །རྡོ་རྗེ་དྲི་ཆུ་བདུད་རྩིས་བརྒྱན། །སྐུ་གསུང་ཐུགས་ཀྱི་དམ་ཡང་བསྲེ། །རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག །པརྩི་ཨ་མྲི་ཏ་དང་སྦྱར། །དམ་ཚིག་སྙིང་གི་ཁྲག་ཆེན་པོ། །བསྲེགས་པའི་མཆོག་སྟེ་སྲོག་གི་་སྙིང་། །སྙིང་དང་སྙིང་གི་གྲོགས་སུ་བྱའོ། །ཨ་མཧྭ་ཀུ་པརྩི་ས་མ་ཡ། ཧུ༷མ་ཧྭ་ཨ་མྲི་ཏ་ས་མ་ཡ། ཞེས་ནི་རྫས་ཀྱི་དམ་ཡང་བསྲེའོ། །ཧུ༷། ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ཁམས་གསུམ་སྙིང་ཁྲག་དང་དངས་མའི་བདག །ཁྱེད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱེད་ཀྱིས་གྱིས། །ཞེས་ཆེ་བའི་ང་རྒྱལ་གྱིས་དབང་དུ་བསྡུ་བའོ། །ཤི་ས་དབང་བསྐུར་བཀའ་སྩལ་པ། །བློ་ལྡན་གསོལ་བཏབ་དབང་ཐོབ་ནས། །ཆོ་ག་ལྔ་ཡི་སྦྱོར་བ་ཡིས། ཁེ་ས་རྒྱལ་བའི་སྐུར་བསྐྱེད་ལ། །སྨེ་བ་ཅན་དང་མཐུ་ཆེན་གྱིས། །ཁང་གཅིག་མ་ཡི་གཟུངས་མ་ལ། །ཕྱག་རྒྱ་གསོལ་བར་བཀོད་ནས་ནི། །རྣམ་གསུམ་ཚུལ་གྱིས་ནན་ཏན་བྱའོ། །སྦྱོར་ཐབས་སེམས་ཆུས་དབང་བསྐུར་ནས། །གོངབཞིནདྲེགསཔདབང་བསྡུ་མནན་དམ་བྱ། །དེས་ནི་དྲེགས་པ་དབང་དུ་བསྡུ། །དེ་ཡི་ཡོན་ཏན་དཔག་ལས་འདས། །དེ་ལྟར་དབང་རྣམས་མ་ཐོབ་པར། །དྲག་ཤུལ་སྤྱད་ཀྱང་མི་འགྲུབ་པས། །ཁྲག་འཐུང་རོལ་བས་འདི་སྐད་གསུངས། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། དྲེགས་པ་དབང་དུ་བསྡུ་ཞིང་སློབ་མ་དབང་བསྐུར་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་བ་གདབ་སྟེ། ཨེ་ཨེ་མ་རྡོ་རྗེ་གར་གྱི་དབང་ཕྱུགས་ཐུགས་རྗེའི་བདག །བདག་དང་འགྲོ་བ་བསྟན་ལ་ཕན་གདགས་ཕྱིར། །ཆུ་འཁྱགས་བསྲུང་བའི་རིམ་པ་གང་། །ཕན་པའི་སླད་དུ་བཤད་དུ་གསོལ། །ཞེས་པ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་ཆེན་པོས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་གསང་བའི་བདག །འགྲོ་བསྟན་ལ་ཕན་གདགས་ན། །ས་ལ་སྤྱོད་པའི་རྣལ་འབྱོར་བས། །ཡིད་འོང་བ་ཡི་གནས་དག་ཏུ། །དཔྱིད་ཟླ་གསུམ་གྱི་ཟླ་བ་ལ། །གཟའ་སྐར་ཉི་མ་བཀྲ་ཤིས་ལ། །ཡོ་བྱད་མ་ལུས་ལྡན་བྱས་ན། །སྟེགས་བུ་ཁྲུ་གང་དལ་མཉམ་ཐིག་བཏབ་སྟེ། །དབུས་སུ་ལས་བཞི་གྲུ་གསུམ་བརྒྱད་དང་སྒོ་བཞིར་བཅས། །ཕུར་པ་བཅུ་གཅིག་ཡང་དག་ལྡན། །ཡུངས་ཀར་ཁྲག་ཆེན་ཐལ་ཆེན་གུ་གུལ་བཅས། །བསྐྲུབ་རྫས་མཆོད་རྫས་ཡང་དག་ལྡན། །དབུས་སུ་དགོད་པའི་ཕུར་པ་ལ། །སྔགས་འདི་བྲིས་ཏེ་དགོད་པར་བྱ། །ཨོ་བཛྲ་ཀི་ལི་ཀི་ལ་ལྭ་ཡ་ཧུ༷། ཛ་ལ་ཛ་ལ་ཨ་མུ་ཀ་བཛྲ་ཙཎྜལི་ཨ་ར་ལི་ཧུ༷་ཛ་ཕཊ། དེབཞིནསྟེངདུདགོད་པའི་ཕུར་པ་ལ། །ཨོ་བཛྲ་ཀི་ལ་ཡ་ཧུ༷། ཀ་ར་ཁ༷་ར༷་ཡ༷་ཧུ༷་ཕཊ། ཤར་དུ་དགོད་པའི་ཕུར་པ་ལ། ཨོ་བཛྲ་ཀི་ལ་ཡ་བི་ཛ་ཡ། ཨ་ནི་ད་ལ་ནི་ལ་གྲྭཧྭ། ཤར་ལྷོར་དགོད་པའི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ནི་ལན་དན་ཏྲ་ནི་ཏྲི་ཨ་ཏྲི་ནན་ཧུ༷་གྲྭཧྭ། ལྷོ་ཡི་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཡ་མརྙ་ཧུ༷། ཨ་ཤུ་ཏྲི་ན་ཧུ༷་སྲུཧྭ། ལྷོ་ནུབ་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཨུརུ་ཨ་ཙ་ལེ་ཧུ༷། ཨ་ཏྲི་སུ་ཏྲི་ནན་ཧུ༷་གྲྭཧྭ། ནུབ་ཀྱི་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཧ་ཡ་གྲི་བ་ཧུ༷།ན་ག་ཨ་ལི་ནན་ཧུ༷་གྲྭཧྭ། ནུབ་བྱང་གི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཨ་པ་རྭ་ཛི་ཏ་ཧུ༷། ཤུ་ལི་ཤུ་ལི་ནན་གྲྭཧྭ། བྱང་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཨ་མྲི་ཏ་ཀུཎྜལི་ཧུ༷། ཤུ་ལོ་སྨྱོ་དུ་ནན་ཧུ༷་གྲྭཧྭ།བྱང་ཤར་གྱི་ཕུར་པ་ལ་ཡ། ཨོ་བཛྲ་ཀི་ལི་ཀི་ལ་ཡ།སྟེ་ལོཀྱ་བི་ཛ་ཡ་ཧུ༷། ཏི་ལི་ནན་ཧུ༷་གྲྭཧྭ། འོག་གི་ཕྱོགས་ཀྱི་ཕུར་པ་ལ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་མཧྭ་བ་ལ། བེ་ཨ་ཏྲ་ན་གྲ་ཏི་ལི་ནན་ཧུ༷་གྲྭཧྭ། ཞེས་ནི་བྲིས་ལ་དགོད་པར་བྱ། །དེ་ནས་ཏིང་འཛིན་རིམ་པ་ནི། །རྡོ་རྗེ་ཁྲོ་བོ་བཅུ་གཅིག་བསྐྱེད། །སྤྱན་དྲངས་བསྟིམ་སྟེ་མཆོད་པས་མཆོད། །འདོད་དོན་གསོལ་ཏེ་འཕྲིན་ལས་བཅོལ། །གོང་གི་སྔགས་ཀྱི་རིམ་པ་བཞིན། །བསྙེན་བསྒྲུབ་ཡན་ལག་དོན་སྦྱར་ཏེ། །དེ་ལ་ཁྲི་ཕྲག་དག་ཏུ་བཟླས། །བྱུག་བརྡེག་བདུག་པ་དུས་དྲུག་བྱ། །བསྟོད་ཅིང་བསྐུལ་བ་དུས་དྲུག་བྱ། །དེ་ནས་ཁམ་ཕོར་དག་ཏུ་བསྡུ། །དམ་བརྗོད་ཡི་དམ་ཐུན་མཚམས་སྦྱར། །དབྱར་སྟོན་གཉིས་ཀྱི་ཟླ་མཚམས་སུ། །གང་བསྲུངས་པ་ཡི་ཕྱོགས་མཚམས་སུ། །སྟེང་འོག་དབུས་དང་བཅུ་གཅིག་དག་ཏུ་གདབ། །གང་ནས་འོང་བའི་ཕྱོགས་དག་གི །གོང་གི་སྔགས་བཟླས་སྡིགས་མཛུབ་བསྒྲེང་། །ཡུངས་ཀར་ཐལ་ཆེན་ལ་སོགས་གཏོར། །དེ་བཞིན་བྱས་ན་བསྲུང་བྱ་ཐུབ། །ཐན་པ་བྱུང་ནའང་ཆར་འབེབས་ཤིང་། །ཆར་ཆེན་རང་ཡང་གཅོད་པར་ནུས། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་གཟའ་གདོང་གི་ལུང་ལས། གཞན་ལ་ཕན་གདགས་བགྲུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཡང་གནོད་སྤྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེས། འཇིགས་བྱེད་ཆེན་པོ་གསང་བ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་ཀྱེ་མ་ཕྱི་རབས་དོན་གྱི་ཕྱིར་ཁྱབ་འཇུག་རྒྱུ་དུས་དང་ལས་ལ་སྦྱར་བའི་གྲུབ་རྟགས་གང་། །ཞེས་ཞུས་པས། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། ཚེས་བཞི་སྲོད་ནས་ལག་པ་གཡོན། །མ་མོར་སྤྲུལ་ནས་ནུབ་ནས་ཤར་དུ་རྒྱུ། །ཡུལ་མིང་ཤར་གཞག་མོའི་དྲག་སྔགས་ནུབ་ནས་ཤར་དུ་བརྡེག །གདོན་མི་ཟ་བར་གྲུབ་པའི་རྟགས། །སྤྲིན་ནག་ཞབྲུག་ཅིང་སེར་བ་དུམ་བུར་འོང་། །གང་ལ་དམིགས་པ་འཕང་བའིསྔགས། །ཡུངས་ནག་མཆོག་ཕུར་དག་ལ་བཟླས། །ཏྲག་རག་ཤ་རྦད་སེར་ཧྲིལ་ཤར། ཞེས་གསུངས་སོ། །ཚེས་བརྒྱད་སྔ་དྲོ་ལག་པ་གཡས་པ་དགྲ་བླའི་རྒྱལ་མོར་སྤྲུལ། ཁྲར་ལྷོ་མཚམས་ནས་ནུབ་བྱང་མཚམས་སུ་རྒྱུ། །དམིགས་པ་ནུབ་བྱང་མཚམས་སུ་བཞག །ཤར་ལྷོ་མཚམས་ནས་ཡུངས་ཀར་བྱ་ཕུར་དག་གིས་གདབ། །རུ་ལུ་རུ་ལུ་མ་མ་ཏྲག་རག་ཤ་ཤར་སྨྱོ། གྲུབ་རྟགས་སྤྲིན་ནི་ལུག་གི་ལྟོ་ཚལ་ལྟར། ཁྲརོ་ལྷོམཚམས་ནས་ནུབ་བྱང་མཚམས། །སྣ་ཡང་འདྲེན་ཅིང་སེར་བ་ཉ་མིག་འོང་། །བཅུ་གཅིག་དག་ནི་ནམ་འཇིང་ལ། །མཆུ་སོ་བདུད་དུ་སྤྲུལ་ནས་ནི། །བྱང་ནས་ལྷོ་རུ་རྒྱུ་བ་སྟེ། །དེ་དུས་བསྒྲུབ་བྱ་ལྷོ་རུ་བཞག །བྱང་ནས་ཡུངས་ཀར་ལྕགས་ཕུར་གདབ། །ཨོ་པ་ཤ་མི་ཀི་ར་ཧུ༷་ལ་ཤར་ཧྲི་སྨྱོ། སྲོག་སེར་གང་ཡང་འཇོམས་པར་བྱེད། །གྲུབ་རྟགས་སྤྲིན་ཡང་ལོང་ལོང་གཤིག་པའམ། །སེམས་ཅན་ཐ་དད་གཟུགས་སུ་སྟོན། །སེར་པའི་དབྱིབས་ཀྱང་ཟུར་གསུམ་པའོ། །བཅོ་ལྔ་ཉི་མ་ཕྱེད་དུས་ན། །ལྷོ་ནུབ་མཚམས་ནས་བྱང་ཤར་མཚམས་སུ་ནི། །མགོ་བོ་སྲིན་པོ་སྤྲུལ་ནས་རྒྱུ། །གཟས་པ་བྱང་ཤར་མཚམས་སུ་བཞག །ལྷོ་ནུབ་མཚམས་ནས་ཤ་རུལ་ཁྲག་རུལ་དང་། །སེང་ལྡེང་ཕུར་པས་སྔགས་འདི་བརྡེག །ཨོ་སེར་ཁྲག་ལ་མུ་ཤ་སྨུགས་སྲུཧྭ། བཟླས་པ་ཙམ་གྱིས་གྲུབ་པར་འགྱུར། །ངེས་པར་གྲུབ་པའི་རྟགས་ཉིད་ཀྱང་། །སྤྲིན་ནི་ཁམ་ནག་མདུང་ཤིང་ཤར་བ་འདྲ་བ་དང་། །གཡག་རྒོད་འཁྲིག་པ་ལྟ་བུར་འོང་། །སེར་པའི་ཆུ་ཡང་སྦད་ཁ་དག་ཏུ་མཆོང་ཞིང་འོང་། །བཅོ་བརྒྱད་ནམ་གྱི་ཕྱེད་ཡོལ་ནས། །མཇུག་མ་དམུ་རུ་སྤྲུལ་ནས་ནི། ཁྲར་ནས་ནུབ་ཏུ་རྒྱུ་བ་སྟེ། །དེ་དུས་ལིང་ག་ནུབ་ཏུ་བཞག ཁྲར་ནས་ཏིལ་དང་གཟུགས་མོ་བྱི་དུར་གདབ། །ཨོ་ར༷་ཏྲ༷་ཐུན་ཤག་ཧྲིལ་ར༷་སྨྱོ། གྲུབ་པའི་རྟགས་ཀྱང་སྤྲིན་ནི་ཕྱིང་པ་བརྐྱང་པ་འདྲ། །སེར་བའི་ཚད་ཀྱང་བྱ་ནི་ཕུར་པ་བཞིན་དུ་འོང་། །ཉི་ཤུ་གཉིས་ཀྱི་ཉི་མ་ཕྱེད་ཡོལ་ལ། །མཆེ་བ་གཡས་གཡོན་གཤིན་རྗེར་སྤྲུལ། །ནུབ་བྱང་མཚམས་ནས་ཤར་ལྷོར་རྒྱུ་བ་དང་། དེ་ཚེ་དམིགས་པ་ཤར་ལྷོར་བཞག །སྐེ་ཚེ་བེ་ཅོན་ཕུར་པ་བརྡེག །ཨོ་ཡ་མ་རྭ་ཛ་ར༷་ཧྲིལ་ཤར་ར༷་ར༷། གྲུབ་རྟགས་སྤྲིན་ནི་ཧྲལ་པོ་དང་། །སེར་བ་འོང་སར་མཛུབ་རིས་བྱས་པའོ། །ཉི་ཤུ་ལྔ་ཡི་སྐྱ་རིངས་ཤར་ཙམ་ན། །སྙིང་དང་ནང་ཁྲོལ་ཀླུ་བཙན་དག་ཏུ་སྤྲུལ། །ལྷོ་ནས་བྱང་དུ་རྒྱུ་བ་སྟེ། །དེ་ཚེ་བསྒྲུབ་བྱ་བྱང་དུ་བཞག །ཡུངས་ཀར་ཡུངས་ནག་གསེར་གྱི་ཕུར་བས་གདབ། །ཨོ་ནཱ་ག་ཧྲིལ་སེར་ཤག་ཏུ་ས་མ་ཡ་ཧྲིལ་སྨྱོ། དེ་ཡི་གྲུབ་པའི་རྟགས་དག་ཀྱང་། །སྤྲིན་དང་ཕྱར་སྒྱེ་བཙུགས་པ་འདྲ། །སེར་པའི་དབྱིབས་ཀྱང་སྤྲ་ཚུགས་དྲེལ་བ་འདྲ། །ཉི་ཤུ་དགུ་ཡི་ཉི་མ་ནུར་ཙམ་ན། །རྐང་གཉིས་གཟའ་བདུད་ཉིད་སྤྲུལ་ནས། །བྱང་ཤར་མཚམས་ནས་ལྷོ་ནུབ་དག་ཏུ་རྒྱུ། །དེ་དུས་ཉིན་མཚན་གཉིས་ཀ་མྲ གཟུགས་བརྙན་ལྷོ་ནུབ་མཚམས་སུ་བཞག །ཡུངས་ཀར་ཁྲོ་ཆུའི་ཕུར་པས་གདབ། །ཨོ་ས་མ་སྙིང་ཡ་མ་ཁྲག་ར་ཧུ༷་ལ་ཧྲིལ་ཧྲིལ་ཤག་ཤག་སེ་ན་ཡ་སྨྱོ། དེ་ཡི་གྲུབ་པའི་རྟགས་ཉིད་ཀྱང་། །སྤྲིན་དུད་ཀ་མགོ་སེར་དུ་འབྱུང་བ་དང་། །སེར་བ་ཡང་གང་ལ་དམིགས་པ་གདོན་མི་ཟ་བ་འོང་ངོ་། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ལས། རོག་ཏུ་སྲིང་བཞིའི་ལུང་ལས་ལས་བརྒྱད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོའི་བདག་པོས་འཁོར་དུ་མ་དང་བཅས་པས། །བཅོམ་ལྡན་འདས་ལ་རྨད་དུ་བྱུང་བའི་མཆོད་པ་དུ་མས་མཆོད་ནས། ངོ་མཚར་གྱི་ཚིག་འདིས་མངོན་པར་བསྟོད་དོ། །ཨེ་མའོ་བཞི་བཅོམ་དྲུག་ལྡན་འཁོར་བའི་མཐའ་ལས་འདས། །བདག་གཞན་གཉིས་སུ་མེད་པའི་དཔལ་མངའ་ཞིང་། །རྟག་ཆད་མཐར་མི་འགྱུར་བ་རྡོ་རྗེ་སྟེ། །དུས་གསུམ་བགྲེས་རྒུད་མེད་པས་གཞོན་ནུའོ། །དོན་དམ་ངེས་པའི་མཚན་ལ་ཕྱག་འཚལ་བསྟོད། །དུས་གསུམ་རྣམ་ཐར་སྐུ་གསུམ་ཞལ། །འགྲོ་དྲུག་སྒྲོལ་མཛད་ཕ་རོལ་ཕྱིན་པའི་ཕྱག །སྐྱེ་ཤི་ཚར་ཆོད་ཞབས་བཞི་རྫུ་འཕྲུལ་བཞི། །འཇིགས་པའི་སྐུ་ལ་དུར་ཁྲོད་ཆས་བརྒྱད་གསོལ། །དཔའ་བོ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ལྗགས་གསུམ་ཐེག་གསུམ་དམ་ཆོས་ཀྱིས། །འགྲོ་བའི་སྐད་རྣམས་ཇི་ཙམ་པར། །དེ་སྙེད་སྒྲ་སྐད་ཐ་དད་སྟོན། །ཚིན་དོན་ངོ་བོ་ཉིད་ཀྱི་གསུང་སྙེམས་པ། །བཞད་པའི་གད་རྒྱངས་གསུངས་ལ་ཕྱག་འཚལ་བསྟོད། །མ་གཡོས་ཐུགས་མཆོག་དབུ་མའི་དོན་སྙེམས་པས། །སྐུ་དང་ཡེ་ཤེས་རིགས་ཀྱི་ངོ་བོ་ཉིད། །མཐར་ཐུག་སྤྲོས་དང་བྲལ་བའི་མཆོག །མི་དམིགས་ཆོས་ཉིད་རང་སྣང་བ། །དགེས་པ་ཆེན་པོའི་ཐུགས་ལ་ཕྱག་འཚལ་བསྟོད། །མི་བཟད་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལས། །ཚད་མེད་པ་ཡི་གཟུགས་བརྙན་ནི། །ཆུ་ཡི་ནང་ན་གནས་པ་ཡང་། །ཟླ་བ་ལ་ནི་གཡོ་མེད་བཞིན། །ཡོན་ཏན་ཟད་མི་ཤེས་ལ་ཕྱག་འཚལ་བསྟོད། །ཞི་རྒྱས་དབང་གིས་འདུལ་བར་མ་གྱུར་ལ། །དྲག་ཤུལ་བཙན་ཐབས་གདུལ་དཀའ་འདུལ་བའི་གཙོ། །བསྟན་པ་བསྲུང་ཞིང་རྣམ་འབྱོར་བདེ་ལ་འཁོད། །རྟགས་དང་མཚན་མ་མངོན་དུ་སྟོན་པ་སྟེ། །འཕྲིན་ལས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་བསྟོད། །ཨེ་མ་དགེས་པ་ཆེན་པོ་ཡུམ་གྱི་མཁའ་གློང་ནས། །དུས་གསུམ་འདུ་འབྲལ་མེད་པ་རྟག་ཏུ་སྦྱོར། །ཐུགས་རྗེས་སྤྲུལ་པ་སྣ་ཚོགས་བསམ་ཡས་སྤྲོས། །གདུག་པ་ཚར་གཅོད་བདེ་ཆེན་དབྱིངས་ལ་དགོད། །དྲེགས་པ་རོག་ཏི་ནག་པོ་མི་སྲིང་ཐབས་ཀྱིས་འདུལ། །གསང་བ་སྙོམས་པར་འཇུག་ཕྱག་འཚལ་བསྟོད། །སྟོང་གསུམ་འཇིག་རྟེན་ཞིང་ཁམས་རྣམ་པར་དག །འདུལ་དབང་ཐུགས་རྗེའི་གསོད་ཀྱིས་སྙོམས་མཛད་ཅིང་། །མི་འདུལ་བསྒྲལ་བའི་ཞིང་བཅུར་གྱུར་པ་ལ། །རྟག་པའི་ལས་ཀྱིས་ཐོག་སེར་ལས་མཛད་དེ། །ཧག་སྔངས་སྐྲག་པའི་དོན་རྣམས་ཅིར་ཡང་སྟོན། །ཞིང་ཁམས་ཁྱབ་པར་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་པས་མངོན་པར་རྡོ་རྗེ་ཚིག་གིས་བསྟོད་དོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ཆེན་པོ་ལས། རོག་ཏི་ནག་པོའི་ལུང་ལས་རྒྱུད་བཤད་པ་རྫོགས་ནས། བཅོམ་ལྡན་འདས་ཀྱི་མཚན་དང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གསང་བ་ཞིང་ཁམས་ལ་བསྟོད་པའི་ལེའི་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་ཡང་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཐུགས་རྗེ་ཐབས་ལ་མཁས་པའི་བདག་ཉིད་རྒྱུད་ཀྱི་དོན་དེ་དག་བསྡུས་ཏེ་བསྟན་པར་གསོལ་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་བསྐུལ་བའི་ཐུགས་སུ་ཆུད་དེ། རྒྱུད་ཀྱི་དོན་བསྡུ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉོན་ཅིག་གསང་བདག་ལག་ན་རྡོ་རྗེ་ང་ཡིས་བསྟན་པའི་རྒྱུད་འདི་ཡང་། །ལྟ་སྤྱོད་དཀྱིལ་འཁོར་འཕྲིན་ལས་དང་། །ཏིང་འཛིན་བསྒྲུབ་ཅིང་མཆོད་པ་དང་། །དབང་དང་དམ་ཚིག་ངོ་བོ་ཉིད། །སྲོག་སེར་ཟོར་ཐབ་ཐུན་ཉིད་དང་། །ཕན་གནོད་ལས་ཀྱི་དོན་བསྡུས་པས། །དྲང་དོན་བསྟན་པའི་རིམ་པའི་ཚིག །་ངེས་དོན་རྒྱུད་ཀྱི་ངོ་བོར་བསྡུས་པ་འདི། །འགྲོ་བའི་ལམ་དུ་ཁྱོད་ལ་གཏད། །རྗེས་འཇུག་དོན་དུ་ནུབ་པ་རེ། །བསྟན་པ་བསྲུང་ཕྱིར་དར་བར་གྱིས། ཁྲེས་གདམས་ཤིང་གཉེར་ངེས་པར་གཏད་དོ། །དེ་ནས་ལག་ན་རྡོ་རྗེ་རབ་ཏུ་དགའ་བའི་ཡིད་ཀྱིས་འཛུམ་པའི་མདངས་ཕྱུང་སྟེ། ངོ་མཚར་གྱི་མདངས་ཀྱིས་འདི་སྐད་ཅེས་དམ་བཅས་སོ། །ཨེ་མ་ཡང་དག་དོན་དམ་བསྡུས་དོན་རྒྱུད་འདི་དག །ཕྱི་མཐའ་མུ་ཡི་བར་དུ་གནས་པར་གྱིས། །མི་ནུབ་བསྟན་པའི་རྒྱལ་མཚན་ཡོངས་སུ་གཟུགས། །མི་འདའ་བསྟན་པའི་ཆར་ཆེན་པོ་མངོན་པར་དབབ། །མི་འདུལ་བསྟཞོ་པ་སྒྲོ་སྐུར་ལ། །སྐྲག་ཅིང་རྒྱལ་བའི་ལས་ཀྱིས་བཀའ་དང་བསྟན་པ་བསྲུང་བར་གྱིས། །ཞེས་ཁས་བླངས་ཏེ་གཙུག་གི་མདུད་པས་ཕྱག་རྣལ་འབྱོར་གྱི་ཚུལ་དུ་བྱས་སོ། །དེ་ནས་འཇིག་རྟེན་ཆོས་ཀྱིས་འབྲེལ་བའི་འཁོར་རྣམས་རྗེས་སུ་ཡི་རང་སྟེ། །གསང་བ་ངེས་པའི་དོན་ངེས་པར་འབྱུང་ངོ་། །ཨ་ལ་ལ་ཧོ་ཞེས་མངོན་པར་བསྒྲགས་སོ། །དེ་ནས་བཅོམ་ལྡན་འདས་ཉིད་ནི་དུས་བཞི་མཉམ་པ་ཉིད་ལ་དགོངས་ནས་ཅད་མི་གསུང་བར་གྱུར་ཏོ། །རྡོ་རྗེ་ཕུར་པ་ཆུ་འཁྱགས་དབབ་པའི་རྒྱུད་ཆེན་པོ་རོག་ཏི་སྲིང་བཞི་དང་བཅས་པའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ། །རྫོགས་སོ།། །། རྒྱ་གར་སྐད་དུ། ནི་ལ་ཙཀྲ་ན་མ། བོད་སྐད་དུ། འཁོར་ལོ་ནག་པོ་ཞེས་བྱ་བ། དཔལ་ཀརྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདས་པའི་དུས་ན་སྔོན་བྱུང་བ། །རྡོ་རྗེ་སེམས་དཔའི་བསྟན་པ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། ཁྲེན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཧུ༷། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། །ཁྲོ་ཞི་ཆེ་ལ་ཕྱག་འཚལ་ཏེ། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །དམ་ཚིག་ལ་སྡང་དགྲ་བགེགས་རྣམས། །བསྒྲལ་ཕྱིར་འཁོར་ལོ་ནག་པོ་ནི། །ལུང་རྒྱུད་ཀུན་ནས་རབ་བསྡུས་བཤད། །སྔོན་ཚེ་བྱ་བ་སྔོན་བྱུང་སྟེ། །སྔོན་བྱུང་འདུས་པ་ནག་པོ་ནི། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །བསྟན་པ་བྱུང་བའི་བསྐལ་བ་ནི། །བདེ་བ་ཆེན་པོ་ཞེས་བྱ་ལ། །འགྲོ་བའི་ཚུལ་དུ་བྱུང་བ་ནི། །གསང་སྔགས་དོན་རྣམས་ལ་སྤྱད་དེ། །ངེས་དོན་མ་རྟོགས་དོར་ནས་ནི། །ཇི་བཞིན་བསྒྲལ་བཟུང་ཉོན་མོངས་དང་། །མི་དགེ་བཅུ་པོ་སྤྱད་པ་ཡིས། །རྣམ་སྨིན་མནར་མེད་དམྱལ་བར་ལྟུང་། །དེ་ལས་རིམས་ཀྱིས་ཐར་ནས་ཀྱང་། ཁུ་མཐུན་རྒྱུ་དང་འདྲ་བ་སྟེ། །དཔལ་ལྡན་ཧེ་རུ་གསལ་བསྒོམ་ནས། །རྣམ་དག་མི་ཤེས་དངོས་པོ་བཟུང་། །དེ་ཡི་སྟོབས་ཀྱིས་སྲིན་པོ་ནི། །འདའ་ཤ་གྲི་བ་ལ་སོགས་ཏེ། །གཤིན་རྗེ་མ་མོ་དབང་བསྡུས་ཏེ། །སྲིད་པ་གསུམ་ན་དབང་རེ་ཆེ། །བརྒྱ་བྱིན་གཤིན་རྗེ་ཆུ་ལྷ་དང་། །གནོད་སྦྱིན་འཁོར་དུ་གཏོགས་པ་ནི། ཁུ་ན་བཞི་དང་རེའུ་ཏྲི་དང་། །བསེ་མོ་དབང་ཕྱུག་བརྒྱད་ལ་སོགས། །འཁོར་དུ་བསྡུས་ཏེ་གནས་པ་ནི། །ལུས་ནི་ག་་བག་ལྡན་པ་སྟེ། །དབུ་དགུ་དབུ་གསུམ་ལ་སོགས་པ། །ཇི་སྲིད་དབུ་མཐའ་ཡས་པའི་བར། །ལས་ཀྱི་སྲིན་པོ་གཏུམ་པར་སྣང་། །གནོད་པའི་བསམ་པ་སྦྱོར་བ་དང་། །དྲག་པོའི་སྔགས་ནི་བཟླས་པ་ཡིས། །རྒྱུ་མཐུན་གནོད་བསམ་སྲིད་གསུམ་འཇོམས། །ངག་གིས་སོད་སྒྲོགས་གཏོགས་ཆོམ་སོགས། ཁེན་ཏུ་ཁྲོ་ཞིང་ག་་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །བྲག་ཕུག་བྱང་དུ་བལྟས་པ་ལ། །ཉི་མ་འཆར་བའི་སྐབས་མེད་ལྟར། །ཞི་བའི་ཐུགས་རྗེས་འབྱུང་མི་སྲིད། །སྔོན་ཚེ་ལོག་བལྟས་དད་སྐྱེས་པས། །དབང་གི་འབྲས་བུ་འབྱུང་བས་ནི། །དེ་བཞིན་གཤེགས་པ་མ་ལུས་ཀུན། །འདྲེས་འདྲེས་འདྲ་ལ་མ་འདྲེས་པ། ཁྲེས་རབ་སྟོང་པའི་བདག་ཉིད་ལས། །སྙིང་རྗེ་ངང་གིས་སྐྱེས་པ་ཡིས། །བཅོམ་ལྡན་ཀརྨ་ཧེ་རུ་ཀ །ཁྲོ་བོ་ཚུལ་དུ་ཀུན་མངའ་བས། །སྲིན་པོ་འཇིགས་པར་བྱས་པ་ལས། །སྲིན་པོ་ཁྲོ་ཞིང་གཏུམ་པར་སྣང་། །དེ་གདུལ་དོན་དུ་ཁམས་གསུམ་རྒྱལ། །ཁྲོ་བོ་བརྒྱ་བྱིན་འཁོར་བཅས་བཏུལ། །གཤིན་རྗེ་གཤེད་པོ་སྤྲུལ་པ་ཡིས། །ལྷོ་ཕྱོགས་གཤིན་རྗེ་འཁོར་བཅས་བཏུལ། །ཁྲོ་བོ་རྟ་མགྲིན་བཏོན་པས་ནི། །ནུབ་ཕྱོགས་ཆུ་ལྷ་འཁོར་བཅས་བ་། །ཁྲོ་རྒྱལ་སྟོབས་ཆེན་བཏོན་པས་ནི། །བྱང་ཕྱོགས་གནོད་སྤྱིན་འཁོར་བཅས་བ་། །ཡེ་ཤེས་ལྔ་ལ་རྟོག་མེད་དུ། །སྨོན་ལམ་སྟོབས་ཀྱིས་སྣང་བ་ཡི། །གཙོ་བོ་ཕྱོགས་སྐྱོང་བཞི་པོ་དང་། ཁུ་ན་བསེ་མོ་རེ་མ་ཏི། །དབང་ཕྱུག་རྩ་བརྒྱད་དབང་བསྡུས་ནས། །ཁས་བླངས་གཙིགས་ལ་བོར་བའོ། །འཁོར་རྣམས་ཀུན་ལ་བཏུལ་ནས་ཀྱང་། །གཙོ་བོ་དེ་དག་གདུལ་དོན་དུ། ཐུགས་ཀ་ནས་ཀྱང་ཧུ༷་བྱུང་སྟེ། །ཁྲོ་བོ་ལས་ཀྱི་སྲིན་པོ་ལ། །ཁྲོས་པའི་རྒྱལ་པོ་སྲས་མཆོག་ནི། །ཞལ་གཅིག་ཕྱག་བཞི་ཞབས་སུར་གསུམ། །ཁྲོས་པས་རུ་ཏྲ་བཏུལ་ནས་ཀྱང་། །ཁྲོ་བོའི་སེམས་ནི་ཞི་བྱའི་ཕྱིར། །ལྕགས་ཀྱུས་བླང་ནས་ཞགས་པས་བཅིངས། །ལྕགས་སྒྲོག་བཅིངས་ནས་དྲིལ་བུ་ཡིས། །ཞལ་དུ་བསྟབས་ཏེ་ཕུལ་བ་ཡིན། །སྐུ་ཀློང་སྤྲོས་བྲལ་ཆོས་སྐུ་རྟོགས། །ཉོན་མོངས་སེམས་ནི་ཞི་བར་འགྱུར། །ལུས་ནི་དཔལ་གྱི་གདན་དུ་ཕུལ། །གུས་པས་ཕྱག་འཚལ་དེ་དད་ཡིན། །མཉམ་ཉིད་ངང་གི་དབང་གིས་ཁྲོ་བོ་བསྟན། །ཡེ་ཤེས་ཤུགས་ཁྲོ་ལྟར་བཅས་བཅོས་པ་ཡིས། །སྐུ་གསུམ་བཅོ་ལྔའི་ཚོགས་ལ་ཕྱག་འཚལ་ནས། །ཐུགས་ཀྱི་མན་ངག་ཉིང་ཀུ་བདག་ཟགས་པས། །བླ་མའི་ཞབས་ལ་གཏུམས་ཏེ་བདག་གིས་བཤད།། །།བཤམ་པ་འཁོར་ལོ་ནག་པོ་ནི། །དང་པོ་ས་ཕྱོགས་དབེན་པ་སྲ །ས་གཞི་ཆག་ཆག་བྱི་དོར་བྱ། །གཏོར་མ་ནག་པོ་ཆ་གཅིག་བཤམས། །དམ་རྫས་རག་ཏ་བདུད་རྩི་བཤམས། །རྒྱུ་དང་འབྲས་བུ་དབྱིབས་ལྡན་པའི། །ཕུར་པ་ནག་པོ་བཅུ་བདུན་བཤམ། །སྒོམ་པ་འཁོར་ལོ་ནག་པོ་ནི། །དང་པོར་སྟན་བདེར་རབ་གནས་ནས། །བབ་ཀྱི་སྣང་བ་རབ་ཏུ་བསྒོམ། །སྐད་ཅིག་མ་ལ་ལས་ཀྱི་ལྷར་དམིགས་ནས། །ཉི་མའི་སྟེང་གི་ཧུ༷་ལས་ནི། །འོད་འཕྲོས་དཀོན་མཆོག་གསུམ་སྤྱན་དྲངས། །ཡན་ལག་ཕྱག་འཚལ་མཆོད་འབུལ་དང་། །སྡིག་བཤགས་ཡི་རང་སྐྱབས་གསོལ་ནས། །ཚད་མེད་བཞི་བསྒོམ་བསོད་ནམས་ཚོགས། །མཧྭ་ཤུརྒྱ་ཏ་རྙོ་རབ་བརྗོད་ནས། །ཕུར་པའི་ཧུ༷་ནི་ཉི་མ་དམིགས། །རིམ་གྱིས་འོད་གྱུར་བདག་འདུས་ཞུ། །རིམ་འཕྲོས་བཅུད་ནས་སྣོད་བཅུད་རིམ། །ཐམས་ཅད་ཞུ་སྟེ་འོད་སེམས་ཡིན། །རིམ་པ་བསྡུས་ཏེ་ཧུ༷་གི་འོད། །དེ་ཡང་རིམ་གྱིས་ཐིག་ལེ་སྟེ། །ཐིག་ལེ་ཆོས་ཀྱི་དབྱིངས་སུ་ཐིམ། །དེ་ནི་ཆོས་སྐུར་བྱིན་བརླབས་པའོ། །སྐད་ཅིག་ཙམ་ལས་ལྷར་དམིགས་ཏེ། །ཕྱག་ན་རྡོ་རྗེ་མིག་གཡས་ཉི། །ཧུ༷་ལས་ཁྲོ་དཔུང་འབར་བ་ཡིས། །བགེགས་བསྐྲད་ཐམས་ཅད་བསྲེགས་པར་བསམ། ཁྲངས་ཁུང་རླུད་ནག་འ་ས་པ་ཡིས། །ཐལ་བར་གྱུར་བས་གཏོར་བར་བསམ། །སྤྱན་གཡོན་ཟླ་བའི་དཀྱིལ་ན་ཨ། །དེ་ལས་ཁྲོ་མོ་ཆུ་ཀྱིན་གནས། །བགེགས་རྣམས་ཐམས་ཅད་བཀྲུས་པར་བསམ། །ཧུ༷་ཨོ་ཨུ། །ཧུ༷་ཧུ༷་ཁ༷། རྡོ་རྗེ་འཁོར་ལོ་རལ་གྲི་དང་། །ཕུར་བུ་མདའ་གཞུ་ཐོ་བ་ཡིས། །བགེགས་བསྐྲད་ཚུར་འདུས་གོ་རིམས་བཞིན། །འོག་འཁོར་རྩིབས་བཅུ་མཐར་ཐུག་གསམ། །གནོད་མཛེས་དེ་ནས་རབ་སྤྲུལ་ཏེ། །ཨོ་སུ༷་བྷ་ལ་སོགས་བསྒོ་བར་བྱ། །བགེགས་ཀྱི་བདག་པོ་མནན་པ་ནི། །ཧུ༷་བཅུ་ཕུར་བའི་ངོ་བོ་བྱ། །སྔགས་བཅུ་ཁྲ་བཅུ་སྟོང་དུ་སྟེ། །སྨད་ནི་ཕུར་པ་ཟུར་གསུམ་རྩེ། །གནོད་མཛེས་བསྒོ་བསྔགས་གདབ་པར་བྱ། །དེ་ནས་སྒོམ་བྱེད་འོད་ཞུ་ལ། །ཟླ་གམ་བ་དན་མཚན་མས་བསྐྱོད། །ཟུར་གསུམ་རྡོ་རྗེ་ཟླུམ་པ་ནི། །བུམ་མཚན་གྲུ་བཞི་རྡོ་རྗེས་མཚན། །རི་རབ་སྣ་བཞི་སོགས་སྣང་བ། །ཐམས་ཅད་དག་པ་ཡིན་པར་བརྗོད། །ཧུ༷། སྡུད་དང་འཕྲོ་འདུ་གཞལ་ཡས་ཁང་། །གྲུ་བཞི་སོགས་པས་མཚན་མར་བསྒོམ། །འཁོར་ལོ་རྩིབས་བཞི་ཉི་ཟླ་སོགས། །ཡེ་ཤེས་ཆོས་ཉིད་ཧུ༷་སྒྲིལ་ལྔ། །སོ་སོའི་སྔགས་བརྗོད་ཐབས་ཤེས་བཅུའོ། །རྩིབས་མཆན་བཞི་པོ་དག་ལ་ནི། །གཏོར་མ་རག་ཏ་བདུད་རྩི་སོགས། །བྱིན་གྱིས་བརླབ་པར་བྱ་བ་ནི། །ཨ་ཧུ༷་ཐོད་ཕུར་ལྔ་ལྔ་གཉིས། །ཕཊ་ཕཊ། ཨོ་ཨུ༷༷ཧུ༷།རླུད་མེས་སྦྱར་བར་རྟོགས་པ་ལས། །བྱང་ཆུབ་སེམས་བཞིས་དམིགས་པ་ཡིན། །ཛ་ཧུ༷་བ༷་ཧོ་ཚད་མེད་བཞི། །སྒོ་ མ་བཞི་ཡི་ངོ་བོར་བསྐྱེད། །ཧུ༷་ལས་འོད་འཕྲོས་སྤྱན་དྲངས་ནས། །མདུན་དུ་བྱོན་ནས་གཅིག་འདྲེས་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཡིན། །ཕྱི་ཡི་མཆོད་པས་མཆོད་པར་བྱ། །དུག་གསུང་བཀུག་སྟེ་མཆོད་འབུལ་སྟེ། །སྒོ་མ་བཞི་ཡི་བདུད་རྩིས་མཆོད། །དེ་དངོས་གྱིས་ནི་རབ་བསྟོད་དེ། །བསྐལ་པ་མེ་ལྷར་འབར་བ་སོགས་པའོ། །དེ་ནས་འཕྲིན་ལས་རབ་བཅོལ་ཏེ། །ནང་དུ་སྤྱན་དྲངས་རང་ལ་བསྟིམ། །ཡབ་ཡུམ་སྦྱོར་བ་མཛད་པ་ལས། །འདྲེས་པར་གྱུར་ལས་ཧུ༷་ཕྱུང་སྟེ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཞེས་བརྗོད་སྲས་མཆོག་དག་གྱུར་ནས། །རིགས་ལྔ་སོ་སོའི་ཡིག་འབྲུ་ཕྱུང་། །གནས་ལྔར་བཀོད་པས་བྱིན་བརླབས་པའོ། །སྐུ་གསུང་ཐུགས་སུ་བདག་གནས་སྤྲོ། །ལས་གསུམ་བྱས་པ་གསུམ་དག་རྩེ། །གཅིག་པར་རིགས་སོ་ཁྲོ་བོ་ལས། །འཆོལ་བ་མང་པོ་ཕར་འཕྲོས་ནས། །སྐུ་ལ་ཐིམ་སྟེ་ཐུགས་བཅུད་བསྡུས། །དེ་ནས་ཕྱུང་སྟེ་འགྲོ་བ་བསྒྲལ། །སླར་འདུས་མ་འདྲེས་སོ་སོར་བསྡུས། །དབང་ནུས་བྱིན་བརླབས་དངོས་གྱུར་པའོ། །ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཀྱང་། །འདི་ལ་བྱིན་གྱིས་བརླབ་པར་མཛད། །ལག་པ་ཉི་ཤུ་ཟླ་ཐབས་ཤེས་རབ། སོར་མོ་ལྔ་ཡང་ལྔ་ལྔ་གཉིས། །ཧུ༷་ཨ་ཆོས་སྐུ་མཐའ་ཐབས་ཤེས། །འབྲུ་ལྔ་ལྔ་གཉིས་ས་བོན་ཏེ། །སྦྱོར་སྔགས་སྐུར་བསྐྱེད་སྙོམས་པར་བཞུགས། །འདོད་ཆགས་བསྐྱེད་སྦྱོར་ཨ་ཛ་ལི། །བཛྲ་བྷན་དྷས་འོད་དུ་འཁྱིལ། །དེ་དུས་ཏིང་འཛིན་སྦྱོར་ཀུན་ཞུགས། །རྩེ་གསུམ་འདབ་བརྒྱད་རབ་རྒྱུད་དེ། །ཡེ་ཤེས་ཏིང་འཛིན་ཐིམ་དབང་བསྐུར། །ཨ་ནི་སྤྲོས་ཏེ་འོད་ཟིམ་བསྐུལ། །ཞེ་སྡང་རྗེས་དྲན་ཏིལ་འབྲུ་ཙམ། །གྲངས་མེད་དག་ནི་སྐུ་ལ་ཐིམ། །བདག་དང་ཁྲོ་བོ་ཡབ་ཡུམ་ལས། །སྦྱོར་བ་མཛད་པའི་བྱང་ཆུབ་སེམས། །སྐུ་གསུང་ཐུགས་སུ་གྱུར་པ་ནི། །བདག་དང་གཉིས་སུ་མེད་པར་ནི། །སྔགས་དང་ཕྱག་རྒྱས་གྱུར་པ་བྱ། །དེས་ནི་བདག་ཉིད་ཆེན་པོ་སྟེ། །ལས་བྱེད་ནུས་དང་བཞུགས་གསོལ་ནས། །ཕྱི་ནང་མཆོད་པ་གཞུང་བཞིན་དབུལ། །ལྷ་མོས་བསྟོད་པ་བྱས་རྗེས་སུ། །ལས་ནི་དེ་ལ་བཅོལ་བར་བྱེད། །བཟླས་བརྗོད་ཉེ་བར་བྱ་བ་ནི། །ཕྲ་མོའི་ཏིང་འཛིན་སྒོམ་པ་དང་། །བཟླས་བརྗོད་འཕྲོ་འདུས་བསྙེན་ཅིང་བསྒྲལ། །དཀྱིལ་འཁོར་ལུས་བསྡུ་དངོས་གྲུབ་དོན། །ཙིསྟ་རིན་ཆེན་སྲོག་རྩར་འདུད། །ཡེ་ཤེས་སེམས་སྙིང་རྡོ་རྗེ་སྟེ། །ལྟེ་བ་ཉི་ཟླ་ཁ་སྦྱར་ནས། །སྔགས་བརྗོད་བུག་ནས་དབུགས་འོད་སྟེང་། །བུག་ནས་སྲོག་རྩའི་ནང་དུ་བྱུང་། །བད་དབུས་སྲོག་རྩའི་ནང་དུ་བྱུང་། །བད་དབུས་སྲོག་རྩའི་ཡ་དབུགས་བཀག །རྭ་དབུས་ཕྱུང་སྟེ་དུ་མ་ལས། །ཨོ་བཛྲ་ཀི་ལ་ཀི་ལ་ཡ་ཆེ་གེ་མོ་ཞིག་མར་ཡ་ཕཊ། ཅེས་བརྗོད་པས། ཕུར་བུ་འདྲ་བའི་ཁྲོ་བོ་ཕྱོགས་བཅུར་སྤྲོས། །དོན་བྱས་གཟའ་བ་བསྒྲལ་ནས་འདུས། །ཁམས་གསུམ་རྣམ་རྒྱལ་དེ་བཞིན་གཤེགས། །རིགས་དང་སྦྱར་ཏེ་འཁོར་ལོའི་སྟེང་། །ཁ་དོག་དཀར་པོ་བུད་དྷར་སྦྱར། །གཤིན་རྗེ་གཤེད་པོ་རིན་ཆེན་རིགས། །སྦྱར་ཏེ་རིན་ཆེན་ཟུར་བརྒྱད་ལྟའི། །ཁ་དོག་མཐིང་ཀར་ད་ནར་སྦྱར། །ཧ་ཡ་གྲི་བ་པདྨའི་རིགས། །སྦྱར་ཏེ་པདྨ་འདབ་བརྒྱད་ལྟའི། །ཁ་དོག་དམར་པོ་པདྨར་སྦྱར། །ཁྲོ་བོ་སྟོབས་ཆེན་ལས་ཀྱི་རིགས། །སྦྱར་ཏེ་རྡོ་རྗེ་རྒྱ་གྲམ་ལྟའི། །ཁ་དོག་ལྗང་ཁུ་དཀར་དམར་སྦྱར། །འཕྲོས་པས་ཉོན་མོངས་ལྔ་བསྒྲལ་ཕྱིར། །གནས་ལྔར་བརྒྱབ་སྟེ་བསྒྲལ་བར་བྱ། །ཚུལ་འདུས་སྲས་མཆོག་གནས་ལྔར་འདུས། །ཕུར་པ་དག་ལ་ཐིམ་པས་གྲུབ། །སྐྱོ་བར་གྱུར་ན་རབ་བསྡུ་སྟེ། །སྒོ་མ་ཁྲོ་བོ་ཁྲོ་མོ་ལ། །དེ་ནི་ཡབ་ཡུམ་གཉིས་མེད་ཐིམ། །ཡབ་ཀྱི་སྤྱོད་པ་ཐམས་ཅད་བྱའོ། །དེ་ནས་ཉམས་ལེན་རིམ་པ་ནི། །མཚན་མའི་བསྙེན་པ་བྱེད་དུས་སུ། །ཐུན་གཅིག་སྤྱོད་པ་ཐུ་གཅིག་བསྒོམ། །ཐུན་གཅིག་བཟླས་ཏེ་མཚན་མོ་ནི། །ཐུན་གཉིས་ཉལ་ཏེ་གཉིས་དེ་བཞིན། །བསྙེན་པ་གཉིས་པའི་དུས་སུ་ནི། །ཉི་ཕྱེད་མཚན་ཕྱེད་ཐུན་དུས་སུ། །བཞིར་ཕྱེ་གཅི་བསྒོམ་གཅིག་བཟླས་སོ། །རྟགས་དང་དུས་གྲངས་ཐིམ་པར་བྱ། །དབང་ཕྱུག་མ་དང་གནོད་སྦྱིན་མོ། ཁྲ་ཟ་སྲིན་མོ་སྐབས་སུ་མཆོད། །ལས་ཀྱི་ཧེ་རུ་ཀར་གནས་པས། །སྙིང་ཁའི་ཧུ༷་ལས་འོད་ཕྱུང་སྟེ། །ཤཱཀླི་རྭ་རྫའི་སྔགས་བརྗོད་པས། །མདུན་དུ་སྤྲིན་བཞིན་གཏིབས་པར་བསྒོམ། །རང་རང་སྔགས་ལ་དང་པོ་ནི། །བཏགས་པ་བརྒྱ་རྩ་བརྒྱད་དུ་བརྗོད། །མ་ནུ་རག་ཤ་སི་སྨྱོ། པྲ་མ་ནི་སྨྱོ། ར་ཏྲི་མ་སྨྱོ། སྙེ་ན་སྙེ་སྨྱོ། ཀོ་མ་རི་སྨྱོ། ཨིནྟྲ་མ་སྨྱོ། པིང་ལ་སྨྱོ། ཨ་མྲི་ཏ་སྨྱོ། པྱེ་མྱ་པྱེ་སྨྱོ། དན་ད་པྱེ་སྨྱོ། རསྒ་སི་སྨྱོ། བག་ཤ་སི་སྨྱོ། པྲ་མ་ནི་སྨྱོ། ར་ཏི་བཛྲ་སྨྱོ། ར་ཏི་རེ་མ་ཏི་སྨྱོ། ཨེ་ཀྭ་རྭ་ཛ་མ་སྨྱོ། མ་ནོ་ཧ་ར་མ་སྨྱོ། སི་ཏི་ཀ་སྨྱོ། མཧྭ་ཀརྨ་བཛྲ་སྨྱོ། ཨསྣེ་མ་སྨྱོ། བ་ར་ཧི་སྨྱོ། ཙུ་མུ་ཏི་སྨྱོ། ཨུ་ཏ་ན་སྨྱོ། མཧྭ་ཀྭ་ལ་བཛྲ་སྨྱོ། ཙ་ཀ་ལ་སྨྱོ། ཀུ༷་པ་ཀ་རན་སྨྱོ། བཛྲ་ལ༷་པོ་ད་ར་སྨྱོ། ཏབྱ་ཐུ། སྒག་རག་ཤ་ཏ་ཟི་རུ་ནན། མུག་ཏི་བ༷་རུ་ལུ་རུ་ལུ་ཛ། ཛ་ཧུ༷་བ༷་ཧོ། ཨེ་གྱེ་ཧི་བྷ་ག་ལྷུན་བི་ཏ་ཤ་ཡ་སྤྱི་ཛྲ་སྦྱོ་སྨྱོ་རུ་ལུ་ཧུ༷། ཞེས་པས་སྤྱན་དྲངས་དེ། མདུན་དུ་བྱ་ནག་གཏིབས་པ་ཙམ་བསྒོམ། དེ་ནས་ཟིལ་གྱིས་མནན་ཅིང་བསྡིགས་པར་བྱ་སྟེ། ཛ་ཧུ༷་བ༷་ཧོ། ཐྲི་ཧེ་རུ་ཀ་མཧྭ་བཛྲ་སརྦ་དང་སྟ་ཨ་བི་དང་ཤུ། ཨ་བི་སྟ༷་ཀ་ཡ་ཧུ༷་ཕཊ། ཅེས་བརྗོད་དོ། །མཆེ་པའི་ཕྱག་རྒྱ་བཅས་ནས་ཟ་བའི་ཚུལ་བསྟན་ཏེ་བསྒོམ་པས་བསྡིགས་སོ། །ཛ་ཧུ༷་བ༷་ཧོ། ཤི་ཧེ་རུ་ཀམ་མཧྭ་བཛྲ་ཨ་ཀ་ཏ་ཡ་ཨ་ཀ་ཏ་ཡ། པྲ་བེ་ཤ་ཡ་བྲ་བེ་ཤ་ཡ། བརྙ་ཡ་བརྙ་ཡ། བི་ཏང་ས་ཡེ་བུ་ཏ་གཤེ་ཏྲི་པྲ་རི་ཨ་སྟི་སྟ༷་པ་ཀ་ཡ་ཧུ༷་ཕཊ། ཅེས་བརྗོད་པས། གཤོག་པའི་ཕྱག་རྒྱ་བཅས་པའི་རྡོ་རྗེ་གཤོགས་པས་ཟིལ་གྱི་མནན་པར་བསྒོམ་མོ། །དེ་ནས་རྩ་སྔགས་ལ། ཨསྙེ་པྲ་ཏི་སྣྲོ་ཧོ་བཏགས་པས་ཞལ་དབྱེའོ། །རྩ་སྔགས་ལ། ཨོ་ས་མ་ཡ་མཧྭ་པ྅་ཨ་མྲི་ཏ་ཨསྙེ་པྲ་ཏི་སྣྲོ་ཧོ། བརྗོད་པས་གཏོར་མ་འབུལ། རྩ་སྔགས་ལ། མྱ་ར་ཡ་ཞེས་པ་དང་སྤེལ་བས་ལས་བཅོལ་ལོ། །ཡ་ཧི་ག་ཛ་ཞེས་པས་གཤེགས་སུ་གསོལ་ལོ། །བསྙེན་པའི་འཁོར་ལོ་ནག་པོ་ནི། །སྣོད་རབ་ལ་ཡང་གསུམ་ཕྱེ་ནས། །རབ་ཀྱི་མཐའ་ལ་བསྟན་པར་བྱའོ། །འབྲིང་རྣམས་མན་ཆད་བསྟན་མི་བྱ། ཁྱི༔༔ །།ཧུ༷། ཁྲག་འཐུང་ཐུགས་སུ་གནས་པ་ནི། །ཡེ་ཤེས་རྩེ་མོ་མཆོག་ཉིད་ཝ །རྟོགས་པའི་ཚུལ་གྱིས་རབ་བཏུད་དེ། །བསྒྲུབ་པའི་འཁོར་ལོ་ནག་པོ་བསྟན། །བདག་དང་དུས་དང་གནས་གཟུགས་ཉིད། །བྱིན་བརླབས་བཟླས་བརྗོད་འཕྲིན་ལས་ནི། །འཁོར་ལོ་རྫོགས་པའི་ནག་པོ་སྟེ། །འདིས་བཏབ་ཅི་འདོད་བྱིན་ནོ་ཞེས། །དམ་ཚིག་བདག་པོས་རབ་ཏུ་གསུངས། །འདས་ན་ལྷ་ཡང་བརླག་པའི་ཕྱིར། །རང་གི་བཀའ་ལས་རང་མི་འདའ། །འདི་རྒྱུད་མང་དུ་ཐོས་པ་ཡིས། །ལས་ལ་མཁས་ཤིང་ཡིད་ཆེས་པའི། །དད་ཐོབ་གཞན་གྱིས་མ་ཟློགས་ཤིང་། །དབང་ཚིག་ལས་ལ་གནས་པ་དང་། །བརྩོན་འགྲིས་དྲག་ཅིང་འབྲས་བུ་ནི། །མ༷་ས་སྟོང་བྱུང་རྣམ་པ་ལྔ། །དེ་རྟགས་བྱུང་ན་ཕྲག་དོག་མེད། །བསྒྲུབ་པ་ཆེན་པོ་འདི་ཉིད་ཀྱིས། །བར་ཆད་བསལ་ནས་བྱང་ཆུབ་ལ། །བློ་བཞག་ཉིད་དུས་ནག་པ་ནི། །བསྒྲུབ་བཞི་ཡིན་པས་སྔོན་དུ་བསྟན། །བཅུ་བདུན་ཡན་ཆད་ཡར་ངོ་ནི། །བསྙེན་པའི་དུས་ཡིན་ཟླ་རྒྱས་ལྟར། །བསོད་ནམས་ཡེ་ཤེས་ཚོགས་རྒྱས་པས། །བདག་གི་དོན་གྱི་དུས་ཡིན་བཤད། །དེ་ཕྱིར་བསྙེན་པ་ཚང་བ་དང་། །རྟགས་བྱུང་གཞན་གྱི་དོན་བྱའི་ཕྱིར། །བཅུ་བདུན་མན་ཆད་མར་ངོ་དང་། །ཕུར་བུ་མིག་དམར་ལ་སོགས་པ། །ཟླ་འབྲིང་བསོད་ནམས་འབྲིང་པོ་དང་། །ཐེབས་དང་བཀྲི་མི་ཤིས་པའི་ཕྱིར། །དུས་འདིར་བསྟུན་བསྒྲུབ་ལ་འཇུག །དུས་ཀྱི་འཁོར་ལོ་ནག་པོའོ། །དེ་ཡིས་རྗེས་སུ་རབ་ཏུ་བསྟན། །དུར་ཁྲོད་མ་མོ་ཤིང་རྐང་གཅིག །གནོད་སྤྱིན་ཡོད་པར་ངེས་པའི་གནས། །དེར་བྱས་མ་མོ་གནོད་སྤྱིན་གདོན། །དབང་བསྡུས་དམ་ལ་ལེ་ལན་གྱིས། །གཟའ་བ་ཕོ་ནི་བསྒྲལ་ཕྱིར་རོ། །གནས་ཀྱི་འཁོར་ལོ་ནག་པོའོ། །མཚམས་ཀྱི་འཁོར་ལོ་ནག་པོ་ནི། །གཏོར་མ་ནག་པོ་བཅུ་བཞི་བཤམ། །མཐོ་ནག་བཅུ་བཞི་ཕྱོགས་སྐྱོང་དང་། །རྒྱལ་ཆེན་བཞི་རུ་མངའ་གསོལ་ཏེ། །གཏོར་མ་བྱིན་བརླབ་དེ་ལ་དབུལ། །ཕྱི་མཚམས་བསྲུང་བ་དེ་ལ་བཅོལ། །ནང་མཚམས་གོང་དུ་བཤད་བཞིན་ནོ། །དཀྱིལ་འཁོར་འཁོར་ལོ་ནག་པོ་ནི། །འདོམ་གང་མདའ་གང་གྲུ་བཞི་ལ། །སྒོ་བཞི་གྲྭ་བཞིར་བསྐོར་བའི་དཀྱིལ། །ཐིག་བཞི་དཀྱིལ་ནས་འཁོར་ལོ་ནི། །རྩིབས་བཞི་ལྟེ་བ་ཟླུམ་པོའི་དཀྱིལ། །ཟུར་གསུམ་སུམ་བརྩེགས་བསྐོར་བ་ལ། །ས་ཚོན་བྱིན་གྱིས་བརླབས་ཏེ་དབྱེ། །གཟུགས་ཀྱི་འཁོར་ལོ་ནག་པོ་ནི། །ལྕགས་སམ་ལྕགས་ལྔ་ཚེར་མ་ཅན། ཁྲེང་ལས་རྒྱུ་དང་ཚད་དང་བྱིབས། །ལྡན་པ་བཅུ་བདུན་བཤམ་ནས་ནི། །བདུན་ནི་གྲུ་གསུམ་དབུས་སུ་གཟུགས། །བཤམ་པ་འཁོར་ལོ་ནག་པོ་ནི། །མ༷་ས་སྟོང་བྱུང་རྣམ་པ་ལྔ། །གླང་པོ་རྟ་དོམ་ཁྱི་ལ་སོགས། ཁྲ་རྣམས་ཁྲག་ནི་སྣ་ཚོགས་ལས། །གཏོར་མ་ནག་པོ་ཆ་གཅིག་བཤམ། །དེ་རྐྱེན་མཆོད་ཡོན་རག་ཏ་ནི། །གོང་ལ་སོགས་པ་རྣམ་པ་ལྔ། །མྱོས་བྱེད་སྣ་ཚོགས་སྦྱར་བ་ནི། །རཀྟ་མཆོད་པའི་རྫས་སུ་བཤམ། །ར་ས་ཡ་ན་ཚོགས་པ་ལ། །མྱོས་བྱེད་དུ་མ་སྦྱར་བ་བཤམ། །དགྲ་བགེགས་མྱུར་རུ་བསྒྲལ་བའི་ཕྱིར། །དུག་གཏོར་ནག་པོ་ཆ་གཅིག་དང་། །ཕྱེ་མ་གསུམ་དང་ར་ཁྲག་སྦྱར། །གཉིས་པ་གདོན་ལ་བཏབ་རྫས་བཤམས། །ཞིང་ཆེན་བླ་རེ་ཆེན་པོ་དང་། །ཤ་ཆེན་ལྷུག་དུམ་བཀྲམ་པ་དང་། །གསུར་ཆེན་དུད་པ་བཀྲམ་པ་དང་། །ཐེ་ཚོམ་མེད་པར་འདི་རྣམས་བསམ། །སྔོན་བྱ་འཁོར་ལོ་ནག་པོ་ནི། །འབོལ་ཞིང་འཇམ་པའི་སྟན་བཏིང་ནས། །དེ་སྟེངས་རྣལ་འབྱོར་བདག་གནས་ཏེ། །སྙིང་པོ་ནང་ཉིད་དཀྱིལ་འཁོར་སྟེང་། །ཧྭ༷་ལས་འོད་ཟེར་སྣ་ལྔ་ནི། །འཕྲོས་པས་དཀོན་མཆོག་གསུམ་སྤྱན་དྲང་། །ལུས་ནི་བཅོ་ལྔར་རབ་སྤྲུལ་ཏེ། །ཚིགས་བཅད་འདིས་ཀྱང་བསྟོད་པ་ནི། །ལྕེ་བཅོ་ལྔ་ནི་དབྱངས་བཅོ་ལྔ། ཁེན་ཏུ་ཁྲོས་ཤིང་ག་་པ་ལ།་།ཞི་བས་ཕན་པཇེ་མི་འགྱུར་ཏེ། ཁྲེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཧུ༷། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། །ཁྲོ་བོ་ཉེ་བར་ཞི་མཛད་པ། །ཁྲོ་ཞིང་ཆེ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་སྤྱི་ཞབས་ལ་བཞུགས། །ཧུ༷་ལས་འོད་འཕྲོས་ཕྱི་ནང་གི །མཆོད་པས་ཉེ་བར་མཆོད་པར་བྱ། །ཐོག་མེད་དུས་ནས་སྡིག་བྱས་བཤགས། །འོད་འཕྲོས་སྡིག་པ་ཚིག་པར་བསམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །དགེ་ལ་རྗེས་སུ་ཡི་རང་ངོ་། །དཀོན་མཆོག་གསུམ་ལ་སྐྱབས་སོང་བས། །འཁོར་ལོ་རྩེ་ལ་གནས་པར་བྱའོ། །དོན་བྱ་སྡུག་བསྔལ་གྱིས་གསུངས་དང་། །དགའ་དགོད་དམིགས་མེད་ཚད་མེད་བཞི། །མཧྭ་ཤུ་ནེ་ཙྭ་ན་བརྗོད་ནས། །སྟོང་ཉིད་བྱང་ཆུབ་སེམས་ལ་གཞོལ་བ། །སྔོན་དུ་འགྲོ་བའི་མཆོག་ཡིན་ནོ། །ཡང་མཚམས་འཁོར་ལོ་ནག་པོ་ནི། སྐད་ཅིག་མ་ལས་བགེགས་གདབ་བོ། །ཕྱག་ན་རྡོ་རྗེ་གསལ་བར་རབ་དམིགས། །སྐུ་མདོག་ལྗང་ཁུ་ཕྱག་གཡས་ན། །རྡོ་རྗེ་གཡོན་པ་སྐུ་ལ་རྟེན། །སྤྱན་གཡས་ཉི་མའི་དཀྱིལ་སྟེང་དུ། །ཧུ༷་ལས་ཁྲོ་བོ་མེ་དཔུང་འབར། །བགེགས་བསྐྲད་ཐམས་ཅད་བསྲེགས་པར་བསམ། །གཡོན་པའི་བར་གྱི་ཤངས་ཁུངས་ནས། །བགེགས་གཏོར་གཡོན་དུ་ཨ་ལས་ཟླ། །ཆུ་ནང་གནས་པའི་ཁྲོ་མོ་ཡིས། །བགེགས་བསྐྲད་ཆུ་ཡིས་ཁྱེར་བར་བསམ། །ཧུ༷་ཨོ་ཧ་ཧུ༷་ཧུ༷་ཁ༷། རྡོ་རྗེ་འཁོར་ལོ་རལ་གྲི་དང་། །ཕུར་བ་མདའ་གཞུ་ཐོ་བ་ཡིས། །བགེགས་བསྐྲད་ཚུར་འདུས་གོ་རིམས་བཞིན། །འོག་འཁོར་རྩིབས་བཅུ་མཐར་ཐུགས་བསམ། །ཐུགས་ཁའི་ཧུ༷་ལས་ཧུ༷་བྱུང་ལ། །དེ་ནས་གནོད་མཛེས་རབ་སྤྲུལ་ཏེ། །ཨོ་སུ༷་བྷ་ལ་སོགས་བསྒོ་བར་བྱ། །བཅུའམ་གཅིག་གིས་རིམས་ཀྱིས་བསམ། །གཅིག་པར་བགེགས་ཀྱི་བདག་པོ་ཀུན། །དེ་རྗེས་མནན་པ་མཚམས་ཕུར་བཅུ། །ཧུ༷་འཕྲོས་འོད་ཞུ་ཆོས་སྐུ་ཡིན། །ཧུ༷་བཅུར་གྱུར་པ་ལོངས་སྤྱོད་རྫོགས། །དེ་ལས་སྐུར་བསྐྱེད་ཕྱིར་བརྗོད་པས། །བི་ཛ་ཡ་བཛྲ་མཧྭ་ཀྲོདྷ་ཧུ༷་ཕཊ། ནི་ལ་དཎྜབཛྲ་མཧྭ་ཀློ་དྷ་ཧུ༷་ཕཊ། ཡ་མྱརྙ་ཀ་བཛྲ་མ་ཧྭ་ཀྲོ་ཏ་རྙི༷་ཕཊ། ཨུརུ་ཨ་ཙ་ལ་བཛྲ་མཧྭ་ཀྲོདྷ་ཧུ༷་ཕཊ། ཧ་ཡ་གྲི་བ་བཛྲ་མཧྭ་ཀྲོདྷ་ཧུ༷་ཕཊ། ཨ་པ་རྭ་ཇི་ཏ་བཛྲ་མ་ཧྭ་ཀྲོ་དྷ་ཧཱུཾ༷་ཕཊ། ཨ་མྲི་ཏ་ཀུཎྜ་ལི་བཛྲ་མ་ཧྭ་ཀྲོ་དྷ་ཧཱུཾ༷་ཕཊ། ཏྲེ་ལོ་ཀྱ་བའི་ཤ་ཡ་བཛྲ་མ་ཧྭ་ཀྲོ་དྷ་ཧཱུཾ༷་ཕཊ། ཧཱུཾ༷་ཀ་ར་ཧཱུཾ་བཛྲ་མ༷་ཧྭ་ཀྲོ་དྷ་ཧཱུཾ༷་ཕཊ། མ་ཧྭ་པ་ལ་བཛྲ་མ་ཧྭ་ཀྲོ་དྷ་ཧཱུཾ༷་ཕཊ། དཀར་མཐིང་སྔོ་ནག་སྔོ་སྐྱ་དམར་ལྗང་སེར་སྔོ་སྐྱ། །དུད་ཁ་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་ཕུར་པ་གཡོན་པ་ཐོ། །སྨད་ནི་ཕུར་པ་ཟུར་གསུམ་རྩེ། །ཨོ་ཀྟ་ལ་སོགས་བསྒོ་བས་གདབ། །ཅི་ཙམ་འདོད་པས་མཚམས་བཅད་དོ། །བྱིན་བརླབ་འཁོར་ལོ་ནག་པོ་ནི། །ཕུར་པ་བདུན་པ་དག་ལ་སྟེ། །ཕུར་པའི་ཧུ༷་ནི་ཉིད་ལ་དམིགས། །རིམས་ཀྱིས་འོད་འདུས་བདག་འདུས་ཞུ། །རིམས་འཕྲོས་མཆེད་ནས་སྣོད་བཅ་རིམ། །ཐམས་ཅད་ཞུ་སྟེ་འོད་སེམས་ཡིན། །རིམ་པར་བསྡུས་ཏེ་ཧུ༷་གི་འོད། །དེ་ཡང་རིམས་ཀྱིས་ཐིག་ལེ་སྟེ། །ཐིག་ལེ་ཆོས་ཀྱི་དབྱིངས་སུ་ཐིམ། །དེ་ནི་ཆོས་སྐུར་བྱིན་བརླབས་པའོ། །དེ་རྗེས་འཁོར་ལོའི་ནང་དུ་ཧུ༷། །འཕྲོ་འདུ་ཟླ་ཁམ་བ་དན་དང་། །ཟུར་གསུམ་རྡོ་རྗེ་ཟླུམ་པོ་ནི། །བུམ་མཚན་གྲུ་བཞི་རྡོ་རྗེས་མཚན། །རི་རབ་སྣ་བཞི་སོགས་སྣང་བ། །ཐམས་ཅད་དག་པ་ཡིན་པར་བརྗོད། །ཧུ༷་སྡུད་འཕྲོ་འདུའི་གཞལ་ཡས་ཁང་། །གྲུ་ཆད་སོགས་པ་མཚན་མར་བསྒོམ། །དཀྱིལ་འཁོར་ཐོག་རིམས་འཁོར་ལོ་ནི། །རྩིབས་བཞི་ཤར་ལྷོ་ནུབ་བྱང་རྣམས། །དཀར་སེར་དམར་ལྗང་གོ་རིམས་བཞིན། །རུ་ཏྲ་བརྒྱ་བྱིན་གཤིན་རྗེ་དང་། །ཆུ་ལྷ་གནོད་སྦྱིན་རྒྱལ་ཆེན་བཞི། །དབུས་ནས་བྱང་དུ་བྱི་ཆིངས་བསམ། །ཉི་དཀྱིལ་ཡེ་ཤེས་ཆོས་ཉིད་ནི། །ཧུ༷་བསྒྲིལ་ལྔ་ཡི་ཁ་དོག་བཞིན། །སྔོན་གྱི་སྨོན་ལམ་རྐྱེན་གྱིས་ལངས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས། །དེ་ལས་རང་སྒྲ་བྱུང་བ་ནི། །ཨོ་ཀརྨ་ཤི་ཧེ་རུ་ཀ །ཀརྨ་གི་ལི་ཀི་ཡ་མཧྭ་ཅཎྜསརྦ་དུལྒ༷ ཏ་ཀ་ཧ་ན་ད་ཧ་པ་ཙ་ཧུ༷་ཧུ༷་ཕཊ་ཕཊ། ཀ་ར༷་ཀྲོ་དྷི་ཤྭ་རི་ཧུ༷། ཞེས་བརྗོད་པ། ཀར་མ་ཧེ་རུ་ཀ་ནི་ཡབ་ཡུམ་དམིགས། །སྐུ་མདོག་ལྗང་ཁུ་དཀར་དང་དམར། །ཞབས་བགྲད་སྤྱན་དགུ་སྡང་མིག་འགྱུར། །གཡས་ཕྱག་དང་པོ་འཁོར་ལོ་ནི། །ནམ་མཁར་འཕྱར་ཞིང་གདེང་བ་དང་། །ཏྲི་ཤུལ་དགྲ་སྟ་གཡས་གཉིས་ལ། །རྒྱ་གྲམ་ཐུགས་ལར་བསྟན་པ་དང་། །བརྙ་དམར་བཀང་ཕུར་པ་འགྲིལ། །གཡོན་གྱི་ཕྱག་ནི་རིམ་པ་བཞིན། །ཞབས་བཞི་བརྐྱང་བསྐུམ་གྱད་དོར་ཐབས། རྣམ་ཐར་ཡེ་ཤེས་ཚད་མེད་རྣམས། །མེ་ལོང་ལྷ་བུར་དག་པའོ། །ཨོ་ཏྲེ་ལོ་ཀྱ་བི་ཛ་བཛྲ་མཧྭ་ཀྲོདྷ་ཧུ༷་ཕཊ། ཀྲོ་དྷིཤཱ་རི་ཧུ༷། ཞེས་བརྗོད། ཤར་དུ་ཧཱུཾ༷་བསྒྲིལ་མ་ལས་བསྐྱེད། ཁྲ་བོ་རྣ་རྒྱ་ཡབ་ཡུམ་ནི། ཞལ་གསུམ་དཀར་དང་སྔོ་དམར་པོ། ཨོ་ཡ་མརྙ་ཀ་བཛྲ་མ་ཧྭ་ཀྲོ་དྷ་ཧཱུཾ༷་ཕཊ། ཀྲོ་དྷི་ཤྭ་རི་ཧཱུཾ༷། མཉམ་ཉིད་ཡེ་ཤེས་ཆེན་པོའི་རྟགས། །ལྷོ་རུ་ཧུ༷་བསྒྲིལ་ལས་བསྐྱེད་པ། །གཤིན་རྗེ་གཤེད་པོ་ཡབ་ཡུམ་ནི། །སྔོ་ནག་དཀར་དང་དམར་བའི་ཞལ། །ཨོ་རྒྱ་གྲི་བ་བཛྲ་མཧྭ་ཀྲོ་དྷ་ཧུ༷་ཕཊ། ཀྲོ་དྷི་ཤྭ་རི་ཧུ༷། སོ་སོར་ཀུན་རྟོགས་ཡེ་ཤེས་རྟགས། ནུབ་ཕྱོགས་ཧུ༷་བསྒྲིལ་ལས་བཞེངས་པ། །ཁྲོ་རྒྱལ་རྟ་མགྲིན་ཡབ་ཡུམ་ནི། །དམར་པོ་དཀར་སྔོ་རྟ་ཡི་དབུ། །ཨོ་མཧྭ་བ་ལ་བཛྲ་ཀྲོ་དྷ་ཧུ༷་ཕཊ། ཀྲོ་དྷི་ཤྭ་རི་ཧུ༷། བྱ་བ་གྲུབ་པའི་ཡེ་ཤེས་རྟགས། །བྱང་གི་ཧྭ༷་བསྒྲིལ་ལས་འཐོན་པ། །ཁྲོ་བོ་སྟོབས་ཆེན་ཡབ་ཡུམ་ནི། །ལྗང་ཁུ་དཀར་དང་དམར་བའི་ཞལ། །བསྟོ་དམར་བཀང་ཐོད་དབྱུག་དང་། །རྡོ་རྗེ་དབྱུག་པ་རྒྱ་གྲམ་རྩེ། །བཞི་པོ་གཡས་ཀྱི་དང་པོ་སྟེ། །ཉོན་རྨོངས་ཕུང་པོ་ལྷ་འཆི་བདག །བདུད་བཞི་འཇོམས་ཕྱིར་གོ་རིམསབཞིན། །གླངཆེན་ཞིང་ལྤགས་སྟག་དང་སྦྲུལ། །ཐོད་པ་ཞག་དང་ཁྲག་ཐལ་བས། །གཅེར་བུའི་དབུ་ལ་བརྒྱན་པ་ཡི། །གཡོན་པའི་ཕྱག་གིས་རང་རིག་འཁྱུད། །ཏྲི་ཤུ་དགྲ་སྟ་བར་བར་སྟེ། །ཐབས་དང་ཤེས་རབ་མཐའ་ཕུར་འདྲིལ། །དམོ་འོག་ཟེར་འོག་འཇིགས་པའི་འོག ཁྲ་བ་འུག་པ་འགྱིང་བའི་འོག །བྱི་ལ་པུ་ཤུད་མཛེས་པས་མགྱོགས། །དྲེད་དང་བྱི་བ་རྩལ་འོག་མང་། །ཀུན་ཀྱང་མི་ལུས་གོང་མའི་འོག །གཙོ་འདྲ་རང་གི་འོག་འདྲའོ། །གཡས་པའི་ཕྱག་གིས་ལྕགས་ཀྱུ་འཛིན། །གཡོན་པའི་ཕྱག་ནི་ཕུར་པ་འདྲིལ། །ཞབས་ནི་རྒྱུག་པའི་ཚུལ་དུ་བཞུགས། །རྩིབས་མཆན་བཞི་པོ་དག་ལ་ཡང་། །གཏོར་མ་རག་ཏ་བདུད་རྩི་དང་། ཁྲ་ཆེན་མང་པོ་དུམ་བུར་གཏོར། ཁྱད་པར་དགྲ་བགེགས་སྐྱོ་བ་བཏང་། །ཨ་ཧུ༷་ཨོ་ལས་གྲུབ་པ་ནི། །ཐོད་པ་མི་འཆི་དཔའ་བོ་ལྔ། །ཕུར་པ་བཞི་ཡང་དམིགས་པ་ཡིན། །ཡ༷་ར༷་ཨོ་ཨུ༷༷ཧུ༷་འབྲུ་ཡི། །རླུད་མེས་སྦྱར་འབར་རྟོགས་པ་ལས། །བྱང་ཆུབ་སེམས་བཞི་དམིགས་པ་ཡིན། །ཛ་ཧུ༷་བ༷་ཧོ་ཚད་མེད་བཞི། །སྒོ་མ་བཞི་ཡི་ངོ་བོར་བསྐྱེད། །ཧུ༷་ལས་འོད་འཕྲོས་སྣུན་དྲངས་ནས། །མདུན་དུ་བྱོན་ནས་གཅིག་འདྲེས་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་ཡིས། །ཕྱི་ཡི་མཆོད་པས་མཆོད་པར་བྱའོ། །དུག་གསུམ་བཀུག་སྟེ་མཆོད་འབུལ་ཏེ། །སྒོ་མ་བཞི་ཡིས་མཆོད་པར་བྱའོ། །དེ་དངོས་ཀྱེས་ནི་རབ་བསྟོད་དེ། །བསྐལ་པ་མེ་ལྟར་འབར་སོགས་པའོ། །དེ་ནས་འཕྲིན་ལས་རབ་བཅོལ་ཏེ། །རང་འདོད་ལས་ལ་བསྒོ་བར་བྱ། །ཐུགས་ཀའི་ཧུ༷་ཛ་འཕྲོས། །ལྕགས་ཀྱུ་ཐོགས་པ་ལྷ་དྲང་སྤྲོ། །ཕྱོགས་བཞི་ལྷ་ནི་ཕྱོགས་མཐུན་བསྒོ། །དབུས་ཀྱི་ལྷ་ཚོགས་ལྷོ་སྒོ་ནས། །སྤྱན་དྲངས་རང་རང་མདུན་དུ་ད གས། །རང་རང་ ་ ་ཕྱོགས་ ་ཡང་། །བདུད་རྩ་མཆོད་པའ་རྗེས་སུ་ ། །རང་རང་ཧུ༷་ཞགས་ཐོགས་ནས། །གྲངས་དང་མཉམ་པར་རང་ལ་བསྟིམ། །ཧུ༷་ལས་བ༷་འཕྲོས་ལྕགས་སྒྲོག་ཅན། །གྲངས་མཉམ་ཞབས་དང་བཅིང་བར་བྱ། །ཧཱུཾ་ལས་ཧོ་འཕྲོས་དྲིལ་བུ་ཅན། །གྲངས་མཉམ་རང་རང་དགྱེས་པ་བསྐྱེད། །ཡབ་ཡུམ་སྦྱོར་མཛད་བྱང་ཆུབ་སེམས། །འདྲེས་པར་གྱུར་ལས་ཧུ༷་ཕྱུང་སྟེ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཞེས་བརྗོད་སྲས་མཆོག་དག་གྱུར་པ། །དབུ་སྐྱེས་ཁམ་ནག་ཟུར་གསུམ་གྱེན། །ཀ་བ་ལ་དང་ལྟོས་འགྲོས་བཅིངས། །ལྟེ་བ་ཡན་ཆད་མཐིང་ནག་སྟེ། །ཆོས་བརྒྱད་སྤྱན་གསུམ་ལྡན་པ་ལ། །ལྟེ་བ་མན་ཆད་ལྕགས་ཕུར་ནི། །ཟུར་གསུམ་གཡས་ཀྱི་དང་པོ་ནི། །སྟ་རེ་གྱེན་བསྟན་བསྡེག་པ་དང་། །རྡོ་རྗེ་རབ་གནོན་ཐབས་ནི་མཁའ། །གཡོན་གྱི་ཕྱག་ན་གོ་རིམས་བཞིན། །ཁ་ཊ༷་འཁོར་རྡུང་ཕུར་པ་འདྲིལ། །ཁྲོ་རྒྱལ་འདུས་པ་ཐམས་ཅད་པས། །མཐུ་ཆེན་གྲུ་གསུམ་ལ་བཞུགས་བསམ། །ཟླ་བའི་དཀྱིལ་འཁོར་ལྔ་སྟེངས་སུ། །རིགས་ལྔ་སོ་སོའི་ཡིག་འབྲུ་ཕྱུང་། །ཨོ་ཨུ༷༷ཧུ༷་ཏྲ༷་ཕཊ། གནས་ལྔའི་ཁ་དོག་སོ་སོར་དགོད། །སྐུ་གསུང་ཐུགས་སུ་དག་ནས་སྤྲོས། །ཟླ་པད་ཉི་མའི་དཀྱིལ་སྟེངས་སུ། །ཨོ་ཧྲི་ཕཊ། ཕཊ་ཕཊ་ཕཊ་ཧུ༷་ཧུ༷་ཧུ༷། ལན་གསུམ་བྱས་པས་གསུམ་དགརྩེ། །གཅིགཔརབྱིན་གྱིས་བརླབ་པའོ། །སྐུ་ལྟས་ཏིང་འཛིན་གསལ་བ་དང་། །རིགས་ལྔའི་ཁྲོ་བོ་འཁོར་བཅས་ལས། །ཏིང་འཛིན་རྒྱུ་ལས་འཕྲོས་གསལ་བ། །རང་རང་འདྲ་བའི་སོ་སོར་འཕྲོས། །ཡེ་ཤེས་ལྔ་ཡི་བཅུད་བསྡུས་ཏེ། །ཉོན་མོངས་ལྔ་པོ་རབ་བཅོམ་ནས། །གནས་ལྔར་བསྒྲལ་བའི་ཚུལ་བྱས་ནས། །ཞལ་ནས་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །སླར་འདུས་ཧུ༷་གི་སྒྲ་བརྗོད་ནས། །དབང་བྱིན་སོ་སོར་འདུས་པས་ཐོབ། །དེ་ལྟར་དབང་ཐོབ་བྱིན་བརླབས་སྟོབས། །འགྲོ་བའི་དོན་དུ་རབ་གཤེགས་ནས། །ཕྱོགས་བཅུར་བདེ་གཤེགས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་དཔའི་མཛད་སྤྱོད་དུས། །སྟོང་གྲོགས་མཛད་པར་ཞལ་བཞེས་པ། །འདི་ཡི་སྟོང་གྲོགས་མཛད་དུ་གསོལ། །ཏིལ་འབྲུ་ཙམ་འདུས་བདེ་གཤེགས་འདུས། །ལག་པ་ཉི་ཟླ་ཐབས་ཤེས་རབ། །སེན་མོ་ལྔ་ལ་ལྔ་ལྔ་གཉིས། །ཧུ༷་ཨ་ཆོས་སྐུ་མཐའ་ཐབས་ཤེས། །གུང་མོ་སྡིག་པ་མཐེ་འོང་དང་། །ཐ་ལྟག་དང་ཡང་ཐ་ཆུང་ལ། །ཨོ་ཨུ༷༷ཧུ༷་ཧྲི་ཧ་ལས་བྱུང་། །འབྲུ་ལྔ་ལྔ་གཉིས་ས་བོན་ཏེ། །སྦྱར་སྔགས་སྐུར་བསྐྱེད་མཉམ་པར་བཞུགས། །ཐལ་སྦྱར་སུ་ར་ཏ་སྟུ༷་པ་ཡིས། །སེར་པོ་དཀར་པོ་མཐིང་ཀ་དང་། །དམར་པོ་ལྗང་ཁུ་ཞལ་གཅིག་པ། །ཕྱག་གཉིས་འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་པདྨ་རལ་གྲི་དང་། །དྲིལ་བུ་གཡོན་ན་འཛིན་པར་བྱེད། །འདོད་ཆགས་བསྐྱེད་སྦྱོར་ཐལ་མཉམ་སྦྱར། །ཨོ་བཛྲ་ཨ་ཛ་ལི་ཧུ༷། སོར་མོ་ཅུང་ཟད་བསྣོལ་བ་ནི། །ཕྲད་པའི་བདེ་བ་ཡང་དག་འབྱུང་། །ཨོ་ཛྲ་བན་དྷ་ཧུ༷། རྒྱབ་ཏུ་བསྣོལ་དེ་བསྡམས་པ་ཡིས། །ཡབ་ཡུམ་བཅུ་པོ་འོད་དུ་ཞུ། །ས་མ་ཡ་སྟུ༷། ཕུར་བླངས་ཆང་བའི་ནང་བཅུག་ནས། །ལག་མཐིལ་ཕྱེ་ལ་མཐེ་བོང་གཉིས། །སྲིན་ལག་མཐེ་ཆུང་བར་དུ་གཞུག །མཐེ་བོང་ཅུང་ཟད་བསྒུལ་ཞིང་དྲུད། །ཨོ་བཛྲ་ཨུ་བེ་ཤ་ཨ་ཨ་ཨ། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཀྱི། །ཡབ་ཡུམ་སྲས་དང་བཅས་པ་ཀུན། །ཞེ་སྡང་རྗེས་སུ་དྲན་པའི་སྐུ། །ཡུངས་འབྲུའི་ཚད་ཙམ་བར་མཚམས་མེད། །གྲངས་མེད་དག་ནི་བསྡུ་ཞིང་ཐིམ། །སོར་མོ་རྒྱབ་བསྣོལ་གུང་མོ་གཉིས། །བསྒྲེང་བའི་བར་དུ་ཕུར་པ་བཟུང་། །ཨོ་བཛྲ་ས་ཏྭ་རྭ་ཛ་ཧུ༷། ཐུགས་ཀྱི་སྙོམས་པར་འཇུག་པ་ཡི། །བྱང་ཆུབ་སེམས་མཆོག་ཕཊ་ལ་བསྡུ། །སོར་མོ་པུག་པུག་བར་བྱས་ཏེ། །ལག་པའི་རྟིང་པས་ཕུར་པ་བཟུང་། །ཨོ་ཧྲི་ཕུར་བུ་ཕཊ། གསུང་གི་བདག་ཉིད་སྙོམས་ཞུགས་པས། །བྱང་ཆུབ་སེམས་མཆོག་ཧྲི་ལ་བསྡུ། །སོར་མོ་རྒྱབ་བསྣོལ་མཐེ་བོང་གཤིབས། །ཆང་པར་ཕུར་པ་རབ་བཅུག་ནས། །ཨོ་ཧ་ན་ཧ་ན་ཏིབ་ཏ་ཙཀྲ་ཧུ༷་ཕཊ། སྐུ་ཡི་བདག་ཉིད་ཆེན་པོ་ཀུན། །སྙོམས་འཇུག་བྱས་པའི་བྱང་ཆུབ་སེམས། །ཨོ་ལ་འདུ་ཞིང་བསྟིམ་པ་སྟེ། །བཅུ་གཅིག་གནས་ལས་ཁྲོ་ཆུང་ནི། །སྟོང་ཁམས་གང་བར་མེ་ཏོག་འཕྲོ། །དམིགས་པ་ཐམས་ཅད་ངེས་འགྲུབ་པའི། །དབང་བྱིན་ཆེན་པོ་ལྡན་པར་འགྱུར། །ཨེ་ཡི་གདན་ལ་བཞུགས་གསོལ་ནས། །ལག་གཡས་ཉི་མའི་དཀྱིལ་སྟེངས་སུ། །ཧུ༷་ལས་ཁྲོ་བཅུར་གྱུར་པ་བསྟིམ། །གུ་གུལ་སྦྱར་བའི་དུད་པ་ཡིས། །བདུགས་ཏེ་མེ་དཔུང་ནག་པོར་གྱུར། །ཕྱི་ནང་མཆོད་པ་ཅི་འབྱོར་དབུལ། །བདུད་རྩིའི་མཆོད་པ་དབུལ་བར་བྱ། །ཡིད་ལ་བརྣག་པའི་འཕྲིན་ལས་བཅོལ། །བཟླས་བརྗོད་འཁོར་ལོ་ནག་པོ་ནི། །ཕྲ་མོའི་ཏིང་འཛིན་བསྒོམ་པ་དང་། །བཟླས་བརྗོད་འཕྲོ་འདུས་བསྒྲལ་ཞིང་བསྙེན། །དཀྱིལ་འཁོར་ལུས་བསྡུ་དངོས་གྲུབ་དོན། །ཙིསྟ་རིན་ཆེན་གཞལ་ཡས་ཁང་། །ཡེ་ཤེས་སེམས་སྙིང་རིན་པོ་ཆེ། །ཟུར་བརྒྱད་ལྟེ་བར་ཉི་ཟླ་ནི། ཁ་སྦྱར་གནས་དཀྱིལ་ཧུ༷་མཐིང་ཁ། །སྔགས་བརྗོད་བུག་ནས་དབུགས་འོད་སྟེང་། །སྤྱི་གཙུག་སྲོག་རྩའི་ནང་དུ་བྱུང་། །པད་ཐུགས་སྲོག་རྩ་ཡང་དབུགས་བཀག །ར་དབུས་ཕྱུང་སྟེ་དུ་མ་ལས། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཆེ་གེ་མོ་ཞིག་མྱ་ར་ཡ་ཕཊ། ཕུར་པའི་ཁྲོ་བོ་ཕྱོགས་བཅུར་སྤྲོས། །དོན་བྱས་སླར་འདུས་བསྒྲལ་ནས་སུ། །ཕུར་པ་དག་ལ་ཐིམ་པས་འགྲུབ། །སྐྱོ་བར་གྱུར་ན་རབ་བསྡུས་ཏེ། །སྒོ་མ་ཁྲ་ཐབས་ཕོ་མོ་ལ། །དེ་ཡང་ཁྲོ་བོ་ཁྲོ་མོ་ལ། །དེ་ཡང་ཡབ་ཡུམ་གཉིས་མེད་ཐིམ། །ཡབ་ཀྱི་སྤྱད་པ་ཐམས་ཅད་བྱའོ། །རྡོ་རྗེས་གོང་དང་འདྲར་བསྐྱར་བ། །བཅུ་བདུན་བརྩམས་ཤིང་ཉི་ཤུ་དགུའི་བར་དུ་རབ་ཏུ་བྱའོ།། །།སྦྱོར་ཀའི་འཁོར་ལོ་ནག་པོ་ནི། །རུས་པ་རྣམས་དང་བྱང་སེམས་དང་། །ཁྲག་དང་རྐང་དང་ནང་ཁྲོལ་དང། །བཤང་དང་གཅི་བ་རྣམས་སུ། །ཐལ་ཆེན་སྐེ་ཚེ་ལན་ཚྭ་ཁྲག །སྲུབ་མོ་ཁྲེ་དང་ཇུ་ཅེའི་ཕུབ། །བྲིས་ནས་སྙིང་ཁར་གླན་པ་ནི། །གྲོག་མཁར་ས་དང་མགར་དང་བཔའི། །བདུད་རྩི་ལ་སྤྲུ་བྱ་བའམ། །རི་མོ་སྨུག་ནས་བྲིས་པའང་རུང་། ཁུད་པ་ལ་སོགས་དྲི་རཀྟས། །ཧུ༷་ཆེ་གེ་མོ་མྱ་ར་ཡ་ཕཊ། རྣམ་ཤེས་རྟེན་གང་ཡིན་པའོ། །མགོ་ནི་ལྷོ་ཕྱོགས་གཤིན་རྗེར་གཏད། །ཆོས་འབྱུང་རྩེ་མོ་གཤིན་རྗེའི་གནས། །སྟེང་དུ་གན་རྐྱལ་གནས་རྣམས་བསམ། །ལས་བྱེད་ལྷ་འདིས་བསྐྱེད་པ་ཡང་། །ཉི་ཤུའི་གནས་ལས་མི་འགྱུར་བ། །ཐ་དད་ཕྱུང་སྟེ་ལྷོ་ཕྱོགས་སྒོར། །འདུས་ལ་ཀི་ལ་ཀི་བརྗོད་པས། །ཞལ་གཅིག་ཕྱག་བཞི་ཕུར་ཞབས་ཀྱིས། །ཉམས་པའི་མགོན་བྱེད་བརྫིས་པར་བསྒོམ། །བྱིན་རླབས་དབང་བསྐུར་ཚུལ་བཞིན་བྱ། །དགུག་པ་འཁོར་ལོ་ནག་པོ་ནི། །རང་གི་སྙིང་ཁའི་ཧུ༷་ཉིད་ལས། །ཊསྐི་རྭ་ཛ་ཞལ་གཅིག་པ། །ཕྱག་གཉིས་ཐོ་བ་ལྕགས་ཀྱུ་ཐོགས། །མདུན་ན་བཀའ་སྡོད་ལ་བསྒོམ་པ། །ཨོ་སུ༷་བྷ་ནི་སུ༷་བྷ་ཧུ༷་ཧུ༷་ཕཊ་ཕཊ། གྲི་ཏྣ་གྲིཏྣ་ཧུ༷་ཧུ༷་ཕཊ་ཕཊ། གྲིཏྣ་པ་ཡ་གྲིཏྣ་པ་ཡ་ཧུ༷་ཧུ༷་ཕཊ་ཕཊ། ཨུ་ན་ཡ་ཧོ་བྷ་ག་ལྷུན་བིབྱུ་རྭ་ཛ་ཧུ༷་ཧུ༷་ཕཊ་ཕཊ། ཅེས་བརྗོད་ཁྲོས་ཚུལ་ནས་ཕྱིན་པས། ཁྲངས་ཁུང་ནང་རླུད་བྱུང་འོག་ཟླ་གམ། །སྤྱན་ནས་མེ་ནི་གྲུ་གསུམ་ལ། ཁྲ་དྲུང་དེ་ན་གནས་པར་བསམ། །ལྕགས་ཀྱུས་སྙིང་བཟུང་ཐོ་བས་མོས། །འོག་འདེགས་བཀུག་ནས་ཁུགས་པ་ནི། །མ་གསལ་བར་དུ་ཡང་ཡང་དམིགས། །ཅུང་ཟད་བྱིན་ཆུང་མ་ཁུགས་ན། །མངག་གཞུག་བདག་པོས་དགུག་པའི་ཕྱིར། །སོ་སོའི་སྔགས་ལ་ཛ་བརྗོད་སྤྲོ། །ཀརྨ་ཧེ་རུ་ཀ་ལ་སོགས་པའི། །སོ་སོའི་ཐུགས་ལ་སྤྲུལ་པ་འཕྲོ། །དགྲ་བགེགས་ལ་ནི་བསྐོར་ཏེ་གནས། །དེ་རྗེས་བསྐུལ་བར་བྱ་བ་ནི། །འཁོར་ལོ་རྩིབས་བཞི་འབར་བའི་སྟེང་། །མི་བསྐྱོད་དབྱིངས་ལས་མ་གཡོས་ཀྱང་། ཁྲག་འཐུང་པ་ཡི་སྐུ་བཞེངས་པ། །འཇིགས་བྱེད་ཚོགས་ལ་ཕྱག་འཚལ་ཏེ། །དགྲ་བགེགས་གནས་ནས་དགུག་པའི་ཕྱིར། །འཇིགས་བྱེད་ཆེན་པོ་ཧེ་རུ་ཀ །ལྗང་ནག་འཇིགས་བྱེད་ཆེན་པོ་ནི། །ཁྲོ་ག་་སེམས་ཅན་བ་་བ་བཞིན། །དམ་ཉམས་དགྲ་བགེགས་གནས་ནས་དྲོངས། །རྣམ་ཤེས་ཕུང་པོ་རྡུལ་དུ་ལྷོགས། །གོང་མའི་ཚིག་སྦྱར་དེ་རྗེས་སུ། །ཁྲོ་རྒྱལ་རྣམ་གསུམ་རྣམ་རྒྱལ་དཔལ། །དཀར་བ་འཇིགས་བྱེད་ཆེན་པོ་ནི། །ཉམས་པའི་མགོ་གཅོད་རབ་ཏུ་བརྩོན། །དེ་ཡི་ཐུགས་དམ་རྒྱུད་བསྐུལ་བ། །མི་གནས་དབྱིངས་སུ་རབ་སྒྲོལ་མཛད། །རྡོ་རྗེ་གསོད་མ་ཆེན་པོ་སྟེ། །དགྲ་བགེགས་སྤྱི་བོའི་གཙུག་ནས་དྲོངས། །གཟུབས་་ཀྱི་ཕུང་པོ་རྡུལ་དུ་ལྷོགས། །ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ནི། །འཆི་བདག་ཚོགས་ལ་དབང་སྒྱུར་བའི། །མཐིང་ནག་འཇིགས་བྱེད་ཆེན་པོ་སྟེ། དེ་ཡི་ཐུགས་དམ་རྒྱུད་བསྐུལ་བ། །རྡོ་རྗེ་ག་་མོ་ཆེན་མོ་སྟེ། །བཏང་སྙོམས་མི་བཤོལ་ལས་ལ་བརྩོན། །ངག་གི་གནས་ནས་དགྲ་བགེགས་དྲོངས། །འདུ་བྱེད་ཕུང་བུ་རྡུལ་དུ་ལྷོགས། ཁྲོ་རྒྱལ་སྟོབས་པོ་ཆེ་ཉིད་ནི། །བླ་མེད་གནས་སུ་སྟོབས་མཛད་མ། །ལྗང་ནག་འཇིགས་པ་གནོད་སྦྱིན་འདུལ། །དེ་ཡི་ཐུགས་དམ་རྒྱུད་བསྐུལ་བ། རྡོ་རྗེ་སྐུལ་བྱེད་ཆེན་པོ་སྟེ། །དབྱིངས་ཀྱི་དོན་ནི་ཡེ་ཤེས་བསྐུལ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཡན་ལག་གནས་ནས་སྡུས་ལ་ཤོག །འདུ་ཤེས་ཕུང་པོ་རྡུལ་དུ་ལྷོགས། །དེ་ཡི་བཀའ་ཉན་གསུང་སྟོད་པ། །སྐུ་གསུང་ཐུགས་ཀྱི་བྱིན་རླབ་ལས། །མོས་བྱེད་ཆེན་མོའི་ཏིང་འཛིན་ལྡན། །དོམ་གྱི་མགོ་ཅན་དུས་ལ་བབ། །གཡོ་མེད་ཏིང་འཛིན་ནུས་ལྡན་པ། ཁྲ་བའི་མགོ་ཅན་དུས་ལ་བབ། །མཁས་བརྩོན་ཏིང་འཛིན་ནུས་ལྡན་པ། །བྱི་ལའི་མགོ་ཅན་དུས་ལ་བབ། །སྟོབས་ལྡན་ཏིང་འཛིང་ནུས་ལྡན་པ། །དྲེད་ཀྱི་མགོ་ཅན་དུས་ལ་བབ། །དེ་ཡི་བཀའ་ཉན་གསུང་སྡོད་པ། །མགྱོགས་མ་ཡང་རྩལ་ལྡན་པ་མོ། སྲེ་མོའི་མགོ་ཅན་དུས་ལ་བབ། །མུན་མཐོང་དབུ་མ་ནུས་ལྡན་པ། །འུག་པའི་མགོ་ཅན་དུས་ལ་བབ། །འོད་བྱེད་ཆེན་མོ་གསལ་བཀྲ་ལྡན། །པུ་ཤུད་མགོ་ཅན་དུས་ལ་བབ། །འཔྲ་མེན་སྐུ་མཁན་སྒོ་མངས་ལ། །བྱི་བའི་མགོ་ཅན་དུས་ལ་བབ། །ལྕགས་ཀྱུས་སྙིང་ནས་རབ་ཏུ་དྲོངས། །ཞགས་པས་ཡན་ལག་རབ་ཏུ་ཆིངས། །ལྕགས་སྒྲོག་དབང་པོ་བསྡམས་ནས་ཀྱང་། །དྲིལ་བུས་མ་ཞབྲུགས་དགའ་བར་གྱིས། །མ་མོ་བརྒྱད་ཀྱི་དུས་ལ་བབ། །སིང་ཧ་བརྒྱད་ཀྱི་དུས་ལ་བབ། ཁྲ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སོ་སོའི་གནས་ནས་དྲངས་ནས་ཀྱང་། །གཟུགས་ལ་གཉིས་སུ་མེད་པར་བསྟིམ། །ཅུང་ཟད་བྱིན་ཆུང་མ་ཁུགས་ན། །ཕྱག་རྒྱ་བཞི་ཡིས་དགུག་པའི་ཕྱིར། །ཡེ་ཤེས་སེམས་དཔའི་ཐུགས་ཀའམ། །རང་གི་སྙིང་ཀར་ཟླ་དཀྱིལ་འཁོར། །སྡོ་བརྩེགས་དམར་པོ་གཅིག་བཞག་ལ། །ཛ་ཧུ༷་བ༷་ཧོ་ཆེ་གེ་མོ་བཛྲ་ཨ༷་ཀུ་ཤ་ཆེ་གེ་མོ་ཞིག་ཧུ༷་སྒྲོ ལྷ་མོ་དམར་མོ་ལྕགས་ཀྱུ་ཅན། །གྲངས་མེད་བརྒྱུད་དམར་བྱུང་ནས་ཀྱང་། །སྙིང་ནས་བཟུང་སྟེ་དེར་འོངས་པས། །ཛ་ཧུ༷་བ༷་ཧོ། ཆེ་གེ་མོ་ཞིག་པྲ་བེ་ཤ་ཧུ༷། ཏིང་འཛིན་གསལ་བར་བརྗོད་ནས་ཀྱང་། །གཟུགས་སུ་རི་མོ་ལ་བབ་སྟེ། །ཛ་ཧུ༷་བ༷་ཧོ་བརྗོད་ནས་ཀྱང་། །ལྕགས་ཀྱུ་ཞགས་པས་ལྕགས་སྒྲོག་དང་་དང་། །དྲིལ་བུའི་ཕྱག་རྒྱ་བཅས་ནས་ཀྱང་། །ཧུ༷་འབྱུང་ཡིག་བསམས་དེ་ཉིད་བསྒྱུར། །བཅིང་དང་བསྡམ་དང་དེ་ཡི་སེམས། །མ་འཁྲུགས་དགའ་བ་བྱ་བའི་ཕྱིར། །ཡང་དང་ཡང་དུ་གསལ་བར་བྱའོ། །གདུག་པའི་འཁོར་ལོ་ནག་པོ་ནི། །དགྲ་བོ་ལྷ་ལྔ་དབྱེ་བའི་ཕྱིར། །གུ་གུལ་སྦྱར་མས་བདུག་པ་དང་། །བུད་མེད་ཞབས་མ་ལ་སོགས་པས། །དེ་ལ་ཡང་ཡང་བདུག་བའོ། །བརྡེག་པའི་འཁོར་ལོ་ནག་པོ་ནི། །བརྡེག་པའི་དང་པོ་གསལ་གསུམ་ལྡན་བྱའི་ཕྱིར། །དེ་ནས་ཕུར་པ་རབ་བླངས་ཏེ། །ལས་ཀྱི་ལྷ་ཡི་སྙིང་པོ་ལ། །རྡོ་རྗེ་རྡེར་མོ་བཏབ་སྟེ་བརྗོད། །ལྷ་དང་སྲས་མཆོག་གནས་བདུན་ན། །དབྱེ་བས་གསལ་བར་གསུམ་ལྡན་བྱ། །ཐལ་མོ་སྦྱར་ཐབས་རབ་གསོལ་ཏེ། །ཏང་འཛིན་གསལ་བར་མ་ཁུགས་པར། །ཡང་རིག་སྔགས་བཟླས་བསླང་བར་བསྒོམ། །ཏིང་འཛིན་གསལ་བར་ཞུགས་པ་དང་། །ལིང་ག་སྙིང་གི་སྟེང་དག་ཏུ། །རྩེ་མོ་ནས་གང་མ་རེག་གཟས། །ཁྲོ་བོའི་སྐེ་ན་ལག་གཡོན་བཟུང་། །ལག་གཡས་རྡོ་རྗེ་ཐོ་བའམ། །སྟ་རེ་པགས་པས་བརྡེག་ཅིང་སྔགས། །རྡོ་རྗེ་སྡེར་མོ་བརྗོད་ཅིང་གདབ། །ན་མ་ས་མ་ན་ཏ་ཀྭ་ཡ་ལྷུཀ་ཙིསྟ་བཛྲ་ནན། ཨོ་བྷ་བྷ། བྷ་ཏ་ཡ་བྷ་ཏ་ཡ། སརྦ་དུགི་ཆེ་གེ་མོ་ཞིག་ཕཊ་ཕཊ། ཀི་ལི་ཀི་ལ་སརྦ་བཱ་པ༷་ཕཊ་ཕཊ། ཧུ༷་ཧུ༷་བཛྲ་ཀི་ལ་ཡ།བཛྲ་དྷ་རོད་ཨུཙྭ་པ་ཡ་ཏི། ཀྭ་ཡ་ལྷུ་ཀ་ཙིསྟ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཅེས་དྲག་ཏུ་བརྗོད་དོ། །གསུམ་མམ་བདུན་ནམ་ཉི་ཤུ་གཅིག །ཇི་ཙམ་གསལ་གསལ་རབ་ཏུ་བཟླས། ཁྲེས་པ་ཀུན་གྱི་རྟེན་ཡིན་ཕྱིར། །དང་པོར་སྙིང་ལ་རབ་ཏུ་གདབ། །དཔྲལ་བ་ཆེ་ཡི་གནས་རྟེན་དང་། །སྲོག་རྩའི་ལས་གྱེས་དཔུང་མགོ་གཉིས། །འོག་གི་སྲོག་རྩ་ལས་གྱེས་པ། །བརླ་ཡི་ནང་རོལ་གཉིས་ན་གནས། །དེ་ཀུན་འདུས་པའི་གྱེས་པ་ནི། །ལྟེ་བ་ལ་ཡང་རབ་ཏུ་གནས། །རྩ་ལ་སྲོག་ནི་རབ་བརྟེན་ཅིང་། །དེ་ཀུན་གཅད་ཕྱིར་སྡོང་པོ་ནི། །སྲོག་རྩ་བྱེ་བྲག་དག་ལ་དབབ། །ངེས་པའི་ལུང་བཞིའི་གོང་ལྟར་གདབ། །མནན་པའི་འཁོར་ལོ་ནག་པོ་ནི། །ཕུར་པ་དེ་རྣམས་བཏབ་ནས་ཀྱང་། །ལྕགས་ཀྱུ་ཞགས་པས་བཀུག་བཅིངས་ནས། །ལག་གཉིས་སོར་མོ་བསྣོལ་བ་ལ། །མཐེའུ་ཆུང་ངོས་སྤྲད་ནས་རྐྱང་། །དྲང་པོར་བསྲང་སྟེ་དེ་སྔགས་ལ། །ཨོ་བཛྲ་ཀརྨ་ཀྲོ་དྷ་ཧུ༷་ཕཊ་ཕཊ་གྲྭ་ཧྭ།བདུན་གསུམ་ཉི་ཤུ་གཅིག་ཏུ་བཟླས། །བདུན་ཕོགས་གཡས་ཕྱོགས་ཕོགས་གསུམ་བ་། །རྩལ་ཕྲོགས་སྐུ་གསུང་ཐུགས་མནན་ཕྱིར། །གཡས་མཐའ་རྡོ་རྗེ་རི་རབ་ཀྱིས། །དེ་སྟེང་དུ་གནས་པ་བརྗིད། །ཕུར་པ་མི་འབྱུང་མི་ཕྱིན་ཕྱིར། །ལྷག་པར་ཟུང་ཅིག་ཐལ་ཕྱིན་བསམ། །བསྐྱར་བའི་འཁོར་ལོ་ནག་པོ་ནི། །སྲས་མཆོག་ཉིད་ཀྱི་སྤྲུལ་པས་བྱ། །དེ་ནས་དམ་ཚིག་ཕྱག་རྒྱས་བསྟན། །སོར་རྣམས་རྒྱབ་བསྣོལ་བཅངས་པ་ལས། །གུང་མོ་གཉིས་སྦྱར་རྩེ་རྣོན་བྱས། །ཕུར་བུའི་ཀླད་དུ་གནན་བྱས་ཏེ། །ཕུར་པའི་ལྷ་དང་བགེགས་ཁྱོད་ཀྱང་། །དམ་ཚིག་ལས་ནི་མ་འདའ་ཞིག །ཨོ་བཛྲ་ས་མ་ཡ་ཧུ༷་ཕཊ། རང་སྙིང་ཐུགས་ཀའི་རྡོ་རྗེ་ཡི། །ཧུ༷་ལས་འཕྲོས་ཏེ་ཐུགས་ཉིད་ཧུ༷། །དཀར་པོའི་འོད་ཟེར་བརྒྱུད་མཉེས་ཚིམ། །བསྒོ་བ་ཐམས་ཅད་ཉན་པར་བསམ། །སོར་མོ་ནང་བསྣོལ་མཐེ་བོང་དང་། །མཐེའུ་ཆུང་ངོས་སྦྱར་སྒྲེང་བ་ལ། །སོར་མོ་ཕྱིར་བཀྱེད་ཕུར་སྟེངས་མནན། །ཨོ་བཛྲ་ཀྲོདྷ་ཧ་ན་ཧ་ན། པ་ཙ་པ་ཙ། བརྙ་བརྙ། ཚིརྙ་ཚིརྙ། རྦ་ན་རྦ་ན་ཧུ༷་ཧུ༷་ཕཊ་ཕཊ། བདུན་གསུམ་ཉི་ཤུ་རྩ་གཅིག་བཟླས། །དབུ་བརྒྱན་ཁྲོ་རྒྱལ་དང་བཅས་ཀྱིས། །འདེབས་པའི་དབང་བསྡུས་བཀའ་ནན་ཏེ། །བགེགས་དབང་བསྡུས་ཏེ་རིམས་ཉན་བསམ། །ཡུངས་ཀར་རྒྱལ་པོས་རབ་བརྡེགས་ཏེ། །ལག་མཐིལ་ཉི་མའི་སྟེང་དུ་ཧུ༷། །ཁྲོ་བོ་རྒྱལ་པོ་བཟླས་པ་ཡིས། །ཁྲོ་ཆུང་ཚོན་གང་སྐར་ལྟར་ཞགྲུག །ཕུར་པ་ཐིམ་པས་གཟི་བྱིན་ལྡན། །བགེགས་ལ་བརྒྱབ་པས་བཏུལ་བར་བསམ། །གུ་གུལ་སྦྱར་མས་བདུགས་པ་ཡིས། །ཕུར་པ་དབལ་བསྐྱེད་བགེགས་སུབས་དང་། །དགྲ་བོའི་ལྷ་ལྔ་དབྱེ་བར་བསམ། །ལག་གཉིས་རྒྱབ་སྦྱར་མཐེའུ་ཆུང་གཉིས། །གཅིག་ལ་གཅིག་འཁྱུད་མཛུབ་མོ་ཡང་། །ཁ་འགྲམ་གཡས་གཡོན་ཡིད་དགུར་བསྒྲེང་། །ལྷ་རྣམས་ནང་བཅངས་མཛུབ་མོ་གཉིས། །མཆེ་བར་བསམས་ཏེ་ལས་ཀྱི་ལྷས། །མཆེ་བ་ལས་་་ཀི༩༔ལཔཀྱང་ཁྲོ་ཚོགས་གཡོས། །བཟའ་ཞིང་གཡོན་བརྐྱང་སྙིང་མནན་མོས། །བཛྲ་ཡཀྟ་ཀྲོ་དྷ་ཁ་ཁ་ཧ་ཧ་ཧ་ཧ། ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། ལག་གཉིས་ལུ་གུ་རྒྱུད་དུ་བསྣོལ། །མཐེ་བོང་གཡས་པ་གཡོན་སྟེང་བཞག །མཇུབ་གཉིས་ངོས་སྦྱར་བསྒྲེང་ནས་བརྡེག །སྡང་མིག་བགྲད་པའི་ནང་བྱུང་བའི། །ཁྲོ་བོ་ཁྲོ་མོ་དུ་མ་ནི། །ལག་པ་མདུང་རྩེ་རྣོན་པོ་ཡིས། །གནད་པའི་གནས་སུ་ཕུག་བསམས་ཏེ། །བདུན་ནམ་ཉི་ཤུ་རྩ་གཅིག་གམ། །བརྒྱ་རྩ་བརྒྱད་རིམ་གསལ་རིམ་བསྒོམ། །ཨོ་བཛྲ་ཀྲོདྷ་མ་ཧྭ་བ་ལ་ཧ་ན་ད་ཧ་པ་ཙ་བི་བྱུ་ན་ས་ཡ། ཙིསྟ་ལ༷་བོ་ད་ར་ཨུ་ཙུས་སྨ་ཀྲོདྷ་ཧུ༷་ཕཊ། ཡུངས་ཀར་བརྡེག་ཅིང་གུ་གུལ་བདུག །གོང་དང་འདྲ་ཕྱིར་འདིར་མ་བཤད། །ལས་འདི་བསྟན་ཞིང་གྲུབ་པར་ནི། །སྲས་མཆོག་དེ་ལ་བཅོལ་བར་བྱ། །མནན་པའི་འཁོར་ལོ་ནག་པོ་ནི། །ངེས་པའི་དོན་དུ་བཤད་ཕྱིར་རོ། །ཅུང་ཟད་བྱིན་ཆུང་མི༷་དགའ་ན། །རྡོ་རྗེས་བརྗིད་ཅིང་མནན་པ་ཡིས། །བསམ་གཏན་དག་གིས་མནན་པའི་ཕྱིར། །ཛ་ཧུ༷་གོང་གི་འཕྲོ་འདུ་ཡིས། །ལྕགས་ཀྱུས་མགྲིན་བཀུག་ཞགས་པས་བཅིང་། །སྲས་མཆོག་སྤྱི་བོ་བསྡུས་པའི་སྟེང་། །ཧུ༷་མཐིང་ནག་ལས་རྡོ་རྗེ་ནི། །རྒྱ་གྲམ་མེ་ལྕེའི་འཕྲེང་བསྐོར་དཀྱིལ། །སུ་ནི་གསེར་བཅོའོ་ཁ་དོག་འདྲ། །ཨོ་བཛྲ་སྲུ་མེ་ར༷་ཧུ༷་ས་མ་ཡ་སྟ༷། ཞེས་བརྗོད་གསེར་གྱི་རི་རབ་ནི། །པདྨ་བྱེ་བ་གྲུ་བཞི་པ། །དེ་སྟེངས་བྲུ་ལས་གཞལ་ཡས་ཁང་། །འཁོར་ལོ་རྩིབས་བཞི་དཀྱིལ་སྟེངས་སུ། །བསྒྲིབ་མ་ལས་ནི་བཅོམ་ལྡན་འདས། །དོན་ཡོད་གྲུབ་པ་ལྗང་ཁུ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། ཁྲོ་བོ་ཡབ་ཡུམ་ཁྲ་ཐབས་བརྒྱད། །སྒོ་མ་བཞི་འཁོར་བཅས་པ་བསྒོམ། །སྦྱན་དྲངས་བྱིན་བརླབས་དབང་བསྐུར་ནས། །མཆོད་བསྟོད་བཟླས་བརྗོད་ཚུལ་བཞིན་བྱ། །འོད་ཟེར་འཕྲོ་དུ་རི་རབ་བརྗིད། །རི་རབ་ཀྱིས་ཀྱང་འཁོར་ལོ་མནན། །འཁོར་ལོ་འཁོར་བས་རྒྱ་གྲམ་ཡང་། །བརྗིད་པས་ཧུ༷་འཕྲོས་ཧུ༷་རྡོ་རྗེས། ཁྲོ་བོས་གཟིར་ཅིང་མི་གཡོ་བར། །བསྐལ་བའི་མཐའ་རུ་མནན་པ་དང་། །ཧུ༷་ལས་སྲས་མཆོག་འཕྲོ་འདུ་ཡིས། །གཟའ་བ་བསྒྲལ་ཞིང་ནན་པར་བསམ། །འཕྲིན་ལས་དེ་བཞིན་བཅོལ་བའི་ཕྱིར། །ཚིག་དང་དབྱངས་ཀྱིས་བསྐུལ་བ་ནི། །ཁྲོ་བོས་མི་ངཏང་གཟིར་བའི་ཕྱིར། །རྒྱ་གྲམ་རྡོ་རྗེ་གཟིར་བར་མཛོད། །འཁོར་ལོས་རྡོ་རྗེ་གཟིར་བར་མཇོད། །འཁོར་ལོས་རྡོ་རྗེ་གཟིར་བ་དང་། །རི་རབ་ཀྱིས་ཀྱང་འཁོར་ལོ་ཡི། །བྱིན་བསྐྱེད་དོན་དུ་གཟི་ལྡན་མཛོད། །རི་རབ་གཟི་བྱིན་ལྡན་པའི་ཕྱིར། །ཁྲོ་རྒྱལ་ཚོགས་ཀྱིས་མནན་པར་མཛོད། །ཉིན་ཞག་གཅིག་ནི་དེ་ལ་བསྒོམ། །གལ་ཏེ་དེས་ཀྱང་མ་གྲུབ་ན། །བསྟན་པའི་འཁོར་ལོ་ནག་པོ་ནི། །དུག་གཏོར་ནག་པོ་ཆ་གཅིག་ལ། །ཧུ༷་ནག་གཟི་བྱིན་ལྡན་པ་ཡིས། །འཕྲོ་འདུ་དུག་གི་རླངས་པ་དང་། །མཚོན་ཆའི་ཆར་དུ་གྱུར་པ་ཡིན། །ནག་པོ་ནག་མོ་དྲག་མོ་ནི། །དུག་གིས་ཕྱག་ཚང་ཡིན་པའི་ཕྱིར། །དེ་ཡི་བསྒོམ་པ་འདི་ལྟར་བྱ། །ནག་པོ་ཆེན་པོ་རལ་པ་ཅན། །གསེབ་ནས་དུག་སྦྲུལ་མགོ་གསུམ་པས། །ཁ་ནས་དུག་སྒྱུག་སྤྱི་གཙུག་ནས། །རྩ་འགྲམ་ཐམས་ཅད་འགེངས་པར་བྱེད། །དཔྲལ་ནས་དུག་མིག་ལྷང་ཙེར་ནས། ཁྲོ་རྒྱལ་དུག་གིས་དུད་འདྲ་བས། །མིག་ནས་ཞུགས་ཏེ་ལུས་ཀུན་བརླག །རྣ་བ་དུག་གི་སྒྲ་སྒྲོགས་པས། །སྣ་ནི་དུག་གི་དུད་པ་དང་།ཁ་ནས་དུག་གི་མ་ཆུ་དང་། །སྙིང་ནི་དུག་གི་འཕྲོ་འདུ་ཅན། ཁྲངས་ནི་དུག་གི་དུད་པ་དང་། འཇོམས་པ་དུག་གི་ཆུ་རྒྱུན་དག །ལྡན་པའི་དུ་མ་བྱུང་བ་ཡི། །བུག་དགུར་ཞུགས་བ་ས་ལས་བྱས་ཏེ། །གདོན་ནི་དེ་ལ་བླུད་པའི་ཕྱིར། །ཨོ་བཛྲ་ཀྲོ་དྷ་ཧ་ལ་ཧ་ལ་ཧུ༷་ཕཊ། སྟོང་ཕྲག་གཅིག་ཏུ་ངེས་པར་བཟླས། །མཧྭ་དེ་བ་དབང་བསྡུས་པས། །ཕྱག་ཚང་ཡིན་པར་བཤད། །དཔལ་ལྡན་རེ་ཏྲི་དབང་བསྡུས་ཕྱིར། །ནག་མོ་སྐྲ་གཅིག་མིག་གཅིག་ལས། །བུག་དགུ་མཚོན་ཆ་སྤྲོས་པའོ། །བགེགས་ཀྱི་ཚོགས་ལ་བརྒྱབ་པར་དམིགས། །ཨོ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧུ༷་ཕཊ། སྟོང་ཕྲག་གཅིག་ནི་ཉེ་བར་བཟླས། །ཡ་སྟབས་འཁོར་ལོ་ནག་པོ་ནི། བསྒྲུབ་པའི་གཏོར་མ་ནག་པོ་དེ། །དབུལ་ཕྱིར་འདི་ལྟར་བསྒོམ་པར་བྱ། །ཡེ་ཤེས་ལྷ་དང་འཇིག་རྟེན་པ། །ཧེ་རུ་ཡབ་ཡུམ་ཁྲོ་བོ་ལ། །ཡབ་ཡུམ་ཁྲ་ཐབས་ཡབ་དང་ཡུམ། །སྒོ་མ་བཞིར་དམིགས་མ་མོ་དང་། །སིང་ཧ་གནོད་སྦྱིན་སྲིན་མོ་དམིགས། །ཧུ༷་ལས་འོད་འཕྲོས་སྤྱན་དྲངས་ཕྱིར། །ཛ་ཧུ༷་བ༷་ཧོ་ཨེ་གྱེ་ཧི་བྷ་ག་ལྷུན། བིད་ད་ཡ་ཤ་ཛ་སྨྱོ་སྨྱོ་རུ་ལུ་རུ་ལུ་ཧུ༷། ལན་བདུན་བརྗོད་པར་སྤྱན་དྲང་ངོ་། །ཐུགས་ཀའི་ཧུ༷་ལས་འོད་འཕྲོས་ཏེ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །འོད་ཟེར་འཕྲོ་འདུས་དབང་བསྐུར་རྗེས། །གཏོར་མ་ལ་ཧུ༷་འཕྲོས་པ་ལས། །འོད་ཟེར་འདོད་ཡོ་ན་ལྔ་རུ་དམིགས། །མཆོད་པར་དམིགས་ཏེ་སྔགས་འདི་བརྗོད། །ཨོ་པྲ་ཏི་ཛ། ལན་བདུན་གཏོར་མ་དབུལ་བའོ། །བདུད་རྩི་དེ་ལ་དབུལ་བ་ནི། །རིགས་མཐུན་རྡོ་རྗེ་རིན་ཆེན་དང་། །པདྨ་རལ་གྲི་ལྕེ་དེ་ཡིས། །བདུད་རྩི་ལ་ནི་གསོལ་བར་དམིགས། །ཨོ་ས་མ་ཡ་ཨ་ཕྲི་ཏ་ཨ་མྲི་ཏ་པྲ་ཏི་ཛ་ཧུ༷་གྲྭཧྭ། ལན་བདུན་བཟླས་ཏེ་ཨ་མྲི་ཏ། །ཕུལ་ནས་ཅི་འདོད་ལས་བཅོལ་བ། །ཞི་རྒྱས་དབང་དྲག་ལས་རྣམས་ཀྱང་། །ཅི་དགའ་བཞིན་དུ་བྱེད་པར་དམིགས། །ཁྱད་པར་དྲག་པོ་ཉིད་བྱེད་དམིགས། །རྗེས་བསྟབ་འཁོར་ལོ་ནག་པོ་ནི། །གཏོར་མ་ནག་པོ་ཆ་གཅིག་བཤམས། །ཕྱག་ན་རྡོ་རྗེ་རྒྱལ་དམིགས་ཏེ། །འོད་འཕྲོས་སྤྱན་དྲང་དམིགས་པ་ནི། །མགོན་བྱེད་བདུན་ཅུ་རྩ་གཉིས་སོ། །དམ་ཚིག་ཅན་འཁོར་དང་བཅས་པ་དང་། །འཇིག་རྟེན་ནང་ན་མཐུ་ཆེ་བ། །ཀུན་ཏུ་རབ་ཏུ་སྤྱན་དྲངས་ཏེ། །ཧུ༷་ལས་འོད་འཕྲོས་ཐམས་ཅད་ཀྱང་། །འོད་དུ་ཞུ་སྟེ་ཆོས་སྐུ་ཡིན། །དག་པའི་ལས་སུ་བསྐྱེད་པ་ལ། །གཏོར་མ་འོད་ཞུ་འོད་ཟེར་ལས། །འདོད་ཡོན་གྱུར་པ་དབུལ་བར་དམིགས། །སྲས་མཆོག་ཐུགས་ཀའི་ཧུ༷་ལས་ཀྱང་། །བདུད་རྩིར་གྱུར་པས་སྣོད་བཀང་སྟེ། །ཕུལ་བའི་དུས་སུ་ལས་བཅོལ་བས། །གསོད་པའི་ལས་ལ་བརྩོན་པར་དམིགས། །གཤེགས་གསོལ་ཏིང་འཛིན་བསྡུ་བ་ནི། །རིམ་པ་བཞིན་དུ་ཤེས་པར་བྱའོ། །བསྒྲུབ་པའི་འཁོར་ལོ་ནག་པོ་ནི། །བཅུད་དུ་གྱུར་པའི་མན་ངག་སྟེ། །རབ་ཀྱི་འབྲིང་ལ་བསྟན་པར་བྱུའོ། །རབ་མཐའ་མན་ཆད་བསྟན་མི་བྱ། །བསྒྲུབ་པའི་འཁོར་ལོ་ནག་པོའོ། །རྫོགས་སོ།། །།རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་པ་ར་གུ་རྒྱ་ཨེ་ཀ་ཏན་ཏྲ་ནཱ་མ། བོད་སྐད་དུ། །རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བ་ཞེས་བྱ་བའི་རྒྱུད། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་ན་སྲས་མཆོག་དང་། །མ་མོ་དང་། གིང་ལས་བྱེད་དང་བཅས་པ་རྣམས་བཞུགས་སོ། །དེ་ནས་རྡོ་རྗེ་འདུས་པ་རང་གི་སྟན་ལས་ལངས་ཏེ། ཡེ་ཤེས་ཀྱི་ཕུར་པ་གཙོ་བོའི་ཐུགས་ཁར་གཏད་དེ་དྲིལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་གསང་བདག་བཅོམ་ལྡན་འདས། །ཕུར་གཅིག་ཟབ་མོའི་དོན་ལྡན་པ། །ཕྱི་རབས་པ་ལ་སྨན་སླད་དུ། །དཔའ་བོ་ཆེན་པོས་བཤད་པའི་རིགས། །ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ཏེ་དབྱེར་མེད་པར་གྱུར་པས། བཅོམ་ལྡན་འདས་རྡོ་རྗེ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་ཀའི་འོད་ཟེར་གྱིས་འཁོར་ཐམས་ཅད་ལ་ཁྱབ་སྟེ་སྣོད་དང་ལྡན་པར་བྱས་ནས། སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་དོ། རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། གླེང་གཞི་དང་གླེང་བསླང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཁྲོས་པའི་རྒྱལ་པོ་ཡིས། །གསང་བའི་དོན་དག་བཀའ་སྩལ་པ། །བསྙེན་ཕུར་གྱིས་ནི་ལས་ཀུན་བྱེད། །དཀྱིལ་འཁོར་བྱི་དོར་ལེགས་བྱས་ལ། །མཆོད་རྫས་ལ་སོགས་བསགས་པར་བྱའོ། །ལྟ་བ་རྡོ་རྗེ་དབྱེར་མེད་ཤེས། །ཁྲོས་པས་ཁྲོ་བཚི་ཞེ་སྡང་གཅོད། །ཡེ་ཤེས་མཚོན་ཆེན་ཧུ༷་སྔོན་ལས། །འོད་འབར་ཡོ་བྱད་བྱིན་གྱི་བརླབས། །དེ་བཞིན་ནམ་མཁའི་དཀྱིལ་ཉིད་ནས། ཁྱབ་པའི་སྙིང་རྗེས་མཚམས་སྦྱར་ནས། །ཐིགས་པ་ལྟ་བུར་ཧུ༷་ཤོར་རོ། །སྙིང་གི་གོར་སྐྱེད་ཧུ༷་ལས་ནི། །དབང་ཆེན་གཞལ་ཡས་གདན་བཅས་བསྒོམ། །གདན་ཐོག་ཧུ༷་ལས་འོད་འཕྲོས་ཏེ། །སྙིང་རྗེས་སེམས་ཅན་ཀུན་བསྒྲལ་ནས། །འཕགས་མཆོད་སྔགས་མཆོད་སྔགས་ཀྱི་སྐུར་བསྐྱེད་པ། །ཐ་མལ་ལྟ་བུ་མ་ཡིན་ཏེ། །རང་གི་ཕུར་པ་རྡོ་རྗེའི་སྐུ། །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །རྡོ་རྗེ་རྩེ་ལྔ་རྩེ་དགུ་དང། །མེ་དཔུང་ཁ་ཊ༷་ཕུར་པ་འདྲིལ། །རྒྱན་རྣམས་ཀུན་དང་ལྡན་པ་སྟེ། །སྐུ་སྨད་ཕུར་པ་ཟུར་གསུམ་གྱིས། །དྲེགས་པའི་གདན་ལ་བཞུགས་པའོ། །རྣམ་ཤེས་རྟེན་མ་སྙིང་དཀྱིལ་དུ། །ཡེ་ཤེས་སེམས་ཐུགས་ཉི་རྡོ་རྗེ། །དེ་ལ་སྔགས་ཀྱིས་བསྐོར་བར་བསྒོམ། །སྟོང་པའི་དམ་ཚིག་ཆེན་པོ་སྟེ། །གཡོན་དུ་ཡུམ་ནི་བསྒོམ་པར་བྱའོ། །དེ་ནས་ཡུམ་གྱི་བརྡ་བསྐལ་ཏེ། །རྡོ་རྗེའི་གཤོན་ནུའི་རིགས་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་མཛོད་ཅིག །ཅེས་པས་གསང་བའི་སྦྱོར་མཚམས་ནས། །ཡིག་འབྲུ་ལྔ་ལས་སྔགས་ཀྱིས་བསྐུལ། །སྲས་མཆོག་ལྔ་པོ་བསྒོམ་བྱ་བ། །མཐིང་ནག་གཅེར་བུ་ཕུར་པ་འདྲིལ། །སྐུ་སྨད་ཕུར་པ་ཤ་སྟག་ལ། །སྒྲོ་དང་གཙོ་བོ་དག་ལ་ཐིམ། །དེ་ནས་དཔལ་གྱི་ཐུགས་ཀ་ནས། །དྷ་ཧ་མ་ཏྲི་ཀྟ་ལས་ནི། །མ་ཁྱམས་ཕྱོགས་བཞིར་བསེ་མོ་བཞི། །ཡ་ཕྱིན་ཞལ་གཅིག་ཕྱག་གཉིས་མ། །མཐིང་ནག་འབྲུག་ཞོན་རྒྱུན་གྱིས་བརྒྱན། །དེ་ཕྱིན་སེར་མོ་ཆུ་སྲིན་ཞོན། །ཞགས་པ་ཕུར་པ་ཐོགས་པའོ། །བསེ་ཕྱིན་དམར་མོ་གློག་ལ་ཆིབས། །ལྕགས་སྒྲོག་ཕུར་པ་ཐོགས་པའོ། །ཕག་ཕྱིན་ལྗང་ནག་རུ་སྦལ་ཤོན། །དྲིལ་བུ་ཕུར་པ་ཐོགས་པའོ། །མཁྱམས་སྟོད་བཞིར་བདག་ཉིད་བཞི། །རི་ཏི་ནག་མོ་དྲེ་རྟ་ཤོན། །ཁྲམ་ཤིང་ཕུར་པ་ཐོགས་པའོ། །རེ་འདུ་ལྗང་ནག་རྔ་མོང་ཤོན། །མཚོནི་གྱི་གྲུ་བུ་ཕུར་པ་ཐོགས། །མ་ཁྱམས་སྨད་བཞི་ཤོ་ན་བཞི། ཁྲ་ན་མཐིང་ཀ་ལྕགས་སྤྱང་ཞོན། །ཐོ་དབྱུག་ཕུར་པ་ཐོགས་པའོ། །ཀྲི་ཏ་སེར་མོ་འཕར་བ་ཞོན། །ལྕགས་ཀྱུ་ཕུར་པ་ཐོགས་པའོ། །སྲི་ལ་དམར་མོ་ཝ་ལ་ཞོན། །རྡོ་རྗེ་ཕུར་པ་ཐོགས་པའོ། །ཀུ་ཀུ་ལྗང་ནག་ཁྱི་ལ་ཞོན། །ཞིང་ཆུང་ཕུར་པ་ཐོགས་པའོ། །མཁྱམས་མཐའ་བཞིར་མིང་པོ་དང་། ཁྲན་པ་ཕོ་མོ་བསྐྱེད་པ་ནི། ཁྲེལ་སྐྱེས་དཀར་པོ་སེང་གེ་ཤོན། །བསེ་སྐྱེས་དམར་མོ་སྟག་ལ་ཞོན། །བསེ་ཡི་ཟ་གྲི་ཕུར་པ་ཐོགས། ་ན་པ་དཀར་དམར་མཆེ་བ་ཅན། །གྲི་ཁུག་ཕུར་པ་ཐོགས་པའོ། །མོ་ནི་སྔོ་དམར་གཅེར་བུ་སྟེ། །གྲི་ཁུག་ཕུར་པ་ཐོགས་པ་སྟེ། །སྟག་དང་སྤྱང་ཁུསླུ་མགོ་ཅན་ནོ། །ཟོར་ལ་དེ་ལྟར་སྐྱེད་དུས་སུ། །མིང་སྲིང་དྲུག་དང་ཤན་པའོ། །དེ་རྣམས་ངང་ཉད་ཆོས་དབྱངས་ལས། །སངས་རྒྱས་ཀུན་མཐུན་ཡེ་ཤེས་སྐུ། །གོང་ ་ཁྲོ་བོ་ ་བཟད་པ། །ཆོས་སྐུ་དབྱག་ ་རྒྱས་གདབ་བོ། །རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། ཏིང་ངེ་འཛིན་ཀྱི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།དཔའ་བོས་སྔགས་རྣམས་བཀའ་སྩལ་པ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིལྷུན་བ༷་ཧུ༷་ཧུ༷་ཕཊ། རྩ་བའི་རིག་པའོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། དྷ་ཧི་མ་མ་ཤི་ཀྲང་ཀརྨ་མ་ཀ་ར་ཡ། ཆེ་གེ་མོ་མྱ་ར་ཡ། ཧ་ས་ཡ་ར་ཧ་ད༷་ན་ཡ། བི་ད་ཡ་བི་ད་ཡ། ཤི་ཀྲིན་ཨ་ན་ཡ། ཛ་ལྭ་པ་ཡ་ཛ་ལ་པ་ཡ། ཨུ་བེ་ཤ་ཡ་ཨ་བེ་ཤ་ཡ། ཏ་ཐུ་ཡ་ཏ་ཐུ་ཡ། མ་ར་ས་ན་པྲ་མརྟ་ན་ཡ་ཧུ༷་ཕཊ། འཕྲེང་བའི་སྔགས་སོ། །ཨོ་བཛྲ་ཀྲོདྷ་ཧུ༷་ཀ་ར་ཧུ༷། ག་རྫ་ག་རྫ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧུ༷། ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་ཡ་མྱན་ཏ་ཀ་ཧུ༷་ཕཊ། པ་ཙ་པ་ཙ་ཕཊ། ཨོ་བཛྲ་ཀྲོ་དྷ་ཨུརུ་ཨ་ཙ་ལེ་ཧུ༷། བན་དྷ་བན་དྷ་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་ཧ་ཡ་གྲི་བ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་པ་ར་ཙིསྟ་ཧུ༷། ཏིཁྱི་ཏིཇི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜ་ལི་ཧུ༷། ཚིན་དྷ་ཚིན་དྷ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧུ༷། སྟིན་ད་སྟིན་ད་ཧུ༷་ཕཊ། ཨོ་བཛྲ་ཀྲོདྷ་མ་ཧྭ་བ་ལ་ཧུ༷། སྤྲོ་ཊ་སྤྲོ་ཊ་ཧུ༷་ཕཊ། བགེགས་ཚར་བཅད་པའོ། །ཧུ༷་པ་ར་བི་ཏན་ཧུ༷་ཕཊ། བིན་ད་ཟིན་ད་ཧུ༷་ཕཊ། གྲིཏྣ་གྲིཏྣ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། སྲས་མཆོག་གི་རིམ་པའོ། །མ་ཐ་མ་ཐ་བཛྲ ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཏེ་ཡ། ཛ་ཡེ་བི་ཛ་ཡེ་ཡ། ཨ་ཙི་ཏེ་ཡ། ཨ་པ་ར་ཙི་ཏེ་ཡ། མ་མ་པ་ཤི་ཀུ་མྲ མ་ཏང་ཉ་ཀ་ར་ཨི་ནན་ཏ་ཀི། །མ་མ་ཀརྨ་དྷ་ཏི་མྱ་མ། ཤི་ཀྲང་ཀརྨ་ཀ་ར་རེ་ཡ། དམ་ཅན་གྱི་སྔགས་ཟོར་དང་ཐུན་ལ་བཟླས་སོ། །ཨོ་ལ༷་ཧུ༷་ལ༷། །ཛ་ཧུ༷་བ༷་ཧོ་སྟ༷་པ་ནན། མནན་པའོ། །ཨོ་བཛྲ་ཡག་ཤ་ཀྲོདྷ་བི་ད་ཡ། ཁུ་ཧི་ཁུ་ཧི། སྦྱིན་སྲེག་གིའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་རབ་ཏུ་གྲགས་པའི་འོད་འཕྲོས་ཏེ། གདུག་པ་ཕོ་མོའི་སྲོག་ནས་བཀུག་སྟེ་མདུན་ན་ཟི་བཀའ་སྩོལ་ཅེས་འདོར་རོ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། ཕྱི་རབས་པ་ནི་བསྐྱང་བར་བྱོས། །བསེ་བདུག་ཕོ་མོས་སྔགས་བཞིན་སྨྲས། །ཨོ་དུ་དུ་སྒག་རག་ཤ་ཤ་ལ་ཀྱི་ལ་ཁྱང་རོལ་མུག་ཏི་སྙིང་ཁ་རག་མ་ཧྭ་དེ་བ་ཙིསྟ་ཛ་ལ་ཛ་ལ་སྨྱོ་སྤྱོ། ཨོ་སུ་ཀྲི་བ་ར་ཡ་བ་ར་ཙིསྟ་ཡ། ཡོ་གི་ཤྭ་ར་ཡ། ཡ་མ་ཙིསྟ་ཡ་སྨྱོ་སྨྱོ།དེ་ནི་བདག་གི་སྲོག་ལགས་སོ། །ཨོ་བ༷་ཧྲ༷་ཧ་ཆེ་གེ་སྟ༷་བྷ་ར༷་སྲུ༷་ཧྲ་ཧུ༷་བཛྲ་ཧ་ན་ཧ་ན་ཆེ་གེ་ཨ་བི་ཙ་ར་ཧུ༷་ཕཊ། དེས་ནི་བདག་གིས་དགྲ་བོ་འགུག་པར་བྱེད་དོ། །མ་མ་དུན་སྨྱོ་ཆེ་གེ་དྲི་བི་རོལ་གཟེར་མུ་ཏྲི་མ་ཧེ་ད་ནག་མོ་ཐུ༷་རི་ལི་ལི། སྙིངའབྱིནཏྲིགདོནཕྱུང། ནི་ཤའུ་རུ་ཁ་སོ་བ་ཏི་ཡམ། སེན་མན་སེན་ཡ༷། དགྲ་བོ་པྲ་བེ་ཤ་ཡ། དུ་ཏྲི་ཡ༷། སྙིང་རྩེ་ཆོད་སྲོག་སྲིག་ཕྲིག་ཤ༷་ཁྱེར་སྨྱོ། ཁུ་ལེ་ཟ་ཁུང་ཟ་སྙིང་ལ་རྦུད། ལྕེ་དང་མ་སོད་ལྕེ་དུར་མ་སོད། །དེས་ནི་བདག་གིས་གཟས་པ་བརྡེག་པར་བྱེད་དོ། །དེ་ནས་ཤན་པ་ཕོ་མོས་སྨྲས། སྨྱོ་བཛྲ་ཤྭ་ན་མུ་ཁ་ཨ༷་ཀུ་ཤ་ཛ། ཤལ་ཀྱི་ཁྱེ་བྲེང་ཐལ་ཤ༷་ཤ༷་ཡ་མ་ག་རི་ལ་སྙིང་ལ་ཡ་སྙིང་གོང་ཆོད་ཙིཏཱ་རྦད་ཐུ་བ་རིལ་ཁུ་ཧི། ཨོ་དེ་ཨི་ཨ་དམར་དུ་ཙེ་ནི། ར་ཡ་ཛ་རྦད་སི་དི་ས་མ་ཡ་ཐིབས་ཛ། དེ་ནི་བདག་ཅག་གི་སྲོག །མཁའ་ལ་ཡི་ཟན་ཡུགས་མི་འབར་ཏི་རྦད། ཐུམ་རིལ་ཡ་ཤལ་ཀྱི་སྤྱང་ཀང་ཀ་ཤ་ལ་ཡ་འདུ་སྲུགཐོ་ཤིག །སྙིང་ལ་ཡ་རྦད་པུ་རྦད་པུ་རྩ་རྒྱུད་དྲུངས་ནས་ཕྱུང་ཅིག་ནི་མྱ་ར་ཡ་ཛ་ཛ། ཛ་དུ་སྲོག་ལ་མྱོས་མྱོས་དམར་དུ་ཅེ་སྲོག་ལ་མྱོས་མྱོས། མ་ར་ཡ་སོད་འདུ་འདུ། དེ་ནི་བདག་ཅག་གི་བརྣག་པ་རྡེག་པར་བྱེད་པའོ། །དཔའ་བོས་དྲག་སྔགས་བཀའ་སྩལ་པ། །ཏྲག་རག་ཤ་སྙིང་ལ་ཏྲག་ཤ །ཙིསྟ་སྲོག་ཏུང་ཧུ། སྲོག་ལ་འདུ་འདུ། ཐུ་ལི་ས་དུ་དུ། སྲོག་བྲིག་སྲིག །ཤ་ཁྲེར་མ་མ་ནིའི་སྲོག་ལ་ཛ་ལ་རག་ར་ཡ་ཧུ༷་ཕཊ། དར་པ་ཝ་ཡི་ཐོད་པ་མྲ །བླ་རྡོ་བཅུག་ལ་གདུག་པ་བོད། །དྲོད་ལ་ཕེབས་ན་སྤྱང་ཐོད་དུ། །ལིང་ག་བཅུག་ལ་བླ་ཚེ་དགུག །རྟགས་བྱུང་ནས་གསད་པར་བྱ། །གནད་མ་ཤེས་ན་རང་ལ་ལྡོག །རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུས་ལས། སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དབང་བསྐུར་བྱིན་བརླབས་བསྟན་པ་ནི། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །ཐུགས་ཁའི་འོད་ཟེར་འཕྲོས་པ་ཡིས། །བྱམས་དང་སྙིང་རྗེས་གང་འདུལ་བཏུལ། །མི་འདུལ་དྲག་པོ་རྫོགས་པས་བ་། །ཐམས་ཅད་འདུས་ཏེ་དབང་བསྐུར་ཞིང་། །དེ་ལས་འཕྲོས་པས་བསྙེན་ཕུར་བརྒྱབ། །དེ་ནས་སྤྱན་དྲང་མཆོད་པ་ནི། །སྲིད་པ་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བསླང་བའི་ཕྱིར། །ཐུགས་ཀའི་ཧུ༷་ལས་ཛ་འཕྲོས་པས། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །བཞུགས་ཤིང་ཕྱག་ཀྱང་བཙལ་བར་བྱ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །མཚོན་པ་རྣམ་གསུམ་སྔགས་ཀྱི་དབུལ། །དགོས་པ་རྟགས་དང་མཚན་མ་སྟོན། །ཀི་ལ་ཡ་ཡི་དངོས་གྲུབ་སྟེར། །དེ་རྣམས་ལྷ་རུ་གསལ་བྱས་ལ། །ཕུར་པ་སྲས་སུ་གསལ་བ་ནི། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོ་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་་བབ། ཁྲ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །གཅིག་ནི་སྤྱིར་བཏང་གཞན་དངོས་སོ། །རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། དབང་བསྐུར་བྱི་་བརླབ་དང་ཕུར་པ་སྲས་སུ་གསལ་བའི་ལེའུ་སྟེ་བཞི་པའོ།། །།དཔའ་པོས་བསྒྲལ་ཞིང་མཆོད་པ་གསུངས། །དུར་ཁྲོད་རོ་ཚས་སྦྱང་བྱས་ལ། །བྲིས་མཁན་དམ་ཚིག་ཡོད་པ་ཡིས། །དཔལ་གྱི་སྐུ་བྲིས་མེ་རི་ཡི། །ཕྱི་རོལ་ཏྭ་ར་ཎ་དག་དང་། །རིན་ཆེན་རྒྱན་གྱིས་བརྒྱན་པར་བྱ། །རབ་གནས་བྱས་ལ་དངོས་གྲུབ་རྟེན། །འབྲུབ་ཁུང་ནང་དུ་ལིང་ཁ་གཞུག །དགུག་གཞུག་བྱས་ལ་གཟས་པར་གསལ། །རྒྱུད་ལྔའི་ཤེས་པ་བཀུག་ལ་བསྟིམ། །བདུད་རྩི་དག་ལ་བརྟེན་ལ་མཆོད། །དམ་ཚིན་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། ཁྲ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །དུས་གསུམ་རྒྱལ་བའི་གདུང་འཚོབ་པ། །རིགས་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས །མངོན་སྦྱོད་ཚུལ་དུ་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོ་ལ༷་ཧུ༷་ལ༷་སྟ༷་པ་ནན། མོ་ཧ་ག །བྷ་ག་ཝན། ཤི་ཀྲི་བི་ཀྲི་བཛྲ་ཧཱུཾ༷་ཀ་ར་ཧུ༷་ཧུ༷་ཕཊ་ཕཊ། བཛྲ་ཀི་ལི་ཀི་ལི། ཀི་ལ་ཡ་ཀི་ལ་ཡ། ཛ་ཧུ༷་བ༷་ཧོ། སརྦ་བིབྷ་ནན། བཛྲ་ཀི་ལ་ཡ་ཧུ༷་ཕཊ་ཕཊ། བཛྲ་ཧུ༷་ཀ་ར་ཧུ༷་ཕཊ། བཛྲ་ཧུ༷་ཀ་ར་ཧུ༷་ཨ། གཟསཔའིཙིསྟའིདཀྱིལཉིད་ན། ཁྲག་གི་སྦལ་པ་དྲི་ཏྲིར་བཅས། །བཏབ་པས་སེམས་བསྟེན་དག་པར་བྱས། །ཕུལ་བས་ལྷ་ཡི་འཇིག་རྟེན་བསྒྲལ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་བགྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཧུ༷་པ་ར་བིད་ཏན། སྣྲིན་དྷ་སྨྲིན་དྷ་ཧུ༷་ཕཊ། སྟིན་དྷ་སྟིན་དྷ་ཧུ༷་ཕཊ། གྲི་ཎྜ་གྲོ་ཎྜ་ཧུ༷༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། བན་དྷ་བན་དྷ་ཧུ༷་ཕཊ། ཏ་ཐུ་ཡ་ཏ་ཐུཡ་ཧུ༷་ཕཊ། ཧ་ས་ར་ན་ཧ་ཏ་ན་ཧུ༷་ཕཊ། ཤི་ཀྲིན་ཨ་ན་ཡ་ཧུ༷་ཕཊ། ཛ་ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ་ཧུ༷་ཕཊ། བི་ད་ཡ་བི་ད་ཡ་ཧུ་ཕཊ། ལུས་རྟེན་ལྟེ་བ་བསྡོམ་བརྫིས་འདྲ། །བཏབ་པས་ལུས་ཀྱི་སྒྲིབ་པ་དག །ཕུལ་བས་བྱོལ་སོང་འཇིག་རྟེན་སྟོངས། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་པའི། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ མ་ཐ་མ་ཐ་བཛྲ ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཏེ། ཛ་ཡེ་བི་ཛ་ཡེ ཨ་ཙི་ཏེཨ་ར་བཱ་རྭ་ཙི་ཏི། མ་ར་ས་ན། པྲ་མརྟ་དྲི་ཡེ་ཧུ༷་ཕཊ། ངག་རྟེན་མགྲིན་པ་པདྨ་འདྲ། །བཏབ་པས་ངག་གི་སྒྲིབ་པ་དག །ཕུལ་པས་ཡི་དྭགས་འཇིག་རྟེན་བསྒྲལ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་གདབ། །དེ་ནས་སྔགས་ཀྱི་བཟླས་པ་བྱ། །དེ་ནས་ཟོར་ཐུན་ལས་ལ་སྦྱར། །ཐ་མ་རྒྱུན་གྱི་སྤྱོད་ལམ་བྱ། །གང་ལ་བྱ་བ་བརྡེག་བར་ནུས། །རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། གཟས་པ་གསལ་བ་དང་མཆོད་ཅིང་བསྒྲལ་བའི་ལེའུ་སྟེ་ལྔ་པའོ།། །།དཔའ་བོས་གཏད་པ་བཀའ་སྩལ་པ། །ཟབ་མོ་དོན་གྱི་སྙིང་པོ་འདི། །དགོས་འདོད་ཀུན་འབྱུང་རིན་ཆེན་འདྲ། །གཏད་དོ་གཏད་དོ་མ་ནུབ་པར། །དམ་པར་གཟུང་ལ་རབ་ཏུ་ཆོངས། །དེ་ནས་འཁོར་འདུས་པ་ཐམས་ཅད་ཡི་རངས་ཏེ། རྣལ་འབྱོར་གྱི་གྲལ་དུ་འཁོད་དོ། །རྡོ་རྗེ་ཕུར་པ་ཕུར་གཅིག་མ་དོན་གསང་བའི་རྒྱུད་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་དྲུག་པའོ།། །།ཕུར་གཅིག་མ་དོན་གསང་བའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། མ་མ་ཀརྨ་ཏན་ཏྲ་ལོ་ཀ་ཨུ་པ་དེ་ནཱ་མ། བོད་སྐད་དུ། མ་མོ་ལས་ཐམས་ཅད་སྲིད་པའི་རྒྱུད་ལུང་ཞེས་བྱ་བ། ཡུམ་ཆེན་མོ་མུ་ཁ་ལེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མ་ཡུམ་ཆེན་མོ་ཁ་ལེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། །གསུང་དང་ཐུགས་ཀྱི་བྱིན་རླབས་ལས་བྱུང་བའི་རྡོ་རྗེ་དང་བྷ་ག་ལ་བཞུགས་ཏེ། དེའི་ཚེ་ཡབ་མངོན་རྫོགས་ལྷའི་ཡུལ་གཞན་པའི་འཁོར་ཐམས་ཅད་དང་། མཁའ་འགྲོ་མ་དང་། མ་མོ་དང་གནོད་སྦྱིན་མོ་དང་། སྲིན་མོ་དང་། ལྷ་མོ་ལ་སོགས་པའི་སྐྱེ་གནས་མོ་ཡི་བསྡུས་པ་ཉི་ཚེས་བསྐོར་ཞིང་གནས་པར་གྱུར་ཏེ། དེ་ནས་ཡབ་མངོན་རྫོགས་ལྷ་ཡིས་ཡུམ་ཆེན་མོ་མུ་ཁ་ལེ་ལ་གསོལ་བ་དང་། སྐྱེས་པ་དང་། བུད་མེད་དང་། །ལྷ་དང་། །དེ་བཞིན་ལྷ་མོ་དང་། སྲིན་མོ་སྲིན་པོ་ལ་སོགས་པ་ཡབ་དང་ཡུམ་གྱིས་འདུལ་བ་ལས། །ཇི་ལྟར་ཡབ་ཀྱི་འདུལ་བ་ཡི། འཇིག་རྟེན་ཆགས་འཇིག་ངས་གསུང་ན། །ཇི་ལྟར་ཡུམ་གྱིས་འདུལ་བ་ཡི། །འཇིག་རྟེན་ཆགས་འཇིག་ཁྱོད་ཀྱིས་གསུངས་། །ཁེ་ལེ་ཡུམ་གྱིས་བཀའ་སྩལ་པ། །གསོན་ཅིག་མངོན་རྫོགས་རྒྱལ་པོ་ཡབ། ཁྲེས་རབ་ང་ཡིས་བཤད་པའི་རྒྱུད། །མི་འཇིགས་སེང་གེའི་ང་རོ་སྟེ། །ལྟས་ངན་ཝ་སོགས་ཟིལ་གྱིས་གནོན། །རང་བཞིན་འོད་གསལ་སྒྲོན་མ་སྟེ། །མ་རིག་མུན་པ་ངང་གིས་སེལ། །ནད་རྣམས་སེལ་བའི་བདུད་རྩི་སྟེ། །འདོད་ཆགས་ལས་ལོག་དུག་རྣམས་སེལ། །འདི་ཉིད་ང་ཡིས་བཤད་ཀྱིས་ཉོན། ཁྲེས་རབ་སྟོང་པ་ནམ་མཁའ་འདྲ། །ནམ་མཁའ་སེམས་ཅན་ཀུན་འདུལ་བས། །ང་ཉིད་འཇིག་རྟེན་ཆགས་པས་བསྟན། །བདེ་ཆེན་ནམ་མཁའི་ཐིག་ལེ་འདྲ། །ཕྲ་རབ་རྡུལ་ནི་སྲིན་དང་འདྲ། །ཕྲ་རབ་རྡུལ་ནི་མུ་ཁ་ལེ། །སེམས་ཅན་རྣམས་ནི་དེ་ལྟར་བསྟན། །ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག། །དེ་ཉིད་དབྱིངས་ཀྱི་ཡུམ་དྲུང་སྟེ། །རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག། །ཡེ་ཤེས་མ་མོ་དང་པོ་ལ། །ལྕགས་རྡུལ་བདུན་ལ་ཆུ་རྡུལ་གཅིག། །ཡེ་ཤེས་མ་མོ་འོག་མ་བདུན། །ཆུ་རྡུལ་བདུན་ལ་བོང་རྡུལ་གཅིག། ། དང་པོ་སྨན་མོ་བདུན་དུ་འདོད། །བོང་རྡུལ་བདུན་ལ་ལུག་རྡུལ་གཅིག། །བདུན་པ་གཉིས་པ་ཡིན་པར་འདོད། །ལུག་རྡུལ་བདུན་ལ་གླང་རྡུལ་གཅིག། །བདུན་པ་གསུམ་པ་ཡིན་པར་ངེས་། །གླང་རྡུལ་བདུན་ལ་མེ་རྡུལ་གཅིག། །བདུན་པ་བཞི་པ་དེ་བཞིན་ངེས། །མེ་རྡུལ་བདུན་ལ་ཉི་རྡུལ་གཅིག། །བདུན་པ་ལྔ་པ་ཤེས་པར་བྱ། །ཉི་རྡུལ་བདུན་ལ་སྲོམ་གཅིག། །སྨན་མོ་དྲུག་པ་ཡིན། །སྲོ་མ་བདུན་ལ་ཤིག་གཅིག་སྟེ། །བདུན་པའོ་བདུན་དུ་ཤེས་པར་བྱ། ཁེག་གི་བདུན་ལ་ནས་གཅིག་སྟེ། །ནས་ཀྱི་འགྱུར་ལས་སོར་ཚིགས་ཏེ། །སྨན་མོ་ལྔ་བཅུ་རྩ་བརྒྱད་ཀྱི། །བདུན་བརྒྱད་པའི་ངོ་བོར་བསྟན། །སོར་ཚིགས་ཉི་ཤུ་རྩ་གཅིག་ལ། །ཁྲུ་གང་དུ་ནི་གྱུར་པ་སྟེ། །མུ་ཁ་ལེ་ནི་རང་བཞིན་ཡིན། །ཁྲུ་བཞི་ལ་ནི་གཞུ་བདུན་ཏེ། །དབྱིངས་ཀྱི་ཡུམ་དྲུག་རང་བཞིན་ཡིན། །གཞུ་ལྔ་བརྒྱ་རྒྱང་གྲགས་གཅིག། །ཡེ་ཤེས་མ་མོ་བཅུ་བཞིར་གསུངས་རྒྱང་གྲགས་བརྒྱ་ལ་དེ་ཡི་ཚད། །དཔག་ཚད་དག་རུ་གྱུར་པ་སྟེ། །སྨན་མོ་ལྔ་བཅུའི་རང་བཞིན་ཡིས། །དེ་ལྟར་ཕྲ་རབ་རྡུལ་ནས་ནི། །རི་རབ་དང་ནི་གླིང་བཞི་སོགས། །གཟུགས་ཀྱི་དངོས་པོ་དེ་ལྟར་འཕེལ། །གྲིབ་མ་དེ་ལས་ལྡོག་པའོ། །དེ་ལྷར་གླིང་བཞི་རི་རབ་འདི། །མ་མོ་རབ་ཏུ་མཁས་པས་བརྟག། །སྒྲ་ཡི་མཐའ་ནི་མ་ཡིན་ཏེ། །མ་ནི་སྐྱེ་མེད་མུ་ཁ་ལེ། །མོ་ནི་དབྱིངས་ཀྱི་ཡུམ་དྲུག་སྟེ། །བདེ་ཆེན་གཡུང་དྲུང་ཐིག་ལེར་འཁྱིལ། །ཡེ་ཤེས་མམོ་བཅུ་བཞི་ཡིན། །རྒྱུད་དང་འཇིགརྟེན་ཐ་སྙད་ལ། །ཀ་བ་རྩིག་པ་ལ་སོགས་ཀུན། །སྨན་མོ་རྣམས་ཀྱི་རང་བཞིན་ཏེ། །འདི་ནི་སྒྲ་ཡི་འཕེལ་བ་སྟེ། །འགྲིབ་བ་དེ་ལས་ཟློག་པ་སྟེ། །མིང་དང་སྒྲ་ཡི་འཕེལ་འགྲིབ་འདི། །མཁས་པས་མ་མོའི་ངང་དུ་བརྟག། །སྐད་ཅིག་མ་ནི་མུ་ཁ་ལེ། །ཐང་ཅིག་དབྱིངས་ཀྱི་ཡུམ་དྲུག་སྟེ། །ཡུད་ཙམ་ཡེ་ཤེས་མ་མོ་བརྒྱད། །ཐུན་ནི་ཡེ་ཤེས་མ་མོ་གཞན། །ཉིན་ཞག་སྨན་མོའི་ཚོགས་ཡིན་ཏེ། །ཟླ་བ་བཅུ་གཉིས་མུ་ཁ་ལེ། །ལོ་གཅིག་དབྱིངས་ཀྱི་ཡུམ་དྲུག་སྟེ། །བར་གྱི་གཡོག་མོ་བརྒྱད་བརྒྱ་ནི། །ཡེ་ཤེས་མ་མོ་བཅུ་བཞིར་འདོད། །ཡ་ཐོག་མ་ཐོག་རིང་ཐུང་གཉིས། །སྨན་མོ་ལྔ་བཅུའི་རང་བཞིན་ཏེ། །སྲེད་ལྟར་བསྐལ་པའོ་ཉི་ཤུ་བརྒྱད། །མ་མོའི་རང་བཞིན་ཡིན་པར་བཤད། །དེ་ལྟར་གཟུགས་དང་མིང་དང་རུས། །མ་མོའི་སྐུ་གསུང་ཐུགས་སུ་འདོད། །དེ་ལྟར་གཟུགས་ནི་ཕྲ་རགས་དང་། །མ་མོ་སྐུ་ཡི་རང་བཞིན་ཏེ། །དེ་ལྟར་མ་ཤེས་སྙིང་རེ་རྫེ། །དེ་ལྟར་མིང་གི་བསྡུས་རྒྱས་ཀྱང་། །མ་མོའི་གསུང་གི་རང་བཞིན་ལགས། །དེ་ལྟར་མ་ཤེས་ཐང་རེ་ཆད། །མ་མོ་རྟེན་པ་སྤྲེའུ་འདྲ། །དུས་ཀྱི་འཕེལ་འགྲིབ་མངའ་མོའི་ཐུགས། །སེམས་ནི་མི་རྟག་ཐུགས་སུ་བསྟན། །དེ་ལྟར་མ་ཤེས་གོལ་སྒྲིབ་ཆེ། །མ་མོ་སྨྲ་བ་ཁ་རེ་ངལ། །མ་མོ་སྒོམ་པ་སྙིང་རེ་ཉམས། །མ་མོ་སྒྲུབ་ཐང་རེ་ཆད། །རྟག་དང་ཟེར་མོ་ཇི་བཞིན་ནོ། །ནམ་མཁའ་མཚན་ཉིད་དེ། །དེ་ལ་དུས་བཞིའི་མ་མོ་རྩལ། །དགུན་གྱི་རྒྱལ་མོར་འཁྱག་འབེབས་མ། །འབྱུང་བ་རླུ་་ལ་མངའ་མཛད་མ། །འཁྱག་པ་ཁྲག་ཁྲོལ་སྦྲུལ་པའི་སྐུ། །དཔྱིད་ཀྱི་རྒྱལ་མོ་དྲོད་འབེབས་མ། །འབྱུང་བ་མེ་ལ་མཛད་མ། །ཞུན་ཆུ་ཆལ་ཆོལ་སྤྲུལ་པའི་སྐུ། །དབྱར་གྱི་རྒྱལ་མོ་སྐྱེད་མཛད་མ། །འབྱུང་བ་ཆུ་ལ་མངའ་མཛད་མ། །དམུ་ཆུ་ཁམ་ལྕགས་ཡལ་ག་ཅན། །མེ་ཏོག་སྣ་ཚོགས་སྤྲུལ་སྐུར་བསྟན། །སྟོན་གྱི་རྒྱལ་མོར་བཅུད་ལེན་མ། །འབྱུང་བ་མེ་ལ་མངའ་མཛད་ཅིང་། །ལོ་ཐོག་འབྲས་བཅུད་སྦྲུལ་སྐུར་སྟོན། །སེབས་ཅན་རྟག་པར་འཛིན་པ་ལ། །དུས་ནི་བཞི་ཡིས་མིང་རྟག་བསྟན། །དེ་ལྟར་བསྟན་ཀྱང་མི་འདུལ་བ། །སེམས་ཅན་རྨོངས་པ་སྙིང་རེ་རྗེ། །སྡུག་བསྔལ་སྤྱོད་པ་ཐང་རེ་ཆད། །དེ་ལྟར་སྟོན་པའི་ཐབས་ཆེན་ནི། །གཞན་ལ་མེད་ཅིང་རང་ལ་མེད། །ཐེག་ཆུང་ཉན་ཐོས་ལ་མེད་ཅིང་། །ཐེག་ཆུང་ལ་མེད། །རིག་པ་འཛིན་ལ་འདི་མེད་ཕྱིར། །དེ་ལྟར་སེམས་ཅན་འདུལ་ཐབས་དང་་ །ལྟ་བ་རྨད་དུ་བྱུང་བས་ནི། །འདི་ནི་ཐེག་པའི་སྙིང་པོར་གསུངས་། །ང་ཡི་ཐུགས་རྗེ་སྤྲུལ་པ་དང་། །སེམས་ཅན་ལས་ཀྱི་དགེ་སྡིག་གིས། །སྲིད་པའི་འདི་ལྟར་ཆགས་པ་ཡིན། །བཤད་ཀྱི་མངོན་རྫོགས་ཡབ་ཁྱོད་ཉིན། །དེ་ཡང་འདི་ལྟར་འཇིག་རྟེན་གྱི། །ཁམས་འདི་ཀུན་རྫོབ་མོས་པ་སྣ་ཚོགས་པའི། །སེམས་ཅན་བསམ་པའི་དབང་གིས་འཇིག་རྟེན་གྱི། །ཁམས་ནི་སོསོར་སྣང་བའོ། །དེ་དག་སེམས་ཅན་རྣམས་ཀྱི་བསོད་ནམས་དང་། །སྡིག་པའི་དབང་གིས་སོ་སོར་སྣང་བ་འོ། །དོན་དམ་བར་སྦགས་པ་དང་གཞལ་བར་ནི་འཇིག་རྟེག་གྱི་ཁམས་ཡིན་ཏེ་དཔེས་མ་གང་དུ་ཕུག །ཁྲུ་ལྔའི་ཚད་དུའདོད་ཆགས་དང་བྲལ་བ་འམ། བྱང་ཆུབ་སེབས་དཔའ་ཡང་དག་པའི་རིགས་འཛིན་རྣམས་ཀྱི་ཕུག་དེར། དེའི་ཚོགས་དང་ཡེ་ཤེས་ཀྱི་སྟོབས་ཀྱི་རང་བཞིན་ཡང་དག་པར་འགྱུར་ཏེ། །དེའི་བདེ་ཚན་འཁོར་ལོ་སྒྱུར་་བའི་འགྱུར་བར་བཞུགས་ཏེ། །དེ་ལ་ཅུང་ཟད་ཡང་པ་ཡང་མེད་ལ། །དེ་ལ་ཅུང་ཟད་དོག་པ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ཀུན་རྫོབ་ཀྱི་འཇིག་རྟེན་གྱི་ཁམས་དང་། དོན་དམ་པ་ལས་ཤེས་པར་བྱའོ། །དེ་ཡང་ཕྱི་རོལ་གྱི་འཇིག་རྟེན་གྱི་ཁམས་ཇི་ལྟ་བ་བཞིན་དུ། །ལུས་ཀྱི་འཇིག་རྟེན་གྱི་ཁམས་དག་འདྲ་སྟེ། ཕྱི་རོལ་འཇིག་རྟེན་ཁམས་ཀྱི་ཚད་དེ་འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་གྱི་དོན་ནོ། །ནང་དུ་ལུས་ཀྱི་ཚད་ནི་ལུས་ཀྱི་དཀྱིལ་འཁོར་དུ་གསུངས་ཏེ། ཇི་ལྟར་ཕྱི་རུ་འཇིག་རྟེན་པ་ཡི་ཚད་མ་རི་རབ་ལྷུན་པོ་ལ་དཔག་ཚད་འབུམ་མོ། །དེ་བཞིན་དུ་ལུས་ཀྱི་སྒལ་ཚིགས་ལ་དཔངས་སུ་ཁྲུ་གང་སྟེ། དེ་ནས་ལུས་ལ་ཁྲུའི་ཚད་ཀྱི་བཞིའོ། །རི་རབ་ལྷུན་པོ་ལ་དཔག་ཚད་འབུམ་ཚད་ཀྱི་འཇིག་རྟེན་གྱི་ཁམས་ལས་དཔག་ཚད་འབུམ་ཕྲག་བཞི། གཞན་དུ་ཕྱི་ཇིལྟབབཞིནནངབཡིན་ན་མི་མཐུན་པར་འགྱུར་རོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཀྱི་ཚད་ནི་ཀུན་རྫོབ་ལ་ཇི་ལྟ་བ་བཞིན་ནོ། །བཅོས་ལྡན་འདས་ཀྱི་བསྲེག་པ་དང་བཅས་པའི་ལས་ལ་སོགས་པའི་དམ་བཅས་པ་ནི་འདི་ལ་མ་ཡིན་ཏེ།གང་དུ་དམ་བཅས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཡུལ་ལོ། །གང་དུ་འཇིག་རྟེན་གྱི་ཁམས་ཀྱི་ཆེ་དག་ཡུལ་གྱི་ཚད་བརྫོད་པ་ལས། འདོད་པ་རྣམ་པ་སྣ་ཚོགས་སྨྲ་སྟེ། རིག་བྱེད་གྲུབ་པའི་མཐའ་བསམ་པས་སྨྲ་ན།ཚངས་པ་གཅིག་གི་གནས་ལ་ཡང་ཕར་ཚུར་དཔག་ཚད་བྱེད་པོ་ཡོད། །ཅེས་གོལ་བར་སྨྲ་བ་དང་། ཉི་མའི་ཤིང་རྟ་ལ་སོགས་པ་ཡོངས་སུ་སྨིན་པར་བྱ་བ་དང་། ཚངས་པའི་སྒོ་ལྔའི་ཚད་དེ་བཞིན་པའི་ཕྱིར་གཟའི་རྩིས་དང་། ཕུང་པོའི་འཁོར་ལོ་ལྡན་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་རབ་ཏུ་བཞག་གོ །དེ་ཡང་ཚད་འདི་ལས་སངས་རྒྱས་པ་ཚད་གཞན་མཐོང་བས་འཁྲུལ་པར་མི་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་འབུམ་ཕྲག་སུམ་ཅུ་རྩ་དྲུག་ལྷགག་པར་གསུངས་པོ་དང་། གང་དུ་འཇིག་རྟེན་གྱི་ཁམས་ཀྱི་ཚད་འབུམ་བཞི་ཙམ་མོ་ཟེར་བའི་ཕྱིར་བཅོས་ལྡན་འདས་རྫུན་སྨྲ་བ་ཞེས་པ་དང་། །གང་གིས་འདོད་པ་ཡིན་ཞེས་ཚིག་དེ་ཁམས་རྣམས་ཀྱིས་མི་བསམ་སྟེ། སེམས་ཅན་རྣམས་ཀྱིས་བསམ་པའི་དབང་གིས་ཞེས་བྱའོ། །དེ་བཞིན་དུ་ཡང་ངས་གསུངས་པ། །སེམས་ཅན་མོས་པ་སྣ་ཚོགས་པ། །སྣ་ཚོགས་གྲུབ་པའི་མཐའ་རིག་པ། །སྣཚོགས་ལམ་ནི་མཉམ་གནོན་པ། །མི་ཤེས་རྒྱལ་ཁམས་རྟ་རྣམས་རང་བཞིན་དུ་གྲུབ་པའི་མཐའ། །ཇི་སྲིད་རིགས་པ་མ་བསྟན་པ། །དེ་སྲིད་དབང་དུ་མི་འགྱུར་ཏེ། །ཀུན་མཁྱེན་ལ་ཡང་ཁེངས་པ་རྣམས། སེམས་ཅད་ཕན་པ་མི་བདེན་ཏེ། བསོད་ནམས་ཚོགས་ཀྱི་རྒྱུ་ཅན་དང་། །གཞན་ལ་གནོད་པའི་བདེན་པ་སྟེ། །མན་མ་སེམས་ལ་སོགས་སྟེར་བའོ། །ཁྱིམ་ན་གནས་པའི་སེར་སྣ་ཅན། །ཡི་དགས་ཀྱི་ནི་རང་མཐོང་སྟེ། །ཁམས་ཀྱི་རྩེ་མོ་ནག་པོ་རི། །ས་ལ་སྲིག་པ་བྱེད་པ་རྣམས། །བུ་བཙས་བཞིན་དུ་སྔ་བ་ཡིས། ཁུབ་རྣམས་ཀྱི་ནི་རི་མཐོང་ན། །རྐང་མགྱོགས་དངོས་གྲུབ་ཐོབ་པ་རྣམས། །ལྷ་མོའི་ཁང་དུ་རྩེག་མར་འགྲོ། །དེ་ནས་འཇིག་རྟེན་གྱི་ཚད་ལ། །སེམས་ཅན་རྣམས་ཀྱི་རང་རང་གི་བག་ཆགས་ཀྱི་དབང་གིས་དེས་གསུངས་པ་སོ་སོར་སྣང་སྟེ། །ལ་ལ་རངས་མངོན་པར་ཤེས་པའི་དབང་གིས་འཇིག་རྟེན་གྱི་ཁམས་ལ་མཐོང་བ་དང་། གཟུང་བ་ནང་འཛིན་པའི་ངོ་བོར་དངོས་པོའི་ཚད་ཟིན་པ་མ་ཡིན་ནོ། །དེ་ལྟར་ན་མུ་ཁ་ལེ་ངས་མ་མོས་འདུལ་བའི་སེམས་ཅན་དང་། སྒྲུབ་པ་པོ་སྨིན་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་དང་། ལུས་ཀྱི་དཀྱིལ་འཁོར་གྱིས་ཚད་གསུངས་སོ། །འདི་ལ་རླུད་གི་མཐའ་ནས་ལྷུན་པོའི་མཚམས་སུ་ནི། ས་དག་ཆུ་དང་མེའི་དཀྱིལ་འཁོར་རྣམས་ནི། འོག་གི་རླུད་གི་དཀྱིལ་འཁོར་ནམ་མཁའ་ན་གནས་སོ། །དེའི་ཕྱིར་རླུད་གི་མཐའ་ནས་ལྷུན་པོའི་བར་ན། དམྱལ་བ་བདུན་དང་བརྒྱད་པ་རླུད་གི་གྲོང་ཁྱེར་ཞེས་བྱ་སྟེ། དམྱལ་བ་དང་རླུད་གི་གྲོང་ཁྱེར་ལ་དཔག་ཚད་འབུམ་ཕྲག་གཉིས་ཡིན་ནོ། །རླུག་གི་དཀྱིལ་འཁོར་ལ་སྟོང་ཕྲག་ལྔ་བཅུད་ཡིན་ནོ། །དེར་མ་རུང་བ་ཆེན་པོའི་རླུད་དང་། མུན་པ་ཆེན་པོ་དམྱལ་བ་ཆེན་པོ་གཉིས་ཏེ། དེའི་ཚད་ནི་སྟེང་དང་། འོག་དང་། རྒྱར་དཔག་ཚད་ཉིད་ཤུ་རྩ་ལྔ་རྣམ་པར་དབྱེ་བས་སའི་དཀྱིལ་འཁོར་གྱི་ཚད་དོ། །དེ་ལྟར་མེའི་དཀྱིལ་འཁོར་དུ་དམྱལ་བ་གཉིས་ཏེ། དེ་ཡང་མེའི་དམྱལ་བ་དང་གཅིག། །དེའི་སྟེང་དུ་བཟོད་པར་དཀའ་བ་ཆུའི་དམྱལ་བ་དང་གཅིག་གོ། །དེ་བཞིན་དུ་ཆུའི་དཀྱིལ་འཁོར་དུ་དམྱལ་བ་གཉིས་ཏེ། བྱེ་མའི་འདམ་དང་། བྱེ་མའི་འདམ་གྱི་ཆུར་ཡང་དག་པར་ལྡན་པ་དང་། བྱེ་མ་བྱེ་མར་ཆུར་ཡང་དག་པར་ལྡན་པ་བགྲང་བ་ཆེན་པོའི། སའི་དཀྱིལ་དུ་གསེག་མའི་ཆུའི་དམྱལ་སྟེ། དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །དེའི་སྟེང་དུ་རླུད་གི་གྲོང་ཁྱེར་སྟེང་དང་འོག་ཏུ་དཔག་ཚད་ཉི་ཤུ་རྩ་ལྔའོ། །དེ་གཉིས་ཀྱི་ཚད་ལ་གཉིས་ཏེ། ཕྱེད་ནི་ལྷ་མ་ཡིན་གྱི་གནས་སོ། །ཕྱེད་ནི་ཀླུའི་གནས་སོ། །ཕྱིའི་དེ་ལྟར་ལུས་ལ་རྐང་བའི་མཐིལ་ནས་སྐྱེད་པའི་བར་དུའོ། །ཁྲུ་དོ་ཡིན་ལ། དེ་གཉིས་དབྱེ་བས་ལ་དུ་དབྱེ་བས་ཕྱེ་སྟེ། ཆ་རེ་རེའི་རིགས་པ་ཇི་ལྟ་བས་དམྱལ་བ་དང་ཀླུའི་གྲོང་ཁྱེར་རིག་པར་བྱའོ། །དེ་ནས་རི་རབ་ལྷུན་པོའི་བུམ་གྱི་ཚད་ནི། དེའི་ཕྱི་རིམ་སའི་དཀྱིལ་འཁོར་ནས་ལྷུན་པོའི་སྟེང་དང་འོག་ཏུ་དཔག་ཚད་འབུམ་ཞེས་བྱའོ། །ནང་དུ་ཡང་ལུས་ཁྲ་གཅིག་སྟེ་རྐང་བ་ནས་རྐེད་པའི་བར་དུའོ། །དེ་ཉིད་གཟའི་ཚོགས་རྣམས་བསྐོར་བསྟེ། །དེའིཕྱིར་གཟའི་ཚོགས་རྣམས་ཀྱི་གནས་ལྷུན་པོ་ཡིས་བསྐོར་བ་ལས་སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །སྐྱེ་ནས་དཔྲལ་བའི་བར་དུ་སོར་བཅུ་གཉིས་སོ། །དཔྲལ་བ་ནས་སྤྱི་བོར་སོར་དྲུག་སྟེ། །ཇི་ལྟར་འཇིག་རྟེན་ཁམས་ལ་འབུམ་ཕྲག་བཞིའི་ཚད་ནི་ལུས་ལ་ཁྲུ་བཞི་སྟེ། །ཁྲུ་གང་སོར་མོ་ཉི་ཤུ་རྩ་བཞིའི་བདག་ཉིད་དོ། །དེ་ནི་ཞེང་གི་ཚད་བཤད་དེ། རླུད་གི་མཐའ་ནས་རླུད་གི་མཚམས་ལ་འབུམ་ཕྲག་བཞི་སྟེ། རླུད་དང་ནམ་མཁའི་མཐའ་རུ་ཤར་དང་ནུབ་ཀྱི་མཐའ་རྣམས་ཀྱི་བར་དུའོ། །དེ་བཞིན་ལྷོ་དང་བྱང་མཐའི་བར་དུའོ། ། ཞེས་བྱའོ། །དེ་ནས་རླུད་གི་དཀྱིལ་འཁོར་གྱི་སྟེང་དུ་མེའི་དཀྱིལ་འཁོར་རོ། །མེའི་དཀྱིལ་འཁོར་གྱི་ནང་དུ་ཆུའི་དཀྱིལ་འཁོར་རོ། །ཆུའི་དཀྱིལ་འཁོར་གྱི་དབུས་སུ་སའི་དཀྱིལ་འཁོར་ཏེ། །དེ་ཉིད་བསྟན་པར་འཛིན་པ་སྟེ། །སྟེང་དེ་རྣམས་སུ་གླིང་དྲུག་དང་། །རི་དྲུག་དང་། །རྒྱ་མཚོ་དྲུག་དང་ཆུའི་དཀྱིལ་འཁོར་བདུན་པས་ལྷན་ཅིག་པའི་རྒྱ་མཚོ་བདུན་དང་། །འཛམ་བུའི་གླིང་བདུན་པས་ལྷན་ཅིག་གི་གླིང་བདུན། རྡོ་རྗེའི་རི་ཡིས་ལྷན་ཅིག་པའི་རི་བཞིན་ནོ། །རྡོ་རྗེའི། བན་ད་བ་ཨ་ནི་ལ་དང་། །ཚའི་རྒྱ་མཚོ་ནི་རླུད་གི་དཀྱིལ་འཁོར་གྱི་མཐར་འོག་གི་རྒྱར་རྣམ་པར་དབྱེ་བས་གནས་སོ། འཛམ་བུ་གླིང་ཆེན་པོའི་མཐའ་ནི་ས་སྟེ་ཕྱོགས་ཐམས་ཅད་དང་འོག་གི་རྒྱ་མཚོའི་གནས་སོ། །ཚའི་རྒྱ་མཚོ་ནས་རྒྱ་མཚོའི་མཐར་ནི་འབུམ་ཕྲག་གཉིས་སོ། །རི་རབ་ལྷུན་པོའི་དབུས་ནས་གཡས་ནས་གཡོན་དང་མཚོ་མཐར་འབུམ་ཕྲག་གཉིས་ཏེ། ཡང་གཡང་སུ་འབུམ་ཕྲག་གཅིག་དང་གཡོན་དུ་འབུམ་ཕྲག་གཅིག་གོ། །དེ་བཞིན་དུ་ཤར་དང་། །ནུབ་དང་། །མེ་དང་། །བདེན་བྲལ་དང་། དབང་ལྡན་ནོ། །མེ་དང་རླུད་གི་དཀྱིལ་འཁོར་རྣམས་ལ་དཔག་ཚད་འབུམ་ཕྲག་གཉིས་ཏེ། དེ་ཡང་ཚ་རང་ཆུའི་དཀྱིལ་འཁོར་གྱི་གཡས་དང་གཡོན་དུ་མེ་དང་རླུད་གི་དཀྱིལ་འཁོར་གཡས་སུ་འབུམ་ཕྲག་གཅིག་དང་གཡོན་དུ་འབུམ་ཕྲག་གཅིག་གོ །དེ་ལྟར་ཕྱོགས་ཐམས་ཅད་དུའོ། །དེ་ལྟར་གྱུར་པའི་དབུས་ཀྱི་རི་རབ་ལྷུན་པོ་ཇི་ལྟ་བུར་འགྱུར་བ་ཡིན་ཞེ་ན། རི་རབ་གང་གི་སྟེང་ཕུང་པོའི་འཁོར་ལོའི་རྩིབས་བཅུ་གཉིས་སྒྲོལ་བར་བཅས་པ མཐའ་ཡས་པར་སྒྲོལ་བ། དབང་ཐང་དང་ཡང་དག་པར་ལྡན་པའི་སྒྲོལ་པར་བཅས་ཏེ། ཉིན་མོ་དང་མཚན་མོ་འཁོར་ལོ་ཞེས་བྱའོ། །འདིར་ཇི་ལྟར་ཚོག་འདི་རིག་པ་ཡིན། ཅིའི་ཕྱིར་གཞན་ཡང་རི་རབ་ལྷུན་པོ་ཡོད་དམ། འདིའི་ཚིག་གང་ཞིག་ཅེས་བྱ་བ་བརྫོད་པར་བྱ་སྟེ། མུ་སྟེགས་ཅན་དག་མན་ད་ར་ཡང་རི་རབ་ཀྱི་མིང་དུ་སྨོས་ཏེ། དེན་ན་མན་དྷ་ར་ལས་བྱེ་བྲག་ཏུ་ཕྱེ་བ་ལས་ཚིག་གོང་མ་དང་ནི་རིགས་སོ། །དྲུག་གི་ཆ་ལ་འབུམ་ཕྲག་གཉིས་གཉིས་ཏེ། དེ་ཡང་འདི་ལྟར་བརྫོད་དེ། འོག་དང་། སྟེང་དང་། ཤར་དང་། ནུབ་དང་། ལྷོ་དང་། བྱང་ལ་སའི་དཀྱིལ་འཁོར་གྱི་དབུས་ནས་འབུམ་ཕྲག་གཉིས་གཉིས་ཡོད་དོ། །དེ་ལྟག་གནས་པའི་འཇིག་རྟེན་གྱི་ཁམས་འདི་ཡང་སེམས་ཅན་གྱི་གནས་ཏེ། མཐོ་རིམ་དང་། མོ་ཡུལ་དང་། སའི་འོག་གི་སྲིད་པ་ནི་སྲིད་པ་གསུམ་མོ། །དེ་དག་མ་ལུས་པ་ནི་མཐའ་དག་སྟེ། དུས་སུ་སྦྱོར་བ་ལས་རབ་ཏུ་སྐྱེ་བ་དང་།གནས་བ་དང་། རྒས་པ་དང་། །འཇིག་པའོ། །དེ་ཡང་སྐྱེ་བའི་དབང་ལས་ཡང་དག་པར་འཛིན་པ་དང་། སྲུབ་པ་དང་། དབྱིབས་རླུད་གི་དུས་སུ་ཡང་བའི་སྦྱོར་བའི་སྐྱེ་བ་སྟེ། སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལས་སོ་སོར་ལོངས་སྤྱོད་པའི་དོན་ནོ། །ད་ནི་མཐའ་སྐོར་གྱི་ཚད་ནི་འདི་ལྟར་བརྗོད་པར་བྱ་སྟེ། དེ་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅན་ཀྱི་ཞེང་གི་ཚད་ཀྱི་སུམ་འགྱུར་ནི། དེ་དག་གི་མཐའ་སྐོར་ལ་ཡོད་པ་ཡིན་ནོ། །རི་རབ་ལྷུན་པོ་ལ་སོགས་རླུད་གི་སྟེང་་གི་མཐའ་རྣམས་ཀྱི་རླུད་དང་། བྲག་དང་། རྒྱ་མཚོ་ཐམས་ཅད་ཀྱི་ཞེང་ལས་སུམ་འགྱུར་གྱི་མཐའ་སྐོར་ཡོད་དོ། །དེ་བཞིན་དུ་སའི་དཀྱིལ་འཁོར་གྱི་ཞེང་ལ་ཚད་འབུམ་ཕྲག་གཅིག་གོ །མཐའ་སྐོར་གྱི་ཚད་དང་འབུམ་ཕྲག་གསུམ་གསུམ་མོ། །དེ་བཞིན་དུ་ཆུ་དང་། མེ་དང་། །རླུང་གི་དཀྱིལ་འཁོར་རྣམས་ཀྱི་རང་རང་གི་དཀྱིལ་འཁོར་རྣམས་ཀྱི་མཐའ་ནས། རང་རང་གི་དཀྱིལ་འཁོར་ཀྱི་མཐའི་བར་དུ་འབུམ་ཕྲག་གཉིས་སོ། །འབུམ་ཕྲག་གསུམ་དང་འབུམ་ཕྲག་བཞི་ནི་རང་རང་གི་ཞེང་གི་ཚད་དོ། །མཐའ་སྐོར་གྱི་ཚད་ནི་ཆུའི་དཀྱིལ་འཁོར་གྱི་འབུམ་ཕྲག་དྲུག་གོ། །མེའི་དཀྱིལ་འཁོར་གྱི་དགུའོ། །རླུད་གི་དཀྱིལ་འཁོར་གྱི་འབུམ་ཕྲག་བཅུ་གཉིས་སོ། །དེའི་ཡང་ཕྱི་རིམ་གྱི་འཇིག་རྟེན་གྱི་ཁམས་ལ་དཔག་ཚད་རྣམས་ཀྱི་འབུམ་ཕྲག་གཅིག་གོ། །དེ་བཞིན་དུ་རང་གི་ལུས་ལ་ཡང་རང་གི་ཁྲུ་བཞི་ཚད་དུ་གྱུར་ཏེ། །སྔ་མ་སྨྲས་པའི་རིམ་བཞིན་ནོ། །དེ་ནས་རྒྱ་མཚོ་རྣམས་དབྱེ་སྟེ། ཚ་དང་། ཆང་ཆུང་དང་། འོ་མ་དང་། ཞོ་མར་སྦྲང་རྩིའི་རྒྱ་མཚོས་ཏེ། དེ་ཚ་ནི་སའི་དཀྱིལ་འཁོར་གྱི་ཕྱི་རོལ་ནའོ། །ཆང་ལ་སོགས་པ་ནི་སའི་སྟེང་དུའོ། །ཕྲག་བདུན་ནི་འོད་སྔོན་པོ་དང་། མན་དྷ་རའི་བ་རི་དང་། རྡུལ་བྲལ་དང་། ནོར་འོད་དང་། དྲོ་ན་དང་། གྲང་བ་དང་། རྡོ་རྗེའོ། །རྡོ་རྗེ་ནི་ཚའི་རྒྱ་མཚོའི་ཕྱི་རོལ་རྟུའོ། །ཁ་དང་ལྡན་པ་ལ་སོགས་པ་ནི། །ཆང་ལ་སོགས་པའི་རྒྱ་མཚོའི་ཕྱི་རོལ་ཏུ་རིགས་སོ་སོའི་རི་རྣམས་ཆུ་སྐྱོར་བར་བྱེད་དོ། །གླིང་བདུན་ནི་ཟླ་བ་དང། འོད་དཀར་རབ་མཆོག་དང་། ཀུ་ཤ་ནི་འམ་ཅི་དང་། ལོངས་སྤྱོད་དང་། ཁུང་ཀྲུང་དང་། དྲག་པོ་དང་། འཛམ་གླིང་བདུན་པ་ལས་གྱི་སའོ། །དེ་ཡང་བདུན་པ་ནི་འཛམ་གླིང་སྟེ། ཟླ་བའི་རྣམ་པ་ཆུ་རུ་དཔག་ཚད་འབུམ་པ་ལ་མཐའ་སྐོར་དཔག་ཚད་འབུམ་གསུམ་པ་སྟེ། གདན་གནས་པའི་མི་དེ་ནི་ལས་ཀྱི་ས་རིག་པར་བྱའོ། །ལོངས་སྤྱོད་དྲུག་པའི་ས་ནི། འཛམ་བུ་གླིང་གི་ཚད་རྒྱ་མཚོའི་ལྷོའི་མེའི་དཀྱིལ་འཁོར་རང་བཞིན་གྲུ་གསུམ། །བྱང་དུ་ཆུའི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ཟླ་གམ་མོ། །ནུབ་ཏུ་སའི་དཀྱིལ་འཁོར་གྱི་རང་བཞིན་གྲུམ་བཞི། དབུས་སུ་ལྷུན་པོའི་མ་མོ་ཐིག་ལེ་སྟོང་པའི་རང་བཞིན་གྱི་དཀྱིལ་འཁོར་ཏེ། བུམ་པ་ཐིག་ལེའི་རྣམ་པ་སྟེ། དེ་ཡང་གླིང་དྲུག་ལ་སོགས་པ་ནི་ར་བ་ལྟ་བུར་གནས་པ་ལ། ལྷུན་པོ་ནི་བང་རིམ་གསུམ་སྟེ། གཟུགས་བཟང་བ་སེང་གེས་བཏེག་པ་བང་རིམ་ནི་སྐུའོ། །སྟོབས་ཆེན་གླང་པོ་ཆེས་བཏེག་པའི་བང་རིམ་ནི་ཐུགས་སོ། །མཛེས་སྡུག་རྨ་བྱས་བཏེག་པ་ནི་བང་རིམ་གསུང་ངོ། །ཡ་མཚན་ཁྱུང་གིས་མཚན་པའི་བུམ་པ་ནི་སྐུ་གསུང་ཐུགས་བྱ་བྲལ་རྫོགས་པ་སྟེ། བེར་སྟོང་པ་ནི་ཐིག་ལེ་ཆོས་ཀྱི་སྐུའོ། །ལྷུན་པོ་དེ་ཡང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །དེ་ལ་དཀྱིལ་འཁོར་བཞི་བོ་དེས། ལྕུང་པོའི་སྒོ་ནས་གནས་སོ། །དཀྱིལ་འཁོར་བཞི་པོ་འདི་རྣམས་ཀྱི་ཚད་ནི། དཔག་ཚད་ཀྱི་གྲངས་ཇི་ལྟ་བ་བཞིན་དུ། སྟོང་ཕྲག་བདུན་དང་། སྟོང་ཕྲག་དགུ་དང་། སྟོང་ཕྲག་བཅུ་སྟེ། །དཔག་ཚད་རྣམས་ཀྱི་ཚད་ནི་། གླིང་བཞི་ཇིལྟབབཞིནགྱིརྔབཞིནནོ། །དེ་ཡང་འདིར་ཤར་ཟླམ་པོ་དང་ནུབ་གྲུ་བཞི་པ་ནི། དེརངབཞིནལུསཀྱིརངབཞིནགྱིས། ཤརདང་ནུབ་དང་རླུད་དང་སའི་དཀྱིལ་འཁོར་བཞིན་ནོ། །དེ་བཞིན་དུ་གཡས་དང་གཡོན། །གྲུ་གསུམ་དང་ཟླ་ཁམས་ལུས་ནི་མེ་དང་ཆུའི་རང་བཞིན་ཞེས་བྱའོ། །དེ་ལྟ་བས་ན་དཀྱིལ་འཁོར་བཞིའི་་རྣམ་པས་གླིང་བཞིན་རྣམས་ཀྱི་མཚན་ཉིད་དོ། །ད་ནི་ལྷུན་པོ་ལ་སོགས་པའི་རྒྱའི་ཚད་བཤད་དེ། ལྷུན་པོ་སྟེང་གི་རྒྱ་ཤར་དང་། ནུབ་དང་། བྱང་དང་། །ལྷོའི་ཆའི་བར་ལྔ་བཅུའི། སའི་སྟེང་གནམ་གྱི་རྒྱར་སྟོང་ཕྲག་དྲུག་ཅུའོ། །ཁོར་ཡུག་ནི་སྟོང་ཕྲག་གཅིག་སྟེ། །བརྒྱ་ངེས་པའོ། །སྟེང་དུ་རྩ་ལྔའོ། །ཕྱི་རོལ་ཏུ་གླིང་བཞི་ནང་ན་འདུག་པའི་གནས་ན་གླིང་དྲུག་སྟེ། །དེ་རྣམས་ལ་ཁ་བ་ཅན་ལ་རྦ་ཅན་ཞེས་བྱའོ། །དེ་ལ་རྒྱ་མཚོ་དྲུག་ལ་སོ་སོར་སྟོང་གི་བཅུ་གཅིག་གིས་མ་ལས་པ་ཡིན་ནོ། །དེ་ལྟར་ན་གླིང་དྲུག་དང་། རིག་མཆོག་རི་དྲུག་སྟེ། དེ་རྣམས་བཅོ་བརྒྱད་ཀྱི་ཚད་དོ། །བདུན་པ་ནི་གླིང་བརྒྱད་མཚོ་དང་བྲལ་བ་རྣམས་སོ། །དེ་གཉིས་ཀྱི་དེ་ཁོ་ན་ཕྲ་མོ་ཉིད་ཀྱི་སྟོང་ཕྲག་བཅུད་དྲུག་ལས། བཅོ་བརྒྱད་ཀྱི་ཆ་ཐོབ་ན་གསལ་བར་གྱུར་ཏོ། འདི་རི་རབ་ལྷུན་པོ་དབུས་ཚངས་པའི་འོག་གི་ཆ་ལ་ཕྱོགས་ཐམས་ཅད་དུ་དཔག་ཚད་བརྒྱད་སྟོང་དང་། ཁོར་ཡུག་ལ་གཅིག་སྟེ། སྤྱིར་དཔག་ཚད་སྟོང་ཕྲག་བཅུ་དྲུག་པར་དུ་གླིང་དྲུག་ལ་སོགས་པ་གནས་པ་དེ་ལྟ་བས་ན། སྟོང་ཕྲག་བཅུ་དྲུག་དག་གི་ཚད་ལས་བཅོ་བརྒྱད་ཐོབ་པ་གསལ་བ་ཡིན་ནོ། །དེའི་ཕྱིར་རོལ་ཏུ་སྟོང་ཕྲག་ཉི་ཤུ་རྩ་ལྔ། འཛམ་བུ་གླིང་གི་རྒྱ་ཟླུམ་པོ་རྣམ་པར་རི་རབ་ཀྱི་ཕྱོགས་ཀྱི་ཕྱོགས་སུ་མཚམས་བརྒྱད་རྣམས་སུའོ། །དེའི་ཕྱི་རོལ་ཚའི་རྒྱ་མཚོ་ལ་ཕྱོགས་ཐམས་ཅད་དུ་འབུམ་ཕྲག་ཕྱེད་ཀྱི་ཚད་ཡིན་ནོ། དེ་བཞིན་མེའི་དཀྱིལ་འཁོར་དང་། རླུད་གི་དཀྱིལ་འཁོར་དང་། སྲིད་པ་གསུམ་འཛིན་པ་ནི་མཐར་འདིའི་ཚད་ཡིན་ནོ། །དེ་ལྟར་ཚངས་གནས་ཀྱི་ཕྱོགས་ཐམས་ཅད་དཔག་ཚད་འབུམ་ཕྲག་གཉིས་གཉིས་ཀྱི་ཚད་དུ་འགྱུར་རོ། །སྲིད་པའི་རྒྱུད་ལས། སྣོད་ཀྱི་སྲིད་པའི་རྒྱུད་ལུང་གི་ལེའུ་སྟེ་དང་པོའི། ནང་དུ་ལུས་ལ་བྲང་སའི་དཀྱིལ་འཁོར་རོ། །ཕུང་པོ་ནི་ཆུའི་དཀྱིལ་འཁོར་རོ། །ལག་ངར་ནི་མེའི་དཀྱིལ་འཁོར་རོ། །ཁྲིམས་གནས་ལག་པའི་མཐའ་ནི་རླང་གི་དཀྱིལ་འཁོར་ཏེ། །དེ་ལྟར་ནང་གི་འཇིག་རྟེན་གྱི་ཁམས་ཀྱི་ངེས་པའོ། །གླིང་བཞི་དེ་དག་དང་ལུས་ཀྱི་ཁྱད་པར་དུ་འཕགས་པའི་ཕྱིར་ན་ཤར་གྱི་ལུས་འཕགས་སོ། ཁྲེང་འཛམ་བུ་པྲིག་ཤ་ལ་འཛམ་བུ་ཞེས་བྱ་བའི་སྒྲ་བྱུང་བའི་ཕྱིར་འཛམ་བུ་གླིང་ངོ། །བ་གླང་ངོ་ལ་ལོངས་སྤྱོད་པས་བ་གླང་སྤྱོད་དོ། །རང་གི་འཆི་བའི་རྟགས་སྒྲ་མི་སྙན་པ། དེ་རྣམས་ཀྱི་མི་ལུས་ཀྱི་ཚད་དང་ལུས་འཕགས་པོ་ལ་ཁྲུ་བཅུ་དྲུག་པའོ། །བ་གླང་སྦྱོད་ལ་ཁྲུ་བཅུ་གཉིས་སོ། །སྒྲ་མི་སྙན་ལ་ཁྲུ་བརྒྱད་དོ། །གླིང་འདི་ནི་གྲུ་བཞི་པ་ཡིན། །བཅུད་ཀྱི་འཇིག་རྟེན་གྱི་ཁམས་གདོས་སུ་གཏོར་ཏེ། སྒོང་ན་གཟུགས་ཀྱི་རིང་ཐུང་ཤེས་པར་བྱའོ། །འཇིག་རྟེན་གྱི་ཁམས་ཆགས་པ་དེ་ནི་གནས་པའི་ལ་ལ་སོགས་པའི་ཡང་སུམ་ཅུ་རྩ་གཅིག་སྟེ། །དེ་ཡང་འདུ་ཤེས་མེད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། ཅུང་ཟད་མེད་མིན་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། གཟུགས་མེད་ཀྱི་ཁམས་བཞིན་འོ། །འོག་མིན་དང་། ཤིན་ཏུ་མཐོང་པ་དང་། མི་གདུང་བ་དང་། མི་ཆེ་བ་དང་། འབྲས་བུ་ཆེ་པོ་དང་། །བསོད་ནམས་སྐྱེས་བ་དང་། །སྤྲིན་མེད་སྐྱེས་དང་། །དགེ་རྒྱས་དང་། ཚད་མེད་སྐྱེས་དང་།དགེ་ཆུང་དང་། འོད་གསལ་དང་། ཚད་མེད། །འོད་དང་། འོད་ཆུང་དང་། ཚངས་ཆེན་དང་། ཚངས་པ་མདུན་ན་འདོན་དང་། ཚངས་རིགས་ཏེ་གཟུགས་ཁམས་བཅུ་དྲུག་གོ །གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དང་། དགའ་ལྡན་དང་། འཐབ་བྲལ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་རིགས་བཞིན་དང་། འདོད་ཁམས་ཀྱི་ལྷ་རིགས་དྲུག་གོ །ལྷ་མ་ཡིན་ནི་མིའི་ནང་དུ་འདུས་སོ། །མི་རྣམས་དང་། དུད་འགྲོ་དང་།ཡི་དགས་དང་། དམྱལ་བ་ནི་འདོད་པའི་སྲིད་པ་ལྔ་སྟེ། དེ་ལྟར་སྲིད་པ་སུམ་ཅུ་རྩ་གཅིག་གོ །འདི་རྣམས་ཀྱི་མིང་གི་རྣམ་གྲངས་ཇི་ལྟ་བ་བཞིན་དུ་གཟུགས་མེད་པ་ལ་སོགས་པའི་རིམ་པ་སྟེ། །ཡ་ཨ་ཨོ་ཨ་ཞེས་བྱ་བས་གཟུགས་མེད་པར་ཟད་པས་ནམ་མཁའ་བཞིའོ། །ཨ་ཨི་ཨེ་ཨེ་ཟད་པ་རླུད་ངོ་། །རེ་རེ་ཨར་ཨར་ཞེས་པས་ཟད་པ་མེའོ། །ཨུ་ཨུ་ཨོ་ཨོ་ཞེས་པས་ཟད་པ་ཆུའོ། །ལེ་ལེ་ཨལ་ཞེས་པས་ཟད་པ་སའོ། །དེ་ཡང་ཚུལ་ཁྲིམས་ཀྱི་སྟོབས་གཟུགས་བཅུ་དྲུག་ལ་སོགས་པའི་ཟད་པར་གྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱི་འོག་མིན་ལ་སོགས་པ་རྣམས་འབྱུང་བར་འགྱུར་རོ། །ཧ་ཧ་ཡ་ཡ་ར་ར་དེ་རྣམས་ལས་འདོད་པ་ལ་སྤྱོད་པའི་ལྷ་དྲུག་སྤྱིན་པའི་སྟོབས་དང་སྔགས་བཟླས་པའི་སྟོབས་ངད་ཀྱིས་འབྱུང་བར་གྱུར་ཏོ། །བྷ་ག་ལས་ལྷ་མ་ཡིན་དང་མི་རྣམས་ཏེ། ལྷ་མ་ཡིན་རྣམས་ནི་སྦྱིན་པའི་སྟོབས་ཀྱིས་སོ། །མི་རྣམས་ནི་དགེ་བ་དང་། །མི་དགེ་བ་དང་། ལས་ཀྱི་སྟོབས་ཀྱིས་བྱུང་བའོ། །ལ་ལར་ནི་བྱོལ་སོང་རྣམས་དང་ཡི་དགས་སོ། །བྱོལ་སོང་རྣམས་ནི་སྡིག་པ་ཆུང་ངུ་ལས་སོ། །ཡི་དགས་ནི་སྡིག་པའི་འཟིང་པོས་སོ། །ཀ་ཡིས་ཀྱིས་ནི་དམྱལ་བ་རྣམས་ཏེ་སྡིག་པ་ཆེན་པོ་ལས་བྱུང་བར་གྱུར་ཏེ། དང་པོ་རླུ་་གི་འཇིག་རྟེན་བསོད་ནམས་ཀྱིས་སྟོབས་སོ། །དང་པོ་དམྱལ་བའི་སྡིག་པའི་སྟོབས་ཀྱིས་སྡིག་པ་བསྐལ་ཆུང་དུ་ཀྱི་ཚེ་རྣམ་སོ། །གཉིས་པ་དང་གསུམ་པའི་དམྱལ་པར་བསྐལ་པ་འབྲིང་པོའི་ཚེ་རྣམས་སོ། །བཞི་པ་དང་ལྔ་པར་དམྱལ་བར་མཆོག་ཏུ་གྱུར་པའི་ཚེརྣམས་སོ། །དྲུག་པ་དང་བདུན་པ་ནི་དམྱལ་བ་བསྐལ་པ་ཆེན་པོའི་ཚེ་རྣམས་སོ། །བརྒྱད་པ་ནི་འཇིག་རྟེན་གྱི་ཁམས་སུའོ། །ཉེ་བར་སྡུད་པའི་ཚེ་ཞེས་བྱ། །སྲིད་པ་གསུམ་མཐའ་དག་ནི་མཐོ་རིས་དང་། །མི་ཡུལ་དང་། །ས་འོག་སྟེ། །ནམ་མཁའ་ལ་སོགས་པའི་བར་དུ་དབྱེ་བ་ལ་སོགས་པའི་ཁམས་གསུམ་གྱི་ཁོངས་སུ་འདུས་སོ། །བསྐང་པ་ཆུང་དུའི་ཚད་ནི་མཆུ་དང་ཞེང་ལ་ཆོད་ཅིག་གི་དོ་སྟེ། །དེ་ཡང་སྐྲའི་རྩེ་མོས་བཀང་བ་ལ། །ལོ་བརྒྱ་ལ་སྐྲའི་རྩེ་མོར་ཕྱུང་སྟེ་སྟོང་བར་འགྱུར་བ་དེ། །བསྐལ་པ་ཆུང་ངུའི་ཉི་མ་གཅིག་གོ། །ཉི་མ་དེ་སུམ་ཅུ་ཟླེའོ། །ཟླ་བ་བཅུ་གཉིས་ལས་ལེའོ། །ལོ་བརྒྱ་ཡིས་བསྐལ་པ་འགྲོའོ། །དེ་ལྟར་དེའི་ཚོགས་ལ་བསྐལ་པ་བར་མའོ། །བསྐལ་པ་བར་བའི་ཚོགས་ལ་བསྐལ་པར་མཆོག་ཏུ་བྱུང་བ་ཞེས་བྱའོ། །དམྱལ་བ་ལ་སོགས་པ་སེམས་ཅན་རྣམས་སྡུག་བསྔལ་ཏེ། །སྡིག་པའི་དབང་གི་བསྐལ་པ་དུ་མར་གནས་སོ། །མཐོ་རིགས་ལ་སོགས་པར་བསོད་ནམས་ལ་སོགས་པས་ལུས་ཅན་རྣམས་བསྐལ་པར་གནས་སོ། །དེ་ལྟར་ན་མ་མོ་སྤྱོད་པ་རྣམས་ཀྱིས་ཀྱང་སྡིག་པ་ལས་མྱུར་བར་ཟློག་ཅིང་དགེ་བ་ལ་མྱུར་དུ་འཇུག་ཅིང་བསྒྲུབ་པར་བྱའོ། །དུད་འགྲོ་རྣམས་ཀྱི་ཚེ་ཚད་ནི་བསྐལ་པ་ལས་ལོ་དང་། །ཟླ་བ་དང་། །ཉིན་ཞག་དང་། །སྐད་ཅིག་མའི་བར་དུ་སྟེ། །ཀླུ་ནས་སྐད་ཅིག་མའི་སྲིན་བུའི་བར་དུའོ། །ཡི་དགས་ཀྱི་ཚེ་ཚད་ནི་བསྐལ་པ་མཆོག་ནས་པའི་རིམ་པར་དབྱེའོ། །ལྷ་མ་ཡིན་ཡང་དེ་དང་འདྲ་སྟེ། །མི་རྣམས་ནི་སྒྲ་མི་སྙན་ན་ལོ་སྟོང་སྟེ། །ལུས་འཕགས་པོ་ན་ལྔ་བརྒྱའོ། །བ་གླང་སྤྱོད་ན་ཉིས་བརྒྱ་ལྔ་བཅོ། །འཛམ་བུ་གླིང་ན་མ་ངེས་པའོ། །དེ་ན་ལྷ་རྣམས་ཀྱི་ཚེ་དང་། བསྐལཔཆུངདུགཅིགདང། གཉིས་དང་། གསུམ་དང་། བཞི་དང་། །ལྔ་དང་། དྲུག་བར་དུ་འདོད་དོ། །ལྷ་དྲུག་གི་ཚེའི། བསྐལ་པ་གཅིག་ནས་བཅུ་དྲུག་གི་བར་ནི། གཟུགས་ཁམསཀྱི་ལྷ་བཅུ་དྲུག་གི་ཚེ་ཚད་དོ། །བསྐལ་པ་ཆེན་པོ་གཅིག་ནས་བཞིའི་བར་ནི་གཟུགས་མེད་པའི་ལྷའི་ཚེའོ། །དེ་དག་དང་སྣོད་བཅུད་ཀྱི་འཇིག་རྟེན་གནས་པའི་ཚུལ་ཏེ། །རིའི་རྒྱལ་པོ་རི་རབ་ནི་བར་ཡང་སྟོང་པ་ལ། ཁོག་པ་མའི་ནང་ཡང་སྟོང་པ་སྟེ། བྱང་ཤར་མཚམས་ཀྱི་བར་ནས་ཤིང་ཡོངས་སུ་ལ་བརྟོལ་བ། རི་རབ་ཀྱི་བུམ་པ་ལ་སོར་བཞི་འབྱུང་བ། མ་མོའི་གཉེན་པོ་རྡོ་རྗེ་ཁྱུང་གཤོག་ལྡིང་བ་གནས་སོ། །ནང་གི་སེམས་ཅན་རྣམས་སྐྱེ་བ་བཞི་སྟེ། དམྱལ་བ་དང་། ལྷ་དང་། སྲིད་པ་བར་མ་དང་། མི་རྣམས་རྫུས་ནས་སྐྱེའོ། །མི་ཕལ་ཆེར་དང་བྱོལ་སོང་ཕལ་ཆེར་ནི་མངལ་ནས་སྐྱེའོ། །ཡི་དགས་ཕལ་ཆེར་དང་དུད་འགྲོ་ཕལ་ཆེར་ནི་སྒོ་ང་དང་དྲོད་གཤེར་ལས་སྐྱེའོ། །ཡི་དགས་ཕལ་ཆར་དང་ལྷ་མ་ཡིན་ནོ་རྫུས་ཏེ་རྐྱེན་དབང་ལས་སྐྱེའོ། །དེ་དག་དང་ལྷ་དང་དམྱལ་བ་མརྫུས་ཏེ་སྐྱེའོ། །མི་སྐྱེ་བ་བཞི་པའོ། །ལྷ་མ་ཡིན་དང་ཡི་དགས་ནི་སྐྱེ་བ་གཉིས་པའོ། །དུད་འགྲོ་ནི་སྐྱེ་གནས་གསུམ་པའོ། །དེ་ལྟར་སྐབས་འདིར་མ་མོ་ལས་ལ་གྲུབ་པ་རྣམས་ནི་སྐྱེ་བ་གསུམ་པ་སྟེ། །དེ་ཡང་ལྷ་དང་། ལྷ་མ་ཡིན་དང་། ཡི་དགས་ཡིན་པའི་ཕྱིར་རོ། །དེ་ལྟར་མ་མོ་ལས་ལ་སྐྱེ་བར་གོལ་བར་ལྷུང་སྟེ། །དེ་ལྟར་འགྱུར་བའི་སྡིག་པ་འདི་ཡང་བསྐལ་པ་ཉི་ཤུར་ཆགས་ཏེ། །དེ་ཡང་བསྐལ་པ་ལྔས་རླུད་གི་དཀྱིལ་འཁོར་ཆགས་པའོ། །དེ་བཞིན་ལྔས་མེའོ། །ལྔས་ཆུའོ། །ལྔས་ནི་རི་རབ་། །དང་གླིང་བཞི་ལ་སོགས་པའི་སེམས་ཅན་རྣམས་ཅན་རྣམས་ཆགས་ཏེ། །དེ་ཡང་དུས་བཞི་རྒྱལ་མོ་མ་ཤེས་ན། །མ་མོ་རྣམས་ཀྱིས་གོལ་ས་དང་སྒྲིབ་པར་འགྱུར་རོ། །དེ་ནས་བསྐལ་པ་ཉི་ཤུར་སྲིད་པ་གནས་ཏེ། །དེ་ཡང་དུས་བཞི་རྒྱལ་མོ་མ་ཤེས་ན། །མ་མོ་རྣམས་གོས་ཞིང་གྲིབ་མར་གྱུར་ཏོ། །དེ་ནས་མུ་གེ་དང་། །མཚོན་ཆ་དང་། །ནད་ཀྱི་དང་། །མེ་དང་། །ཆུ་དང་། །རླུད་གི་བསྐལ་པ་བདུན་བདུན་ཏེ། །སུམ་ཅུ་རྩ་ལྔས་འཇིག་སྟེ། །ལས་ཀྱི་མ་མོ་དྲུག་ཏུ་མ་ཤེས་ན་གོལ་པ་དང་གྲིབ་མར་འགྱུར་རོ། །དེ་ནས་བསྐལ་པ་ཉི་ཤུ་སྟོང་སྟེ། །མ་མོ་ཐིག་ལེ་ཉི་ཤུར་མ་ཤེས་ན་གོལ་བ་དང་གྲིབ་མར་འགྱུར་རོ། །བཅུད་དང་སྲིད་པའི་རྒྱུད་ལུང་གི་ལེའུ་སྟེ་གཉིས་པའོ། །དེ་ལྟར་སྲིད་པ་ཆགས་ནས་ཀྱང་། །འཇིག་སྟོང་ཡང་བསྐལ་པ་བརྒྱད་ཅུ་ཡང་། །མ་མོ་བརྒྱ་བཅུར་མ་ཤེས་ན། །འདི་དག་མ་མོ་གོལ་གྲིབ་སྟེ། །མ་མོ་བསྒྲུབ་པ་སྙིང་རེ་རྗེ། །མ་མོ་འཁོར་བ་ལས་ཟད། །ཕྲ་རབ་ཡུལ་ལས་ཆགས་ང་་ལྟར། །མདོས་ཀྱི་འཆའ་ལུགས་མ་ཤེས་པར། །མདོས་ཀྱི་དབྱིབས་རྩོམ་གོལ་སྒྲིབ་སྟེ། །སྲིད་པ་རྒྱུད་ལུང་མ་མཐོང་ན། །མདོ་སྡེ་ལྟ་བ་ཐང་རེ་ཆད། །ཐེག་པ་ཆུང་དུ་གོལ་ས་ཡིན། སེམས་ཅན་སྲིད་པ་ཆགས་པ་ལྟར། །མ་མོ་སྐྱེ་རྒྱུད་མ་ཤེས་པར། །མ་མོ་སྦྲོ་བསྡུ་གོལ་སྒྲིབ་ཡིན། །རང་བཞན་ཕུང་བ་ཁོ་ནར་ཟད། །རི་རབ་གླིང་བཞི་ལ་སོགས་པ། །དབྱིབས་ཀྱི་འཆལ་ལུགས་མ་ཤེས་པར། །མདོས་ཀྱི་འཆའ་ལུགས་བྱེད་པ་གོལ། །རི་རབ་གླིང་བཞི་ལ་སོགས་ནི། །དབྱིབས་ཀྱི་གནས་ལུགས་མ་ཤེས་པར། །མདོས་ཀྱི་གནས་་ལུགས་རྩོམ་པ་གོལ། །རི་རབ་གླིང་བཞི་ལ་སོགས་པའི། །ཁ་དོག་དབྱེ་བ་མ་ཤེས་པར། མདོས་ཀྱི་ཁ་དོག་བསྒྱུར་བ་གོལ། །རི་རབ་གླིང་བཞི་ལ་སོགས་པའི། །སོ་སོའི་མཚན་ཉིད་མ་རྟོགས་པར། །མདོས་ཀྱི་མཚན་ཉིད་རྩོམ་པ་གོལ་། །རི་རབ་གླིང་ལ་སོགས་པ་ཡི། །སོ་སོའི་ལས་རྣམས་མ་ཤེས་པར། མདོས་ཀྱི་ལས་རྣམས་རྩོམ་པ་གོལ། །དཔག་བསམ་ཤིང་གི་ཚད་མེད་པར། །དེ་ཡི་ཚད་རྩོམ་གོལ་བ་སྒྲིབ། །གོལ་སྒྲིབ་ལས་ནི་རྡོ་རྗེ་དམྱལ། །སྐྱེ་བར་འགྱུར་བ་ཐེ་ཚོམ་མེད། །དེ་དག་སྲིད་པ་སྣོད་ཀྱི་མདོས། །དེ་ནས་སྲིད་པ་བཅུད་ཀྱི་མདོས། །སེམས་ཅན་དངོས་སུ་གཏོང་བ་ཡང་། །མི་ནག་ལུག་ནག་བྱ་ནག་སོགས། །འདི་དག་མདོས་ཀྱི་རྒྱུ་ཡིན་ཏེ། །མཐིང་ནག་དར་ལ་སོགས་པས་བརྒྱན། །གླིང་བཞི་ལ་སོགས་སྔར་བཤད་བཞིན། །མདོས་ཀྱི་དབྱེ་བ་མ་ཤེས་པར། །ནག་སྨུག་སྐོང་བ་གོལ་སྒྲིབ་ཡིན། །བསད་པ་རྣམས་དང་མ་ཡིན་ཏེ། །བཀྲག་དང་མདངས་ཀྱིས་བསྐང་བ་ལས། །སྲོག་དང་དབུགས་ཀྱི་བསྐང་བ་གོལ། །མ་མོའི་རུ་ཏྲར་སྐྱེ་བའི་རྒྱུ། །སེམས་ཅན་འདོད་པར་གྱུར་པ་ནི། །སངས་རྒྱས་ང་ཡི་བཀའ་མིན་ནོ། །གོལ་ས་ཉི་ཤུ་རྩ་ལྔ་ནི། །ལས་ཀྱི་རྒྱུད་ལུང་དག་ཏུ་ལྟོས། །མན་ངག་གཉིས་ཁུ་དེ་ན་ཡོད། །མངོན་རྫོགས་ཡབ་ཀྱིས་ཡང་གསོལ་བ། །རི་རབ་གླིག་བཞི་ལ་སོགས་པའི། །ཅི་ཡི་ཕྱིར་ན་མདོས་ཞེས་བྱའོ། །མདོས་ཀྱིས་མ་མོ་ཇི་ལྟར་སྐོངས་། །སེམས་ཅན་གླུད་དུ་ཇི་ལྟར་འགྱུར། །མདོས་ཀྱི་དབྱེ་བ་ཇི་ལྟར་ལགས། །ཡུམ་གྱིས་ཡབ་ལ་བཀའ་སྩལ་པ། །ཉོན་ཅིག་མངོན་རྫོགས་རྒྱལ་པོ་ཡབ། །འདོད་པ་སྐངས་སམ་ཚིམ་པས་མདོས། །ཆགས་སྡང་ལ་སོགས་ཞིབས་མདོས། །འཕེལ་ལམ་རྒྱལ་པའི་ཕྱིར་ན་མདོས། །ལྷ་ཡི་བུ་མོ་ལ་སོགས་དང་། །དབང་དུ་བསྡུས་པའི་ཕྱིར་ན་མདོས། །དགྲ་བསད་བགེགས་གཤོམ་ཕྱིར་ན་མདོས། །གཞན་ཡང་ངེས་ཚིག་ཉི་ཤུ་ནི། །ལས་ཀྱི་རྒྱུད་ལུང་དག་ཏུ་ལྷོས། །རི་རབ་གླིང་བཞི་ལ་སོགས་དང་། །འདོད་པ་ཚང་བས་མདོས་སུ་གསུངས་། །དེ་ཡང་མ་མོ་འདོད་པ་སྟེ། །དཔག་བསམ་ཤིང་གི་བུམ་པ་ལ། །འདོད་ཁམས་རྒྱལ་མོའི་གནས་ཡིན་ཏེ། །གནས་ལ་འདོད་པ་སྐྱེ་བ་ཡིན། །དེ་ཡང་རི་རབ་དག་ལ་ཡོད། །ཞལ་ཟས་རོ་མཆོག་བརྒྱ་ལ་སོགས། །སྤྱན་གཟིགས་རྣམ་པ་སྣ་ཚོགས་དང་། །རི་རབ་གླིང་བཞི་དག་ལ་ཡོད། །རྒྱལ་མོ་མཉེས་པའི་དཀོར་ཆ་དང་། །རིན་ཆེན་སྣ་ལྔ་སྣ་བདུན་དང་། །རི་རབ་གླིང་བཞི་དག་ལ་ཡོད། །མཛེས་སྡུག་ཁདོགསྣཚོགསཡང། །མཉེན་འཇམདརཚོནསྣཚོགསདང་། །སྟག་སྒྲོ་གཟིག་སྒྲོ་ལ་སོགས་པ། །རི་རབ་གླིང་བཞི་དག་ལ་ཡོད། །དེ་ཕྱིར་རྒྱལ་མོར་མདོས་སུ་འགྱུར། །དཔག་བསམ་ཤིང་གི་རྩ་བ་ལ། །བློན་མོ་རྣམས་ཀྱི་གནས་ས་སྟེ། །དེ་ཡང་རི་རབ་དག་ལ་ཡོད། །སྤྱན་གཟིགས་རོ་ནི་བཅུ་བ་དང་། །དཀོར་ཆ་ཟངས་ལྕགས་ལ་སོགས་དང་། །ལ་སྐྱགས་ལུང་སྐྱགས་ལ་སོགས་དང་། །རི་རབ་གླིང་བཞི་དག་ལ་ཡོད། །དེ་ཕྱིར་རི་རབ་གླིང་བཞི་དག། །བློན་མོ་སྐོང་བའི་མདོས་སུ་འགྲོ། །དཔག་བསམ་ཤིང་གི་རྩ་བ་ལ། །སྨན་མོ་རྣམས་ཀྱི་གནས་ཡིན་ཏེ། །སྨན་མོ་སྤྱན་གཟིགས་རོ་ལྔ་དང་། །དཀོར་ཆ་བ་ཚ་བུལ་ཏོག་སོགས། །རི་རབ་གླིང་བཞི་དག་ལ་ཡོད། །དེ་ཕྱིར་སྨན་མོའི་མདོས་སུ་གསུངས་། །མདོར་ན་འཇིག་རྟེན་བུད་མེད་ལ། །རྒྱལ་མོ་བློན་མོ་བྲན་མོ་ལ། །ཇི་ལྟར་དགོས་ཤིང་ཡོད་པ་ལས། །ལས་ཀྱི་མ་མོ་འདི་ལ་དགོས། །དེ་དག་མི་ལ་མེད་པ་སྟེ། །གླིང་བཞི་རི་རབ་དག་ལ་ཡོད། །དེ་ཕྱིར་རི་རབ་དག་ལ་ཡོད། །མ་མོ་སྐོང་བའི་མདོས་སུ་གསུངས་། །མདོས་ཀྱི་མ་མོ་སྐོང་བ་ཡང་། །མ་མོ་གནས་དང་སྤྱན་གཟིགས་དང་། །དཀོར་ཆ་ཇི་ལྟར་གནས་པ་རྣམས། །ཤེས་ནས་སྐོངས་ན་སྐོང་བར་འགྱུར། །དེ་ཡང་བསྐང་བའི་བྱེ་བྲག་ཀྱང་། །རི་རབ་གླིང་བཞི་ཁ་དོག་ལྔ། །གནས་དང་ཆགས་སྡང་ལྔ་པོ་སྐོང་། །ནམ་མཁའི་ཁ་དོག་ལྔ་པོ་ནི། །མ་མོ་སྐུ་ཡི་ཁ་དོག་ལྔ། །སྐུ་ཡི་ཆགས་སྡང་ལྔ་པོ་སྐོང་། །བལ་ཚོན་ཁ་དོག་ལྔ་པོ་ནི། །མ་མོ་ནད་ཀྱི་ཀ་རླངས་ལྔ། །མ་མོ་གསུང་གི་ཆགས་སྡང་སྐོང་། །སྤྱན་གཟུགས་དང་ནི་དཀོར་ཆ་དང་། །སྐུ་དང་ཐུགས་ཀྱི་ཆགས་སྡང་སྐོང་། །བསྐང་བས་མ་མོ་མི་དགེས་སམ། །དགེས་པས་ཚེ་སྲོག་མི་གསོལ་ལམ། །དེ་བས་མ་མོ་བསྐང་བར་བྱ། །མ་མོའི་མཚན་ཉིད་འདོད་ཆགས་ཆེ། །འདོད་ཆགས་བསྐང་བ་དམར་པོ་ཡིན། །མ་མོའི་མཚན་ཉིད་ཞེ་སྡང་ཆེ། །ཞེ་སྡང་སྐོང་བ་ནག་པོ་ཡིན། །མ་མོའི་མཚན་ཉིད་གཏི་མུག་ཆེ། །གཏི་མུག་བསྐང་བ་མཐིང་ཁ་ཡིན། །མ་མོའི་མཚན་ཉིད་ཕྲག་དོག་ཆེ། །ཕྲག་དོག་བསྐང་བ་སེར་པོ་ཡིན། །མ་མོའི་མཚན་ཉིད་ང་རྒྱལ་ཆེ། །ང་རྒྱལ་བསྐོང་བ་ལྗང་ཁུ་ཡིན། །མ་མོའི་མཚན་ཉིད་སེར་སྣ་ཆེ། །སེར་སྣ་བསྐོང་བ་དཀར་པོ་ཡིན། །དེ་ལྟར་སྣང་ཞིག་སྲིད་པ་ཀུན། །བྱུང་ཡང་མ་མོ་རང་ལས་བྱུང་། །བསྐང་ཡང་མ་མོ་རང་གིས་བསྐང་། །དེ་ལྟར་བསྐང་ན་སྐོངས་པར་འགྱུར། །མ་མོ་སྐོངས་པའི་རྟགས་རྣམས་ནི། །འཕྲལ་དུ་བདེ་ཞིང་ནད་མེད་ལ། །སློབ་དཔོན་སློབ་མར་བཅས་པ་ལ། །འཁོར་འབངས་ལོངས་བསྤྱོད་ཆེ་ལ་སོགས། །བཀྲ་ཤིས་སྣ་ཚོགས་འབྱུང་བར་ངེས་། །མ་མོ་སྐོང་བའི་མཚན་ཉིད་ནི། །འཕྲལ་དུ་བདེ་ཞི་ནད་མེད་ཀྱང་། །འཁོར་རྣམས་མི་འཕེལ་ལ་སོགས་པ། །མི་དགེ་རྟགས་རྣམས་འབྱུང་བར་གྱུར། །སེམས་ཅན་གླུད་དུ་གྱུར་པ་ཡང་། །སེམས་ཅན་་མི་ལ་ཁ་དོག་ལྔ་། །མདོས་འདི་ལ་ཡང་ཁ་དོག་ལྔ་། །འདྲ་བའི་གླུད་དུ་འདྲ་བ་གཏོང་། །དེ་ཕྱིར་རྣལ་འབྱོར་ཐབས་ལ་མཁས། །སེམས་ཅན་མི་ལ་དབང་པོ་ལྔ། །ལྔ་ལ་སོགས་པ་ཚང་བ་སྟེ། །སྐྱེ་འགྲོ་གླུད་དུ་མ་མོ་ལ། །དེ་ལ་དབང་པོ་ལྔ་སོགས་ཚང་། །འདྲ་བས་གླུད་བྱེད་འདྲ་བས་མ་མོ་སླུ། །དེ་ཕྱིར་སེམས་ཅན་གླུད་དུ་འགྱུར། །མངོན་རྫོགས་ཡབ་ཀྱིས་ཡང་ཞུསླ་པ། །སྣོད་ཀྱི་སྲིད་པ་གླུད་ཡིན་ན། །སེམས་ཅན་གནས་ལ་གང་གིས་བྱེད། །ནང་གི་གནས་ས་གང་ན་ཡོད། །བཅུད་ཀྱི་སེམས་གླུད་ཡིན་ན། །རང་ཡང་གླུད་དུ་མི་འགྱུར་རམ། །སེམས་ཅན་མོས་མི་འཁྱེར་རམ། །ཉོན་ཅིག་མངོན་རྫོགས་ཡབ་ཉོན་ཅིག། །རི་རབ་གླིང་བཞི་རང་མ་ཡིན། །དེ་དང་འདྲ་བས་སྣོད་ཀྱི་མདོས། །འབྲུ་སྣ་ལྔས་ཡན་ལག་ལྔའི་མདོས། །འབྲུ་སྣ་བདུན་ནི་སྤྱིན་གྱི་གླུད། །བཅུ་གསུམ་བགོ་དང་ལྷུ་ཡི་གླུད། །བཅོ་བརྒྱད་ཁམས་ཀྱི་གླུད་དུ་ཤེས། །དེ་བཞིན་འབྲུ་སྣ་བརྒྱ་ཡི་བར། །རང་གི་གླུད་དུ་བསྔོ་བར་བྱ། །རིན་ཆེན་སྣ་བདུན་ལོངས་སྤྱོད་གླུད། །དེ་ཡི་ཕྱི་ལ་རི་རབ་དང་། །གླིང་བཞི་ལ་སོགས་འདྲ་བ་ཡིས། །མ་མོ་སྐོངས་ན་སྣོད་ཀྱི་མདོས། །སེམས་ཅན་རྟེན་དང་རང་ལ་གནས། །མདོས་སུ་བཏང་བ་མ་ཡིན་ཏེ། །འདྲ་བ་སླུ་བ་ཐབས་ལ་མཁས། །དེ་བཞིན་བཅུད་ཀྱི་མདོས་ལ་ཡང་། །སེམས་ཅན་མདོས་སུ་མི་གཏོང་སྟེ། །ངར་ཕྱེ་བག་ཟན་ཁམ་པ་ལ། །སེམས་ཅན་འདྲ་བའི་གཟུགས་བྱས་ཏེ། །དཔའ་བོ་འབྲུ་ལྔས་གཟུགས་དེ་དང་། །མ་མོ་ཤེས་པའི་སྣང་བ་གཉིས། །སེམས་ཅན་ཡིན་པར་བྱིན་བརླབས་ཏེ། །མ་མོ་སྐོང་ན་བཅུད་ཀྱི་མདོས། །དེ་བས་རང་དང་སེམས་ཅན་གཉིས། །མདོས་སུ་གཏོང་བ་མ་ཡིན་ཏེ། །དེ་ཕྱིར་རྣལ་འབྱོར་ཐབས་ལ་མཁས། །དེ་ནས་མདོས་ཀྱི་དབྱེ་བ་ཡང་། །རྣམ་པ་གཉེས་སུ་རེ་ཞིག་དབྱེ། །ཕྱི་ཡི་སྲིན་མོ་མདོས་དང་ནི། །ནང་དུ་མ་མོ་མདོས་སུ་དབྱེ། །ཕྱི་ལ་རྣམ་པ་བཞི་ཡོད་དོ། །བང་རིམ་བུམ་པ་རྒྱལ་མོའི་མདོས། །རི་རབ་ཁ་ཁྱེར་བློན་མོའི་མདོས། །ཞག་ཐུད་སློ་མ་གླིང་བཞི་ནི། །དེ་ནི་སྲིད་པའི་དམན་མོའི་མདོས། །གླིང་དང་རི་རབ་བུམ་པར་བཅས། །མ་མོ་སྲིད་པ་སྤྱི་ཡི་མདོས། །གནས་ཀྱི་མདོས་ཀྱི་དབྱེ་བ་བསྟན། །སྤྱན་གཟིགས་སྣ་ཚོགས་དེ་དང་འདྲ། །དེ་བཞིན་ནམ་མཁའ་ལྔ་པ་ཡང་། །དགུ་པ་དང་ནི་བཅུ་གསུམ་པ། །སོར་བཞི་སྣུག་མའི་རི་སྐྲ་ལ། །ཞག་ཐུད་སློ་མ་གླིང་ལ་རྟེན། །བཅུ་དགུ་པ་དང་ཉི་ཤུ་གཅིག། །དེ་ལ་སོགས་པའི་སྤྱི་དོན་གཉིས། །རི་རབ་བང་རིམ་བུམ་པ་རྟེན། །བདུན་ཅུ་མདོས་དག་བརྒྱད་ཅུད་མདོས། །བང་རིམ་བུམ་པ་ཀུན་ལ་རྟེན། །ནམ་མཁའི་ཚད་དང་མདོས་ཀྱི་ཚད། །གོང་དུ་སུམ་འགྱུར་ཤེས་པར་བྱ། །དེ་རེ་ལ་ཡང་སུམ་འགྱུར་ཏེ། །སྤྱིར་ན་བཅུ་གཉིས་ཉི་ཤུ་བཞི། །ཕྱི་ཡི་མདོས་སུ་བརྟགས་པར་བྱ། །རེ་རེ་ལ་ཡང་བཞི་བཞི་སྟེ། །བསད་པའི་མདོས་དང་གསོ་བའི་མདོས། །བསྐང་བའི་མདོས་དང་བཟློག་པའི་མདོས །བསད་པ་གནོད་བྱེད་དགྲ་ལ་ཡིན། །གསོ་བ་གཏོང་སྐྱོང་ཡོན་བདག་ཡིན། །བསྐང་པ་སྔགས་པའི་དམ་སྐོངས་ཡིན། །བཟློག་པའི་མདོས་ལ་གསུམ་ཡིན་ཏེ། །དགྲ་བཟློག་པ་དང་བགེགས་པ་བཟློག་པ། །གཞན་གྱི་བྱད་ཁ་བཟློག་པའོ། །གོང་མ་ཀུན་ལ་དེ་བཞིན་དབྱེ། །དེ་ལྟ་བུ་ཡི་དབྱེ་བ་ནི།ནང་གི་མདོས་ལ་ཤེས་པར་བྱ། །མདོས་ཀྱི་དབྱེ་བ་ཇི་ལྟ་བར། །གནས་དང་སྤྱན་གཟིག་སྐོར་ཆ་ཀུན། །མཁས་པ་དབྱེ་བ་ཤེས་པར་བྱ། །ཤེས་ན་ཡོན་ཏན་བསམ་མི་ཁྱབ། །དབྱེ་བར་མ་ཤེས་དེ་ལས་བཟློག་པའོ། །དེ་དག་ཕྱི་ཡི་སྣོད་ཀྱི་མདོས། །དེ་ནས་ཕྱི་ཡི་བཅུད་ཀྱི་མདོས། །གཅན་གཟན་རྒྱལ་པོ་དྲུག་ལ་སོགས། །དེ་རྣི་རྒྱལ་མོ་བཅུད་ཀྱི་མདོས། །གླང་ཆེན་གཟུགས་ནི་བཅུ་གཞི་སོགས། དེ་ནི་བློན་མོ་བཅུད་ཀྱི་མདོས། སྣང་སྲིད་སེམས་ཅན་སྣ་ཚོགས་གཟུགས། །དེ་ནི་ནང་གི་དམན་མོའི་མདོས་། །དེ་དག་སྤྱི་རུ་བསྐང་བ་ནི། །སྲིད་པ་སྤྱི་ཡི་བཅུད་ཀྱི་མདོས། སྣོད་དང་བཅུད་ཀྱི་ཕྱི་བསྐང་བ། །དེ་དག་སྣོད་བཅུད་སྤྱི་ཡི་མདོས། །དེ་ནས་མ་མོ་ནང་གི་མདོས། །དྲུག་ཏུ་མཁས་པའི་ཤེས་པར་བྱ། །རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས། །མདོས་ཀྱི་འཕྲིན་ལས་གཞུང་སྲོང་བ། །དེ་ནི་མ་མོ་ཕྱི་ཡི་མདོས། །ཀེང་རུས་དཀྱིལ་འཁོར་ལ་བརྟེན་ནས། །དེ་ནི་མ་མོ་ནང་མདོས་ཡིན། །མི་ཁོག་སྐྱལ་མོའི་དཀྱིལ་འཁོར་ལ། །རྟེན་པ་མ་མོ་གསང་པའིམདོས། །ཙིསྟའིའཕྲེངབའི་དཀྱིལ་འཁོར་ལ། །བརྟེན་པའི་མ་མོ་ཡང་གསང་མདོས། །ཙིསྟའིདཀྱིལའཁོར་བརྩེག་མ་ལ། །རྟེན་པ་ཡང་གསང་རྨད་བྱུང་མདོས། །གནས་ལ་བོར་བའི་དཀྱིལ་འཁོར་ལ། རྟེན་པ་གནས་ལ་བོར་བའི་མདོས། འདི་ལྟར་མ་ཤེས་མདོས་རྩོམ་པ། །རང་ཡང་ཕུང་ལ་གཞན་ཡང་བརླག། །མ་མོ་རྣམས་ཀྱི་བཀའ་ཆད་འབྱུང་། །དེ་ནས་འབད་པས་ཤེས་པར་བྱ། །མདོས་མི་ཤེས་པར་མ་མོ་རྟེན་འཁོར་ལོ་བསྐོར་བ་ཉེས་པ་བཞིན། རང་གི་ལོངས་སྤྱོད་འཁོར་ལོ་གནོད། །གོལ་སྒྲིབ་དང་མདོས་བསྟན་པ་སྲིད་པ་རྒྱུད་ལུང་གི་ལེའུ་སྟེ་གསུམ་པའོ། །ཉོན་ཅིག་མངོན་རྫོགས་རྒྱལ་པོ་ཁྱོད། །སངས་རྒྱས་བསྟན་པ་འཇིག་ལ་སོགས། །བསྒྲལ་བའི་ཞིང་ལ་བབ་པ་ལ། །མ་མོ་ལས་ཀྱི་མཐའ་སྡུད་དེ། །གནནས་ཞིང་གཏད་པའི་ལས་ཅི་སྟེ། །རང་གི་གནན་པས་གནན་པ་སྟེ། །ལྷ་སྲིན་ལ་གཏད་ཁྲམ་གཏད་པས། །གཏད་ཁྲམ་ལས་ཀྱི་མཐའ་སྡུད་ཡིན། །གཏད་ཁྲམ་ཆེན་པོ་བཞི་ཡིན་ཏེ། །དབྱེ་ན་བརྒྱ་ཚ་བཅུ་གཉིས་ཡིན། །དེ་ཡང་འདི་ལྟར་ཤེས་བྱ་ཏེ། །བསད་པ་སྲོག་གི་འཁོར་ལོ་ནི། །གཤིན་རྗེ་ཚོགས་བསྐོར་བར་བྱ། །མཛེས་ནག་ལས་ཀྱི་འཁོར་ལོ་ནི། །ཀླུ་ནག་ཚོགས་ལ་བསྐོར་བྱ་བ། །ཞ་གྲུམ་ལས་ཀྱི་འཁོར་ལོ་ནི། །ས་བདག་ཚོགས་ལ་བསྐོར་བར་བྱ། །སྨྱོ་འབོག་ལས་ཀྱི་འཁོར་ལོ་ནི། །ཡ་ཆོས་རྒྱལ་པོའི་ཚོགས་ལ་བསྐོར། །བསད་པའི་སྲོག་གི་འཁོརལོནི། །རེཞིགརྣམཔགཉིས་སུ་འགྲི། །དགྲ་ཡི་དྲི་མ་དྲུག་བླངས་ཏེ། །དུར་ཁྲོད་རས་སམ་ཤིན་ཤུན་ལ། །དགྲ་ཡི་ལུས་ལ་གཟུགས་བྱས་ལ། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་བདུན། །དཔྲལ་བའི་མིང་དང་སྙིང་ཁ་རུ་རུས་སྤྱོད་བོར་ཨོ་ལ་སྙིང་ཁར་ཕཊ། །མདོམས་སུ་ཕཊ་སེར་བྲིས་ནས་ཀྱང་། །སྙིང་ལ་སོགས་པའི་གནས་བདུན་དུ། །ཕུར་བུ་བདུན་དང་བྱ་ནག་བདུན། །གདབ་དང་འཐོག་པའི་ཚུལ་དུ་བྲི། །ལྕགས་ཀྱུ་མདུང་དང་རལ་གྲི་སོགས། །མི་ཤིགས་མཚོན་ཆ་ལུས་ལ་དགོད། །བདུན་པོ་གདུག་པའི་སྔགས་ཀྱིས་བསྐོར། །གཙོ་མོ་ནས་བཟུང་སྨན་མོའི་ཚོགས། །སྡེ་བརྒྱད་གཉན་དགུ་མཐའ་རུ་ཆུག། །འདུན་གྱི་ཐ་མ་ཆུ་གྲི་དང་། །གསང་སྔགས་མནན་སྔགས་སྲིན་མོ་འགྲོས། །མཚམས་རེ་སྨྱོ་བདུན་རྩོད་པ་སྟེ། །དེ་བཞིན་བདུན་བདུན་རྒྱུད་དཀྲུགས། ། །རང་གི་ཉེས་ན་དཔང་མི་གཟུགས། །མ་ཉེས་དཔང་གི་ཁ་ཡིག་བྲི། །ཕྱི་རུ་རྡོ་རྗེ་རྒྱ་གྲམ་ལ། །བསད་པའི་དཀྱིལ་འཁོར་དེ་བཞིན་ཏེ། །གཙོ་མོ་སྔགས་དང་འཁོར་གྱི་སྔགས། །ལྟེ་བར་ར་བ་དག་ལ་བྲི། །དེ་ནས་ལྷ་དང་དབྲལ་བར་བྱེ། །ཕོ་ཉ་ཏིང་འཛིན་སྔགས་ཀྱིས་དགུག །དུག་ལ་སོགས་པའི་ཐུན་རྣམས་དབབ། །སྔོན་དམར་དག་གིས་བསྔམ་བྱ་སྟེ། །ལ་ཆའི་སྦལ་པར་དྲལ་བར་བྱ། །རྒྱ་གདབ་རེ་བས་དྲིལ་ནས་ཀྱང་། །རབས་ཆད་མྱ་ངན་ཁང་བུ་སྲ །བཅུག་ལ་དུར་ཁྲོད་རྡོཔ དགབ། །གཤིནརྫེནགཔོའི་ས་རུ་མནན། །གཏིང་གི་ཁྲོ་ཆུང་རེ་རེ་སྟེ། །ས་དེར་གནས་པ་ཐམས་ཅད་ལ། །མཆོད་ཅིང་ལས་བཅོལ་རིམ་པས་མནན། །དེ་ནི་མཐུན་པར་མནན་པ་སྟེ། །དེས་ཀྱང་གྲུབ་རྟགས་མ་བྱུང་ན། །གཤིན་རྗེ་གཟིར་དང་གཤིན་རྗེ་བགྲོད། །སྦོགས་དང་ཉེ་བར་སྦོགས་པ་སྟེ། །རང་ཉིད་ཏིང་འཛིན་མ་ལྡན་ན། །གཤིན་རྗེའི་དབང་དུ་བདག་འགྱུར་ཏེ། ཁེང་གི་བེར་ཁ་རེངས་པ་འདྲ། །རང་ཉིད་ཏིང་འཛིན་ལྡན་གྱུར་ན། །གཤིན་རྗེའི་དབང་དུ་དགྲ་འགྱུར་ཏེ། །ལྕུག་ཕྲན་ཟོར་གྱིས་བཏབ་པ་འམ། །སྡོང་གོག་སྟ་རེས་བསྒྱེལ་བ་འདྲ། །དེ་ནི་གཤིན་རྗེ་རྟེན་ལ་མནན། །གཤིན་རྗེ་རང་ལ་མནན་པ་ནི། །དུར་ཁྲོད་རས་སམ་ཤིན་ཤུན་ལ། །དང་པོར་འབྲུབ་ཁུང་བདུན་བྱས་ཏེ། །དགྲ་ཡི་འབྲུབ་ཁུང་གཤིན་རྗེའི་གནས། །གནས་དེར་གཤིན་རྗེའི་གཟུགས་རྣམས་བྲི། །གཤིན་རྗེ་ལ་ནི་དགྲ་རྣམས་གཏད། །གཟུགས་བརྙན་གཤིན་རྗེའི་ལག་ཏུ་བྲི། །ལྕགས་ཀྱུས་གཟུང་ཞིང་ཞགས་པས་བཅིང་། །ཁྲན་ལ་ཐོབ་ཅིག་ཤད་ལ་གཏད། །མི་ཤིས་རྫས་རྣམས་ལུས་སུ་བྲི། །གཞན་རྣམས་གོང་དང་འདྲ་བ་ཡིན། །བཟའ་བ་བཀུག་ལ་ལྷ་དང་དབྲལ། །གཤིན་རྗེའི་སྤྱན་རས་གཟིགས་ལ་བྲི། །མཆོད་དེ་ལས་ལ་ཟབ་པར་གཏད། །གཤིན་རྗེ་ཡི་ནི་གནས་སུ་སྦ། །འདི་ནི་གསང་བའི་མནན་པ་སྟེ། །གཤིན་རྗེ་ནག་པོ་སྐྲུ་གྲི་སྟེ། །མ་མོ་སྲོག་གི་ཤན་པ་ཡིན། །དེ་ལྟར་སྲོག་གི་འཁོར་ལོ་ཡིན། །དབྱེ་བ་ཉི་ཤུ་རྩ་བདུན་ནང་། །བླ་མ་མཉེས་ཤིང་ཞལ་ལ་ཤེས། །མཛེ་ནག་ལས་ཀྱི་འཁོར་ལོ་ཡང་། །རྣམ་པོ་གཉིས་སུ་ཤེས་བྱ་སྟེ། །འཁྲུལ་འཁོར་གོང་མ་ཇི་བཞིན་ལ། །སྔགས་དང་རྫས་དང་ཁ་བྱང་དང་། །བྱེ་བྲག་ཆུང་འཕྲུང་ཤེས་བྱས་ལ། །ལས་བཅོལ་བ་དམར་རྭ་རུ་མནན། །ཀླུ་སྨན་ལ་སོགས་མཐུན་པའི་རྫས། །གཟིར་ཞིང་བགྲོད་པ་དེ་ལས་བཟློག། །མཛེ་ནད་མྱ་ངན་ཁང་བུ་མྲ །བཅུག་སྟེ་ཀླུ་ཡི་རྟེན་ལ་མནན། །ཆུ་མིག་ཀླུ་ཡི་ཁང་པར་དུ། །རྐང་འདོ་བདུན་བཅལ་སྙིང་ཁ་ཡིན། །གང་ཡང་རུང་བར་མནན་པ་བྱ། །བསྐོར་བ་བྱ་ཞིང་ཆོ་ངས་གདབ། །མ་ཉེས་འ་དོད་དྲག་ཏུ་བོད། །དུས་ནི་ནམ་གྱི་ཕྱེད་ནས་ཏེ། །གཞན་དུ་དམ་ཚིག་ཉམས་པར་ངེས། །ལས་ཀྱི་མཛེ་ནག་འཁོར་ལོ་འདི། །ཀླུ་ནག་རང་གིས་བསྐོར་བ་ཡིན། །མཁས་པས་འདི་ལྟར་ཤེས་པར་བྱ། །ཀླུད་ནག་གནས་པའི་ཤིང་ཤུན་ལ། །གཟས་པ་འབྲུབ་ཁུང་བམ་ཁུང་བདུན། །ཀླུ་རྣམས་གནས་པའི་ས་རུ་བྲི། །གནས་དེར་ཀླུ་རྣམས་གཟུགས་བྲིས་ལ། །གཟས་པའི་གཟུགས་དང་དེར་བྲིས་ལ། །ཀླུ་ཡི་གཟུགས་ནི་སྦྲུལ་ཡིན་པས། །གཟས་པའི་གཟུགས་ལ་སྐྲུལ་གྱིས་དཀྲི། །སྒྱི་བསྡམས་ཡན་ལག་བསྡམས་ལ་སོགས། །བདུན་བཅུས་མཁས་པས་ཤེས་པར་བྱ། །དེ་ཡང་གདུག་པའི་ཀླུ་བརྒྱད་ཀྱང་། །རིགས་དྲུག་རིགས་བཞིས་བསྡམས་པ་སྟེ། །རིགས་ཀྱི་དབྱེ་བས་ཁ་དོག་བསྒྱུར། །གཞན་ནི་གོང་དང་འདྲ་བ་སྟེ། །ཀླུ་ཡི་རབས་བསྐོར་བ་སྟེ། །དེ་ནས་ཀླུ་རྣམས་སྤྱན་དྲངས་ལ། །སྦྲུལ་གྱི་གཟུགས་ལ་བསྟིམ་ལ་མཆོད། །བར་ཕྲ་མ་བརྫུན་ཚིག་སྨྲ། །གཟས་པ་བཀུག་ལ་ཉེ་འབྱེད་བྱ། །དེ་ནས་ཀླུ་ལ་གཏད་ལ་གཞག། །བ་དམར་རྭ་ལ་སོགས་པ་ཡི། །གནས་སུ་བཅུགས་ཀླུ་རྣམས་ཀྱི། །ས་རུ་སྦས་ན་འཇིག་རྟེན་གྱི། །ལུས་ཀྱི་ས་རུ་འདི་འགྱུར་ཏེ། །མེ་ཏོགས་ཀྱིས་གསོད་པ་བཞིན། །ལུས་སྲོག་སྙིང་པོ་འདི་ཡིས་འཇོམས། །མ་མོ་སོག་བྱེད་མེ་ལྕེ་ཡིན། །ཀླུ་ཡི་ལས་ཀྱི་གསོད་ཆེན་ཡིན། །འདི་ལ་དབྱེ་བ་ཉི་ར་དྲུག། །ཐུགས་ཀྱི་གསང་དུ་སྦ་བར་བྱ། །ཞ་གྲུམ་ལུས་ཀྱི་འཁོར་ལོ་ཡིན། །རྣམས་པ་གཉིས་སུ་ཤེས་པར་བྱ། །ས་བདག་རྟེན་ལ་གཏད་པ་སྟེ། །སྟོང་ལམ་ཆེན་པོ་སྟག་སྐྱ་བོ། །དེ་རུ་གོང་གི་གཟུགས་ལ་སོགས། །མནན་པ་སྟག་ལ་མནན་པ་སྟེ། །ལམ་གཉིས་བར་ནི་སྟག་གི་དབལ། །མཆེ་བ་ཡིན་ཏེ་དེ་ལས་གཞན། །གོལ་བ་ཡིན་ཏེ་ནུས་པ་མེད། །གང་གི་མྱ་ངན་ཁང་བུ་སོགས། །བྱེ་བ་ཡིན་ཏེ་ས་བདག་གི། །གནས་པའི་ཤིང་ཤུན་བྲིས་ལ་རྟེན། །གཞན་དུ་ཐུན་མོང་དང་པོ་བཞིན། །གཞན་ཡང་བྱ་ནི་དམར་མོ་ཡང་། །བྲ་མ་ས་དམར་བྲག་དམར་ཡང་། །བྱ་ནི་དམར་མོའི་རྟེན་ཡིན་པས། །བྱ་ཡི་གཤོག་རུ་མཆུ་ལ་མནན། །ཆུ་སྦྲུལ་ནག་པོ་མཆུ་ཡིན་་པས། །སྦྲུལ་གྱིས་ལ་མནན་པར་བྱ། །རུས་སྦལ་བོང་ལ་སོགས་པ་ཡིན། །དེ་ཡི་ཡན་ལག་ལྔ་ལ་གདགས། །གཞན་ཡང་གཤེད་བཞི་ལ་སོགས་པའི། །དབྱིབས་དང་ཁ་དོག་ཤེལ་བྲག་ལ། །མནན་པ་རྟེན་ལ་མཁས་པར་བྱ། །དེ་ནས་ས་བདག་ལ་གཏད་ལ། །གོང་བཞིན་༄༅། ཁེང་གི་ཤུན་པ་ལ། །འབྲུབ་ཁུང་ཤུན་པ་གནས་བྲིས་ལ། །ས་བདག་གང་རུང་གཟུགས་བྲིས་ལ། །གཟའ་ཡི་གཟུགས་བྲིས་དེ་ལ་གཏད། །ས་བདག་སྤྱན་དྲངས་དེ་ལ་གཏད། ཁྲ་ཚིག་རྒྱ་སྦྱདྭསྐྲོས་སོགས་པས་མཆོད། །གཟས་བ་བཀུག་ལ་དེ་ལ་གཏད། །ས་བདག་གར་གནས་དེ་རུ་སྦ། །ཡན་ལག་བཅིངས་བའི་སྲད་བུ་སྟེ། །མ་མོ་ལུས་ཀྱི་ལྕགས་སྒྲོག་སྟེ། །ས་བདག་སྲོག་གི་ལྕགས་གཟིར་ཡིན། །ལས་འདི་ཀུན་ཏུ་མི་རྩེ་སྟེ། །གཞན་ཡང་ཕུང་སྟེ་རང་ཡང་ཕུར། །ལྕགས་ཕུང་སོལ་ཞི་དེ་བཞིན་ནོ། །སྨྱོ་འབོག་སྙིང་གི་འཁོར་ལོ་ཡང་། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །རྒྱལ་པོ་རྟེན་ལ་མནན་པ་ཡང་། །རྒྱལ་པོ་དཀོན་ཁང་ལྷ་ཁང་སྟེ། །གཙུག་ལག་ཁང་དང་མཆོད་རྟེན་དང་། །སྐྱེད་ཤིང་དཔག་བསམ་ཤིང་ལ་སོགས། །རྒྱལ་པོ་གནས་པོའི་ས་དེ་སྲ །དང་པོ་ཞབྲུལ་འཁོར་དེ་རུ་མནན། །དཀོན་ཆ་སྤྱན་གཟིགས་མང་པོས་མཆོད། །བྱེ་བྲག་སྨྱོ་འབོག་ལས་བཅོལ་ན། །མ་ཧྭ་དེ་པ་དྲན་པ་སྟོར། །རྒྱལ་པོ་རང་ལ་གཏད་པ་ནི། །བརྒྱ་བྱིན་ཤིང་གི་ཤུན་པ་ལ། །རྒྱལ་པོའི་གཟུགས་བྲིས་གཟའ་ཡི་གཟུགས། །རྒྱལ་པོ་དེ་ཡི་ཕྱག་ཏུ་བྲི། །གྲང་ཞིང་གསོལ་བའི་སེར་པོ་ཡང་། །དེ་ཡི་སྙིང་ཁར་བཞུགས་པར་བྲི། །མི་སྙན་འཇིགས་པའི་སྒྲ་དག་ཀྱང་། །དེ་ཡི་རྣམ་པར་གཞུག་པར་བྱ། །སྙན་པའི་སྒྲ་ཡངདེབཞིནཏེ། །སྦྱནདམར་སྦྱན་གཟིགས་དཀོར་ཆ་བྲི། །དེ་ནས་རྒྱལ་པོ་སྤྱན་དྲངས་ལ། །རྒྱལ་པོའི་གཟུགས་དང་གཅིག་ཏུ་བྱ། །དེ་ལ་སྤྱན་གཟིགས་དཀོར་ཆ་རྣམས། །དངོས་སུ་བཤམ་ལ་རྒྱལ་པོ་མཆོད། །དེ་ནས་གཟའ་དེ་བཀུག་ལ། །གཟུགས་སུ་བསྟིམ་ལ་རྒྱལ་པོ་ཡི། །ཕྱག་ཏུ་གཏད་ལ་སྨྱོ་རུ་གཞུག །དེ་ནས་རྒྱལ་པོ་གནས་པའི་སར། །དཀོར་ཆ་སོགས་དང་སྦ་བར་བྱ། །རྒྱལ་པོ་རང་ཡང་སྙིང་འཕྱོ་ན། །མི་ལ་སོགས་པ་སྨོས་ཅི་དགོས། །འདི་དག་ལས་བདག་འཁོར་ལོ་ལ། །དབྱེ་བ་ཉི་ཤུ་དྲུག་ཡོད་དེ། །གཏད་ཁྲམ་ལ་ནི་ཅིག་ཉིད་ལ། །དབྱེ་བ་རྣམ་པ་བཞི་རུ་འགྱུར། །བྱེ་བྲག་བརྒྱད་དུ་བཅུ་གཉིས་ཏེ། །འདིལ་མ་རྨོངས་སྔགས་པ་ནི། །དུག་གི་སྡོང་བུ་ཡིན་པར་འདོད། །དུག་གི་ཐམས་ཅད་འཆི་འགྱུར་ཏེ། །སེམས་ཅན་རྨ་བྱའི་གསོལ་སུ་འགྱུར། །འདིས་ཀྱང་ཐམས་ཅད་ཕུང་འགྱུར་ཏེ། །རྣམས་འབྱོར་སྔགས་ཀྱི་གསོས་སུ་འགྱུར། །ནད་མེད་ཉི་མ་དེ་རུ་ཤར། །སངས་རྒྱས་པོ་ཅིག་དེ་ན་གནས། །རུ་ཏྲ་རྣམ་བཞི་མིང་ཡང་མེད། །དམ་ཚིག་ཉམས་པའི་མིང་ཡང་མེད། །རྟག་ཏུ་དད་པའི་སེམས་དང་དགེ། །འདི་དང་ཕྱིམ་གཉིས་ཀ་དགེ །དེ་ལས་གྲུབ་པའི་སངས་རྒྱས་དང་། །རིགས་འཇིན་འབྲས་བུ་གཉིས་ཀ་ཐོབ། །གལ་ཏེ་འཁྲུལ་པའི་ཞེ་སྡང་ཅན། །འདི་ནི་ང་ཡིན་ཞེས། །ཞེ་སྡང་སོལ་པའི་སྡོང་པོ་འདྲ། །བསྒྲལ་པའི་ཞིང་ལ་མ་བབ་པ། །བསད་སོགས་ལས་རྣམས་དེ་ཙམ་སྟེ། །མནན་པའི་ལས་རྣམས་རྩོམ་བྱེད་པ། །འདི་ནི་སྡུག་བསྔལ་རྒྱུད་ཉིད་དེ། །གཞན་ཡང་སྡུག་ལ་རང་ཡང་སྡུག། །གཉིས་ཀ་སྡུག་པས་སྡུག་བསྔལ་རྒྱུ། །འདིར་ཡང་འཇིགས་ལ་ཕྱི་མར་འཇིགས། །གཉིས་ཀ་འཇིགས་པས་འཇིགས་པའི་རྒྱུ། །འཇིགས་དང་སྡུག་བསྔལ་སྤོངས་བ་ལས། །འཕྲན་ཚོམས་རྣམས་ཀྱི་འདའ་མ་བྱེ། །དྲེགས་པ་རྣམས་ནི་འཇོམས་པར་བྱེདལ། །དེ་བས་ཟབ་མོའི་དོན་འདི་ནི། །སྙིང་གི་དཀྱིལ་དུ་སྦ་བར་བྱ། །བསད་པས་ངེས་པརགསོད་དམ་ཅི། །ཐུན་གྱི་ངེས་པར་ཉོས་སམ་ཅི། །བསྲེག་པས་ངེས་པར་ཚིག་གམ་ཅི། །དེ་དག་རེ་ཞིག་མོས་པ་ཙམ། །གཏད་དམ་མནན་ན་ངེས་པར་ཕུང་། །ཕུང་བྱེད་ཁྲམ་གྱི་མན་ངག་འདི། །རང་གི་བུ་དང་སློབ་མ་ལས། །གཞན་ལ་སྦེལ་ན་དམ་ཚིག་ཉམས། །མ་མོ་ལས་གནན་པ་གཏད་པ་སྟེ་སྲིད་པ་རྒྱུད་ལུག་ལས་ལེའུ་སྟེ་བཞི་པའོ། །དེ་ནས་མ་མོ་མདོས་ཀྱི་ཚད། །དང་པོ་ང་ཡིས་བཤད་པར་བྱ། །དེ་དག་མང་ཡང་རྡུབ་པ་གཉིས། །བསད་པ་དག་ནི་གསོ་བ་གཉིས། །བསད་པ་འབྲུ་སྣ་སྣ་ཚོགས་ལ། །ངར་གླུད་མང་པོའི་གཐུགས་བྱས་ལ། །དབུས་སུ་ར་ཁྱི་མི་མོ་ལ། །རྒྱན་ཆས་བརྒྱན་ལ་ཁྲམ་ཤིང་དང་། །་།ད་རྡེ་ལ་སོགས་བརྩིས་བྱས་ཏེ། །ཁྲག་འཐུང་ལ་སོགས་ཤེས་པར་བྱ། །དེ་ཡི་ཚད་ནི་མཐོ་གང་དང་། །ཁྲུ་གང་སོར་མོ་ཚད་དུ་བསྟན། །འབྲུ་སྣ་བརྒྱད་ལ་སོགས་པ་ཡི། །གླིང་བཞི་རི་རབ་གཟུགས་བྱས་ལ། །འདི་ནི་ཕལ་ཆེར་གསོ་བའི་མདོས། །རྒྱལ་མོའི་མདོས་ལ་ཁྲུ་བཞི་སྟེ། །ཞེང་དུ་ཁྲུ་དོ་མཛེས་པར་བྱ། །བློན་མོ་ལ་ནི་ཁྲུ་དོ་ཡིན། །དེ་ཡི་ཕྱེད་ནི་སྨན་མོ་ལ། །མ་མོ་སྤྱི་དང་གཟུགས་ཐམས་ཅད། །འཕྲིན་ལས་བཞི་ཡི་མདོས་ལས་ནི། །རྒྱལ་མོ་རི་རབ་གླིང་བཞི་ཚད། །རྒྱུད་ནི་རིན་ཆེན་སྣ་བདུན་ནམ། །སྣ་ལྔ་མཁས་པས་རིན་ཆེན་སྲིད། །ཉི་ཤུ་རྩ་གཅིག་འབྲུ་སྣ་ལྔ། །ངར་ཕྱེ་བྱེ་དགུ་བཅལ་ནས་ནི། །རིན་ཆེན་སྣ་ཚོགས་ཕྱེ་བདར་ཏེ། །སུམ་ཆ་རི་རབ་གླིང་བཞིན་བྱ། །རིགས་དང་མཐུན་པའི་ཁ་དོག་བྱ། །དེ་ནས་ངར་ཕྱེ་སུམ་ཆ་ལ། །གཅན་གཟན་རྒྱལ་པོ་དྲུག་གི་གཟུགས། །དཀར་ལ་མཛེས་དང་ལྡན་པར་བྱ། །སེར་གེའི་གཟུགས་ནི་དཀར་པོ་ལ། །རལ་པ་རྔ་མ་སྔོན་པོར་སྐུ། །རྩལ་གྱི་རྒྱལ་པོར་དྲུག་པའོ། །མཛེས་ལྷུན་སེར་པོ་བརྒྱད་ཀྱིས་བརྒྱན། །སྣ་སྡོ་མཆེ་བ་དཀར་པོ་ལ།མ །གསེར་དང་གཡུ་ཡི་སྣ་ཐག་སྤྲས། །འདོད་ཆགས་གཙོ་མོ་དྲུག་པོ་བསྐྱོན། །སྟག་རལ་གཟིག་ཤུགས་སྐྱེས་ཕྲན་ཆས། །སྐྱེས་པ་ཆས་ཀྱིས་བརྒྱན་པ་ཞོན། ་།གས་ཀྱི་རྒྱལ་པོ་དྲུག་པོ་ལ། །ཁ་དོག་ལྔ་ལ་སྒ་སྲབ་ལྡན། །འདོད་ཆགས་གཙོ་མོ་ཤོན་པོ་ལ། །བུད་མེད་ཆས་སུ་ཞུགས་པ་དྲུབ །འུ་ས་ལ་བེར་དམར་བྱུ་རུ་འབུལ། །ཕྱག་ན་དངོན་གྱི་འཕག་ཐོགས་མ། །འདབ་ཆགས་གཙོ་མོ་དྲུག་པོ་ལ། །སྣ་ཚོགས་དར་གྱིས་མགུལ་པ་བརྒྱན། །གཉིས་དམར་གཉིས་སེར་གཉིས་སེར་དཀར་ཏེ། །སེམས་ཅན་གཙོ་མོ་དེ་རྣམས་སྐུ། །སྤྱན་གཟུགས་དཀོརཆསྣཚོགསདང། །རི་རབ་བང་རིམ་དང་པོ་ལ། །གཞན་ནས་གཙོ་མོ་དྲུག་པ་སྟེ། །རྣམ་སྣང་གསལ་བས་སོགས་པ་དབུལ། །དེ་ནས་ངར་ཕྱེ་སུམ་ཆལ། །གླང་ཆེན་གཟུགས་ནི་བཅུ་བཞི་དང་། །སྟག་གཟིག་ལ་སོགས་བཅུ་བཞི་དང་། །མདངས་ལྡན་རྨ་བྱ་བཅུ་བཞི་དང་། །འདོད་ཆགས་རྒྱལ་མོ་བཅུ་བཞི་དང་། །ཀུ་ཀུར་དཀར་བཅུ་བཞིའི་གཟུགས། །སྲིག་ཆགས་གཟུགས་ནི་དེ་དག་ཀུན། །རི་རབ་བང་རིམ་ཐ་མ་ལ། །རྒྱལ་མོ་བཞི་ཡི་རྫས་ཡིན་ཏེ། །དེ་ནས་ངར་ཕྱེ་སུམ་ཆ་ལ། །སྣ་སྲིད་སེམས་ཅན་གཟུགས་སུ་བྱས། །ཁ་དོག་སྣ་ཚོགས་ཡང་དག་ལྡན། །རི་རབ་བང་རིམ་ཐ་མར་བསྐོར། །སྲིད་པ་ཆགས་བྱེད་ལ་སོགས་ཏེ། །མ་མོར་གྲགས་པ་ཀུན་གྱི་རྫས། །རི་རབ་བུམ་པའི་རྩེ་མོ་ལ། །སྣ་ཚོགས་དར་གྱི་རྒྱལ་མཚན་ལ། །སྟག་དང་གཟིག་གི་རྒྱལ་མཚན་ལྔ་། །དེ་དག་མངའ་བས་མ་ལྔ་ལྔ་པ། །གྲྭ་བཞི་དབུས་དང་ལྔའོ། །དཀྱིལ་དུ་དམར་པོ་དར་གྱིས་གཟུགས། །མེ་མར་ལྔ་ཡང་དེ་བཞིན་ནོ། །གསེར་སྐྱེམས་འཕྲ་མེན་སྐྱོགས་ལྔ་སྟེ། །དབུས་སུ་བསེ་ཡི་བྱའོ་གང་། །སྟེང་དུ་གྲུ་བཞི་དྲི་ཞིམ་ལྡན། །རག་ཏ་ཛ་གད་མཎྜལ་ལ། །མེ་ཏོག་སྣ་ཚོགས་མཛེས་པར་ལྡན། །དེ་ཡི་སྟེང་དུ་གཏོར་མ་གཞག། །མཐའ་མ་མདའ་དར་ཡོལ་བས་བསྐོར། །དེ་བས་པགས་པའི་མཎྜལ་ལ། །རྫས་དང་ལྡན་པའི་དམར་གཏོར་གཞག། །དབུས་སུ་དཔལ་གྱི་མཆོད་པ་ལ། །མདའ་དང་དར་སྣ་རྒྱུ་ཞགས་ལྡན། །ཕུད་དང་རག་ཏ་སྨན་སྦྱར་བའོ། །མཎྜལ་དེ་ཡི་ཕྱི་རིམ་དུ། །ཕྱོགས་མཚམས་བརྒྱད་དུ་མཎྜལ་བརྒྱད། ཁྲར་གྱི་མཎྜལ་སྟེང་དུ་ཡང་། །གདོན་བྱབ་པི་པི་ལས་བྱ་སྟེ། །མ་མོ་རང་གི་ཟིན་འགྱུར་ན། །བལ་ཚོལ་སྣ་ལྔ་དེར་བཞག་ལ། །མདོས་ཀྱིས་མ་མོ་སྐོངས་པ་དང་། །ཁྲག་གི་ཞལ་བུ་དེར་ཡང་གཞག །ནད་པ་བདུན་དུ་བཀུག་ནས་ནི། །བལ་གྱིས་ནད་པའི་ལུས་ལ་བྱུག། །ནད་ཀ་མ་འཚལ་སླར་ལ་བཞེས། །དལ་ཀ་མི་འཚལ་སླརལབཞེས། །ན༷ད་ཀྱི་ཁ་དོག་སྣ་ལྔ་ཡང་། །དང་པོ་བྱུང་ཡང་མ་མོ་རང་ལས་བྱུང་། །བསྟིམ་ཡང་མ་མོ་རང་ལ་བསྟིམ། །ནད་ཀ་མི་འཚལ་ཞེས་པའི་སྔགས་ཚིག་རྣམས་ཀྱིས་མ་མོའི་གདོན་བསལ་བ་ལ། །ཨོ་ཧུ༷་ཧེ་རུ་ཀ་ཀྲོ་དྷི་ཤཱ་རི་སྟོ། །ཧུ༷་ཧ་ཧེ་ཕཊ་སྨྱོ། །ཆེ་གེ་མོ་མམ་སྦ་ན་ན་ཕཊ། །མ༷་ཡོ་ཀི་ནི་རུ་ལུ་སྨྱོ། །མ༷་ཡོ་ཀི་ནི་རུ་ལུ་སྨྱོ། ཆེ་གེ་མོ་མ་རན་ཕཊ། །ཅེས་པས་མ་མོའི་དོན་རྣམས་བསལ ཡང་མ་མོ་རང་གིས་རང་བསལ། །བུ་བྱི་རུ་ལུ། །བུ་བྱི་རུ་ལུ་་་་བྱི་སྨྱོ། །ཆེ་གེ་མོ་ལུས་སེམས་ལས་པར་ན་ཕཊ། མ་མོ་རང་རང་སྙིང་པོས་ཀྱང་། །མ་མོ་རང་རང་གསལ་བར་བྱས། །ཀླུ་ཡི་གདོན་གྱིས་ཟིན་གྱུར་ན། །སྨག་ཤད་བདུན་ལ་རྨ་བྱ་ཡི། །སྒྲོ་བདུན་བཙུགས་ལ་བྱབ་པར་བྱ། །གཙོ་བོའི་སྔགས་དང་མ་མོའི་སྔགས། །མཛུག་ལ་ནཱ་ག་སྦ་ར་ནཱ་གདགས། །རྨ་བྱས་ལུས་ལ་བྱབ། །ཀླུ་ཡི་གདོན་རྣམས་འབྱུང་བར་ངེས་། །ལྷ་ཡི་གདོན་ལ་སོགས་པ་ཀུན། །གདོན་རྟགསརྣམས་ནི་ཤེས་པ་དང་། །དེ་དག་དག་རིམ་པ་གསལ་པར་བྱ། །དེ་ནས་ལྷོ་ཤར་མཚམས་སུ་ནི། །ཁྲུས་ཀྱི་རྫས་ནི་ཚང་བ་ལས། །མ་མོ་ཁྲུས་ཀྱི་ཆོ་ག་ཡིན། །ནད་པ་ཁྲུས་བྱ་དྲི་ཡིས་བྱུག །གཙང་བའི་གོས་ཀྱིས་ལུས་བརྒྱན་ལ། །ལྷོ་ཡི་མཎྜལ་སྟེང་དུ་བཞག །མ་མོ་སེམས་སྐྱེད་དམ་ཚིག་འབོག །དེ་ནས་ལྷོ་ནུབ་མཚམས་སུ་ནི། །ཉེན་དག་བྱང་སྡིག་ལས་རྣམས་བསྲེག །ནུབ་ཏུ་མ་མོ་ཚེ་རྣམས་སྦྱིན། །བྱང་ནུབ་མཚམས་སུ་མ་མོ་ཡི། །བཀྲ་ཤིས་དག་གི་རྫས་བརྒྱད་ཀྱིས་། །བཀྲ་ཤིས་བྱས་ལ་བྱང་དུ་ནི། །མ་མོ་ཚོགས་ཀྱི་འཁོར་ལོ་བསྐོར། །བྱང་ཤར་མཚམས་སུ་མ་མོ་ཡི། །བསྲུང་བའི་འཁོར་ལོ་བརྩམ་པར་བྱ། །གོང་གི་སྔགས་དང་ནད་པའི་མིང་། །བསྲུང་བའི་སྔགས་ནི་རག་ཤ་སྟེ། །དེ་དག་སྤེལ་བའི་བསྲུང་བ་དང་། །སྲུང་སྐུད་ནད་པའི་མགུལ་དུ་གདགས། །སྲི་བུ་ལ་སོགས་འདི་བཞིན་ཏེ། སྲིད་པ་འདི་ལས་བཟློག་པ་སྟེ། །དགུག་དང་དབྱེ་དང་བསྐྱེལ་ལ་སོགས། །ཕྱོགས་མཚམས་བརྒྱད་ཀྱི་ཤེས་པར་བྱ། །འདི་ལྟར་གྱུར་བའི་མདོས་འདི་ནི། སྲིད་པ་སྤྱི་མདོས་ཞེས་ཀྱང་བྱ། །དེ་ནས་སརྦ་རུ་པ་ནི། །སྔར་བཤད་པ་ཡི་རིམ་པ་ལས། །ནམ་མཁའ་རྒྱུ་བའི་བྱ་རྣམས་དང་། །ཉི་མ་ཟླ་བ་བསྐར་མའི་ཚོགས། །བསམ་གཏན་དང་པོ་ལ་སོགས་པའི། །ནམ་མཁར་སྣང་ཞིང་སྲིད་པའོ། །གཟུགས་ཀྱི་རི་རབ་དང་པོ་སྲ །བསྐོར་ཏེ་དརགྱིརུམཚོནགྱིས། །བང་རིབ་དང་པོར་བསྐོར་བ་ནི། །རྒྱལ་མོ་སརྦ་རུ་པའི་མདོས། །རི་རབ་རི་ལ་གནས་པ་ཡི། །སྣང་ཞིང་སྲིད་པའི་གཟུགས་བྱས་ལ། །བང་རིམ་བར་མ་བསྐོར་ནས་ཀྱང་། །སྤོས་དང་མར་མེས་བསྐོར་བ་ནི། །བློན་མོ་སརྦ་རུ་པའི་མདོས། །ས་དང་ཆུ་ལ་གནས་པ་ཡི། །སྣང་ཞིང་སྲིད་པའི་གཟུགས་བྱས་ལ། །བང་རིམ་ཐ་མ་བསྐོར་བ་ལ། །མེ་ཏོག་མཛེས་པོའི་འཕྲེང་བས་བསྐོར། །དེ་ནི་སྨན་མོ་སརྦ་རུ་པའི་མདོས། །འདི་ལྟར་མདོས་གསུམ་རྫོགས་པ་དང་། །རྫོགས་ཆེན་སརྦ་རུ་པ་ཡིན། །དེ་ནས་ལས་བཞིའི་མདོས་བཤད་དེ། །གང་གིས་སྲིད་པ་སྤྱི་མདོས་ལ། ཁྲར་དུ་ཞི་བའི་མདོས་བརྩམས་ནས། །ཞི་པར་བྱ་བཞི་བའི་མདོས་སོམ། །ནད་དང་སྡུག་བསྔལ་ལ་སོགས་ལ། །ཞིབས་མ་མོ་ཤན་ཏིང་སྟེ། །དེ་བཞིན་ལྷོ་ནུབ་བྱང་དུ་ཡང་། །པུཛི༷་པ་ཤ༷་ཤ་ཏྲུ༷་གྱིས། །ཚེ་དང་དབང་ཐང་བསོད་ནམས་སོགས། །རྒྱས་པ་མ་མོ་པུསྐོ་ཤ༷་སྟེ། །རྒྱལ་མོ་ཡུལ་འཁོར་མཁའ་འགྲོ་སོགས། །དབང་དུ་བསྡུས་པས་བ་ཤ༷་ལ། །བགེགས་རྣམས་གཟིར་ཞིང་དགྲ་གསོད་ཕྱིར། ཁྲ་ཏྲམ་བསད་པའི་མདོས་འདིར་རེ་ལས་རེ་མདོས་ཡིན། །མདོས་ཆེན་གཅིག་ལ་འདི་བཞི་ཚང་། །འདི་ནི་ལས་བཞིའི་མདོས་ཡིན་ཏེ། །གཅིག་ལ་ཚང་ན་ལས་བཞི་ཡིས། །རྫོགས་ལུང་ཆེན་པོའི་མདོས་ཞེས་བྱ། །འདི་ནི་སྲིད་པ་སྤྱི་ཡི་མདོས། །རྫོགས་ལུང་ཆེན་པོའི་མདོས་ཞེསབྱ། །དེབཞིནསརྦརུཔལ། །ལས་བཞིའི་མདོས་དང་སྦྱར་བྱས་ལ། །བྱེ་བྲག་སརྦ་རུ་པའི་མདོས། །འདི་ལྟར་མདོས་ནི་བཞི་པ་དང་། །མ་མོ་དམ་ཚིག་མེད་པ་ཡི། །མི་རྣམས་ཕྱི་རུ་མཚམས་བཅད་དེ། །རྒྱལ་ཆེན་བཞི་ཡིས་ཕྱི་མཚམས་བཅད། །མཚམས་ལས་རླུད་མི་ཐར་བར་བས་མ། །སྔོན་དུ་བསྙེན་པ་ཞག་གསུམ་གྱིས། །མ་མོ་ཉེ་བར་དགོངས་པ་བྱ། །དེ་ནས་སྔགས་པའི་གོས་སུ་ཡང་། །དམར་པོ་ནག་པོ་སྔོན་པོར་གསུངས་། །དེ་ནས་རྒྱན་ཆས་ལྡན་པར་བྱ། །ཏིང་འཛིན་གསུམ་དང་གསལ་བར་བསམ། །མཚོན་ཆ་སྣ་ཚོགས་མེ་མཚམས་བཅད། །ལས་ཀྱི་ཧ་ཡ་ལྷི་བ་བསམ། །ཡང་ན་ཆེ་མཆོག་ཧེ་རུ་ཀ། །སྐུ་མདོག་མཐིང་ནག་རལ་པ་ཅན། །དབུ་གསུམ་པ་ལ་ཕྱག་ཀྱང་དྲུག། །དཔུས་མཐིང་གཡས་དཀར་གཡོན་དམར་ཏེ། །པར་མ་ཤིང་གི་དབྱུག་ཐོ་སྟེ། །ཐ་མ་སྦྲུལ་གྱི་ཞགས་པ་ཡིས། །ཁམས་གསུམ་མ་མོ་དབང་དུ་སྡུད། །གཡོན་གྱི་དང་པོ་བན་དྷ་ལ། །བར་མ་ཞིང་གི་གཡས་གཞི་ཡིས མ་མོ་ཐམས་ཅད་འགུགས་འདྲེན་པའོ། །ཐ་བ་དུང་ཆེན་ག་བུ་ལ། །གནམ་ལྕགས་གཟེར་གྱིས་གདམ་ཏུ་རུང་། །མི་ཕྱུགས་གཉིས་ཀའི་ཚེ་དང་གཡང་། །ཡི་གེ་ཧུ༷་དུ་བསྡུས་པའོ། །ཡུམ་ནི་དུས་གསུམ་དབང་སྡུད་མ། །རྒྱན་དང་ཆ་ལུགས་གཙོ་དང་འདྲ། །གཉིས་སུ་མེད་པའིརངབཞིནལ། །དེནས་བསྐང་བཟློག་གཏོར་མ་ཡང་། །དམར་གཏོར་ཧེ་རུ་ཀ་ལ་སོགས། །དཔལ་གྱི་འཁོར་ཚོགས་མཆོད་དུ་གསོལ། །མདོས་གླུད་ནི་ནས་ནག་བྲེ་བཅུ་གསུམ་ཡང་། །དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས། །མི་ཡི་གླུད་དུ་ཆས་པར་བསམ་མོ། །ཧུ༷། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །དཀར་ནག་འབར་བའི་ཞལ་ལྔ་པ། །ཕྱག་དྲུག་ཕྱག་ཆས་སྐྱེ་འགྲོ་སྒྲོལ། །སྦྲུལ་ཆེན་ཞགས་པས་མ་མོ་འགུགས། །གཡས་བཞི་གཡབ་མོས་ཐམས་ཅད་འབུལ། །ཡུམ་དང་གཉིས་སུ་མེད་པ་སྟེ། །ཁྲོ་བོ་ཚོགས་ཀྱི་མཆོད་པ་སྟེ། །ཐུགས་ཀྱི་དབྱིངས་ནས་རོལ་པ་མཛད། །ཅེས་པ་ལ་སོགས་པས་བསྟོད་ལ། །དཔལ་གྱི་འཁོར་ཚོགས་ཀྱི་རྒྱུད་བཞིན་བཤགས་པ་བགྱིས་ལ་འཕྲིན་ལས་བཅོལ། །དེ་ནས་མ་མོ་རྣམས་རང་གང་གི་གནས་ནས་སྲོག་གི་སྙིང་པོ་དང་ལག་ཏུ་རྔ་ཐོགས་ལ་སྤྱན་དྲང་ངོ། །ཨི་མྲ་ཏས་དན་བ་དར་ཏེ། །ཁྱེད་མ་མོ་རྣམས་མ་གཡེལ་གླུད་ལ་ཐུད་ཅིག། །མི་འདི་ནི་ངའི་འཁོར་ཡིན་པས་འདི་དང་གཉིས་སྡུངས་བདེ་བ་བྱ་ཡིས་ཉོན་བྱས་ལ། །བདག་ཉིད་ཆེ་བའི་ང་རྒྱལ་བསྐྱེད་དེ། །ཧུ༷། ང་ནི་ཁྲག་འཐུང་ཆེན་པོ་སྟེ། །ཁམས་གསུམ་སྙིང་ཁྲག་དངས་མའི་བདག་། །ང་ནི་རུས་འཆའ་ཆེན་པོ་སྟེ། །ཁམས་གསུམ་དུར་ཁྲོད་ཀེང་རུས་བདག །ང་ནི་ཤ་ཟ་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་ཀུན་གྱི་བདག །ང་ནི་སྐྱེ་འགྲོ་དབུགས་ཀྱི་བདག །ང་ནི་སྐྱེ་འགྲོ་བཀྲག་གི་བདག། །མ་མོ་ཀུན་གྱི་རེ་གནས་ཡིན། །མ་ཐོགས་མྱུར་དུ་གཏོར་མ་ལོང་། །ཚེ་དང་དབང་ཐང་མངོན་པར་གསོལ། །ཕག་རྒོད་དུད་པ་བཏང་ནས་ཀྱང་། །གླུད་འདི་བསྔོ་བ་འདི་སྐད་དོ། །མ་མོ་ཕྱོགས་ནི་གཉན་མཆོད་ཕྱིར། །འབྲུ་སྣ་དེ་ནི་མང་ཕོ་དང་། །རིན་ཆེན་དེ་ནི་སྣ་བདུན་དང་། །རི་རབ་ནི་གླིང་བཞི་ལ། །སྲོག་ཆགས་ནི་མང་པོས་བསྐོར། །ཀུན་ཀྱང་ནི་རིན་པོ་ཆེ། །རྒྱན་དང་དེ་ནི་ཆ་ལུགས་ལྡན། །འཇིག་རྟེན་དེ་ཡང་ཟས་ཀྱིས་བསྐོར། །དཀོན་པའི་ནི་རྫས་ཀྱིས་བསྐོར། །མུ་མེན་གྱི་སྟེགས་བུ་། །རིན་ཆེན་ནི་གཅལ་བཀྲམ་ལ། །བྱུ་རུའི་སྐས་བཙུགས་ནས། །སྦོས་ཀྱིས་གཞི་ལ། །དབང་གི་ནི་དཀྱིལ་འཁོར་ལྡན། །དར་དཀར་གྱི་ཡོལ་བ་བྲིས་ལ། །གསལ་བའི་མེ་བུས་ཏེ། །རྒྱལ་མཚོན་་མང་པོ་བཙུགས། །ལེ་བརྒན་གྱི་གདུགས་ཀྱིས་བཀབ། །དུད་པ་ནི་གཉན་ཕྱུང་ཞུང་། །གསེར་གྱི་སྐྱེམས་གཏམ་སྟེ། །ཚེ་སྲོག་གླུད་དུ་འབུལ། །ལོངས་སྦྱོད་ཀྱི་སྐྱིན་དུ་གསོལ། །འདིར་སྤྱོན་གླུད་བཞེས་ཤིག །ཧུ༷། རི་རབ་གླིང་བཞིའི་དཀྱིལ་འཁོར་ནས། །འཇིག་རྟེན་ཡོངས་ཀྱི་་མངའ་བདག་མོ། །མ་ཚོགས་ཀུན་གྱི་རྒྱལ་མོ་སྟེ། །སྲིད་གསུམ་ཡོངས་ལ་མངའ་མཛད་ཅིང་། །སྐྱེ་འགྲོ་ཡོངས་ཀྱི་ཟ་བྱེད་མ། །ན་བཟའ་སྲིད་གསུམ་གཡང་གཞིལ། །ཐོད་རློན་མང་པོའི་འཕྲེང་བས་བརྒྱན། །ལག་ན་སྙིང་གི་ལོངས་སྤྱོད་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག ཁྲར་ཕྱོགས་ཡོངས་ཀྱི་མངའ་བདག་མོ། །དཀར་མོ་སྤྲིན་ཆེན་གོས་ཟུ་ལ། །ལག་ན་སྤྱིན་གྱི་སྐྲུ་གྲི་ཐོགས། །སྲིད་པ་གསུམ་གྱིས་རུས་འཆའ་མོ། །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧུ༷། རིན་ཆེན་རིགས་ཀྱི་རྒྱལ་མོ་སྟེ། །ལྷོ་ཕྱོགས་རིགས་ཀྱི་རྒྱལ་མོ་ནི། །ནག་མོ་གཡུ་ཡི་གོས་ཟུལ། །བསྐལ་པ་མེ་འདོ་རབ་འབར་ཞིང་། །སྲིད་པ་གསུམ་གྱི་དྲོད་འབེབ་མ། །སྐྱེ་འགྲོ་ཀུན་གྱི་ཚེ་འཕྲོག་མ། །འདིར་སྤྱོན་ཚེ་སྲོག་ཟླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧུ༷། པདྨ་རིགས་ཀྱི་རྒྱལ་མོ་སྟེ། །ནུབ་ཕྱོགས་ཁམས་ཀྱི་མངའ་བདག་མོ། །དམར་མོ་ཁྲག་གི་གོས་ཟུ་ཅན། །ལག་ན་ཐོད་པ་ཁྲག་གིས་བཀང་། །སྐྱེ་འགྲོ་ཀུན་གྱི་ཁྲག་འཐུང་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་ལོང་ཞིག །ལས་ཀྱི་རིགས་ཀྱིས་རྒྱལ་མོ་སྟེ། །བྱང་ཕྱོགས་ཁམས་ཀྱི་མངའ་བདག་མོ། །སེར་མོ་རླུད་གི་གོས་ཟུ་ཅན། །སྐྱེ་འགྲོ་ཀུན་གྱི་དབུགས་བདག་མོ། །འདིར་སྤྱོན་ཚེ་སྲོག་ཟླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧུ༷། ནམ་མཁའ་རིགས་ཀྱི་རྒྱལ་མོ་སྟེ། །འཇིག་རྟེན་ཡོངས་ཀྱི་མདངས་ཀྱི་བདག་། །མཐིང་ནག་ནམ་མཁའི་གོས་ཟུ་ཅན། །གསེར་གྱི་དྲིལ་ཞགས་སྡོག་ཅི་་འཕེན། །སྐྱེ་འགྲོ་ཀུན་གྱི་བཀྲག་འཕྲོག་མ། །འདིར་སྤྱོན་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧུ༷། རི་རབ་གླིང་བཞིའི་ཟོམ་རྩེ་ན། །སྣང་སྲིད་སྲོག་གི་ཕུད་གསོལ་མ། །སྐུ་མདོག་མཐིང་ཁ་ཆེན་མོ་ལ། །དབུ་དང་སྤྱན་ནི་ཅིར་ཡང་སྟོན། །རིན་ཆེན་རལ་པ་སྣ་ཚོགས་ཀྱིས། །སྣང་སྲིད་ཁ་དོག་སྒྱུར་མཛད་མ། །སྤྱན་གཉིས་མཛེས་པའི་མཆི་ན་ཡིས། །གཡས་པས་སྣང་སྲིད་དབང་དུ་སྡུད། །གཡོན་པས་སྐྱེ་འགྲོ་གསོས་མཛད་མ། །ལྔ་བཅུ་རྩ་བདུན་གཙོ་མོ་སྟེ། །སྐྱེ་འགྲོ་ཡོངས་ཀྱི་མངའ་མཛད་མ། །མ་མོ་ཆེན་མོ་གཤེགས་ནས་ཀྱང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཆེན་ཞེས་ཆེན་མོ་དཀར་མོ་སྟེ། །ཉི་ཟླ་སྟོང་གི་ཐོད་འཕྲེང་ཅན། །ལྕགས་དང་ཟངས་ཀྱི་དྲིལ་ཞགས་ཅན། །སྙིང་གི་ཞགས་པ་སྡོག་ཅིང་འཕེན། །སྒྲུལ་པ་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མི་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །ཆེ་ཞེས་ཆེན་ཆོ་ཉི་མའི་མདངས། །སྲིད་པ་གསུམ་པར་སྒྲོལ་མཛད་མ། །ལག་ན་ཤེལ་གྱི་སྤུ་གྲི་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །ཆེན་ཞེ་གནས་བདག་འཕྲུལ་དགའ་མ། །སྲིད་པ་གསུམ་པར་གསལ་བར་སྦྱོར། །ལག་ན་ཞིང་ལྤགས་རྒྱལ་མཚན་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །མཚན་ནི་སྲིད་པའི་རྒྱལ་བྱེད་མ། །ལག་ན་སྐུ་ཡི་ཞགས་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །མཚན་ནི་བདག་ཉིད་ཆེན་མོ་སྟེ། །ལག་ན་ཞིང་གི་རྒྱུ་ཞགས་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ཧུ༷། གླིང་བཞི་ཕྱོགས་བཞི་དཀྱིལ་འཁོར་ནས། །སྲིད་པ་ཤར་གྱི་བདག་མོ་སྟེ། །དཀར་མོ་ཆེན་མོ་མིང་གཅིག་མ། །ལག་ན་བན་དྷ་ཟླུམ་པོ་ཐོགས། །སྐྱེ་པར་བྱེད་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་་ཁུ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །སྲིད་པ་ལྷོ་ཡི་མངའ་བདག་མོ། །ནམ་མོ་ཆེན་མོ་མཆེ་བ་ཅན། །ལག་ན་བན་དྷ་སུལ་མངས་ཐོག། །སྲེག་པར་བྱེད་བའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། སྲིད་པ་ནུབ་ཀྱི་མངའ་བདག་མོ། །དམར་མོ་དབང་གི་རྒྱལ་མོ་སྟེ། །ལག་ན་བན་དྷ་ལྕང་ལོ་ཐོགས། །འཆི་བར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །སྲིད་པ་བྱང་གི་མངའ་བདག་མོ། །སེར་མོ་ཆེན་མོ་ལས་ཀྱི་གཙོ། །ལག་ན་བན་དྷ་རྒྱ་གྲམ་ཐོགས། །ལེན་བར་བྱེད་པའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ད་ནི་སྨན་མོའི་ཚོགས་ལ་བསྔོ། །ཧུ༷། །སྲིད་པ་ཡོངས་ལ་ཟ་བ་མོ། ་ན་ནེཤནནེཚོགསཀྱིརྗེ། །གོས་སུ་མི་ཡི་པགས་པ་ལ། །ཐ་མ་མི་མགོ་སྟོང་གིས་བསྐོར། །སྲིད་པ་ཀུན་གྱི་མངའ་བདག་མོ། །ཟངས་ཀ་ཨག་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མི་གླུད་བཞེས་ཤིག །ཧུ༷། །ཧ་ལ་ཧ་ལ་གདོང་བརྒྱ་མོ། །སྲིད་པ་གསུམ་གྱི་ཁྱིམ་བདག་མོ། །སྟག་ལྤགས་གཡང་གཞི་གོས་ཟུ་ལ། །ཧེ་རུ་ཀས་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧཱུཾ། །འཇིག་རྟེན་ཀུན་གྱི་བྱན་མཁན་མ། །སྲིད་དཀར་མཛེས་པའི་གོས་ཟུལ། །ལག་ན་མི་ཡི་པགས་པ་ཐོགས། །ཨེ་ཀ་ཛ་ཏི་མིང་ནས་ཕྱུང་། །མདོས་བདག་ཆེན་མི་མདོ་ལོང་ཞིག །གླུད་བདག་ཆེན་མི་གླུད་བཞེ་ཤིག །ཧུ༷། །རི་རབ་གླིང་བཞི་གྲུ་འདེགས་མ། །ཆ་བྱད་དཀར་མོ་སྒེག་པ་ལ། །ལག་ན་རྡོ་རྗེ་ཁ་གདེངས་ཐོགས། ཁྲན་ཏིང་དཀར་མིའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཧཱུཾ། །ཆ་བྱད་དམར་མོ་སྒེག་པོ་ལ། །ལག་ན་ཆུ་ཡི་འཁོར་ལོ་ཐོགས། ་ན་ཏིང་དམར་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་བཞེས་ཤིག །ཧུ༷། །ཆ་བྱད་སེར་མོ་སྒེག་མལ། །ལག་ན་དུང་གི་འཁོར་ལོ་ཐོགས། ཁྲུབ་ཏིང་སེར་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུབ་བཞེས་ཤིག །དམག་གི་རྒྱལ་མོ་ཁྱོད་བཞི་ཡང་། །རིགས་བཞི་དམག་དཔུང་འཁོར་གྱིས་བསྐོར། །ཁ་མ། །ཕྱོགས་བཞི་དག་ན་སྲིན་མོར་གྲགས། །སྲིན་མོ་ཆེན་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །ཕོ་ཉ་ཆེན་མོ་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །གཞན་ཡང་མ་མོ་འམ་སྲིན་མོ་འམ། །སྲིད་པ་མོ་རུ་གྲགས་པ་ཀུན། །མདོས་སུ་བསྐང་བ་ཞེས་པར་བྱ། །དེ་ནས་མདོས་ཀྱི་བྱུང་ས་བདག་སྟེ། །འདི་ལ་མ་སྲིད་གང་ཡང་མེད། །སྣོད་ཀྱི་འཇིག་རྟེན་འདི་ལ་ཚང་། །དེ་བཞིན་བཅུད་ཀྱི་འཇིག་རྟེན་སོགས། །མཁས་པས་བྱུང་ནི་ཐེབ་པར་གདབ། །དེ་ནས་གདོན་བསལ་ལ་སོགས་པའི། །ཆོ་ག་བརྒྱད་པོ་སྐམས་འདིར་བྱ། །དེ་ནས་མདོས་ཀྱི་ལམ་བསྟན་ཏེ། །མ་མོ་རང་རང་གནས་སུ་བཏང་། །གཙང་པོ་གཞུང་ངམ་རི་གསུམ་རྩེ། །བུད་མེད་ཚོགས་ཀྱིས་བསྐྱལ་བར་བྱ། །དེ་ལྟར་གྱུར་བའི་མདོས་ཤེས་པས། །སྔགས་པ་མ་མོའི་སྙིང་པོ་ཅན། །དེ་ལ་མ་མོ་བྲན་བཞིན་འཁོར། །མ་མོ་ཚོགས་དང་ད་ཅང་ཆེས། །བུད་མེད་ཚོགས་ཀྱིས་བསྐྱལ་བར་བྱ། །དག་པའི་མདོས་འདི་དག་པས། །ལོ་ཟླ་དུས་སུ་གང་བྱེད་པ། །ཚེ་ཚད་དཔག་ནི་ཤི་ཤས་འདྲ། །ནོར་དང་ལོངས་སྤྱོདཆརབཞིནའབེབས། །ཅི་འདོད་བསམ་པཡིདབཞིནའགྲུབ། །དགྲ་དང་བགེགས་ཀྱི་ཉིན་མ་ནུབ། །འདི་ནི་མདོས་ཀྱི་ཕན་ཡོན་ཏེ། །མདོས་མི་ཤེས་པར་མདོས་རྩོམ་པ། །སྲིད་པའི་མ་མོ་ཁ་གཏིང་འཁྲུག །གནོད་པ་གོང་ལ་སོགས་པ་འབྱུང་། །དེ་བས་འབད་ལ་ཐམས་ཅད་ཀྱི། །ང་རྒྱལ་དྲེགས་པའི་སེམས་སྦངས་ཏེ། །གོལ་པ་སྤངས་པའི་ཤེས་པ་བསྒྲུབ། །མ་མོའི་མདོས་བསྟེན་པ་སྟེ། །སྲིད་པོ་རྒྱུད་ལུང་ལས་ལེའུ་སྟེ་ལྔ་པའི། །དེ་ནས་སྲིད་པ་ཕོ་རྒྱུད་ཀྱི། །མདོས་སུ་བྱ་བ་འདི་ལྟ་སྟེ། །སྟེགས་བུ་གོ་འཕང་མཐོ་དམན་ཕྱེད། །འབྲུ་སྣ་བཅུ་གསུམ་ངར་ཕྱེ་ལ། །རིན་ཆེན་སྣ་བདུན་ཕྱེ་བདར་ཏེ། །རྒྱལ་པོ་ཆེན་པོའི་གཟུགས་སུ་བྱ། །དབང་པོ་ཡན་ལག་རིན་པོ་ཆེ། གསལ་བྱེད་ཆེན་པོ་དེ་བཞིན་ནོ། །སྣ་ལྔ་དར་དགྱི་ཚིམ་བུ་ལྔ། །ལུས་དང་ཡན་ལག་དེ་བཞིན་བརྒྱན། །བདུན་དང་བྲང་དཀར་ཆེན་པོ་དང་། །དེ་ལ་ནོར་གྱི་བདག་མོ་དང་། །གཤིན་རྗེརུ་ཏྲོཛེ་རྫས་ཡིན་ཏེ། །སྐྱེས་ཏོ་རེ་ལའང་དེ་བཞིན་ནོ། །བྲེ་ཆ་གསང་ཕྱེ་གྲུ་བཞི་ལ། །་བར་ཐབས་མངའ་ནི་རྣམ་པར་བརྒྱན། །ལེའུ་ཟངས་ར་ཀར་ཀྲ་འགྱེད། །དེ་བཞིན་ཤ་དང་རིན་ཆེན་མཁྱེན། །གསར་གླུད་རྐྱེན་དང་ཆས་པ་ནི། །བྱང་ཤར་མཚམས་སུ་དེ་བཞིན་ནོ། །ནས་དང་ཉུངས་ཀར་མངོན་གྱི་སྐྱེ། །སྲིད་པ་ཀུན་ལ་དེ་བཞིན་ཏེ། །འབྱུང་པོ་ཀུན་ལ་གཏོར་མ་སྦྱིན། །དེ་ཚེ་འདི་སྐད་བརྫོད་པར་བྱ། །ཀྱེ། །དཔག་བསམ་ཤིང་གི་སྐྱེད་པ་ལ། །གསེར་མཁར་དེ་ནི་སེར་པོ་ལ། །བསེ་སྒོ་དེ་ཡང་ཐབས་སེ་ཐབས། །གཡུ་བད་དེ་ཡང་སྔོན་པོས་བསྐོར། །དེ་ཡང་བདག་པོ་སྟེ། །སྐོས་རྗེ་བྲང་དཀར་ཅིག། །སྐོས་མཁན་ནི་མིང་ནས་བྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །གླུད་བདག་ཆེན་མོ་གླུད་བཞེས་ཤག །བསེ་མཁར་ནི་དབུ་རྩེ་ན། །རིན་ཆེན་སྟེགས་བུ་ལ། །ལྕགས་ཀྱི་མུ་་ད་ཅན། །དེ་ཡི་སྟེང་ན་མོ། །ཕ་ནི་བྲང་དཀར་བ། །ཞིག་འཛིན་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །རིམ་པ་ནི་བཅུ་གསུམ་ལ། །གནམ་གྱི་སྟེང་ཤེད་ན། །ལྕགས་མཁར་ནི་སྔོན་པོ་ལ། །གསེར་གྱི་བད་བསྐོར་ཞིང་། །ཟངས་ཀྱི་གཏན་གསོལ་བ། །དེ་ཡང་བདག་པོ་སྟེ། །མ་ཧྭ་ནི་ཤ་རི་ཞིག །ཡ་བདུད་ནི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །དེ་ཡང་གླིང་ཕྲན་ན། །ཡར་གྱི་ནི་ཡང་ལ་ཤོད། །སྐྱེས་བུ་ནི་སྐྱེས་ཏོ་རེ། །ཡ་བདུད་རྒྱལ་འཐེམས་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག །ཀྱེ། །ལྷོ་ཕྱོགས་གླིང་ན་གནས་པ་སྟེ། །རུས་མཁར་གླིང་ན་གནས་པ་སྟེ། ཁེ་བདུད་ཀུན་གྱི་ཁྲམ་འདེབས་པ། །གཤིན་རྫེའི་རྒྱལ་པོ་མིང་ནས་ཕྱུང་། །མདོས་བདག་ཆེན་མི་མདོས་ལོང་ཞིག །གནས་གྱི་མཐོངས་ན་གནས་པ་སྟེ། །འཛམ་བུ་གླིང་གི་ནོར་གྱི་བདག །མ་ཧྭ་དེ་བ་ལྷ་ཆེན་པོ། །བཙུན་མོ་ཨུ་མ་འཁོར་དང་བཅས། །ནོར་ལྷ་ཆེན་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིག གནམ་གྱི་མཐོང་ན་གནས་པ་སྟེ། །དུང་མཁར་དཀར་པོ་ལ། །གཡུ་ཡི་བད་བསྐོར་ཞིང་། །བསེ་ཡི་སྒོ་གསལ་བ། །དེ་ཡི་མངའ་བདག་པོ། །ཁྱབ་འཇུག་དུང་གི་ཐོར་ཚུགསཅན། །གནམ་ལ་དཀར་མོའི་མིང་ནས་ཕྱུང། །མདོས་བདག་ཆེན་མོ་མདོས་ལོང་ཞིག། །བྱང་ཤར་གྱི་མཚམས་ཤེད་ན། །བསེ་འཁར་ཁྲ་བོ་ལ། །དུང་གི་བད་བསྐོར་ཞིང་། །ལྕགས་ཀྱི་སྒོ་སྩལ་བའོ། །དེ་ཡི་བདག་པོ་སྟེ། ཁྲར་ཕྱོགས་གནམ་ས་ཕྱེད། །ཚངས་ཐོར་ལུས་ལ་ཐོར་ཐུག་གནས། །བཙན་འགོང་རྒྱལ་པོའི་མིང་ནས་ཕྱུང་། །མདོས་བདག་ཆེན་མོ་མདོས་ལོང་ཞིང་། །བསེ་བཙུན་རོལ་པོ་རྒྱལ་པོ་སྟེ། །མདོས་བདག་ཆེན་མོ་མདོས་ལོང་ཞིག། །ཧུ༷། །བཙན་ལ་སོགས་པའི་ཕོ་རིགས་དང་། །འཇིག་རྟེན་ཐེ་རང་ལ་སོགས་པའི། །སྲིད་པའི་ཕོ་རིགས་ཐམས་ཅད་བསྐངས་། །དེ་ཡི་མདོས་ལ་གནས་གསུམ་སྟེ། །དར་གཟུགས་མཁར་ལ་སོགས་པ་ཡི། །སྲིད་པ་ཕོ་ཡི་རྒྱལ་པོ་འོ། །བཤོས་བཟང་ལྡེམ་པ་བར་བ་སྟེ། །མདའ་སྐྱ་ཟང་མ་ཐ་མ་སྟེ། །འདི་ལྟར་ཤེས་པའི་ཕོ་་མདོས་ལས། །གློ་བུར་ཡི་འབྲོག་ལ་སོགས་པའི། །སྲིད་པ་ཕོ་ཡི་ནད་མི་འབྱུང་། །དགྲལ་བསམ་པ་ཡིད་བཞིན་འགྲུབ། །མ་ཤེ་དེ་ཟློག་པའོ། །སྲིད་པའི་ཕོ་མདོས་ཀྱི་ལེའུ་སྟེ་དྲུག་པའོ། །དེ་ནས་མ་མོ་སྐྱེ་རྒྱུད་ནི། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །དང་པོ་སྣོད་ཀྱི་འཇིག་རྟེན་ཆགས། །འཇིག་རྟེན་བདེ་ཞིང་དགེ་བ་ལས། །ནད་མེད་ཚེ་དག་དགའ་བདེ་སྟེ། །མ་མོ་མ་རྟོག་ལ་སོགས་ཕྱེད། །བར་དེར་ཤིན་ཏུ་མི་བདེ་བའི། །སེམས་ཅན་རྣམས་ལ་གནོད་པར་བྱུང་། །ལས་དང་རྐྱེན་ནི་དྲག་པོ་ལས། །སྐྱེས་པའི་་ལས་ཀྱི་མ་མོ་གཅིག །སེམས་ཅན་ཀུན་ལ་རྣམ་པར་འཆི། །སད་དང་སེར་བ་རིམས་ནད་གཏོང་། །འཇིག་རྟེན་སྟོངས་པར་བྱེད་པ་ཡི། །མུ་ཁ་ལེ་ཞེས་གྲགས་པ་འབྱུང་། །དེ་ལ་ལས་ཀྱི་མ་མོ་རྣམས། །ཇི་ལྟར་བྱུང་བར་བཤད་པར་བྱ། །རུ་་་ལས་ཀྱི་ཆོ་འཕྲུལ་ལས། །ལས་ཀྱི་མ་མོ་མུ་ཁ་ལེ། །ལུས་ནི་རི་རབ་གླིང་བཞི་ཙམ ། །གདོང་བཞི་ལག་དྲུག་རྐང་པ་བརྒྱད། །ཤར་གྱི་བྷ་ག་རྩུ་བ་ལ་དྲང་། །རྡོ་རྗེ་གེ་སར་ཤེལ་གྱི་མཁའ། །ལྷོ་ཡི་བྷ་ག་དྲོ་ལ་འཛིན། །ཀེ་ཀེ་ཀ་ལ་རིན་ཆེན་འཛིན། །ནུབ་གྱི་བྷ་ག་ཤེར་ལ་ལྡན། །པདྨ་བྷ་ག་བྱུ་རུ་ཡི་གེ །བྱང་གི་བྷ་ག་གྲང་ལ་བགྲད། །བིཌརུ་ཡི་བྷ་ག་ཅན། །རླུད་དང་མཁྲིས་པ་བད་ཀན་འབྱུང་། །ཁྲག་དང་ཚ་བ་དལ་ནད་འབྱུང་། །དེ་འདྲའི་ལས་ཀྱི་མ་མོ་དང་། །དབང་ཕྱུག་མ་ཧྭ་དེ་བ་ཡི། །མདངས་ལས་སྲིན་མོ་ལྔ་སྐྱེ་སྟེ། །རྟག་པའི་རྒྱལ་མོ་གནས་སྣང་གསལ། །རྟག་པའི་རྒྱལ་མོ་འདོ་གསལ་མ། །རྟག་པའི་རྒྱལ་མོ་མཉན་གསལ་ན། །རྟག་པའི་རྒྱལ་མོ་ཡང་་གསལ་ཡོ། །རྟག་པའི་རྒྱལ་མོ་བཀྲ་གསལ་མ། །རུ་ཏྲ་ལས་ཀྱི་ཆོ་འཕྲུལ་དང་། །སྲིད་པ་ཆགས་བྱེད་མདངས་ལས་ནི། །ཁྲོས་པའི་མ་མོ་བཞི་བསྐྱེད་དེ། །རྡོ་རྗེ་ཉི་མ་ཁྲོས་མ་དང་། །རྡོ་རྗེ་སྲི་པ་ཁྲོས་མ་དང་། །རྡོ་རྗེ་སྲིད་པ་བདེ་འགྲོ་ཁྲོས། རྡོ་རྗེ་ཁམས་གསུམ་རྫོགས་བྱེད་ཁྲོས། ཁམས་གསུམ་རྫོགས་བྱེད་ཁྲོས། །།སྦུལ་བའི་སྲིན་མོ་བཞི་པོ་དག། །འབྱུང་བ་བཞི་ཡི་ཆོ་འཕྲུལ་ལས། །ཐུགས་ཀྱི་དགེས་སྡེ་བཞི་བསྐྱེད་དེ། །དཀར་མོ་མིག་གཅིག་ནག་མོ་རལ་པ་ཅན། །དམར་མོ་དབང་སྒྱུར་སེར་མོ་ལས། །དེ་དག་ལས་དང་རྐྱེན་ལས་བྱུང་། །དེ་བཞིན་ཉི་ཟླ་ཐོད་འཕྲེང་ཡང་། །འཕྲ་མེན་རྒྱ་མཚོ་མདངས་ལས་སྐྱེས། །སྐོས་རྗེ་བྲང་དཀར་བདུད་ལས་སྐྱེས། །ཆ་སྙོམས་ལས་ཀྱི་སྲིན་མོ་དྲུག་སྐྱེས་ཏེ། །བཞི་ནི་ཁྲོས་པའི་དབང་མོ་ཆེ། །ལྔ་པ་ཧེ་རུ་ཀ་ནི་སྟེ། །དྲུག་པ་ཨེ་ཀ་ཛ་ཏི་ཡིན། །རྒྱལ་ཆེན་བཞི་ཡི་མདངས་ལས་ནི། །ལས་ཀྱི་སྲིད་མོ་བཞི་བྱུང་སྟེ། །དཀར་མོ་མཆེ་བ་ཅན་ནག་མོ་རལ། །དམར་མོ་མཆུ་འཇིབ་སེར་མོ་སྐང་། །དེ་ལས་མ་མོ་སྐྱེས་ནས་ཨེ་ཀ་ཛ་ཏི་ལས། །ལས་ཀྱི་སྲིང་མོ་བདུན་སྐྱེས་ཏེ། །དང་པོ་རྡོ་རྗེ་ཀུན་གྲགས་མ། །གཉིས་པ་ཀུན་ཏུ་བཟང་མོ་ཡིན། །གསུམ་པ་རྡོ་རྗེ་ཀུན་གསལ་མ། །བཞི་པ་རྡོ་རྗེ་ཆེན་མོ་ཡིན། །ལྔ་པ་རྡོ་རྗེ་འོད་ཆགས་ཡིན། །དྲུག་པ་རྡོ་རྗེ་འདོ་གསལ་འཕྲོ། །བདུན་པ་རྡོ་རྗེ་གཡུ་སྒྲོན་ཡིན། །ལྷ་ཆེན་བདུན་གྱི་ཁ་བདག་མོ། །དེ་ལྟར་གོང་དུ་བསྟན་པ་ཡང་། །འོག་ནས་རིམ་པ་འབྱུང་བ་ཡིན །རྒྱུ་དང་རྐྱེན་དང་འབྲས་བུ་སྟེ། །རྒྱུ་ནི་རང་རང་ཕ་མ་སྟེ། །འབྲས་བུ་རང་རང་སྲིན་མོ་སྐྱེས། །རྐྱེན་ནི་དབྱེ་བ་བཤད་པར་བྱ། །མི་ཤེས་གྲིབ་མ་ཆེན་མོ་ཡིན། །མ་མ་དྲུག་གི་རྒྱུ་རུ་བརྒྱུད། །དེ་ལས་བྱུང་བའི་འདོད་ཆགས་དང་། །ཞེ་སྡང་དེ་ཡིརངབཞིནནོ། །ཕྲགདོག་ལ་སོགས་རྗེས་སུ་འབྲེང་། །ཞེན་པའི་འདོད་ཆགས་ཆེན་པོ་ཡིས། མ་མོ་བཞི་ཡི་ཕྱག་རྒྱར་འགྱུར། །གཏི་མུག་ཞེ་སྡང་དེ་བཞིན་ཏེ། །སེར་སྣ་ལ་སོགས་རྗེས་སུ་འབྲེང་། །མནར་མེད་རིན་པོ་ཞེ་སྡང་གིས། །མ་མོ་ལྔ་བཅུའི་རྒྱུ་རུ་འགྱུར། །དེ་ལས་གཏི་མུག་དེ་བཞིན་ཏེ། །ང་རྒྱལ་ལ་སོགས་རྗེས་སུ་འབྲེང་། །དེ་ལྟར་དུག་ལྔ་ལས་སྐྱེས་པའི། །ལས་ཀྱི་སྲིན་མོ་མི་བཟད་པའི། །ཕ་དང་མ་ནི་རྐྱེན་གྱི་ཚུལ། །ཆགས་དང་སྡང་དང་ལྡན་པ་ལ། །གནས་དང་ལུས་ལས་ཁ་དོག་ལྔ། །ཆགས་སྡང་ལྔ་པོ་དེ་ལྟར་ཤེས། །དེ་ལྟར་གྱུར་པའི་མ་མོ་ལ། །བརྒྱད་ཅུ་གྲངས་ཀྱི་ཚད་མེད་དེ། །འདོད་ཆགས་མ་མོ་བརྒྱད་ཅུ་ཕྲག །གཏི་མུག་མ་མོ་བརྒྱད་ཅུ་ཕྲག །འཕྲ་མེན་མ་མོ་བརྒྱད་ཅུ་ཕྲག །འདོད་ཆགས་མ་མོ་བརྒྱད་ཅུ་ཕྲག །རྒྱལ་མོ་བློན་མོ་བྲན་མོ་ཡིས། །བརྒྱད་ཅུ་ཕྲག་གསུམ་མཁས་པས་ཤེས། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །ཕྲག་དོག་ང་རྒྱལ་དེ་བཞིན་ནོ། །རྒྱལ་མོ་བསྐྱེད་བཅུར་བྱེ་བྲག་ལས། །མ་མོ་ཞིང་གི་རྡུལ་དང་མཉམ། །དེ་ལྟར་མ་མོར་གྱུར་པ་ཡང་། །མ་མོ་དགུ་ཡི་དབྱེ་བ་སྟེ། །འདོད་ཆགས་ཆེན་པོ་གཅིག་ཉིད་ལས། །འདོད་ཆགས་ཞིང་གི་རྡུལ་སྙེད་སྐྱེ། །ཞེ་སྡང་ལ་སོགས་དེ་བཞིནནོ། །ཡངསྲིད་པ་བྱན་མཁན་དང་། །མུ་ཁ་ལེ་ཡི་མདངས་གཉིས་ལས། །འདོད་ཁམས་ལྷ་ཡི་རྒྱལ་མོར་སྣང་། །ཡར་ཡར་ལ་སྐྱེས་ཏོ་རེ། །མདངས་ལས་སྐྱེས་པ་ལས། ས་བདག་པདྨ་འཕྲེང་དུ་བྱུང་། །ཡང་དེ་གཉིས་མདངས་ལས་ནི། །པདྨ་གར་གྱི་དབང་ཕྱུག་མ། །དེ་ནས་ཡ་བདུད་ང་གཉིས་ཀྱི། །མདངས་ལས་མ་མོ་སྐྲུན་གཉིས་ཏེ། །ནམ་མཁའི་རྒྱལ་མོ་གླིང་བཞི་སྤྱིན་ཕུད་མ། །གཞན་ཡང་ཆུ་སྲིན་རྒྱལ་པོ་ཀུ་བི་ར། །དེ་ཡང་མདངས་ལས་གྱུར་བ་ཡི། །སྲིན་མོ་ནག་མོ་ཁྲག་འཛག་མ། །གཞན་ཡང་སྲིན་མོའི་ཚོགས་རྣམས་བྱུང་། །ལྷ་ཆེན་མོ་ཧྭ་དེ་བ་དང་། །གཉིས་ཀྱི་མདངས་ལས་ལྷ་མོ་ལྟར། །སྣང་བའི་མ་མོ་རྡུལ་ཙམ་བྱུང་། །གནོད་སྤྱིན་གཙུག་ན་མེ་འབར་དང་། །གཉིས་ཀྱི་མདངས་ལས་གནོད་སྦྱིན་དང་། །འཇིག་རྟེན་ཁམས་ལས་འཇིགས་པ་བྱུང་། །ཀླུ་རྒྱལ་དགའ་མོ་གཉིས་ལས། །གདུག་པའི་ཀླུ་མོ་སྣ་ཚོགས་བྱུང་། །གཤིན་རྫེ་ལ་སོགས་དེ་བཞིན་ཏེ། །ས་སྟེངས་མ་མོ་དེ་བཞིན་ཏེ། །ས་འོགས་མ་མོ་རང་བཞིན་ལ། །ས་ལས་མ་མོ་སྣང་བར་འགྱུར། །མ་མོས་ལོ་ཐོག་ལ་སོགས་ལ། །སད་དང་སེར་བ་ལ་སོགས་པ། །དུས་མིན་མུ་གེའི་བསྐལ་པ་འབྱུང་། །ལྷ་དང་མི་ལ་སོགས་པ་ལ། །ནད་དང་མཚོན་ཆ་ལ་སོགས་པའི། །དུས་མ་ཡིན་གྱི་བསྐལ་པ་འབྱུང་སེམས་ཅན་ཀུན་ལ་རྣམ་པར་འཚེ། །སྐུགས་སུ་འཇུག་ཅིང་ལ་སོགས་པ། །ལྟས་ངན་དུད་འགྲོ་ལ་སོག་འབྱུང་། །སྐར་མདའ་ལྟུང་དང་ལྕེ་འབབ་སོགས། །མ་མོས་འཇིག་རྟེན་ཕུང་ལ་ཁད། །རང་ཅག་ཕན་ཚུན་རྒྱལ་ཁམས་ན། །གཅིགལགཅིགདངཟབྱེད་ཅིང་། །གདུག་པའི་མ་མོས་སྟོང་གསུམ་ཁེངས་། །སེམས་ཅན་ཟས་སུ་འཆའ་བར་འགྱུར། །ལས་ཀྱི་མ་མོ་སྐྱེ་བརྒྱུད་བསྟན་པ་སྲིད་པ་རྒྱུད་ལུང་གི་ལེའུ་སྟེ་བདུན་པའོ། །དེ་ནས་མངོན་རྫོགས་རྒྱལ་པོ་ཡིས། །ཡུམ་ལ་ཕྱག་འཚལ་འདི་སྐད་གསོལ། །སེམས་ཅན་བསོད་ནམས་ཆུང་བ་ལ། །འཇིག་རྟེན་ཕུང་བྱེད་མུ་ཁ་ལེས། །སྣོད་བབ་སྲིད་པ་སྟོངས་ལ་ཁད། །སྲིད་པ་སེམས་ཅན་སྙིང་རེ་རྗེ། །འདི་ལ་ཐུགས་རྗེ་མི་མཛད་དམ། །དྲེགས་པའི་མ་མོ་མི་འདུལ་ལམ། །འཇིག་རྟེན་བདེ་ལ་མི་འགོད་དམ། །མྱུར་དུ་སེམས་ཅན་བསྐྱབ་པ་དང་། །མ་མོ་མྱུར་དུ་གདུལ་དུ་གསོལ། །ཉོན་ཅིག་མངོན་རྫོགས་ཡབ་ཉོན་ཅིག། །སེམས་ཅན་བདེ་ལ་བཀོད་པ་དང་། །ལས་ཀྱི་མ་མོ་འདུལ་བ་ནི། ཡང་དག་ང་ཡིས་རྩ་མ། །དེ་ནས་ཡུམ་ཆེན་མོས་སེམས་བདེ་བཞེས་བྱ་བའི་སྔགས་དང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་དེ་མ་ཐག་ཏུ་ནམ་མཁའ་ལས་སེམས་ཅན། བདེ་བ་ལ་སོགས་པའི་སྒྲ་སྙན་སྣ་ཚོགས་བྱུང་སྟེ། །སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་ནས་སྔར་གྱི་བདེ་བ་དང་ལྡན། །ལས་ཀྱི་མ་མོ་རྣམས་ཀྱི་སྔར་ཀྱི་སྔར་གྱི་གདུག་པ་མིག་གི །མཚོན་ཆ་བསོགས་པས་སེམས་ཅན་ལ་མ་གནོད་པར་གྱུར་ཏེ། །དེ་ནས་ཡུམ་ཆེན་མོས་མ་མོ་འདུལ་བའི་སྐུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བུད་མེད་ཚོགས་ཀྱིས་ཀྱང་མ་མོ་འདུལ་བར་གྱུར་ཏོ། །དེ་ནས་ཁྲོ་བོ་མ་མོ་འདུབ་འདྲག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེས་ཀྱང་འདུལ་བར་མ་གྱུར་ཏེ། །མ་མོ་རྫུ་འཕྲུལ་དང་མཐུ་མང་པོ་སླར་སྟོན་པར་བྱེད་དོ། །དེ་ནས་མ་མོ་མུ་ཁ་ལེས་གཟུགས་སྣ་ཚོགས་དང་། །སྒྲ་དང་མཚན་མ་སྣ་ཚོགས་ཀྱིས་ནམ་མཁའི་ཁམས་གང་བར་བྱས་སོ། །དེ་ནས་རྒྱ་མཚོའི་གཏིང་དུ་བྲོས་སོ། །དེ་ནས་མེའི་བསྐལ་བས་རྒྱ་མཚོ་བསྐམས་སོ། །དེ་ནས་འདར་ཞིང་དངངས་ཏེ་རེངས་ནས་ཀྱི་ཧུད་ཀྱི་སྒྲ་འདོན་ནོ། །དེ་ནས་གྲགསད་པའི་ཏིང་ངེ་འཛིན་གྱི་ཐད་དུ་ཁུགས་པར་གྱུར་ཏེ། དེ་ནས་ཡུམ་གྱི་སྐུ་མཐོང་ནས་སྐྲགས་སྐྱེས་པའི་ཏིང་ངེ་འཛིན་གྱིས་ཏ་ལའི་མགོ་བཅད་བཞིན་ས་ལ་འགྱེལ་ལོ། །དེ་ནས་ཡུམ་གྱི་དབུགས་དབྱུང་བའི་ཏིང་ངེ་འཛིན་གྱིས་དྲན་པ་སླར་རྙེད་དེ། །དེ་ནས་ལས་ལ་གྲུབ་པའི་མུ་ཁ་ལེ་ལ་སོགས་བས། ཡུམ་ཆེན་མོ་ལ་སོགས་པ། མ་མོ་བདག་ཅག་འདི་ལྟར་གྱུར་བའི་རྒྱུ་རྐྱེན་ཇི་ལྟ་བུ་ལགས། ཡུམ་གྱིས་གསུངས་པ། ཁྱེད་རྣམས་ཀྱི་རྒྱུ་དང་རྐྱེན་ནི། སྐྱེ་བ་ལྔ་པ་ལ་སྔགས་ཀྱི་ལྟ་བ་སྤྱོད་པ་འཁྲུལ་ཏེ། ཤ་ཁྲག་དམར་གྱི་གཏོར་མ་ལ་སེམས་ཅན་སྙིག་རྗེ་ལ་སོགས་པ་མེད་པར་སྲོག་བཅད་པ་ལ་སོགས་པའི་ལྟ་བ་དང་། སྤྱོད་པ་དང་། དཀར་པོའི་ལས་ཚ་ཚ་གདབ་པ་ལ་སོགས་པ་བཀའི་ལྟ་བས་ད་ལྟར་མ་མོར་སྐྱེས་པ་ཡིན་ཏེ། །ཏིང་ངེ་འཛིན་དང་སྔགས་བཟླས་པས་དམྱལ་བར་མ་སྐྱེས་ཤིང་། །ད་ལྟ་མཐུ་དང་ལྡན་པ་ཡིན་ཏེ། འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བར་སྐྱེ་ངེས་སོ། །དེ་ནས་མ་མོ་རྣམས་ཀྱིས་ཞུས་པ། །སེམས་ཅན་དམྱལ་བ་ཇི་ལྟ་བུ། ཡུམ་གྱིས་གསུངས་པ། སེམས་ཅན་དམྱལ་བའི་ཚ་བའི་དཔེ་དང་གྲང་བ་དང་དྲི་མི་ཞིམ་པ་ལ་སོགས་པའི་ཚ་བ་འཇིག་རྟེན་ན་མེད་དོ། །དེ་བཞིན་ཚེའི་ཚད་ལ་སོགས་པ་ཞིབ་ཏུ་བསྙད་དོ། །དེ་ནས་མ་མོ་དེ་དག་ས་ལ་འགྱེལ་བའོ། །དེ་ནས་ལོ་བདུན་དུ་མ་མོ་དེ་དག་ཤི་བར་གྱུར་ཏོ། །སེམས་ཅན་ཀུན་ནུབ་ཕྱོགས་སུ་ཐལ་བས་གསོལ་པའི་ཞིང་ཁམས་སུ་སེམས་ཅན་བདེ་བ་ཅན་དུ་སྐྱེས་སོ། །དེ་ནས་སླར་དྲན་པ་རྙེད་པར་གྱུར་ཏོ། །དེ་ནས་ཡུམ་ལ་གསོལ་པ། སྔར་གྱི་སྡིག་པ་ཐམས་ཅད་འཆགས་སོ། །ད་ཡང་མི་ལེགས་པ་མི་བགྱིད་དོ། །ད་བདག་ཅག་གི་ལས་དང་བྱ་བ་གང་ལགས། འཚལ་བའི་སྐལ་པ་གང་ལགས། སུའི་བཀའ་མཉན་པར་བགྱི། དེ་ནས་ཡུམ་གྱིས་བཀའ་སྩལ་པ། ལས་ནི་ངའི་བསྟན་པ་ལ་གནོད་པའི་དགྲ་དང་བགེགས་ཐུལ་ཅིག །ཟས་སྐལ་ནི་དམ་ཚིག་ཅན་གྱི་བ་ལིང་ཟོ་ཞིག །བཀའ་ནི་རྣ་འབྱོར་མ་མོ་བསྒྲུབ་པ་རྣམས་ཀྱི་བཀའ་ཉོན་ཅིག །རང་ཅག་རྣམས་དང་རང་རང་གི་སྲོག་གི་སྙིང་པོ་དང་། །དམ་ཚིག་གི་སྙིང་པོ་ཡང་ཕྱག་རྒྱ་དམ་ཚིག་གི་ཅན་དུ་བྱ་དགོས་སོ། །ཞེས་གསུངས་སོ། །དེ་ནས་མ་མོ་མུ་ཁ་ལེ་ལ་སོགས་པ་རང་ཅག་རྣམས་ཀྱི་སྲོག་གི་སྙིང་སྤྱིའི་སྙིང་པོ་འདི་ཕུལ་ལོ། །བུ་བི་རུ་ལུ་བུ་བི་རུ་ལུ་བྱི་སྨྱོ། །ཞེས་ཕུལ་ཏེ་བདག་ཅག་རྣམས་འདི་འདྲེན་པའི་གམ་དུ་མཆི་བ་ཡི་ལས་བགྱིད་དོ། །དེ་ནས་རང་རང་གི་སྲོག་གི་སྙིང་པོ་འདི་ཡུམ༷་གཅམ་ཐབས་སུ་ཕུལ། སྦྱོ་ཧུ༷་ཀ་རི་ཁ་བ་དོར་ད་དོར། ནི་ལ་ཆུར་མ་ཏི། །ཁ་ཏོག་ཀད་ལ་ཛ། པདྨ་ཛ་ལ་དུ། མགུར་རག་ཏོ་ཏིང་ས༷་དང་ས༷། ཨེ་ཨ་ར་ལི། །འདི་དག་ནི་ཀུན་ཏུ་བཟང་མོ་ལ་སོགས་པ་བདུན་གྱིའོ། །ཨོ་བཛྲ་ཀྲོ་དྷི་ཤཱ་རི་བྷ་ག་པདྨ་རྒྱ་ཧུ༷་ཧུ༷། སྲིད་པ་བདེ་འགྲོ་མས་རང་གི་སྲོག་སྙིང་ཕུལ་ལོ། །དེ་བཞིན་དུ། ཨོ་བཛྲ་ཤ་སྒྱི་པདྨ་ཀ་རུ་ཏི་སྨྱོ། ཉི་མ་ཐོད་འཕྲེང་ཅན་གྱིའོ། །ཨོ་མུ་ཏྲི་ན་ཨ་ཤ་ན་ཏི། རྒྱན་གྱི་རྒྱལ་མོའོ། །བྷ་ག་དུན་ཏྲི། བདག་ཉིད་མའོ། །ག་མུན་དུན་ཏྲི་ནི། རལ་གཅིག་མའོ། །ཨོ་སུ་་བའི་ཡ་ཨ་ཏི་ཡེ། ཉི་མ་ཁྲོས་པའི་དབང་མོའོ། །པདྨ་བི་ཏ་མ་ཏོ་ཡེ། །པདྨ་ཁྲོས་བའི་དབང་མོའོ། །ཁ་རག་བའི་ཏོ་ཡེ། ཁམས་གསུམ་འཚེ་བྱེད་ཁྲོས་བའི་དབང་མོ་ཆེའོ། ཁེན་ཏུ་ཨ་ཏོ་ཡེ། །སྲིད་པ་བདེ་འགྲོ་ཁྲོས་བའི་དབང་མོ་ཆེའོ། །ཨོ་ཀེ་ཀེ། དཀར་མོའི་འོ། །ཨོ་ཏ་ཀེ་མ། ནག་མོའི་འོ། །མཛྲ་ཏེ་ཀ་མ། །ལྗང་མོའོ། །བཛྲ་ནི་ལ་བཛྲ་ནི་ལ། ལྗང་མོ་ཡིའོ། །བཛྲ་ལན་ཏ་བཛྲ་ལན་ཏ། སེར་མོའོ། །ཨོ་བཛྲ་ཟ་འགྲམ་མུ་རམ་ཤ། སྲིད་པ་ཆགས་བྱེད་མའོ། །ཟང་གྲིང་ར༷་ཤྭ། ཨོ་བཛྲ་སྙིང་ཁ་རག་སྙིང་ཁ་རག །སྲིད་པ་ཆ་སྙོམས་མའོ། །རག་ཤ་ཀ་མུ་ཁང་། རག་ཤ་སྦས་བའི་ཤ༷་ཤ༷་མའོ། །ཏྲག་ཤ་མུ་བན་བ༷། །ཨེ་ཀ་ཛ་ཏི། །ནམ་མ་ཏྲ་བ་ཏྲག་རག་ཤ། །འདོད་པ་ཁམས་ཀྱི་གཙོ་མོའི། །ཕྲ་བམ་ཛྲ་ག་རང་ག་ཏི་སུ་སྨྱོ། །འཇིག་རྟེན་དབང་སྡུད་མའོ། །བང་གི་ཝང་གི་ཤ་སྨྱོ། །གླིང་བཞི་སྤྱི་ཕུད་མའོ། །རུ་རག་ཤ། །པདྨ་གར་གྱིའོ། །ཨོ་ཤ་ཏིང་སྨྱོ། །མཆེ་གཙིགས་མའོ། །བཏིང་སྨྱོ། །ཁ་གླལ་མའོ། །བུ་ཏིང་སྨྱོ། །མཆུ་འཇིབ་མའོ། །མུ་ཏིང་སྨྱོ། །རྐང་ལྡག་མའོ། །ཨོ་བཛྲ་ཤན་ཏིག་སྨྱོ། ཁྲུ་འདེབས་མ་སྤྱི་ཡིའོ། །ཧར་ཏིང་སྨྱོ། ཏེ་ས་ཏི་པང་སྟོ། ལྷའི་སྲིང་མོའོ། །ཨ་པར་ཏ་སྨྱོ། མཁའ་ལ་ཁྱུང་ལྡིང་གིའོ། །ད་ལ་དུན་སྨྱོ། །དཀར་མོ་གཡས་ཐོད་ཀྱིའོ། །འདི་ཡས་སྨྱོ། །ནག་མོ་སྡེར་གྱིའོ། །གཞན་དག་སྲིད་པའི་མ་མོ་ཀུན། །སོ་སོའི་སྲོག་སྙིང་ཕུལ་ནས་ནི། །སྤྱི་རུ་འདི་དག་ཕུལ་བ་ནི། །མ་མ་རག་མོ་ཡག་མོ་དེ་བའི་དུན་སྨྱོ་སྨྱོ། །དེ་ལྟར་སྲོག་སྙིང་ཕུལ་ནས་ནི། །འཇིག་རྟེན་མ་མོ་འདི་དག་གི །སྙིང་ངམ་འདིར་ཞིང་མ་དགའ་ནས། །བཀྲག་དག་གཟི་མདངས་ཉམས་འགྱུར་ཏེ། །སྔར་གྱི་མཐུ་དང་རྫུ་འཕྲུལ་ད་མེད་ནས། །ཡུམ་ལ་འདི་སྐད་གསོལ། །བདག་ཅན་སྲོག་སྙིང་ཕུལ་བ་ལས། །དྲན་པ་ཉམས་ཤིང་མཐུ་མེད་པས། །མ་འོངས་བསྟན་པ་ཇི་ལྟར་བསྲུང་། །ཁྱེད་ཀྱིས་བདག་ཅན་བྱིན་བརླབ་ཅིང་། །དབང་བསྐུར་བཀའ་ལས་འདའ་བར་མཛོད། །དེ་ནས་ཡུམ་ཆེན་མུ་ཁ་ལེས། །ཕྱོགས་བཅུས་དབུས་མཐའ་ཐམས་ཅད་དུ། །མ་མོ་འདི་རྣམས་ཆོས་སྐྱོང་གི། །ནང་གི་སྲུང་མར་བྱིན་རླབས། །དབག་བསྐུར་དམ་ལ་གདགས་པ་ཞུས། །དེ་ནས་ཕྱོགས་བཅུ་དབུས་མཐའ་ཀུན། །གསུང་ཅིག་མུ་ཁ་ལེ་ལ་ཞུས། །སངས་རྒྱས་ཀུན་གྱི་བྱིན་བརླབས་ཀྱིས། །འདི་ཡི་བྱ་བ་ཁྱེད་ཀྱིས་གྱིས། །སྐྱེ་གནས་མི་མཐུན་མོ་འདུལ་བས། །སྐྱེ་གནས་འཐུན་པས་འདུལ་བས་ནི། །ལས་ཀྱི་མ་མོ་མུ་ཁ་ལེན། །འདུལ་བའི་དོན་དུ་དབུས་མཐའ་ཡང་། །མུ་ཁ་ལེརུ་སྐུར་སྟོན་པ། །མ་མོ་འདུལ་བའི་དོན་ཕྱིར་བས། །འདི་ཡི་བྱ་བ་ཁྱེད་ཀྱིས་མཛོད། །དེ་ནས་ཡུམ་ཆེན་མུ་ཁ་ལེས། །དང་པོ་དམ་ཚིག་སྡོམ་པ་བྱིན། །རྟགས་སུ་དམ་ཚིག་ཕྱག་རྒྱ་དང་། །དམ་ཚིག་སྙིག་པོ་སོ་སོར་གཏད། །མུ་ཁ་ལེ་དང་ཡུམ་དྲུག་ལ། །མ་མས་མ་ཡ་སྟོམ་དང་། །ཐོད་རློན་དམ་ཚིག་ཕྱག་རྒྱ་བྱིན། །ཡེ་ཤེས་མ་མོ་བ་་བཞི་ལ། །གོང་གི་སྙིང་པོ་དེ་ཉིད་དང་། །ཐོད་ཚལ་དམ་ཚིག་ཕྱག་རྒྱ་བྱིན། །སྨན་མོ་འཁོར་ཚོགས་མཐའ་དག་ལ། །ཐོད་སྐམ་དམ་ཚིག་ཕྱག་རྒྱ་བྱིན། །དམ་ཚིག་ཅན་དུ་དེ་ནས་བྱས། །དམ་ཚིག་རྫས་ཀྱིས་བདུད་རྩི་བླུད། །འདས་ན་ཉེས་པ་དམྱལ་བའི་ཆུ། །སྲུང་ན་དངོས་གྲུབ་འབྱུང་བའི་ཆུ། །དེ་ལ་སོགས་པའི་དམ་ཚིག་ནི། །གནས་ནས་བསྐུལ་བའི་མཐའ་དག་གསུང་། །མ་འོངས་པ་རྣམས་དེ་ཡི་ཚུལ། །དེ་ནས་ཐོད་རློན་བཅས་ནས་ཡང་། །མཐེ་བ་མཛུ་བ་གཉིས་ནི་མིག་འབུར། །མཐེ་ཆུང་སྣོན་མ་མིག་འབྲས་ཡིན། །གུར་མོ་གཉིས་ནི་ཡ་མཁལ་ལ། །སྲིན་ལག་གཞིབས་པ་མ་མཁལ་ཡིན། །དེ་གཉིས་སུ་ནི་བྱིས་པ་ཡིན། །ཐོད་ཚལ་ཡིན་པར་གསུང་པ་ཡིན། །སོར་མོ་ཐམས་ཅད་ནང་དུ་བསྣོལ། །ཚིགསཆེན་ཕྱིར་རུ་བཏོན་ནས་བསྡམ། །དེ་ནི་ཐོད་སྐམ་ཕྱག་རྒྱ་ཡིན། །འདི་ནི་དམ་ཚིག་ཕྱག་རྒྱ་ཡིན། །དམ་ཚིག་སུ་ལ་ཡོད་པ་དང་། །དམ་ཚིག་ཕྱག་རྒྱལ་སུ་འཆའ་བ། །དེ་ཡི་གམ་དུ་མ་མོ་རྣམས། །སྲོག་ལ་བབ་ཀྱང་འདུ་བར་ངེས་། ཁུད་ལ་དམ་ཚིག་མི་ལྡན་ཞིང་། །དམ་ཚིག་ཕྱག་རྒྱ་མི་ཤེས་ན། །མ་མོ་མི་འགྲུབ་རང་ག་ཕུང་། །དགྲ་ལ་གནོད་པ་འབྱུང་ན་ཡང་། །ཁོ་བོ་ལས་ཀྱི་རྐྱེན་དང་ནི། །རླང་རྟ་ལས་བྱུང་རྐྱེན་དང་ནི། །མ་མོ་རྣམ་སྨིན་དེ་མ་ཡིན། །དམ་ཚིག་ཕྱག་རྒྱ་དབྱེ་བ་ཡང་། །ཐོད་སྐམ་སྐུ་ཡི་ཕྱག་རྒྱ་ཡིན། །ཐོད་ཚལ་གསུང་གི་ཕྱག་རྒྱལ་ཡིན། །ཐོད་རློན་མ་མོ་ཀུན་གྱི་ཐུགས། །ཕྱག་རྒྱ་ཡིན་པར་ང་ཡིས་བཤད། །སྲིད་པ་སྤྱི་མདོས་ལ་སོགས་ལ། །དམ་ཚིག་ཕྱག་རྒྱ་མེད་པ་མྲ །མདོས་དང་མ་མོ་ཕྲད་མི་འགྱུར། །བསད་གསོ་ལ་སོགས་དེ་བཞིན་ནོ། །དེ་ནས་མ་མོ་ལ་སོགས་ཀྱིས། །སྲོག་སྙིང་ལ་སོགས་བྱིན་གྱིས་བརླབས། །སྔར་བས་མཐུ་དང་གཟི་བྱིན་ལྡན། །དེ་ནས་ཐོད་པའི་མ་མོ་སྤྱི་མགོ་བོ་ཀུན་ལ་དབང་བསྐུར་ཏེ། །མཐུ་དང་ལྡན་པར་ངེས་པར་འགྱུར།ཀ །ཞག་གི་ཟོ་རིས་ཐལ་ཆེན་མཚོ། །རག་ཏའི་ཐིག་ལེ་ལ་སོགས་པའི། །མ་མོ་རང་རྟགས་དམ་ཡང་བསྐུར། །ལག་པ་གཡས་པར་རང་རང་གི། །ལས་ཀྱི་དབང་རྟགས་ཕྱག་མཚན་བྱིན། །ལས་ཀྱི་མ་མོ་འདི་དག་ནི།མ །མུ་ཁ་ལེས་དབང་བསྐུར་བས། །སྣང་སྲིད་དབང་གི་རྒྱལ་མོ་ཡིན། །བསྟེན་ཞིང་སྒྲུབ་པའི་མ་མ་ནི། །མ་མོ་འདི་རྣམས་ཡིན་པར་འདོད། །མ་མོ་སྐྱེ་རྒྱུད་དབང་དུ་བསྡུ་བ་བསྟན་པོ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་བརྒྱད་པའོ། །དེ་ནས་མ་མོ་དབྱེ་བ་ཡང་། །ང་ཡིས་བཤད་ཀྱིས་ལེགས་པར་ཉོན། །མ་མོ་དབྱེ་བ་རྣམ་པ་གཉིས། །མ་མོ་སྤྱི་དང་བྱེ་བྲག་གོ། །སྤྱི་ལ་རྣམ་པ་གསུམ་ཡིན་ཏེ། །དང་པོ་ལས་ཀྱི་མ་མོ། །སྔར་གསུངས་པ་ཡི་རིམ་པ་རྣམས། །ལས་ལས་གྲུབ་ཅིང་དམ་ཚིག་གོ། །ལས་ཀྱི་མ་མོ་དམ་ཚིག་ཅན། །མུ་ཁ་ལེ་དང་ཡུམ་དྲུག་སོགས། །འཇིག་རྟེན་མ་མོ་ཡིན་པར་འདོད། །མ་མོ་དེ་དག་འདུལ་བར་འདོད། །ཡེ་ཤེས་ཐུགས་ཀྱི་སྤྲུལ་པ་ལས། །མུ་ཁ་ལེ་དང་ཡུམ་དྲུག་དང་། །མ་མོ་བཅུ་བཞི་སྨན་མོའི་ཚོགས། །ཇི་ལྟར་འདུལ་བ་དེ་ལྟར་བྱུང་། །འདི་ནི་ཡེ་ཤེས་ལས་བྱུང་ཕྱིར། །སྐྱེ་མེད་ངང་ལས་སྤྲུལ་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་མ་མོར་འདོད། །སྐུ་གསུང་ལས་བྱུང་རིམ་པ་སྟེ། །སྐུ་གསུང་མ་མོ་ཡིན་པར་འདོད། །འདི་ནི་འབྲས་བུའི་མ་མོ་སྟེ། །རྩལ་མེད་དབྱིངས་སུ་གཅིག་པའོ། །ལམ་དང་འབྲེལ་བའི་མ་མོ་ནི། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས། །མ་མོས་འདུལ་བའི་སེམས་ཅན་ལ། །མ་མོའི་གཟུགས་སུ་སྐུ་སྟོན་ཏེ། །འདི་ནི་ལས་ཀྱི་གནས་པར་འདོད། །དེ་ཡང་རྣམ་པ་གསུམ་ཡིན་ཏེ། །མུ་ཁ་ལེ་དང་ཡུམ་དྲུག་ཚུལ། །ས་བརྒྱད་པ་ནས་བཅུ་བའི་ཚུལ། །བྱང་ཆུབ་སེམས་དཔའ་སྤྲུལ་པ་སྟེ། །ལམ་གྱི་འབྲས་བུའི་མ་མོ་ཡིན། །ཡེ་ཤེས་མ་མོ་བཅུ་བཞིའི་ཚུལ། །ས་བཞི་པ་ནས་བདུན་པའི་བར། །བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །ལམ་གྱི་ལམ་པའི་མ་མོ་ཡིན། །སྨན་མོ་འཁོར་ཚོས་འདུས་པ་ནི། །ས་དང་པོ་ནས་གསུམ་པའི་བར། །བྱང་ཆུབ་སེམས་དཔའི་སྤྲུལ་པ་སྟེ། །ལམ་གྱི་རྒྱུ་ཡི་མ་མོ་ཡིན། །དེ་ནས་མ་མོ་སྤྱི་ཡི་ཡང་། །མཚན་ཉིད་དབྱེ་བ་རྒྱས་པར་བསྟན། །མུ་ཁ་ལེ་དང་ཡུམ་དྲུག་ལ། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། ཁུ་ལ་གནས་པ་རྒྱུ་ཡིན་ཏེ། །འདི་ནི་སྲིན་མོ་ཟང་མ་སྟེ། །རེ་ཞིག་དབྱིངས་ཀྱི་ཡུམ་དྲུག་རྟགས། ཁུད་ནི་ལན་ལ་གནས་པ་སྟེ། །འདི་ནི་བྱང་ཆུབ་སེམས་མ་སྟེ། །རེ་ཞིག་དབྱིངས་ཀྱི་ཡུམ་དྲུག་རྟགས། །འདི་ནི་བུརྙའི་སྤྲུལ་པ་སྟེ། །དབྱིངས་ཀྱི་ཡུམ་དྲུག་ཅེས་ཀྱང་དེ་ལ་བྱང་། །བཅུ་བཞིའི་མ་མོ་ཡང་དེ་བཞིན་ཏེ། །ཉི་ཟླ་ཐོད་འཕྲེང་ལ་སོགས་པའི། །བཅུ་བཞི་ལས་དང་རྒྱུ་ཡི་གནས། །འདི་ནི་རྒྱུ་ཡི་མ་མོ་སྟེ། །འདི་ནི་གནོད་སྤྱིན་ཟང་མ་སྟེ། ཁྲ་ཁྲག་ཟ་ཞིང་གསོད་ལ་དགའ། །བཅུ་བཞི་ལམ་གྱི་མ་མོ་སྟེ། །བྱང་ཆུབ་སེམས་མར་ངེས་པའོ། །འདི་ལ་ཕན་མཛད་གནོད་པ་སྦོངས་། །བཅུ་བཞི་འབྲས་བུའི་མ་མོ་སྟེ། །རང་གི་གཟུགས་ཀྱི་འདུལ་བ་སྟེ། །འདུལ་བྱ་འདུལ་བྱས་སྦྲུལ་པ་ཡིན། །སྲིད་པ་ཆགས་བྱེད་ལ་སོགས་པའི། །སྨན་མོ་རྣམས་སུ་སྣང་བ་ཡང་། །རྒྱུ་ལ་གནས་པའི་ལྔ་བཅུ་བརྒྱད། །འདི་ནི་སྲིང་མོ་ཟངས་ཁ་སྟེ། །གསོད་ལ་དགའ་ཞིང་སྙིང་རྗེ་མེད། །ལམ་ལ་གནས་པའི་མ་མོ་ལྔ་བཅུ་བརྒྱད། །འདི་ནི་བྱང་ཆུབ་སེམས་མ་སྟེ། །ཐུགས་རྗེ་ཁྱབ་པའི་འཁོར་བར་གནས། །འབྲས་བུར་གནས་པའི་ལྔ་བཅུ་བརྒྱད། །འདི་ནི་བུརྙའི་སྤྲུལ་པ་སྟེ། །མ་མོ་འདུལ་བའི་སེམས་ཅན་དང་། །སྨན་མོ་རང་དང་འདྲ་བ་ཡི། །རང་འདུལ་ཕྱིར་ན་སྨན་པའི་གཟུགས། །ལྔ་བཅུ་རྩ་བརྒྱད་འབྲས་བུ་ཡི་། །མམོ་མཁས་པར་ཤེས་པར་བྱ། །དེ་ནས་མ་མོ་དེ་དག་གི། །བྱེ་བྲག་མཚན་ཉིད་བཤད་པར་བྱ། །ལས་ལས་གྲུབ་པའི་ཡུམ་དྲུག་ལ། །ཅིའི་ཕྱིར་ན་དབྱིངས་ཀྱི་ཡུམ་དྲུག །ཡུམ་ནི་སྐྱེ་འགྲོ་བསྐྱེད་པས་ནི། །སྐྱེ་འགྲོ་ཕུང་བ་ཅི་ཡི་ཕྱིར། །དབྱིངས་ནི་སྐྱེ་བ་མེད་པ་ན། །སྐུ་མཆོག་ཕྱག་མཚན་ཅི་ཡི་ཕྱིར། །ལས་ཀྱི་མ་མོ་དྲུག་པོ་ལ། །སྡུག་བསྔལ་བསྐྱེད་པ་ཆ་ཡོད་པས། །དེ་ཡི་ཆ་ལས་ཡུམ་དྲུག་བཏགས། །བདེ་དང་དགའ་བ་མི་སྐྱེ་བས། །དེ་ཡི་ཆ་ལ་དབྱིངས་ཞེས་བཏགས། །ལས་ཀྱི་མ་མོ་རྒྱུད་དྲུག་བྱུང་། །ལས་འཕྲོ་གཅིག་པས་གནས་འདིར་སྐྱེས། །དེ་ལ་དབྱིངས་ཀྱི་ཡུམ་དྲུག་གྲགས། །ཡེ་ཤེས་རང་རིག་བདེ་ཆེན་ཀློང་། །ཅི་ཕྱིར་ཡེ་ཤེས་མ་མོ་ལགས། །ཡེ་ཤེས་རང་རིག་འདི་ལ་མེད། །རང་གི་མཐུ་དང་རྩལ་ཤེས་པས། །དེ་ལ་ཡེ་ཤེས་ཐ་སྙད་བཏགས། །ལས་མཐུན་པས་ནག་ནས་གཅིག་སྟེ། །རྒྱུ་ནི་སེམས་ཅན་བཅུ་བཞི་སྟེ། །ཡེ་ཤེས་མ་མོ་བཅུ་བཞིར་གྲགས། །ཅི་ཡི་ཕྱིར་ན་སྨན་མོ་ཡིན། །ལས་དང་སྐལ་བ་དམན་པ་དང་། །སྤྱོད་པ་རྣམས་ཀྱི་ཚུལ་ལས་ཀྱང་། །དམན་པ་བཏགས་པ་དེ་བཞིན་ཏེ། །སེམས་ཅན་ལྔ་བཅུ་རྩ་བརྒྱད་ཀྱི། །རྒྱུད་ཀྱིས་དམན་མོ་ལྔ་བཅུ་བརྒྱད། །ལས་ལ་འབྲེལ་བ་དབྱེ་བའོ། །ལས་ཀྱི་མ་མོ་དེ་ལྟར་ན། །ལམ་དང་འབྲེལ་པ་ཇི་ལྟར་བུ། །ས་བརྒྱད་པ་ནས་བཅུ་པ་སྲ །ཆོས་ཉིད་དབྱིངས་ཀྱི་ཤས་ཆེ་བས། །དབྱིངས་ཀྱི་ཡུམ་དྲུག་ཅེས་ཀྱང་དེ་ལ་བྱ། །ས་བཞི་པ་ནས་བདུན་པ་ཡང་། །དེ་ལ་རིག་པ་ཤས་ཆེ་བས། །ཡེ་ཤེས་མ་མོ་དེ་ལ་བྱ། །ས་དང་པོ་ནས་གསུམ་པ་ལ། །གོང་བས་སྨན་པས་སྨན་མོར་འདོད། །འབྲས་བུ་དང་འབྲེལ་ཇི་ལྟ་བུ། །ཆོས་ཉིད་རང་བཞིན་བྲལ་བ་ལས། །སྐྱེ་མེད་པ་ལ་མ་མོ་སྐྱེས། །འབྲས་བུ་དབྱིངས་ཀྱི་ཡུམ་དྲུག་ཡིན། །རང་རིག་ཡེ་ཤེས་དབྱིངས་ན་གསལ། །དེ་ཕྱིར་དེ་ལ་ཡེ་ཤེས་ཀྱི། །མ་མོ་བཅུ་བཞིའི་སྐུ་རུ་བྱུང་། །ཡེ་ཤེས་མ་མོ་བཅུ་བཞི་སྟེ། །འབྲས་བུ་ཡན་པར་བྲརྙས་གསུངས་། ། དམན་པའི་སེམས་ཅན་འདུལ་བ་ལ། །དམན་པའི་གཟུགས་ཀྱི་མ་མོར་སྣང་། །འབྲས་བུའི་མ་མོ་སྟེ། །འདུལ་བྱ་མ་མོ་འདུལ་བ་དང་། །མ་མོས་འདུལ་བའི་སེམས་ཅན་ལ། །སངས་རྒྱས་མཛད་པ་སྣ་ཚོགས་བྱུང་། །ཐུགས་རྫེའི་སྣང་བ་ཡིན་པར་འདོད། །འབྲས་བུ་དང་འབྲེལ་བར་མ་མོ་དང་། །སྐུ་གསུང་ངོ་བོར་ཤེས་བྱ་སྟེ། །ཆོས་སྐུ་སྐྱེ་མེད་ནམ་མཁའ་འདྲ། །ནམ་མཁའི་ངང་ལས་སྤྲིན་བྱུངབ། །དེབཞིནཆོསཀྱིསྐུལས་ནི། །དབྱིངས་ཀྱི་ཡུམ་དྲུག་སྤྲིན་ལྟར་བྱུང་། །འདོད་ནི་ཆོས་ཀྱི་སྐུ་ཡིན་ཏེ། །སྐུ་ལས་བྱུང་བས་སྐུ་ཞེས་གསུངས་། །ལོངས་སྐུ་སྤྲིན་དང་འདྲ་བ་ལས། །ཡེ་ཤེས་མ་མོ་ཆར་གྱི་ཚུལ། །ལོངས་སྐུ་ལས་བྱུང་ཡེ་ཤེས་ཀྱི། །མ་མོ་ལོངས་སྤྱོད་རྫོགས་པའི་སྐུ། །དེ་བཞིན་སྨན་མོའི་ཚོགས་རྣམས་ཀྱི། །སྒྱུ་མའི་སྐུ་སྟེ་གསུང་བར་ཡང་། །སྤྲུལ་བའི་སྐུ་རུ་ངེས་པ་སྟེ། །མི་འདྲ་བར་བྱུང་བའི་ཕྱིར་རོ། །ལམ་ལ་གནས་པའི་མ་མོ་གསུམ། །དེ་བཞེན་སྐུ་གསུམ་ཡིན་པར་འདོད། །ལམ་གྱི་མ་མོ་དྲུག་པོ་ནི། །མོས་པའི་ཆོས་ཀྱི་སྐུ་རུ་གསུང་། །ལམ་གྱི་མ་མོ་བཅུ་བཞི་ནི། །ལོངས་སྤྱོད་རྫོགས་པའི་མ་མོའི་སྐུ། །ལམ་གྱིམ་མ་མོ་ལྔ་བཅུ་ནི། །མོས་པའི་སྤྲུལ་པའི་སྐུ་རུ་གསུངས་། །ལས་ཀྱི་མ་མོ་དྲུག་པོ་ནི། །འདྲ་བའི་ཆོས་ཀྱི་སྐུ་རུ་བསྟན། །ལས་ཀྱི་མ་མོ་བཅུ་བཞི་ནི། །འདྲ་བས་ལོངས་སྤྱོད་རྫོགས་པའི་སྐུ། །ལས་ཀྱི་མ་མོ་ལྔ་བཅུ་ནི། །འདྲ་བས་སྤྲུལ་པའི་སྐུ་རུ་གསུངས་། །དེ་ལྟར་མ་མོ་སྡེ་གསུམ་ལ། །སྐུ་ཡི་དབྱེ་བ་དེ་ལྟར་ན། །འབྱུང་བའི་སྐུ་གསུམ་གང་ལྟར་ལགས། །མོས་བའི་སྐུ་གསུམ་ཇི་ལྟག་ལགས། །འདྲ་བའི་སྐུ་གསུམ་ཇི་ལྟར་ལགས། །དང་པོ་འབྱུང་བའི་སྐུ་གསུམ་ན། །ནམ་མཁའ་སྤྲིན་དང་ཆར་གྱི་དབྱེ། །མེ་ནི་མ་བྱུང་ཤེས་པར་བྱ། །དེ་ནས་མོས་པའི་སྐུ་གསུམ་ཡང་། །སྐུ་མེན་མོས་པ་སྐུ་རུ་དབྱེ། །མ་ཕྱིན་འགྲོ་བའི་བསམ་པ་ནི། །མོས་པའིདེབཞིན གཤེགསཔར་བྱ། །འདྲ་བའི་སྐུ་ནི་འདི་ལྟར་སྟེ། །སྟག་དང་ཟེ་མོང་འདྲ་བ་དང་། །བྱང་དང་རྨ་བྱ་འདྲ་བ་དང་། །ཁྱི་དང་སེང་གེ་འདྲ་བ་བཞིན། །འདྲ་བའི་སྐུ་གསུམ་དེ་ཡིན་ནོ། །དེ་ནས་བྱེ་བྲག་མ་མོ་ཡི། །དབྱེ་བ་མཁས་པས་ཤེས་པར་བྱ། །དབྱེ་བ་ཡིས་ལས་ཀྱི་མ་མོ་རྣམ་པ་ལྔ། །དཀར་མོ་སེར་མོ་ནག་མོ་དང་། །དམར་མོ་ལྗང་མོ་ལྔ་རུ་གསུངས་། །དཀར་མོ་གནམ་སྨན་ཚོགས་སུ་ཤེས། །སེར་མོ་ཀུན་ཏུ་བཟང་མོ་སྟེ། །དམར་མོ་བསེ་མོ་དག་ཏུ་གསུང་། །ནག་མོ་ནག་མོ་འབུམ་ཚོགས་ཏེ། །ལྗང་མོ་རྗེ་མོ་བཞིན་ལ་སོགས། །དེ་དག་ལ་ཡང་རྣམ་གསུམ་སྟེ། །ལས་ལ་གྲུབ་དང་ལམ་ལ་གནས། །འབྲས་བུར་གྱུར་པ་དེ་བཞིན་ནོ། །དེ་ལྟར་གྱུར་པའི་མ་མོ་ནི། །སྤྱི་དང་བྱེ་བྲག་རིམ་པ་ལས མཆོ་ཅིང་བསྒོམ་པའི་མ་མོ་གང་། །བཀོལ་ཞིང་མངགས་པའི་མ་མོ་གང་། །མཆོད་ཅིང་བསྒོམ་པའི་མ་མོ་ནི། །ལམ་དང་འབྲས་བུའི་མ་མོ་ཡིན། །མངག་གཅིང་བཀོལ་བའི་མ་མོ་ནི། །ལས་ལ་གྲུབ་པའི་མ་མོ་ཡིན། །མཆོད་བྱ་མཆོད་པར་མ་ཤེས་ན། །རྒྱལ་པོ་དམངས་སུ་བབས་པ་བཞིན། །བཀོལ་བྱ་བཀོལ་བར་མ་ཤེས་ན། །རིགས་ངན་རྒྱལ་སར་སྟོན་པ་བཞིན། །དེ་བས་འབད་ལ་ཐམས་ཅད་ཀྱི། །མ་མོ་དབྱེ་བ་ཤེས་པར་བགྱི། །མ་མོ་དབྱེ་བ་མ་ཤེས་ན། །མ་མོའི་དངོས་གྲུབ་མི་ཤེས་སོ། །དངོས་གྲུབ་།མེད་པའི་ལས་རྣམས་ནི། །ཐལ་བ་རླུད་ལ་ཁྱེར་བ་འདྲ། །མ་མོའི་དབྱེ་བ་མ་ཤེས་པར། །ལས་རྣམས་འཆོལ་ཞིང་སྒྲུབ་པ་བྱེད། །མུ་སྟེགས་ཀ་ལ་ཡག་ཤ་ཡིས། །མ་མོ་སྒྲུབ་ལུགས་དེ་ལྷར་རོ། །མ་མོ་དབྱེ་བ་དེ་ལྟར་ན། །མ་མོ་ལས་ཀྱི་དངོས་གྲུབ་ཇི་ལྟར་ལགས། །ཉོན་ཅིག་ཀལ་ཡག་ཤ་ཀུན། །མ་མོའི་དངོས་གྲུམ་རྣམ་པ་གསུམ། །དང་པོ་འབྲས་བུའི་མ་མོ་ཡི། །དངོས་གྲུབ་ང་ཡིས་བཤད་པར་བྱ། །འབྲས་བུའི་མ་མོ་བསྒོམ་པར་བྱ། །འཇིག་རྟེན་བསད་གསོལ་སོགས་པ། །གཉིས་མེད་ཡེ་ཤེས་ལས་བྱུང་བའི། །སྐུ་གསུང་ཡེ་ཤེས་ལྔ་ལ་སོགས། །བུརྙའི་ཡོན་ཏན་ཐམས་ཅད་ཀྱི། །འབྲས་བུ་མ་མོའི་དངོས་གྲུབ་སྟེ། །མ་མོ་འོག་མ་གཉིས་པོ་ལས། །འདི་ཡི་དངོས་གྲུབ་མི་འབྱུང་སྟེ། །དཔེན་ན་གྲོ་ལས་ནས་མི་འབྱུང་། །བུརྙའི་དངོས་གྲུབ་ཁྱད་པར་ཅན། །སྨན་པའི་རྐྱེན་ལས་ག་ལས་འབྱུང་། །དེ་ན་འབྲས་བུའི་མ་མོའོ། །དངོས་གྲུབ་ཡིན་པར་ཤེས་པར་བྱ། །ལམ་གྱི་མ་མོ་སྒོམ་བཟླས་པས། །ས་ལ་གནས་པའི་སེམས་དཔའ་དུ། །སྐྱེ་བར་འགྱུར་གྱི་གཞན་དུ་མིན། །ས་དང་པོ་ནས་ས་བཅུ་ཡི། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །འཇིག་རྟེན་འདས་པའི་རིགས་འཛིན་སར། །སྐྱེ་བར་འགྱུར་གྱི་གཞན་དུ་མིན། །རིགས་འཛིན་དེ་ལ་ཅི་ཡོད་པའི། །ཡོན་ཏེན་དེ་ལས་བྱུང་བ་ཡི། །ལམ་གྱི་མ་མོའི་དངོས་གྲུབ་ཡིན། །ལས་ཀྱི་མ་མོའི་གྲུབ་པ་ལ། །དངོས་གྲུབ་རྣམ་པ་བཞིར་བྱུང་། །དགྲ་བསད་ལས་ཀྱི་དངོས་གྲུབ་ཅིག །རང་གསོ་ལས་ཀྱི་དངོས་གྲུབ་གཉིས། །ལོ་ལ་སེར་བ་དབབ་པ་ནི། །ལས་ཀྱི་དངོས་གྲུབ་གསུམ་པ་ཡིན། །སེར་བ་བཅད་པ་བཞི་པ་ཡིན། །དེ་ཡང་རིམ་པ་དབྱེ་བ་སྟེ། །བསད་པ་ལ་ཡང་དབྱེ་བ་སྟེ། ། །བསད་དང་ལྷག་མ་གདོན་མི་ཟ། །གདོན་མི་ཟ་ལ་རྣམ་བཞི་སྟེ། །བསད་པ་གཤིན་རྗེའི་སྲོག་ལ་སོགས། །བཞི་དང་བརྒྱ་རྩ་བཅུ་གཉིས་ཏེ། །བསད་པའི་འཁོར་ལོ་ཆེན་པོ་བཞི། །དེ་ལས་བརྒྱ་རྩ་བཅུ་གཉིས་ཏེ། །དེ་ལ་ཟློག་པ་བཞི་དང་ནི། །བརྒྱ་རྩ་བཅུ་གཉིས་གསོ་བ་ལ། །མཁས་པས་ཟློག་པ་ཤེས་པར་བྱ། །ལོ་ལ་སེར་བ་འབབ་པ་དང་། །བསད་པའི་སྦྱོ་ར་བའི་ཚུལ་ལས་ནི། །གཤིས་རྗེ་འཁོར་ལོ་ལ་སོགས་པ། །འཁོར་ལོ་ཆེན་པོ་བཞི་ལས་ནི། །བྱེ་བྲག་བརྒྱད་དང་བཅུ་གཉིས་ཏེ། །འདི་ཡིས་ལོ་ཐོག་ཐལ་བར་འགྱུར། །དབབ་པའི་འཁོར་ལོ་ཇི་བཞིན་དུ། །གསད་པ་དེ་ལས་བཟློག་པ་སྟེ། །འཁོར་ལོ་ཆེན་པོ་བཞི་ལས་ནི། །བརྒྱ་དང་བཅུ་གཉིས་མཁས་པས་དབྱེ། །དེ་ལྟར་ཤེས་ན་ལོ་ཐོག་ལ། །སད་དང་སེར་བ་མིང་ཡང་མེད། །ལས་ཀྱི་མ་མོའི་དངོས་གྲུབ་སྟེ། །དེ་ལྟར་བྱུང་བའི་དངོས་གྲུབ་དང་དང་། །མ་མོ་དབྱེ་བ་ལ་སོགས་ང་འི །དམ་པའི་མན་ངག་མ་རྟོགས་པར། །རང་འདོད་ང་རྒྱལ་དྲེགས་སེམས་ཀྱང་། །འཇིག་རྟེན་རྒྱང་འཕན་ལུང་ཁྱེར་བས། །མ་མོ་གཉིས་པོ་མིང་ཡང་མེད། །ལས་ཀྱི་མ་མོ་གྲུབ་མི་འགྱུར། །ལས་ཀྱི་མ་མོ་མ་གྲུབ་པར། །བསད་གསོལ་ལས་རྣམས་སྙིང་རེ་རྗེ། །བཟླས་པ་བྱེད་པ་སོགས་རེ་ན། །བསྒོམ་པས་རང་སེབས་ཐང་རེ་ཆད། །རྫས་དང་ཡོ་བྱད་གོད་ལ་སོགས། །ཕུར་བ་བརྒྱད་ཅུ་རྩ་གཉིས་འབྱུང་། །མ་མོ་དབྱེ་བ་ལ་སོགས་ཤེས། །དངོས་གྲུབ་དེ་ལས་བཟློག་པ་འབྱུང་། །མ་མོ་ཤེས་པའི་ཡོན་ཏན་ཡིན་ནོ། །ལས་ཀྱི་མ་མོ་དེ་ལྟར་ན། །ལམ་དང་འབྲས་བུའི་མ་མོ་གཉིས། །མི་ཤེས་རྩོམ་པ་སྙིང་རེ་རྗེ། །གྲུབ་པ་བྱེད་པ་ཐང་རེ་ཆད། །དེ་བས་མ་མོ་གྲུབ་པ་རྣམས། །བླ་མ་དམ་པ་རྟག་ཏུ་བ་སྟེན། །རང་གི་དྲེགས་པ་ང་རྒྱལ་སྤང་། །བག་མ་གསར་བའི་ཚུལ་ལྟ་བུ། །མན་ངག་གསལ་བའི་ཐབས་ལ་འབད། །དེ་ལྟར་བྱས་ན་འགྲུབ་པར་འགྱུར། །མ་མོ་དབྱེ་བ་བསྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་དགུ་པའོ། །མ་མོ་དབྱེ་བ་ཡང་རྣམ་པ་གསུམ་དུ་ཤེས་པར་བྱ། །དང་པོ་མོས་པའི་མ་མོ་གནས། །རྒྱལ་མོ་དཔག་བསམ་བུམ་པ་སྟེ། །མ་མོ་དེ་ཡི་གནས་ཡིན་ཏེ། །འདི་ནི་ལས་ལ་གྲུབ་པའི་གནས། །སྒྲུབ་པ་གནས་ཀྱི་དཀྱིལ་འཁོར་གྱི། །གནས་ཀྱི་རིམ་པས་ཀུན་ལ་སྦྱོར། །བློན་མོ་དཔག་བསམ་སྐྱེད་པར་གནས། །སྨན་མོ་དཔག་བསམ་རྩ་བར་གནས། །སྨན་མོ་ཁ་ཅིག་མཚོ་དང་ནི། །རི་བདུན་ལྕགས་རི་དག་ལ་གནས། །ལས་ཀྱི་མ་མོའི་གནས་ཡིན་ཏེ། །དེ་ལས་གནས་པའི་གཞན་མ་ཡིན། །ལམ་ལ་གནས་པ་མ་མོ་གནས། །ལྕང་ལོ་ཅན་ལ་སོགས་པ་དང་། །འདུལ་བྱ་ཇི་ལྟར་འདུལ་བ་ཡི། །གནས་དེ་ལམ་གྱི་མ་མོའི་གནས། །སྲིན་མོ་གནས་ས་དེ་མ་ཡིན། །འབྲས་བུའི་མ་མོའི་གནས་བསྟན་པ། །འོག་མི་ན་གནས་དང་རྣམ་འབྱོར་པ། །མ་མོ་སྒོམ་པའི་ལུས་ཡིན་ཏེ། །སྙིང་དང་མགོ་དང་ལུས་པོ་དང་། །རང་གི་སྒལ་ཚིགས་ལ་སོགས་པ། །ཡེ་ཤེས་མ་མོའི་གནས་སུ་གསུངས་། །ཡེ་ཤེས་མ་མོའི་གནས་དེ་སྲ །ལམ་དང་ལས་ཀྱི་མ་མོ་གཉིས། །སྐད་ཅིག་གནས་པར་མི་རུང་ངོ། །ལམ་གྱི་མ་མོ་རེ་ཞིག་སྟེ། །ལས་ཀྱི་མ་མོ་ཕྱོགས་སུ་མེད། །དེ་དག་གནས་ཀྱི་དབྱེ་བ་སྟེ། །རང་རང་ས་སར་གནས་པའོ། །དེ་ནས་ལས་ཀྱི་དབྱེ་བ་ཡང་། །རྣམ་པ་གསུམ་དུ་ཤེས་པར་བྱ། །དང་པོ་ལས་ཀྱི་མ་མོ་ནི། །ལས་རྣམ་མཁས་པས་ཤེས་པར་བྱ། །ལས་ཀྱི་མ་མོ་ལས་མ་མོ་ལས་ངན་ལྟ་ལོག་ལས་བྱུང་བས། །དེ་ཡང་ལས་ཀྱི་མ་མོར་གྲགས། །དེ་ནས་ལས་ངན་སྡིག་བྱེད་པས། །དེ་ཕྱིར་ལས་ཀྱི་མ་མོ་སྟེ། །མ་མོ་འདི་རྣམས་དག་ལས་བྱུང་། །དུས་ཀྱི་མཚན་མོ་བྱེད་པ་སྟེ། །སེམས་ཅན་བཅུད་ལ་རིམས་ནད་དང་། །མཚོན་དང་མུ་གེའི་བསྐལ་བ་དང་། །ཡམས་དང་འཁྲུག་པ་སྣ་ཚོགས་དང་། །མདོར་ན་གནོད་པ་སྣ་ཚོགས་བྱེད། །འབྲས་བུ་སྨན་སྣོད་ཀྱི་འཇིག་རྟེན་ཐམས་ཅད། །སད་སེར་བཙྭ་མུ་གེ་རྩི་ཤིང་རྩི་ཐོག་བཅུད་རྣམས་གསོད། །མདོར་ན་སེམས་པལ་བ་ལ། །གནོད་པར་གྱུར་པར་འབའ་ཞིགལས། །ཕན་པ་ཏིལ་འབྲུ་ཙམ་མེད་པ། །ལས་ཀྱི་མ་མོ་ལས་ཡིན་ཏེ། །དེ་ལྟར་གནོད་པ་འབའ་ཞིག་ནི། །གསོ་བ་ལ་སོགས་ཇི་ལྟར་འབྱུང་། །དེ་ཡང་འདི་ལྟར་ཤེས་པར་བྱ། །ལས་ལ་མ་མོ། །མཆོད་ཅིང་བསྟོད་ཅིང་སྲོག་སྙིང་འདྲ། །དེ་ལ་ལས་བཅོལ་དེ་ཡིས་བྱེད། །བྱིས་པ་ཡིད་མགུ་བཞིན། །རེས་འགའ་དེ་ཡིས་ལས་བྱེད་དེ། །རྟག་ཏུ་བྱེད་པ་མ་ཡིན་ཏེ། །ལམ་དང་འབྲས་བུ་མ་མོ་གཉིས། །འཕྲིན་ལས་མཛད་པ་མཇུག་པ་སྟེ། །སེ་མས་ཅན་ཇི་ལྟར་བདེ་བ་དང་། །ནད་མེད་ལོངས་སྤྱོད་འཕེལ་བ་དང་། །བཀྲ་ཤིས་ཚེ་དཔལ་ལྡན་པ་དང་། །ལོ་རྣམས་ལེགས་ཤིང་འབྲུ་རྒྱས་དང་། །བདེ་སྐྱེད་ཕུན་སུམ་ཚོགས་པ་ལྡན། །བྱམས་དང་སྙིང་རྗེས་སེམས་ཅན་འཛིན། །ཐར་དང་ངེས་བྱེད་ལམ་ལ་འཇུག །གོལ་སྒྲིབ་ལས་རྣམས་རྟག་ཏུ་སེལ། །སེམས་ཅན་འཁོར་ནའི་དོན་གྱི་ཕྱིར། །མཛད་པ་རྣམ་པ་སྣ་ཚོགས་བྱེད། །མ་མོ་གཉིས་ཀྱི་ལས་ཡིན་ཏེ། །བུརྙའི་མཛད་པ་བསམ་མི་ཁྱབ། །མདོར་ན་མ་མོའི་ལས་བསྟན་པ། །ལས་ཀྱི་བྱེ་བྲག་ཤེས་པས་ཀྱང་། །མ་མོའི་གོལ་ས་ཤེས་པར་གྱིས། །དེ་ལྟར་གྱུར་བའི་མཁས་པ་ཡི། །མ་མོའི་དབང་དུ་བདག་མི་འགྱུར། །ལས་རྣམས་བྱེད་པ་གཞུང་བཞིན་གྲུབ། །བསད་གསོ་ལས་རྣམས་ཐེ་ཚོམ་མེད། །མ་མོ་ཤེས་པའི་ཕན་ཡོན་ནོ། །རང་ཡང་ཚེ་རིང་ནད་མེད་ལ། །འཁོར་དབང་ལོངས་སྤྱོད་འཕེལ་བལ་འགྱུར། །འདི་ནི་ངོ་མཙར་རྣམ་གཉིས་ཏེ། །གནས་ཀྱི་དབྱེ་བས་མ་མོ་ཡི། །གོལ་ས་ཡང་སྦངས་ཏེ་བསྟན། །ལས་ཀྱི་དབྱེ་བ་མ་མོ་འོ། །གོལ་ས་སྤངས་པ་མ་མོ་ཡི། །དེ་དག་ཁྱེད་ཀྱི་ནན་ཏན་གྱིས། །མ་མོ་གནས་དང་ལས་དབྱེ་བ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུས་ལས་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལམ་དང་མ་མོའི་ས། །མཁས་པས་འདི་ལྟར་ཤེས་པར་བྱ། །ལམ་དང་འབྲས་བུའི་མ་མོ་ལ། །ལམ་ལ་རེ་ཞིག་རྣམ་པ་གསུམ། །བསྐྱེད་དང་རྫོགས་དང་རྫོགས་ཆེན་ཏེ། །སྐྱེ་བ་ལ་ཡང་རྣམ་པ་གཉིས། །སྣོད་ཀྱི་འཇིག་རྟེན་གཞན་ཡས་ཁང་། །འདི་ནི་དང་པོའི་བསྐྱེད་པ་སྟེ། །དབང་ཆེན་ས་ལ་སོགས་པ་ཡི། །བྱེ་བྲག་བསྐྱེད་པ་རྣམ་པ་ལྔ། །དྲུག་པ་བསྐྱེད་པའི་བབས་རྫོགས་པ། །སྣོད་ཀྱི་འཇིག་རྟེན་བསྐྱེད་པར་འདོད། །དེ་ནས་བཅུད་ཀྱི་བསྐྱེད་པ་ཡང་། །སྐྱེ་འགྲོ་སེམས་ཅན་རང་བཞིན་གྱི། །མ་མོ་སྐུ་དང་མཚན་མར་བསྒོམ། །བབ་ཀྱི་མ་མོ་བསྐྱེད་པ་སྟེ། །སྣོད་བབ་བཀག་པས་མ་མོ་སྣང་། །ངེས་པར་མ་མོ་བསྐྱེད་པ་ཡི། །རྣམ་འབྱོར་ལས་སུ་རུང་བསྟེ། །འདི་ལ་ཉོན་མོངས་ཞེས་སྔང་མེད། །དགྲ་ལ་སོགས་པ་བཀག་པ་ཡི། །དེ་ནི་དང་པོའི་ལམ་ཡིན་ཏེ། །དེ་ལ་མ་མོ་ནང་རྟགས་ནི། །བཅུ་སྟེ་ཕྱི་རྟགས་བཅུ་གསུམ་འབྱུང་། །འདི་ལ་མཁས་པས་ནན་ཏན་གྱིས། །ལས་ཀྱི་མ་མོ་རྒྱུ་མ་སྤོངས་། །སེམས་ཅན་གནོད་པའི་མ་མོ་སྤོངས་། །འདི་ལ་ལམ་ནི་གནས་པ་སྟེ། །མུ་སྟེགས་བཀའ་སྤངས་ལམ་ཡང་། །རང་གི་ཐེག་པ་ལས་ལ་གཞན། །གསུམ་པ་ཤེས་རབ་བསྐྱེད་པའི་ལམ། །ལམ་འདི་ལ་ཡང་བཞི་སྟེ། །མུ་སྟེགས་བཀའ་སྦངས་དང་གཅིག། །ཉན་ཐོས་བྱིས་པ་སྤངས་དང་གཉིས། །ཐེག་ཆེན་དར་གྱིས་སྤངས་དང་གསུམ། ་ས་དབྱིབས་ལས་བསྐྱེད་པའི་ས། །བཞི་པར་མ་མོ་ལས་ཀྱིས། །བསྐྱེད་པ་ལ་ཡང་གཉིས་སུ་བྱེད། །དེ་ནི་བབ་ཀྱི་ས་ལྔ་སྟེ། །སྣོད་ཀྱི་ས་ལྔ་སྟེ། །སྣོད་ཀྱི་ས་ལྔ་འདི་ལྟ་སྟེ། །དང་པོ་གཡོ་སྒྱུ་རླུད་གི་ས། །དེ་ནས་སྲེག་མིན་མེ་ཡིས། །དེ་ནས་གཤེར་སྡུད་ཆུ་ཡི་ས། །སྲ་ཞིང་བརྟན་པ་ས་དང་ཡང་། །དེ་ནས་སྟོང་ཞིང་གོ་འབྱེད་ས། །རང་བཞིན་འོད་གསལ་ལྷུན་རྫོགས་ལ། །ཡང་སྐྱེད་པས་དགུ་སྟེ། །ཁམས་གསུམ་ས་དགུ་སྤངས་པ་ཡི། །ས་དགུ་སྐྱེད་པ་འདི་ལ་ལྡན། །ས་གསུམ་པ་སྨན་མོའི་རང་བཞིན་ཏེ། །ས་གསུམ་མ་མོ་བཅུ་བཞི་ཡིན། །ས་བཞི་དབྱིབས་ཀྱི་ཡུམ་དྲུག་སྟེ། །དེ་ནས་མ་མོ་རྫོགས་རིམ་ཡང་། །ལུས་ཀྱི་རི་རབ་གླིང་བཞི་ལ། །་མ་མོ་ལྷ་ཡི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ལ་སོགས་པའི་ལུས་ལ་དེ་བཞིན་ཤེས་པར་བྱ། །ཕུར་པོ་ཁམས་དང་སྐྱེ་མཆེད་ཀུན། །མ་མོ་ལྷ་ཡི་རང་བཞིན་ཡིན། །འདི་ནི་ཕྱི་ཡི་རྫོགས་པ་སྟེ། །དེ་ནས་ནང་གི་རྫོགས་པ་ཡང་། །རྩ་ཡི་དཀྱིལ་འཁོར་རྣམས་པ་བཞི། །ཙིསྟ་དར་དཀར་གུར་ནང་ན། །ས་དང་ཆུ་དང་མེ་དང་རླུད་། །ནམ་མཁའ་ལྔ་ཡི་དངས་མ་ལྔ། །དེ་ལ་ཧུ༷་གི་རྣམ་པ་ནི། །མ་མོ་ཐུགས་ཀྱི་ཐིག་ལེ་སྟེ། །ལྟེ་བར་མ་ཡི་ཐིག་ལེ་ནི། །སྒྲ་མེད་མ་ཡི་རྣམ་པ་ལས། །མགྲིན་པ་ཕུང་ལྔའི་དངས་མ་ལྔ། །རིང་པོ་འམ་གཉིས་དང་ལྡན། །སྤྱི་བོར་ལུས་ངག་ཡིད་གསུམ་གྱིས། །དངས་མ་ཧུ༷་གིས་རླབ་པ་སྟེ། །མུ་ག་ལེ་ཡིརངབཞིནའདོད། །སྙིང་ཁར་མདའ་བཅུ་དྲུག་གི་རྩ། །དབྱིངས་ཀྱི་ཡུམ་དྲུག་ཡིན་པར་འདོད། །མགྲིན་པ་རྒྱུ་བཞི་ཡེ་ཤེས་ཀྱི། །མ་མོ་བཅུ་བཞི་ཡིན་པར་འདོད། །ལྟ་བར་ལྔ་བཅུ་རྩ་བརྒྱད་རྩ། །སྨན་མོ་འདྲ་བའི་མ་མོར་འདོད། །རྩ་འདིར་གནས་པའི་བྱང་ཆུམ་སེམས། །དཀར་དམར་སྤེལ་བའི་གཞའ་མཚོན་འདྲ། །དེ་ནི་སེམས་ཀྱི་མ་མོ་ཡིན། །རྩ་ཡི་ནང་ན་གང་བའི་རླུ་་། །རིགས་ཀྱི་དབྱེ་བ་གོང་བཞིན་གནས། །གཡོ་བ་རླུད་གི་མ་མོ་ཡིན། །འདི་རག་པ་སྲ་བ་ཡིན། །རྫོགས་པའི་མ་མོ་བསམ་མི་ཁྱབ། །འདི་ཡི་ལམ་ནི་རྣམ་པ་བཞི། །དང་པོ་ཡེ་ཤེས་མེ་ཡི་ལམ། །གཉིས་པ་ཐུ་སུམ་རྩེ་གཅིག་ལམ། །གསུམ་པ་ལོངས་སྤྱོད་རྫོགས་པའི་ལམ། །བཞི་པ་བདེ་ཆེན་ཀློག་གི་ལམ ལམ་རེ་ལ་ཡང་ས་གསུམ་པ། །བཅུ་གཉིས་ས་ཡི་དབང་ཕྱག་མ། །རྡོ་རྗེ་འཛི་པའི་ས་ཞེས་བྱ། །ཟབ་མོ་བྱ་རྩལ་རྫོགས་པ་ཡིན། །སྨན་པ་བྱ་རྩལ་སྤངས་པ་ཡིན། །བདེ་ཆེན་ཐིག་ལེའི་ངང་ལས་ནི། །རང་བཞིན་ཐིག་ལེ་བཅུ་དྲུག་ཤར། །རང་བཞིན་ཐིག་ལེ་བཅུ་དྲུག་ལ། །བདེ་ཆེན་ཐིག་ལེ་བཅུ་བཞི་བྱུང་། །བདེ་ཆེན་ཐིག་ལེ་བཅུ་བཞི་ལས། །ཁྱབ་པའི་ཐིག་ལེ་ལྔ་བཅུ་བརྒྱད། །འདི་ནི་མ་མོ་ཐུགས་ཀྱི་གསང་། །རྩ་ཡི་སྡོང་པོ་གཅིག་གཅིག་གཉིས་ལས། །རྩ་ཡི་ཡན་ལག་གསུམ་དང་ལྡན། །གསུམ་ནི་མ་མོ་སྐུ་གསུང་ཐུགས། །ལྔ་ནི་སྐུ་ལྔ་ཡེ་ཤེས་ལྔ། །སྨན་མོ་སྐུ་ལ་ཡེ་ཤེས་གསུང་། །དབྱིངས་ཀྱི་ཡུམ་དྲུག་ཐུགས་སུ་འདོད། །རྩ་བ་ལས་ནི་གཟེར་བ་ཅིག་ལ་ཡལ་ག་ནི། །བཅུ་བཞི་སྐྱེད་དེ་བཅུ་བཞི་ལས། །ལྕུག་མ་ལྔ་བཅུ་རྩ་བརྒྱད་དེ། །འདི་དག་གནས་པའི་མ་མོ་གསང་། །བྱང་ཆུབ་སེམས་ནི་དཀར་དམར་ལ། །རླུད་དང་མཁྲིས་པའི་ཁ་དོག་དང་། །འབྱུང་པའི་ཁམས་ཀྱི་ཁ་དོག་གི། །གཅིག་ལ་རྣམ་པ་དྲུག་ཡིན་ཏེ། །དྲུག་པོ་ལས་ནི་བཅུ་བཞིར་འགྱུར། །བཅུ་བཞི་ལས་ནི་ལྔ་བཅུ་བརྒྱད། །དེ་ཡང་འགྱུར་ལ་མཁས་པས་བརྟག། །རླུད་གི་གཡོ་འགུལ་གཅིག་ཉིད་ལས། །བྱེ་བྲག་རྣམ་པ་དྲུག་ཏུ་ཤར། །བྱེ་བྲག་དག་གི་རང་བཞིན་ལས། །བཅུ་བཞི་དང་ནི་ལས་ཡོངས་ཀྱི། །ལྔ་བཅུ་རྩ་བརྒྱད་འབྱུང་བར་འདོད། །དེ་ནི་གཡོ་བ་རླུད་གི་ཡང་། །མ་མོ་ཡིན་པར་ཡུམ་ཆེན་གསུངས་། །སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་ཀློང་། །དེ་ཕྱིར་སྣང་སྲིད་ཐམས་ཅད་མ་མོའི་དབྱིངས་སུ་ཐིམ། །སྐྱེ་འགྲོ་ཐམས་ཅད་ཡི་ངང་། །དེ་ཕྱིར་སྐྱེ་འགྲོ་ཐམས་ཅད་མ་མོའི་སྐུ་ལ་ཐིམ། །སེམས་ཅན་འགྲོ་དང་འོང་བ་དང་། །བཟའ་དང་ཆགས་པའི་སྤྱོད་པ་ཀུན། །མ་མོ་ལས་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་མ་མོའི་སྐུ་ལ་ཐིམ། །སྨ་ད་་བརྗོད་པའི་ཐ་སྙད་ཀུན། །མ་མོ་གསུང་གི་ཆོ་འབྲུལ་ཏེ། །དེ་ཕྱིར་མ་མོའི་གསུང་ལ་བསྟིམ། །དྲན་བསམ་སེམས་ཀྱི་རྒྱུ་བ་ཀུན། །མ་མོ་ཐུགས་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་མ་མོའི་ཐུགས་ལ་བསྟིམ། །སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ལས། །སྣང་སྲིད་མ་མོའི་ཀློང་དུ་འདོད། །བྱུང་ཡང་མ་མོའི་ཀློང་ནས་བྱུང་། །ཐིམ་ཡང་མ་མོའི་ཀློང་ལ་བསྟིམ། །རང་བཞི་ངང་གི་མ་བསྟིམ་པར། །ཚིག་གིས་བསྟིམ་པ་སྤྲེའུ་འདྲ། །རང་བཞིན་ངང་གིས་བསྟིམ་པ་སྤངས་། །སྣང་ཞིང་སྲིད་པའི་དངོས་པོ་འདི། །མ་མོར་ཇི་ལྟར་ཡིན་པར་ཤེས། །ཤེས་པས་ངང་དུ་བསྟིམ་པ་ལ། །ཚིག་ཏུ་སྨ་བ་བྱིས་པ་འདྲ། །དེ་ནི་མ་མོའི་རྫོགས་རི་མ་མོ།མ །དེ་ནསམ་མོ་རྫོགས་ཆེན་ནི། །མཁས་པས་འདི་ལྟར་ཤེས་པར་བྱ། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །འདི་ནི་བདེ་ཆེན་གཡུང་དྲུག་སྒྲ། །འགྱུར་བ་མེད་པའི་སེམས་ཉིད་ལ། །ཡོངས་སུ་མེད་པའི་སེམས་གནས་པས། །འདི་ནི་བརྡལ་བ་ཆེན་པོའི་སྐུ། །མ་བཅོས་ལྷུན་གྲུབ་ནམ་མཁའི་དབྱིངས་། །རྫོགས་པ་ཆེན་པོའི་སྐུ་རུ་འདོད། །ནམ་མཁའི་མ་བཅོས་སྟོང་པའི་ངང་ཉིད་ལས། །སྐྱེ་འགྲོ་ཐམས་ཅད་ངང་ལས་སྲིད། །བྱ་རྩལ་མེད་པའི་བདེ་ཀློང་ལས། །འགྱུར་བ་མེད་པའི་སེམས་ཉིད་གནས། །སེམས་ཀྱི་རྩ་དང་མ་ལྡན་ན། །སྨྲ་བའི་རྩལ་ནི་ཐ་སྙད་ཡིན། །རིག་པའི་ཡེ་ཤེས་མ་ཤེར་ན། །སེམས་ཀྱི་བསམ་པ་སྟོང་པ་ཡིན། །རང་སེམས་རང་གིས་མཐུལ་བར། །སེམས་ཉིད་རྟོགས་པར་མི་འགྱུར་རོ། །བདེ་ཆེན་ཐིག་ལེ་ཉམས་དགའ་ལ། །སྨྲ་དང་ཐ་སྙད་འདོགས་ན་གོལ། །སྨྲ་བསམ་བརྗོད་ལས་འདས་པ་ལ། །སྨྲ་ཞིང་གླེ་རློང་བྱེད་ན་གོལ། །བྱ་རྩལ་བྲལ་བའི་རྫོགས་ཆེན་ལ། །སེམས་ལ་བྱ་རྩལ་བྱེད་པ་གོལ། །ཡེངས་སུ་མེད་པའི་སེམས་ཉིད་ལ། །སེམས་ཉིད་གཞན་དུ་རྟོག་པ་གོལ། །འགྱུར་པ་མེད་པའི་སེམས་ཉིད་ལ། །ཉོན་མོངས་དྲུག་ཏུ་འགྱུར་བ་གོལ། །མ་བཅོས་སེམས་ཀྱི་ངོ་བོ་ལ བཅོས་པའི་སེམས་ཅན་གོལ་པ་ཡིན། །དེ་ལྟར་རྫོགས་པ་ཆེན་པོ་འདི། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་། །ཐེག་པ་ཀུན་གྱི་སྙིང་པོ་འདི། །འདི་ཡི་གོང་ན་གང་ཡང་མེད། །མ་ནི་སྐྱེ་བ་མེད་པའི་ངང་། །མ་་ནི་འགག་པ་མེད་པའི་ཀློང་། །དངོས་པོར་སྐྱེ་བ་མེད་པའི་ཕྱིར། །སྐྱེ་བ་མེད་པར་སེམས་ཉིད་འདོད། །རང་ཞེས་བྱ་བ་རང་བཞིན་ཡིན། །དངོས་པོ་འགག་པ་མེད་པའི་ཕྱིར། །འགག་ས་མེད་པར་སེམས་ཉིད་འདོད། །ཀློང་ནི་དེ་ཡི་ཆ་ཤེས་སོ། །ན་མི་དགེས་ཆེན་རྟག་པའི་མཁའ། །མོ་ནི་བདེ་ཆེན་ལོངས་སྤྱོད་ཀློང་། །མ་ནི་རྟག་ཆེན་གཡུང་དྲུང་མཁའ། །མོ་ནི་ཆགས་མེད་བྱང་ཆུབ་ཀློང་། །མ་མོ་སྐུ་གསུང་ཐུགས་ཀྱི་མཁའ། །མོ་ནི་ལུས་ངག་ཡིད་གསུམ་ཀློང་། །མ་ནི་རྒྱལ་བ་ཀུན་གྱི་མཁའ། །མོ་ནི་སྲིད་པོ་ཀུན་གྱི་ཀློང་། །མ་ནི་སྐྱེ་བ་མེད་པའི་ཀློང་། །མོ་ནི་འགག་པ་མེད་པའི་ཀློང་། །མ་ནི་ཐབས་ཆེན་འདོད་མེད་མཁའ། །མོ་ནི་ཤེས་རབ་ཆགས་མེད་ཀློང་། །མ་ནི་ནམ་མཁའི་དབྱིངས་ཉིད་མཁའ། །མོ་ནི་སེམས་ཀྱི་སེམས་ཉིད་ཀློང་། །མ་ནི་ཆོས་ཀྱི་ཆོས་ཉིད་མཁའ། །མོ་ནི་བྷ་ག་དབྱིངས་ཉིད་ཀློང་། །མ་ནི་ཀུན་གཞི་བདེ་ཆེན་ཀློང་། །མོ་ནི་རྣམ་ཤེས་ཧུ༷་ཆེན་འབར། །མ་ནི་སྤྲིན་མེད་ནམ་མཁའི་མཁའ། །མོ་ནོ་སྤྲིན་དང་ནམ་མཁའི་ཀློང་། །མ་ནི་རང་བྱུང་བདེ་ཆེན་དང་། །མོ་ནི་རང་བྱུང་སྡུག་བསྔལ་ཀློང་། །མ་ནི་སེམས་ཀྱི་སེམས་ཉིད་དང་། །མོ་ནི་དེར་རྟོགས་རང་རིག་ཀློང་། །མ་ནི་ཐམས་ཅད་མ་མོ་དང་། །མོ་ནི་མ་མོར་བསྡུས་པའི་དོན། །མ་ནི་ཡེ་ཤེས་བརྡུལ་བ་སྟེ། །མོ་ནི་ཆོས་ཉིད་བརྡལ་བའི་ཀློང་། །མ་ནི་དབྱིངས་ཀྱི་ཡུམ་དྲུག་སྟེ། །མོ་ནི་བཅུ་བཞི་མ་མོ་དང་། །ལྔ་བཅུ་རྩ་བརྒྱད་མ་མོའི་ཀློང་། །མ་ནི་ཙིསྟ་བྱང་ཆུམ་སེམས། །མོ་ནི་སེམས་ཅན་སྒྲོལ་བའི་ཀློང་། །མ་ནི་ཤེས་རབ་མུན་པའི་ངང་། །མོ་ནི་རང་རིག་མུན་པའི་ཀློང་། །དེ་ལྟར་རྫོགས་པའི་མ་མོ་ལ། །སྐད་ཅིག་ཐང་ཅིག་ཡུད་ཙམ་གྱི། །ཐུན་དང་ཉིད་ཞག་ཟླབ་ལོར། །རང་དོན་སྒྲུམ་པས་འདི་ལྟར་བརླབ་པ། །བསླབ་པར་བྱ་བ་མེད་མོད་ཀྱང་། །དང་པོ་ལས་ནི་དེ་བཞིན་ནོལ། རྫོགས་ཆེན་འདི་ལ་ལམ་བཅུ་སྟེ། །དང་པོར་ཐབས་ཀྱི་ལམ་ལྔ་ཡང་། །མཐར་ཕྱིན་ལམ་དང་སྒྲིབ་མེད་ལམ། །གཡོ་མེད་ལམ་དང་སྒྲིམ་མེད་ལམ། །བྱ་རྩལ་ལམ་དང་བྲལ་བའི་ལམ་དང་། །དེ་བཞིན་ཤེས་རབ་དང་ལྔ་སྟེ། །རྫོགས་ཆེན་ལྔ་དང་རྣམ་པ་བཅུ། །འདི་ལ་ས་ནི་རྣམ་པ་ཉི་ཤུ་སྟེ། །དང་པོར་སངས་རྒྱས་ས་དང་གཅིག། །མ་ཆགས་པདྨ་ཅན་གྱི་ས། །ཡི་གེ་འཁོར་ལོ་རྫོགས་ཆེན་ས། །གཡོ་སྒྱུ་མེད་པ་རབ་ཏུ་དགའ། །མི་གཡོ་བ་དང་འདྲེན་པའི་ས། །དག་པའི་ས་དང་སྨིན་པའི་ས། །གྲོལ་བའི་ས་དང་རྫོགས་ཆེན་ས། །ལྷུན་གྲུབ་ས་དང་བཙལ་མེད་ས། །བལྟ་རུ་མི་མཐོང་མི་རྙེད་ས། །རང་རིག་ས་དང་རང་གསལ་ས། །མཐོང་མེད་ས་དང་ཉམས་མྱོང་མེད་པའི་ས། །ཉི་ཤུ་ས་ཡི་དབང་ཕྱུག་སྟེ། །མ་མོ་རྫོགས་པ་ཆེན་པོར་འདོད། །འདི་ལྟ་བུ་ཡི་མ་མོ་མ་ཤེས་པར། །ང་རྒྱལ་ཁེངས་དང་དྲེགས་པ་ཡིས། །མ་མོ་སྒྲབ་པ་སྙིང་རེ་རྫེ། །མ་མོ་མ་ཡི་དོན་ཤེས་ན། །ཕྱི་ནང་ཐམས་ཅད་འདི་ལ་ཡོད། །འདི་ལ་ཤེས་པའི་རྣལ་འབྱོར་བ། །བྱིན་གྲི་ཡུ་བ་བུད་པ་འདྲ། །དེ་བས་མ་མོ་འདོད་པ་ཡི། །རང་སྲོག་ནོར་དང་ཆུང་མ་ཡི། །བླ་མ་དམ་པ་མཉེས་བྱས་ལ། །མ་མོ་རྩ་ཡི་མན་ངག་ཟབ། །དེ་ལྟ་བུ་ཡི་མན་ངག་དམ་པ་འདི། །བཙལ་བར་བྱ་ཞིང་སྦ་བར་བྱ། །ཁྱེད་ཀྱིས་འདི་ལ་ནན་ཏན་གྱིས། །དེ་ལྟར་འདི་ལ་རིམ་པ་ཡང་། །སྔགས་པས་སེམས་ནི་གནས་གྱུར་ན། །བསྐྱེད་ལ་ཕྱི་རྟགས་བཅུ་དང་དགུ། །ནང་རྟགས་བཅུ་དང་བརྒྱད་འབྱུང་ངོ། །རྫོགས་ལ་ཕྱི་རྟགས་བཅུ་ཕྲག་བཞི། །ནང་རྟགས་ཉི་ཤུ་རྩ་ལྔ་སྟེ། །རྫོགས་ཆེན་ཕྱི་རྟགས་དྲུག་དང་ལྔ། །ནང་རྟགས་བཞི་དང་ལྔ་ལ་སོགས། །རྟགས་ཏེ་མ་མོ་རྣམ་འབྱོར་ལས། །འབྱུང་བ་ལྔ་ཡིས་བསྡུས་པ་ཡིན། །འདི་ལ་རྟགས་རྣམས་མི་འབྱུང་ན། །མེ་ལ་དུད་པ་མི་འབྱུང་ངོ། །དུད་པ་མེ་ཡི་ཤེང་བསྲེགས་རྟགས། །མ་མོའི་ལམ་ཡང་དེ་དང་འདྲ། །འདི་ནི་མ་མོའི་སྤྱི་ཡི་ཏེ། །བྱེ་བྲག་མང་པོ་དེ་དང་འདྲ། །དེ་ལྷར་གྱུར་བའི་མ་མོ་ཡི། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གྱི། །སེམས་གཟུག་ཡག་ལག་བསམ་མི་ཁྱབ། །མ་མོའི་སེམས་གཟུང་མ་ཤེས་པར། །མ་མོ་སྒོམ་པོ་སྙིང་རེ་རྗེ། །ལས་རྣམས་འཆོལ་བ་ཐང་རེ་ཆད། །མ་མོའི་སེམས་གཟུང་ཇི་ལྟ་བུ། །དེ་ལ་ཕན་ཡོན་ཇི་ལྟར་འབྱུང་། །མ་མོ་སེམས་ནི་འཛིན་འདོད་ན། །དང་པོ་མ་མོའི་མཚན་ཉིད་དང་། །དབྱེ་བ་སོ་སོར་ཤེས་བྱས་ཏེ། །དེ་ནས་མ་མོའི་སེམས་གཟུང་སྟེ། །བྱེད་བྲག་ཉི་ཤུ་རྩ་ལྔ་ནི། ཁྲེས་ནམ་མོ་རྩལ་དང་ནི། །མ་མོ་གང་ཡིན་དབང་དུ་འགྱུར། །བདག་ཉིད་འདོད་པ་སྣ་ཚོགས་འབྱུང་། །མ་མོ་སེམས་གཟུང་ཕན་ཡོན་ནོ། །མ་མོ་ལམ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ། །བཅུ་གཅིག་པའོ། །དེ་ནས་མ་མོ་དེ་དག་གི་སྒྲུབ་ཐབས་བཤད་བྱ་སྟེ། །དང་པོ་ཡེ་ཤེས་མ་མོ་དང་། །ལམ་གྱི་མ་མོ་རེ་ཞིག་འདྲ། །གཉིས་པ་བདག་དོན་ཡིན་པའི་ཕྱིར། །དེ་དག་གཉིས་གཉིས་སྒྲུབ་ཐབས་ཀྱི། །སྔར་བཤདས་གོང་གི་རིམ་པ་སྟེ། །མ་མོ་བསྒོམ་པ་བསམ་མི་ཁྱབ། །འདི་ནི་སྒྲུབ་ཐབས་གྲངས་མེད་དེ། །གྲངས་ལ་བསམ་གྱིས་མི་ཁྱབ་སྟེ། །དེ་ལ་རྩོམ་པ་སྤྲེལ་དང་འདྲ། །རང་དོན་སྒྲུབ་པའི་སྒྲུབ་ཐབས་སོ། །གཞན་དོན་སྒྲུབ་པའི་སྒྲུབ་ཐབས་ནི། །ལས་ལ་གྲུབ་པའི་མ་མོ་ལ། །དབྱིངས་ཀྱི་ཡུམ་དྲུག་ལ་སོགས་ལ། །མ་མོ་སྤྱི་སྒྲུབ་ཆེན་པོ་ལ། །མ་མོ་བདུན་ཅུ་རྩ་བརྒྱད་ཡོད། །དེ་ནས་སྒྲུབ་ལུགས་གསུམ་ཡིན་ཏེ། །དབྱིངས་ཀྱི་ཡུམ་དྲུག་སྒྲུབ་ལུགས་ཅིག། །ཡེ་ཤེས་མ་མོ་སྒྲུམ་ལུགས་ཅིག། །སྨན་མོ་འཁོར་ཚོགས་སྒྲུབ་ལུགས་ཅིག་། །དེ་ནས་རིམ་གྱི་མ་མོ་ཡི། །སྒྲུབ་ལུགས་རིབ་པར་དབྱེ་བ་སྟེ། །ཐ་མ་མོའི་བྱེ་བྲག་ལ། །མ་མོ་རེལ་སྒྲུག་ལུགས་རེ། །དེ་ཡི་སྒྲུབ་ལུག་་་བཤད་ཀྱི། །དཔེ་ན་དབྱིངས་ཀྱི་ཡུམ་དྲུག་ལ། །ཕྱིར་སྒྲུབ་ལ་སོགས་དྲུག་ཡིན་ཏེ། །ཕྱི་ལྷར་སྒྲུབ་ན་རྡུལ་ཚོན་ལ། །དེ་ཡི་སྔ་རྫས་ལ་སོགས་པ། །ནང་ལྟར་ཀེང་རུས་དཀྱིལ་འཁོར་ཏེ། །རྫས་་ཐ་སོགས་པ་དེ་བཞིར་རོ། །གསེང་བ་མི་ཁོག་སྐྱ་མོ་སྟེ། །ཏིང་འཛིན་ལ་སོགས་དེ་བཞིན་ནོ། །ཡང་གསང་རྨད་དུ་བྱུང་བ་ཡི། །སྒྲུབ་པ་རང་གི་རིགས་མཐུན་པའི། །མི་ཡི་ཁོག་པའི་དཀྱིལ་འཁོར་ལ། །རྫས་ལ་སོགས་པ་དེ་བཞིན་ནོ། །བྱ་རྩལ་རྫོགས་པའི་སྒྲུབ་ཐབས་དང་། །དེ་བཞིན་ནང་ལྟར་གཟིར་བ་དང་། །གསང་ལྟར་གཟིར་བའི་སྒྲུབ་པ་དང་། །ཡང་གསང་རྨད་ཀྱི་གཟིར་བ་དང་། །བྱ་རྩ་རྫོགང་་པའི་སྒྲུབ་ཐབས་དང་། །ཡོངས་རྫོག་།་གཟིར་བའི་སྒྲུབ་ཐབས་སོ། །སྒྲུབ་ཐབས་དེ་དག་རེ་རེ་ལ། །གནས་སྐབས་ལས་ནི་དྲུག་དྲུག་སྟེ། །ཕྱི་ལྟར་བསྙེན་དང་སྒྲུབ་པ་དང་། །ལས་ལ་སྦྱིར་དང་ལས་ཀྱི་ནི། །ལྷ་མ་་ཡི་ནི་ཚོག་དང་། །ལྷག་མ་ངེས་་པ་ར་གྲུབ་པ་དང་། །དེ་དག་ཉེ་བར་བསྒྲུབ་པ་ནི། །ངེས་པར་གདོན་ནི་མི་ཟ་བར། །དྲུག་གིས་ཕྱི་ཡི་ལས་རྫོགས་ཏེ། །བསྙེན་པས་མ་མོ་ཤེ་བར་བྱེད། །སྒྲུབ་པས་་རང་ཐ་མི་དད། །ལས་ལ་སྦྱར་བས་དགྲ་བས་བསད་དེ། །ལས་ཀྱི་ལྷག་མ་སྦྱིན་སྲེགས་ཡི། །ཟོར་ཐུན་ལས་ཀྱི་ལྷག་མ་ཡིན། །ལྷག་མ་ངེས་པར་གྲུབ་བ་ཡིན། །རྟེན་ལ་ཟོར་ཐུན་བརྡེག་པ་ཡིན། །དེ་དག་ཉེ་བས་བསྒྲུབ་པ་ཡིན། །རྟེན་ལ་མནན་པ་བྱེད་པ་ཡིན། །ངེས་པར་གདོན་ནི་མི་ཟ་བར། །ཀླུ་ལ་སོགས་པ་རང་ལ་འདོད། །འདི་ནི་ལས་ཀྱི་མཐའ་རྫོགས་པ། །ཕུང་བྱེད་དྲག་པོའི་ལས་ཡིན་ནོ། །ཕྱི་ལ་ཇི་ལྟར་ནང་ལ་སྟེ། །དེ་བཞིན་ནང་གི་བསྙེན་པ་སྟེ། །བསྒྲུབ་པ་ལས་ལ་སྦྱོར་བ་དང་། །ལས་ཀྱི་ལྷག་མ་གདོན་མི་ཟ། །ཉེ་བར་བསྒྲུབ་པ་རྣམ་གཉིས་ཏེ། །འདི་ནི་ནང་གི་ལས་རིམ་མོ། །དེ་ནས་གསང་བའི་བསྙེན་པ་དང་། །བསྒྲུབ་དང་ལས་ལ་སྦྱར་བ་དང་། །ལས་ཀྱི་ལྷག་མ་གདོན་མི་ཟ། །ཉེ་བར་བསྒྲུབ་པ་རྣམ་པ་གཉིས། །འདི་ནི་གསང་བའི་གོ་རིམ་ཡིན། །དེ་ནས་ཡང་གསང་རྨད་དུ་བྱུང་བ་ཡི། །བསྙེན་དང་སྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་གདོན་མི་ཟ། །ཉེ་བར་སྒྲུབ་པ་རྣམ་གཉིས་ཏེ། །དེ་བཞིན་བྱ་རྩལ་རྫོགས་པ་ཡི། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་གདོན་མི་ཟ། །ཉེ་བར་སྒྲུབ་པ་རྣམ་གཉིས་ཏེ། །ཡོངས་རྫོགས་ཆེན་པོ་སྒྲུབ་པ་ལ། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱོར། །ལས་ཀྱི་ལྷག་མོ་གདོན་མོ་ཟ། །ཉེ་བར་སྒྲུབ་པ་རྣམ་པ་གཉིས། །ཕྱི་ལྟར་ཤི་ས་བསྟན་པ་དང་། །ཤི་སའི་བསྙེན་དང་བསྒྲུབ་པ་དང་། །ལས་དང་ལས་ཀྱི་ལྷག་མ་དང་། །ལྷག་མ་ཉེ་བར་བསྒྲུབ་པ་དང་། །ངེས་པར་གཏན་ལ་འབེབས་པའོ། །དྲུག་གི་ལས་ཀྱི་རིམ་པ་རྫོགས། །དེ་བཞིན་ནང་གི་ཤི་ས་ལ། །བསྙེན་དང་བསྒྲུབ་པ་ལ་སོགས་པ། །དྲུག་པོ་འདྲ་བར་ཤས་པར་བྱ། །གསང་བའི་ཤི་ས་བསྟན་པ་ལ། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་སྟེ། །གདོན་མི་ཟ་བར་ཉེ་བར་བསྒྲུབ། །ཡང་གསང་ཤི་ས་བསྟན་པ་ལ། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་གདོན་མི་ཟ་བར་བསྟན་པའོ། །བྱ་བྲལ་ཤིས་བསྟན་པ་ལ། །བསྙེན་དང་བསྒྲུབ་དང་ལས་ལ་སྦྱར། །ལས་ཀྱི་ལྷག་མ་ཡང་ངེས་པར། ཁུ།བ་པ་ཡིན་པར་འདོད། །ཡོངས་རྫོགས་ཤིས་བསྟན་པ་ལ། །དེ་ཡི་བསྙེན་པ་བསྒྲུབ་པ་དང་། །ལས་ལ་སྦྱར་དང་ལས་ཀྱི་ལྷ། །ལྷག་མ་ཉེ་བར་བསྒྲུབ་པ་དང་། །དེ་དག་ངེས་པར་བྱད་པ་སྟེ། ་་ག་གི་ལས་ཀྱི་མཐའ་སྡུད་ཡིན། ་རྐོ་ས་སྒྲུབ་ཐབས་མཐའ་སྡུད་དེ། །ལས་ཀྱི་མཐའ་སྡུད་དྲུག་ཏུ་འདོད། ཁོ༑་ས་ལ་ཡང་གསུམ་ཡིན་ཏེ། །མ་མོ་འཇིགས་ས་བསྟན་པ་ནི། །དགྲ་ཡིས་བསད་པ་བསྟན་པ་ཡང་། །མ་མོ་གཟིར་བའི་ཚུལ་བསྟན་ཏེ། །དགྲ་ཡིས་བསད་པ་བསྟེན་པ་དང་། །མ་མོ་ཡང་བསད་པའི་ཚུལ་བསྟན་པ། །དགྲ་ཡང་བསད་པའི་ཚུལ་ཡིན་ནོ། །དེ་ཡང་འདི་ལྟར་ཤེས་བྱ་སྟེ། །མ་མོ་འཇིགས་བསྒྲུབ་ལ་ནི། ་རྒོ་ས་དཀྱིལ་འཁོར་ཚུལ་བཞིན་བྲི། །ཏིང་འཛིན་ཚུལ་ལམ་འཇིགས་ས་སྟེ། །མ་མོ་དབུས་སུ་བསྐྱེལ་ནས་ཀྱང་། །སེང་ལྡེང་ཕུར་བུ་ལག་གཡོན་གྱིས། །རང་གི་ཡོངས་སུ་དབལ་བར་བསྟན། །སྔགས་ཟློས་འཇིགས་པའི་ས་གཞི་ཡིན། །དེ་ནས་ཕུར་བ་མ་མོ་ཡི། །སྙིང་ཁར་བསྟན་ནས་སྔགས་ཟློས་པ། །མ་མོ་གཟིར་བའི་ཤིས་ཡིན། །དེ་ནས་ཕྱུར་པ་མ་མོ་ལ། །བཏབ་པས་བདུད་རྩི་གསོ་བྱེད་ལ། །མ་མོ་བསད་ཚུལ་ཤི་ས་ཡིན། །འདི་ནི་རྣལ་འབྱོར་མཆོག་གི་ལས། །ཐམས་ཅད་ཀུན་གྱི་བྱ་བ་མིན། །དེ་ལྟར་མ་མོ་སྒྲུབ་པ་སྟེ། །དབྱེ་བ་གང་ཡང་མི་ཤེས་པར། །ལས་ཀྱི་མ་མོ་ལས་རྩོམ་པ། །ཕུང་བྱེད་ལས་ཀྱི་མཐའ་འཁོར་ཏེ། །འཇིག་རྟེན་རིམས་དང་དལ་གྱིས་འགོངས་། །ལས་ཀྱི་མ་མོ་ཁ་གཏིང་འཁྲུགས། །གནོད་པ་དགྲ་བས་རང་ལ་མང་། །ཕན་ན་དགྲ་བས་རང་ལ་འབྱུང་། །མ་མོ་སྒྲུབ་པའི་དཀྱིལ་འཁོར་ཡང་། །རྒྱས་པར་ང་ཡི་བཤད་པར་བྱ། །དང་པོ་ཕྱི་ལྟར་བསྒྲུབ་པ་དང་། །རྡུལ་ཚོན་ལེགས་པར་བྲིས་བྱས་ཏེ། །མཚམས་བཞི་་མདའ་དར་མེ་ལོང་ཡང་། །རལ་གྲི་ཕུར་པ་སྐུད་པས་སྤྲས། །དར་གྱི་ཡོལ་བ་བླ་རེ་དང་། །མ་མོ་སྒྲུབ་པ་ཕྱི་བསྒྲུབ་ཡིན། །དེ་ནས་མ་མོ་ནང་བསྒྲུབ་ཡང་། །ཞིང་ཆེན་ཞིང་ཆུང་རྩིག་པ་ལ། །ཐོད་པ་སྐམ་རློན་ཁ་བད་བཏགས། །མཆོག་ཆེན་མཆོག་ཆུང་སྟེང་ནས་ཕུལ། །འོག་ནས་རག་ཏའི་རྦ་ཀློང་ཞབྲུག། །སྟེང་ནས་ཞིང་གི་བླ་བྲེ་བཀྲམ། །ཕྱོགས་རྣམས་ཞིང་གི་ཡོལ་བས་བསྐོར། །མཚམས་སུ་མི་དབང་རྒྱལ་མཚན་གཟུགས། །ནང་ལྟར་བསྒྲུབ་པའི་དཀྱིལ་འཁོར་ཡིན། །དེ་ནས་གསང་བའི་དཀྱིལ་འཁོར་ཡང་། །གོང་གི་དེ་ཡི་ནང་དུ་ཡང་། །རྒོལ་ཁོག་པ་གྲུབ་བཞིར་གདེ་ནས། ཁྲེར་གྱི་སྒོར་ནི་མགོ་བོ་སྟེ། །རྐང་པ་ནུབ་ལ་གཡས་པ་ལྷོ། །ལག་པ་གཡོན་ལ་བྱང་གི་སྒོ། །འདི་ནི་གསང་བའི་དཀྱིལ་འཁོར་རོ། །ཡང་གསང་རྨད་ཀྱི་དཀྱིལ་འཁོར་ནི། །རང་རང་སྔགས་པའི་ཞིང་ཆེན་ནམ། །ན་ཆུང་ཁོག་པ་དཀྱིལ་འཁོར་ཡིན། །བྱ་བྲལ་རྫོགས་པའི་དཀྱིལ་འཁོར་ཡིན། །གྲི་རྒོད་སྙིང་གི་དཀྱིལ་འཁོར་ཡིན། །ཡོངས་རྫོགས་མི་དབང་ཙིཏི་ཡིན། །དཀྱིལ་འཁོར་ཡིན་ཏེ་དེ་ལྟར་རོ། །དཀྱིལ་འཁོར་དེ་ལྟར་ཤེས་པ་དང་། །དེ་ཡི་དཀྱིལ་འཁོར་ཡོད་པ་དེ། །མ་མོ་ངང་གིས་འདུ་བར་འགྱུར། །དཀྱིལ་འཁོར་ཟབ་མོའི་ཕན་ཡོན་ནོ། །སྒྲུབ་ལུགས་དེ་ལྟར་རེ་རེ་ལ། །ལས་ནི་རྣམ་པ་བཞི་ཡིན་ཏེ། །བསད་དང་གསོ་དང་དབབ་དང་བཅད། །འདི་ཡང་ལས་ཀྱི་མཐའ་སྡུད་ཡིན། །གསད་ལ་ནང་ལ་སོགས་པ་སྟེ། །གསོ་ལ་ཕྱི་ལྟར་བསྒྲུབ་པ་ཤིས། །དབབ་བཅད་གཉིས་ཀྱང་དེ་བཞིན་ནོ། །ལས་ཀྱི་སྦྱོར་བ་མ་ཤེས་པར། །འཁྲུལའཁོར་བརྩམ་པ་སྙིང་རེ་རྗེ། །མི་ཤེས་པ་དང་ཐེ་ཚོམ་པ། །ཉམ་ང་འཇིག་དང་ལེ་ལོ་དང་། །མི་གསང་ལ་སོགས་ཀུན་སྦངས་ནས། །བསྒྲུབ་ན་མ་མོ་འགྲུར་པར་ངེས། །མ་མོ་སྒྲུབ་པར་བྱེད་པ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་བཅུ་གཉིས་པའོ། །དེ་ནས་མ་མོའི་གཡང་ས་ཡང་། །འདི་ལྟར་མཁས་པས་ཤེས་པར་གྱུས། །དང་པོ་ཡེ་ཤེས་མ་མོ་ཡི། །སྒྲུབ་པས་བདག་དོན་འདོད་པལ། །ལས་ཀྱི་མ་ནོར་འཁྲུལ་པ་ནི། །འདི་ནི་མ་མོའི་གཡང་ས་སྟེ། །ལྟུང་པ་གཞན་གྱི་དོན་དུ་ལྷུང་། །ལམ་གྱི་མ་མོ་སྒྲུབ་པ་ལས། །ལས་ཀྱི་མ་མོ་དེ་བཞིན་ནོ། །མ་མོ་གཡང་ས་གཉིས་པ་ཡིན། །ལས་ཀྱི་མ་མོ་སྒྲུབ་པ་ལ། །ཡེ་ཤེས་མ་མོར་གོལ་བ་ནི། །མ་མོའི་གཡངས་གསུམ་པ་ཡིན། །འཇིག་རྟེན་ཕན་ཡོན་ལས་པ་ཡི། །ལས་ཀྱི་མ་མོ་གང་ཡིན་པ། །འདི་ནི་ཡེ་ཤེས་མ་མོ་ཟེར། །སྲིད་མོ་ལ་ནི་སངས་རྒྱས་ཟེར། །མ་མོའི་གཡངས་ཆེན་པོར་ལྷུང་། །མནར་མེད་གནས་སུ་སྐྱེ་བར་འགྱུར། །སེམས་ཅན་ཕན་པ་འབའ་ཞིག་མཛད། །འདི་ལ་ལས་ཀྱི་མ་མོ་ཟེར། །མནར་མེད་གནས་སུ་དེ་སྐྱེ་བས། །འདི་རྣམས་མ་མོའི་གཡང་ས་སྟེ། །མམོ་དབྱེ་བ་མ་ཤེས་པར། །གཡང་ས་ལས་ནི་ཐར་མི་འགྱུར། །མ་མོ་གནས་ཀྱི་གཡང་ས་ཡང་། །ཡེ་ཤེས་མ་མོ་རང་གནས་ཡང་། །འོག་མིན་ལ་སོགས་ཡིན་པ་ལས། །དཔག་བསམ་ཤིང་དང་རི་རབ་ལ། །ཡེ་ཤེས་མ་མོའི་གནས་བྱེད་གོལ། །འདི་ནི་གནས་ཀྱི་གཡང་ས་ཡིན། །ལས་གྱི་མ་མོ་དེ་བཞིན་ནོ། །རི་རབ་དང་ནི་གླིང་བཞི་སོགས། །ལས་ཀྱི་མ་མོ་གནས་ཡིན་ཏེ། །རྣལ་འབྱོར་རང་གི་ལུས་པོ་ལ། །ལས་ཀྱི་མ་མོ་གནས་འདོད་གོལ། །དེ་ཡང་གནས་ཀྱི་གཡང་ས་ཡིན། །རང་གི་དཔལ་ཆེན་སྐུ་ཡིན་ནོ། །དཔལ་གྱི་ལུས་ལ་སྲིན་མོ་གནས། །སྐད་གཅིག་གནས་ནི་ཡོད་མ་ཡིན། །དེ་ན་གནས་ཀྱི་གཡང་ས་མིན། །རི་རབ་གླིང་བཞི་ལས་ཀྱིགནས། །ཡེ་ཤེས་ཆོས་ཉིད་མ་མོ་ལ། །ལས་དང་བག་ཆགས་རྡུལ་ཡང་མེད། །དེ་ཕྱིར་གནས་ཀྱི་གནས་ལ་བསྟན། །ལམ་དང་འབྲས་བུའི་མ་མོ་གཉིས་སེམས་ཅན་གནོད་པ་མི་མཛད་དོ། །ཙྭ་དང་མུ་གེ་སད་སེར་དང་། །རིམས་དང་ནད་དང་དལ་སོགས་པ། །ཡེ་ཤེས་མ་མོའི་མཐུ་ཡིན་ཟེར། །འདི་ཡང་ལས་ཀྱི་གཡང་ས་ཡིན། ལས་ལས་གྲུབ་པའི་མ་མོ་ནི། །སེམས་ཅན་བདེ་དང་དགའ་བ་དང་། །རང་གི་བླ་མེད་རིགས་འཛིན་ལ། །ལས་ཀྱི་མ་མོའི་མཐུ་ཡིན་ཟེར། །ལས་ཀྱི་གཡང་ས་གཉིས་པ་ཡིན། །ཡེ་ཤེས་མ་མོའི་མཚན་ཉིད་ནི། །རང་རིག་ཡེ་ཤེས་དབྱིངས་ན་གསལ། །ལས་ཀྱི་མ་མོའི་མཚན་ཉིད་ནི། །ཉོན་མོངས་དུག་ལྔ་ཁོང་ནས་ཞབྲུག། །དེ་གཉིས་དབྱེ་བ་མ་ཤེས་པར། །མཚན་ཉིད་གཡང་ས་ཆེན་པོར་འགྲོ། །ལམ་དང་ཡེ་ཤེས་མ་མོ་ལ། །མཆོད་པས་མཉེས་ཤིང་དོན་མཛད་མེད། །མ་བསྐངས་མི་དགེས་གནོད་མི་མཛད། །དེ་ལ་མདོས་ཀྱིས་སྐོང་བ་གོལ། །འདི་ནི་སྐོང་བའི་གཡང་ས་ཡིན། །འཇིག་རྟེན་ལས་དང་དམ་ཚིག་གི། །མ་མོ་འདི་ཡི་ཤ་ཆོས་ནི། །བསྐང་ན་དགའ་བདེ་ཕན་པ་མེད། །མ་བསྐངས་མི་དགའ་གནོད་མ་བྱེད། །འདི་ལ་མི་སྐོངས་གོལ་ས་སྟེ། །འདི་ཡང་སྐོང་བའི་གཡང་ས་ཡིན། །མི་རྟག་འཇིག་ཅིང་རྟེན་པ་ནི། །འདི་རྟེན་མ་མོ་ཞེས་ཀྱང་བྱང་། །དྲག་པོའི་ལས་ལས་གྲུབ་པས་ན། །ལས་ཀྱི་མ་མོ་ཞེས་ཀྱང་བྱ། །མུ་ཁ་ལེ་ས་ཡི་དམ་ཚིག། །དམ་ཚིག་མ་མོས་ཞེས་བྱ་བ། །ཐ་དད་གསུམ་དུ་འདོད་པ་གོལ། །འདི་ནི་མིང་གི་གཡང་ས་འོ། །སྲིད་པ་རྒྱུད་ལུང་ལས་བྱུང་བའི། །རི་རབ་གླིང་བཞི་ལ་སོགས་པའི། །དབྱིབས་དང་ཚད་སོགས་མ་ཤེས་པར། །མདོ་སྡེ་ཐེག་པ་ལ་ལྟ་ཞིང་། །སྲིད་པོ་སྦྱི་མདོས་བྱེད་པ་གོལ། །མདོས་ཀྱི་ཚད་ཀྱི་གཡང་ས་ཡིན། །མདོས་ཀྱིས་དབྱེ་བ་མ་ཤེས་པར། །མདོས་ཀྱི་ལས་ལ་འཇུག་པ་གོལ། །མདོས་ཀྱི་ལས་ཀྱི་གཡང་ས་ཡིན། །མདོས་ཀྱི་ལས་ཀྱི་མཐའ་སྡུད་བརྒྱད། །བྱེ་བྲག་རིམ་པར་མ་ཤེས་པར། །མདོས་ཀྱི་ལས་ཀྱི་མཐའ་སྡུད་མེད། །ལས་ཀྱི་མཐའ་སྡུད་གཡང་ས་ཡིན། །མདོས་ཀྱི་རྒྱུ་དང་ཚད་དང་དབྱིབས། །ཁ་དོག་སོལ་སོགས་བཞི་བཅུ་བརྒྱད། །དེ་དག་བྱེད་བྲག་མ་ཤེས་པར། །མདོས་ཀྱི་བྱེ་བྲག་གཡང་ས་ཡིན། །ཏིང་འཛིན་ས་ཡི་བཤགས་པ་ཡང་། །ལས་ཀྱི་མ་མོ་དག་ལ་བཤགས། །བཤགས་པའི་གཡང་ས་གཉིས་པ་ཡིན། །དམར་གཏོར་ཤ་ཁྲག་དམ་རྫས་དང་། ཁེལ་གོང་ནག་མོ་ལ་སོགས་པས། །ལས་ཀྱི་མ་མོ་བསྐང་བ་སྟེ། །སངས་རྒྱས་ཤད་དང་ཁྲག་མི་གསོལ། །སྲོག་དང་མདངས་ལ་མངའ་མི་བརྫོད། །ལས་ཀྱི་མ་མོ་བསྐང་བ་ལ། །ཡེ་ཤེས་མ་མོ་སྐོང་བ་གོལ། །འདི་ནི་སྐོང་བའི་གཡང་ས་ཡིན། །རང་རིག་རང་གསལ་ཡེ་ཤེས་དེས། །མཐའ་དབུས་མེད་པའི་ཆོས་ཉིད་དེ། །མི་སླུ་བས་ན་དོནདམ་ཡིན། །སྐྱེ་འགག་མེད་པས་འདུས་མ་བྱས། །རང་བྱུང་ཡིན་པས་འཇིག་རྟེན་འདས། །དེ་དག་ཡེ་ཤེས་དེ། །མང་པར་འདོད་པ་མིང་ལས་གོལ། །འདི་ནི་མིང་གི་གཡང་ས་ཡིན། །ཡེ་ཤེས་མ་མོའི་མ་མི་གསོད། །སྲོག་ཆགས་འདས་ལ་དེ་མི་གཟིགས། །དབུགས་དང་སྲོག་ལ་དེ་མི་དབང་། །དྲོད་དང་རུས་ལ་དེ་མི་གཟིགས། །སེམས་ཅན་གནོད་པ་སྤངས་པའི་ཕྱིར། །དེ་ལྟ་བུ་ཡེ་ཤེས་མ་མོ་ལ། །སྲོག་གཅོད་ཟར་ནས་དགྲ་ལ་སྦྱོར། །ལིང་ག་ལ་སོགས་བསྟན་བྱེད་ཅིང་། །གསོད་པ་གསོ་བར་གོལ་བ་སྟེ། །འདི་ནི་གསང་པའི་གཡང་སའོ། །སྲོག་དང་མདངས་ལ་སོགས་པ་ལ། །སྐུར་པ་འདེབས་པའི་གཡང་ས་ཡོད། །སྲོད་ལ་དགའ་བའི་ཤ་ཁྲག་ཟ། །མཚན་མོ་དུར་ཁྲོད་ཁྱབ་པར་ཉུལ། །འདི་ནི་ལས་ཀྱི་མ་མོ་སྟེ། །འདི་ལས་བསད་པའི་ལས་ལ་ནི། །རིགས་འཛིན་དངོས་གྲུབ་འདོད་ན་གོལ། །འདི་ནི་དངོས་གྲུབ་གཡང་ས་ཡིན། །ལས་ཀྱི་མ་མོ་འདི་ལ་ཡང་། །མཚན་ཉིད་ངོ་བོ་ལས་དང་གནས། ཁུ།་དང་འབྲས་བུ་ས་དང་ལམ། །ངེས་ཚིག་ལམ་དང་གནས་དང་རྒྱུད། །འབྲས་བུ་ས་དང་ལམ་དང་རྟགས། །དབྱེ་བའི་མིང་ལ་སོགས་པ་ཡི། །སུམ་ཅུ་རྩ་བརྒྱད་དབྱེ་བ་ཡིས། །ལམ་གྱི་མ་་མོ་བཤད་པ་ཡིན། །དེ་བཞིན་ཡེ་ཤེས་མ་མོ་ལ། །ཡེ་ཤེས་མ་མོའི་མཚན་ཉིད་དང་། །ཡེ་ཤེས་མ་མོའི་ངོ་བོ་དང་། །ཡེ་ཤེས་མ་མོའི་ལས་དང་། །ཡེ་ཤེས་མ་མོའི་ལམ་དང་ཡང་། །ཡེ་ཤེས་མ་མོའི་རྣམ་གྲངས་དང་། །ཡེ་ཤེས་མ་མོའི་རྒྱུད་དང་གནས། །ཡེ་ཤེས་མ་མོའི་བབྲས་བུ་དང་། །ཡེ་ཤེས་ས་དང་ལ་མ་དང་ནི། །ཡེ་ཤེས་མ་མོ་དབྱེ་བ་མིང་། །ཡེ་ཤེས་མ་མོ་ལས་གོལ་དང་། །མཚན་མ་གོལ་དང་གནས་གོལ་དང་། །ངོ་བོ་གོལ་དང་དབྱེ་བ་གོལ། །ནུས་པ་རྟགས་ལ་སོགས་པ་ཡིན། །སུམ་ཅུ་རྩ་བརྒྱད་དབྱེ་བ་ཡི། །ཡེ་ཤེས་མ་མོ་དབྱེ་བ་སྟེ། །བཤད་པ་དེ་ལྟར་མ་ཤེས་པར། །མ་མོ་བསྒྲུབ་པ་གཡང་ས་ཡིན། །གཡང་སར་ལྷུང་ལ་མི་སྤྱོད་པར། །ཉོན་མོངས་དབང་པོ་ཐོ་ཅོ་སྤྱོད། །དེ་འདྲའི་སེམས་ཅན་སྙིང་རེ་རྗེ། །དམ་པའི་རྫེས་སུ་མི་འབྲང་པར། །ཉོང་མོངས་དབང་གིས་གསང་སྔགས་སྤྱོད། །འདི་ནི་སྔགས་ཀྱི་དམ་སྲིད་སྟེ། །ཏིང་འཛིན་སྟོབས་དང་ལྡན་པ་ཡིས། །བསྒྲལ་བའི་ཞིང་ལ་གཏོགས་པ་སྟེ། །འདི་ལ་མ་བསྒྲལ་གཡང་ས་ཡིན། །གཡང་ས་མ་སྤངས་པའི་རྣལ་འབྱོར་པ། །འདབ་ཆགས་ཐ་མ་ཕ་ཝང་འདྲ། །གཡང་ས་སྦངས་པའི་རྣལ་འབྱོར་པ། །འདབ་ཆགས་རྒྱལ་པོ་ཁྱུང་དང་་འདྲ། །གཡང་ཤེས་པའི་རྣལ་འབྱོར་པ། །རི་དགས་རྒྱལ་པོ་སེང་གེ་འདྲ། །གཡང་ས་མ་ཤེས་མ་མོའི་བྱེད། །དུད་འགྲི་ལྕི་བའི་སྦུར་བ་འདྲ། །དེ་བས་མ་མོ་བྱེད་པ་ཀུན། །ཡེ་ཤེས་མ་མོ་རྦད་མི་བྱ། །ལས་ཀྱི་མ་མོ་སྐོང་བ་ཡང་། ཁེལསྒོང་ལ་སོགས་སྲོག་ཆགས་ཀྱི། །འདྲ་བའི་གཟུགས་དང་བཀྲག་དང་མདངས་། །དེ་ཡི་མ་མོ་སྣང་བ་ལ། །སྲོག་དང་ཤ་ཁྲག་ལ་སོགས་པས། །བསྐང་བར་བྱ་བ་མ་ཡིན་ཏེ། །ང་ཡི་བཀའ་ལ་བཏགས་པ་དང་། །ང་ཡི་དམ་་ཚིག་ཕོག་པ་ལས། །སེམས་ཅན་འདོད་པར་འཀྱུར་བ་ནི། །སྐད་ཅིག་མི་བྱེད་དམ་ཚིག་ཡིན། །དེ་ལྟར་མ་ཤེས་བྱ་ལུགས་དེ། །རྒྱུ་ཡི་མཆོག་ཏུ་དེ་བྱས་ན། །མ་མོ་སྐོང་བ་དུག་དང་མཐུན། །མཐའ་རུ་ཕུང་བ་ངས་གསུངས་ཀྱིས། །དེ་བས་སྲོག་ཆགས་འདོད་པ་སྦོངས། །རྟག་ཏུ་མ་ཡང་མཆོད་པ་ཕུལ། སྔགས་དང་སྙིང་པོ་སྒྲ་མ་ཆག །རང་བཞིན་ཤི་བའི་ཤ་ཁྲག་ལས། །གཏོར་མ་མཚན་དང་ལྡན་པ་གཏང་། །བཤགས་པ་བསྐུལ་བརྒྱུན་མ་བཅད། །རང་དང་སྤྱི་ཡི་དམ་ཚིག་བསྲུང་། །ནུས་པའི་བྱ་བ་འབད་ལ་བྱ། །མི་ནུས་བྱ་བ་ཁས་མི་བླང་། །དེ་ལྟར་བྱས་ན་དམ་ཚིག་ལྡན། །དམ་ཚིག་ལྡན་ན་དངོས་གྲུབ་འབྱུང་། །དེ་ལྟར་སྔགས་པས་ནན་ཏན་གྱིས། །གསང་བས་གཡང་ས་ལྷུང་བ་མེད། །མ་མོའི་གཡང་ས་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་བཅུ་གསུམ་པའོ། །དེ་ནས་གསང་བ་སྔགས་ཀྱི་ལེལྭ །ལས་ངན་སེམས་ཅན་འདུལ་བ་དང་། །བསྟན་པ་གནས་པར་བྱ་བའི་ཕྱིར། །ང་ཡིས་ཁྱེད་ལ་བཤད་པར་བྱ། །བསད་པ་སྲོག་གི་འཁོར་ལོ་ཡི། །གསང་པའི་གཡང་སྔགས་འདི་ཡིན་ཏེ། །མ་མ་ར་ཙ་ཆེ་གེ་མོ་བཱ་ར་ཡ་ནན། །དུ་མན་ཏ་ཀ་ནན། །ཀ་ར་ཎ་ན་ན་ཎ། །ཆེ་གེ་མོ་བཱ་ར་ཡ་ལས་མཇོད་ཅིག། །གསང་བ་སྲོག་གི་འཁོར་ལོའི་མནན་པའི་སྔགས་སོ། །དེ་ནས་ཡང་མཛེ་ནག་ལས་ཀྱི་འཁོར་ལོའི་སྔགས་ལ། །ནཱ་ག་ནཱ་ག་ཤག། །ཆེ་གེ་མོ་དུ༷་བ་དུམ་ཡ་ཤིག་ཆེ་གེ་མོ་ཙིསྟ་ཛྲ་ལ་ཡ་ཀ་རི་ན་ན་ཎ་ཎནཱ་ག་ཡ་ནཎན་ཎ་ཡ་ལས་མཛོད་ཅིག །མཛེ་ན་ག་ལས་ཀྱི་འཁོར་ལོའི་མནན་པའི་སྔགས་སོ། །ས་བདག་ཞ་གྲུམ་གྱི་ལ། །ཨུ་སྟ་ཨུ་སྟ་བྷན་དྷ་ཆེ་གེ་མོ་བྷན་དྷ་ན་ནཎ། །བྷན་དྷ་ན་ནཎ་ཡ་ཡ་ལས་མཛོད་ཅིག། །ས་བདག་ཞ་གྲུམ་གྱི་མནན་པའི་སྔགས་སོ། །དེ་ནས་སྨྱོ་འབོག་སྙིང་གི་སྔགས་ལ། །མ་ཧྭ་རྭ་ཛ་ནུ་ཆོལ་དབྱང་སྨྲ་རུ་ཆུག་ཆེ་གེ་མོ་རྡུལ་དུ་ཆུག། །མ་ཧྭ་ར་ཙ་ཆེ་གེ་མོ་ན་ཎ་ཎན་ཡ་ཡ་ལས་མཛོད་ཅིག། །ཡ་ཆོད་སྨྱོ་འབོག་སྙིང་གི་འཁོར་ལོ་བསྐོར་བ་མནན་པའི་སྔགས་སོ། །ནག་མདོས་ཀྱི་བཟློག་པའི་སྔགས། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྲོག་སྙིང་རྩ་རུ་འདི་རུ་སྟེ། །དབྱིངས་ཀྱི་ཡུམ་དྲུག་སྨྱོ་བཟློག་སྔགས། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །འདི་མ་མོ་བཅུ་བཞིའི་བཟློགས་པའི་སྔགས་སུ་ཤེས་པར་བྱ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྨྱོ་སྦྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། །སྨྱོ་སྨྱོ་སྨྱོ་སྤྱོ་སྨྱོ་སྨྱོ་སྨྱོ་སྨྱོ་བོ མདོས་མ་མོ་ལྔ་བཅུ་རྩ་བརྒྱད་སྲོག་སྙིང་ཡིན་པར་གསུངས་པ་ཡིན། །བསད་པའི་མདོས་ཀུན་གྱིས་མཐའ་མྱ་ར་ཡ་དང་ཐུན་པང་གདགས། །དེ་ནས་མདོས་ཀྱི་ལས་བརྒྱད་ལ། །གདོན་བྱས་པ་ལ་མུ་ར་ཡ་ཕཊ། །རང་སྔགས་གཞུག་ལ་གདགས་པར་བྱ། །བཀྲ་ཤིས་སྦ་ཏི་སི་དོ་སྟེ། །ཚེ་ལ་ཨུ་ཡུ་ཙྭ་ན་བསྲུང་བ་བཛྲ་རཀྟ་ཏེ། །ཁྲུས་ནི་སྣ་ལྔ་སྔགས་སུ་ཤེས། །དབང་ལཨ སྟི་ཁི྅་ཡིན། །སེམས་བསྐྱེད་དམ་ཚིག་གི་སྔགས་པོ་དྷི་སྣིས་མ་ཡ་ཡིན། །མ་མོ་ཚོགས་ཀྱི་འཁོར་ལོའི་སྔགས། །མ་མོ་འག་ན་ཙསྐྲ་ཡིན། །མགོ་གཞུགས་པའི་བཞིན་རྣམས་བརྟགས། །མ་མོ་ལས་ཀྱི་ཐུན་སྡུད་སྔགས། །ཟབ་པ་སྔགས་ཀྱི་ལེའུ་སྟེ། །སྲིད་པ་རྒྱུད་ལུས་ལས་ལེའུ་སྟེ་བཅུ་བཞི་པའོ། །དེ་ནས་མ་མོའི་ལྟ་བ་ཡིན། །གཉིས་མེད་བདེ་ཆེན་ཀློང་དུ་ལྟ། །རང་འབྱུང་མ་མོ་དང་དུ་ལྟ། །སྣང་སྲིད་ཡུམ་གྱི་བྷ་གར་ལྟ། །སྐྱེ་འགྲོ་འབྱུང་བ་ལྔ་རུ་ལྟ། །སྣང་ཞིང་སྲིད་པ་གྲོལ་བར་ལྟ། །རང་བྱུང་ཡེ་ནས་དག་པར་ལྟ། །ཡེ་ཤེས་མ་མོའི་ལྟ་བ་ཡིན། །ལམ་གྱི་མ་མོའི་ལྟ་བ་ཡང་། །སྣང་ཞིང་སྲིད་པ་སྒྱུ་མ་སྟེ། །སྒྱུ་མ་ཡེ་ནས་རང་བཞིན་མེད། །རང་བཞིན་མེད་ལས་རང་བཞིན་བྱུང་། །རང་བཞིན་གྲོལ་བའི་སེམས་ཅན་ལ། །ཐུགས་རྗེས་འགྲོ་བ་སྐྱོབ་མཛདཔ། །ལམ་གྱི་མ་མོའི་ལྟ་བ་ཡིན། །ལས་ཀྱི་མ་མོའི་ལྟ་བ་ནི། །སྙིང་རྗེ་མེད་ཅིང་གསོད་ལ་དགའ། །མི་ཤ་ཁྲག་ལ་ལོངས་སྦྱོད་བྱེད། །སེམས་ཅན་སྲོག་དང་གསོད་པར་བྱེད་། །ནད་དང་རིམས་ཀྱི་བདག་མོ་སྟེ། །ཁ་ནས་ནད་ཀྱི་རླང་བ་འཐོར། །སྣ་ནས་བསྐལ་པའི་རླུད་དམར་འ་། །མིག་ནས་སྔོན་དམར་གཞའ་ཚོན་འཆར། །སྣང་སྲིད་ཞིག་པར་བྱ་བ་སྟེ། །མ་མོ་ང་ནི་འཇིགས་བྱེད་ཡིན། །སྣོད་ཀྱི་འཇིག་རྟེན་ཞིག་བྱ་སྟེ། །སད་སེར་རྩ་ནི་འཇིགས་བྱེད་ཡིན། །བཅུད་ཀྱི་འཇིག་རྟེན་ཞིག་བྱ་སྟེ། །རིམས་དང་ནད་དང་དལ་དང་མཚོན། །བསྐལ་བ་འཇིག་པར་བྱེད་པ་སྟེ། །ཧ་ཡིས་སེམས་ཅན་སྒྲགས་པར་འགྱུར། །ཧུ༷་གིས་སེམས་ཅན་སྒྲགས་པར་སྤྲོ། །འདོད་ཆགས་ཞེས་སྡང་ལ་སོགས་པ། །འཁྲུག་པ་ལས་ཀྱི་མ་མོ་ཡི། །ལྷ་བ་ཡིན་པར་ང་ཡིས་བཤད། །མ་མོའི་ལྟ་བ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་གི་ལེའུ་སྟེ་བཅོ་ལྔ་པའོ། །དེ་ནས་མ་མོའི་སྤྱོད་པ་ཡང་། །གང་དུ་ས་ཕྱོགས་དཀར་བ་སྲ །སྐུ་དང་མཆོད་རྟེན་བརྩིག་པ་དང་། །ཚ་ཚ་འདེབས་དང་ཉེ་འདོན་དང་། །ཟམ་འཕྲང་ཆོས་དང་བསྐོར་བ་དང་། །ཡི་གེ་འདྲི་མཆོད་བཀླག་པ་དང་། །ཉན་དང་ཁ་དོན་ལ་སོགས་པའི། །མདོར་ན་དཀར་པོའི་ཆོས་རྣམས་དང་། །དེ་ཡི་རྫས་དང་ཡོ་བྱད་དང་། །བཅང་ཞིང་རྩ་བསྤྱོད་པ་ཡིན། །མ་མོ་གོང་མའི་སྤྱོད་པའོ། ལས་ཀྱི་མ་མོ་སྦྱོད་པ་ནི། །མི་ཤཁྲག་ལ་ལོགས་ཀུསྤྱོད་བྱ། ཁྲ་ཆེན་ཟ་ཞིང་ཁྲག་ཆེན་བཏུང་། །ལས་་ཀྱི་མ་མོ་བདུན་ཅུ་བརྒྱད། །ལུས་འཁོར་ལོའི་རྩིབས་བཅུ་གཉིས་ལ་དྲག་སྔ་དགོད། །མ་མོའི་སྐུ་གཟུགས་བྲིས་ནས། །ཚིལ་ཆེན་དུད་པ་རྒྱུན་མི་བཅད། །ཚིལ་ཆེན་མེ་མར་དེ་བཞིན་གཏང་། །དང་པོ་ལྔ་ཡི་མཆོད་པ་ཡང་། །དུས་དྲུག་རྒྱུན་མི་བཅད་པར་དབུལ། །རྐང་གི་གླིང་བུ་བུད་པར་བྱ། །ཐོད་པའི་ཆ་ལང་བརྡབ་པར་བྱ། །ཐོད་པ་བཏགས་ལ་རྔ་ཡང་བརྡུང་། །སྲིད་པ་སྤྱི་བླུགས་ཝ་ས་ཆེན་བགོ །སོར་ཚིགས་འཕྲེང་བ་བགྲང་བར་བྱ། །བུད་མེད་ཚུལ་དུ་ལབ་ཆུང་བགོ། །རང་ག་ཆེན་མཚོག་གསལ་དམིགས་ཏེ། །བདུན་གནས་རྣམས་ནི་མ་མོར་ལྟ། །སྣང་ཞིང་སྲིད་རྫས་རྣམ་པ་ཀུན། །མ་མོའི་རྫས་སུ་བལྟ་བར་བྱ། །བུད་མེད་ཚོགས་ལ་ཁྲོ་མི་བྱ། །རང་གིས་ཉེས་ན་དཔང་མི་གཟུགས། །དུར་ཁྲོད་ཆས་ཀྱི་སྦྱོད་པ་དང་། །སྨན་མོའི་སྤྱོད་པ་འཕྲལ་དུ་བྱ། །མདོས་ན་གདུག་ཅིང་ག་་པ་ཡི། །སྤྱོད་པ་བྱ་བར་མ་གསུངས་སོ། །སྲིན་པོ་དང་ནི་སྲིན་མོ་ཡིན། །སྦྱོད་པ་ཡིན་པ་ང་ཡིས་གསུངས་། །མ་མོའི་སྤྱོད་པ་བསྟན་པ་སྟེ། །སྲིད་པ་རྒྱུད་ལུང་ལས་ལེའུ་སྟེ་བཅུ་དྲུག་པའོ།། །།།དེ་ནས་མ་མོའི་དཀྱིལ་འཁོར་ནི། །ཆོས་ཉིད་བརྟག་པའི་ངང་ལ་འདོད། །མ་བཙེས་བདལ་བའི་དཀྱིལ་འཁོར་ནི། །ཆོས་ཉིད་སྤྱི་ཁྱབ་ཆེན་པོར་འདོད། །རང་རིག་རང་གསལ་དཀྱིལ་འཁོར་ནི། །ཡེ་ཤེས་སྣང་བ་ཆེན་པོར་འདོད། །བྷ་ག་ཡོངས་ཀྱི་དཀྱིལ་འཁོར་དང་། །བདེ་ཆེན་ཐིག་ལེའི་དཀྱིལ་འཁོར་དང་། །བྱ་རྩལ་ལྷུན་གྲུབ་དཀྱིལ་འཁོར་དང་། །མཐའ་དབུས་གཉིས་མེད་དཀྱིལ་འཁོར་དང་། །ཡ་མཚན་རྨད་དུ་བྱུང་བའི་དཀྱིལ་འཁོར་དང་། །ངོ་མཚར་ཡོངས་རྫོགས་དཀྱིལ་འཁོར་དང་། །བདེ་ཆེན་ཀློང་འབྱམས་དཀྱིལ་འཁོར་དང་། མཁའ་དབྱིངས་ལྷུན་གྲུབ་དཀྱིའ་འཁོར་དང་། །བདལ་བ་ཆེན་པོའི་དཀྱིལ་འཁོལ་ཡིན། །ཡེ་ཤེས་མ་མོའི་དཀྱིལ་འཁོར་ཡིན། །ཇི་ལྟར་འདུལ་བའི་དཀྱིལ་འཁོར་ནི། །ལམ་གྱི་མ་མོའི་དཀྱིལ་འཁོར་ཡིན། །ཕྱིར་རུ་རྡུལ་ཚོན་དཀྱིལ་འཁོར་དང་། །ནང་དུ་ཀེང་རུས་དཀྱིལ་འཁོར་་ངང་འང་ཏེངངང་་སྙེའིང་ངདེངང་སགས། །སྒྲུབ་པའ་སྐབས་སུ་གསུངས་པ་ཀུན། །ལས་ཀྱ་མ་མའ་དཀྱལ་འཁར་ ། །ཕྱར་ཡ་དཀྱལ་འཁར་རང་ལ་ཡང་། །དང་པ་བ ན་པ ་དཀྱལ་འཁར་ཡན། ། ་ནས་བསྒྲུབ་པའ་དཀྱལ་འཁར་དང་། །ལས་ལ་སྦྱོར་པའི་དཀྱིལ་འཁོར་དང་། །ལས་ཀྱི་ལྷག་པའི་དཀྱིལ་འཁོར་དང་། །ལྷག་མ་ངེས་པའི་དཀྱིལ་འཁོར་དང་། །ཉེ་བར་བསྒྲུབ་པའི་དཀྱིལ་འཁོར་དང་། །ཐེ་ཚོམ་མེད་པའི་དཀྱིལ་འཁོར་དང་། །ནང་ལ་སོགས་པ་དེ་བཞིན་ནོ། །བདུན་ཕྲག་བདུན་ཡང་བདུན་ཏེ། །བདུན་ཕྲག་བཅུ་གཉིས་མཁས་པས་དབྱེ། དཀྱིལ་འཁོར་དེ་དག་བཟླས་ལུགས་ནི། རང་ལས་དམིགས་ཏེ་བཟླས་པ་དང་། མ་མོ་ལ་དམིགས་ཏེ་བཟླས་པ་དང་། བདག་དང་མ་མོ་ལ་དམིགས་ཏེ་བཟླས་པ་དང་། བཟའ་བ་ལ་དམིགས་ཏེ་བཟླས་པ་དང་། སྲེག་བྱེད་མེ་ལ་དམིགས་ཏེ་བཟླས་པ་དང་། རྫས་དང་བྲལ་བ་ལ་དམིགས་ཏེ་བཟླས་པ་དང་། སྲིད་པ་ལྷ་སྲིན་ལ་དམིགས་ཏེ་བཟླས་པ་དང་། གཟའི་རྟེན་ལ་དམིགས་ཏེ་བཟླས་པ་དང་། །རྒྱ་གར་སྐད་དུ། ཀར་མ་ཌ་ཨེ་ན་ཧི་ཏན་ཏྲ་ནཱ་མ། བོད་སྐད་དུ། བཀོལ་བྱང་ནམ་མཁའི་རྒྱུད་ཅེས་བྱ་བ། །བཅོན་ལྡན་འདས་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྔོན་འདས་པའི་དུས་མ་བྱོན་པའི་སྔོབ་རོལ་ཏུ། །རི་རབ་རིའི་རྩེ་མོ་ལྷ་གཡུང་དྲུང་གི་གནས་སུ་དཔའ་ཆེན་རྡོ་རྗེ་ཧེ་རུ་ཀས། སྣང་ཞིང་སྲིད་པ་ཐམས་ཅད་ཡུམ་གྱི་བྷ་ག་ལས་ཤར་བར་མཁྱེན་ནས། ཡུམ་ཆེན་མོ་མུ་ག་ལེའི་ཀློངནས་གསང་བའོ་སྐུ་ཕྱེད་ནུབ་ཙམ་དུ་བཞུགས་པ་སྟེ། རྣམ་པར་ཐར་པའི་དབུ་གསུམ་གྱིས། སྣང་སྲིད་པ་ཐམས་ཅད་ཟིལ་གྱིས་གནོན་གྱིན་བཞུགས་སོ། །གཞན་ཡང་ཉིད་ལས་མི་པའི་འཁོར་དང་། ལྷན་ཅིག་སྐྱེས་པའི་འཁོར་གཉིས་ལས། །ཚེས་ཀྱི་སྐུའི་ཆ་འཛིན་པའི་དབྱིངས་ཀྱི་ཡུམ་ཆེན་མོ་ལྔ་དང་། །ལོངས་སྤྱོད་རྫོགས་པའི་ཆ་འཛིན་པ་ཡེ་ཤེད་ཀྱི་མ་རྗེ་མོ་བཅུ་བཞི་དག་སྤྲུལ་པའི་སྐུའི་མ་མོ་འཛིན་པན་སྨན་མོ་ལྔ་བཅུ་རྩ་བརྒྱད་དང་། དཀར་མོ་དབུ་དགུ་མ་དང་།སྨུན་མཐིང་གི་རྒྱལ་མོ་དང་། དཔལ་ལྡན་རེ་མ་ཏི་དང་། གཞན་ཡང་ཚངས་མ་ལ་སོགས་པ་དང་། ཀུན་གྲགས་མ་ལ་སོབས་་དང་། བདུད་མོ་དགུ་དང། ཕུགས་བདག་དགུ་དང་། ཁའི་འདུད་མོ་དང་། བདུད་མོ་ཉི་ཤུ་དྲུག་དང་། ཁྱོ་མི་འདོད་བཞི་དང་། ཁྱོ་མི་འདོད་ལྔ་དང་། བསེ་མོ་བཞི་དང་། གདོང་མོ་བཞི་དང་། འཁོར་འདུལ་རྒྱལ་མོ་དང་། བྱང་འབྲོག་དང་། །ཀླུ་བདུད་དང་། སྦ་སིན་དང་། རིགས་ཀྱི་མ་མོ་དང་། རྡོ་རྗེ་དབྱིངས་ཕྱུག་མ་ལ་སོདས་པའི་རྡོ་རྗེའི་རིགས་ཀྱི་མ་མི་བསམ་གྱིས་མི་ཁྱབ་པ་་དང་། རིན་ཆེན་དབྱིངས་ཕྱུག་མ་ལ་སོགས་པ་རིན་ཆེན་རིགས་ཀྱི་མ་མོ་བསམ་གྱིས་མི་ཁྱབ་པ་དང་། །པདྨ་དབྱིངས་ཕྱུག་མ་ལ་སོགས་པ་པདྨ་རིགས་ཀྱི་མ་མོ་བསམ་གྱིས་མི་ཁྱབ་པ་དང་། ལས་རབ་དབྱིངས་ཕྱུག་མ་ལ་སོགས་པ་ལས་ཀྱི་རིགས་ཀྱི་མ་མོ་བསམ་གྱིས་མི་ཁྱབ་པ་དང། །ནམ་མཁའ་དབྱིངས་ཕྱུག་མ་ལ་སོགས་པ་དེ་བཞིན་རིགས་ཀྱི་མ་མི་བསམ་གྱིས་མི་ཁྱབ་པ་དང་། །སྲིད་པ་མོ་རིགས་ཐམས་ཅད་ཀྱིས་བསྐོར་ཞིང་བཞུགས་སོ། །གཞན་ཡང་བདུད་ནག་པོ་བཀྲག་མེད་དང་། དམུ་རྗེཙན་པ་དང་། བཙན་ཡ་མ་སྐྱ་གཅིག་དང་། ཚངས་པ་དུང་གི་ཐོར་ཚུགས་ཅན་དང་། དེ་ནོར་གྱི་བདག་པོ། །ཤན་པ་བྱ་སྤྲིན་དམར་པོ་དང་། ཡར་ལ་ཤོལ་གྱི་སྐྱེ་ཧོ་རེ་དང་། །སྲིད་པའི་སྐོས་རྫེ་བྲང་དཀར་ལ་སོགས་པའི། བགེགས་ཀྱི་བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་བསྐོར་བ་འདི་བཞུགས་སོ། །དེའི་ཚེ་འཁོར་དེའི་ནང་ནས་ལྷ་གནོད་འདུལ་སྟན་ལས་ལངས་ནས། །ཡབ་མངོན་རྫོགས་ཀྱི་རྒྱལ་པོ་ལ་བརྐྱང་ཕྱག་ལན་བདུན་དུ་བཅལ་ནས། །འདི་སྐད་ཅེས་ཞུས་སོ། །མངོན་རྫོགས་རྒྱལ་པོ་ཡབ་ཅིག་ལགས། །སྐུ་གསུམ་རྫོགས་པས་ཐམས་ཅད་འདུལ། །འདུལ་བའི་དུས་ལ་བབ་ལགས་ན། །འཇིག་རྟེན་པ་ཡི་མཁའ་འགྲོ་རྣམས། །དམ་ལ་གདགས་ཤིང་བརྟན་པ་ན་གླིང་བཞི་མི་ཡི་འཇིག་རྟེན་རི་རབ་ཆགས། །ཡོན་ཏན་སྙིང་རྗེའི་ན་ས་བོན་ལས། །བདུད་རྩི་སྲོག་ཤིང་ལྗོན་པར་ཆགས། །སྲིན་ལས་བཞི་ཡི་ས་བོན་ལས། །གླིང་བཞི་རི་བྲན་འཁོར་དུ་ཆགས། །ཡོན་ཏན་སྙིང་རྗེའི་ས་བོན་ལས། །སྲིད་པའི་རི་རྒྱ་མཚོར་ཆགས། །དེ་ལྟར་རི་རབ་གླིང་བཞི་དང་། །གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དང་། །མཐའ་མ་ལྕགས་རི་ནག་པོ་བཅས་པ་ཡང་། །དབྱིབས་དང་ཁྱོན་དང་རྩི་ཤིང་ནགས་ཚལ་དང་། །འབྱུང་བ་ཆེན་པོ་ལྡང་དང་། །མ་མོའི་རང་བཞིན་དུ་གནས་ཏེ་། །ཕྱི་སྣང་བ་རྣམ་པར་དག་པའི་མ་མོ་ཞེས་བྱའོ། །དེ་ལ་རྟེན་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཤ་ཁྲག་སྲོག་དབུགས་ཀྱིས་བསྡུས་པ་རྣམས་མ་མོའི་དཀྱིལ་འཁོར་དུ་གསལ་བ་ནི་ནང་སྲིད་པ་དག་པའི་མ་མོ་ཞེས་བྱའོ། །དེ་ལྟར་ན་སྣང་སྲིད་ཐམས་ཅད་མ་མོའི་དཀྱིལའཁོར་དུ་གསལ་ལོ། །དང་པོ་སྲིད་པ་ཆགས་ཙམ་ན་ལས་ཀྱི་མ་མོ་རྣམས་རབ་ཏུ་འཁྲུགས་ཏེ་སྣང་སྲིད་རབ་ཏུ་གཡོས་སོ། །འགུལ་ལོ། །རབ་ཏུ་འགུལ་ལོ། །ལྡེག་གོ །རབ་ཏུ་ལྡིག་གོ། །འུར་འུར། །རབ་ཏུ་འུར་འུར། །ཀུན་ཏུ་འུར་འུར། །ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་རབ་ཏུ་ཤིག་ཤིག །མཐའ་མཐོ་ན་དབུས་དམའ་འོ། །དབུས་དམའ་ན་མཐའ་མཐོ་བ་ལས། ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་སྣང་སྲིད་ཀྱི་མ་མོ་དབང་དུ་འདུས་སོ། །དེ་ལྟར་ན་འཇིག་རྟེན་ལས་ཀྱི་མ་མོ་རྣམས་བཅོས་ཤིང་བསྐང་བའི་དོན་དུ།བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་འདི་ངས་ཁྱོད་ལ་བཤད་པར་བྱའོ། །ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་ཅེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། གླེང་གཞི་ལེའུ་སྟེ་དང་པོའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། མངོན་རྫོགས་རྒྱལ་པོ་ཡབ་ཅིག་ལགས། མ་ཞེས་བྱ་བ་ཇི་ལྟར་ལགས། མོ་ཞེས་བྱ་བ་ཇི་ལྟར་ལགས། མ་མོའི་མཚན་ཉིད་ཇི་ལྟར་ལགས། སྡེ་དང་ཏན་ཏྲ་དུ་ཞིག་མཆིས།འཇིག་རྟེན་ལས་ཀྱི་མ་མོ་འདི། །བཅོས་ན་ཡོན་ཏན་དུ་དང་ལྡན། །མ་བཅོས་པ་ཡི་སྐྱོན་ནི་གང་། །མངོན་རྫོགས་དཔལ་གྱིས་བཤད་དུ་གསོལ། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། མ་མོའི་མཚན་ཉིད་འདི་ལྟར་རོ། །སྐྱེ་བ་མེད་པས་མ་ཞེས་བྱ། འགག་པ་མེད་པས་མོ་ཞེས་བྱ། །སྡེ་དང་ཏན་ཏྲ་བསམ་མི་ཁྱབ། །ཏན་ཏྲ་སྟོང་ཕྲག་འབུམ་སྡེ་ལས། །བསྡུས་པ་རྣམ་པ་བཅུ་རུ་འདུས། །ལྟ་བའི་རྒྱུད་དང་སྦྱོད་པའི་རྒྱུད། །དཀྱིལ་འཁོར་རྒྱུད་དང་འཕྲིན་ལས་རྒྱུད། །དབང་གི་རྒྱུད་དང་དམ་ཚིག་རྒྱུད། །མ་ཚང་ཁ་སྐོང་རྒྱུད་དང་ནི། །སྤྲོས་པའི་རྒྱུད་དང་རྣམ་པ་བཅུ། །དེ་ལས་བསྡུས་ན་རྣམ་པ་ལྔ། །སྐུ་ཡི་རྒྱུད་དང་གསུམ་གི་རྒྱུད། །ཐུགས་ཀྱི་རྒྱུད་དང་ཡོན་ཏན་རྒྱུད། །འཕྲིན་ལས་རྒྱུད་དང་རྣམ་པ་ལྔ། །ཏན་ཏྲ་སྟོང་ཕྲག་འབུམ་སྡེ་ལས། །ལེའུ་ཉི་ཤུ་རྩ་གཅིག་པ། །རྩ་བའི་རྒྱུད་དུ་གསུངས་པའོ། །བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ། །སྡེ་ཡི་སྦྲོས་པའི་རྒྱུད་དུ་གསུངས། །འཇིག་རྟེན་ལས་ཀྱི་མ་མོ་འདི། །བཅོས་ན་ཡོན་ཏན་བསམ་མི་ཁྱབ། །མ་བཅོས་མི་བདེ་སྣ་ཚོགས་འབྱུང་། །དེས་ན་བཅོས་པ་རབ་ཏུ་གཅེས། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། ཁུད་དབྱེ་བ་དང་སྐྱོན་ཡོན་གྱི་ལེའུ་སྟེ་གཉིས་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། ཁུད་ཀྱི་ངེས་ཚིག་ཇི་ལྡར་ལགས། །དེ་སྐད་གསོལ་པ་གསན་ནས་ཀྱང། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། ཁུད་ཀྱི་ངེས་ཚིག་ངས་བཤད་ཀྱི། །ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། ཁུད་ཅེས་བྱ་བ་འགྲེལ་པའི་དོན། །ལུང་ཞེས་བྱ་བ་གཏན་ལ་འབེབས། །དོན་གྱི་དབྱིངས་བྱིན་མན་ངག་ཡིན། །ཀུན་གྱི་གཞིར་གྱུར་ལུང་ཞེས་བྱ། །དེ་དོན་བཤད་པ་རྒྱུད་ཀྱི་རྒྱལ། །ཐ་སྙད་ཀུན་བྲལ་མན་ངག་ཡིན། །ཞལ་ནས་གསུངས་པ་རྒྱུད་ཀྱི་དོན། །མགུར་དུ་སྟོན་པ་ལུང་ཞེས་བྱ། །ཐུགས་ལ་གནས་པ་མན་ངག་ཡིན། །སྟེང་སྒོ་འོག་སྒོ་ལ་བརྟེན་ནས། །བསྐྱེད་པའི་རིམ་པ་ལ་གནས་པ། །ཐེག་པའི་རྒྱུད་ཅེས་རྒྱལ་བས་གསུངས། །དབྱིངས་དང་ཡེ་ཤེས་ལ་སྨ་ཞིང་། །རྫོགས་པའི་རིམ་པ་ལ་གནས་པ། །ཐེག་པའི་ཡུལ་དུ་རྒྱལ་བས་གསུངས། །རྒྱུ་ལས་མ་བྱུང་རྐྱེན་ལས་མ་སྐྱེས་པ། །རང་བྱུང་ཡེ་ཤེས་ལ་གནས་ཤིང་། །འཁོར་བ་ཀ་དག་རིན་ཆེན་གླིང་། །མན་ངག་ཡིན་པར་རྒྱལ་བས་གསུངས། །གང་ལ་གླེང་གཞི་གླེང་བསླང་ལོངས་སྤྱོད་རྩ་འདབ་བཅུ་དྲུག་སྟེ། །རྣམ་པར་སྣང་མཛད་ལ་ཉོན་པ་འ་མ་བདུན་བསྐོར། །སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་རྣམ་པ་བརྒྱད། །རྡོ་རྗེ་སེམས་དཔའ་ཡེ་ཤེས་མ་མོས་བསྐོར། །སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་སྟེ། །འཇམ་དཔལ་དམར་མོའི་ཚོགས་ལ་ནག་མོ་སྟོང་གིས་བསྐོར། །ཡུལ་དང་དངས་མ་རྩ་ལ་གནས་པ་ཡང་། །རྗེ་མོ་བཅུ་བཞི་སྨིན་པའི་ཡུལ་ཡིན་ཏེ། །སྲིན་མོ་བདུང་དང་གཉེན་པོའི་པ་བདུན་ནི། །དམིགས་ཡུལ་ལ་སོགས་བདུན་ལ་གནས། །ཆགས་ཡུལ་ལྟེ་བ་ཆགས་བྱེད་བནས། །འཇུག་ཡུལ་ཕོ་བ་ཆ་སྙོམས་གནས། །ནམ་མཁའ་རྒྱལ་མོ་སྐྲུན་གཉིས་ནི། །བསྐྱོད་ཡུལ་གདུང་ཡང་སྤྱི་ཕུད་མ། །སྲིད་འདེགས་སྲེག་ཡུལ་གྲུ་གསུམ་མེ་ལ་གནས། །རྩ་ལ་གནས་པའི་མ་མོ་ནི། །གཞུདས་པ་ཇ་ཏ་སྤུན་དྲུག་གོ །སྲོགརྩ་འདོད་ཁམས་ནེ་མཚན་གསུམ། །ཡན་ལག་དམག་དང་སྲིང་མོ་སྟེ། །སྒལ་ཚིགས་དབང་མོ་ཉེར་བརྒྱད་དོ། དངས་མ་དག་ལ་ཡུལ་དྲུག་གནས། །རྣལ་འབྱོར་མ་མོའི་དོན་སྒོམས་པས། །གནས་ལུགས་དེ་ལྟར་ཤེས་པར་བྱའོ། །ཞེས་གསུངས་ས། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །མ་མོ་རྩ་གནས་ཀྱི་ལེའུ་སྟེ་བཞི་པའི། །གནོད་འདུལ་ལྷ་ཡིང་ཡང་གསོལ་པ། །མ་མོའི་བསྐྱེད་རིམ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་བ་གསན་ནས་ནས། །ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། །རྟེན་གྱི་དཀྱིལ་འཁོར་དེ་དབུས་སུ། །རྟེན་ཅན་ལྷ་ཉིད་བསྐྱེད་པ་ནི། །ང་ཡིས་ཁྱོད་ལ་བསྟན་པར་བྱ། །དེ་ནས་རྟེན་ཅན་ལྷ་ཡི་སྐུ། །བདག་ཉིད་ཡོངས་སུ་གསལ་བྱ་བ། །ཡིད་ཆོས་ཧཱུཾ༷་ལས་རབ་གྲུབ་པ། །ཆོ་ག་གསུམ་པའི་འཕྲོ་འདུ་ཡིས། །མངོན་རྫོགས་རྒྱལ་པོ་ང་ཉིད་དང་། །ཡུམ་ཆེན་ཉིད་གཞིའི་སྐུ་རུ་བསྐྱེད། །དབང་བསྐུར་བྱིན་བརླབས་གཞུང་དུ་བྱ། །ཡབ་ཡུམ་གཉིས་ཀྱི་བྱིན་བརླབས་ལས། །ས་ནི་མཁའ་འགྲོ་རྣམ་སྣང་གསལ། །བགྲང་བ་ཆུ་ནི་གཉེན་གསལ་མ། ། མེ་ནི་འོད་གསལ་རང་བཞིན་ཏེ། །དབུགས་ནི་ཡང་གསལ་མ་རུ་གསལ། །བཀྲག་ནི་མཁའ་འགྲོ་བཀྲག་གསལ་འབར། །ཀུན་གཞི་བདེ་འགྲོ་སྲོག་རྩ་ནི། །ཉི་ཟླ་ཐོད་འཕྲེང་ཡིན་པར་འདོད། །དངས་མ་བཞི་ནི་ཁྲོས་པའི་གཟུགས། །ཚོགས་བརྒྱད་དུ་གསལ། །ལྟེ་བ་ལ་སོགས་སྒལ་ཚིགས་རྣམས། །ཆགས་བྱེད་ལ་སོགས་དབང་ཕྱུག་འཁོར། །ཡོངས་སུ་རྫོགས་བར་བསྒོམ་པ་ཡིན། །སྤྱན་དྲངས་མཆོད་དང་བསྟོད་པ་རྣམས། གཞུང་གཞན་དག་ཀྱང་མཐུན་པར་གསུངས། །དེ་ནི་བསྐྱེད་པའི་རིམ་པ་སྟེ། །དེ་ལས་ཡང་དག་བསྒོམ་པར་བྱ། །དེ་ལ་བསྟན་པར་གྱུར་ནས་ནི། ཚོགས་ཀྱི་ལམ་ལ་གནས་པ་སྟེ། །ཁམས་གསུམས་ནི་ནོན་པ་སྲ །ཀུན་ཏུ་བཟང་པོས་ཡང་དག་བཤད། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །རྟེན་ཅན་ལྷའི་སྐུ་བསྐྱེད་བསྟན་ཏེ། །སྙིང་ཁ་ཆོས་ཀྱི་ཕོ་བྲང་ན། །རྩ་ཡི་འཁོར་ལོ་བཞི་གནས་ཏེ། །ཆོས་ཉིད་རྩ་དང་ཡེ་ཤེས་རྩ། །རང་སྒྱུར་ཡོན་ཏན་རྣམ་པ་བཞི། །ཐིག་ལེ་དངས་མ་རྟེན་དང་དྲུག །མ་མོ་དྲུག་གི་རང་གཞིན་ཏེ།ཆོས་ཉིད་མཁའ་འགྲོ་བཀྲག་བསལ་མ། །ཡེ་ཤེས་རྣམ་སྣང་རང་བཞིན་ཏེ། །རང་རྒྱུད་གཉེན་གསལ་མ་རུ་བཤད། །ཡོན་ཏན་ཡང་གསལ་མ་རུ་བཤད། །ཐིག་ལེ་མཁའ་འགྲོ་འོད་གསལ་མ། དངས་མ་སེམས་ཀྱི་རང་བཞིན་ཏེ། ཀུན་ཏུ་བཟང་མོ་ཉིད་ཡིན་ནོ། །དེ་ཡི་དོན་རྟོགས་བདེ་ཆེན་པོ། །ཡོངས་སུ་བདེ་བས་བདེ་འགྲོ་མ། །དེ་ཡི་དོན་ན་གསལ་ཉི་ཟླ། །ཉི་ཟླ་ཐམས་ཅད་གསལ་བ་བཞིན། །དཔེ་དེས་མཚོན་ནས་དོན་རྟོགས་པས། །ཆོས་ཉིད་དོན་ལ་གསལ་བའོ། །དངས་མ་ཆེན་པོ་ཆོས་ཀྱི་སྐུ། །རང་འབྱུང་ཡེ་ཤེས་ཤར་བས་ན། །་ཁྱབ་པ་ཆེན་པོ་དོན་གསལ་བའོ། །རྒྱུད་གཞན་དག་གི་འདོད་པ་ནི། འཁོར་ལོ་རྣམ་པ་བཞི་ལ་ཡང་། །མཁའ་འགྲོ་རྣམ་པ་གསུམ་ནི། །རང་བྱུང་གི་ནི་གནས་པའོ། །ལྟེ་བ་ཆུ་ཡི་ཕོ་བྲང་ན། །ཨུ་ལི་དང་ནི་ཀྭ་ལི་གཉིས། །རང་བཞིན་ཡེ་ནས་གནས་པ་ཡིན། །སྙིང་ཁ་ཆོས་ཀྱི་ཕོ་བྲང་ནས། །དབྱིངས་ཕྱུག་ལྔ་དང་ཡེ་ཤེས་ལྔ། །རང་བཞིནཡེནསགནས་པར་འདོད། །མགྲིན་པ་ལོངས་སྤྱོད་ཕོ་བྲང་ན། ཡེ་ཤེས་མ་མོ་བཅུ་བཞི་དང་། བཅུ་དྲུག་ཡབ་ཡུམ་གཙོ་འཁོར་བཅས། །གདོད་ནསརངབཞིནནགནསཔའོ། །སྤྱི་བོ་བདེ་བ་ཆེན་པོ་ཡི། །སུམ་ཅུ་རྩ་གཉིས་རྩ་རྣམས་ན། །སྲིད་པ་ཆགས་བྱེད་ལ་སོགས་ཏེ། །དབང་ཕྱུག་མ་ཡི་གཙོ་བོ་བཞི། །སུམ་ཅུ་རྩ་གཉིས་རང་བཞིན་གནས། །འཁོར་ལོ་བཞི་དང་ཡེ་ཤེས་བཞི། །རྩ་རྣམས་ཡེ་ཤེས་འོད་ཟེར་ཏེ། །འོད་ཟེར་དེ་ཉིད་བྱང་ཆུབ་སེམས། །སེམས་ཉིད་རྣམ་པར་མི་རྟོག་པ། །ཐམས་ཅད་དམིགས་པ་མེད་པ་འོ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ལས། །རྫོགས་རིམ་བསྟན་པའི་ལེའུ་སྟེ་བདུན་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོའི་རྫོགས་ཆེན་ཇི་ལྟ་བུ། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཤད་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུག་ཡང་དག་པ། །རྫོགས་པ་ཆེན་པོའི་དོན་བསྟན་པ། །བདག་ཉིད་སྐུ་དང་འཁོར་ལོ་དང་། །རྩ་ཡི་བྱེ་བྲག་བསམ་ཡས་ཀུན། །སྐུ་གསུང་ཐུགས་ཀྱི་རྩ་བར་འདུས། །རྩ་གསུམ་ཐིག་ལེ་ཆེར་པོར་འདུས། །ཐིག་ལེ་ཆེན་པོ་བྱང་ཆུབ་སེམས། །ཐམས་ཅད་ཀུན་ལ་ཁྱབ་པས་ན། །ཁྱབ་པ་ཆེན་པོའི་བྱང་ཆུབ་སེམས། །བདལ་བ་ཆེན་པོའི་རང་བཞིན་ནས། །བདེ་བ་ཆེན་པོའི་བྱང་ཆུབ་སེམས། །སེམས་ཉིད་ཀུན་བཟང་ཡབ་ཡུམ་ལ། །ཕ་མ་མེད་པའི་ཕོ་མོ་གཉིས། །སྲིད་པ་སྔོན་དུ་བྱུང་བ་ཡིན། །སངས་རྒྱས་ཉིད་པས་ཤིན་ཏུ་འགྲོས། །ལྔ་ལས་གྱུར་པའི་ཡེ་ཤེས་ལྔ། །གཉིས་མེད་དབྱིངས་ཀྱི་ཡུམ་དྲུག་ཡིན། །དེ་ཀུན་ཡབ་ཡུམ་གཉིས་སུ་གསལ། །ཡབ་ཡུམ་གཉིས་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །བྱང་ཆུབ་སེམས་ལ་འདུ་འབྲལ་མེད། །བྱང་ཆུབ་སེམས་ལ་རྟག་ཆད་མེད། །བྱང་ཆུབ་སེམས་ལ་འཕོ་འགྱུར་མེད། །བྱང་ཆུབ་སེམས་ལ་ཕྱི་ནང་མེད། །བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །མངོན་རྫོགས་རྒྱལ་པོ་རང་བྱུང་སེམས། །ཀུན་ཏུ་བཟང་མོ་ཆོས་ཉིད་ཀློང་། །ཆོས་ཉིད་བདལ་བ་ཆེན་པོའི་ཀློང་། །འབྱུང་བ་ལྔ་ཉིད་ཡེ་ཤེས་ལྔ། །ཡེ་ཤེས་ལྔ་ནི་བདལ་བའི་ཀློང་། །སྣང་སྲིད་མ་མོ་བྱང་ཆུབ་སེམས། །སྣང་སྲིད་མ་མོ་སྐྱེ་འགག་མེད། །མ་ནི་རྟག་ཆེན་གཡུང་དྲུང་ལ། །མོ་ནི་འཕོ་འསྒྱུར་ཡེ་ནས་མེད། །བདེ་ཆེན་ཀློང་ནས་གཏིང་དཔག་མེད། །མ་ནི་རྟག་ཆད་མེད་པ་ལ། །མོ་ནི་འཕོ་འགྱུར་ཡེ་ནས་མེད། །སྐྱེ་བ་མེད་པས་འགག་མེད་ཀློང་། །མཐའ་དབུས་མེད་པར་བདལ་བའི་ཀློང་། །ཀློང་བདལ་འདི་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། །བདེ་བ་ཆེན་པོ་ཁྱབ་པའི་སྐུ། །སེམས་ལ་ཡོན་ཏན་ཀུན་འདུས་པས། །ལྷུན་གྲུབ་བྱང་ཆུབ་སེམས་ཞེས་བྱ། ཁུ་དང་རྐྱེན་གྱིས་མ་སྐྱོན་པས། །རང་བྱུང་བྱང་ཆུབ་སེམས་ཞེས་བྱའོ། །ཀུན་ལ་ཁྱབ་ཅིང་གསལ་བས་ན། །ཁྱབ་གསལ་བདེ་རྫོགས་ཞེས་བྱའོ། །བྱང་ཆུབ་སེམས་ཀུན་འདུས་པས་ན། །རྫོགས་པ་ཆེན་པོ་ཞེས་ཀྱང་། བྱའོ། །རྫོགས་པ་ཆེན་པོའི་དོན་རྟོགས་ན། །མན་ངག་ཐམས་ཅད་དེ་ལ་རྫོགས། །མ་མོ་ཐམས་ཅད་དེ་ལ་རྫོགས། །སྣང་སྲིད་ཐམས་ཅད་དེ་ལ་རྫོགས། །སྐྱེ་བ་རྣམ་བཞི་དེ་ལ་རྫོགས། །ཞེས་གསུངས་སོ། །ལྷ་གནོད་འདུལ་ལ་སོགས་པའི་འཁོར་རྣམས་དུས་གཅིག་ལ་དབུགས་ཕྱུང་ངོ་། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །ཀུན་གཞི་གཏན་ལ་དབབ་པའི་ལེའུ་སྟེ་བརྒྱད་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོའི་ལྟ་བ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉིན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལ་པ་གསན་ནས་ཀྱང་། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །མ་མོའི་ལྟ་བ་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སྣོད་ཀྱི་འཇིག་རྟེན་ཤེས་བྱའི་ཡུལ། །བཅ་ཀྱི་འཇིག་རྟེན་རིག་པའི་རྟེན། །ཡུལ་དང་རིག་པ་གཉིས་མེད་དེ། །ཡང་དག་དོན་གྱིས་ལྟ་བར་བྱ། །ཐབས་ཤེས་འདུ་འབྲལ་མེད་པར་ལྟ། །ཡབ་ཡུམ་རོལ་པ་བྱང་ཆུབ་སེམས་སུ་ལྟ། །མ་མོ་མཁའ་འགྲོ་བྲན་དང་གཡོག་ཏུ་ལྟ། །སྤྲུལ་པ་སྣ་ཚོགས་འཕྲོ་འདུ་དབྱིངས་སུ་ལྟ། །གཞན་ཡང་མ་མོའི་ལྟ་བ་ནི། །མ་ནི་སྐྱེ་མེད་སྐུ་རུ་ལྟ། །མོ་ནི་བརྫོད་མེད་གསུང་དུ་ལྟ། མ་དང་མོ་ནི་གཉིས་མེད་ཐུགས་སུ་ལྟ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །མ་མོ་ལྟ་བའི་ལེའུ་སྟེ་དགུ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོའི་སྐྱེ་རྒྱུད་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། མ་མོའི་སྐྱེ་རྒྱུད་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དང་པོ་སྣོད་ཀྱི་འཇིག་རྟེན་ཆགས། །འཇིག་རྟེན་བདེ་བའི་དགེས་པ་ལས། །བར་དེར་ཤིན་ཏུ་མི་བདེ་སྟེ། །སེམས་ཅན་རྣམས་ལ་གནོད་པ་བྱུང་། །ལས་དང་རྐྱེན་ནི་དྲག་པོ་ལས། །སྐྱེས་པའི་ལས་ཀྱི་མ་མོ་གཅིག། །མུ་ཁ་ལེ་ནག་མོ་བྱ་བ་བྱུང་། །ལུས་ནི་རི་རབ་གླིང་བཞི་ཙམ། །གདོང་ལྔ་ཞལ་ལྔ་ཕྱག་དྲུག་ལ། །རྫུ་འཕྲུལ་བརྒྱད་ཀྱི་ཞབས་དང་ལྡན། །སེམས་ཅན་ཀུན་ལ་གནོད་ཅིང་འཚེ། །ལས་ཀྱི་མ་མོ་ཁ་ལེ་དང་། །དབང་ཕྱུག་མ་ཧེའི་མདངས་ལས་ནི། །ལས་ཀྱི་སྲིན་མོ་ལྔ་སྐྱེས་ཏེ། །རྣམ་སྣང་གསལ་དང་འོད་གསལ་མ། །གཉེན་གསལ་མ་དང་ཡང་གསལ་མ། །བཀྲག་གསལ་མ་དང་སྲིན་མོ་ལྔས། །བདུད་ནི་དགུ་ཁྲིའི་རྒྱལ་པོ་དང་། །སྲིན་མོ་ཕྱ་སངས་རྒྱལ་མོ་གཉིས། །རི་རབ་བུམ་པར་སྲིད་པ་ལས། །སྲིད་པ་བདེ་འགྲོ་ཆེན་མོ་སྐྱེས། །དེ་བཞིན་དགུ་ཁྲིའི་རྒྱལ་པོ་དང་། །ཕྱ་སངས་རྒྱལ་མོ་དེ་གཉིས་ནི། །བར་སྣང་མཁའ་ལ་སྲིད་པ་ལས། །ཡུམ་ཆེན་ཉི་ཟླའི་ཐོད་འཕྲེང་བྱུང་། །ཡུམ་ཆེན་ཉི་ཟླའི་ཐོད་འཕྲེང་དང་། མུ་སྟེགས་ཀ་ལ་ནག་པོ་གཉིས། །ཡིད་ཀྱི་སྦྱོར་བ་བྱས་པ་ལས། །བུད་མེད་ནག་མོ་བཞི་སྐྱེས་ཏེ། །དབྱིངས་ཕྱུག་མ་དང་རྒྱན་གྱི་རྒྱལ་མོ་དང་། །བདག་ཉིད་མ་དང་གཅིག་པུ་ཆེན་མོ་བཞི། །དེབཞིནཕུངབྱེདསྦས་པའི་མ་བཞི་དང་། །ནག་པོ་མི་བཟའ་སྦྱོར་བ་བྱས་པ་ལས། །ཁྲོས་པའི་དབང་ཅན་བུ་མོ་སྐྲུན་བཞི་བྱུང་། །རྡོ་རྗེ་ཉི་མ་ཁྲོས་པ་དང་། །སྲིད་པ་བདེ་སྦྱོར་ཁྲོས་པ་དང་། །རྡོ་རྗེ་བདུད་རྩི་ཁྲོས་པ་དང་། །ཁམས་གསུམ་འཚེ་བྱེད་ཁྲོས་པའོ། །ཁྲོས་པའི་བུ་མོ་སྦུན་བཞི་དང་། །རིགས་ཀྱི་འབྱུང་བ་བཞི་པར་བཤོས། །བུ་མོ་སྐྲུན་བཞི་སྐྱེས་པ་ནི། །དཀར་མོ་མིག་གཅིག་མ་དང་ནག་མོ་མཆེ་བ་ཅན། །དམར་མོ་མཆུ་འཇིབ་མ་དང་སེར་མོ་ལས་མཁན་ནོ། །སྲིད་པ་སྐོས་རྗེ་བྲང་དཀར་དང་། །སྲིད་པ་ཆགས་བྱེད་སྲིད་པ་ལས། །བུད་མེད་རལ་ཅན་སྤུན་དྲུག་སྐྱེས། །སྲིད་པའི་གྲུ་འདེགས་མ་བཞི་དང་། །རྒྱལ་ཆེན་བཞི་རྣམས་སྲིད་པ་ལས། །མ་མོ་དམག་དཔོན་བཞི་རྣམས་སྐྱེས། །དམུ་དང་སྲིན་མོར་མཚོས་པ་ལས། །ཕུང་བྱེད་ཁྲོས་མ་སྤུན་བདུན་སྐྱེས། །ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ་དང་། །བདག་ཉིད་མ་གཉིས་སྲིད་པ་ལས། །འདོད་ཁམས་གཙོ་མོ་སྤུན་གཉིས་སྐྱེས། །བདུད་ནག་གསོད་བྱེད་ཆེན་པོ་དང་། །ཨེ་ཀ་ཛུ་གི་སྲིད་པ་ལས། །ནམ་མཁའི་རྒྱལ་མོ་ནེ་མཚན་སྐྱེས། །ལྷ་དང་གཤིན་རྗེ་ཀླུ་དང་གནོད་སྦྱིན་བཞི། །དེ་བཞིན་སྲིན་མོ་བཞི་རུ་སྲིད་པ་ལས། །ལས་ཀྱི་སྲིང་བཞིར་སྐྱེས་སོ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ལས། །ལས་ཀྱི་མ་མོ་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་བཅུ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་ལས་ཀྱི་མ་མོ་རྣམས། །གླིང་བཞི་མི་ལ་གནོད་བྱེད་པས། །དེ་ཡི་བསྐང་བ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུག་ཡང་དག་པ། །མ་མོ་བསྐང་བ་མདོས་ཡིན་ནོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མདོས་ལ་རྣམ་པ་དུ་ཞིག་མཆིས། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཉོན་ཅིག་ཡབ་ཀྱིས་བཀའ་སྩལ་པ། །མདོས་ལ་རྣམ་པ་མང་ཡོད་ཀྱང་། །བསྡུས་ན་བརྒྱད་དང་བཅུ་གསུམ་མོ། །དེ་ལས་བསྡུས་ན་མཐར་བསྡུས་བརྒྱད། །བརྒྱད་ནི་རྩ་བའི་མདོས་ལྔར་འདུས། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྩ་བའི་མདོས་ལྔ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་ཅིག། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྩ་བའི་མདོས་ལྔ་ངས་བཤད་ཀྱིས། །སྲིད་པ་སྤྱི་མདོས་བཏང་བ་དང་། །ཞེན་ཟློག་དགྲ་མདོས་བྱ་བ་དང་། །རྐྱེན་ཟློག་ཟུག་པ་འབྱུང་བ་དང་། །སརྦ་རུ་པས་བསྐང་བ་དང་། །སྲིད་པ་བརྒྱ་ཡིས་གདབ་པའོ། །དེ་ཡི་རྩ་བའི་མདོས་ལྔ་སྟེ། །ཀུན་ལ་ཕྱི་ནང་གསང་བ་གསུམ། །མདོས་ལ་བྱེ་བྲག་བསམ་མི་ཁྱབ་ཅེས་གསུངས་སོ། །མཁའ་འགྲོ་རྡོ་རྗེ་བཀོལ་བྱང་གི་རྒྱུད་ལས། །རྩ་བའི་མདོས་ལྔ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཅན་མོ་རྣམས་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་བ། །རྟེན་གནས་བཙལ་དང་བླང་བ་དང་། །རྫོགས་སངས་རྒྱས་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །རྟེན་གནས་བཙལ་དང་བླང་བ་ནི། །ངས་བསྟན་པ་ལས་སེམས་ཐུད་ཅིག། །བཙལ་བར་བྱ་བའི་ཆོ་ག་ནི། །སྔོན་དུ་སྒྲུབ་པ་བྱིན་ཆེན་བྱས་པ་འམ། །ཞབས་ཀྱིས་བཅགས་པ་བཀྲ་ཤིས་པ་འམ། ཁུད་གཞན་དག་ལས་བྱུང་བ་ཡི། །གཞུད་དང་མཐུན་པའི་གནས་བཙལ་ལོ། །ས་བླང་ལ་རྣམ་པ་གཉིས། །སྣང་བ་བདག་པོ་དག་ལ་བླང་བ་དང་། །མི་སྣང་བ་ནི་ལྷ་ཀླུལ། །གསེར་སྐྱེམས་བྱིན་གྱིས་བརླབ་པ་ནི། །འདི་ལྟ་སྟེ། །ཧཱུཾ༷།ང་ནི་བདག་གཞན་དོན་བསྒྱུབ་པས། །ཕྱོགས་མཚམས་སྟེང་འོག་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་རྣམས། །འབྱུང་པོ་མང་པོ་གང་གནས་པ། །བསྐང་བཟློག་ཆེན་པོའི་བཀའ་བྱུང་གིས། །མཐུན་པའི་གསེར་སྐྱེམས་འདི་བཞེས་ལ། །དངོས་གྲུབ་བགེགས་སུ་གྱུར་པ་ཡི། །གནས་འདིར་གཡར་གྱིས་གཞན་དུ་ཟུར། །དེ་སྐད་ཅེས་ནི་བརྫོད་ལ་བཏང་། །ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ལས། ས་བསླང་བ་དང་གནས་བཙལ་བའི་ལེའུ་སྟེ་བཅུ་གསུམ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཉམས་ཆག་བྱུང་ན་ཇི་ལྟར་བསྐང་། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་བ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། སྐུ་ཡི་དམ་ཚིག་ཉམས་པ་བསྐང་ཞིང་ཚོགས་བསག་པའི་ཐབས་ཚ་ཚ་གདབ་པ་དང་། མཆོད་རྟེན་བརྩིག་པ་དང་གསུང་གི་དམ་ཚིག་ཉམས་པ་བསྐང་ཞིང་ཚོགས་བསག་པའི་ཐབས་ཀུན་ཏུ་བཟང་མོ་བག་ཆག་དངོས་གྲུབ་འཕྲིན་ལས་ཀྱི་དོན་འཕྲེང་ཀླག་པ་དང་། །ཐུགས་ཀྱི་དམ་ཚིག་ཉམས་པ་བསྐང་ཞིང་ཚོགས་བསག་པའི་ཐམས་ཉེ་འདོན་བྱ་ཞིང་ཟམ་འཕྲང་བཅོས་པ་དང་། ཡོན་ཏན་གྱི་དམ་ཚིག་ཉམས་པ་བསྐང་ཞིང་ཚོགས་བསག་པའི་ཐབས་ཀུན་ཏུ་བཟང་མོ་ལྟ་སྤྱོད་ཀྱི་བཤགས་པ་ནུས་ཚད་བྱ་བ་དང་། འཕྲིན་ལས་ཀྱི་དམ་ཚིག་ཉམས་པ་བསྐང་ཞིང་ཚོགས་བསག་པའི་ཐབས་ཚོགས་མཆོད་ཆེན་པོ་བྱ་བ་དང་། དེ་ལྟར་མ་གྲུབ་ན་བདེ་གཤེགས་མཆོད་པ་གསུང་གི་སྦྱིན་པ་རྒྱ་ཆེན་པོ་གཏོང་ངོ་ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། ཉམས་ཆག་བསག་བའི་ལེའུ་སྟེ་བཅུ་བཞི་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཉམས་སུ་བླང་བའི་འཕྲིན་ལས་གང་། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཉམས་སུ་བླང་པའི་འཕྲིན་ལས་བསྒྲུབ་པ་ལ་ལྔ་སྟེ། །རི་རབ་ཀྱི་དཀྱིལ་འཁོར་བྱ་བ་དང་། དཀྱིལ་འཁོར་གྱི་ས་གཞི་གཟུང་བ་དང་། སྟ་གོན་བྱ་བ་དང་། །སརྦ་རུ་པ་བཞེངས་པ་དང་། །འཕྲིན་ལས་བྱ་བ་དང་། །བསྐ་བའི་རིམ་པའོ། །དང་པོ་རི་རབ་དཀྱིལ་འཁོར་བྱ་བ་དྲུག །དང་པོ་ས་སྦྱང་བ་ནི། དྲི་ཆབ་ཀྱི་ཆག་བཏབ་ལ་འདི་སྐད་དོ། །ཧཱུཾ༷།དམིགས་མེད་དབྱིངས་ཉིད་ཀྱི་དཀྱིལ་འཁོར་རང་བྱུང་བས། །དངོས་དང་དངོས་མེད་བག་ཆགས་བསྲེགས། །བཛྲ་ཛ་ལ་ར༷། །སྣ་ནས་ཡ༷་ལས་རླུད་བྱུང་བས། དངོས་དང་དངོས་མེད་བག་ཆགས་གཏོར། །ཡམ་ཀར་མ་རག་ཤ་ཧ༷། གཡོན་ནས་ཟླ་དཀྱིལ་ཁ༷་བྱུང་བས། །དངོས་དང་དངོས་མེད་བག་ཆགས་བཀྲུས། །ཁ༷་ཁས་མེ་ཧཱུཾ༷། །ཕྱི་ནང་སྣོད་བཅུ་མ་ལུས་ཀུན། །མ་རིག་ལོག་རྟོག་དབང་གིས་ན། །འཁྲུལ་པ་ཡིན་པར་རབ་བརྟགས་ལ། །མ་གྲུབ་དབྱིངས་སུ་ཡང་དག་བསྒོམ། །མ་དང་མོ་ཡི་དོན་རྟོགས་ན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་དོན་རྟོགས་ཤིང་། །ཐམས་ཅད་དེ་ལས་མཉམ་པ་མེད། །ཅེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །སྦྱངས་པའི་ལེའུ་སྟེ་བཅོ་ལྔ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ས་གཞི་བྱིན་རླབས་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ས་གཞི་བྱིན་རླབས་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ས་གཞི་བྱི་གྱི་བརླབས་པ་ནི། །བདག་གི་ཐུགས་ཀའི་ཧཱུཾ༷ལས་ནི། །འོད་ཟེར་ལྕགས་ཀྱུས་ལྷ་མོ་སྤྱན་དྲངས་ཏེ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའོ་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ཡི། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །ལྕུག་མ་ལན་གསུམས་ལ་བརྡབ། །ལྷ་མོ་བྱོན་ནས་མདུན་དུ་བསམ། །དེ་ལ་མཆོད་པ་དབུལ་བ་ནི། །ཧཱུཾ༷།ཨ་ཀ་རུ་དང་རུ་ཀ། །ཤ་ཀ་རུ་དང་ལྔར་སྦྱར་བའི། །ཙན་དན་དཀར་དམར་དྲི་ཞིམ་སྤོས། །ལྷ་མོ་སྤོས་མེའི་མཆོད་པར་འབུལ། །ཨོ་བཛྲ་རྙུ་པེ་ཧཱུཾ༷། །མེ་ཏོག་ཆུ་སྐྱེས་དང་ནི་ཐང་སྐྱེས་དང་། །པདྨའི་མེ་ཏོག་འདམ་ནས་སྐྱེས། དབྱིབས་ལེགས་རྣམ་པ་སྣ་ཚོགས་པ། །ལྷ་མོ་མེ་ཏོག་མ་ཡི་མཆོད་པར་འབུལ། །ཨོ་བཛྲ་པྲརྫེ་ཧཱུཾ༷། །ཧཱུཾ༷།གདུག་པའི་ཚོགས་རྣམས་འཇོམས་པ་དང་། །ཀུན་མཁྱེན་ཡེ་ཤེས་གསལ་བའི་ཕྱིར། ཀུན་ཏུ་གསལ་བྱེད་མར་མེ་འདི། ། ལྷ་མོ་མར་མེའི་མཆོད་པར་འབུལ། །ཨོབཛྲ་ཨ་ལོ་ཀེ་ཧཱུཾ༷། །ཧཱུཾ༷།གསོར་ཆུ་གླང་ཆུ་ལ་སོགས་པའི། །ལྷན་ཅིག་སྐྱེས་དང་ལྔས་སྦྱར་བའི། །སྣ་ཚོགས་དག་པའི་དྲི་ཆབ་འདི། །ལྷ་མོ་དྲི་ཆབ་མ་ཡི་མཆོད་པར་འབུལ། །ཨོ་བཛྲ་གན་དྷི་ཧཱུཾ༷། །ཧཱུཾ༷།ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བཏུང་རྣམ་པ་སྣ་ཚོགས་པའི། །ཐམས་ཅད་སྦྱར་བའི་བཤོས་བཟང་འདི། །ལྷན་ཅིག་སྐྱེས་དང་ལྔས་སྦྱར་བའི། །ལྷ་མོ་རོ་མཆོག་མ་ཡི་མཆོད་བར་འབུལ། །ཨོ་བཛྲ་ནེ་པེ་ཏེ་ཧཱུཾ༷། །ཧཱུཾ༷།པི་ཝང་གླིང་བུ་འཁར་བའི་རྔ། །རྫ་རྔ་ཅང་ཏེ་བྷན་དྷི་དང་། །ཆ་ལང་དྲིལ་བུ་ལ་་སོགས་པའི། །སྒྲ་དབྱངས་སྣ་ཚོགས་པ། །ལྷ་མོ་དབྱངས་སྙན་མ་ཡི་མཆོད་པར་འབུལ། །ཨོ་བཛྲ་ཀྱི་ཏེ་ཀ་ཏ་ཧཱུཾ༷། །ཧཱུཾ༷།སྐུ་དོག་བཙོམ་གསེར་འདྲ་མ། །རང་རྟགས་ལེགས་པའི་འོད་འབར་མ། །ཕྱག་ན་གསེར་གྱི་བུམ་པའོ། །ཆེ་མཆོག་བཀའ་གསོལ་ཇི་ལྟར་བགྱི། །དེའི་ཚེ་འདི་སྐད་སྨྲ་བར་བྱའོ། །ཇི་ལྟར་མངོན་རྫོགས་རྒྱལ་པོ་ཡིས། །རྒྱལ་བར་བྱས་ཏེ་བདུད་ཀྱི་སྡེ་བཅོམ་ལྟར། །ཐབས་དང་ཤེས་རབ་གཉིས་མེད་པར། །བཅོམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །དེའི་ཕྱིར་དབང་གྱུར་ལྷ་མོས་ཀྱང་། །ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། །གསུམ་མཛོད་ལྷ་མོ་དགའ་མདངས་འབྱུང་། །བདག་ལ་བསྐུར་བ་འདི་སྐད་ཟེར། །ཁྱོད་ནི་ཆེ་མཆོག་ཐུགས་རྗེ་ཅན། །སེམས་ཅན་དོན་ཕྱིར་དཀྱིལ་འཁོར་བྲིས། །དེ་བརྗོད་ལྷ་མོའི་འདོ་དུ་ཞུ། །ས་གཞི་གསེར་འགྱུར་སྙོམས་ལ་བསྙེན། །ས་གཞི་བྱིན་གྱིས་བརླབ་པའོ། །གསུམ་པ་ལྟོ་འཕྱེ་བརྟགས་པ་ནི། །དཔྱིད་གསུམ་ཤར་དུ་ལྟར། །དབྱར་གསུམ་ལྷོ་རུ་ལྟ། །སྟོན་གསུམ་ནུབ་ཏུ་ལྟ། །དགུན་གསུམ་མ་བྱང་དུ་ལྟ། །དེ་ལྟར་མ་ནོར་བརྟགས་བྱས་ལ། །དངོས་གྲུབ་གང་འདོད། །ལྟོ་དབུས་བསྐོར། །བཞི་པ་ཆུ་ཡི་པྲ་ལྟ་བ། །བརྐོས་པའི་ལྟོ་དབུས་བདུན་རྩི་ཆུ་ཡིས་དགང་། །གང་བཅུས་ཤར་ཕྱོགས་གོམ་བདུན་འགྲོ། །དངོས་གྲུབ་བརྟགས་པའི་སྔགས་འདི་བཟླས། །ཨོ་འཛྲ་བྲི་ཧེ་རུ་ཀ་སིདྷི་ཧུ༷། །སླར་ལོག་གཡས་འཁྱིལ་ལྔ་ཡི་ཆག་ཆག་འདི་བཏབ་པས། །ཡེ་ཤེས་ལྔ་ཡི་འོད་ཟེར་གྱིས། །དཀྱིལ་འཁོར་མི་གཙང་དག་གྱུར་ཅིག། །དཀྱིལ་འཁོར་བྱ་བའི་རིམ་པ། །ས་གཞི་སྟ་གོན་ལ་གནས་པའོ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་་ནམ་མཁའི་རྒྱུད་ལས། ས་གཞི་བྱིན་གྱིས་བརླབས་པ་དང་དཀྱིལ་འཁོར་བྱ་བའི་རིམ་པ་ས་གཞི་སྟ་གོན་ལ་གནས་པའི་ལེའུ་སྟེ་བཅུ་དྲུག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དཔང་གཟུགས་རིམ་པ་གང་ལགས་པ། །རྫོགས་སངས་རྒྱས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱང་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། །ས་གཟུང་ཆོ་ག་ངས་བསྟན་གྱིས། །ས་གཞི་མཉམ་པའི་སྟེང་དུ་ཡང་། །སློབ་དཔོན་གཙོ་བོའི་ང་རྒྱལ་ཅན། །རྔེ་ཆུང་རྔ་ལྡིང་ཐོགས་ནས་ནི། །ཉིད་ཀྱི་ཏིང་འཛིན་བཟླས་པ་ལས མ་ཡེངས་གནས་དེ་འཇུག་པ་ལས། །མཁའ་འགྲོ་བཞི་ཡི་ང་རྒྱལ་ཅན། །མནོར་སློབ་མ་ཕྱོགས་བཞིར་འདུལ། །ཕྱི་ནང་གསང་བས་མཆོད་བྱ་བ། །ཕྱི་ཡི་མཆོད་པ་གོང་བཞིན་བྱ། །ཧུ༷། །པདྨ་ཟིལ་དྲི་དང་ནི་ར་གཏར་བཅས། །རྡོ་རྗེ་ལས་ཀྱི་ཆུ་དང་པ྅་ཨ་མྲི་ཏ། །སྦྱོར་དང་སྒྲོལ་བའི་བདུད་རྩི་མཆོག་ཉིད་ཀྱིས། །རྡོ་རྗེ་སློབ་དཔོན་ཚོགས་ཀྱི་གཙོ་བོ་མཆོད། །སྣོད་ཀྱི་འཇིག་རྟེན་གཏོར་གཤོང་དུ། །འགྲོ་དྲུག་སེམས་ཅན་གཏོར་མ་བྱ། ཁྲ་སྣ་བརྒྱད་དང་སྙིང་སྣ་བརྒྱད། །དམ་རྫས་ཚང་བའི་མཆོད་པར་བཞེས། །མུ་ལ་རག་ཏ་རྩ་བའི་ཁྲག། །ཆུ་དང་མ་འདྲེས་དང་མའི་ཁྲག། །མ་ཧྭ་རག་ཏ་སྦྱོར་བའི་ཁྲག། །ཁྲག་སྣ་སྟོང་ལ་སྦྱར་བ་ཡི། །དམ་རྫས་ཚང་བའི་མཆོད་པ་འབུལ། །ཡུལ་རྣམས་ཕར་སྣང་ཡུམ་གྱི་དབྱིངས། །དབང་པོ་ཚུར་སྣང་ཐབས་ཀྱི་ཡབ། །གཉིས་མེད་སྦྱོར་བ་བྱང་ཆུབ་སེམས། ། བྱང་ཆུབ་སེམས་ཀྱི་མཆོད་པ་བཞེས། །ཞེས་མཆོད་ལ་བསྟོད་དེ། །ཧཱུཾ༷།མི་སྐྱེ་མི་འགག་དཀྱིལ་འཁོར་ནས། །མཁའ་འགྲོ་གཙོ་བོ་ཐུགས་མཆོག་ཉིད། །མི་འབྱེད་རྡོ་རྗེ་བདག་ཉིད་ཅན། །ཞེ་སྡང་ཚར་གཅོད་ཁྱོད་ལ་བསྟོད། །ཧཱུཾ༷།་དགོས་འདོད་རེ་སྐོང་ཀྱིལ་འཁོར་ནས། །ཡོན་ཏན་ཟད་མེད་བདག་ཉིད་ཅན། །ང་རྒྱལ་ཚར་གཅོད་ཁྱོད་ལ་བསྟོད། །ཧཱུཾ༷།གསུང་མཆོག་རྒྱལ་བའི་དཀྱིལ་འཁོར་ནས། །ཐམས་ཅད་གསུང་གི་བདག་ཉིད་ཅན། །འདོད་ཆགས་ཚར་གཅོད་ཁྱོད་ལ་བསྟོད། །ཧཱུཾ༷།ཞི་རྒྱས་དབང་དྲག་དཀྱིལ་འཁོར་ནས། །འཕྲིན་ལས་ལྷུན་གྲུབ་བདག་ཉིད་ཅན།འབྲས་བུ་ལྷུན་གྲུབ་བདག་ཉིད་ཅན། །འབྲས་བུ་ལྷུན་གྲུབ་བདག་ཉིད་གཙོ། །ཕྲག་དོག་ཚར་གཅོད་ཁྱོད་ལ་བསྟོད། །དེ་སྐད་བསྟོད་ཅིང་འདི་སྐད་བསྐུལ། །ཧཱུཾ༷།བདེ་གཤེགས་ཀུན་གྱི་ཐུགས་མཆོག་ཉིད། །མི་སྐྱེའི་ཆོས་ལ་མངའ་བརྙེས་པས། །དབང་ཐང་ཚེ་སྲིང་བདག་པོ་ཁྱོད། །རི་རབ་དཀྱིལ་འཁོར་བཤད་དུ་གསོལ། །བདེ་གཤེགས་མཁའ་འགྲོ་ཡོན་ཏན་མཆོག །ང་རྒྱལ་སྲིན་མོའི་དཔུང་བཅོམ་ནས། །བསྐང་བཟློག་ཆེན་པོའི་བདག་པོ་ཁྱོད། །རི་རབ་དཀྱིལ་འཁོར་བཤད་དུ་གསོལ། །བདེ་གཤེགས་མཁའ་འགྲོའི་གསུང་མཆོག་ཉིད། །སྣ་ཚོགས་སྒྲ་ཡི་དོན་རྣམས་སྟོན། །སེམས་ཅན་ཐམས་ཅད་གསོ་མཛད་པ། །རི་རབ་དཀྱིལ་འཁོར་བཤད་དུ་གསོལ། །བདེ་གཤེགས་མཁའ་འགྲོ་འཕྲིན་ལས་བདག །གདུག་པའི་དགྲ་བགེགས་ཚར་གཅོད་ཅིང་། །འཕྲིན་ལས་རྣམ་བཞི་མཐར་ཕྱིན་པ། །རི་རབ་དཀྱིལ་འཁོར་བཤད་དུ་གསོལ། །དེ་སྐད་རྗེས་ལ་བགེགས་བསྐྲད་བྱ། །གཙོ་བོ་དཀྱིལ་འཁོར་ལ་བཞེངས་ནས། །ཕྱོགས་བཞིར་རྣམ་པར་ལྟས་ཆེ་བ། །ཆེ་མཆོག་རྐང་པ་གཡོན་པ་ལས། །ཨ་ལས་སྣ་ཚོགས་རྡོ་རྗེ་བསམ། །མིག་གཉིས་ཨ་ལས་ཉི་ཟླ་བསམ། །བཟློག་སྟེ་ཁྲོས་པའི་སྤྱན་གྱིས་ལྟ། །ཉིད་ཀྱི་སྔགས་ཀྱིས་སྐུ་གསུང་ཐུགས། །རི་རབ་བྱིན་བརླབ་མཛད་ནས་ནི། །གསང་བའི་རྔ་བརྡུང་འདི་སྐད་བརྫོད། །ཧཱུཾ༷།ང་ནི་ཁྲག་འཐུང་ཀུན་གྱི་རྗེ། །ང་ནི་ཁྲག་འཐུང་ཀུན་གྱི་མགོན། །ང་ནི་ཁམས་གསུམ་ཀུན་གྱི་ཡབ། །སྙིང་རྗེ་མཆོག་གི་དཀྱིལ་འཁོར་སྲུན། བྱང་ཤར་མཚམས་སུ་རབ་མཆོང་ལ། །དྲག་པོའི་རྐང་ཐབས་ལ་གནས་ཏེ། །ཁྲོས་པའི་སེམས་ཀྱིས་འདི་སྐད་སྨྲས། །ཧཱུཾ༷། ཉོན་ཅིག་བགེགས་ཚོགས་མ་ལུས་ཀུན། །ལུས་ངག་སེམས་ལ་གནས་པ་ཀུན། །ཆེ་མཆོག་ཧེ་རུ་ང་ཡི་བཀའ། ། བསྲུང་པའི་འཁོར་ལོ་དམ་པ་ཡིན། །ཞེས་བསྒྲགས་ལ། །ཧཱུཾ༷ཧཱུཾཞེས་བརྫོད་ཅིད་ཁྲི་བོ་བཞིའི་སྟང་སྟབས་ཀྱིས་གཡས་ནས་བསྐོར་ལ། །ཁྲོ་བོ་ཛ་མི་རི་ཡིས་བསྲུང་བའི་འཁོར་ལེའོ། །དེ་ནས་མཁའ་འགྲོ་ལྔ་དང་ལྡན་པའི་དར་གྱི་ཅོད་པན་ཅན་ལྔ་ནི་ཕྱོགས་བཞི་དབུས་དང་ལྔར་བཏབ་ལ། །མཆོད་ཅིང་བསྟོད་དེ་གོ་བསྒོ་བསྲུང་བ་བྱ། །དེ་ནི་ས་གཞི་གཟུང་བ་དང་མཚམས་ཀྱི་བཅའ་གཞིའོ། །ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། །ས་གཞི་གཟུང་བ་དང་མཚམས་ཀྱི་བཅའ་བའི་ལེའུ་སྟེ་བཅུ་བདུན་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཐིག་གི་ཆོ་ག་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། །ཐིག་གི་ཆོ་ག་འདི་ལྟ་སྟེ། །རལ་པལ་དག་ལ་བཀལ་པ་ཡི། །ཐིག་སྐུད་གསར་པས་རབ་ཏུ་མཛེས། །ཚོན་སྐུད་ཁ་དོག་རབ་ལྔ་ལྡན། །ཉིས་འགྱུར་ཉི་ཤུ་རྩ་ལྔ་འོ། །ཡབ་ཡུམ་བྱང་ཆུབ་སེམས་དེ་ལྔ། །འཁའ་འགྲོ་ལྔ་ཡི་ས་བོན་བསམ། །དེ་ཞུ་མཁའ་འགྲོ་ལྔ་རུ་ཤུར། །དེ་ལས་རང་བཞིན་མཁའ་འགྲོ་བསྟིམ། །མཆོད་པའི་རྫས་ནི་རྫོགས་བྱས་ན། །ལྷ་ལྔ་འོད་ཞུ་ཐིག་ཏུ་གྱུར། །ཐིག་སྐུད་དེ་ལ་སྔགས་འདི་བཟླས། །ཨོ་ཐྲི་ཧེ་རུ་ཀ་ཧ་ཧ་ཧ་ཧ་ཧ་ཧ་ཕྲ་ཏ་ཀ་ར་ས་ཏ་ཧཱུཾ༷། །གྲངས་ནི་ཉི་ཤུ་རྩ་གཅིག་སྟེ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བཟླས། །རྫས་བསྐུལ་ནས་ནི་ཚོགས་ཀྱི་རྗེ། །ཡེ་ཤེས་ཐིག་གི་རང་བཞིན་པས། །མཁའ་འགྲོ་ལྔ་ཡི་ཐུགས་ནས་དྲངས་། །ཚོན་ཐིག་ལ་བསྟིམ་་གཉིས་མེད་བསྟིམ། །ཕྱོགས་བཞིར་གྲངས་ལ་འདི་སྐད་བསྒོ། །ཧཱུཾ༷།ཕྱོགས་བཅུ་དྲེངས་པ་སྲིན་མོའི་ཚོགས། །ལོག་ལྟ་འདུལ་ཞིང་དོན་བྱའི་ཕྱིར། །དཔལ་ཆེན་མཁའ་འགྲོའི་ཚོགས་བཅས་ཀུན། །ཡེ་ཤེས་ལྔ་ནི་གཅིག་ཏུ་གྱུར། །རྡོ་རྗེ་གཅིག་ཏུ་བསྒྲིལ་བར་བྱའོ། །དེ་ལ་མཆོད་བསྟོད་མཁའ་འགྲོའི་བཟླས་པ་བྱ། །ཆེ་མཆོག་ང་རྒྱལ་དང་ལྡན་པའི། །ས་མ་ཡང་སུ་ཏྲ་མ་ཏི་ཀྲ་མ་ཧཱུཾ༷། །ཞེས་བརྗོད་ལ་ལྟེ་བ་ནས་སྐྱངས་སློབ་མ་ལས་ཀྱི་ཧེ་རུ་ཀས། །ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཛུ་ཛུ། །ཞེས་སྨིན་མཚམས་སུ་གཟུད་དོ། །སློབ་དཔོན་ཤར་ལྟ་སློབ་མ་ནུབ། །སློབ་དཔོན་བྱང་སློབ་མ་ལྷོ། །ཚངས་ ཐིག་གཉིས་པ་གདབ་པར་བྱ། །དྲི་ཟ་སྲིན་པོའི་ཕྱོགས་རྣམས་ལ། །མཚམས་ཀྱི་ཐིག་གཉིསགདབ་པར་བྱ། །ཆ་ཆེན་བཅུ་དྲུག་དག་ཏུ་གདབ། །ཕྱེད་དང་སུམ་ལ་ཕོ་དངས། །བཞི་དང་ལྔ་ཕྱེད་བང་རིམས། །ལྔ་ཕྱེད་དྲུག་ཕྱེད་བསྡོམ་པ་ལས། །རྒྱ་མཚོ་རི་རབ་བུམ་པའི་ས། །བདུན་དྲུག་བར་ནི་རོ་བདུན་ས། །བརྒྱད་པ་གཞན་པས་ཆ་བསྐྱེད་ལ། །གླིང་རྣམས་ལྕགས་རི་བྲི་ས་ཡིན། །ཐིག་འདེབས་ལ་གར་འདི་སྐད་བསྒྲགས། །ཧཱུཾ༷། སྟོང་གསུམསྟོང་གི་འཇིག་རྟེན་ནས། །ང་ཡིས་དཀྱིལ་འཁོར་ཐིག་འདེབས་ཀྱིས། །བར་གཅོད་བགེགས་སོགས་གང་ཡང་རུང་། །ཐིག་གི་སྒྲ་ཡིས་གཞན་དུ་དངོས་། །བརྗོད་ལ་གོང་བཞིན་གདབ་པར་བྱའོ། །དེ་ནི་ཡེ་ཤེས་ཐིག་གདབ་པའོ། །དེ་ནས་ལས་ཐིག་གདབ་བྱ་སྟེ །ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས། །གཉིས་སུ་མེད་པར་སྒྲིབ་པར་བྱའོ། །ཐིག་སྐུད་སྐྱོན་མེད་ཉིས་འགྱུར་ཚད། །སྦོམཕྲ་སྒོ་ཡི་ཉིས་འགྱུར་ཆ། །ཧཱུཾ༷ལས་རྡོ་རྗེ་རྒྱ་གྲམ་གྱུར། །ཆོ་ག་རྫོགས་པའི་ལས་བྱས་ན། །འདེབས་པའི་བྱིན་དང་ལྡན་པར་གྱུར། །དེ་ནས་གོང་བཞིན་གདབ་པར་བྱའོ། །རྡོ་རྗེ་ཚིག་ཏུ་འདི་སྐད་བརྫོད། །ཧཱུཾ༷།བཀྲ་ཤིས་མཚན་ལྡན་མི་མོ་དང་། །རྡོ་རྗེ་རིགས་ཀྱི་ཡུམ་མཆོག་ནི། །སོའི་ཚགས་དམ་ཤིང་སྨིན་ཀྱུས་རིང་། ཁྲ་མདོག་དཀར་ལ་མདངས་ལྡན་ནས། །འགྲོ་ན་བསྟས་སྡུག་སྨྲ་ངག་སྙན་པ། །མཚན་མཆོག་སུམ་ཅུ་རྩ་གཉིས་ཚང་བ་དེས། །བསྒྲུབ་པ་པོ་ཡི་ཡུམ་དུ་བྱིན་གྱིས་བརླབ་པར་བྱའོ། །མང་ངག་ཅན་གྱིས་བསྙོད་པར་བྱའོ། ཁེས་རབ་ཅན་གྱིས་བཀའ་བར་བྱའོ། །ཞེས་བརྗོད་ལ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཐིག་ལེ་ལ་བབས་པས་ཐིག་སྐུད་དཀར་ལྟེམ་གྱིས་ཞུ་ནས་དཀྱིལ་འཁོར་ལ་ཐིམ་པས། སྟེང་ལྷའི་གནས། །འོག་ཀླུའི་གནས།བར་མིའི་གནས། མདོས་རི་རབ་ཀྱི་དཀྱིལ་འཁོར་དུ་གྱུར་པར་བསམ་མོ། །དེ་ནས་ལས་ཀྱི་ཧེ་རུ་ལྕགས་ཀྱུ་ཐོགས་པ་གཅིག་བྱུང་སྟེ་སྤོས་པ་ལས། འོག་མིན་གྱི་གནས་ནས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་དང་། མཁའ་འགྲོ་མ་མོའི་ཐུགས་ཡང་དག་པའི་ཡེ་ཤེས་རི་རབ་ཀྱི་དཀྱིལ་འཁོར་གཅིག་ཏུ་བཀུག་ནས་བསྟིམ་པས། རིན་པོ་ཆེ་འབར་བའི་དཀྱིས་འཁོར་གཅིག་ཏུ་གྱུར་པར་བསམ་མོ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། རི་རབ་ཀྱི་དཀྱིལ་འཁོར་ཐིག་གདབ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྟ་གོན་རིམ་ཡང་ཇི་ལྟར་ལགས།ཡང་དག་རྫོགས་ལ་བདག་ཉན་འཚལ།ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱིང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་དག་པ། །སྟ་གོན་རིམ་པ་འདི་ལྟ་སྟེ། དེ་ནས་ལྷ་ཡི་སྟ་གོན་ལ། ལྷ་རང་རང་གི་གནས་ནི་དབུས་གྲུ་གསུམ་ན་ཡབ་ཡུམ་གནས་སོ། །རི་རབ་ཀྱི་བུམ་པ་ལ་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ་ལ་ཡུམ་ལྔའོ། །གཉིས་པའི་བྱང་ཤར་ལ་སྲིད་པ་བདེ་འགྲོ་མ། ཁྲར་ལྷོར་ཐོད་འཕྲེང་མ། །ཟུར་བཞིར་དབང་མོ་ཆེ་བཞི། །ཕྱོགས་བཞིར་མ་བཞི་ཕྱོགས་སྨད་བཞི། །གསུམ་པའི་ཕྱོགས་བཞིར་ཆ་བྱད་ཆ་སྙོམསགཉིས། །ནམ་མཁའི་རྒྱལ་མོ་སྤུན་གཉིས། །བྱང་ཤར་དུ་བདག་ཉིད་མ། །མཚམས་གསུམ་དུ་སྲིན་མོ་གསུམ། །ཕྱོགས་བཞིར་སྲིན་མོ་བཞི། །བཞི་པའི་ཤར་ནུབ་ཏུ་འདོད་ཁམས་སྤུན་གཉིས། །ཕྱོགས་བཞིར་དམག་དཔོན་བཞི། །ཕྱོགས་བཞིར་སྲིང་མོ་བཞི། །མཚམས་བཞིའི་གྲུ་ཆད་ལ་གྲུ་འདེགས་བཞི། །ཤར་གྱི་ལྕགས་རི་ལ་རྡོ་རྗེ་རིགས་ཀྱི་དབང་ཕྱུག་མ་བདུན། །ལྷོ་རུ་རིན་ཆེན་རིགས་ཀྱི་དབང་ཕྱུག་མ་བདུན། །ནུབ་ཏུ་པདྨ་རིགས་ཀྱི་དབང་ཕྱུག་མ་བདུན། །བྱང་དུ་ལས་ཀྱི་རིགས་ཀྱི་དབང་ཕྱུག་མ་བདུན་ནོ། །དེ་ལྟར་ལྷ་ཐམས་ཅད་ཀྱི་གནས་སུ་རང་རང་གི་སྔགས་བཟླས་ཤིང་རི་དང་མེ་ཏོག་གི་ཐིག་ལེ་བྱའོ། །བདུད་རྩིའི་ཐིག་ལེ་བཀོད་ ལ། །དབྱིངས་ཀྱི་ཡུམ་ལྔ་ལ་ཧ་ལྔ་དགོད། །མ་མོ་བཅུ་བཞི་ལ་ཧཱུཾ༷་བཅུ་བཞི། །སྨན་མོའི་དམག་དཔོན་ཡན་ཆད་ལ་མ་ཉི་ཤུ་རྩ་གསུམ། །སྲིང་བཞི་ལ་ཕཊ་བཞི། །དབང་ཕྱུག་མ་རྣམས་སྨྱོ་ཉི་ཤུ་རྩ་བརྒྱད་དགོད། །ཡི་གེ་རྣམས་འོད་ཀྱི་ཚུལ་ལམ། །སྐྱེད་པ་རྐྱེན་གྱི་སྔགས་ཀྱིས་རྫོགས་པའི་ཚུལ་དུ་བསྐྱེད་དོ། །ཡེ་ཤེས་པ་བཀུག་ལ་གུར་གྱི་ནང་བཞུགས་པ་ལ་མཆོད་བསྟོད་བྱ། །དང་པོ་ལ་སྤྱན་དྲང་བ་ནི། །ཐོད་པ་མཁར་གྱི་ཕྱག་རྒྱ་བཅས་ལ་དབྱིངས་ཀྱི་ཡུམ་ལྔ་སྦྱན་དྲང་བ་ནི། །ཡེ་ཤེས་རྩལ་འཕངས་ཐིག་ལེ་ལ།བསྒོམ་བྱའི་མ་མོ་བཅུ་གསུམ་ལ། །དྲུག་ཅུ་རྩ་བརྒྱད་དཀྱིལ་འཁོར་རྫོགས། །གནས་འདིར་མཆོད་ཀྱིས་གཤེགས་སུ་གསོལ། །ཐིག་ལེ་དབྱིངས་ལས་བསྐྱེད་པའི་ཁྲོ་རྒྱལ་ཡུམ། །ཡེ་ཤེས་ཐུགས་ལས་སྤྲུལ་ཏེ་ཁྲོ་མོའི་ཚུལ་བསྟན་པ། །ཁྲག་འཐུང་རྒྱལ་པོ་དུར་ཁྲོད་ཀུན་གྱི་རྗེ། །ཡབ་ཡུམ་གཉིས་མེད་བསྲེས་མོར་དམ་བཅས་པ། །ཐུགས་དམ་བདག་ལ་དགོངས་ལས་གཤེགས་སུ་གསོལ། །སྙིང་ཁར་ཕྱག་རྒྱ་བཅས་ལ་ཡེ་ཤེས་མ་མོ་རྣམས་སྤྱན་དྲང་པ། །ཡེ་ཤེས་དང་ལ་བསྐྱེད་པས་སྤྲུལ་པ་ཁྲོ་མོའི་ཚོགས། །སེམས་ལ་སྐྱེ་ཤི་མེད་པའ་མ་མོ་བཅུ་གསུམ་དང་། །སྲིད་པའི་ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །གསང་བར་བཅས་པ་སྤྱན་དྲངས་ པ། །ཡུལ་དང་སེམས་ལས་བསྐྱེད་པའི་ཁྲོ་མོའི་ཚོགས། །ལྔ་བཅུ་རྩ་བརྒྱད་ཚོགས་ཀྱི་དཀྱིལ་འཁོར་ནས། །ཐུགས་དམ་བདག་ལ་དགོངས་ཞིང་གཤེགས་སུ་གསོལ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་མའི་ཚུལ་དུ་གྲོགས་མཛད་མ། །རྣལ་འབྱོར་མཐུ་རྩལ་བསྐྱེད་ཕྱིར་གཤེགས་སུ་གསོལ། །ཨེ་གྱེ་ཧི་བྷག་བན། །ཛ་ཧུ༷་བ༷་ཧོ། །ས་མ་ཧཱུཾ༷། ས་མ་ཡ་སྟ༷། །ཐྲི་ཧེ་རུ་ཀ། །ཨེ་རྒྱ་ཧི་ཨ་ར་ལི་ཧོ། །ཧྲི་ཧྲི། །ཞེས་སྤྱན་དྲང་ངོ་། །ཨོ་ཐྲི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རི་སྟ༷། །ཧུ༷་ཧ་ཧེ་ཕཊ། །མ་མོ་ཡོ་གི་ནི་རུ་ལུ་རུ་ལུ་ཧུ༷་སྨྱོ། །ཀ་ཡ་བག་ཙི་སྟ་བཛྲ་ཨ་ཏི་པུ་ཧོ། །པྲ་ཏི་བུ་ཧོ། །མ་ཧྭ་པུ་རུ་ཤ་ཧོ། །ཞེས་པས་བཞུགས་སུ་གསོལ་བ་ལ་ཕྱག་འཚལ་ལོ། །གོང་གི་ཕྱི་ནང་གསང་བའི་མཆོད་པས་མཆོད་དོ། །དེ་ནས་བསྟོད་དོ། །ཧུ༷། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ། །མཚན་དང་དཔེ་བྱད་ཡང་དག་ལྡན། །ཡུམ་དང་གཉིས་སུ་མེད་པར་བཞུགས། །ཡབ་ཡུམ་གཉིས་མེད་སྐུ་ལ་བསྟོད། །ཧུ༷། །གདོད་ནས་དག་པའི་ཐེག་ལེ་ཆེན་པོ་ཉིད། །རྟོག་པ་གསང་བའི་ཐེག་ལེ་ཆེན་པོ་ཉིད། །དངོས་གྲུབ་ལེན་པའི་ཐེག་ལེ་ཆེན་པོར་འབར། །ལྷུན་གྱིས་གྲུབ་པའི་མ་མོ་ཁྱོད་ལ་བསྟོད། །ཧྭ༷། གདོད་ནས་མ་འགགས་རང་བྱུང་འོད་གསལ་བའི། །ཡོན་ཏན་ཚོགས་རྫོགས་བདེ་བ་ཆེན་པོའི་སྐུ། །གདུལ་བྱ་རྣམས་ལ་གཞན་དོན་ལྟ་བུར་མཛེས། །ཡེ་ཤེས་རོལ་པའི་མ་མོ་ཁྱོད་ལ་བསྟོད། །ཧུ༷།སྙིང་རྗེའི་ཤུགས་ཀྱིས་སྣ་ཚོགས་སྐུ་རུ་བསྟན། །གདུལ་བྱ་རྣམས་ལ་ཆུ་ཟླ་ལྟ་བུར་གསལ། །གདུག་པའི་ཚོགས་རྣམས་འདུལ་བའི་ལས་མཛད་མ། །ཐུགས་རྗེ་སྤྲུལ་པའི་མ་མོ་ཁྱོད་ལ་བསྟོད། །ཧུ༷། ཁམས་གསུམ་ཀུན་ལ་དབང་སྒྱུར་རྫུ་འཕྲུལ་ཅན། །ཐུགས་རྗེ་ཤུགས་ཀྱིས་སྣ་ཚོགས་སྐུ་རུ་བསྟན། །རྟག་ཏུ་སྦྱོར་གྲོལ་གཉིས་ཀྱི་ལས་ལ་བརྩོན། །སྲིད་པའི་སྨན་མོ་འཇིགས་པའི་ཚོགས་ལ་བསྟོད། །དེ་རྗེས་བསྟིམ་གཞུགས་བྱ་བ་ནི། །ཨོ་ཨུ་ཧུ༷། །ཛ་ཧུ༷་བ༷་ཧོ། །ཛས་འགུགས། །ཧུ༷་གིས་གཞུག །བ༷་གྱིས་བསྟིམ།ཧོ་ཡིས་དགེས་པ་བསྐྱེད་དོ། །དེ་ནི་ལྷ་སྟ་གོན་ལ་གནས་པའིབཅའ་གཞིའོ། །ད་ནི་རྫས་དང་ཡོན་བདག་གི་སྟ་གོན་ལ། །ཡོན་བདག་གི་སྟ་གོན་ནི་ཆེའི་བུམ་པ་བཞེང་ལ།ཚེ་ཁུགས་པར་བྱས་ལ་ཚེ་བཀུགས་སུ་གཞུག་པའོ། །དེ་ནས་ཡོནབདག་གི་སྟ་གོན་ནོ། །རྫས་ཀྱི་སྟ་གོན་ནི། །བསྟང་་བདག་གི་སྟ་གོན་ནོ། །རྫས་ཀྱི་སྟ་གོན་ནི། །བསྟང་བའི་རྫས་རྣམས་བསོགས་ལ། ཡུལ་མཁར་དུ་བྱིན་གྱི་བརླབ་པ་ནི། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ་དང་། །ནོར་ཕྱུགས་གསེར་དང་དངུལ་དུ་བྱིན་གྱིས་བརླབ་བ་དང་གསུམ་མོ། །དེ་ལ་དང་པོ་ཡུལ་མཁར་དུ་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཁ་ནས་ཡི་གེ་མ་ཅིག་དར་ཆེ་གསུམ་གཉིས་ལ་འཕྲོས་པས་མ་ལས་ཉི་མའི་དཀྱིལ་འཁོར་དུ་བསམ། སྟེང་དུ་ཡི་གེ་འབྲུ་ལྔ་འཕྲོས་འདུས་པས་ཡབ་ཡུམ་གྱུར། ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ལ་ཐིམ། བདེ་གཤེགས་རྣམས་ཀྱི་བཅ་བསྡུས་ནས་ཡབ་ཡུམ་ལ་ཐིམ་པས། །ཡབ་ཡུམ་འོད་དུ་ཞུ་ནས་བདུད་རྩི་དྲི་མ་མེད་པར་འགྱུར་བ་ནི་ནང་མ་མོའི་མདོས་ལ་སྟ་གོན་ནོ། །འོད་ཀྱི་སྒྲ་དང་རྣལ་འབྱོར་པས། །ཨོ་ཨུ་ཧུ༷། །སརྦ་པརྩི་རད་ན་ཡེ་གྲྭ་ཧྭ། །ཞེས་པས་རིན་པོ་ཆེ་ལྔའི་ཕུང་པོ་ཡུལ་མཁར་བས་ལྷག་པར་བསམ་ལ། །དེ་ནི་སྲིན་མོ་ལས་ཀྱི་མ་མོ་ལ་སྣང་བའི་སྟ་གོན་ནོ། །སེམས་ཅན་གྱི་རྒྱུ་སུམ་ཆའི་སྒྲ་ལས། །ཨ་ཁི་སུ་ཏྲི་པྲི་དུ། །སརྦ་ཏད་ཁ༷། །ཨུད་ཁ༷་དེ་སྲུ་ཧྭ། །ཞེས་འགྲོ་བ་རིགས་དྲུག་གི་སེམས་ཙན་བསམ་ཡས་པར་བརླབ་པ་ནི། །ཕྱི་སྲིན་མོའི་མདོས་ལས་སྣང་བའི་སྟ་གོན་ནོ། །ནམ་མཁའ་བདུད་རྩིར་གྱུར་པའི་སྒྲ་ལས། །ཁ་ས་མུ་མ་པ་ལ་ཏྲ་ཐ་ཏད་ཁ༷་ཨུད་ག་ཏེ། །ས་ར་ན་ཧི་མ༷་ག་ག་ན་ཁ༷་གྲྭ་ཧྭ། །ཞེས་པས་སྲིན་མོའི་སེམས་ལ་ཇི་ལྟར་འདོདཔབཞིནབྱིནགྱིསབརླབ་བོ། །དེ་ནི་སྟ་གོན་གྱི་བཅའ་གཞིའོ། །ཞེས་གསུངས་སོ། །བདུད་མོ་བཀོར་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། །རི་རབ་ཀྱི་དཀྱིལ་འཁོར་གྱི་རིམ་པ་དང་སྟ་གོན་གྱི་བཅའ་གཞི་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །གནོད་འདུག་ལྷ་ཡིས་ཡང་གསོལ་པ། །ས་ཚོན་བྱིན་གྱིས་བརླབ་པ་དང་། །དཀྱིལ་འཁོར་བྲི་བ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ས་ཚོན་བྱིན་གྱིས་བརླབ་པ་ནི། །ང་ཡིས་ཁྱོད་ལ་བཤད་པར་བྱའོ། །དེ་ནས་སློབ་དཔོན་དམ་པ་ཡིས། །ནང་པར་དཀྱིལ་འཁོར་བྲི་བ་བརྩམ། །ས་ཚོན་རྣམས་ནི་དགོད་པར་བྱ། །མཐིང་ཁ་དབུས་ལ་དཀར་པོ་ཤར། །སྔོན་པོ་ལྷོ་ལ་དམར་མོ་ནུབ། །སེར་པོ་ལྗང་ཁུ་བྱང་དུ་གཞག། །རབ་འབྲིང་ཐ་མ་ལྕོགས་ཚད་ལ། །རིགས་ཀྱི་ལྷ་ལྔ་དགོད་པར་བྱ། །རྒྱལ་མོ་ལྔ་ཡི་སྐུ་བསྐྱེད་ནས། །རང་བཞིན་དཀྱིལ་འཁོར་བཞུགས་སུ་གསོལ། །མཆོད་པ་ཕུལ་ལ་འཛབ་འདི་བཟླས། །ཨོ་ཤི་ཧེ་རུ་ཀ་རཏྣ་བན་ཙ་ས་མ་ཡ་ཧུ༷། །ལྷ་རྣམས་ཞུ་ནས་ཚོན་ལ་ཐིམ། །རིན་ཆེན་ལྔ་རུ་གྱུར་བར་བསམ། །དེ་ནས་འབྲི་བའི་ལས་རྣམས་བྱ། །ས་ཚོན་བྲོ་ཀར་འདི་སྐར་བརྫོད། །ཧུ༷་མ་བཅོས་དབྱིངས་ཉིད་དག་པ་ལས། །དེ་བྱུང་རྟག་པའི་རྒྱལ་མོ་ལྔ། །ཚོན་གྱི་འཕྲིན་ལས་བདག་གིས་བགྱི། །དེ་སྐད་བརྗོད་དེ་བྲི་བར་བྱ། །དམའ་ན་དངོས་གྲུབ་འོང་བ་མེད། །ཡོན་བགེགས་རྣམས་འཇུག་པ་ཡིན། །ཆད་ན་ཡོན་བདག་སློབ་མ་འཆི། །ལོག་པའི་རི་མོ་བྱུང་བ་ན། །ཞི་བའི་སྤྱིན་སྲེག་བྱ་བར་གསུངས། །དེ་ནས་པེ་ག་ཏྲ་མ་སིདྷི་ཧུ༷་ཞེས་པས། །སྟ་གོན་གྱི་ལྷ་རྣམས་གུར་གྱི་སྟེང་དུ་བཞུགས་སུ་གསོལ་ལོ། །སྔགས་འདི་བཟླས་པ་ལ་མཆོག་ཕུར་གདབ། ཨོ་ཤི་ཧེ་རུ་ཀ་སི་སུ་སརྦ་ཤད་དྲུ༷་ཧུ༷་ཕཊ། །ཅེས་བརྗོད་ནས་མཆོག་ཕུར་བཏབ་ལ། །ཕུར་བའི་ཤུལ་དུ་ཚོན་ལྔའི་ཚོམ་བུ་བྱའོ་ཞས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། །ས་ཚོན་བྱིན་གྱིས་བརླབ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དཀྱིལ་འཁོར་ཇི་ལྟར་བྲི་བར་བགྱི། །དམ་པ་ཁྱོད་ཀྱིས་བཤད་དུ་གསོལ། །དེ་སྐད་གསོལ་བ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །བྲི་བའི་ཐབས་ནི་འདི་ཡིན་ནོ། །ངས་བསྟན་པ་ལ་སེམས་ཐུད་ཅིག། །ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེའི་བྷ་ག་ལས། །སྣང་སྲིད་ཐམས་ཅད་འཆར་བའི་རྟགས་སུ་དབུས་གྲུ་གསུམ་དུ་བྲིའོ། །ཆོས་ཉིད་མ་བཅོས་པའི་རྟགས་སུ་ཁ་དོག་མཐིང་ནག་ཏུ་བྲིའོ། །ཡུམ་གྱིས་བྷ་གས་ཁམས་གསུམ་ཐམས་ཅད་དབང་དུ་སྡུད་པའི་རྟགས་སུ་ཟླ་ཁམ་དམ་པོ་གསུམ་གྱིས་བསྐོར་རོ། །བྷ་གའི་དོན་རྟོགས་པད་འཁོར་བའི་ཆོས་ལ་སྤྱད་ཀྱང་། །ཉེས་པས་མ་གོས་བའི་རྟགས་སུ་དཀར་པོ་ཟླུམ་པོར་བསྐོར་རོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་སུ་དག་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད་པའི་རྟགས་སུ་པདྨ་འདབ་བརྒྱད་དམར་པོར་བྲིའོ། །འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན། །མཐར་ཕྱིན་པར་མཛད་བའི་རྟགས་སུ་ལྕེ་མཚན་ལྗང་ཁུས་བྲིའོ། །ཚད་མེད་པ་བཞི་དང་ལྡན་པའི་རྟགས་སུ་གྲུ་ཆད་བཞི་ལ་ཤར་ལྷོ་དཀར། །ལྷོ་ནུབ་སྔོ། །ནུབ་བྱང་དམར་བྱང་ཤར་ལྗང་ཁུས་བྲིའོ། །ཡུམ་ཆེན་མོ་ཆོས་ཀྱི་སྐུ་ལ་མ་གཡིས་པའི་རྟགས་སུ་ཆོས་འཐུན་པའི་དཔེ་གཞན་གྱི་མི་སྤོགས་ཏེ། །ཆོས་ཀུན་གྱི་སྒོ་ནས་རི་རབ་ཀྱི་གོང་ན་གཟུགས་ཆེ་བ་གཞན་མེད་དེ། །དཔེར་ན་རི་རབ་ལྷུན་པོ་ལ་བསྐལ་པའི་ཆུས་ཀྱིང་མི་འཇིག་ལ་ལས་ཀྱི་རླུད་གིས་ཀྱང་མི་ཁྱེར། །སྲིད་པའི་མེས་ཀྱང་མི་ཚིག་པ་དང་འདྲ་བས། །ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེ་ཆོས་ཀྱི་སྐུ་ལ་དངོས་པོ་དང་མཚན་མར་མི་འགྱུར། །རྟག་པ་དང་ཆད་པར་མི་འགྱུར་བས་སྐུ་རི་རབ་ལྟ་བུར་བཞུགས་སོ། །རི་རབ་ལྷུན་པོ་དེ་ཡང་རིན་པོ་ཆེ་བཞི་ལས་གྲུབ་པ་སྟེ། ཁྲར་ཀ་ཀ་རི་དཀར་པོ། །ལྷོ་བེཌརླ་སྔོན་པོ། །ནུབ་པདྨ་ར་ག་དམར་པོ། །བྱང་ཨིན་ཏྲ་ནི་ལ་ལྗང་ཁུ། །དབུས་བཙོ་མ་གསེར་སེར་པོའོ། །བུམ་པ་ལ་འཁོར་ལོ་རྩིབས་བཞི་དང་ལྡན་པའོ། །དེ་བཞིན་དུ་ཡུམ་ཆེན་མོ་ཉིད་བཞི་མུ་ཁ་དེ་ལ་ཡང་། །ཡུམ་གྱི་ཆོས་ཉིད་དངུལ་དང་འདྲ་བས་དཀར་པོའོ། །ཡོན་ཏན་གཡུ་དང་འདྲ་བས་སྔོན་པོའོ། །བག་ཆགས་སྐྱོན་གྱིས་མ་གོས་པས་དམར་པོའོ། །འཕྲིན་ལས་སྣ་ཚོགས་བཛད་པས་ལྗང་ཁུའོ། །གང་དུ་ཡང་མི་འགག་རྒྱུ་རྐྱེན་གྱིས་མ་གོས་པས་སེར་པོའོ། །རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའོ། །དེ་ལས་ཡུམ་ཆེན་མོས་ཐུགས་རྗེས་སྡུག་བསྔལ་གྱིས་དམྱལབ་ཡི་དགས་བྱོལ་སོང་དུ་གྱུར་བའི་སྡུག་བསྔལ་མི་དང་བཞིས་སྦྱོང་ཞིང་དོན་མཛད་པའི་རྟགས་སུ་རི་རབ་ལྷུན་པོ་ལ་བང་རིམ་བཞིའོ། །ཆོས་ཀྱི་དབྱིངས་ཐམས་ཅན་དུ་མ་སྤྲོས་པའི་རྟགས་སུ་རི་རན་བྲེ་མ་ཆད་པརའབྱུང་བའོ། །ཡུམ་ལ་ཆོས་ཀྱི་སྐུ་བྱིན་བརླབས་འབྱུང་བའི་རི་རབ་ལྷུན་པོ་ནི་སོགས་ཁ་གྱེན་དུ་བལྟས་པའོ། །ཡུམ་གྱི་ཆོས་ཀྱི་སྐུས་ཀུན་ལ་ཁྱབ་པར་གྲགས་པས་རི་རབ་ནི་གཡེལ་བར་འབྱུང་བའོ། །ཡུམ་ཆེན་མོ་ལ་ཐུགས་རྫེ་བཞི་དང་ལྡན་པའི་རྟགས་སུ་རི་རབ་ལྷུན་པོ་གླིང་བཞི་མཁར་དུ་འབྱུང་བའོ། །ཡུམ་ཆེན་མོ་ལ་རྫུ་ཕྲུལ་གྱི་ཞབས་བརྒྱད་དང་། ལྡན་པའི་རྟགས་སུ་རི་རབ་ལྷུན་པོ་ལ་ལྷུན་པོ་ལ་གླིང་ཕྲན་བརྒྱད་ཀྱིས་བསྐོར་བའི། ཡུམ་ཆེན་མོ་ལ་ལོངས་སྤྱོད་རྫོགས་པའི་ཡབ་དང་ལྡན་པའི་རྟགས་སུ་རི་རབ་ལྷུན་པོ་དཔག་བསམ་གྱིས་ཤིང་དང་ལྡན་པའོ། །ཡུམ་ཆེན་མོ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་པའི་རྟགས་སུ་རི་རབ་ལྷུན་པོ་དེ་ཡང་གསེར་གྱི་རི་བདུན་དང་ལྡན་པའོ། །ཡུམ་ཆེན་མོས་འཁོར་བརྩད་གཅོད་པའི་དུསམེད་པའི་རྟགས་སུམ་རི་རབ་དེ་ཡང་རོལ་བའི་མཚོ་བདུན་དང་ལྡན་པའོ། །ཡུམ་དེ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རྟགས་སུ་རི་རབ་ལྷུན་པོ་དེ་ཡང་བརྒྱད་ཁྲི་མཚོ་ལ་ནུབ་བརྒྱད་ཁྲི་ཁ་ལ་ཐོན་པའོ། ། ཡུམ་ཆེན་མོ་ཐོབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས་སུ་རི་རབ་དེ་ཡང་གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་དང་ཟུང་དུ་འབྲེལ་བའོ། །རི་རབ་ལྷུན་པོ་དེ་ལས་དགུ་བྱུང་བ་ནི།བང་རིམ་ཐ་མ་ལྷུང་བཟད་པས་དམྱལ་བའི་ས་དང་། གཉིས་པ་བྱོལ་སོང་ཡི་དགས་ཀྱི་ས་དང་། །གསུམ་པ་བསོད་ནམས་ལས་གྲུབ་པ་མིའི་ས་དང་། བཞི་པ་ས་གཞི་སྤོས་ཀྱི་ངད་ལྡང་པའི་ས་དང་། །ལྔ་པ་བསྐྱོད་པར་འགྱུར་བ་ཀླུའི་ས་དང་། དྲུག་པ་གཞལ་ཡས་རིན་པོ་ཆེ་བཀོད་པའི་ས་དང་། བདུན་པ་མཐོ་རིགས་ལྷའི་ས་དང་། བརྒྱད་པ་མཆོད་པ་རྟེན་པ་སྤྲིན་གྱི་ས་དང་། དགུ་པ་མིང་གིས་མཚོན་པ་སྐྱེ་མེད་ས་དང་། །དེ་ལྟར་དུ་ས་དགུ་རི་རབ་ལས་གནས་པའོ། །དེ་བཞིན་དུ་ཡུམ་ཆེན་མོ་ཉིད་གཞི་མུ་ཁ་ལེ་ཆོས་ཀྱི་སྐུ་ལ་ཡང་། ཐེག་པའི་རིམ་པ་རྣམས་དགུ་འབྱུང་བ་ནི་དམྱལ་བའི་ས་དང་ཉན་ཐོས་ཀྱི་ཐེག་པར་སྦྱར། རྩ་བའི་ལྟུང་བ་ཉམས་ན་དམྱལ་བར་སྐྱེ། དེ་ཡང་དམྱལ་བའི་སྡུག་བསྔལ་ཉམ་ཐག་པའོ། །ཉན་ཐོས་དཀའ་ཐུབ་ཉམ་ཐག་པའོ། །ཡི་དགས་བྱོའ།་་ང་ང་གི་ས་དང་རང་སངས་རྒྱས་ཀྱི་ཐེག་པར་སྦྱར། རང་སངས་རྒྱས་རྟེན་འབྲེལ་གོལ་ནས་མ་རིག་པས་སྲིད་པས་ཡི་དགས་སུ་སྐྱེ་བར་སྦྱར། ཡི་དག་བཀྲེས་སྐོམ་གྱིས་སྡུག །བྱོལ་སོང་གི་གཏི་མུག་གིས་རྨོངས་། དེ་ལས་ཐར་བར་བྱ་བའི་ཕྱིར་རང་སངས་རྒྱས་འདོད་ཆགས་སུན་འབྱིན་པའི་དོན་དུ་བསེ་རུ་ལྟར་གཅིག་པུར་བསྒོམ། །གཏི་མུག་བསལ་བའི་ཕྱིར་ནེ་ཙོ་ལྟར་ཁྱུང་ལྡིང་བསོ། །ཀུན་ཏུ་གྲུབ་པ་མའི་ས་དང་། བྱང་ཆུབ་སེམས་དཔའི་ཐེག་པར་སྦྱར། མི་རྣམས་བསོད་ནམས་བསགས་པས་རྒྱལ་རིགས་ཆོས་རིགས་མཐོ་བར་སྐྱེ། བསོད་ནམས་མ་བསགས་པས་འོན་དིག་གི་སླར་ལོག་ཐུར་ལ་ལྟུང་། བདེ་བ་གཉིས་ཐོབ་བྱང་ཆུབ་སེམས་དཔའི་ཐེག་པའོ། །ས་བཞི་པ་སྤོས་ཀྱི་ངད་ལྡང་དང་ཀྲི་ཡའི་ཐེག་པར་སྦྱར།ཀྲི་ཡ་དག་པ་ཆོས་ཉིད་དུ་གཟུང་ནས་ཡེ་ཤེས་སེམས་དཔའ་རྗེ་བོ་རུ་གཟུང་ནས་མཆོད་པ་སྦོས་ལ་གཟུང་བས་སོ། །སྤྱོད་པར་འགྱུར་བ་རླུད་གི་ས་དང་ཨུ་པ་ཡར་སྦྱར། ཨུ་པ་ཡ་དེ་ཉིད་རྣམ་གསུམ་གྱི་སྦྱད་ནས་འགྲོ་བའི་དོན་རླུད་བཞིན་མཛད་པས་སོ། །གཞལ་ཡས་རིན་ཆེན་བཀོད་པའི་ས་དང་པོ་ཡོ་གར་སྦྱོར། དེ་ཁོ་ན་ཉིད་རྣམ་པ་ལྔས་འབྱུང་བ་འབྲས་བུ་རྣམ་པ་ལྔ་རིན་པོ་ཆེ་དང་། པདྨ་དང་། ཁང་བུ་འབར་བའི་སངས་རྒྱས་མན་མཆོད་དོ། །མཐོ་རིགས་ཀྱི་གོ་འཕང་ལྷའི་ས་དང་མ་ཧྭ་ཡོ་གར་སྦྱར། །འདོད་སྤྱོད་རྣམ་ལྔས་རང་སངས་རྒྱས་རྒྱན་དུ་རིག །ཕུང་པོ་ལྔ་ལྷའི་དཀྱིལ་འཁོར་དུ་བསྒོམ་པས་སོ། །མཆོད་པ་སྟེན་པ་སྤྲིན་གྱིས་དང་ཨ་ནུ་ཡོ་གར་སྦྱར། རྟོག་པ་རྣམ་པ་བཞི་མངོན་སུམ་གཏན་ལ་ཕབ་པས་སྤྲིན་ལས་ཆར་འབབས་ནས་ས་གཞི་གང་བར་བྱས་ཏེ་སྨན་དང་ལོ་ཐོག་སྐྱེས་པ་དང་འདྲ་བར། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ཆོས་ཀྱི་སྐུ་ལ་ཡེ་ཤེས་ལྔ་བྱུང་ནས། རྣམ་པར་དག་པའི་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པར་མཛད་པས་སོ། །མིང་གིས་མཚོན་པ་སྐྱེ་མེད་ས་དང་ཨ་ཏི་ཡོ་གར་སྦྱར། ཨ་ཏི་ཡོ་གའི་སྐབས་ན་འཁོར་བའི་ཆོས་དང་མྱ་ངན་འདས་པའི་ཆོས་མིང་གིས་མཚོན་པ་ཙམ་ཡིན་ཏེ། དེ་ཉིད་རང་བྱུང་ཀུན་བཟང་པོར་སངས་རྒྱས་སོ། །དེ་ལྟར་ན་ཐེག་པའི་རྣམ་གྲངས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་ཡུམ་ཆེན་མོ་ཉིད་བཞི་མུ་ཁ་ལེ་ཡིན་ལ། །དངོས་སུ་མི་འགགས་པ་ཡབ་ཀྱི་ཆོ་འཕྲུལ་ལོ། །ཡུམ་ལ་ཐེག་པ་རིམ་པ་དགུ་དང་ལྡན་པའི་རྟགས་སུ་རི་རབ་སྨྱུག་མ་ཚིགས་དགུ་བ་གཟུགས་སོ། །ཚིགས་དགུ་ལ་ཟ་འོག་གི་ཁུག་མ་དགུའི་ནང་དུ་དར་དང་། །འབྲུ་སྣ་ཚོགས་དང་། །བ་་རྣམས་བླུགས་ལ་གདགས་སོ། །དེ་ལྟར་བུར་ཡུམ་ཆེན་མོ་དེ་ལ་སྤྲུལ་པའི་རང་བཞིན་གྱིས་བྱུང་བ་ནི། །འབྱུང་བ་རྣམ་ལྔ་ནི་ཕྱིའི་མཁའ་འགྲོ་མ་ལྔའོ། །སྲིད་པའི་ཆོས་ནི་སྲིད་བ་བདེ་འགྲོ་མའོ། །ཉི་ཟླ་གསལ་བའི་རང་བཞིན་ཉི་ཟླ་ཐོད་འཕྲེང་མའོ། །དྲག་པོས་འགྲོ་བའི་དོན་བྱེད་པས་ཁྲོས་པའི་མ་བཞིའོ། །དུས་སུ་མ་ངེས་བའི་དོན་ཤེས་པས་སྦས་པའི་མ་བཞིའོ། །དོན་ལས་མ་ཡོལ་བར་སྐྱེ་བ་རང་གྲོལ་པའི་དོན་ལམ་མཐར་ཕྱིན་པས་དགེས་སྡེ་བཞིའོ། །ཆགས་པའི་ཆོས་ཅན་སྙོམས་པའི་ལས་བྱེད་དང་ཆ་སྙོམས་སོ། །ཡུལ་དྲུག་གོ །མ་བདུན་གྱི་དབང་པོ་དྲུག་ཡུལ་རྣམ་པར་དག་དང་བདུན་ནོ། །འཇིག་རྟེན་དབང་སྒྱུར་གྱི་ཀུན་ལ་དབང་སྒྱུར་བས་སོ། །རིན་ཆེན་སྲིད་འདེགས་མ་ནི་རིན་པོ་ཆེ་དངོས་སོ། །འདོད་ཁམས་ཀྱི་བུ་མོ་སྐྲུན་གཉིས་ཆགས་པའི་དངོས་པོའོ། །སྲིང་བཞི་ནི་སྲིང་མོ་དངོས་སོ། །དམག་དཔོན་ནི་དམག་དཔོན་དུ་འཛིན་པས་སོ། །དབང་ཕྱུག་མ་ནི་ཕྱོགས་ཀྱི་ཁ་དོག་ཏུ་འཛིན་པས་སོ། །ཕྱི་སྣང་བ་རྣམ་པར་དག་པ་སྣང་སྲིད་སྣམ་པར་དག་པའི་སྤྲལ་པའི་མ་མོ་བྱུང་ངོ་སྤྲུལ་པ་བྱུང་བས་ཡེ་ཤེས་རྣམ་པར་དག་པའི་མ་མོ་བྱིན་སྐྱེད་དོ། །དེ་ལྟར་རང་བཞིན་གྱི་གཞལ་ཡས་ཁང་ལྷ་རུ་ལྡན་པའོ། མ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། བདག་གཞན་གྱི་དོན་རི་རབ་ཀྱི་དོན་བསྟན་པ་དང་དཀྱིལ་འཁོར་བྲི་བའི་དོན་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ། །གནོད་འདུ་ལ་ལྷ་ཡིས་ཡང་གསོལ་པ། སྲིད་པའི་དབང་ཅན་མ་མོ་རྣམས། སེམས་ཅན་ཀུན་ལ་གནོད་བྱེད་པས། །བསྐང་པའི་ཆོ་ག་ཇི་ལྟར་ལགས། སྲིད་པའི་དཀྱིལ་འཁོར་དེ་སྟེངས་སུ། སརྦ་རུ་པ་ཇི་ལྟར་བཞེངས་། སེམས་ཅན་གླུད་ཀྱིས་ཇི་ལྟར་བསླུ། སྣང་སྲིད་མ་མོ་ཇི་ལྟར་བསྐང་། །གཞན་གྱི་བྱད་ཁ་ཇི་ལྟར་བཟློག །ཡང་དག་རྫོགས་ལ་བདག་ཉན་འཚལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུག་ཡང་དག་པ། ངས་བསྟན་པ་ལ་སེགས་ཐུད་ཅིག །བསྐང་བཟློག་མཆོད་པའི་ཡོ་བྱད་ལ། །སརྦ་རུ་པ་བཞེངས་པ་ལ་དོན་བཅུ་ཡི་བསྟན་ཏེ། རྒྱུ་དང་། ཚད་དང་། བྱིན་བརླབས་དང་། རི་རབ་གླིང་བཞི་བྱ་བ་དང་། སེམས་ཅན་གྱི་གཟུགས་བྱ་བ་དང་། དཀོར་ཆས་བརྒྱན་དང་། སྤྱན་གཟིགས་གསོག་པ་དང་། དཔག་བསམ་གྱི་ཤིང་དང་། །རྒྱན་གཟུགས་པ་དང་། ནམ་མཁའ་བྲི་ཞིང་གདུགས་བྲི་བ་དང་། །སྐྱོགས་དགོད་པ་དང་། མདའ་དར་རལ་གྲི་མེ་ལོང་གིས་བརྒྱན་པའོ། །ཐ་མ་ལ་གདུགས་བྲིའོ། །དེ་ལ་དང་པོ་རྒྱུ་གསོག་པ་ནི།འབྲས་ལ་སོགས་འབྲུ་དཀར་པོ་སྣ་ལྔ་ཉུངས་ནག་དང་། །ནས་ནག་དང་། ཏིལ་ནག་ལ་སོགས་པའོ་ནག་པོ་སྣ་ལྔ། གྲོ་དང་ཡུངས་ཀར་ལ་སོགས་པའི་སེར་པོ་སྣ་ལྔ། ཁྲེ་དང་ཇུ་ཚེ་ལ་སོགས་པའི་སྣ་ལྔ་དང་། འབྲུའིརྒྱལ་པོ་རྒྱ་སྲན་དང་ཉི་ཤུ་རྩ་གཅིག་གོ །ཚད་ནི་མ་གདྷའི་བྲེ་གསུམ་སྟེ། བོད་ཀྱི་ཁལ་གསུན་བྲེ་བརྒྱད་དོ། །ཕྱེད་ལ་སླུད་ནས་སུ་བྱའོ། །ཕྱེད་ལ་ཆུ་བཀྲུས་དང་རྗེན་ཐགས་སུ་བྱས་པ་ནི་ངར་ཕྱེའོ། །དེ་ལ་སྣ་ཚོགས་བདུད་རྩི་རིན་པོ་ཆེ་སྤོས་དང་བླ་བབས་ལ། །སྟ་གོན་བྱིན་གྱིས་བརླབ་པ་ནི། དེ་ནས་གླིང་དང་སེམས་ཅན་བྱ་བ་ནི། གསུམ་གཉིས་ལ་དབུས་སུ་རི་རབ་བྱ། གྲུ་བཞི་པ་ལ་བང་རིམ་བཞི་དང་ལྡན་པའོ། །དེའི་ཕྱི་རིམ་གླིང་བཞི། །དེའི་ཕྱི་རིམ་གླིང་ཕྲན་བརྒྱད་གཡོན་དུ་བྱའོ། །ཐ་མ་ལྕགས་རི་ནག་པོས་བསྐོར་བ་ཅིག་བྱའོ། །སེམས་ཅན་བྱ་བ་ནི་ཚོ་གཅིག་གསུམ་དུ་བཅད་ལ། དེ་ལ་དྲུག་ཏུ་བྱའོ། །དྲུག་ཆ་ལ་སེང་གེ་དྲུག་བྱ། རྔ་རྗོག་རམས་ཀྱིས་བྱུག་བ་གླང་སེར་པོ་དྲུག་ལ་རོ་གསེར་རྣ་བ་གཡུ། སྣ་ཐག་དར་མིག་པ་དུང་གིས་བྱས་པ་དྲུག་ལ་དར་དཀར་པོ་དྲུག་ལ་དར་དཀར་གྱི་རལ་ག་བསྐོན་ལ་དར་དམར་གྱི་ཐོད་བཅིངས་ལ་སྟག་རལ་གཡས་ལ་གཟིག་ཤུགས་གཡོན་དུ་བཏགས་པ། སྐྱེ་རུ་གཡུ་བཏགས་པ་དྲུག་བསྐྱོན་ལ་གཞག ཁུགས་ཀྱི་རྒྱལ་པོ་རྟ་དྲུག་ལ་དཀར་པོ་གཉིས། སེར་པོ་གཉིས། དམར་པོ་གཉིས། འདོད་ཆགས་ཀྱི་གཙོ་མོ་ན་ཆུང་སྒེག་མོ་དྲུག་ལུས་དར་ཟབ་ཀྱིས་བརྒྱན་ནོ། །མགོ་ལ་གསེར་གཡུས་བརྒྱན་པ་ལག་ན་དངུལ་གྱི་མོ་འཕང་ལ་གསེར་གྱི་མེ་ལོང་བཅུ་དྲུག་བསྐུར་ལ་རྟ་དྲུག་ལ་བསྐྱོན་ལ་གཞག་གོ །འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་དྲུག་ལ་ལུས་པོ་གསེར་ལ་གཤོག་པ་གཡུ་མཆུ་ཟངས་སྤྱན་མིག་གཟི་ལ་བྱས་པ་དྲུག །ལུས་ལ་དར་སྣ་ཚོགས་ཀྱིས་བརྒྱན་ལ་གཞག་གོ །འདབ་ཆགས་ཀྱི་རྒྱལ་པོ་རྨ་བྱ་དྲུག་ལ་ལུས་པོ་གཡུ། །གཤོག་པ་གཞའ་ཚོན། མཇུག་མ་རིན་པོ་ཆེ་སྣ་ལྔའི་ཐག་ལེས་བརྒྱན་ལ་དར་སྣ་ཚོགས་ཀྱིས་བརྒྱན་ལ་གཞག་གོ །ཡང་འདབ་ཆག་ཤང་ཤང་དྲུག་ལ། །ལུས་པོ་མི་ལ་གཤོག་པ་བྱ། སྡེ་མོ་གཡུ་རུ་འདུག་པ་དྲུག་ལ་སྣ་ཚོགས་དར་གྱི་བརྒྱན་ལ་གཞག་གོ །ཚོ་གཅིག་ལ་ཤུགས་ཀྱི་རྒྱལ་པོ་རྟ་བཅུ་བཞི་ལ་དར་གྱི་མཐུར་སྲབ་དང་ཆས་པ་གཅན་གཟན་གྱི་རྒྱལ་པོ་སྟག་གཟིག་བཅུ་བཞི། །གླང་པོ་ཆེ་དཀར་པོ་དུང་གི་སྣ་ཐག་ཅན་བཅུ་བཞི། སེང་གེ་ཟངས་ཀྱི་རལ་བ་ཅན་བཅུ་བཞི། ཁྱི་དཀར་པོ་གསེར་གྱི་ཨ་ལོང་ཅན་བཅུ་བཞི། མདངས་ལྡན་རྨ་བྱ་བཅུ་བཞི། བང་རིམ་བར་བ་ལ་མ་མོ་བཅུ་བཞིའི་རྫས་སུ་བཞག་གོ །ཚོ་གཅིག་ལ་འགྲོ་བ་ལྔའི་གཟུགས་དང་། ལྷ་མ་ཡིན་གྱི་གཟུགས་དང་། མིའི་གཟུགས་དང་། ཡི་དགས་ཀྱི་གཟུགས་དང་། བྱོལ་སོང་གི་གཟུགས་དང་། དམྱལ་བའི་གཟུགས་དང་། སྣངསྲིད་ཐམས་ཅད་ཀྱི་གཟུགས་བྱས་ལ་སྨན་མོའི་རྫས་སུ་བང་རིམ་ཐ་མ་ལ་གཞག་གོ །གསེར་གྱི་རིབདུནལ། གསེར་དངུལ་དང་ཟང་ལྕགསལ་སོགས་པས་བརྒྱན་ལ་གཞག་གོ། །རོལ་པའོ་མཚོ་བདུན་ལ། །ཆང་རག་ཏ་འོ་མ་ལ་སོགས་པས་བརྒྱན་ལ་གཞགགོ། །ནམ་མཁའ་བྲི་བའི་རིམ་པ་ནི་གཉིས་ཏེ། འཇིག་རྟེན་པའི་ནམ་མཁའ་དང་། འཇིག་རྟེན་ལས་འདས་པའི་ནམ་མཁའ་གཉིས་སོ། །དེལ་འཇིག་རྟེན་ལས་འདས་པའི་ནམ་མཁའ་བསྟན་པ་ནི། ནམ་ནི་ཆོས་ཀྱི་དབྱིངས་མ་བཅོས་པའི་ངང་ཉིད་དོ། །མཁའ་ནི་རིག་པའི་ཡེ་ཤེསདོན་མ་ནོརབར་ཤེས་པ་སྟེ་འབྱུང་བ་ལྔའི་ངོ་བོ་ཉིད་གསལ་བའོ། །ནམ་ནི་ཤེས་རབ་ཀྱི་རང་བཞིན་ལ། མཁའ་ནི་ཐབས་ཀྱི་རང་བཞིན་ནོ། །ནམ་ནི་མཁའ་དབྱིངས་རྣམ་པར་དག་པ་ཡིན་ལ། མཁའ་ནི་གསང་བའི་རྡོ་རྗེའིརང་བཞིན་ནོ། །ནམ་ནི་བྱངཆུབ་སེམས་མ་བཅོས་པའི་ཐིག་ལེ་ཡིན་ལ། མཁའ་ནི་མ་མོ་རྣམས་ཀྱི་སྐུ་བསྐྱེད་པའོ། །ནམ་ནི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ཡིན་ལ། མཁའ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བའོ། །དེ་དག་ནི་ཡེ་ཤེས་ལས་གྲུབ་པ་སྟེ་འཇིག་རྟེན་ལས་འདས་པའི་ནམ་མཁའ་བསྟན་པའོ། །ད་ནི་འཇིག་རྟེན་པའི་ནམ་མཁའ་བསྟན་པར་བྱ་སྟེ། དེ་ལ་ཡང་རྒྱུ་འབྱུང་བ་ལྔ་ལས་གྲུབ་པར་ཤེས་པར་བྱའོ། །དེ་ལ་ནམ་མཁའ་བྲི་བའི་ཐབས་ནི། དང་པོ་ལ་ཚོན་དང་སྨྱུག་ལ་བྱིན་གྱིས་བརླབས། །ཚོན་ལྔ་ཕྱོགས་བཞི་དབུས་དང་། ལྔ་རུ་གཞག་ལ་ཡེ་ཤེས་ལྔ་རུ་བྱིན་གྱིས་བརླབ་པོ། །དེ་ནས་འཐུན་རྫས་བྲི་བ་ནི། ཕྱོགས་ཀྱི་སྨྱུག་ཚལ་བཞི་ལ་ནི། དབུས་མཐིང་གཡས་དཀར་གཡོན་དམར་བ། རྣམ་པར་ཡར་པ་གསུམ་དང་ལྡན། ཆེ་མཆོག་ཞལ་གྱི་རང་བཞིན་ནོ། །ཕྱོགས་ཀྱི་སྨྱུག་མ་བཞི་ལ་ནི། མཐིང་ནག་དྲག་པོ་འཁོར་ལོ་རིས། །ཕྱོགས་བཞིར་རིགས་ཀྱི་འཁོར་ལོ་མཛེས། །ཁ་ལེ་ནག་མོའི་ཞལ་ཡིན་ནོ། །དེ་སྟེངས་ཆེ་མཆོག་རྡོ་རྗེ་རིགས། །གསང་བའི་མཁའ་ལ་ཕྱེད་ནུབ་ཙམ། །ཡབ་ཡུམ་ཞལ་གྱི་རང་བཞིན་ནོ། །ཕོག་བྲང་ནག་པོ་དེ་ནས་དཀར། །སེར་དང་དམར་གྱི་མདངས་དང་ལྡན། །སྔོན་པོ་འོད་དང་བཅས་པ་ནི། །ཁ་ལེ་ཉིད་ཀྱི་མཐུན་རྫས་སོ། །དཀར་པོའི་ཕོ་བྲང་སེར་པོས་བརྒྱན། །དམར་པོ་སྔོན་པོའི་མདངས་དང་ལྡན། །ནག་པོ་འདོ་དང་བཅས་པ་ནི། །རྣམ་སྣང་གསལ་གྱི་མཐུན་རྫས་སོ། །སྔོན་པོའི་ཕོ་བྲང་དཀར་པོས་བརྒྱན། །སེར་པོ་དམར་པོའི་མདངས་དང་ལྡན། །ནག་པོའི་འོད་དང་བཅས་པ་ནི། །འོད་གསལ་འབར་གྱི་མཐུན་རྫས་སོ། །དམར་པོའི་ཕོ་བྲང་སྔོན་པོས་བརྒྱན། །དཀར་པོ་སེར་པོའི་མདངས་དང་ལྡན། །ནག་པོའི་འདོ་དང་ལྡན་པ་ནི་། །གཉེན་གསལ་འབར་གྱི་མཐུན་རྫས་སོ། །སེར་པོའོ་ཕོ་བྲང་དམར་པོས་བརྒྱན། །སྔོན་པོ་དཀར་པོ་མདངས་དང་ལྡན། །ནག་པོའི་འོད་དང་བཅས་པ་ནི། །ཡང་གསལ་གཡོས་ཀྱི་མཐུན་རྫས་སོ། །སེར་པོའི་ཕོ་བྲང་དཀར་པོས་བྱས། །སྔོན་པོ་དམར་པོའི་འོད་དང་ལྡན། །ནག་པོའི་འོད་དང་བཅས་པ་ནི། །བཀྲག་གསལ་འབར་གྱི་མཐུ་རྫས་སོ། །དཀར་དང་ནག་པོའི་རིམ་པ་ལ། །སེར་དར་དམར་པོའི་མདངས་དང་ལྡན། །སྔོན་པོ་འོད་དང་བཅས་པ་ནི། །སྲིད་པ་བདེ་འགྲོའི་མཐུན་རྫས་སོ། །དཀྱིལ་དམར་དཀར་སེར་སྔོན་པོ་ནག། །ཉི་ཟླ་ཐོད་འཕྲེང་མཐུན་རྫས་སོ། །སྔོ་དང་དམར་དུ་རྣམ་པར་སྤྲས། །ཟ་འོག་རིས་སུ་བྲིས་པ་བཞི། །ཁྲོས་པའི་མ་བཞིའི་མཐུན་རྫས་སོ། །སེར་པོས་དབུ་བྱས་དེ་ནས་དམར། །དཀར་དང་སྔོ་དང་མཐའ་བཞི་ནག། །སྦས་པའི་མ་བཞིའི་མཐུན་རྫས་སོ། ཕྱོགས་བཞི་ཚོན་གྱི་ཕོ་བྲང་ལ། །རིམ་པ་གསུམ་གྱི་བསྐོར་བ་རྣི། །དགེས་སྡེ་བཞི་ཡི་མཐུན་རྫས་སོ། །དཀར་མོ་གཡུ་ཡི་ཆུད་འཁོར་ཅན། །ཟངས་ཀྱི་འོད་དང་ལྡན་པ་ནི། །ཤེལ་འཕྲེང་ཅན་གྱི་འཐུན་རྫས་སོ། །དམར་མོ་ལྕགས་ཀྱི་ཆུད་འཁོར་ཅན། །དུང་གི་འོད་དང་ལྡན་པ་ནི། །མུག་ཏི་རྒྱལ་མོའི་མཐུན་རྫས་སོ། །ནག་མོ་གསེར་གྱི་ཆུད་འཁོར་ཅན། །ཟངས་ཀྱི་འོད་དང་ལྡན་པ་ནི། །རེ་མ་ཏི་ཡི་མཐུན་རྫས་སོ། །དཀར་ལ་འོད་བཅས་རིམ་པ་ལ། །ནག་པོས་མཐའ་བསྐོར་བཞི་བྱས་པ། །སྲིད་པ་ཆགས་བྱེད་ཆ་སྙོམས་དང་། །ནམ་མཁའི་རྒྱལ་མོ་སྤུན་གཉིས་རྫས། །སེར་པོ་དབུ་བྱས་རིན་པ་བཞི། །སྔོན་པོས་མཐའ་ཡི་འོད་བཅས་པ། །བདག་ཉིད་མ་ཡི་མཐུན་རྫས་སོ། །དེ་འདྲ་མ་ནོར་གསུམ་བྱས་པ། སྲིན་མོ་གསུམ་གྱི་མཐུན་རྫས་སོ། །དཀར་དང་དམར་དང་སེར་དང་སྔོ། །དབུས་བྱས་རིམ་པ་བཞི་བསྐོར་བ། །སྲིན་མོ་བཞི་ཡི་མཐུན་རྫས་སོ། །ནག་པོས་དབུ་བྱས་སོ་སོ་ཡི། །རིམ་པ་ལྔ་ཡིས་བྱས་པ་གཉིས། །འདོད་ཁམས་གཙོ་མོ་སྐྲུན་གཉིས་རྫས། །ལྕགས་མིག་ཟངས་ཀྱི་བརྒྱན་པ་ལ། །དུང་གི་འོད་དང་བཅས་པ་གཉིས། །ཛ་ར་ཛ་ཏའི་མཐུན་རྫས་སོ། །ཕྱོགས་བཞིའི་ཚོན་གྱི་ཕོ་བྲང་ལ། །ཚོན་སྣ་གསུམ་གྱིས་བརྒྱན་པ་བཞི། །གླུ་འདེགས་བཞི་ཡི་མཐུན་རྫས་སོ། །དུང་གི་ནམ་མཁའི་དུང་ཤམ་ཅན། །གསེར་གྱིས་ནམ་མཁའ་གཡུ་ཤམ་ཅན། །གཡུ་ཡི་ནམ་མཁའ་གསེར་ཤམ་ཅན། །དམག་དཔོན་བཞི་ཡི་མཐུན་རྫས་སོ། །དཀར་ལ་སོགས་པ་བཞི་དང་ནི། །ཚོན་གསུམ་མདངས་ཀྱིས་བརྒྱན་པ་ལ། །སོ་སོའི་མཐའ་དང་ལྡན་པ་ནི། །ལས་ཀྱི་སྲིང་བཞིའི་མཐུན་རྫས་སོ། །དཀར་ལ་བྱས་པ་དྲུག་དང་ནི། །དཀར་མཐར་དམར་གྱིས་བརྒྱན་པ་བདུན། །རྡོ་རྗེ་རིགས་ཀྱི་མ་བདུན་རྫས། །སྔོ་ལ་བྱས་པ་དྲུག་དང་ནི། །སྔོ་མཐའ་གསེར་གྱིས་བརྒྱན་པ་བདུན། །རིན་ཆེན་རིགས་ཀྱི་མ་བདུན་རྫས། །དམར་ལ་བྱས་པ་དྲུག་དང་ནི། །དམར་མཐའ་དཀར་གྱིས་བརྒྱན་པ་བདུན། །པདྨ་རིགས་ཀྱི་མ་བདུན་རྫས། །སེར་ལ་བྱས་པ་དྲུག་དང་ནི། །སེར་མཐའ་སྔོན་པོས་བརྒྱན་པ་བདུན། །ལས་ཀྱི་རིགས་ཀྱི་མ་བདུན་རྫས། །ལྕགས་ཀྱི་ནམ་མཁའ་གཡུ་མིག་བཞི། །བདུད་མོ་བཞི་ཡི་མཐུན་རྫས་སོ། །ཟངས་ཀྱི་ནམ་མཁའ་གཡུ་ཤམ་བཞི། །གནོད་སྦྱིན་བཞི་ཡི་འཐུ་རྫས་སོ། །དུང་གི་ནམ་མཁའ་གསེར་མིག་བཞི། །སྨན་བཙུན་བཞི་ཡི་མཐུན་རྫས་སོ། །ཕྱོགས་ཀྱི་ནམ་མཁའ་ཟངས་མ་བཞི། །བསེ་མོ་བཞི་ཡི་མཐུན་རྫས་སོ། །ལས་ཀྱི་མ་མོའི་མཐུན་རྫས་ནི། །ལྕགས་ཀྱི་ནམ་མཁའ་ནག་པོ་དག། །གསེར་གྱི་འདོད་དང་ལྡན་པ་ནི། །བདུད་མོ་དགུ་ཡི་མཐུན་རྫས་སོ། །དུང་གི་ནམ་མཁའ་གཡུ་ཤམ་དགུ། །ཕུགས་བདག་དགུ་ཡི་མཐུན་རྫས་སོ། །ལྕགས་ཀྱི་གཡུ་མིག་བཅུ་གསུམ་ནི། །བདུད་མོ་བཅུ་ཡི་མཐུན་རྫས་སོ། །འབྲི་ཡི་ནམ་མཁའ་ཟངས་ཤམ་བཞི། །མི་སྲིང་བཞི་ཡི་མཐུན་རྫས་སོ། །རྩོད་པའི་ནམ་མཁའ་དུང་ཤམ་བཞི། །ཆུ་སྲིན་བཞི་ཡི་མཐུན་རྫས་སོ། །རྩིད་པའི་མཁའི་གསེར་ཤམ་ཅན་བཞི། །གཡུ་ཡི་འོད་དང་ལྡན་པ་ནི། །ཤིང་སྲིན་བཞི་ཡི་མཐུན་རྫས་སོ། །ར་བར་ནམ་མཁའ་ཟངས་མིག་བཞི། །ས་སྲིན་བཞི་ཡི་མཐུན་རྫས་སོ། །རོ་ཡི་ནམ་མཁའ་རྗིད་ཤམ་བཞི། །ཕུག་བདག་བཞི་ཡི་མཐུན་རྫས་སོ། །ནམ་མཁའ་ནག་པོ་གཡུ་མིག་ནི། །ར་བལ་དཀར་པོའི་ཤམ་བུ་ཅན། །བདུད་མོ་ཉག་གཅིག་མཐུན་རྫས་སོ། །ལྕགས་ཀྱི་ནམ་མཁའ་གཡུ་ཤམ་ལྔ། །བདུད་མོ་དབང་མོ་ཆེ་ལྔའི་རྫས། །འབྲི་ཡིན་ནམ་མཁའ་དུང་ཤམ་ལྔ། །ཁ་ཡི་བུད་མེད་ལྔ་ཡི་རྫས། །ནམ་མཁའ་ནག་མོ་ཟངསམ་ནི། །དམ་སྲི་བཞི་ཡི་མཐུན་རྫས་སོ། །ར་བལ་དམར་པོའི་ནམ་མཁའ་ལ། །འབྲི་ཡི་འོད་དང་ལྡན་པ་ལ། །ཁྱི་བལ་དཀར་པོའི་མཐའ་ཅན་བཞི། །བདུད་མོ་ཁྱོ་མེད་འདོད་བཞི་རྫས། །དུང་གི་ནམ་མཁའ་འབྲི་ཤམ་བཞི། །བདུད་མོ་ཁྱོ་མེད་བཞི་ཡི་རྫས། །ལྕགས་ཀྱི་ནམ་མཁའ་ཟངས་མིག་བཞི། །བདུད་མོ་ཁྱོ་རྐུན་མ་བཞི་རྫས། །ཁོལ་བུ་ནམ་མཁའ་འབྲི་ཤམ་ཅན། །མེད་ཆོལ་རིས་སུ་བྲིས་པ་ནི། །དམ་སྲིད་བཞི་ཡི་འཐུན་རྫས་སོ། །འབྲི་ཡི་ནམ་འཁའ་ཟངས་མིག་མ། །དུང་གི་འདོ་དང་ལྡན་པ་ནི། །ཀླུ་སྲིན་ཆེན་མོའི་མཐུན་རྫས་སོ། །ལྕགས་ཀྱི་ནམ་མཁའ་ཟངས་མིག་མ། །གསེར་གྱི་འོད་དང་ལྡན་པ་ནི། །ཀླུ་བདུད་ཆེན་པོའི་མཐུན་རྫས་སོ། །ལྕགས་ཀྱི་ནམ་མཁའ་ཟངས་མིག་བཞི། །གསེར་གྱི་འོད་དང་ལྡན་པ་ནི། །གཏིང་བདུད་ཆེ་མོའི་མཐུན་རྫས་སོ། །ར་བལ་དམར་པོའི་ནམ་མཁའ་ལ། །འབྲི་ཡི་ཤམ་བུ་རབ་ཏུ་བརྒྱན། །གཡུ་ཡི་འོད་དང་ལྡན་པ་ནི། །ཀླུ་བདུད་ཆེན་མོའི་མཐུན་རྫས་སོ། །འབྲི་ཡིན་ནམ་མཁའ་ཟངས་མ་ལྔ། །འབྲོག་མོ་རྣམས་ཀྱི་མཐུན་རྫས་སོ། །རིའུ་གཡུ་མིག་ལྷོ་འབྲོག་པ། །འབྲི་སྦུ་ཟངས་མིག་བྱང་འབྲོག་ལ། །སྲིན་བལ་གསེར་མིག་བྱང་སྨན་ལ། །དཀར་གསལ་རེ་དང་བསྲེས་པའོ། །སྔོ་གསལ་འབྲི་དང་བསྲེས་པའོ། །དམར་གསལ་ཁོལ་བུ་དང་བསྲེས་པའོ། །སེར་གསལ་རྩིད་པ་དང་བསྲེས་པའོ། །སྲལ་མོ་སྡེ་བཞི་མཐུན་རྫས་སོ། །དུང་གི་ནམ་མཁའ་འབྲི་ཤམ་ཅན། །ཞག་རིས་སུ་ནི་བྲིས་པ་བཞི། །ཕུང་སྲི་བཞི་ཡི་མཐུན་རྫས་སོ། །འབྲི་ཡི་ནམ་མཁའ་ཟངས་མིག་མ། །བྱུང་སྲི་ཆེན་མོའི་མཐུན་རྫས་སོ། །ཕྱོགས་བཞིའི་གླིང་དུ་བྲིས་པ་ནི། །མ་སངས་གནས་བཞིའི་མཐུན་རྫས་སོ། །འདི་དག་ནམ་མཁའི་རིམ་པ་སྟེ། །ལས་ཀྱི་མ་མོ་རྣམས་ཀྱི་རྫས་སོ། །དཔག་བསམ་ཤིང་དང་རྒྱན་གཟུགས་མིའི་རིམ་པ་ནི། །བུམ་པ་ལ་དཔག་བསམ་གྱི་ཤིང་བུ། །སྨྱུག་མ་ཚིག་དགུ་པ་གཟུགས་སོ། །སྔོན་ལ་འོད་དང་ཆས་པར་བྱའོ། །ཟ་འོད་ཁུག་མ་དགུ་རུ་མདའ་དང་། །འབྲུ་དང་། །རིན་པོ་ཆེས་བཀང་པ་དགུ་ཚིག་དགུ་རུ་རེ་རེ་གདགས་པར་བྱའོ། །དབྱིངས་ཀྱི་ཡུམ་ལྔ་མཐུན་པའི་རྫས་སོ། ཁེང་ལོ་ཡལ་ག་ལྔ་ལ་ནི། །ཁ་དོག་རིགས་དང་མཐུན་པ་ཡི། །གྲོ་གཤིང་ཤུན་དག་ལ་བྲི། །དུས་བཞིའི་རྒྱལ་མོའི་གཟུགས་བྲིས་ལ། །ཡལ་ག་རེ་ལ་གདགས་པར་བྱའོ། །སེར་པོས་དབུས་བྱས་རིམ་པ་བཞི། །ཟ་འོག་རིག་ཀྱི་རྣ་བར་སྤྲས། །དཀར་དང་དམར་དང་ནག་མཐའ་ཅན། ཁྲེང་ལོའི་དབུས་སུ་གདན་དུ་གདིང་། །དེ་སྟེངས་རས་ལ་བྱས་པའི་གཟུགས། །རྩེ་མོར་ནམ་མཁའ་ཟུང་གཉིས་གཟུགས། །གཅིག་ནི་དབུས་ཞལ་ནམ་མཁའ་ལ། ཁྲར་དུ་ཁ་སྟན་བཞག་པ་ནི། །དབྱིངས་ཀྱི་ཡུམ་གྱི་མཐུན་པའི་རྫས་སོ། །དེ་སྟེངས་གདན་འདྲའི་ནམ་མཁའ་ཡིས། །སྟེང་ནས་གདུགས་སུ་དབུབ་པར་བྱའོ། །ཟུར་བཞི་དབུས་ཀྱི་སྟེང་དང་ལྔར། །རྨ་བྱ་བྱ་རྒོད་དར་གྱི་གདུགས། །བཅོ་ལྔ་དག་གིས་དགབ་པར་བྱའོ། །སྐྱོགས་པ་ནི། །དབུས་སུ་བསེ་ཡི་བྱ་སྟེ། །བན་དྷ་དུམ་བུ་གཅིག་གི་ནང་དུ་སྙིང་སྣ་ཚོགས་དང། རག་ཏ་སྣ་ཚོགས་བསྲེས་པའི་གཏོར་མ་བཞག ཁྲར་དུ་དུང་སྐྱོགས། ལྷོ་རུ་སྐྱོགས། ནུབ་ཏུ་ཟངས་སྐྱོགས་རྣམས་ཀྱི་ནང་དུ་ཕུད་མཉམས་པ་བླུག་ལ་བཞག ཁྲར་དུ་མདའ་བྱ་རྒོད་མ། །ལྷོ་རུ་བྱ་རོག་མ། །ནུབ་ཏུ་འུག་པ་མ། །བྱང་དུ་ཁྲ་སྒྲོ་མ་གཞག་གོ །དེ་ནས་རི་རབ་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་ཕུར་པ་བཞི་གྲུ་འདེགས་མ་བཞི་རུ་བྱིན་གྱིས་བརླབས་ལ་གཟུགས། མདོས་བཞི་ཕུར་བཞིའི་སྟེང་དུ་སྤྱན་དྲངས་། མདའ་བཞི། རལ་གྲི་བཞི། མེ་ལོང་བཞི། ཕྱི་ནང་གསང་བ་གསུམ་དུ་མངའ་གསོལ་ལ་གཟུགས། སྟེང་ནམ་མཐིང་ནག་གི་གུར་དབུས། དེའི་ཕྱི་རིམ་རིགས་ཀྱི་དར་ཤམ་བཞི་ཡིས་ཡོལ་བ་བྲིདེའི་མཐའ་མར་སྤྱན་གཟིགས་དཀོར་བྱས་བསྐོར། དེ་ནས་ཕྱི་རོལ་ཏུ་ཆ་གསུམ་གཏང་། ཕུད་ཀྱི་ནང་ནམ་མཁའི་རྒྱལ་མོ་དང་བསྲུང་མ་ལ་གཏང་ལས་བསྒོ། གསེར་སྐྱེམས་གཏང་། མ་མོ་འཁའ་འགྲོའི་མདུན་དུ་བན་དྷ་བདུད་རྩིས་བཀང་ལ་རག་ཏ་ཐིགས་གཅིག་བླུགས་ལ་གཞག ཁྲག་ཟངས་གང་ཡང་བཞག་གོདེའི་ཤར་སྒོ་མ་ཟད་ཙམ་དུ་དབང་གི་དཀྱིལ་འཁོར་གཞུང་བཞིན་བྲིས་ལ། དེའི་གྲྭ་བཞིར་མདའ་བཞི་གཞག ཕུར་པ་བཞི་གཟུགས་སོ། །བ་སུ་དྷ་རས་མཐའ་བྲིས་ལ། དབུས་སུ་དམ་རྫས་ཚང་བའི་གཏོར་མ་ལ་རག་ཏ་འཛའ་གད་བཅས་ཅིག་གཞག་གོ །ནུབ་ཀྱི་སྒོ་རུ་ཚེའི་བུམ་པའི་ནང་དུ་ཚེའི་སྙིང་པོ་ལྔ་དང་། འབྲང་རྒྱས་དང་།སྐྱེམས་ཀྱིས་དགང་ངོ་། །མདའ་བྱ་རྒོད་མ་གཅིག་ལ་དར་ལེ་བརྒན་གཅིག་གདགས་སོ། །དེའི་ཕྱི་རིམ་དུ་ཕྱོགས་མཚམས་བརྒྱད་དུ་མཎྜལ་བརྒྱད་བྱས་ལ། ཤར་གྱིས་མཎྜལ་སྟེང་དུ་གདོན་བྱས་པའི་ཆོ་ག་བྱའོ། །ལྷོའི་མཎྜལ་གྱི་སྟེང་དུ་དམ་ཚིག་དཔོག་ཅིང་སྡོམ་པ་བཟུང་ངོ། །ནུབ་ཀྱི་མཎྜལ་གྱི་སྟེང་དུ་ཚེ་སྲུང་ཆོ་ག་བྱའོ། །བྱང་གི་མཎྜལ་གྱི་སྟེང་དུ་ཚོགས་ཀྱི་ཆོ་ག་རྒྱས་པར་བྱའོ། ཁྲར་ལྷོའི་མཎྜལ་གྱི་སྟེང་དུ་ཁྲུས་ཀྱི་ཆོ་ག་བྱའོ། །ལྷོ་ནུབ་ཀྱི་མ་ཎྜལ་གྱི་སྟེ།་དུ་སྤྱིན་སྲེག་གི་ཆོ་ག་བྱའོ། །བྱང་ནུབ་ཀྱི་མཎྜལ་གྱི་སྟེང་དུ་རྫས་བརྒྱད་བསོགས་ལ་བཀྲ་ཤིས་ཀྱི་ཆོ་ག་བྱའོ། །བྱང་ཤར་གྱི་མཎྜལ་སྟེང་དུ་བསྲུང་བའི་འཁོར་ལོ་བརྩམས་ལ་སྲུང་སྐུད་གདགས་སོ། །དེ་ནི་བསྐང་མདོས་ཀྱི་རིམ་པའོ། །བཟློག་མདོས་དང་གསད་མདོས་ནི། དགུག་པ་དང་། བཅིང་བ་དང་། །གསད་པ་ལ་སོགས་པ་བྱ། ཕྱོགས་མཚམས་བརྒྱད་མགོ་བསྲེག་ལ་བྱའོ། །དེ་ནི་མཉེས་བྱ་མཆོད་པའི་ཡོ་བྱད་དོ། །མཛེས་པ་བརྒྱན་གྱི་ཡོ་བྱད་པ་སྔགས་པའི་ཆས་གོས་དར་ནག་གི་བེར་དབུ་རྒྱན་དར་དམར་པོས་བྱ། སྐྲ་མཚམས་སུ་མེ་ལོང་གདགས། དབུ་ཐོད་བཅིངས་། སྟོད་གཡོགས་དང་སྨད་དཀྲིས་ཕྱག་རྒྱའི་ཕུར་བུ་ལྟག་བར་རྒྱ་ལོང་གདགས། མཁུར་བ་གཡས་གཡོན་དུ་ཁ་གསེར་དང་ཁ་གཡུ་གསེར་མིས་མ་ཕོག་པ་དང་གཡུ་ཉི་མ་རིས་གཞུག །རིན་པོ་ཆེ་འབར་བ་སྙིང་ཁར་གདགས་སོ། གསུར་ཆེན་གྱི་དུད་པ།ཚིལ་ཆེན་གྱི་མར་མེ། སྦོས་ཀྱི་དུད་བ། རུས་ཆེན་གྱི་འཕྲེང་བ། དྲི་ཆེན་གྱི་དྲི། སྣ་ཚོགས་དབང་པོའི་མེ་ཏོག མཆོད་པའི་ཞལ་ཟས། སྒྲ་དང་རོལ་མོ་སྣ་ཚོགས་པའོ། འཚོ་བ་ཟས་ཀྱི་ཡོ་བྱད་ནི། རྒྱ་ལ་སོགས་པ་ཚོགས་ཀྱི་ཡོ་བྱད་དོ། ཐ་མ་བསྐང་པའི་རིམ་པ་ལ་གཉིས་ཏེ། བདག་དོན་དུ་ནང་མ་མོའི་མདོས་སུ་བསྐང་བ་དང་། གཞན་དོན་དུ་ཕྱི་སྲིན་མོའི་མདོས་སུ་བསྐང་བ་གཉིས་སོ། །ནང་ཆ་གཉིས་ཏེ། བསྙེན་པ་དང་བསྒྲུབ་པ་གཉིས། སྤྱི་བསྒྲུབ་དང་ནི་སྤྱི་གསལ་ཤེས་པར་བྱའོ། ཕྱི་སྲིན་མོའི་མདོས་སུ་བསྐང་བ་ལ་གཉིས་ཏེ། །སྔོན་འགྲོ་བྱ་བ་དང་བསྐང་བ་གཉིས་སོ། དེ་ནི་བསྐང་རིམ་པའོ་ཞེས་གསུངས་སོ། བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། །བསྐང་བཟློག་མཆོད་པའི་ཡོ་བྱད་སརྦ་རུ་པ་ཞེས་པའི་ལེའུ་སྟེ་ཉེར་གཉིས་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་བ། །སྲིད་པ་རྒྱ་ཡིས་ཇི་ལྟར་གདབ། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡིག་ཙོ། །ཕྱི་ཡི་སྲིད་པ་རྒྱས་འདེབས་ནི། །དཀྱིལ་འཁོར་འདྲ་བ་ཆ་ལྔ་ལ། །རྩེ་མེ་ཁ་དོག་རིགས་ཀྱིས་བསྒྱུར། །དཀྱིལ་འཁོར་ལྷ་ཡི་གནས་སུ་དགོད། །ཞག་གསུམ་བར་དུ་བསྙེན་པར་བྱ། །བསྐུལ་དང་བསྐང་སོ་རིགས་སུ་བསྐུལ། །སྔགས་དང་སོ་སོའི། །རིགས་སུ་བཟླས། །སྐོངས་དང་དེ་དང་འདྲ་བར་གདབ། །སྒྱུབ་པ་ཐ་མ་བསྐང་བར་བྱ། །དཀྱིལ་འཁོར་ལྷ་ཡིས་མཁའ་རྣམས། །རི་རབ་གླིང་ལ་དགོད་པར་བྱ། །སྤྱན་དྲངས་བསྐུལ་ཏེ་བཏབ་ནས་ཀྱང་། །རི་རབ་དེ་ལ་གཟུགས་པར་བྱ། །ཐ་མ་རི་རབ་ཆ་ལྔ་ལ། །གཅིག་ནི་ཆུ་བོའི་གཞུད་ལ་བསྐྱོལ། །གཅིག་ནི་དུར་ཁྲོད་གླིང་དུ་སྦ། གཅིག་ནི་རི་རབ་རྩེ་ལ་བསྐྱལ། གཅིག་ནི་ལམ་ཆེན་རྒྱ་གྲམ་བསྐྱལ། གཅིག་ནི་ཆུ་མིག་ཆད་པ་ལ། །གང་རུང་དེ་ལ་བསྐྱལ་པར་བྱ། །དེ་ལྟར་བྱས་ལ་དངོས་གྲུབ་བླང་། །དེ་ནི་ཕྱི་ཡི་རྒྱས་འདེབས་སོ། །ནང་གི་སྲིད་པ་རྒྱས་འདེབས་རྣི། །རྟེན་རྫས་བསྒྲུབ་རྫས་བསྐང་རྫས་བསོག། །རྫས་གསུམ་བསོག་པའི་ཐ་མ་ལ། །མ་ཧ་ཤན་ཏིང་རྒྱས་བར་བསོག །སྲིད་པ་ཕོ་ལ་རྒྱས་པར་བསྔོ། །ཕོ་ཡི་ལས་ཁ་རྫོགས་པར་བ། །སརྦ་རུ་བ་རྒྱས་པ་བསོག། །མོ་རིགས་རྣམས་ལ་རྒྱས་པར་བསྐང་། །མོ་ཡི་ལས་ཀ་རྫོགས་པར་བྱ། དེ་ནི་ནང་གི་རྒྱས་འདེབས་སོ། །གསང་བ་སྲིད་པ་རྒྱས་འདེབས་ནི། །རྫས་རྣམས་གསུམ་པོ་ཚང་བ་ལ། །རིགས་ཀྱི་ནད་ངོ་གཟུང་ནས་ནི། །དེ་དང་འདྲ་བའི་བསྐོར་བཏབ་ལ། །ཁྱད་པར་བརྒྱ་དང་བཅོ་བརྒྱད་མདོས། གཙོ་མོ་གང་གནོད་གཅིག་ལ་བསྐང་། །དེ་ནི་རྒྱས་འདེབས་རིམ་པའོ། །ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། །སྲིད་པ་རྒྱས་འདེབས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཞེན་བཟློག་དགྲ་མདོས་ཇི་ལྟར་བྱ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལ་པ་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཞེན་བཟློག་དགྲ་ལ་བྱ་བ་ནི། །ནམ་མཁའ་རེ་ལ་ངར་གླུད་རེ། །ཁ་དོག་མ་མོ་ལྟ་བུར་ཤེས། །རི་རབ་གླིང་ལ་དགོད་པར་བྱ། །བསྙེན་པ་རིང་ཐུང་ལྕོགས་ཚད་བྱ། །ཁྲམ་ཤིང་གཡས་ལ་ཤོད་སྡོག་གཡོན། །བསྐུལ་ཏེ་བཏབ་ལ་ཐུན་རེ་བརྡེག །ཆུ་བོ་ཆེན་པོའི་གཞུང་ལ་གཏང་། །ཁྲག་སྣ་སྣ་ཚོགས་འབྱོར་ཚད་དང་། །ཐུན་དགུ་དམོད་དགུ་ཟོར་དང་བཅས། །གང་རུང་དེ་ལ་འཕང་བར་བྱ། །མདོས་ཕུར་དྲུག་གིས་གསད་བར་བྱའོ། །ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །ཞེན་བཟློག་མདོས་ཀྱི་ལེའུ་སྟེ་ཉེར་བཞི་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྐྱེན་བཟློག་ཟུག་པ་ཇི་ལྟར་འབྱུང་། །ཡང་དག་རྫོགས་ལ་བདག་ཉན་ཁ་ཁྱེར་ཤར་ཕྱོགས་སུ་བདུད་མཁར་གཅིག་བརྩིག །ལྷོ་རུ་གཅིག་བརྩིག །ནུབ་ཏུ་གཅིག་བརྩིག། །བྱང་དུ་གཅིག་བརྩིག །ཁ་དོག་ནི་རིགས་བཞིའི་ཁ་དོག་གོ །སོ་སོའི་ཁ་དོག་དང་ལྡན་པའི་ནམ་མཁའ་ལྔ་ལྔ་གཟུགས་སོ། །མདུང་མཚོམས་བཞི་བཞི་གཟུགས་སོ།། །ལུག་ནག་པོ་མཁལ་དཀར་དང་། ནག་པོ་ཟངས་མ་དང་། ནག་པོ་སྦྱི་ཚིགས་དང་། ནག་པོ་མཁའ་རྒྱ་དང་། ཆུ་ཁ་དང་། །སྨུག་པོ་འབྲས་བུ་ཅན་རྣམས་དགོད་དོ། །རྟ་ནག་པོ་དང་། །ཁྱི་ནག་པོ་སྒོའི་གཡས་གཡོན་དུ་དགོད། མོན་པ་ནག་པོ་ལག་ན་བདུད་རྟ་ཐོགས་པ་སྒོ་རུ་བཞག །དེ་ནི་བདུད་ཀྱི་བྱ་ཐབས་སོ། །རི་རབ་ཀྱི་མཚམས་བཞི་རུ་དམུའི་མཁར་སྔོན་པོ་ལ་ཡ་ཁད་ལ་དམུ་བྱ་གོང་སྔོན་གཞག་གོ །སྒོ་གཡས་སུ་དམུ་རྟ་གྲོ་བོ་གཞག །སྒོ་གཡོན་དུ་དམུ་ལུག་གྲོ་མོ་གཞག །དམུའི་ནམ་མཁའ་སྔོན་པའོ་ལྔ་ལྔ་གཟུགས། །དམུ་ཐག་ལེགས་པ་ལྔ་ལྔ་གཞག་གོ །དེ་ནི་དམུའི་བྱ་ཐབས་སོ། །དེའི་འོག་མའི་བང་རིམ་ལ། ཤར་དུ་བཙན་གྱི་མཁར་དམར་པོ་ལ་ནམ་མཁའ་དམར་པོ་ལྔ། བལ་དམར་གྱི་མདུད་ཚོམས་ལྔ་བྱ། སེ་བོ་སྒོ་གཡས་སུ་ལུག་དམར། ས་བོ་སྒོ་གཡོན་དུ་གཞག་གོ །ལྷོ་ཕྱོགས་སུ་ས་བཙན་གྱི་མཁར་སེར་པོ་ལ་ནམ་མཁའ་སེར་ཁྲ་ལྔ། བ་དན་སྨུག་པོ་ལྔ། ལུག་སེར་ཁྲ་སྒོ་རུ་གཞག་གོ། །ནུབ་ཏུ་ཀླུ་བཙན་གྱི་མཁར་སྔོན་དམར་ལ་ནམ་མཁའ་སྔོན་དམར་ལྔ། བ་དན་སྔོན་དམར་དང་། ལུག་ནག་སེར་དང་། དམར་སེར་གཞག་གོ །བྱང་དུ་བཙན་གྱི་མཁར་སྨུག་པོ་ལ་ནམ་མཁའ་ཟ་འོག་རིགས་ལྔ། བ་དན་སྨུག་པོ་ལྔ། ལུག་གུར་ཁྲ་གཞག་གོ །དེ་ནི་བཙན་གྱི་བྱ་ཐབས་སོ། །དེ་འོག་མ་ལ་ཤརཕྱོགས་སུ་ཚངས་པ་དུང་གི་ཐོར་ཚུགས་ཅན་གྱི་མཁར་དཀར་པོ་ལ་ནམ་མཁའ་དཀར་པོ་ལྔ། བལ་གྱི་མདུང་ཚོགས་ལྔ། ལུག་བྱ་སྒོ་གཡས་སུ་བྱ། སེ་དམར་སྒོ་གཡོན་དུའོ། ཁྲར་ཕྱོགས་སུ་བློན་པོ་ཉི་ཕག་སད་ཀྱི་མཁར་དམར་པོ་ལ་གཡུའི་ཁ་བད་ཅན། །ནམ་མཁའ་སྨུ་པོ་ལྔ། སྨུག་སེའི་མདུང་ལྔ། ལུག་སྨུག་སེ་སྒོ་རུ་གཞག་གོ །བྱང་ཤར་མཚམས་སུ་བཙན་རྒོད་དམར་པོའི་མཁར་དམར་པོ་ལ་ནམ་མཁའ་དམར་པོ་ལྔ། བལ་དམར་གྱི་མདུང་ལྔ་བྱའོ། །གླང་རྒྱ་བོ་སྒོ་གཡས་སུ། །དམར་པོ་གཡོན་དུ། མཁར་གྱི་རྩེ་མོ་ལ་བྲག་བྱ་འུག་པ་དགོད་དོ། ཁྲར་ཕྱོགས་སུ་རྡོ་རྗེ་ལེགས་པའི་མཁའ་རིན་པོ་ཆེ་སྣ་བཞི་ལས་བྱས་པ། སྒོ་གཡས་ནས་སྟག་སྨད་རོལ་བས། གཡོན་ན་སྤྱང་ཁུ་སྔོན་པོ་འདུར་བ། །རྒྱབ་ན་ཟངས་ཀྱི་འཕར་པ་རྒྱུག་པ། མཁར་གྱི་རྩེ་ལ་ལྟས་ངན་གྱི་བྱི་བཞི་གཞག་གོ །ནམ་མཁའ་རིན་པོ་ཆེ་སྣ་ལྔ་བྱས་པ་གཟུགས་སོ། །རིན་པོ་ཆེ་ལྔའི་མདུང་ཚོགས་ལྔ་ཟུར་ལ་གཟུགས་སོ། །བཤོས་བུ་ཁྲུ་གང་བ་གཅིག་ལ། མདའ་བྱ་རྒོད་མ་གཅིག་གཟུགས་སོ། །དར་དམར་པོ་ཡུག་གཅིག་གདགས། སྒོའི་ཐད་ཀར་ར་རྒྱ་བོ་བཞི་དཀར་གཅིག་གོ །དེའི་རྭ་ལ་དར་ཚོན་སྣ་ལྔ་གདགས་སོ། །དེ་ནི་ཤར་ཁ་བདེ་བཞིའི་བྱ་ཐབས་སོ བང་རིམ་ཐ་མ་ལ་ཤར་ལྷོ་མཚམས་སུ་གནམ་ཏེ་དཀར་པོའི་མཁར་ལ། དུང་མཁར་པོ་ལ་ནམ་མཁའ་དཀར་པོ་ལྔ། བལ་གྱི་མདུང་ལྔ། ཁུལ་བུ་རྒྱལ་མཚན་ལྔ། སྒོ་གཡས་སུ་རྟ་དཀར་པོ་ཕུག་དམར། གཡོན་དུ་ར་དཀར་པོ་དུང་རུ་གཞག་གོ །ལྷོ་ནུབ་མཚམས་སུ་སྤྱི་རིངས་ལན་ཏོ་རེའི་མཁར་ཟངས་མཁར་དམར་པོ་ལ། ཡ་ཁད་སྔོན་པོ་ཅན། ནམ་མཁའ་ཁྲ་བོ་ལྔ་དང་ར་པགས་ཁྲ་བོའི་རྒྱལ་མཚན་ལྔ་གཟུགས་སོ། །སྒོ་རུ་ར་ཁྲ་བོ་གཞག་གོ །བྱང་ཤར་མཚམས་སུ་ཤེལ་གྱི་མཁར་དཀར་པོ་ལ་ཡ་ཁད་སེར་པོ། །ནམ་མཁའ་དཀར་སེར་ལྔ། །བ་དན་དཀར་པོ་བཞི ་༑ག་བུའི་རྒྱལ་མཚན་གཅིག་གཟུགས་སོ། །བྱང་ནུབ་མཚམས་སུ་བརྒྱ་བྱིན་གྱི་མཁར། སྲེ་ལོང་དང་གློང་མོང་ལས་ཚོགས་པ། །ཡ་ཁ་གླ་བའི་མོར་གྱི་བྱས་པའོ། །ར་ཁྲ་བོ་ནམ་མཁའ་ལྔ། །ར་དཀར་གྱི་རྒྱལ་མཚན་བཞི་གཟུགས་སོ། །དེའི་མཐའ་མ་ལ་སྣང་སྲིད་སེམས་ཅན་གྱི་གཟུགས་གཞག་གོ །དེའི་ཕྱི་རིམ་དུ་འབྲུ་སྣ་ལྔ་ལ་བྱས་པའི་དར་གྱི་མི་བོ་ཆེ་གཅིག་ལ། མུ་ཏིག་གི་ཀླད་པ། ཤོ་ཤའི་སྙིང་། །ལུང་ཏང་གི་མིག །འགྲོན་བུའི་སོ། །བྱི་རུའི་ལྕེ། ཚལ་གྱི་གདོང་པ་དར་སྣ་ཚོགས་སྣ་ལྔ་བརྒྱན་ལ། ཡན་ལག་བཞི་ལ་བན་ད་བཞི། །རྣམ་ཤེས་བརྒྱད་ལ་མེ་མར་བརྒྱད། ནོར་བུ་རིན་པོ་ཆེ་སྐྱེ་རུ་གདགས། སྟག་རལ་གཡས་ལ་གཟིག་ཤུག་གཡོན།ལུག་ནག་ལྕགས་རུ་མདུན་དུ་གཞག་གོ །རྭ་གཡས་པ་ལ་དར་མཐིང་ནག་གིས་དཀྲི། བྱ་ནག་པོ་དང་། ལུག་ནག་སེ་དང་། སྨུག་པོ་དང་། པགས་པུ་དཀར་པོ་དང་། བྱ་ཕོད་དང་ཟངས་རས་ལ་སོགས་པ་ཅི་མང་དུ་བཏགས་ལ། ལག་པ་གཡས་པར་གསེར་དང་གཡུ། གཡོན་པར་བྱི་རུ་དང་མཚལ་དང་པོས། ལྷའི་ཞལ་ཟས་སྣ་ཚོགས་གཞག ཁེང་ཐིག་སྣ་ཚོགས་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་གཞག་གོ། །མ་ཏྲང་གི་སྙིང་ཁར་སའི་ལྷ་མོའི་སྙིང་པོ་སུ་མུན་ཏྲི་ཞེས་བྲི་སྟེ། སྟེང་དུ་ཀླིང་གཞག་གོ །ངར་གྱི་བཤོས་བུ་བཅུ་གསུམ་བྱས་ལ་མཐའ་མ་བསྐོར་རོ། །མདའ་བཅུ་གསུམ་གཟུགས་སོ། །མདའ་ལ་བྲི་བ་ནི། །བདུད་མདའ་ལྟོང་ནག་ཏུ་བྲི། དམུ་མདའ་དམོག་ལྷོང་བྲི བཙན་གྱི་ཟ་འོག་རིས་སུ་བྲི། བརྒྱ་བྱིན་ཉི་མ་རིས་སུ་བྲི། ཤེལ་གེ་མཁར་ཐབས་ཉི་ཟླ་ཡིས་བརྒྱན་པའོ། །བྱང་བཙན་གྱི་དམར་པོ་གྲི་ཐབས་སུ་བྲི། །བྲག་སྲིན་དམར་སྐྱ་ཟ་འོག་རིས་སུ་ཟི། མ་བདུད་ཀྱི་སྨུག་མོ་གུར་མགོ་རིས་སུ་བྲི། ས་བདག་ཀླུ་སྲིན་ལ། མདའ་ཁྲེ་དང་འཕང་ཁྲེ་བྲི། །སོ་སོའི་སྐྲུ་ཐོག་དང་། བྱ་ཕོད་དང་། བཟང་རས་ལ་སོགས་དང་། བལ་ཚོན་ལ་སོགས་པས་བརྒྱན་ལ་གཞག་གོ །སྐྱོགས་བཅུ་གསུམ་དུ་གསེར་སྐྱེམས་གྱིས་བཀང་ལ་བཤོས་བུ་རེ་རེའི་མདུན་དུ་དགྲམ་མོ། ཤར་དུ་དངུལ་སྐྱོགས། ལྷོ་རུ་ལྕགས། ནུབ་ཏུ་ཟངས་། །བྱང་དུ་བསེ་འམ་གསེར་སྐྱོགས། མ་འབྱོར་ན་ཁམ་སྐྱོགས་སོ། །ཟངས་པྱེ་ལྕགས་ཕྱེ་ཉུངས་ནག་འབྲུ་ནག་པོ་སྐྱོགས་བཞི་ཁས་བཟློག་ལ་ནང་དུ་བླུགས་སོ། །མདའ་བཞི་ལ་ཤར་དུ་བྱ་རྒོད་མ། ལྷོར་བྱ་རོག་མ། །ནུབ་ཏུ་འུག་པ་མ། བྱང་དུ་སྲིན་བྱ་མ་གཟུགས་སོ། །སྒྲའི་བར་དུ་ཧུ༷་ཕཊ་བྲིས་ལ་སྐྱེར་པ་འམ་སེ་བ་ལ་མདེའུ་ཟུར་གསུམ་པ་བྱས་ལ་གཟུགས་སོ། །གྲོ་ག་ལ་ཡིད་ལ་དགྱེས་པའི་མིང་རུས་ར་རི་ཁྲག་གམ་ཁྱི་ཁྲག་གིས་བྲིས་ལ་མདའ་ལ་གདགས་སོ། །ཡུངས་ཀར་དང་། ཡུངས་ནག་དང་། །དུག་སྣ་ཚོགས་དང་། ཤིང་གདུག་པ་ཅན་གྱི་སོལ་ཆེ་ལ། གདུགཔའི་སྙིང་པོ་དང་། ཟློག་བྱེད་ཀྱི་སྙིང་པོ་བཟླས་ལ་མདའི་ལྷོང་དང་སྐྱོགས་ཀྱི་ཁ་ན་མར་བརླུས་སོ། །ཟོར་དུ་འཕང་ངོ་། གཞུ་སྟོད་ཟ་འོག་གིས་དཀྲིས། སྨད་དར་ཟབ་ཀྱིས་དཀྲི། །སྔགས་པའི་ཆས་ལ་དམར་པོ་འམ་ནག་པོ་མགོ་ཐོད་མཐིང་ནག་བཅིངས་ལ། དར་དཀར་གཡང་མོ་དང་ཟ་འོག་སླེབ་མོ་བྱ། ཁ་རུ་གསེར་མས་མ་ཕོག་པ་དང་།གཡུ་ཉི་མ་རིས་གཞུག །སྨིན་མཚམས་སུ་གཡུ་ཟ་རིག་མ་དང་། མེ་ལོང་དང་བཏགས་པ་ལ་སྐྱེར་རོ། །བུད་མེད་ལ་ལའུ་དཀར་པོ་གོན་པ་གཅིག་གིས་མེ་ལོང་དང་གསེར་ཐོགས་ལ། །ཐལ་ཆེན་གྱི་མཚན་མས་བཏབ་ལ། གཡབ་དར་ནག་པོས་གཡབ། སྔགས་ཆེན་གྱིས་མ་དང་གྱིང་རྔ་བརྡུང་ཞིང་སྲིད་པ་ཐམས་ཅད་བསྐུལ་ལོ། །དེ་ལྟར་བྱས་ལ་ཕོ་རྒྱུད་རྣམས་བསྐང་བར་བྱའོ། །ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། མ་ཧ་ཤན་ཏིང་རྒྱས་པར་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། སྲིད་པ་ཕོ་རྒྱུད་འདི་རྣམས་ཀྱི། མདོས་ཀྱིས་བསྐང་བ་ཇི་ལྟར་ལགས། ཡང་དག་རྫོགས་ལ་བདག་ཉན་འཚལ། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། ཉོན་ཅིག་གཡུང་དྲུང་ཡང་དག་པ། ཕོ་ཡི་བསྐང་བངས་བསྟན་གྱིས། ལེགས་པར་ཉོན་ལ་ཡིད་ལ་གཟུང་། ཧུ༷། སྤོ་རི་སྤོ་མཐོན་རྩེ་མོ་ནས། བདུད་མཁར་སྒོ་དགུ་བསྩིགས་པ་ནི། བྲམ་བཞི་ལྕགས་ལ་བགྱིས། །ནག་པོ་ཁྲིགས་སེ་ཁྲིགས། །ཟུར་བཞི་གཡུ་ལ་བགྱིས། །སྔོན་པོ་ཟངས་སེ་ཟངས། ལོགས་བཞི་མཐིང་ལ་བགྱིས། །མཐིང་ལོགས་ལྷག་གེ་ལྷག །མཁར་གྱི་རྩེ་མོ་ན། །བདུད་བྱ་ཕོ་རིག་གསུམ། །གསུང་སྙན་སྟོངས་སེ་སྟོངས་། །སྒོ་ཡི་སྒོ་སྲུངས་པ། །སྒོ་ཟུར་གཡས་པ་ན། ཁེན་རྗེ་ཐང་བཟང་རིས། སྒོ་བཙས་བཞེས། །འཕྲང་བས་འཕྲང་བཙས་བཞེས། སྒོ་པ་ཆེན་པོ་ལ། །ཡར་ལ་གླུད་འབུལ་ལོ། །ཞེས་པ་ནས་ཉི་མ་ཤར་ཕྱོགས་མ།་གི་ན། ཁྲར་ཕྱོགས་ནམ་མཁའ་ར་ཕྱེད་བདག །ཡ་མཚན་སྲིད་པའི་མི་བོ་ཆེ། །རྡོ་རྗེ་ལེགས་པའི་མིང་ནས་བྱུང་། མདོས་བདག་ཆེན་མོ་མདོས་བཞེས་ཤིག །གླུང་བདག་ཆེན་མོ་གླུད་བཞེས་ཤིག །ཅེས་བྱ་བའི་བར་གྱིས་བསྔོ་བ་བྱའོ། །ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས།ཕོ་རིགས་བསྐང་པའི་ལེའུ་སྟེ་ཉེར་བདུན་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། སྲིད་པའི་དབང་ཅན་མོ་རྣམས་ནི། །སེམས་ཅན་ཀུན་ལ་གནོད་བྱེད་པས། སོ་སོའི་བསྐང་བ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག །དེ་སྐད་གསོལ་པ་གསན་ནས་ཀྱང་། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་ཚོགས། །སྣང་སྲིད་མ་མོ་བསྐང་བ་ཡི། །སོ་སོའི་བསྐང་བ་འདི་རྣམས་སོ། །རི་རབ་གླིང་བཞི་བཞེངས་པ་ལ། ཁྲ་སྣ་སྟོང་གིས་བསྐོར་བ་ནི། །མཁའ་འགྲོ་གཏི་མུག་ཤ་ཡི་མདོས། །མཛེ་ཤུ་ཕོལ་འབྲས་བྱུང་ན་བསྐང་། །རི་རབ་གླིང་བཞི་བཞེངས་པ་ལ། །ཁྲག་སྣ་སྟོང་གིས་བསྐོར་བ་ནི། །མཁའ་འགྲོ་འདོད་ཆགས་ཁྲག་གི་མདོས། །དགྲ་ལ་ཁྲག་ཟོར་བྱེད་ན་ཤིས། །རི་རབ་གླིང་བཞི་བཞེངས་པ་ལ། །སྙིང་སྣ་སྟོང་གིས་བསྐོར་བ་ནི། །མཁའ་འགྲོ་ཙིཏི་ཐུགས་ཀྱི་མདོས། །རྣལ་འབྱོར་མ་མོ་བསྒྲུབས་ན་ཤིས། །རི་རབ་གླིང་བཞི་བཞེངས་པ་ལ། །ཐོད་པ་སྟོང་གིས་བསྐོར་བ་ནི། །མཁའ་འགྲོ་བན་ད་ཐོད་པའི་མདོས། །དགྲ་ལ་ཐོད་ཟེར་བྱེད་ན་ཤིས། །རི་རབ་གླིང་བཞི་བཞེངས་པ་ལ། །གཏོར་མ་གཏོང་བའི་བསྐོར་བ་ནི། །མཁའ་འགྲོའི་ལམ་གཏོར་མ་ཡི་མདོས། །ཆགས་ཉམས་འགལ་འཁྲུགས་བྱུང་ན་ཤིས། །རི་རབ་གླིང་བཞི་བཞེངས་པ་ལ། །སྨན་སྣ་སྟོང་གིས་བསྐོར་བ་ནི། །མཁའ་འགྲོ་འཚོ་བྱེད་སྨན་གྱི་མདོས། །རིམས་ནད་སྣ་ཚོགས་བྱུང་ན་ཤིས། །རི་རབ་གླིང་བཞི་བཞེངས་པ་ལ། །སྤོས་དང་མར་མེས་བསྐོར་བ་ནི། །མཁའ་འགྲོ་ཆོས་སྐྱོང་མཆོད་པའི་མདོས། །རྣལ་འབྱོར་དམ་ཚིག་ཉམས་ན་གཏང་། །རི་རབ་གླིང་བཞི་བཞེངས་པ་ལ། །ཕུར་པ་སྟོང་གིས་བསྐོར་བ་ནི། །མཁའ་འགྲོ་ཀི་ལའི་ཕུར་པའི་མདོས། །སྡང་དགྲ་གནོད་བགེགས་སྒྲོལ་ན་བྱ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །ཐུན་མོང་མ་ཡིན་པའི་བསྐོང་བརྒྱད། །བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བསྐང་པ་མདོས་ཀྱི་ཆད་ལྷག་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལ་བ་གསན་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་ལྷ། །བསྐང་བ་མདོས་ཀྱི་ཆ་ལག་ནི། །སྤྱི་དང་སྒོས་ནི་གཉིས་སུ་བསྟན། །སྤྱི་ལ་ཆ་ལག་བཅུ་གཉིས་ཏེ། །སྒོས་ལ་བརྒྱད་དང་བཅོ་བརྒྱད་དོ། །དེ་ལས་སྡུད་ནི་རྣམ་པ་བརྒྱད། །དེ་ལས་རྩ་བ་གཉིས་སུ་བསྟན། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཆ་ལག་བཅུ་གཉིས་ཇི་ལྟར་ལགས། །མཐའ་་སྡུད་བརྒྱད་རྣམས་ཇི་ལྟར་ལགས། །རྩ་བ་གཉིས་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུག་དྲུང་ཡང་དག་པ། །ཆ་ལག་བཅུ་གཉིས་འདི་ལྟར་རོ། །ཕོ་རིགས་ཆ་མཉམ་པ། །ལང་འགའ་གསེར་མདོས་དང་། །ཡོན་ཏན་ཚེ་སྲིང་ཞིང་དབང་ཐང་སྐྱེད་པ་ཚེའི་མདོས། །ས་གཞི་བཀྲ་ཤིས་པ་དང་བར་ཆད་བཟློག་པའི་ཕྱིར་མདའ་བཞི་ཕུར་བཞིའི་མདོས་དང་། །བྲོད་པ་སྐྱེད་པ་མཁྱེན་པ་གསོལ་བའི་མདོས་དང་། །ཡས་གོང་དུ་སྤྱ་ན་དྲངས་པ་གུར་དབྱེ་བའི་མདོས་དང་། །གླུད་བཙལ་བ་ལོ་རྒྱུས་ཀྱི་མདོས་དང་། །སྤྱན་དྲང་བ་རྣམས་མཉེས་པར་བྱ་བའི་ཕྱིར་ཐུགས་དམ་བསྐང་ཞིང་བསྐུལ་པའི་མདོས་དང་། །རིགས་སོ་སོ་ནས་རང་གི་ལག་ཆ་གཏད་པའི་མདོས་དང་། །དངོས་གྲུབ་སྩོལ་བ་ཚོགས་ཀྱི་མདོས་དང་། །ཡོན་བདག་གིས་བཤམ་པའི་རྫས་ཆུད་མི་གསོན་པ་དང་། །སྔགས་པ་རང་ལ་མི་བསྒྲིབ་པར་བྱ་བའི་ཕྱིར་སྨོན་ལམ་གདབ་པ་དང་། །ལྷ་འདྲེ་ལ་ཞབྲུག་མི་ལྡང་། །བར་བྱ་བའི་ཕྱིར་སྒོ་དབྱེ་འཕྲང་བསལ་པའི་མདོས་དང་། ། དམིགས་པ་གནས་སུ་བསྐྱལ་བར་བྱ་བའི་ཕྱིར་རོ། །རི་རབ་གྲུ་འདེགས་ཤིང་ཆགས་པ་དང་བྲལ་པའི་མདོས་དེ་ནི་ཆགས་ལུགས་བཅུ་གཉིས་སོ། །མཐའ་སྡུད་བརྒྱད་ནི་འདི་ལྟར་རོ། །ཞི་བའི་མཐའ་སྡུད་དཀར་པོ་ལྕེའི་མདོས་དང་། །དབང་གི་མཐའ་སྡུད་སྨུག་མོ་ཤ་རུས་ཀྱི་མདོས་དང་། །དྲག་པོའི་མཐའ་སྡུད་རེམ་ཏི་ལྕགས་སྒྲོལ་མའི་མདོས་དང་། །བཟློག་པའི་མཐའ་སྡུད་དབང་ཕྱུག་མའི་ཟོར་མདོས་དང་། །བདུད་མོ་མཐའ་སྡུད་སྟོང་བསྐོར་གྱི་མདོས་དང་། །གསད་པའི་མཐའ་སྡུད་འབྲུབ་ཁུང་ཁྲ་མོ་བརྒྱད་བདུད་བསད་པའི་མདོས་དང་། །བསྐང་པའི་མཐའ་སྡུད་སརྦ་རུ་པའི་མདོས་དང་། །སྒྲོལ་པའི་མཐའ་སྡུད་བདུད་མོ་ལྕགས་སྒྲོག་མའི་མདོས་དང་རྣམ་པ་བརྒྱད་དོ། །རྩ་བ་གཉིས་ནི་འདི་ལྟ་སྟེ། །སྲིད་པའི་ཕོ་མདོས་སོ། །ཕོལ་ཡང་ནིག་ཉིས་ཡིན་ཏེ། །བསྐང་བ་དང་ནི་བཟློག་པའོ། །མོ་ལ་རྣམ་པ་གཉིས་ཡིན་ཏེ། །ཕྱི་རུ་སྲིན་མོའི་མདོས་དང་ནི། །ནང་དུ་ཡང་དག་རྫོགས་ལ་བདག་ཉན་འཚལ། མ་མོའི་མདོས་ཉིད་དོ། །ཞེས་བཀའ་སྩལ་ཏོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །བསྐང་བ་མདོས་ཀྱི་ཆ་ལག་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པའི་དབང་ཅན་མོ་རྣམས་ཀྱི། །བསྐང་བའི་ཆོ་ག་གང་ལགས་པ། །ཡང་དག་རྫོགས་ལཀྱིས་བཀའ་སྩལ་པ། །དེ་ལ་རྣམ་པ་གཉིས་ཡིན་ཏེ། །སྔོན་དུ་བྱ་བ་དང་བསྐང་བའོ། །དེ་ལ་སྔོན་དུ་བྱ་བ་ནི། །ཆོ་ག་ཡན་ལག་རྣམ་པ་བདུན། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཡན་ལག་བདུན་པོ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཤ་དུ་གསོལ། །དེ་སྐད་གསོལ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཆོ་ག་བདུན་གྱི་རྐང་གྲངས་ནི། །ང་ཡིས་ཁྱོད་ལ་བཤད་པར་བྱའོ། །དང་པོར་ཞུབ་གསོལ་ཞིང་མཞེན་པ་གསོལ་བ་དང་། །སྲིད་པ་ཁོག་དབུབ་པ་དང་། །ཆ་མཉམ་པ་དང་། ། མདོས་མཁྱེན་ཆ་བ་དང་། །མདོས་བཞེངས་སུ་གསོལ་བ་དང་། །མདོས་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་། །དཔང་པོ་སྤྱན་དྲངས་ཤིང་མདའ་བཞི་ཕུར་བཞི་བྱའོ། །དེ་ལ་ཞུ་བ་གསོལ་ཞིང་མཁྱེན་པ་གསོལ་བ་ནི། །ཡུལ་རྒྱ་ཡུལ་བསྟན་བཟངས་སུ། །རྒྱལ་པོ་མགོ་ཤ་མ་བདུན་མོ་བབས་ནས་གནམ་ས་བར་གསུམ་གྱིས་པྲ་ལྟས་མཁན་གྱིས་གཟིགས་ནས། །རྒྱ་གར་འཛམ་གླིང་ཤར་ཕྱོགས་ནས་སྟོན་པ་དགའ་རབ་རྡོ་རྗེ་སྦྱན་དྲངས་ནས་ཞུ་བ་གུས་པར་ཕུལ་ཏེ། །སྟོན་པས་ཡས་དང་ཐབས་བཤེར་བ། །བུད་མེད་བུ་འདི་ཆགས་པ་ཆེ་བས་རྫས་བསོགས་ན་ཟླུ་རུང་། །ཡས་དང་ཐགས་བསོགས་ནས། །རི་རབ་གླིང་བཞི་་།མས་སམ། །བལ་ཚོན་སྣ་ལྔ་མཆིས་སམ། །ནམ་མཁའ་གཞའ་ཚོན་རིས་བྲིས་སམ། །གནམ་ལ་འཕུར་དགུའི་ཕོས་མཆིས་སམ། །ཐིག་ལེ་ལྔའི་ཐོད་མཆིས་སམ། །སྒོ་བའི་བཙས་མཆིས་སམ། །འོགཏུ་ག་དན་མཆིས་སམ། །ཞལ་དུ་སྐྱེམས་མཆིས་སམ།།ཕྱག་ཏུ་གཡོན་མཆིས་སམ། །ཁ་གསེར་དང་ཁ་གཡུ་མཆིས་སམ། །གནམ་ལ་འཕུར་དགུའི་སྒྲོ་མཆིས་སམ། །ལོགས་ལ་འགྲིམ་དགུའི་རས་མཆིས་སམ། །ས་ལ་སྐྱེ་དགུའི་རྫསམཆིས་སམ། །མཆིས་ན་བརླུ་རུ་རུང་གསུང་གསུང་བས། །རྒྱལ་པོ་སྟོན་པས་ཇི་ལྟར་གསུངས་པ་སྩལ་ནས། །རྒྱལ་པོ་བདུད་མོའི་ཁ་ནས་བསླུས་སོ། །དེ་ནི་ཞུ་བ་གསོལ་ཞིང་མཁྱེན་པ་གསོལ་བའི་རིམ་པ་ཞེས་གསུངས་སོ། །དེ་ནས་སྲིད་པ་ཁོག་དབུབ་པ་ནི། །ཧུ༷། སྲིད་པ་གང་ཞིག་ལྔ། །དང་པོ་ཅི་ཡང་མེད་པ་ལས། །སྲིད་པ་ཡེལ་ཡེལ་སེར་སེར་པོ། །ཇི་མེད་སྟོང་པའི་དུས་ཙམ་ན། །བདེ་གཤེགས་ཐུགས་རྗེའི་བྱིན་བརླབས་དང་། །སེམས་ཅན་སྤྱི་མཐུན་ལས་དབང་གིས། །དང་པོ་སྲིད་པ་རླུཎྜ་གི་དཀྱིལ་འཁོར་ཆགས། །དེ་སྟེངས་ཆུ་ཡི་དཀྱིལ་འཁོར་ཆགས། །དེ་སྟེངས་མེད་ཡི་དཀྱིལ་འཁོར་ཆགས། །རླུང་གིས་ཆུ་གཞིག་མེ་ཡིས་སྨིན། །དེ་སྟེངས་གསེར་གྱི་ས་གཞིར་ཆགས། །དེ་སྟེངས་རི་རབ་ལྷུན་པོར་ཆགས། །རི་བདུན་རོལ་མཚོ་གླིང་རྣམས་དང་། །ཐ་མ་ལྕགས་རི་ནག་པོར་ཆགས། །དེ་ལྟར་སྲིད་པ་ཆགས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །སྲིད་པ་ཁོག་དབུབ་པའི་ལེའུ་སྟེ་སུམ་ཅུ་ཐམ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྲིད་པ་ཆ་མཉམ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །དེ་ལྟར་སྲིད་པ་ཆགས་པ་ལས། །རུ་་་བཀའ་བསྒོ་ལོག་པ་ཡིས། རི་རབ་ངོས་ལ་གནས་པའི་ཚེ། །གདུག་པའི་བུད་མེད་དམ་ལ་བཏགས། །རང་རྒྱུད་མ་མོ་དབང་དུ་བསྡུས། །མ་མོ་ཉི་ཟླ་ཐོད་འཕྲེང་མས། །ཉི་ཟླ་སྟོང་གི་རྩ་གཅིག་གིས། །སྣང་སྲིད་ཕུད་ལ་ཁད་པ་ལས། །བཅོན་ལྡན་ཕྱག་ན་རྡོ་རྗེ་ཡིས། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ལ། །སྲིད་པ་ཆ་མཉམ་ཞུ་བ་ཕུལ། ། ཤར་རི་མཐོ་སྟེ་ནུབ་རི་དམའ། །ནུབ་རི་མཐོ་སྟེ་ཤ་རི་དམའ། །ལྷོ་རི་མཐོ་སྟེ་བྱང་རི་དམའ། །བྱང་རི་མཐོ་སྟེ་ལྷོ་རི་དམའ། །མཚམས་བཞི་མཐོ་སྟེ་ཕྱོགས་བཞི་དམའ། །ཕྱོགས་བཞི་མཐོ་སྟེ་མཚམས་བཞི་དམའ། །ཤར་གྱི་རི་འུ་དཔངས་མཐོ་ན། །ནུབ་གྱིས་ཀླུ་བདག་ཉོན་རེ་མོངས་། །དེ་ཕྱིར་སྲད་པ་ཆ་མཉམ་འཚལ། །ནུབ་ཀྱི་རི་བོ་དཔངས་མཐོ་ན། །ཤར་གྱི་དྲི་ཟ་ཉོན་རེ་མོངས་། །དེ་ཕྱིར་སྲིད་པ་ཆ་མཉམ་འཚལ། །ལྷོ་ཡི་རི་བོ་དཔངས་མཐོ་ན། །བྱང་གིས་གནོད་སྦྱིན་ཉོན་རེ་མོངས་། །དེ་ཕྱིར་སྲིད་པ་ཆ་མཉམ་བྱ། །བྱང་གི་རི་བོ་དཔངས་མཐོ་ན། །ལྷོ་ཡི་གཤིན་རྫེ་ཉོན་རེ་མོངས་། །དེ་ཕྱིར་སྲིད་པ་ཆ་མཉམ་བྱ། ཁྲར་ལྷོའི་རི་བོ་དཔངས་མཐོ་ན། །བྱང་ནུབ་རླུད་ལྷ་ཉོན་རེ་མོངས། །དེ་ཕྱིར་སྲིད་པ་ཆ་མཉམ་འཚལ། །བྱང་ནུབ་རི་བོ་དཔངས་མཐོ་ན། ཁྲར་ལྷོ་མེ་ལྷ་ཉོན་རེ་མོངས་། །དེ་ཕྱིར་སྲིད་པ་ཆ་མཉམ་འཚལ། །ལྷོ་ནུབ་རི་རབ་དཔངས་མཐོ་ན། །བྱང་ཤར་དབང་ལྡན་ཉོན་རེ་མོངས་། །དེ་ཕྱིར་སྲིད་པ་ཆ་མཉམ་འཚལ། །བྱང་ཤར་རི་བོ་དཔངས་མཐོ་ན། །ལྷོ་ནུབ་སྲིན་པོ་ཉོན་རེ་མོངས་། །དེ་ཕྱིར་སྲིད་པ་ཆ་མཉམ་འཚལ། །སྟེང་ཕྱོགས་མཐོ་བའི་དུས་ཙམ་ན། །འོག་གིས་བདག་ཉོན་རེ་མོངས་། །དེ་ཕྱིར་སྲིད་པ་ཆ་མཉམ་འཚལ། །འོག་ཕྱོགས་མཐོ་བའི་དུས་ཙམ་ན་། །སྟེང་གི་ཚངས་པ་ཉོན་རེ་མོངས་། །དེ་ཕྱིར་སྲིད་པ་ཆ་མཉམ་འཚལ། །བཅོམ་ལྡན་མཆོག་ཧེ་རུ་འདི་བརྡུངས་པས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །སྟི་རའི་རྔ་ཆེན་འདི་བརྡུངས་པས། །སྲིད་གསུམ་མ་ལུས་ཟིལ་་གྱིས་མནན། །སྟི་རའི་ཆེན་འདི་བརྡུངས་པས། །མ་མོ་མཁའ་འགྲོ་ལས་ལ་བསྐུལ། །སྟི་རའི་རྔ་ཆེན་འདི་བརྡུངས་པས། ། དགྲ་བགེགས་མགོ་ལུས་དུམ་བུར་གཏུབས། །སྟི་རའི་རྔ་ཆེན་འདི་བརྡུངས་པས། །བགེགས་ཀྱི་ཚོགས་རྣམས་བྲན་དུ་ཁོལ་སྟི་རའི་རྔ་ཆེན་འདི་བརྡུངས་པས། །སྟོང་གསུམ་ཆོས་སྒྲ་ཆེན་པོས་བཀང་། །ཙན་དན་དཀར་པོའི་རྔ་ཤིང་་ལ། །བན་གླང་དཀར་པོའི་པགས་པས་གཡོགས། །གནོད་པའི་དགྲ་བགེགས་ཞི་པའི་རྔ། །དམར་མོ་གདངས་སྙན་རྔ་ཤིང་ལ། །སེར་མོ་སྟག་གི་པགས་པསགཡོགས། །ཚེ་དང་བསོད་ནམས་རྒྱས་པའི་རྔ། །སེར་ལྡེང་དམར་པོའི་རྔ་ཤིང་ལ། །དྲོད་མོ་མོ་ཟིན་པགས་པས་གཡོགས། །ཐམས་ཅད་དབང་དུ་སྡུད་པའི་རྔ། །གྲམ་ཆེན་སྨུག་པོའི་རྔ་ཤིང་ལ། །མི་ལྤགས་གཞིའི་པགས་པས་གཡོགས། །གནོད་པའི་དགྲ་བགེགས་བསྒྲལ་བའི་རྔ། །ཐོད་པ་ལྟག་སྤྱད་རྔ་ཤིང་ལ། །ཞེང་ཆེན་གཡང་མཞི་ལྤགས་པ་གཡོགས། །དབྱིངས་ནས་མ་མོ་སྦྱན་འདྲེན་རྔ། །ཞེས་བཀའ་སྩལ་ཏོ། །བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། །མདོས་མཁན་མདོས་ལ་ཆ་བ་དང་ཕྱག་རྔམདོས་ལ་ཆ་བའི་ལེའུ་སྟེ་སོ་གཉོས་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །གླིང་མཞི་མདོས་ཆེན་ཇི་ལྟར་བཞེངས་། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །བསྐལ་པ་དང་པོའི་དུས་ཙམ་ན། །མར་མེ་མཛད་ནི་འདས་འོག་ཏུ། ཁྲཀྱ་ཐུམ་པ་མ་བྱུང་དུས། །རུ་ཏྲས་མ་མོ་དམ་ལ་བསྡུས། །མ་མོ་སྲིད་པའི་བདེ་འགྲོ་དེས། །དཔག་བསམ་ཤིང་གི་རྩ་བ་ན། །རྒྱ་མཚོ་མེར་པའི་ནང་ཤེད་ན། །རིན་ཆེན་གཡུ་ཡི་གུར་ཕུབ་བས། །བྱུ་རུའི་ཚུགས་ཤིང་རོངས་སེ་རོངས་། །གསེར་གྱི་གུར་ཐག་ཤ་ར་ར། །མ་མོ་སྲིད་པའི་བདེ་འགྲོ་མ། འཁོར་དུ་སྣ་སྲིད་མང་པོས་བསྐོར། །ཤིན་ཏུ་བཟང་སྡུག་མདངས་དང་ལྡན། །དེ་ཀ་སི་ཡིས་མཐོང་སྟེ་གཟིགས། །རྒྱལ་པོ་ལྷ་ཡི་བུ་ཡིས་གཟིགས། །རྒྱལ་པོ་ལྷ་ཡི་བུ་་དེ་ཡང་། །ཆགས་པ་སྐྱེས་ནས་ཞུ་བ་ཕུལ། །སྲིད་པའི་རྒྱལ་མོ་ཡས་ཉིད་དང་། །བདག་ཉིད་སྲིད་པ་བདེ་འགྲོ་ཟེར། །སྲིད་པང་བདེ་འགྲོའི་ཞལ་ན་རེ། །རྒྱལ་པོ་ལྷ་ཡི་བུ་ཉིད་དང་། །ང་གཉིས་བརྡེབ་ཏུ་ཅང་མི་འཚལ། །འཁོར་གྱི་མ་མོས་ཡས་ར་སོད། །དེ་སྐད་ཟེར་ནས་མ་གནང་སྟེ། །རྒྱལ་པོ་ལྷ་ཡི་བུ་དེ་ཡིས། །ནན་ཏན་བསྐྱེད་དེ་ཡང་ཞུས་པས། །སྲིད་པ་བདེ་འགྲོའི་ཞལ་ན་རེ། །རྒྱལ་པོ་ལྷ་ཡི་བུ་ཁྱོད་དང་། །ང་ཡི་གན་དུ་འོང་འདོད་ན། །དོ་ནུབ་ནམ་གྱི་གུང་སྨད་ལ། །གཡུ་གུར་སྔོན་མོ་རྡིབ་པ་རེ། །བྱུ་རུའི་ཚུགས་ཤིང་འགྱེལ་ལ་རེ། །གསེར་གྱི་གུར་ཐག་ཆད་ད་རེ། །མུ་མེན་ཆོན་ཕུར་བྱུང་ང་རེ། །འཁོར་གྱི་མ་མོ་ཚོར་ར་རེ། །སུས་ཀྱང་མཚོར་ཞོག་ལ་སྤྱོན། །དེ་སྐད་ཉིད་དུ་གསུངས་པ་ལས། །རྒྱལ་པོ་ལྷ་ཡི་བུ་དེ་ཡིས། །དལ་འབུལ་བཞག་ནས་མ་བྱོན་པར། །འུར་འུར་ཐོག་ཐོག་བྱོན་པ་ལས། །འཁོར་གྱི་མ་མོ་འཁའ་འགྲོས་ཚོར། །མ་མོ་ཞེ་སྡང་ཕྲག་དོག་སྐྱེས། །གསེར་གྱི་ཟངས་གྲི་རྣོན་པོ་ཡིས། །རྒྱལ་པོ་ལྷ་ཡི་བུ་ལ་བརྒྱབ། །རྒྱལ་པོ་ལྷ་ཡི་བུ་དེ་བསད། །མ་མོ་ཕྱོགས་བཞིར་བྲོས་དེ་ཐལ། །སྲིད་པ་བདེ་འགྲོ་མྱ་ངན་བསྐྱེས། །ཡུམ་ཅིག་སྲིད་པ་བདེ་འགྲོ་མས། །སྣང་སྲིད་མ་མོ་དབང་དུ་བསྡུས། །འབྲུ་སྣ་ཉི་ཤུ་རྩ་གཅིག་ལ། །རི་རབ་གླིང་བཞི་མདོས་ཆེན་བཞེངས་། །འབྱུང་བ་ལྔ་ཡིས་ནམ་མཁའ་བརྒྱན། །ཤར་ཕྱོགས་དཔག་བསམ་ཡལ་ག་ལས། །མ་མོ་རུས་ནད་གཏོང་བ་བཀུག། །ལྷོ་ཕྱོགས་དཔག་བསམ་ཡལ་ག་ལས། །མ་མོ་མཁྲིས་ནད་གཏོང་བ་བཀུག། །ནུབ་ཕྱོགས་དཔག་བསམ་ཡལ་ག་ལས། །མ་མོ་ཁྲག་ནད་གཏོང་བ་བཀུག། །བྱང་ཕྱོགས་དཔག་བསམ་ཡལ་ག་ལས། །མ་མོ་རླུད་ནད་གཏོང་བ་བཀུག། ། །དཔག་བསམ་ཤིང་གི་རྩེ་མོ་ལས། །མ་མོ་རིམས་ནད་གཏོང་བ་བཀུག། །རི་རབ་གླིང་བཞི་བཞེངས་པ་ཡང་། །མ་མོ་རྣམས་ཀྱི་རྟེན་དུ་བྱས། ཁྲར་གྱི་དཀར་མོ་འབུམ་ཚོམས་ལ། །ལུག་དཀར་བྱ་དཀར་སྣ་དྲངས་ནས། །འཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ལྷོ་ཡི་སྔོན་མོ་འབུམ་སྡེལ། །ལུག་ནག་བྱ་ནག་སྣ་དྲངས་ནས། །འཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །ནུབ་ཀྱི་དམར་མོ་འབུམ་སྡེ་ལ། །བྱ་སྨུག་ལུག་སྨུག་སྣ་དྲངས་ནས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བྱང་གི་སེར་མོ་འབུམ་སྡེ་ལ། །ལུག་ནག་མཁལ་སྐྱེ་རི་བྱ་ཡི། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དེར་འཁོར་གྱི་མ་མོས་ཚེ་སྲོག་གཏང་། །ལྷ་ཡི་བུ་དེ་ཤི་བསློང་། །སྐྱེ་ཤིང་མེད་པའི་དངོས་གྲུབ་ཐོབ་། །མདོས་བཞེངས་སྲིད་པ་བདེ་འགྲོས་བཞེངས་། །མདོས་བྱུང་ལྷ་ཡི་དོན་དུ་བྱུང་། །མདོས་ཀྱི་དགོས་ཆེད་ཤི་བསློང་། །བསྐལ་པ་བར་མའི་དུས་དེ་སྲ །མདོས་བཞེངས་དཔལ་ཆེན་ཧེ་རུས་བཞེངས་། །རུ་་་བཀའ་བསྒོ་ཟློག་པ་དང་། །རྣལ་འབྱོར་གྲོང་བསྙེན་དར་བ་ཡིས། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྲིད་པའི་མ་མོ་ཐམས་ཅད་ཞབྲུགས། །མ་མོ་ཁ་རླངས་སྣ་ཚོགས་ཀྱིས། །འགྲོ་བ་རིགས་དྲུག་སེམས་ཅན་ལ། །ནད་མཚོན་མུ་གེའི་བསྐལ་པ་བྱུང་། །འགྲོ་དྲུག་སེམས་ཅན་རླག་པ་ཁད། །དཔལ་ཆེན་ཐུགས་རྗེས་མ་བཟོད་ནས། །སྤྲུལ་སྐུ་ཇི་ལྟར་འདུལ་བའི་ལྷས། །ལས་ཀྱི་མ་མོ་དབང་དུ་བསྡུས། །མཐུན་པའི་ཡས་དང་གླུད་བཤམས་ཏེ། །སྣང་སྲིད་སེམས་ཅན་བདེ་ལ་བཀོད། །མདོས་ཀྱི་དགོས་ཆེད་དེ་ལྟར་ཆེ། །མདོས་བཞེངས་དཔའ་ཆེན་ཉིད་ཀྱིས་བཞེངས་། །མདོས་བྱུང་སེམས་ཅན་དོན་དུ་བྱུང་། །མདོས་ཀྱི་དགོས་ཆེད་ཕན་ཡོན་གྱིས། །ནད་མཚོན་མུ་གེའི་བསྐལ་པ་བཟློག། །བསྐལ་པ་ཐ་མའི་དུས་ཙམ་ན། །རྣལ་འབྱོར་གྲོང་བསྙེན་དར་དུས་དུ། །སྣང་སྲིད་མ་མོ་མཁའ་འགྲོ་ཞབྲུགས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་འདོམ་ནས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །སྣང་སྲིད་མ་མོ་ཐམས་ཅད་ནི། །ཚེ་དང་སྲོག་ལ་བར་ཆད་བྱེད། །དེ་ལ་མདོས་ཅིག་བཞེངས་ཀྱང་འཚལ། །འབྲུ་ཡི་ཕ་དང་མ་སྨོས་པ། །ཕ་ནི་གནམ་ལ་མ་ནི་ས། །གནམ་ས་གཉིས་ཀྱི་བྱིན་རླབས་ལ། །གནམ་ལས་བ་མོ་ཟིལ་ཙམ་སྲིད། ས་ལ་ས་ཟིལ་པ་ཕྲོལ་ཙམ་ཆགས། །འབྱུང་བ་ལྔ་ནི་ཆ་བསྙམས་ཏེ། །འབྲུ་སྣ་ཉི་ཤུ་རྩ་གཅིག་སྨིན། །སྔོན་མོ་སྲང་ཕྱེད་ཆབ་ནས་སྟོན། །སྐྱེས་པ་གཞོན་པས་སྦྲུས་སུ་བཙུགས། །ན་ཆུང་གཞོན་པའི་ཡོས་སུ་བཙུགས། །སྐུ་གསུང་ཐུགས་དང་ལྡན་པའི་ཕྱིར། །ཁ་གསུམ་དག་ཏུ་བཅད་ནས་ནི། །སུམ་གཉིས་རྒྱུ་ལས་རི་རབ་བཞེངས་། །གསེར་གྱི་རི་བདུན་དག་གིས་བསྐོར། །མཚོ་ཆེན་རོལ་མཚོ་བདུན་རྣམས་དང་། །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །ཐ་མ་ལྕགས་རི་འབར་བས་བསྐོར། །ཡོན་བདག་ཡུལ་དང་མཁར་གྱི་གླུད། །སུམ་ཆའི་རྒྱུ་སེམས་ཅན་བཞེངས་། །དཔག་བསམ་ཤིང་གི་རྩེ་མོ་ནས། །རི་རབ་འགྲམ་གཞི་ཡན་ཆད་དུ། །སྐྱེ་འགྲོ་འདུལ་པའི་སྲོག་ཆགས་ཀྱིས། །རི་རབ་གླིང་གི་རྒྱན་དུ་བྱས། །ཡོན་བདག་ནོར་དང་ཕྱུགས་ཀྱིས་གླུད། །སྨུག་མའི་ཕ་དང་མ་མོས་པ་། །ཕ་ནི་སྦ་དཀར་ལྡེམ་པ་ལ། །མ་ནིཨུ་པའི་ཁོག་སྟོང་མ། །བུ་ནི་ལྷོ་སྨྱུག་ལྡེམ་པ་དང་། །སྐྱེས་པ་ལྷོ་བྲག་ངོས་ལས་སྐྱེས། །མོན་བུ་སྤྱི་བཟླུམས་ཁ་འཔྲ་ཡིས། །རྒྱ་ཟོར་ཁུག་པས་སྨྱུག་མ་བརྔས། ཁྲ་འབྲེང་མཉེན་ལ་དྲགས། །སྨྱུག་མ་ཁྲུ་ཚད་གང་དུ་བྱས། །མཛུབ་ཚད་ལག་ཏུ་བྱས། །ཚོན་གྱི་ཕ་དང་ཡབ། །སྲིད་པ་ཕོ་མོའི་བྱིན་བརླབས་ལས། །འབྱུང་བ་ལྔ་ཡི་ལུ་གུ་ལ། །བལ་ཚོན་སྣ་ལྔས་བརྒྱན་པ་ཅིག། །སྣང་སྲིད་མ་མོའི་རྫས་སུ་བྱུང་། །འབྱུང་པའི་ལུག་རྫིས་བལ་ཚོན་བྲེགས། །ན་ཆུང་གཞོན་པའི་ལག་གིས་བཀལ། །སྔགས་འཆད་རྒྱ་ས་པའི་ལག་གིས་བླངས་། །ནམ་མཁའ་གདན་དང་གུར་དུ་བྱས། །རིན་ཆེན་སྣ་ལྔ་ནམ་མཁའི་རྒྱན་དུ་བྱས། །གནམ་ལ་འཕུར་དགུའི་ཕོད་ཀྱིས་བརྒྱན། །དཔག་བསམ་ཤིང་གི་རྩེ་མོ་ནས། །རི་རབ་འགྲམ་གཞི་ཡན་ཆོད་དུ། །ནམ་མཁའ་སྔོན་དམར་སྣ་ཚོགས་ཀྱི། །རི་རབ་གླིང་བཞི་སྦུགས་སུ་བཅུག། །སྣང་སྲིད་མ་མོའི་ཐུགས་དམ་བསྐང་། །རྒྱུ་སྦྱོར་ཡོན་གྱིས་བདག་པི་ཡི། །ཚེ་སྲོག་གཉིས་ཀྱི་བར་ཆད་བཟློག། །མདོས་བཞེངས་སྔགས་འཆང་རྒྱལ་པོས་བཞེངས་། །མདོས་བྱུང་ཡོན་བདག་དོན་དུ་བྱུང་། །མདོས་ཀྱི་དགོས་ཆེན་ཕན་ཡོན་གྱིས། །ཚེ་སྲོག་གཉིས་ཀྱི་བར་ཆད་བཟློག། །མདོས་ཀྱིས་ཕན་ཡོན་དེ་ལྟར་ཆེ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །མདོས་བཞེངས་ལུགས་ཀྱི་ལེའུ་སྟེ་སོ་གསུམ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མདོས་ཆེན་སྤྱན་དྲངས་གང་ནས་དྲང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །གླིང་བཞིའི་མདོས་ཆེན་སྤྱན་དྲངས་པ། །གདན་བཅས་ཁྲི་མེད་ས་ནས་དྲངས། །རྨ་སྣམ་གཙང་མའི་གདན་སྟེངས་ཇུ།། །སྔོན་མོ་སྲང་ཕྱེད་གཅལ་དུ་བཀྲམ། །མ་ཏྲ༷་ཆེན་པོའི་གཟུགས་སུ་བྲིས། །མགོ་བོ་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་གཡས་ལྷོ་ལ་ལག་གཡོན་བྱང་། །མགོ་བོ་ལྷོ་ནུབ་མཚམས་སུ་བསྟན་པ་ནི། །སྲིན་པོ་ཟིལ་གྱིས་མནན་པའི་རྟགས། །རྐང་པ་བྱང་ཤར་བསྟན་ཞེས་གསུངས་པ་ནི། །དབང་ལྡན་ཟིལ་གྱིས་མནན་པའི་རྟགས། །ལག་གཡས་ལྷོ་རུ་བསྟན་པ་ནི། །གཤིན་རྫེ་ཟིལ་གྱིས་མནན་པའི་རྟགས། །ལག་གཡོན་བྱང་དུ་བསྟན་པ་ན། །གནོད་སྦྱིན་ཟིལ་གྱིས་མནན་པའི་རྟགས། །མ་ཏྲང་དེ་ཡི་སྙིང་ཁ་སྲ །རི་རབ་གླིང་བཞི་བཞེངས་པ་ཡིས། །འདྲེ་སྲིན་ཟིལ་གྱིས་གནོན་པའི་རྟགས། །མ་ཏྲམ་དེ་ཡི་ཕྱོགས་བཞི་སྲ །ཀསེར་གྱིས་དྲང་ཤིང་ལན་ཕུར་བཞི། །གྲུ་འདེགས་བཞི་རུ་མངའ་གསོལ་ཏེ། ཁུ།་འདེགས་བཞི་ཡི་གདན་སྟེངས་སུ། །གླིང་བཞིའི་མདོས་ཆེན་སྦྱན་འདྲེན་ན། །སྣང་སྲིད་མ་མོ་སྤྱན་ལམ་ན། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །དགོས་དགུ་འབྱུང་པའི་ངོ་བོར་གནས། །དཔལ་དང་མ་མོ་མཁའ་འགྲོ་ལ། །གླིང་བཞི་མདོས་ཆེན་མཆོད་པར་འབུལ། །སྣང་སྲིད་ལས་ཀྱི་མ་མོ་རྣམས། །ཆགས་སྡང་དབྲལ་པའི་ཕྱིར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ནད་མཚོན་མུ་གེ་བཟློག་པ་དང་། ཁུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཚེ་སྲོག་ཉམས་པ་སླུ་བཅས། །དེ་རིང་མདོས་ལ་སྤྱན་འདྲེན་གྱིས། །མདོས་ཀྱི་དཔང་པོར་བཞུགས་སུ་གསོལ། །ཉི་མ་ནུབ་ཕྱོགས་ཡ་གི་ན། །གནམ་ཡང་དམར་ཏེ་ཟླུམ་པོ་ལ། །ས་ཡང་དམར་ཏེ་ཟླུམ་པོ་ལ། །རི་ཡང་དམར་ཏེ་ཟླུམ་པོ་ལ། །མཁར་ཡང་དམར་ཏེ་ཟླུམ་པོ་ལ། །མི་ཡང་དག་ཏེ་ཟླུམ་པོ་ལ། །རྟ་ཡང་དམར་ཏེ་ཟླུམ་པོ་ལ། །འཛམ་གླིང་དེ་ཡི་མངའ་བདག་ནི། །ཀླུ་བདུད་རྒྱལ་པོ་སྤྱན་མི་བཟང་། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་རིང་མདོས་ལ་སྤྱན་འདྲེན་གྱིས། །མདོས་ཀྱི་དཔང་པོར་བཞུགས་སུ་གསོལ། །ཉི་མ་བྱང་ཕྱོགས་ཕ་གི་ན། །གནམ་ཡང་ལྗང་སྟེ་གྲུ་བཞི་པོ། །ས་ཡང་ལྗང་སྟེ་གྲུ་བཞིའོ། །རི་ཡང་ལྗང་སྟེ་གྲུ་བཞི་པའོ། །མཁའ་ཡང་ལྗང་སྟེ་གྲུ་བཞི་འོ། །མི་ཡང་ལྗང་སྟེ་གྲུ་བཞི་འོ། །རྟ་ཡང་ལྗང་སྟེ་གྲུ་བཞི་འོ། །འཛམ་གླིང་དེ་ཡི་མངའ་བདག་པོ། །གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་རིང་མདོས་ལ་སྤྱན་འདྲེན་གྱིས། །མདོས་ཀྱི་དཔང་པོར་བཞུགས་སུ་གསོལ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །མདོས་ཀྱི་དཔང་པོ་སྤྱན་དྲང་བའི་ལེའུ་སྟེ་སོ་ལྔ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མདའ་བཞི་ཕུར་བཞི་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཧུ༷། མདའ་བཞི་དག་མངའ་གསོལ་བ། །ཡེས་ཤེས་འབར་པའི་ཁྲོ་བོ་བཞི། ་།ར་ནས་ཁྲོ་བོ་རྣམ་པར་རྒྱལ། ཁྲར་ཕྱོགས་དྲི་ཟའི་དཔུང་ཚོམས་ལ། ཁྲར་གྱི་བགེགས་རྣམས་ཐུབ་པར་མཛོད། །ལྷོ་ཡི་ཁྲོ་བོ་གཤིན་རྫེ་གཤེད། །ལྷོ་ཕྱོགས་གཤིན་རྗེའི་དཔུང་ཚོམས་ལ། །ལྷོ་ཡི་བགེགས་རྣམས་ཐུབ་པར་མཛོད། །ནུབ་ནས་ཁྲོ་བོ་རྟ་མཆོག་དཔལ། །ནུབ་ཕྱོགས་ཀླུ་དབང་དཔུང་ཆོམས་ལ། །ནུབ་ཀྱི་བགེགས་རྣམས་ཐུབ་པར་བཛོད། །བྱང་ནས་ཁྲོ་བོ་བདུད་རྩི་འཁྱིལ། །བྱང་ཕྱོགས་གནོད་སྦྱིན་དཔུང་ཚོམས་ལ། །བྱང་གིས་བགེགས་རྣམས་ཐུབ་པར་མཛོད། །ཡེ་ཤེས་ཁྲོ་རྒྱལ་ཁྱེད་བཞི་ཡིས། །མདའ་བཞི་དག་ལ་མངའ་གསོལ་བ། །ཕྱོགས་བཞིའི་བགེགས་རྣམས་ཐུབ་པར་བསྲུངས་། །ཧུ༷། །རལ་གྲི་བཞི་ལ་མངའ་གསོལ་པ། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི། ཁྲར་ཕྱོགས་ནས་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ནས་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ནས་ནི་སྤྱན་མི་བཟང་། །བྱང་ཕྱོགས་ནས་ནི་རྣམ་ཐོས་སྲས། །ཆོས་སྐྱོང་རྒྱལ་པོ་ཁྱེད་བཞི་ཡིས། །རལ་གྲི་བཞི་ལ་མངའ་གསོལ་ལ། །ཕྱོགས་བཞིའི་བགེགས་རྣམས་ཐུབ་པར་མཛོད། །མེ་ལོང་བཞི་ལ་མངའ་གསོལ་པ། །གཞལ་ཡས་སྒོ་མ་ཆེན་མོ་བཞི། ཁྲར་ནས་སྟག་གདོང་ལྕགས་ཀྱུ་མ། །ལྷོ་ནས་ཕག་གདོང་ཞགས་པ་མ། །ནུབ་ནས་ཉི་ཟླ་ལྕགས་སྒྲོག་མ། །བྱང་ནས་ཐལ་བྱེད་དྲི་བུ་མ། །གཞལ་ཡས་སྒོ་མ་ཁྱེད་བཞི་ཡིས། །མེ་ལོང་བཞི་ལ་མངའ་གསོལ་ལ། །གཞལ་ཡས་སྒོ་བཞི་ཐུབ་པར་བསྲུངས་། །ཧུ༷། གུར་དང་ཡོལ་ལ་མངའ་གསོལ་བ། །མ་ཏྲ༷་དངས་མ་ལྔ་པོ་ལས། །སྲིད་པའི་ལས་མཁན་བུ་མེད་ལ། ཁྲར་ནས་དཀར་མོ་ལས་མཁན་མོ། །དར་དཀར་གུར་ཕུབ་སྐོངས་སེ་སྐོངས་། །དར་དཀར་ཡོལ་དྲི་མེ་རེ་རེ། །ལྷོ་ནས་སྔོན་མོ་ལས་མཁན་མོ། །དར་སྔོན་གུར་འབུམ་སྐོངས་སེ་སྐོངས་། །དར་སྔོན་ཡོལ་དྲི་མེ་རེ་རེ། །ནུབ་ནས་དམར་མོ་ལས་མཁན་མོ། །དར་དམར་གུར་འབུབ་སྐོངས་སེ་སྐོངས་། །དར་དམར་ཡོལ་དྲི་མེ་རེ་རེ། །བྱང་ནས་སེརམོ་ལས་མཁན་མོ། །དར་སེར་གུར་འབུབ་སྐོངས་སེ་སྐོངས། །དེར་སེར་ཡོལ་འབྲི་མེ་རེ་རེ། །མས་ནས་མི་འགྱུར་ལས་མཁན་མོ། །དར་ནག་གུར་འབུབ་སྐོངས་སེ་སྐོངས། །དར་ནག་ཡོལ་བྲིས་མེ་རེ་རེ། །སྲིད་པའི་བུད་མེད་ལས་མཁན་ལྔ། །མ་སྒ་་ཐུགས་ཀྱི་དཀྱིལ་དུ་ཐིམ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །མདའ་བཞི་ཕུར་བཞིའི་ཆོ་ག་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྒྱན་གྱི་ཆོ་ག་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཧུ༷ རིན་ཆེན་སྣ་ལྔའི་སྣོད་ཆེན་དུ། །བདུད་རྩི་བཅུད་ལྡན་ཛ་གད་སྦྱར། །སྣང་སྲིད་མ་མོ་བསྐང་པའི་ཕྱིར། །རི་རབ་ཕྱོགས་བཞི་དབུས་དར་ལྔར། །མི་འགྱུར་བརྟན་པར་བཞུགས་སུ་གསོལ། །ཧུ༷ ཐུགས་རྗེས་རྟོགས་པའི་སྨྱུག་མ་ལ། །རྟོགས་འཇོམ་ཆེ་བའི་རྒོད་སྒྲོས་བསྐྱོན། །འཁོར་པའི་གནས་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །མ་ཏྲ༷་ཆེན་པོ་བཤས་ཏེ་བཏང་། །མ་ཏྲ༷་ཆེན་པོའི་ཀླད་གཤེགས་པས། །དུམ་བུ་གཅིག་ལ་གྱོ་ཚལ་བཞི། །གཅིག་ནི་དཔལ་ཧེ་རུའི་རྫས། །གཅིག་ནི་མ་མོ་མཁའ་འགྲོའི་རྫས། །གཅིག་ནི་མཁའ་འགྲོ་བརྟེན་པའི་རྫས། །གཅིག་ནི་རྣལ་འབྱོར་བཟློག་པའི་རྫས། །དངུལ་སྐྱོགས་དཀར་པོ་དེ་ནས་བྱུང་། །མ་ཏྲ༷་ཆེན་པོའི་ཚུལ་བཤས་པས། །བསེ་སྐྱོགས་ཁྲ་བོ་དེ་ནས་བྱུང་། །མ་ཏྲ༷་ཆེན་པོའི་ལྕེ་བཤས་པས། །ཟངས་སྐྱོགས་དམར་པོ་དེ་ནས་བྱུང་། །མ་ཏྲ༷་ཆེན་པོའི་སྙན་བཤས་པས། །རས་སྐྱོགས་ནག་པོ་དེ་ནས་བྱུང་། །དང་པོ་སྐྱོགས་བྱུང་དེ་ནས་ཀྱང་། །ད་ནི་གཞུ་བྱུང་གང་ནས་བྱུང་། །མ་ཏྲ༷་རྩི་བས་ལས་གཞུ་གཅིག་བྱུང་། །མ་ཏྲ༷་རྒྱུས་པས་ནརྒྱུད་ཅིག་བྱུང་། །ཆང་པ་བརྔང་པས་རྩད་པའི་ཚུལ། །རྣམ་པ་ཐབས་དང་ཤེས་རབ་ཚུལ། །མཆོག་མ་དང་བཟང་ཉི་མ་རང་། །མ་ནོར་བརྟན་པར་རྒྱུད་ཀྱིས་བསྲེངས། །དང་པོ་མདའ་བྱུང་གང་ནས་བྱུང་། །མ་ཏྲ༷་ཐུར་མ་གཡས་པ་ལས། །སྐྱོགས་མདའ་བྱ་རྒོད་དང་། །མདའ་ནག་ཕོ་རོགས་བྱུང་། །མ་ཧ༷་མཆོག་ཕུར་གཡོན་པ་ལས། །མདའ་དམུར་འུག་པ་དང་། །མདའ་གསེར་ཁྲ་སྒྲོ་བྱུང་། །ལྟོང་ནི་ཐབས་དང་ཤེས་རབ་སྟེ། །སྒྲོ་ནི་ཡེ་ཤེས་བཞི་ཡིས་སྒྲོན། །སྨྱུག་མ་བྱང་ཆུབ་སེམས་ཀྱི་དང་། །མདེ་འུ་སྐུ་གསུང་ཐུགས་ཀྱི་དང་། །དང་པོ་མདའ་ཆུང་དེ་ནས་ཕྱུང་། །དང་པོ་སྐྱོགས་ལ་སྲོག་མ་མོ་མཆིས མཚེ་མོ་སྲོག་ཏུ་མཆིས། །སྐྱོགས་ལ་སྙིང་མ་མཆིས། ཡུངས་ནག་སྙིང་དུ་བཅུག དང་པོ་སྐྱོགས་ལ་དབུགས་མ་མཆིས། ཡ་ལ་དབུགས་སུ་གསལ། དང་པོ་སྐྱོགས་ས་ཁྲག་མ་མཆིསདམར་པོ་ཁྲག་དང་གསལ། ད་ནི་སྐྱོགས་འཕང་གང་དུ་འཕང་། མདའ་མོ་བྱ་རྒོད་ཤར་དུ་འཕང་། མདའ་ནག་ཕོ་རོག་ལྷོ་རུ་འཕང་། མདའ་དམར་འུག་པ་ནུབ་ཏུ་འཕང་། མདའ་སེར་ཁྲ་སྒྲོ་བྱང་དུ་འཕང་། ཤར་གྱི་ཕྱོགས་ཅིག་འཕེན། ཤར་གྱི་དྲི་ཟ་འབུམ་གྱི་རྒྱལ། དྲི་ཟ་ལྕམ་ཅིག་མ་ལ་སྐྱོགས་མི་འཕང་། མུ་སྟེགས་ཨ་འབྲས་ཡུལ་དུ་འཕེན། ལྷོ་ཡི་ཕྱོགས་སུ་སྐྱོགས་ཅིགཕ་འཕེན། །ལྷོགས་ཕྱོགས་གཤིན་རྗེ་འབུམ་གྱི་རྒྱལ། །གཤིན་རྗེ་ལྕམ་ཅིག་མ་ལ་སྐྱོགས་མི་འཕེན། །མུ་སྟེགས་གཉེན་པའི་ཡུལ་ལ་འཕེན། །ནུབ་ཀྱི་ཕྱོགས་སུ་སྐྱོགས་ཅིག་འཕེན། །ནུབ་ཕྱོགས་ཀླུ་བདུད་འབུམ་གྱི་རྒྱལ། །ཀླུ་བདུད་ལྕམ་ཅིག་མ་ལ་སྐྱོགས་མི་འཕེན། །བལ་པོ་སྤྱི་ཅིངས་ཡུལ་དུ་འཕེན། །བྱང་གི་ཕྱོགས་སུ་སྐྱོགས་ཅིག་འཕེན། །བྱང་ཕྱོགས་གནོད་སྦྱིན་ཡུལ་གྱི་རྒྱལ། །གནོད་སྤྱིན་ལྕམ་ཅིག་མ་ལ་སྐྱོགས་མི་འཕེན། །བྱང་གི་དགྲ་དང་བགེགས་ལ་འཕེན། །ད་ནི་སྐྱོགས་བགྲོང་སྟེ། །མི་བགྲང་བའི་རྣམ་པ་ལ། །ཆོས་ཀྱི་བསྲུང་མ་ལ་མི་བགྲང་ངོ་། །བོན་གྱི་ལྷ་གསལ་ལ་མི་བགྲང་ངོ་། །སྐྱེས་པའི་ལྷ་ལ་མི་བགྲང་ངོ་། །བུད་མེད་ཀྱི་དཔལ་མི་བགྲང་ངོ་། །ཟས་ཀྱི་བཅུད་མི་བགྲང་ངོ་། །ནོར་གྱི་དབྱིག་མི་བགྲང་ངོ་། །ཟས་ཀྱི་བཅུད་ནོར་གྱི་དབྱག་ཡང་མི་བགྲང་ངོ་། །མི་ཁྱིམ་གང་མི་བགྲང་ངོ་། །ཕྱུགས་ར་གང་མི་བགྲང་ངོ་། །རྟ་འོག་རྟེ་མི་བགྲང་ངོ་། །བྲན་ཁོལ་མི་བགྲང་ངོ་། །བྱས་ལ་ནས་དང་ཚེ་ཕུགས་སུ་གཏོར་རོ། །ད་ནི་བྲ་པོ་དང་། །ཡུངས་ནག་ཐོགས་ལ་བགྲང་བ་ནི། །ལྟ་ངན་གྱི་ཕ་མོས་པས། །འགོག་པོ་མགོ་གསུམ་ལ། །གཟིག་ངན་གྱི་ཕྱི་མོ་གཉིས། །དེ་གཉིས་ཚོགས་ཀྱི་བུ། །བདུད་ཀྱི་ཐན་བྱུང་བ། །གཡག་མོ་རུ་འཛིངས་ཡིན་ཏེ་བགྲང་། །དམུ་ཡི་ཐན་ངན་པ། །དམུ་སྒོ་ཐིག་ཡར་ཡིན་ཏེ་བཟང་། །བཙན་གྱི་ཐན་ངན་པ། །ཤ་བ་རུ་འཛིངས་ཡིན་ཏེ་བགྲང་། །ཡ་ཆོས་ཐན་ངན་པ། །ཀྱི་ལ་དྲུག་ཕྲོམ་ཡིན་ཏེ་བགྲང་། ་།ར་ཕྱོགས་ཐན་ངན་པ། །ལུག་ལ་རོ་ཁལ་ཡིན་ཏེ་བགྲང་། །མ་བདུན་ཐན་ངན་པ། །ཞིང་ལ་ཤུལ་བ་ཡིན་ཏེ་བགྲང་། །དུར་སྲིའི་ཐན་ངན་པ། །ཁང་ཐོག་སྲིན་བྱང་ཡིན་ཏེ་བགྲང་། །སྲོད་ལ་བྱ་འཚེར་བགྲང་། །ཐོ་རང་ཁྱི་ངུ་བགྲང་། །ས་ལ་ལྦ་བརྒྱལ་བགྲང་། །ཁ་ཕྲད་མཛའ་འོ་ནི། །ལྷག་ཕྲད་འཆའ་བ་བགྲང་། །བླ་རུ་མ་འབུད་བགྲང་ངོ་། །འོག་ཏུ་ཆུ་སྐོལ་བགྲང་། །མི་ཁ་ངན་ཁ་བགྲང་། །ལྟ་ངན་སྡིག་བཅུ་བགྲང་། །རུས་ལ་སོགས་ངན་འགྲང་། །སྣག་ལ་འཆིལ་ངན་བགྲང་། །མོ་ངན་ཐུན་ངན་བགྲང་། །ལྟས་ངན་སྡིག་ཅན་བགྲང་ངོ་། །དེ་ནི་སྒྱུར་ཞིང་བྱོལ་ཏེ་སྟ༷། །ཧུ༷། ཤར་གྱི་ཕྱོགས་ནས་བསྒྱུར་མཛད་མ། །ཆེ་ཞེ་དྲི་ཟའི་ལྕམ་ཅིག་མ། །ཆེབས་སུ་སྦལ་བུ་ཁ་དཀར་ཆིབས། །རང་རྟགས་དུང་གི་རྡོ་རྗེ་གསོར། །བྲན་དུ་དྲི་ཟ་ཕོ་མོ་འཁོལ། །ལས་སུ་བདུད་དང་བྲམ་བཟློག་མ། །དོན་དུ་སྒྱུར་ལ་དགའ་བ་མོ། ཁྲར་ནས་མྱོས་པའི་དགྲ་དང་བགེགས། །ཟློག་ཅིག་སྒྱུར་ཅིག་ཤར་དུ་བསྒྱུར། ལྷོ་ཡི་ཕྱོགས་ནས་བསྒྱུར་མཛད་མ། །ཆེ་ཞེ་གཤིན་རྗེའི་ལྕམ་ཙག་མ། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས།་།རང་རྟགས་ལྕགས་ཀྱི་རྡོ་རྗེ་གསོར། །བྲན་དུ་གཤིན་རྗེ་ཕོ་མོ་འཁོལ། །ལས་སུ་བདུད་དང་ཁྲམ་བཟློག་མ། །དོན་དུ་བསྒྱུར་ལ་དགའ་བ་མོ། །ལྷོ་ནས་ཉེས་པའི་དགྲ་དང་བགེགས་འགུགས་མ། །ཟློག་ཅག་སྒྱུར་ཅིག་ལྷོ་རུ་བསྒྱུར། །ནུབ་ཀྱི་ཕྱོགས་ནས་བསྒྱུར་མཛད་མ། །ཆེ་ཞེ་ཀླུ་བདུད་ལྕམ་ཅིག་མ། །ཆིབས་སུ་ཆུ་སྲིན་དམར་པོ་ཆིབས། །རང་རྟགས་བྱུ་རུའི་རྡོ་རྗེ་གསོ་། །བྲན་དུ་ཀླུ་བདུད་ཕོ་མོས་བསྐོར། །ལས་སུ་བསྒྱུར་ལ་དགའ་བ་མོ། །ནུབ་ནས་ཉེ་ས་པའི་དགྲ་དང་བགེགས། །ཟློག་ཅིག་སྒྱུར་ཅིག་ནུབ་ཏུ་བསྒྱུར་ཅིག །བྱང་གི་ཕྱོགས་ནས་བསྒྱུར་མཛད་མ། །ཆེ་ཞ་གནོད་སྦྱིན་ལྕམ་གཅིག་མ། །ཆིབས་སུ་གིང་རྟ་གསར་རྙིང་ཆི་ས། །རང་རྟགས་གསེར་གྱི་རྡོ་རྗེ་གསོར། །བྲན་དུ་གནོད་སྦྱིན་ཕོ་མོས་བསྐོར། །ལས་སུ་བདུད་དང་ཁྲམ་བཟློག་མ། །དོན་དུ་བསྒྱུར་ལ་དགའ་བ་མོ། །བྱང་ནས་ཉེས་པའི་དགྲ་དང་བགེགས། །ཟློག་ཅིག་སྒྱུར་ཅིག་བྱང་དུ་བསྒྱུར། །སྟེང་གི་ཕྱོགས་ནས་སྒྱུར་བྱེད་མ། །ནམ་མཁའི་རྒྱལ་མོ་སྒྱུར་བྱེད་མ། །ཆིབས་སུ་སྐར་ཆེན་དམར་པོ་ཆིབས། །རང་རྟགས་མུ་ཏིག་རྡོ་རྗེ་གསོར། །བྲན་དུ་ལྷ་བདུད་ཕོ་མོས་བསྐོར། །ལས་སུ་བདུད་དང་ཁྲམ་བཟློག་མ། །དོན་དུ་བསྒར་ལ་དགའ་བ་མོ། །སྟེང་ནས་ཉེས་པའི་དགྲ་དང་བགེགས། །ཟློག་ཅིག་སྒྱུར་ཅིག་སྟེང་དུ་བསྒྱུར། །འོག་གི་ཕྱོགས་ནས་བསྒྱུར་མཛད་མ། །ཨེ་ཀ་ཛུ་ཞི་མཐུ་མོ་ཆེ། །ཆིབས་སུ་ས་བདག་ཆེན་མོ་ཆིབས། །རང་རྟག་་གསེར་གྱི་རྡོ་རྗེ་གསོར། །བྲན་དུ་ས་བདག་ཕོ་མོས་བསྐོར། །ལས་སུ་བདུད་དང་ཁྲམ་བཟློག་མ། །དོན་དུ་བསྒྱུར་ལ་དགའ་བ་མོ། །འོག་ནས་ཉེས་པའི་དགྲ་དང་བགེགས། །ཟློག་ཅིག་སྒྱུར་ཅིག་འོག་ཏུ་བསྒྱུར། །ཕྱོགས་བཞིར་བསྒར་ལ་མཚམས་བཞིར་བཟློག། །དེ་ནས་མདའ་དང་སྐྱོགས་ཐང་ལ་ཁྱེར་ལ་འདི་སྐད་དོ། །སྟག་གདོང་ཆེན་མོ་ལྕགས་ཀྱུ་མ། །རི་རབ་ཤར་གྱི་སྒོ་ཕྱེ་ལ། །མདའ་ལམ་ཤ་ར་ར། །སྐྱོགས་ལམ་འབྲེངས་སེ་བྲེངས། །ཟློག་གདོང་ནག་མོ་ཞགས་པ་མ། །རི་རབ་ལྷོ་ཡི་སྒོ་ཕྱེ་ལ། །མདའ་ལམ་ཤ་ར་ར། །སྐྱོགས་ལམ་བྲེངས་སེ་བྲེངས་། །ཉིད་མ་ཟླ་བ་མར་མོ་ལྕགས་སྒྲོག་མ། །རི་རབ་ནུབ་ཀྱི་སྒོ་ཕྱེ་ལ། །མདའ་ལམ་ཤ་ར་ར། །སྐྱོགས་ལམ་བྲེངས་སེ་བྲེངས། །ཐལ་བྱེད་ལྗང་ནག་དྲིལ་བུ་མ། །རི་རབ་བྱང་གི་སྒོ་ཕྱེ་ལ། །མདའ་ལམ་ཤ་ར་ར། །སྐྱོགས་ལམ་བྲེངས་སེ་བྲེངས། །ཞེས་བརྗོད་ལ་སྣ་ལ་མདའ་འཕང་། །དེ་ནས་སྐྱོགས་འཕང་ངོ་། །མ་ཧྭ་ཤན་ཏིང་དང་སརྦ་རུ་པའི་མདའ་བཞི་སྐྱོགས་བཞིའི་ཆོ་གའོ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །ཟོར་སྐྱོན་པའི་ལེའུ་སྟེ་སོ་བརྒྱད་པའོ། །དེ་ནས་བདག་གི་དོན་དུ་ནང་མ་མོའི་མདོས་སུ་བསྐང་བ་ཞེས་བྱ་སྟེ། །མ་མོ་སྤྱི་ཡི་འཕྲིན་ལས་གཞུང་བསྲང་ལ་ཚོགས་དབུལ། །འཛབ་བསྟོད་བྱ་ཞིང་བཟླས་པ་ཞེས་བྱ་བ་དང་། །དངོས་གྲུབ་སླང་བ་བཞིན་བྱས། །མ་མོ་སྤྱི་ཡི་བསྐུལ་བ་རིང་ནས་སོ་སོའི་གནས་ནས་བསྐུལ། །དབང་ཕྱུག་མ་དང་བསྟན་མ་ཡན་ཆད་རྫོགས་པར་བྱའོ། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །ནང་མ་མོ་མདོས་སུ་བསྐང་བའི་ལེའུ་སྟེ་སོ་དགུ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དེ་ནས་དཔལ་ཆེན་ལྷག་མ་ལ། །ཕྱི་སྲིན་མོའི་མདོས་སུ་བསྐང་བ་གང་། །ཡ་ ང་དག་རྫོགས་ཀྱིས་བཀའ་སྩལ་པ། །དེ་ནས་སྲིན་མོའི་མདོས་བསྐང་བ། །ང་ཡིས་ཁྱོད་ལ་བཤད་པར་བྱའོ། །དང་ལ་གུར་སྒོ་དབྱེ་བ་ནི། །ཧུ༷། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །གསེར་མཚོ་སེར་མོ་མཚོ། །གསེར་མཚོ་དེ་ཡི་དཀྱིལ་ཤེད་ན། །གསེར་བྲག་གནས་དུ་ཟངས་སེ་ཟངས་། །གསེར་བྲག་དེ་ཡི་ཁ་ཤེད་ན། །གསེར་གྱི་སྐུ་མཁར་ལྡེམས་སེ་ལྡེམས། །སྐུ་མཁར་དེ་ཡི་ཁ་ཤེད་ན། །ནམ་མཁའ་རིགས་ཀྱི་རྒྱལ་མོ་བཞུགས། །དོ་ནུབ་གུར་གྱི་སྒོ་ཕྱེ་ལ། །དོ་ནོད་ཡས་ཀྱི་སྒོ་ཕྱེ་ཞིག། །དོ་ནོད་ལས་དང་དོན་དུ་སྤྲོད། །མཁར་བའི་མེ་ལོང་གསལ་གོང་དུ། །ནས་སེར་མོ་འབྲུ་བདུན་ལ། །རྨའུ་ཐནདང་འཕྲིན་མཐོ་ཡིས། །ཐན་གྱི་གོང་དུ་ཤ་ར་ར། །ཡས་ཀྱི་གོང་དུ་སི་ལི་ལི། །ཡས་ལ་དབང་བ་ཡས་ལ་སྤྱན། །ཐགས་ལ་དབང་བ་ཐགས་ལ་སྦྱོན། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། ཁྲར་ཕྱོགས་སྟོང་གི་འཇིག་རྟེན་ན། །དུང་མཚོ་དཀར་མ་མོ་རེ་རེ། །དུང་མཚོ་དེ་ཡི་དཀྱིལ་ཤེད་ན། །དུང་བྲག་གནམ་དུ་ཟེངས་སེ་ཟེངས། །དུང་བྲག་དེ་ཡི་ཁ་ཤེད་ན། །དུང་གི་སྐུ་མཁར་ལྡེམས་སེ་ལྡེམས། །སྐུ་མཁར་དེ་ཡི་ནང་ཤེད་ན། །རྡོ་རྗེ་རིགས་ཀྱི་རྒྱལ་མོ་བཞུགས། །དེ་ནུབ་གུར་གྱི་སྒོ་ཕྱེ་ལ། །དོ་ནོད་ཡས་ཀྱི་སྒོ་པྱེ་ཞིག། །ད་ནོད་ཡས་དང་གདོན་དུ་སྤྲོད། །མཁ་ར་བའི་མེ་ལོང་གསལ་གོང་དུ། །ནས་དཀར་ལམོ་འབྲུ་བདུན་ལ། །རྨ་བུ་ཐན་དང་འཕྲིན་མཐོ་ཡིས། །ཐན་གྱི་གོང་དུ་ཤ་ར་ར། །ཡས་ཀྱོ་གོང་དུ་སི་ལི་ལི། །ཡས་ལ་དབང་བ་ཡས་ལ་སྤྱོན། །ཐགས་ལ་དབང་བ་ཐགས་ལ་སྤྱོན། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན།།གཡུ་ཚོ་སྔོན་མོ་མེ་རེརེ། །གཡུ་མཚོ་དེ་ཡི་ནང་ཤེད་ན། །གཡུ་བྲག་གནམ་དུ་ཟངས་སེ་ཟེངས། །གཡུ་བྲག་དེ་ཡི་ཁ་ཤེད་ན། །གཡུ་ཡི་སྐུ་མཁར་ལྡེམས་སེ་ལྡེམས། །སྐུ་མཁར་དེ་ཡི་ནང་ཤེད་ན། །རིན་ཆེན་རིགས་ཀྱི་རྒྱལ་མོ་བཞུགས། །དོ་ནོད་གུར་གྱི་སྒོ་ཕྱེ་ལ། །དོ་ནོད་ཡས་ཀྱི་སྒོ་ཕྱེ་ཞིག། །དོ་ནོད་ཡས་དང་གདོན་དུ་སྤྲོད། །མཁར་བའི་མེ་ལོང་གསལ་གོང་དུ། །ནས་ནག་མོ་འབྲུ་བདུད་ལ། །རྨ་བུ་ཐན་དང་འཕྲིན་མཐོ་ཡིས། །ཐན་གྱི་གོང་དུ་ཤ་ར་ར། །ཡས་ཀྱི་གོང་དུ་སི་ལི་ལི། །ཡས་ལ་དབང་བ་ཡས་ལ་སྤྱོན། །གླུད་ལ་དབང་བ་གླུད་ལ་སྤྱོན། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །གུར་སྒོ་དབྱེ་བའི་སྟེ་བཞི་བཅུ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མ་མོའི་ཁ་རླངས་ཇི་ལྟ་དབྱུང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །མ་མོ་གདུག་པའི་ཁ་རླངས་ལ། །དལ་ནད་བྱུང་བ་བསྡ་བ་ནི། །གནམ་ཐར་བཤུས་ལ་འདི་སྐད་དོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ཤར་ཕྱོགས་གུར་གྱི་སྒོ་ཕྱེ་ལ། །གདུག་པའི་བུད་མེད་དཀར་མོ་འབུམ། །དཀར་མོ་འབུམ་གྱི་ཁ་རླངས་ལས། །དལ་ནད་རིམས་ནད་སྣ་ཚོགས་བྱུང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ཐུགས་རྗེ་སྤྲུལ་པའི་འདོ་ཟེར་གྱིས། །བསྡ་བསྡ་རུལ་ནད་རྒྱ་ནད་བསྡ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ལྷོ་ཕྱོགས་གུར་གྱི་སྒོ་ཕྱེ་ལ། །གདུག་པའི་བུད་མེད་སྔོན་མོ་འབུམ། །སྔོན་མོ་འབུམ་གྱི་ཁ་རླངས་ལས། །དལ་ནད་རིམས་ནད་སྣ་ཚོགས་འབྱུང་། །བསྡ་བ་མཛེ་ནད་བཅོ་བརྒྱད་བསྡ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ནུབ་ཕྱོགས་གུར་གྱི་སྒོ་ཕྱེ་བས། །གདུག་པའི་བུད་མེད་དམར་མོ་འབུམ། །དམར་མོ་འབུམ་གྱི་ཁ་རླངས་ལས། །ཕྲག་ནང་རྣམ་པ་སྣ་ཚོགས་བྱུང་། །ཐུགས་རྗེ་སྤྲུལ་པའི་འོད་ཟེར་གྱིས། །བསྡ་བ་ཁྲག་ནད་སྣ་ཚོགས་བསྡ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །བྱང་ཕྱོགས་གུར་གྱི་སྒོ་ཕྱེ་ལ། །གདུག་པའི་བུད་མེད་སེར་མོ་འབུམ། །སེར་མོ་འབུམ་གྱི་ཁ་རླངས་ལས། །དལ་ནད་རིམས་ནད་སྣ་ཚོགས་འབྱུང་། །ཐུགས་རྗེ་སྤྲུལ་པའི་འོད་ཟེར་གྱིས། །བསྡ་བ་མཁྲིས་ནད་སྣ་ཚོགས་བསྡ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །སྟེང་ཕྱོགས་གུར་གྱི་སྒོ་ཕྱེ་ལས། །གདུག་པའི་བུད་མེད་ནག་མོ་འབུམ། །ནག་མོ་འབུམ་གྱི་ཁ་རླངས་ལས། །དལ་ནད་རིམས་ནད་སྣ་ཚོགས་འབྱུང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །ཐུགས་རྗེ་སྤྲུལ་པའི་འོད་ཟེར་གྱིས། །བསྡ་བོ་ཡམས་ནད་སྣ་ཚོགས་བསྡ། །བསྡ་འོ་སྨྱོན་ནད་སྣ་ཚོགས་བསྡ། །ཡས་ཀྱི་བདུད་གཡོས་འདི་ཡིས་བསྡ། །མས་ཀྱི་སྲི་ལངས་འདི་ཡིས་བསྡ། །མཛེ་ནད་བཅོ་བརྒྱད་འདི་ཡིས་བསྡ། །མི་ནད་སྣ་དགུ་འདི་ཡིས་བསྡ། །རྟ་ནད་འཚེར་བཅུ་འདི་ཡིས་བསྡ། །གནག་ནད་ལྷོག་ཡོར་འདི་ཡིས་བསྡ། །ལུག་ནད་རྟལ་པ་འདི་ཡིས་བསྡ། །ཁྱི་ནད་ཁྲག་པ་འདི་ཡིས་བསྡ། །རྟ་ནད་ཀར་ཕྱགས་འདི་ཡིས་བསྡ། །བསྡས་པས་མི་འགྲོ་གཅིག་ཀྱང་མེད། ཁྲར་ཕྱོགས་དྲི་ཟའི་ལག་ཏུ་བསྡས་ཏེ་ཆ་ལ་ལ། །ལྷོ་ཕྱོགས་གཤིན་རྗེའི་ལག་ཏུ་བསྡས་ཏེ་ཆ་ལ་ལ། །ནུབ་ཕྱོགས་ཀླུ་བདུད་ལག་ཏུ་བསྡས་ཏེ་ཆ་ལ་ལ། །བྱང་ཕྱོགས་གནོད་སྦྱིན་ལག་ཏུ་བསྡས་ཏེ་ཆ་ལ་ལ། །ཤར་ལྷོ་མེ་ལྷའི་ལག་ཏུ་བསྡས་ཏེ་ཆ་ལ་ལ། །ལྷོ་ནུབ་སྲིན་པོའི་ལག་ཏུ་བསྡས་ཏེ་ཆ་ལ་ལ། །ནུབ་བྱང་རླུང་ལྷའི་ལག་ཏུ་བསྡས་ཏེ་ཆ་ལ་ལ། །དེ་ནས་བཅུ་པའི་ཆོ་ག་ལ། །ཡོལ་བའི་དར་ཤམ་བཤུས་ལ། །ད་ནི་བཅུ་བཅུ་ན། །གླིང་བཞི་མདོས་ཆེན་ནང་དུ་ནི། །ཆོས་ཀྱི་སྲུང་མ་མི་བཅོ། །བོན་གྱི་ལྷ་གསལ་མི་བཅོ། །སྐྱེ་བོའི་དགྲ་བླ་མི་བཅུའོ། །སྐྱེས་པའི་ལྷ་མི་བཅུའོ། །མགོ་བ་ཡི་སྨན་མི་བཅུའོ། །བྱས་ལ་འབྲུ་ཕྱུགས་སུ་གཏོར་རོ། །ད་ནི་བཅུ་པའི་ཆོ་ག་ལ། །ཡས་ཀྱི་བདུད་གཡོས་འདི་རུ་བཅུ། །མས་ཀྱི་སྲི་ལངས་འདི་རུ་བཅུ། །རུས་ལ་སྲོག་ངན་འདི་རུ་བཅུ། །སྣག་ལ་མཆིན་ངན་འདི་རུ་བཅུ། །ལྟས་ངན་ཆོ་དགུ་འདི་རུ་བཅུ། །ངན་འགྱུར་སྡིག་བཅུ་འདི་རུ་བཅུ། །བཅུ་བཅུ་དེ་ནི་བསྡ་བསྡ་ནས། །སྦྲུལ་ནག་བཞིན་དུ་ཆུས་ཀྱི་བཅུས། །སྔགས་ཆེན་རྒྱལ་བའི་དབུ་ལ་བཅིངས་། །ཤམ་བུ་གཡས་ཀྱི་ཅོད་པན་གྱིས། །ཡ་བདུད་གྱེན་དུ་བསྒྱུར། །གཡོན་གྱི་ཅོད་པན་གྱིས། །མ་བདུད་ཐུར་དུ་སྒྱུར། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །ནད་བསྡས་པ་དང་ཁ་རླངས་དབྱུང་བའི་ལེའུ་སྟེ་ཞེ་གཅིག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཀླུ་བཙལ་རིམ་པ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །གླུད་བཙལ་ཆོ་ག་ངས་བསྟན་གྱིས། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །དང་པོ་གནམ་ཡང་མ་མཆིས་སོ། །ས་ཡང་དེ་ནི་མ་མཆིས་སོ། ཁྲར་ཡང་དེ་ནི་མ་མཆིས་སོ། །ལྷོ་ཡང་དེ་ནི་མ་མཆིས་སོ། །ནུབ་ཡང་དེ་ནི་མ་མཆིས་སོ། །བྱང་ཡང་དེ་ནི་མ་མཆིས་སོ། །གླིང་བཞི་དེ་ནི་མ་མཆིས་སོ། །གླིང་ཕྲན་དེ་ནི་མ་མཆིས་སོ། །གསེར་གྱི་རི་བདན་མ་མཆིས་སོ རོལ་མཚོ་བདུན་ཡང་མ་མཆིས་སོ། །འགྲོ་དྲུག་དེ་ནི་མ་མཆིས་ཏེ། །སེམས་ཅན་དེ་ནི་མ་མཆིས་སོ། །མ་མོ་དེ་ན་མ་མཆིས་ཏེ། །མཁའ་འགྲོ་དེ་ནི་མ་མཆིས་སོ། །དཔག་བསན་དེ་ནི་མ་མཆེས་ཏེ། ་རྐོང་བུ་དེ་རྣི་མ་མ་ས་སོ། །བགེགས་རིགས་དེ་ནི་མ་མཆིས་སོ། །སྟོང་ཕྲག་དེ་ནི་མ་མཆིས་སོ། །སེམས་ཅན་སྤྱི་མཐུན་ལས་དབང་གིས། །ས་ཆུ་དེ་ནི་མེ་རླུད་གིས། །འབྱུང་བ་ཆེན་པོ་ཆ་བསྙམས་ནས། །དང་པོ་གནམ་ཡང་མ་མཆིས་དེ་ནས་བྱུང་། །ས་ཡང་མ་མཆིས་དེ་ནས་བྱུང་ཤར་ཡང་མ་མཆིས་དེ་ནས་བྱུང་། །ལྷོ་ཡང་མ་མཆིས་དེ་ནས་བྱུང་། །ནུབ་ཡང་མ་མཆིས་དེ་ནས་བྱུང་། །བྱང་ཡང་མ་མཆིས་དེནང་་བྱུང་། །རི་རབ་མ་མཆིས་དེ་ནས་བྱུང་། གླིང་བཞི་མ་མཆིས་དེ་ནས་བྱུང་། །གླིང་ཕྲན་མ་མཆིས་དེ་ནས་བྱུང་། །གསེར་གྱི་རི་བདུན་དེ་ནས་བྱུང་། །རོལ་མཚོ་བདུན་ཡང་དེ་ནས་བྱུང་། །འགྲོདྲུག་སེམས་ཅན་དེ་ནས་བྱུང་། །མ་མོ་མལང་འགྲོ་དེ་ནས་བྱུང་། །དཔག་བསམ་ཤིང་བུ་དེ་ནས་བྱུང་། །བགེགས་རིགས་སྟོང་ཕྲག་དེ་ནས་བྱུང་། །སེམས་ཅན་སྤྱི་མཐུན་ལས་དབང་གིས། །ས་ཆུ་དེ་ནི་མེ་རླུད་གིས། །འབྱུང་བ་ཆེན་པོ་ཆ་བསྙམས་ནས། །འབྲུ་སྣ་ལྔ་ནི་དུས་སུ་སྨིན། །འབྲུ་སྣ་ཉི་ཤུ་རྩ་གཅིག་ལ། །ཕྱེ་བྲེ་སྲང་ཕྱེད་གཅལ་ནས་ནི། །རིན་ཆེན་སྣ་ཚོགས་ཕྱེ་བདར་ཏེ། །བཞི་ཆ་གཅིག་ལ་རི་རབ་གཟུགས། །རིགས་དང་བསྟུན་པའི་ཁ་དོག་དབྱེ། །གསེར་གྱི་རི་བདུན་རྣམས་ཀྱིས་བསྐོར། །རོལ་མཚོས་བདུན་གྱིས་བསྐོར་བ་འདི། །སྟོན་པ་དགའ་རབ་རྡེ་རྗེ་ཡིས། །མི་ཡི་གླུད་དུ་བྱིན་གྱིས་བརླབས། །རྫ་ཡི་ཁབས་སུ་བྱིན་གྱིས་བརླབས། །དེ་ན་ངར་ཕྱེ་བཞི་ཆ་ལ། །གཅན་གཟན་རྒྱལ་པོ་དྲུག་གི་གཟུགས། །དཀར་ལ་མཛེས་དང་ལྡན་པར་བྱ། །འདོད་ཆགས་གཙོ་མོ་དྲུག་ཀྱིང་བསྐྱོན། །རི་རབ་བང་རིམ་དང་པོ་བསྐོར། །གཙོ་མོ་རྣམས་ལ་འབུལ་པར་བྱ། །སྟོན་པ་དགའ་རབ་རྡོ་རྗེ་ཡིས། །མི་ཡི་གླུད་དུ་བྱིན་གྱིས་བརླབས། །རྫ་ཡི་ཁམས་སུ་བྱིན་གྱིས་བརླབས། །དེ་ནས་ངར་ཕྱེ་བཞི་ཆེ་ལ། ཁུགས་ཀྱིས་རྒྱལ་པོ་དྲུག་པོ་ལ། །འདོད་ཆགས་གཙོད་བོ་དག་ཀྱང་བསྐྱོན། །ཁ་དོག་རྒྱན་ཆས་རྣམ་པར་མཛེས། །རིན་ཆེན་གྱིས་ནི་རབ་ཏུ་བརྒྱན། །སྣ་ཚོགས་དར་གྱིས་བརྒྱན་པའོ། །རི་རབ་བང་རིམ་དང་པོ་བསྐོར། །དེ་ཡང་གཙོ་མོ་རྣམས་ལ་འབུལ། །སྟོན་པ་དགའ་རབ་རྡོ་རྗེ་ཡིས། །མི་ཡི་གླུད་དུ་བྱིན་གྱིས་བརླབས། །རྫ་ཡི་ཁམས་སུ་བྱིན་གྱིས་བརླབས། །དེ་ནས་ངར་ཕྱེ་བཞི་ཆ་ལ། །གླང་ཆེན་གཟུགས་ནི་བཅུ་བཞི་དང་། །སྟག་གཟིག་ལ་སོགས་བཅུ་བཞི་དང་། །མདངས་ལྡན་བྱད་གཟུགས་བཅུ་བཞི་དང་། །དཀར་པོ་ཀུ་ཀུ་ར་ཙ་བཅུ་བཞི་དང་། །གསེར་གཡུ་དཀོར་དང་ནོར་བུར་བཅས། །རི་རབ་བང་རིམ་བར་མ་བསྐོར། །སྟོན་པ་དགའ་རབ་རྡོ་རྗེ་ཡིས། །མི་ཡི་གླུད་དུ་བྱིན་གྱིས་བརླངས་། །རྫ་ཡི་ཁབས་སུ་བྱིན་གྱིས་བརླབས། །དེ་ནས་ངར་ཕྱེ་བཞི་ཆ་ལ། །སྣང་སྲིད་སེམས་ཅན་གཟུགས་སུ་བྱས། །ཁ་དོག་སྣ་ཚོགས་ཡང་དག་ལྡན། ཁྲ་སྣ་དག་ནི་སྣ་ཚོགས་དང་། །ཁྲག་སྣ་དག་ནི་སྣ་ཚོགས་དང་། །གསེར་གཡུ་དཀོར་དང་ནོར་བུར་བཅས། །རི་རབ་བང་རིམ་མཐའ་མར་བསྐོར། །སྲིད་པ་ཆ་བྱེད་ལ་སོགས་ཏེ། །མ་མོར་གྲགས་པ་ཀུན་གྱིས་རྫས་སྟོན་པ། །དང་པོ་གླུད་ཕུལ་སུ་ཡི་རིང་ལ་ཕུལ། །རྒྱལ་པོ་འཁོར་ལོ་དྲུག་པ་ནད་ཙི་ཙི་ཛོ་ལས་ཟིན་པ་ལས། །ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བཅས་ཏེ་འཕུལ། །གནམ་གྱིས་དེ་ནི་བྱ་ནག་དང་། །ས་ཡི་དེ་ནི་ལུག་ནག་དང་། ཁེང་གྲ་དེ་ནི་སྣ་ཚོགས་དང་། །འཕང་ཁྲ་དེ་ནི་སྣ་ཚོགས་དང་། །རྒྱང་བུ་དེ་ནི་སྣ་ཚོགས་དང་། གསེར་འཕང་དེ་ནི་གཡུ་འཕང་དང་། །རྒྱལ་པོའི་གླུད་དུ་འབུལ། །དེ་ནས་གླུད་དུ་ཕུལ་སུ་ཡི་རིང་ལ་འཕུལ། །རྒྱལ་པོ་ཁྲི་ཁྲི་སྒྱུང་བ་ལས། །གླུད་ཀྱི་དཔེ་ནི་འཁོར་ལོདྲུག་པའི་དཔེ་ལ་བླངས་ཏེ་ཕུལ། །དེ་ནས་གླུད་འཕུལ་སུ་ཡི་རིང་ལ་ཕུལ། །འབལ་ཡུལ་གྲོང་བརྒྱད་ན། །འབལ་འཁོར་རྩེ་དགུ་ན། །འབལ་ལྕེ་མ་རེ་ཏྲི་བྱ་བ་དེ། །འདུག་འདུག་འདུག་མ་མཁས། །རྒྱགས་རྒྱགས་རྒྱགས་མ་མཁས། །མེ་བཏང་ཆེན་པོ་ཕྱོགས་བཞིར་བསྟང་། །རྟ་སྐད་ཆེན་པོ་ཕྱོགས་བཞིར་སྐད། །འདི་སུ་ཡི་ཐུགས་སུ་བསྒྲུད། །མ་བདུད་ཀྱི་ཐུགས་སུ་བསྙུད། །རྒྱལ་མོ་ཡི་ཐུགས་སུ་བསྙུད། །མ་བདུད་རྒྱལ་མོ་དེ། །མི་ཆེ་ཉལ་ཆུང་ཉ་ལ་ན། །མ་བདུད་མི་ཉལ་ལོ། །རླུད་ཉལ་ངད་ཉལ་དང་། །མ་བདུད་མི་ཉལ་ལོ། །མེ་ཉལ་དྲོད་ཉལ་དང་། །མ་བདུད་མི་ཉལ་ལོ། །ཆུ་ཉལ་རླབས་ཉལ་དང་། །མ་བདུད་མི་ཉལ་ལོ། །སེམས་ཉལ་མདངས་ཉལ་དང་། །མ་བདུད་མི་ཉལ་ལོ། །མ་བདུད་རྒྱལ་མོ་དེ་། །ནམ་ཕར་ཕྱེད་ཚུར་ཕྱེད་ནས། །སྲོད་དང་དབུགས་ལ་ཉབ། །འབྱལ་ལྕེ་རྨ་ཧྲི་ཏི་དང་འབྱལ། །ལྕེ་མ་ཧྲི་ཏི་ལ། །མ་བདུད་ཐུགས་ཁྲོས་ནས། །ལྕགས་ཀྱི་སྡིག་པ་ཁ་དགུ་མིག། །དགུ་པ་ཅིག་སྦད་དེ་གཏང་བ་ལས། །ལྕེ་རྨ་ཧྲི་ཏི་ནད་ཀྱིས་ཟིན། །རྒྱ་ནག་གཙུག་ལག་རྒྱལ་པོ་ལ། །རྟོག་དང་སྤྱད་བགྱིས་པས། །མ་བདུད་ཐུགས་ཁྲོས་ནས། །སྤྲུལ་པ་སྐྱེས་ནས་འདུག་གོ་ཟེར། །དེ་ལ་གླུད་དུ་ཅི་འཕུལ་ན། །གནམ་གྱི་བྱ་ནག་དང་། །ས་ཡི་ལུག་ནག་དང་། ཁེང་བཀྲ་སྣ་ཚོགས་དང་། །འཕང་ཕྲ་སྣ་ཚོགས་དང་། །རྒྱང་བུ་སྣ་ཚོགས་དང་། །གསེར་འཕང་གཡུ་འཕང་དང་། །གླུད་དུ་འཚལ་ལོ་སྐད། །མདོས་འདི་སུ་ཡིས་བྱས། །རྒྱ་ནག་མདོས་མཁན་ནག་པོ་ཧལ་གྱིས་བྱས། །དང་པོ་ནམ་མཁའ་གང་ནས་བྱུང་། །ནམ་མཁའི་ཕ་དང་ཡབ། །འོ་རྒྱད་སྟོང་གི་འབྲས་ཕྱུག་པོ། །ཅི་ཕྱིར་ཞེས་ཏེ་འབྲས་ཕྱུག་པོ། །འབྲས་ས་ལེ་བྱང་ལྦ་ཉ་རེ་ལ། །འབྲས་ཁལ་སྟོང་དུ་འཕེལ། །དེ་ཕྱིར་ཞེས་ཏེ་འབྲས་ཕྱུག་པོ། །ནམ་མཁའི་མ་དང་ཡུམ། །གཡུ་ཟ་གཡུ་ཕྱུག་སྨན། །ཅི་ཕྱིར་ཞེས་ཏེ་གཡུ་ཕྱུག་སྨན། །ར་མ་ས་གཡུ་ལྔ་དཀོར་དུ་མང་བ་ལས། །རན་འཚལ་གསེར་གྱིས་ཡར་བོར་འཚལ ཆབ་འཚལ་གཡུ་ཡི་ལུ་མར་འཚལ། །རོལ་མ་དེ་ནི་གཡུ་རུ་འབྲུལ། །དེ་ཕྱིར་ཞེས་ཏེ་གཡུ་ཕྱུག་སྨན། །དང་པོ་བ་འབྱུང་གང་ནས་བྱུང་། །ར་མ་ས་གཡུ་ལྔ་དཀོར་དུ་མང་བ་ལས། །ར་མས་གཡུ་གཅིག་ལ། །གསེར་གྱིས་ལུ་གུ་གསེ་རུ་ལ། །དབྲལ་ན་གཡུའི་མདོས་ཆ་ཁྱི་ལི་ལི། །བལ་སེར་ནམ་མཆིས་ཏེ་དེ་ནས་བྱུང་། །དངུལ་གྱི་ལུ་གུ་དཀར་རུ་ལ། །ཟངས་ཀྱི་མདོས་ཆ་ཁྱི་ལི་ལི། །བལ་དཀར་མ་མཆིས་དེ་ནས་བྱུང་། །ར་མ་ས་གཡུ་གཅིག་ལ། །ཟངས་ཀྱི་ལུ་གུ་དམར་པོ་ལ། །དབྲལ་ན་གསེར་མདོས་བྱ་ཁྱི་ལི་ལི། །བལ་དམར་མ་མཆིས་དེ་ནས་བྱུང་། །ར་མ་ས་གཡུ་ཅིག་ལ། །ལྕགས་ཀྱི་ལུ་གུ་ནག་པོ་ལ། །དབྲལ་ན་ཟངས་ཀྱི་མདོས་བྱ་ཁྱི་ལི་ལི། །བལ་སྔོན་མ་མཆིས་དེ་ནས་བྱུང་། །དང་པོ་བལ་བྱུང་སྟེ། །བལ་ལ་རྨེལ་བའི་མི་མ་མཆིས། །བལ་རྨེལ་སུ་ཡི་རྨལ།།ནམ་མཁའི་བུ་མོ་སྐར་མིག་མ་ཡིས་རྨལ། །རྨེལ་བའི་མི་མཆིས་ཀྱིས། ཁྲུ་བུ་སུ་ཡིས་བ་། །མགོན་བཟངས་ཕྱ་བུ་མོས་བ་། ཁུ་བུ་ཐུལ་བའི་མི་མཆིས་ཀྱང་། །ནམ་མཁའ་སུ་ཡིས་བྲི། །རྒྱ་ནག་མདོས་མཁན་ནག་པོ་ཧ་ཀྱི་བྲིས། །ནམ་མཁའ་བྲི་བའི་མི་མཆིས་ཀྱང་། །ནམ་མཁའ་འབྲི་བའི་དཔེ་མ་མཆིས། །ནམ་མཁའ་བྲི་པའི་དཔེ་བཙལ་བ། །ཕྱུག་པའི་གཞའ་ཡུལ་དུ་བྱོན། །ནམ་མཁའ་དཔེ་ནི་གཞའ་ལས་བླངས་། །གཞའ་རིས་སར་ན་ནམ་མཁའ་སེར། །གཞའ་རིས་སྔོ་ན་ནམ་མཁའ་སྔོ། །གཞའ་རིས་ལྗང་ན་ནམ་མཁའ་ལྗང་། །གཞའ་རིས་དམར་ན་ནམ་མཁའ་དམར། །གསེར་གྱི་ནམ་མཁའ་གཡུའི་ཆུན་བསྐོར་ནས། །དངུལ་གྱི་ནམ་མཁའ་ལ་ལྕགས་ཀྱི་ཆུན་བསྐོར་ཅན། །ལྕགས་ཀྱི་ནམ་མཁའ་གསེར་གྱི་ཆུན་བསྐོར་ཅན། །གསེར་གྱི་ནམ་མཁའ་ལ། །གཡུའི་རེ་ཁ་ཅན། །ཟངས་ཀྱི་ནམ་མཁའ་ལ། །དངུལ་གྱི་རེ་ཁ་ཅན། །གསེར་གྱི་ནམ་མཁའ་ལ། །གཡུ་ཡི་ཆུན་སྐོར་ཅན། །གཡུ་ཡི་ནམ་མཁའ་ལ། །ཟངས་ཀྱི་རེ་མཁའ་ཅན། །དངུལ་གྱི་ནམ་མཁའ་ཅན། །ནམ་མཁའ་དེས་བྱུང་སྟེ། །ནམ་མཁའ་ཕུར་གྱི་གཤོག་མ་མཆིས། །ནམ་མཁའ་ཕུར་བའི་གཤོག་མཆིས་ཀྱིང་། །རྨ་བྱ་མདོངས་ལྡན་ལྷ་ཡིས་བྱ། །ནམ་མཁའ་འཕུར་བའི་གཤོག་མ་མཆིས་སོ། །ཟེར་མོ་འཕན་བཟང་ཀླུ་ཡི་བྱ། །ནམ་མཁའ་འཕུར་བའི་བྱ་གཤོག་ཏུ་བྱས། །རེ་སྡེ་ནག་པོ་བདུད་ཀྱི་བྱ། །ནམ་མཁའ་འཕུར་བའི་གཤོག་ཏུ་བགྱིས། །ཀང་ཀ་མཆུ་རིངས་ནམ་མཁའ་བྱ། །ནམ་མཁའ་འཕུར་བའི་གཤོག་ཏུ་བགྱིས་། ཁུང་ཀྲུང་སྐྱ་མོ་གནམ་གྱི་བྱ། །ནམ་མཁའ་འཕུརབའིགཤོགཏུབགྱིས། །ནམ་མཁའ་འཕུརབའིབའིགཤོག མཆིས ཀྱང་། །ནམ་མཁའ་ཁོང་གི་སྙིང་མ་མཆིས། །ནམ་མཁའ་ཁོང་གི་སྙིང་བཙལ་བ། །སྟོན་པ་དགའ་རབ་རྡོ་རྗེ་ཡིས། །རྒྱ་ཡུལ་སྙིང་དུ་བྱོན། །ཟོངས་དུ་གསེར་ཕྱེ་སེར་མོ་སྣམས། །ཁལ་པར་མཛོ་མོ་བྲེ་མོ་དེ་དང་། །ཡ་ཟམ་འདས་པ་ལས། །ཏིང་ཟམ་རྒྱལ་བ་ལས། །མཛོ་མོ་བྲེ་མོ་ཆབ་ཀྱིས་ཁྱེར། །གསེར་ཕྱེ་སེར་མོ་ཆབ་ཏུ་ཕོ། །ནམ་མཁའ་ཁོང་གི་སྙིང་མེད་ནས། །ཡུངས་ཀར་སེར་མོ་དེ་ཡིས་བགྱིས། །གསེར་ལོང་སེར་མོ་དེ་ཡིས་བགྱིས། །ནམ་མཁའི་ཁོང་གི་སྙིང་མཆིས་ཀྱང། །ནམ་མཁའ་མཛེས་པའི་རྒྱན་མ་མཆིས། །ནམ་མཁའ་མཛེས་པའི་རྒྱན་བཙལ་བ། །དར་སྣ་དཀར་པོ་ཆེ་བའི་རྒྱན། །ནམ་མཁའ་མཛེས་པའི་རྒྱན་དུ་བགྱིས། །དར་སྣ་སྔོན་པོ་ཡོན་ཏན་བརྒྱན། །ནམ་མཁའ་མཛེས་པའི་རྒྱན་དུ་བགྱིས། །དར་སྣ་དམར་པོ་ཆགས་པའི་རྒྱན། །ནམ་མཁའ་མཛེས་པའི་རྒྱན་དུ་བགྱིས། དར་སྣ་སེར་པོ་ལས་རབ་བརྒྱན། ནམ་མཁའ་མཛེས་པའི་རྒྱན་དུ་བགྱིས། མཛེས་པའི་རྒྱན་མཆིས་ཀྱང་། །ནམ་མཁའ་མགུལ་གྱི་རྒྱན་མ་མཆིས། །ནམ་མཁའ་མགུལ་གྱི་རྒྱན་འཚལ། །སྐར་གྱི་རྒྱལ་པོ་འཕྲ་མེད་འདིས། །དཀར་དང་དམར་དང་སེར་དང་ལྗང་། །སྔོ་དང་ནག་ཏུ་འཁྱིལ་བ་འདིས། །དང་པོ་སྟག་གཟིག་ཡུལ་ནས་བྱུང་། །བྲིས་པ་སྟག་གཟིག་རྒྱལ་པོས་བྲིས། །ནམ་མཁའ་མགུལ་གྱི་རྒྱན་མེད་ནས། །ནམ་མཁའ་མགུལ་གྱི་རྒྱན་དུ་བགྱིས། །མགུལ་རྒྱན་མཆིས་ཀྱང་། །སྟོང་དུ་ལྷག་པའི་བྱ་མ་མཆིས། །བྱང་ཆུབ་གང་ནས་བྱུང་། །སྲིད་པ་ལ་བྱང་སྟེ། །ཡེ་མེད་སྟོང་པ་ལས། །མི་སྲིད་པའི་ཆོས་བྱུང་སྟེ། །རྒྱ་མཚོ་གཏིང་མེད་བྱ་བ་ནས། །རྩ་རྩ་མེད་བྱ་བསྐྱེས། །རྩ་རྩ་མེད་ཀྱི་རྩ་བ་སྲ །དྲོད་དང་རླན་གཤོག་བོས། །ཡ་མཚན་འཕྲུལ་གྱི་ཚང་གཅིག་བཙས། །ཡ་མཚན་འཕྲུལ་གྱི་ཚང་ནང་དུ། །སྤྲུལ་པའི་སྒོང་ལྔ་ཙམ་བྱུང་། །གསེར་སྒོང་སེར་པོ་དང་། །གཡུ་སྒོང་སྔོན་པོ་དང་མ། །དངུལ་སྒོང་དཀར་པོ་དང་། །ཟངས་སྒོང་དམར་པོ་དང་། །ལྕགས་སྒོང་ནག་པོ་དང་། གསེར་སྒོང་སེར་པོ་ལ། །རྟོལ་བའི་མི་མ་མཆིས། །སྒོ་ང་རང་རྡོལ་བས། །གསེར་བྱང་སེར་དུ་བྱུང་། །གཡུ་སྒོང་སྔོན་པོ་ལ། །རྟོལ་བའི་མི་མ་མ་ཆིས། །སྒོ་ང་རང་རྡོལ་བས། །གཡུ་བྱ་སྔོན་པོ་བྱུང་། །ཟངས་སྒོང་དམར་པོ་དེ། །རྟོལ་གྱི་མི་མ་མཆིས། །སྒོ་ང་རང་རྟོལ་བས། །ཟངས་བྱ་དམར་པོ་བྱུང་། །ལྕགས་སྒོང་ནག་པོ་ལ། །རྟོལ་གྱི་མི་མ་མཆིས། །སྒོ་ང་རང་རྡོལ་བས། །ལྕགས་བྱ་ནག་པོ་བྱུང་། །ནག་མོ་གསེར་མིག་འདི། །ཆེ་ཡང་མི་ཆེ་སྟེ། །འཇིག་རྟེན་མདོས་དང་མཉམ། །ཆུང་ཡང་མི་ཆུང་སྟེ། །ས་གཞི་མདོས་དང་མཉམ། །ནག་མོ་གསེར་མིག་འདི། །བྱ་མིག་མས་ཡང་འགེབས་པ་ནི། །སྲིད་པ་མ་ས་ཡང་ཆགས་པ་ཡིན། །བྱ་མིག་དམར་ལ་གདངས་པ་ནི། །སྲིད་པ་ཁྲག་ལས་ཆགས་པ་ཡིན། །ནག་མོ་གསེར་མིག་འདི། །འགྲོ་ན་སྟོབས་དང་ལྡན། །སྨྲ་ར་ངག་ཀྱང་སྙན། །གསུང་སྙན་ཀྱུ་རུ་སྲ །མ་བདུད་བསྐང་བའི་བྱ། །མ་བདུད་ཀུན་བསྐང་ངོ་། །བྱང་བྱུང་དེར་བྱུང་ངོ། ཁེང་ཁྲའི་ཆོ་མ་སྟོན། ཤེང་ཁྲའི་བྲང་མ་གདོན། །ཡོ་རྒྱེ་དཀར་པོ་ལྷའི་ཤིང་། ཁེང་ཁྲའི་རྒྱུ་རུ་བྱས། །མུ་ལ་ཤིང་གླུ་ཤིང་། །སྨོན་ཤིང་མཁལ་མ་འདིས། ཁེང་ཁྲའི་རྒྱུ་རུ་བྱས། །གསེར་ཤང་སྐྱེར་པ་གདུག་པའི་ཤིང་། ཁེང་ཁྲའི་རྒྱུ་རུ་བགྱིས། །གཡུ་ཤིང་འཕང་མ་འདི། ཁེང་ཁྲའི་རྒྱུ་རུ་བགྱིས། །ལྷོ་སྒྱུག་ལྡེམ་པ་འདི། ཤེང་ཁྲའི་རྒྱུརུབགྱིས། ཁེང་ཁྲའི་ཆོ་བཏོན་ཏེ། །ལུག་གི་ཆོ་མ་བཏོན། །ལུག་གི་ཆོ་ག་བཏོན། །ལུག་གི་འབྲང་མ་བཏང་། །ལུག་བྱུང་གང་ནས་བྱུང་། །གཡུང་བྱུང་གང་ནས་བྱུང་། །མཚེའི་སྙིང་པོ་བྲག་ཏུ་བྱུང་། །བྲག་གིསྙིང་པོ་མཚེ་རུ་བྱུང་། །ཚེའི་སྙིང་པོ་ནས་སུ་བྱུང་། །ནས་ཀྱི་སྙིང་ངོ་ལུག་གི་སྙིང་པོ་དེ། །གནམ་ལུག་ནག་པོ་སྤྱི་ཚིགས་ང་། །ས་ལུག་ནག་པོ་སྐོག་གཉིས། །དེ་གཉིས་འཚོགས་ཀྱི་བུ། །ནག་པོ་སྣ་བཀུར་དེ་ནས་བྱུང་། །ནག་ངོ་་མཁལ་དཀར་དེ་ནས་བྱུང་། །ནག་པོ་མཁལ་སྐྱ་དེ་ནས་བྱུང་། །མཁལ་རྒྱ་སྟོང་གསེར་དེ་ནས་བྱུང་། །མཁལ་རྒྱ་མཆི་རིས་དེ་ནས་བྱུང་། །སྲོལ་པོ་མཁལ་རྒྱ་དེ་ནས་བྱུང་། །ནག་པོ་ལྕགས་རུ་དེ་ར་་་བྱུང་། །ནག་མོ་མོན་མགོ་དེ་ནས་བྱུང་། །དཀར་མོ་ཤད་མགོ་དེ་ནས་བྱུང་། །དཀར་མོ་ཡངས་དེ་ནས་བྱུང་། །སྲིད་པའི་ལུག་འབྱུང་དེ་ནས་བྱུང་། །ལུག་བྱུང་དེ་ལྟར་བྱུང་སྟེ། །འཕྲང་གི་ཆོ་མ་བཏོན། །འཕང་གི་འཕྲང་མ་བཏོན། །འཕང་བྱུང་གང་ནས་བྱུང་། །གསེར་འཕང་སེར་མོ་ལ། །གཡུ་ཡི་མོ་ལོ་དགུ་བརྩེགས་ལ། །གཡུ་འཕང་སྔོན་མོ་ལ། །ཟངས་ཀྱི་མོ་ལོ་དགུ་བརྩེགས་ལ། །ཟངས་འཕང་དམར་པོ་ལ། །དངུལ་གྱི་མོ་ལོ་དགུ་བརྩེགས་གསལ། །ལྕགས་འཕང་ནག་མོ་ལ། །གསེར་གྱི་མོ་ལོ་དགུ་བརྩེགས་གསལ། །དངུལ་འཕང་དཀར་པོ་ལ། །གཡུ་ཡི་མོ་ལོ་དགུ་བརྩེགས་གསལ། །མཛོ་ལུག་སྔོན་པོས་བཟློག། །དང་པོ་གླུད་བྱུང་དེ་ནས་བྱུང་། །སྐུ་ཟླུད་དང་པོ་དེ་ལྟར་ཕུལ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །གླུད་བཙལ་བ་ལོ་རྒྱུས་ཀྱི་མདོས་བསྟན་པའི་ལེའུ་སྟེ་ཞེས་གཉིས་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་བ། །སྲིད་པའི་དབང་ཅན་མ་མོ་རྣམས། །སེམས་ཅན་ཀུན་ལ་གནོད་བྱེད་པའི། །དེ་ཡི་བསྐང་བ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཤད་དུ་གསོལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །སྲིད་པའི་མ་མོ་བསྐང་བ་ནི། །རྣམ་པ་གཉིས་སུ་ངས་བསྟན་ན། །གཉིས་ཀྱི་རིམ་པ་འདི་ལྟ་སྟེ། །དེ་ཡང་རྒྱུས་བསྐང་བ་དང་། །མདངས་ཀྱིས་བསྐང་བའོ། །དེ་ལ་རྣལ་འབྱོར་བ་དམ་ཚིག་ཉམས་པ་ལ་སོགས་པ་རྣམས་ནི་རྒྱུ་ཆེན་པོས་བསྐང་ངོ་། །སེམས་ཅན་ཕལ་པའི་ཆེད་དུ་རྒྱུ་ཆུང་ངུན་གྱིས་བསྐང་ངོ་། །རང་བཞིན་ནི་མདོས་ཀྱིས་བསྐང་ངོ། །དེ་ལ་བསྐང་བར་བྱ་བའི་དུས། །སྔོན་ལ་བསྒྲུབ་པར་བྱ་བའི་དཀྱིས་འཁོར་གསལ་བར་བྱ་སྟེ་འདི་སྐད་དོ། །ཧུ༷། རི་རབ་གླིང་བཞི་ནི་རྒྱན་གསལ་བ། །དབུས་ནས་དཔག་བསམ་ཤིང་གཅིག་ཞབྲུངས། །དཔག་བསམ་ཤིང་གི་རྩ་བ་ནི། །འདོད་ཆགས་ཁྲག་གོ་རྒྱ་མཚོ་ཁྱི་ལི་ལི། །དཔག་བསམ་ཤིང་གི་ཤུན་པ་ལ། །ཞེ་སྡང་མེ་འབར་ལམས་སེ་ལམས། །དཔག་བསམ་ཤིང་གི་ལོ་མ་ལ། །གཏི་མུག་མུན་པ་ཐིབས་སེ་ཐིབས། །དཔག་བསམ་ཤིང་གི་ཁོང་སྲོག་ལ། །ང་རྒྱལ་ཁྲག་ཆེན་ཐབས་སེ་ཐབས། །དཔག་བསམ་ཤིང་གི་རྩེ་མོ་ན། །ཕྲག་དོག་ཆུད་པའི་ཤིང་གཅིག་གདའ། །དང།འ་བསམ་ཤིང་གི་རྩེ་མོ་ན། །ཕྲག་དོག་ཚུབ་ནག་ཁྱི་ལི་ལི། །ཚག་སྣང་རྣམ་ལྔ་ཚད་མའི་ནང་ཤེད་ན། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོ་ཞེས་ཀྱང་བྱ། །སྐོ་རྗེ་བྲང་དཀར་ཞེས་ཀྱང་བྱ། །སྲིད་པའི་སྐོས་མཁན་ཞེས་ཀྱང་བྱ། །དཔག་བསམ་ཤིང་གི་རྩེ་ལ་བཞུགས། །དཔག་བསམ་ཤིང་གི་རྩ་བ་ན། །འདོད་ཆགས་ཁྲག་གི་མཚོའི་དཀྱིལ་ཤེད་ན། །མ་ཕྱ་སངས་འབུམ་གྱི་རྒྱལ་མོ་བཞུགས། །བདུད་མོ་རྒྱ་བྱིན་ཀུན་དགའ་མོས་ཀྱང་བྱ། །སྲིད་པའི་སྐོས་འདིངས་རྒྱལ་མོ་བཞུགས། །ཕ་གུ་ཁྲི་སྟོང་གི་རྒྱལ་པོ་དེས། །ཐུགས་ཀྱི་ཡིག་འཕྲིན་རྒྱ་མཚོའི་གཏིང་དུ་བསྐྱལ། །མ་ཕྱ་སངས་འབུམ་གྱི་རྒྱལ་མོ་དེས། །ཐུགས་ཀྱིས་ཡིག་འཕྲིན་རི་རབ་རྩེ་ལ་བསྐྱལ། །འདོད་ཆགས་སྲིད་ལེའི་བྱ་རུ་ལྟས། །བར་སྣང་ཁམས་ལ་སྦྱོར་བ་མཛད་པ་ལས། །ཡིད་ཀྱི་སྟོང་ཐལ་གྱི་སྐྱེས། །དཔག་བསམ་ཤར་ཕྱོགས་ཡལ་ག་ལ། །དུང་སྒོང་དཀར་པོའི་ཚང་ཅིག་བཅས། །ཕྱི་ཡི་སྒོ་ང་ཡང་ནི་བཅས། །བར་གྱི་བདར་བཅད་ནང་གི་བྲི་བརྟོལ་བས། །དུང་གི་གུར་གཅིག་ཁྱི་ལི་ལི། །དར་དཀར་ཡོལ་བྲེས་མེ་རེ་རེ། །དུང་གི་ཕྱིར་དཀར་ཁྲིགས་སེ་ཁྲིགས། །བསེ་ཡི་ནང་མཁར་ཀྲོངས་སེ་ཀྲོངས་། །དུང་འདྲ་དགུ་ཡོལ་ནང་ཤེད་ན། །བུད་མེད་དཀར་མོ་དུང་གི་རལ་པ་ཅན། །ཕྱག་ན་དུང་གི་ག་འུ་བསྣམས། །སེམས་ཅན་ཀུན་ལ་འཚེ་བར་བྱེད། །ཕ་དགུ་ཁྲི་སྟོང་གེ་རྒྱལ་པོས་མིང་བཏགས་པ། །མཁའ་ལ་འགྲོ་ཞིང་སེམས་ཅན་རུས་བདག་མཛད། །མཁའ་འགྲོ་རྣམ་སྣང་སེམས་ཅན་རུས་ཀྱི་བདག། །དེ་ཕྱིར་རྣམ་སྣང་རུས་བདག་ཆེན་པོས་བྱའོ། །མ་ཕྱ་སངས་འབུམ་གྱི་རྒྱལ་མོས་མིང་བཏགས་བ། །སྣང་སྲིད་འབྱུང་བ་ས་ཡི་བདག་མོས་བྱའོ། །འབྱུང་བ་ས་ལ་དབང་སྒྱུར་ཞིང་། །སྐྱེ་འགྲོ་མ་རུང་བ་ལ་མངའ་མཛད་མ། །ལས་སུ་རུས་ནད་ཆེན་མོ་གཏོང་། །རུས་བདག་ཆེན་མོའི་ཐུགས་དམ་བསྐང་། །་ལྷོ་ཕྱོགས་དཔག་བསམ་ཡལ་ག་ལ། །གཡུ་སྒོང་སྔོན་པོའི་ཚང་ཅིག་བཅས། །ཕྱི་ཡི་སྒོ་ང་ཡ་ནི་བཅག། །བར་གྱི་བདར་བཅད་ནང་གི་བྲི་བརྟོལ་བས། །གཡུ་ཡི་གུར་ཅིག་སྐོངས་སེ་སྐོངས་། །བྱུ་རུའི་བྱིང་དཀར་ཁྲིགས་སེ་ཁྲིགས། །དེ་འདྲའི་གུར་ཡོལ་ནང་ཤེད་ན། །བུད་མེད་སྔོན་མོ་གཡུ་ཡི་རལ་པ་ཅན། །ཕྱག་ན་གཡུ་ཡི་གའུ་བསྣམས། །སེམས་ཅན་ཀུན་ལ་འཚེ་བར་བྱེད། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོའ་མིང་བཏགས་པ། །མཁའ་ལ་འགྲོ་ཞིང་སེམས་ཅན་དྲོད་ཀྱི་བདག། །ཕྱིར་འོད་གསལ་སེམས་ཅན་དྲོད་ཀྱི་བདག། །མ་ཕྱ་སངས་འབུམ་གྱི་རྒྱལ་མོས་མིང་བཏགས་པ། །སྣང་སྲིད་འབྱུང་བ་མེ་ཡི་མངའ་འབག་མོ། །འབྱུང་བ་མེ་ལ་དབང་སྒྱུར་ཞིང་། །སྐྱེ་འགྲོའི་དྲིད་ལ་མངའ་མཛད་མ། །ལས་སུ་རིམས་ནད་རྣམ་ལྔ་གཏོང་། །དྲོད་བདག་ཆེན་མོའི་ཐུགས་དམ་བསྐང་། །ནུབ་ཕྱོགས་དཔག་བསམ་ཡལ་ག་ལ། །ཟངས་སྒོང་དམར་པོའི་ཚང་ཅིག་བཅས། །ཕྱི་ཡི་སྒོ་ང་བཅག་པར་གྱི་བདག་བཅད། །ནང་གི་སྲིད་ཡང་བརྟོལ། །ཟངས་གུར་ཅིག་སྐངས་སེ་སྐངས་། །དར་དམར་ཡོལ་བྲེས་མེ་རེ་རེ། །གཡུ་ནད་འཁོར་ཁྲིགས་སེ་ཁྲིགས། །སྲེ་ཡི་ཕྱིང་དཀར་ཟངས་སེ་ཟངས་། །དེ་འདྲའི་གུར་ཡོལ་ནད་ཤེས་ན། །བུད་མེད་དམར་མོ་བྱུ་རུའི་རལ་པ་ཅན། །ཕྱག་ན་ཟངས་ཀྱི་ག་འུ་བསྣམས། །ནང་ན་སེམས་ཅན་མངའ་ཁྲག་བླུགས། །སེམས་ཅན་ཀུན་ལ་འཚེ་བར་མཛད། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོས་མིང་བཏགས་པས། །མཁའ་ལ་འགྲོ་ཞིང་སེམས་ཅན་ཁྲག་བདག་མཛད། །དེ་ཕྱིར་མཁའ་འགྲོ་གཉེན་བསལ་མ་ཡིས་བྱས། །མ་ཕྱ་སངས་འབུམ་གྱི་རྒྱལ་མོས་མིང་བཏགས་པས། །སྣང་སྲིད་འབྱུང་བ་ཆུ་ལ་མངའ་མཛད་མ། །སྐྱེ་འགྲོའི་ཁྲག་ལ་མངའ་མཛད་མ། །ལས་སུ་ཁྲག་ནད་ཆེན་མོ་གཏོང་། །ཁྲག་བདག་ཆེན་པོའི་ཐུགས་དམ་བསྐང་། །བྱང་ཕྱོགས་དཔག་བསམ་ཡལ་ག་ལ། །ཕྲ་སྟོང་ཕྲག་པའི་ཚང་བཅས་ནས། །ཕྱི་ཡི་སྒོང་བཅག་བར་གྱི་སྲི་བརྟོལ་བས། །འཕྲ་གུར་ཁྲ་བོ་སྐོང་སེ་སྐོངས་། །འཕྲ་ཡོལ་ཁྲ་བོ་ཁྱུད་དེ་ཁྱུད། །ཟངས་ཀྱི་ནམ་མཁའ་ཁྲིགས་སེ་ཁྲིགས། །དུང་གི་ཕྱིང་དཀར་ཁྲིགས་སེ་ཁྲིགས། །དེ་འདྲའི་གུར་ཡོལ་གྱི་ནང་ཤེད་ན། །བུད་མེད་ཕྲ་མོ་བསེ་ཡི་རལ་པ་ཅན། །ཕྱག་ན་བསེ་ཡི་ག་འུ་བསྣམས། །སེམས་ཅན་ཀུན་ལ་འཚེ་བར་བྱེད། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོས་མིང་བཏགས་པ། །མཁའ་ལ་འགྲོ་ཞིང་སེམས་ཅན་དབུགས་མཛད་མོ། །དེ་ཕྱིར་མཁའ་འགྲོ་ཡང་གསལ་གཡོས། །མ་ཕྱ་སངས་འབུམ་གྱི་མིང་བཏགས་པས། །སྣང་སྲིད་འབྱུང་བ་རླུ་་གི་མངའ་བདག་མོ། །ཞེས་གསུངས་ལ་མངའ་མཛད་མ། །ལས་སུ་རླུད་ནད་སྐྱ་ལྒངས་གཏོང་། །དབུགས་བདག་ཆེན་མོའི་ཐུགས་དམ་བསྐང་། །དཔག་བསམ་ཤིང་གི་རྩེ་མོ་ན། །ལྕགས་སྒོང་ནག་པོའི་ཚང་ཅིག་བཅས། །ཕྱི་ཡི་སྒོང་བཅག་བར་གྱི་བདར་བཅད། །ནང་གི་པྲི་བརྟོལ་བས། །ལྕགས་ཀྱི་གུར་ཅིག་སྐོངས་སེ་སྐོངས་། །མཐིང་ནག་ཡོལ་བྲེ་མེ་རེ་རེ། །རིན་ཆེན་སྣ་ལྔའི་ཕྱིང་དཀར་ཁྲིགས་སེ་ཁྲིགས། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོས་མིང་བཏགས་པས། །མཁའ་ལ་འགྲོ་ཞིང་སེམས་ཅན་བཀྲག་བདག་མཛད། །དེ་ཕྱིར་མཁའ་འགྲོ་བཀྲག་གསལ་མ། །མ་ཕྱ་སངས་འབུམ་གྱི་རྒྱལ་མོས་མིང་བཏགས་པ། །སྣང་སྲིད་འབྱུང་བ་ནམ་མཁའི་མངའ་བདག་མོ། །ནམ་མཁའ་སྟོང་ལ་དབང་སྒྱུར་ཞིང་། །སྐྱེ་འགྲོའི་བཀྲག་ལ་མངའ་མཛད་མ། །ལས་སུ་ཡམས་ནད་སྣ་ལྔ་གཏོང་། །བཀྲག་བདག་ཆེན་ཆོའི་ཐུགས་དམ་བསྐང་། །ཕ་དགུ་ཁྲི་སྟོང་གི་རྒྱལ་པོ་དང་། །མ་ཕྱ་སངས་འབུམ་གྱི་རྒྱལ་མོ་གཉིས། །རི་རབ་བུམ་བའི་ནད་དུ་སྦྱོར་བ་མཛདཔ་ལས། །རྫུ་འཕྲུལ་མངའ་བའི་མི་མོ་ཅིག་ཏུ་བྱུང་། །མཐིང་ནག་འབར་བའི་གཞལ་ཡས་ནས། །མི་ནད་སྣ་ཚོགས་འབེབས། །དབུ་དང་སྤྱན་ནི་ཇི་ལྟར་སྟོན། །དབུ་ལ་རིན་ཆེན་རལ་པ་ཅན། །གཡས་ཀྱི་ཕྱག་ན་ཁྲག་འཐོར་མ། །མི་ནད་ཕྱུགས་ནད་སྣ་ཚོགས་འབེབས། །གཡོན་ནས་བདུད་རྩིའི་མཆིལ་མ་འཐོར། །ནད་རྣམས་ཐམས་ཅད་བསིལབར་མཛད། །ཞལ་ནས་འབྲས་བུའི་བཅུད་འཛག་པས། །སྐྱེ་འགྲོ་ཀུན་གྱི་གསོལ་མཛད་མ། །གཡས་ཀྱི་ཕྱག་གི་སྲིད་རྩེ་བཟུང་། །སྲིད་པ་གསུམ་ཡང་ཐལ་བར་རློག། །གཡོན་པས་འོག་གི་ས་གཞི་བཟུང་། །ཀླུ་རྣམས་ཀུན་ཀྱང་བྲེད་ཅིང་སྔངས་། །ཁྱོད་ཀྱི་གསང་བའི་ལྷ་གང་ལས། །སྣང་སྲིད་ཐམས་ཅན་འཕེལ་འགྲིབ་མཛད། །རིན་ཆེན་རལ་པའི་གསེབ་ནས་ནི། །ཁྲག་གི་འོད་ཟེར་འཕྲོས་པ་ལས། །སྲིད་པའི་བུད་མེད་དབང་དུ་སྡུད། །ནད་དང་རིམས་ནད་ཐམས་ཅད་བདག། །རི་རབ་བུམ་པའི་ནང་ན་བཞུགས། །སྣང་སྲིད་བདག་མོའི་ཐུགས་དམ་བསྐང་། །ཕ་དགུ་ཁྲི་སྟོང་གིས་མིང་བཏངས་པ། །སྣང་སྲིད་ཀུན་ལ་དབང་མཛད་མ། །དེ་ཕྱིར་དབང་རབྱེད་རྒྱལ་མོས་བྱའོ། །མ་ཕྱ་སངས་འབུམ་གྱི་མིང་བཏགས་པ། །ཐོག་མེད་སྲིད་པ་གསུམ་དུ་མཆི་མཛད་མ། ། ད་པ་བདེ་འགྲ་མ་ཤེས་མང་ཡང་བཏགས། །བདེ་འགྲ་མ་ཡ་ཐུགས་དམ་བསྐང་། །ཕ་དགུ་ ་སྟང་ ་རྒྱལ་པོ་དང་། །ཕྱ་སངས་འབུམ་གྱ་རྒྱལ་མོ་གཉིས། །ཆགས་པ་གཡོས་ནས་བར་སྣང་མཁའ་ལ་སྦྱོར་བ་མཛད་པ་ལས། །འབྱུང་བ་མེ་ལས་སྤྲུལ་པའི་བུད་མེད་གཅིག། །དཀར་མོ་དུང་མདོག་གཡུ་ཡི་རལ་པ་ཅན་གཅིག་འཁྲུངས་། །དཔྲལ་ན་མིག་གཅིག་སྣང་སྲིད་སྟར། །གཡས་ན་ལྕགས་ཟངས་དྲིལི་ཞགས་འཕེན། །སྣང་སྲིད་ཐམས་ཅན་དབང་དུ་སྡུད། །གཡོན་པའི་སྙིང་གི་ཞགས་པ་བཀྲ། །ཅིརྟི་ཀུན་གྱི་བདག་མོ་ནི། །ཉི་མ་སྟོང་གི་དབུ་རྒྱན་ཅན། །སྣང་སྲིད་ཐམས་ཅན་བདེ་ལ་བཀོད། །ཕ་ཡིས་མིང་བཏགས་སྲོག་གཅོད་འཁོར་ལོ་སྒྱུར་བས་ན། །སྲིག་གི་བདག་མོ་ཞེས་ཀྱང་བྱ། །མ་ཡིས་མིང་བཏགས་པ། །དཀར་མོ་ཉི་ཟླ་སྟོང་གི་ཐོད་དུ་བཅིངས་པས་ན། །དེ་ཕྱིར་ཉིད་ཟླ་སྟོང་གི་ཐོད་འཕྲེང་ཅན་ཞེས་བྱ། །འཚེ་བའི་ནད་ཀྱི་དབང་བདག་མོ་བསྐང་། །ཡུམ་ཆེན་ཉི་ཟླའི་ཐོད་འཕྲེང་ཅན། །མུ་སྟེགས་ཀ་ལ་ནག་པོ་གཉིས། །ཡིད་ཀྱི་སྦྱོར་བ་མཛད་པ་ལས། །གདུག་པའི་བུ་མོ་སྤུན་བཞི་མཆིས། །ཀ་ལ་ནག་པོས་མིང་བཏགས་པ། །སྲིད་པ་ཕུང་བར་བྱེད་པའི་ནག་མོ་གཉིས་། །ཡིད་ཀྱི་འབུམ་གྱིས་མིང་བཏགས་པ། །དཀར་མོ་ཐོད་བཟང་མངལ་དབང་། །དེ་ཕྱིར་དབྱིངས་ཕྱུག་ཆེན་མོས་བྱའོ། །ནག་མོ་མི་བཟད་པ་ཡི་རྒྱན། །མདོག་བཟང་ནད་རྣམས་རྣམས་སྣ་ཚོགས་གཏོང་། །དེ་ཕྱིར་རྒྱན་གྱི་རྒྱལ་མོས་བྱའོ། །དམར་མོ་བཟང་བཞིན་མི་སྡུག། །སྐུག་པའི་ནད་རྣམས་འབེབས་པར་བྱེད། །དེ་ཕྱིར་བདག་ཉིད་མ་ཞེས་བྱའོ། །ལྗང་ནག་སྟོད་ཁམས་བརྒྱད་པར་མཛད། །འབྲས་ནད་ཐམས་ཅད་སྟོང་བར་བྱེད། །དེ་ ཕྱིར་གཅིག་དགྲར་བཏགས། །གཡས་པ་ཁྲག་ནཱཐོར་གཡོན་པ་སྙིང་ཡང་་ཛབྱེན། །ནད་གཏོང་མི་ཟད་ནགདུག་པའི་བུད་མེད་བཞི། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཕུང་བྱེད་ནག་མོ་སྦས་པའི་མ་བཞི་དང་། །ནག་མོ་མི་ཟད་སྦྱོར་བ་བྱས་པ་ལས། །དབང་བྱེད་ལས་མཁན་མ་མོ་བཞི་ཞིག་འཁྲུངང།་། །ཕ་ཡིས་མིང་བཏགས་ཁྲོས་པའི་དབང་མོ་ཅན་བཞི་ཞེས། །མ་ཡིས་མིང་བཏགས་ནད་གཏོང་གདུག་པའི་ཚ་བ་འབེབས་མཛད་མ། །ཁྲོས་ཤིང་དབང་དུ་སྡུད་ཉི་མས་བརྒྱན། །དེ་ཕྱིར་ཉི་མ་འགྲོས་པའི་དབང་མོ་ཆེ། །མངའ་ཁྲག་མངའ་མཛད་ནད་སྣ་ཚོགས་འབེབས། །པཟློ་སྟོང་གིས་སྐུ་ལ་ལེགས་པར་བརྒྱན། །ཁྲོས་ནས་དབང་དུ་མ་ཡང་སྡུད། །དེ་ཕྱིར་བདེ་སྦྱོར་འཕྲོས་པའི་ངབང་མོ་ཆེ། །སྲོག་ལ་མངའ་མཛད་བདུད་རྩི་སྦྱོར། །ཕྱག་ན་ག་འུ་བསྣམས་ཤིང་སྟོང་གསུམ་གསོས་མཛད་མ། །་ཁྲོས་ནས་ཡང་དབང་དུ་སྡུད། །དེ་ཕྱིར་བདུད་སྦྱོར་ཁྲོས་པའི་དབང་མོ་ཆེ། །བྷ་ག་ཡོངས་ཀྱི་མཁའ་ལ་མངའ་མཛད་ཅིང་། །སྐྱེ་བའི་རྒྱུད་རྣམས་རྩད་ནས་གཅོད་པར་མཛད། །ཁྲོས་ནས་མ་ཡང་དབང་དུ་སྡུད། །དེ་ཕྱིར་བྷ་ག་ཁྲོས་པའི་དབང་མོར་བཏགས། །ཁྲོས་པའི་དབང་ཅན་གཡང་གཞི་ཁྲག་འཐོར་ཞིང་། །བདེ་བ་ཀུན་ལམ་ཐམས་ཅད་རྫོགས་མཛད་མ། །ཁྲོས་པའི་དབང་ཆེན་བཞི་ཡི་ཐུགས་དམ་སྐངས་། །ཁྲོས་པའི་དབང་ཆེན་མ་མོ་བཞི་རྣམས་དང་། །འབྱུང་བ་བཞི་ཡི་བདག་མོ་རྩེ་ས་པ་ལས། །མུ་སྟེགས་ཀ་ལ་ནག་པོས་ཚོར། །མུ་སྟེགས་གདུག་པས་དམོད་པ་བོར་བ་ལས། །མཚའ་སྣ་བྱེད་པའི་བུད་མེད་ཁྱེད་རྣམས་ཀྱི། །ནལ་བུ་ལྟོ་རུ་བསྲེལ་ནས་ཀྱང་། །ངོ་ཚ་བུ་ཡང་སྦེད་པར་ཤོག། །གདུག་པའི་དམོད་པ་དེ་བཙན་ནས། །བུ་མོ་སྤུན་བཞི་སྐྱེས་པ་ལས། །འ་མ་བཞི་ཡི་ངོ་ཚ་ནས། །ངོ་རབ་གླིང་བཞིར་བསྐུས་ནས་བཞག། །བུད་མེད་བཟང་སྡུག་ལ་འདོད་ཆགས་པ་བཞི་ཞབྲུངས་། །ཕ་ཡིས་མིང་བཏགས་པ། །གླིང་བཞིའི་རྒྱལ་མོ་བྱའོ། །འ་མ་ཉི་མ་ཁྲོས་པས་མིང་བཏགས་པ། །དཀར་མོ་མིག་གཅིག་བྱ་རྒོད་ཐུལ་པ་ཅན། །ཚེ་ལ་དབང་བྱེད་སེམས་ཅན་དབང་སྡུད་མ། །དེ་ཕྱིར་དཀར་མོ་སྟོང་ཁམས་རྒྱས་འདེབས་མ་རུ་བཏགས། །འ་མ་པདྨ་ཁྲོས་བས་མིང་བཏགས་པ། །ནག་མོ་རལ་བ་ཅན་ཞིང་གི་གཡང་གཞི་གསོལ། །དབང་པོ་ཀུན་ལ་དབང་བྱེད་པས། །དེ་ཕྱིར་ནག་མོ་སྣང་སྲིད་རྨོངས་བྱེད་མར་བཏགས། །འ་མ་བདེ་སྦྱོར་ཁྲོས་པའི་མིང་བཏགས་པ། །དམར་མོ་མི་ཟད་ཆུ་སྲིན་ག་ཡང་གཞི་གསོལ། ཁྲ་ཁྲག་ཀུན་ལ་དབང་བྱེད་པས། །དེ་ཕྱིར་དམར་མོ་སྣང་སྲིད་ཟ་བྱེད་མ་རུ་བཏགས། །འ་མ་ཅ་ག་ཁྲོས་པས་མིང་བཏགས་པ། །སེར་མོ་ལས་མཁན་རྨ་བྱའི་ཐུལ་པ་ཅན། །ཚེ་དབང་སྡུད་ཅིང་སྣང་སྲིད་འཕེལ་མཛད་མ། །དེ་ཕྱིར་སེར་མོ་ལས་མཁན་མ་རུ་བཏགས། །གཡསཔ་ཁྲག་འཐོར་བལ་ནད་འབེབས། །གཡོན་པ་གབ་འཐོར་མ་མོ་འབོད། །གླིང་བཞིའི་ངོས་ལ་དབང་གནས་པས། །སྦས་བདག་གླིང་གི་བདག་མོས་བྱའོ། །བསྐང་ངོ་གླིང་བཞིའི་རྒྱལ་མོའི་ཐུགས་དམ་བསྐང་། །བསྐང་ཡང་བསྐང་སྟེ་མཆོད་ཀྱང་མཆོད། །བསྐང་མཆོད་བྱའི་དུས་ལ་འབབ། །སྲིད་པ་སྐོས་རྗེ་བྲང་དཀར་ཡང་། །རི་རབ་ཁ་ལ་གནས་བཅལ་ནས། །དཔག་བསམ་ཤིང་སྐྱེས་པ་ནས། །སྲིད་པ་ཆ་བྱེད་ཆ་སྙོམས་བཞུགས། །དེ་གཉིད་སྦྱོར་བ་མཛད་ལས། །གདུག་པའི་མ་མོ་སྤུན་དྲུག་སྐྱེས། །ཕ་ཡིས་མིང་བཏགས་པས། །ཕུང་བྱེད་ནག་མོ་རལ་པ་ཅན་དྲུག་ཅེས་མིང་བཏགས། །འམ་སྲིད་པ་ཆ་བྱེད་མ་ཡིས་མིང་བཏགས་པ། །རི་རབ་བྱང་ཤར་མཚམས་ལ་དབང་བྱེད་མ། །ན་བཟར་སྤྲིན་དཀར་རྒྱན་གསོལ་མ། །ཨེ་ཀ་ཛ་ཏི་མ་རུ་མིང་ཡང་བཏགས། །དེ་ཡི་ནུབ་མོ་ཐ་ཆུངས་ནི། །ནུ་ངེས་སྟེངས་ཀྱིས་ནང་ཤེད་ན། །ནག་མོ་མི་བཟད་མི་ཐོད་ཅན། །གཡས་ནས་བདུད་ཀྱི་ཁྲམ་བམ་བསྣམས། །སེམས་ཅན་ཐམས་ཅད་ཁྲམ་ལ་འདེབས། །ཁྲམ་བདག་ཀུན་གྱི་ཁད་དབོན་མ། །གཡོནན་།དརྡེདཀརནག་འགྲེམས། །སེམས་ཅད་ཐམས་ཅད་༄༅། ་༑ད་ལ་འདེབས། ་༑ས་ལ་འདེབས་པའི་ཁད་དབོན་མཛད། །མཚན་ནི་ནད་ཀྱི་རྐྱལ་པ་འདེབས། །ནད་དར་རིམས་ཀྱི་བདག་མོ་ལགས། །བུ་མོ་ཡིན་ཏེ་དབང་ཡང་ཆེ། །མ་བདུད་མོ་ཡིས་དབང་བྱས་ནས། །ཕུང་བྱེད་ནད་དང་དལ་འདེབས་མ། །ཡ་བདུད་ནག་མོ་དབང་བྱས་ནས། །ཡ་བདུད་གནམ་ནས་འདེབས་པར་བྱེད། །མཐིང་གི་གུར་ནག་ནང་ན་བཞུགས། །ནག་མོ་འདོད་ཁམས་གཙོ་རུ་བཏགས། །ཕུང་བྱེད་ནག་མོའི་ཐུགས་དམ་བསྐང་། །བཞི་ནི་རི་རབ་ཟུང་བཞིར་བཞག། །རི་རབ་གྲུ་ཡང་འདེབས་སུ་བཅུག། །རྒྱལ་ཆེན་བཞི་ཡི་ཆུང་མར་བྱིན། །སྲིད་པའི་གྲུ་འདེབས་ཆེན་མོ་སྟེ། ཁྲན་ཏིང་དཀར་མོ་ཆེན་མོ་དང་། །དུན་ཏིང་ནག་མོ་ཆེན་མོ་དང་། །ཧར་ཏིང་དམར་མོ་ཆེན་མོ་དང་། །གྲུ་ཏིང་སེར་ལྗང་ཞེས་སུ་བཏགས། །བུ་མོ་ཡིན་ཏེ་དབང་ཡང་ཆུང་། །དེ་ཕྱིར་རི་རབ་གྲུ་ཡང་འདེབས་པར་བྱེད། ཁུ་འདེགས་ཆེན་མོའི་ཐུགས་དམ་བསྐང་། །སྲིད་པའི་གྲུ་འདེགས་བཞི་རྣམས་དང་། །རྒྱལ་ཆེན་བཞི་རྣམས་དང་འཚོགས་པའི་སྲས། །མི་མོ་བཞི་རྣམས་སྐྱེས་པ་ལས། །ཕ་ཡུལ་འཁོར་སྲུང་གིས་མིང་བཏགས་པ། །ལག་ན་དར་དཀར་བ་དན་བསྣམས། །ཁྲག་འཐུང་ཀུན་ལ་དབང་སྒྱུར་མས། །དམག་གི་རྒྱལ་མོར་མིང་ཡང་བཏགས། །འ་མ་ཤན་ཏིང་དཀར་མོས་མིང་བཏགས་པ། །སྣང་སྲིད་སྐྱེ་འགྲོ་ཐམས་ཅད་ཀྱི། །ཡན་ལག་དབང་སྡུད་མཆེ་བ་གཙིགས། །དེ་ཕྱིར་དཀར་མོ་མཆེ་གཙིགས་མ་རུ་མིང་ཡང་བཏགས། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །ཕ་འཕགས་སྐྱེས་པོ་ཡིས་མིང་བཏགས་པ། །གཤིན་རྫེ་ཁམས་ཀྱི་དབང་སྡུད་བཏགས། །དེ་ཕྱིར་དམག་གི་རྒྱལ་མོར་བཏགས། །འ་མ་དུན་ཏིང་ནག་མོས་མིང་བཏགས་པ། །སྣང་སྲིད་འབུམ་ལ་རག་ཏའི་བདག། །ནག་མོ་ཁ་རླན་ནད་འབེབས་མ། །དེ་ཕྱིར་ནག་མོ་ཁ་གཡལ་མ། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །ཕ་མིག་མི་བཟང་གིས་མིང་བཏགས་པ། །ཀླུ་ཡི་དབང་སྡུད་ཕྱག་ན་དར་དམར་བ་དན་བསྣམས། །དེ་ཕྱིར་དམག་གི་རྒྱལ་མོར་བཏགས། །འ་མ་ཤན་ཏིང་དམར་མོས་མིང་བཏགས་པ། །དམར་མོ་ཀླུ་ནད་རྣམ་པ་སྣ་ཚོགས་འབེབས། །རྩ་ནད་འཆིང་ཞིང་ཞ་གྲུམ་ནད་འཆིང་མ། །དེ་ཕྱིར་དམར་མོ་མཆུ་འཇིབ་མ་རུ་བཏགས། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །ཕ་རྣམ་ཐོས་སྲས་ཀྱིས་མིང་བཏགས་པ། །གནོད་སྤྱིན་དབང་སྡུད་དར་སེར་ཕྱག་ན་བསྣམས། །དེ་ཕྱིར་དམག་གི་རྒྱལ་མོ་ཞེས་ཀྱང་བྱ། །འ་མ་གྲུབ་ཏིང་སེར་ལྗང་མིང་བཏགས་པ། །སེར་མོ་སྣང་སྲིད་དབུགས་ལ་མངའ་བཛད་མ། །རྐང་དང་བཅུད་ལེན་ཟ་བྱེད་ཆེན་མོ་སྟེ། །དེ་ཕྱིར་སེར་མོ་རྐང་ལྡག་མ་ཞེས་བཏགས །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །དམུ་དང་སྲིན་པོར་འཚོགས་པའི་སྲས། །མི་བཟད་རལ་ཅན་བདུན་འཁྲུངས་ཏེ། །ནགས་ཀྱི་བུ་མོ་ཆེན་མོ་ནི། །ལྷ་ཆེན་ཚོགས་ཀྱི་བདག་ལ་བྱིན། །ནག་མོ་རྒྱ་མཚོ་གཏིང་སྐེམས་མ། །སེམས་ཅན་ཁྲག་ཐང་དབང་མོ་ཆེ། །ཨ་ཕ་དམུ་ཡིས་མིང་བཏགས་པ། །ནག་མོ་དབང་སྡུད་ཅེས་སུ་བཏགས། །འ་མ་སྲིན་མོ་མགོ་འཕྱངས་མ་ཡིས་མིང་བཏགས་པ། །དབང་ཆེན་སེམས་ཅན་ཀུན་བསྒྲལ་བས། །དེ་ཕྱིར་དཔལ་ལྡན་ཤུགས་འགྲོལ་མ་ཞེས་བྱ་བ། །བསྐང་ངོ་དམག་གི་དམག་གི་རྒྱལ་མོ་མ་བཞི་བསྐང་། །དེ་འོག་དགའ་བྱེད་ཆུང་མ་ཡིན། ། མཛེས་པའི་ཆ་བྱད་བཟུང་ནས་ནི། །འཆི་བདག་ཀུན་གྱི་གཟི་འཕྲོག་མ། །ཨ་ཕ་དམུ་ཡིས་མིང་བཏགས་པ། །གཟི་འཕྲོག་བདག་མོ་ཆེན་མོས་བྱའོ། །མ་སྲིན་མོའི་རྒྱལ་མོས་མིང་བཏགས་པ། །རྒྱན་བཟང་སྲིད་པ་དབང་སྡུད་མ། །དཀར་མོ་ཀུན་བཟང་ཞེས་སུ་བཏགས། །བསྐང་ངོ་དམག་གི་རྒྱན་མོ་མ་བཞི་བསྐང་། །དེ་འོག་བྱེད་སྣུའི་ཆུང་མ་ཡིན། །ནམ་མཁའི་དཀྱིལ་ནས་ནད་གཏོང་མ། །སྲིད་གསུམ་རྩེ་ལ་དབང་མཛད་མ། །དྲེགས་པ་ཀུན་གྱི་ཁ་ལོ་སྒྱུར། །ཨ་ཕ་དམུ་ཡིས་མིང་བཏགས་པས། །ཚེ་བདག་ཆེན་མོར་མིང་ཡང་བཏགས། །འ་མ་སྲིན་མོའི་རྒྱལ་མོས་མིང་བཏགས་པ། །དཀར་མོ་ཟ་བྱེད་ཀུན་གྲགས་མ་ཞེས་བཏགས། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །དེ་འོག་ཁྱབ་འཇུག་ཆུང་མ་ཡིན། །རྣལ་འབྱོར་དམ་ཚིག་ཉུལ་བྱེད་མ། །དེ་ཕྱིར་ཡེ་ཤེས་ཆེན་མོར་མིང་བཏགས་པ། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། དེ་འོག་སྒྲིང་གི་རི་རབ་སྟིང་ཆུང་མ་ཡིན། །ཁྲག་གི་རྒྱལ་མོའི་ནང་ན་བཞུགས། །ནད་ཀྱི་དྲ་བ་མིག་དགུ་ཐོགས། །ཁ་རླངས་ནད་གཏོང་ཟ་བྱེད་མ། །ཨ་ཕ་དམུ་ཡིས་མིང་བཏགས་པ། །ལག་རིངས་དགུག་པ་ཞེས་སུ་བཏགས། །འ་མ་སྲིད་མོའི་རྒྱལ་མོས་མིང་བཏགས་པ། །རྡོ་རྗེ་འོད་ཆགས་ཞེས་སུ་བཏགས། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །དེ་འོག་མ་ཧྭ་ཀྭ་ལའི་ཆུང་མ་ཡིན། །དམར་མོ་སྒེག་མ་ལག་ན་ཞགས་པ་ཐོགས། །ཁ་གསུམ་མ་ལུས་འཆིང་ཞིང་སྒྲོལ་བར་བྱེད། །ཨ་ཕ་དམུ་ཡིས་མིང་བཏགས་པ། །སྲིད་པ་ཐམས་ཅད་འཆིང་བྱེད་མ། །མ་སྲིན་མོའི་རྒྱལ་མོས་མིང་བཏགས་པ། །འཇིག་རྟེན་མ་ཡིས་འགེངས་ཞིང་གསལ་མཛད་མ། །རྡོ་རྗེ་གསལ་འཕྲོས་ཞེས་སུ་བཏགས། །ཐ་ཆུངས་གཞོན་ནུའི་ཆུང་མ་ཡིན། །མཐིང་ནག་འབར་བའི་རལ་པ་ཅན། །ལྕགས་ཀྱུ་ཐོགས་ཤིང་དབང་དུ་སྡུད། །དམ་ལས་འདས་པའི་སྙིང་འབྱིན་མ། །ཨ་ཕ་དམུ་ཡིས་མིང་བཏགས་པ། །འདྲེན་བྱེད་ཆེན་མོས་མིང་ཡང་བཏགས། །འ་མ་སྲིན་མོས་མིང་བཏགས་པ།མ །དབུ་ལ་གཡུ་ཡི་རལ་པ་ཅན། །རལ་པའི་གསེབ་ནས་སྤུལ་པ་འགྱེད། །འགྱེད་བྱེད་གཡུ་ཡི་སྒྲོལ་མར་བཏགས། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །ཡར་ལ་ཤོད་ཀྱི་སྐྱེས་ཏོ་རེ། །རི་རབ་བྱང་ཤར་འཚམས་ན་གནས། །བདག་ཉིད་ཞེས་བྱ་བ་ནི། །ནུབ་ཀྱི་ཕྱོགས་ན་གནས་པ་ལས། །དེ་གཉིས་ཡིང་ཀྱིས་འཚོགས་པ་ལས། །དབུ་མངའ་རལ་པ་འབར་གཟིགས། །སྤྱན་མིག་སྣང་སྲིད་བྱ་ར་བྱེད། །གདུག་པའི་ལས་མཁན་ཆེན་མོ་སྟེ། །ཨ་ཕ་སྐྱེལ་ཏོ་རེ་ཡིས་མིང་བཏགས་པས། །སྤྲུལ་པས་འཇིག་རྟེན་བསྒྲལ་བར་མཛད། །མ་བདག་ཉིད་མ་ཉིད་མ་ཡིས་མིང་བཏགས་པ། །རྫུ་འཕྲུལ་ཆེ་ཞིང་ལས་ལ་བརྩོན། །དེ་ཕྱིར་གར་གྱི་རྒྱལ་མོས་བཏགས། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །ཡར་ལ་ཤོད་ཀྱིས་སྐྱེས་ཏོ་དང་། །དབྱིངས་ཕྱུགས་མ་ཞེས་བྱ་བ་ནི། །ཡིད་ཀྱིས་སྦྱོར་བ་བྱས་པ་ལས། །ནད་གཏོང་ཆེན་མོ་འཁྲུགས་པ་ལས། །དམར་ནག་འཇིགས་བྱེད་རལ་པ་ཅན། །ལག་ན་ཐོད་པ་ཁྲག་གིས་བཀང་། །གྲོང་ལས་ཐོར་ཞིང་ནད་འབེབས་ན། །ཕ་ཡིས་མིང་བཏགས་ནད་གཏོང་ཡིན། །མ་དབྱིངས་ཕྱུག་མ་ཡིས་མིང་བཏགས་པ། །ཁྲག་འཐོར་ཀླུ་རྣམས་དབང་བྱེད་པ། །ས་བདག་པདྨ་འཕྲེང་དུ་བཏགས། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །རི་རབ་ཁ་ཁྱེར་ཤར་ཕྱོགས་ནས། །བདུད་ནག་གསོལ་བྱེད་ཆེན་མོ་གནས། །རི་རབ་བང་རིམ་ཤར་ཕྱོགས་ན། །ཨེ་ཀ་ཛུ་ཏི་གནས་པ་ལས། །དེ་གཉིས་སྦྱོར་བ་བྱས་པའི་བུ། །ཟ་བྱེད་བུད་མེད་གཉིས་ཅིག་འཁྲུངས་། །ཨ་ཕ་བདུད་ཀྱིས་མིང་བཏགས་པ། །ཕུང་བྱེད་ནམ་མཁའ་རྒྱལ་མོས་བྱའོ། །ཨེ་ཀ་ཛུ་ཏིས་མིང་བཏགས་པ། །སྔོན་མོ་རལ་གཅིག་གསེར་ཤ་བཅིབས། །ལག་ན་ཚེ་ཡིས་བུམ་པ་རྣམས། །ཚེ་དང་གཡང་གི་བདག་མོ་ཡིན། །རིན་ཆེན་སྲིད་འདེབས་མ་ཞེས་བཏགས། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །དཀར་མོ་གཡུ་ཡི་གོ་ཅོག་ཅན། །ཆིབས་སུ་དུང་ཤ་གཡུ་ཆུང་ཆུབས། །ལག་ན་གསེར་གྱི་ལྕགས་ཀྱུ་བསྣམས། །ཁམས་གསུམ་ཐམས་ཅན་ཐལ་བར་རློག། །གླིང་བཞི་ཀུན་ལ་དབང་སྒྱུར་མ། །དེ་ཕྱིར་འཇིག་རྟེན་དབང་ཕྱུག་མ་རུ་བཏགས། །ལྷ་ཆེན་རྒྱལ་པོ་གྲགས་མཆོག་དང་། །དཀར་མོ་མིག་གཅིག་ཚོགས་པའི་སྲས། །ལས་ལ་མཁས་པའི་བུད་མེད་ཞབྲུངས་། །གླིང་བཞིར་སྒྲུབ་ཅིང་ལས་ལ་བརྩོན། །བརྒྱ་བྱིན་མི་ཟད་སྲིན་མོ་ཡིན། །དེ་ཕྱིར་གླིང་བཞི་རྒྱལ་མོ་ལྷ་ཡི་སྲིང་། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། གཤིན་རྗེ་དག་པོ་ཆེན་པོ་དང་། ནག་པོ་རལ་ཅན་ཚོགས་པའི་སྲས། མི་ཡི་ལུས་ལ་གཅན་གཟན་སྡིར་ གདུགཔའི་བརྗིད་མེད་ནག་མོ་ཞབྲུངས་། །མཁའ་ལ་རྒྱུག་ཅིང་སྲོག་འཕྲོག་ཅིང་། །དེ་ཕྱིར་མཁའ་ལ་ཁྱུང་ལྕིང་གཤིན་རྗེའི་སྙིང་། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །ཀླུ་ཡི་རྒྱལ་མོ་ཨ་ལྡན་དང་། །དམར་མོ་་དབང་སྡུད་འཚོགས་ངའ་སྲངས། །གདུག་བྱེད་བུད་མེད་ལུས་པོ་ལ། །དབུ་ཡང་འཕྲ་མེད་དབུ་ཅན་ཞབྲུངས། །དམར་ཆེན་ཁྲག་ལ་རོལ་མཛད་ཅིང་། །ཀླུ་ཡི་ལས་རྣམས་ཀུན་ལ་འཁས། །ཀླུ་ཡི་ཁམས་ལས་ཀུན་ལས་བསྐུལ། །དགའ་བོ་འཇོག་པོའི་སྲིང་མོ་ཡིན། །དེ་ཕྱིར་དཀར་མོ་གཡག་ཐོད་ཀླུ་ཡི་སྲིང་། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །གནོད་སྦྱིན་རག་ཤ་བྱེད་དང་། །སེར་མོ་ལས་མའཚོགས་པའི་བུ། །ནག་མོ་སྡེར་ཅན་གནོད་སྦྱིན་སྲིང་། །གནོད་སྦྱིན་དཀར་མོའི་སྲིང་མོ་ཡིན། །གླིང་བཞིར་རྒྱུག་ཅིང་ལས་ལ་བརྩོན། །ནག་མོ་སྡེར་ཆེན་གནོད་སྤྱིན་སྲིང་། །འཇིག་རྟེན་རྣམས་ཀྱིས་སྲིང་མོ་སྟེ། །གདུག་བྱེད་ནད་གཏོང་འཕྲ་མེན་བུ། །ལག་ན་གློ་སྙིང་ནང་གྲོལ་ཐོགས། །མཁལ་ལ་ཁྲག་གླང་སྙིམ་པར་འདེབས། །བསྐང་ངོ་དམག་གི་རྒྱལ་མོ་མ་བཞི་བསྐང་། །དཀར་ནག་དམར་ལྗང་ཞལ་མའི། །གདུག་པའི་མ་མོ་ཁྱེད་བསྐང་ངོ་། །བདུད་མོ་བཀོལ་བྱང་ལས། །བསྐང་ལེ་ནག་མོ་རི་རབ་ལ་གནས་པའི་མ་མོ་བསྐངབའི་ལེའུ་སྟེ་ཞེ་གསུམ་པའོ་། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །འཇིག་རྟེན་ལས་གྲུབ་པའི་མ་མོ་ཡི། །འཁོར་ན་ནག་མོ་འབུམ་སྡེ་དང་། །བདུད་མོ་རྣམས་ཀྱིས་བསྐོར་ནས་བཞུགས། །འཇིག་རྟེན་མི་ལ་གནོད་བྱེད་པས། །དེ་ཡི་བསྐང་བ་ཇི་ལྷར་ལགས། །ཡང་དག་རྫོགས་ཀྱིས་བཤད་དུ་གསོལ། །མངོན་རྫོགས་དཔལ་གྱིས་བཀའ་སྩལ་པ། །འཇིག་རྟེན་པ་ཡི་བདུད་མོ་ནི། །སེམས་ཅམ་ཀུན་ལ་གནོད་བྱེད་པས། །དེ་ཡི་བསྐང་བ་ངས་བཤད་ཀྱིས། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཧུ༷། ཆོས་ཉིད་ཀུན་ཏུ་བཟང་མོ་ལས། །ཀྲོ་དྷི་ཤོ་རུ་མུ་ཁ་ལེ། །བདལ་བ་ཆེན་པོའི་མཁའ་ཀློང་དབྱིངས། །སྐུགཅིགཞལལྔདབང་སྒྱུར་མ། །ཞལ་ནས་འབྱུང་བ་ལྔ་འཆར་དང་རླུད་ལ་མངའ་མཛད་མ། །དགུན་གྱི་རྒྱལ་མོ་དབང་སྒྱུར་མ། །གྲང་ལ་འདེན་པའི་ཞལ་འཆར་མ། །ཐུགས་རྗེ་སྐྱེ་འགྲོ་གསོ་བའི་ཕྱིར། །དོ་ནོད་དགུན་གྱི་རྒྱལ་མོ་བསྐང་། །དུས་བཞིར་བའི་རྒྱལ་མོ་བཞི། །ཞལ་སྔར་བསྐྱོད་པའི་ཡུམ་ལྔར་བསྐང་། །གླེང་ལྔར་སྡུད་པའི་ཁ་ལྔར་བསྐང་། །དབྱིངས་ལྔར་གསལ་བའི་ཐུད་སྔར་བསྐང་། རྒྱུད་དང་འབྲས་བུ་སྨན་དང་རྫས། །ཕུ་དང་གླིང་དང་རིན་པོ་ཆེ། །རྒྱལ་མོ་བཞི་ཡི་ཐུགས་དམ་བསྐང་། །ཀྲོ་དྷི་ཤྭ་རི་བཞི་བསྐངས་པས། །ཀྲོ་དྷི་ཤྭ་རི་མུ་ཁ་ལེ། །སྲིད་པའི་རྒྱལ་མོ་བསྐང་ནས་ཀྱང་། །ཀུན་ཏུ་བཟང་མོ་བདེ་གྱུར་ཅིག། །རྒྱལ་བ་བསྐྱེད་པའི་ཡུམ་དུ་བསྐང་། །སེམས་ཅན་སྐྱེད་པའི་མ་རུང་བསྐང་། །འབྱུང་བ་གནོད་པའི་དབྱིངས་སུ་བསྐང་། །སྣང་སྲིད་འཆར་བའི་ཀློང་དུ་བསྐང་། །འཁོརབ་བརྒྱུད་པའི་བྷ་གར་བསྐང་། །ཆོས་རྣམས་རྫོགས་པའི་དབྱིངས་སུ་བསྐང་། །དུས་གསུམ་འཇིན་པའི་སྙིང་པོར་བསྐང་། །ཁམས་གསུམ་རྒྱལ་བ་རོལ་པར་བསྐང་། །སྲིད་གསུམ་རྫོགས་པའི་མ་མོ་བསྐང་། །དབང་ཐང་བསྐྱེད་པའི་རྒྱལ་མོར་བསྐང་། །ཆུང་སྲིད་བསྐྱེད་པའི་རྒྱལ་མོར་བསྐང་། །ཚེ་སྲོག་བསྐྱེད་པའི་རྒྱལ་མོར་བསྐང་། །སྐྱེ་འགྲོ་བསྐྱེད་པའི་རྒྱལ་མོར་བསྐང་། །དེ་ནས་སྲིད་པའི་རྒྱལ་མོ་བཞིའི་བློན་མོ་བཞི་བསྐང་ལ། །སྲིད་པའི་སྒོ་དབྱེ་བ་ནི་འདི་སྐད་དོ། །སྲིད་པའི་འགྲམ་བཞི་ཟུར་བཞི་ནས། །རྒྱལ་མོ་བཞི་ཡི་དབང་སྒོ་ཅན། །བློན་མོ་བཞི་ཡིས་ཕྱག་བརྙན་པ། །མཁར་བཞི་ཡི་ནི་གུར་བཞི་ནས། །བརྟན་བཞིན་ཕུར་བཞིར་གུར་བཤིང་བཞི། །རི་རམ་གྲྭ་བཞི་འབྱུང་བ་ནི། ཁྲར་ལྷོ་རི་རབ་འགྲམ་ཟུར་ནས། །དུང་གི་རོལ་མཚོའི་གླིང་ཐོགས་ནས། ཤེལ་མཁར་དུང་གི་ཁ་བད་ཅན། ཁྲེལ་གྱི་གཏན་པ་ཐབས་སེ་ཐབས། །དུང་གི་གཡག་ཤིང་ཁྲོལ་ཏེ་ཁྲོལ། །དུང་གི་སྒོ་མོ་ཁྲིགས་སེ་ཁྲིགས། །དེ་འདྲ་བློན་མོའི་དབྱར་ས་ནས། །དུང་གི་མེ་ཏོག་ཧ་ལི་ནི། །དར་དཀར་གུར་ཕུབ་སྐོངས་སེ་སྐོངས་། །དཀར་མོའི། །དུང་གི་ཚུགས་ཤིངས་རོངས་སེ་རོངས་། །དུང་གི་རེ་ཐག་བྲེངས་སེ་བྲེངས་། །དར་དཀར་ཡོལ་བྲེས་མེ་རེ་རེ། །དེ་འདྲའི་གུར་གི་ནད་ཤེད་ན་དཔྱིང་ཀྱི་རྒྱལ་མོའི་ཕྱག་བརྙན་མ། །བློན་མོ་དུང་གི་སྐུ་ཞལ་ལ། །དར་དཀར་རལ་གྱི་སྐུ་ལ་གསོལ། །བྱ་རྒོད་དཀར་མོའི་ཐུལ་པ་ཅན། །དུང་གི་ལྡེ་མིག་ཕྱག་ན་བསྣམས། །གཡས་ན་ནག་མོ་སྤྱི་དཀར་ཐོགས། །གཡོན་ན་བྱ་ནག་གཤོག་ཁྲ་ཐོགས། །ཁྱོད་ནི་སྲིད་པའི་སྒོ་འབྱེད་མ། །ཡོན་བདག་ཁྱིམ་བུ་འདི་སྒོ་སྲ ཤེ་བ་གཤིན་གྱི་མ་དབྱེ། །གསོན་པོ་སྤེལ་བའི་འགགས་མ་བཅད། །བྱ་ལུག་འདི་ཡིས་ཐུགས་དམ་བསྐང་། །ལྷོ་ནུབ་རི་རབ་འགྲམ་ཟུར་ནས། །གཡུ་ཡི་རོལ་མཚོའི་གླིང་ཐོགས་ནས། །གཡུ་མཁར་མཐིང་གི་ཁ་བད་ཅན། །གཡུ་ཡི་སྒོ་མོ་ཁྲིགས་སེ་ཁྲིགས། །གཡུ་ཡི་གཏན་པ་ཐམས་སེ་ཐམས། །གཡུ་ཡི་ཡ་ཤིང་ཁྲོལ་ཏེ་ཁྲོལ། །དེ་འདྲའི་བློན་མོའི་དབྱར་སན། །གཡུ་ཡི་མེ་ཏོག་ཧ་ལིང་ན། །དར་སྣོད་གུར་ཕུབ་སྐོངས་སེ་སྐོངས་། །གཡུ་ཡི་ཚུགས་ཤིང་རེངས་སེ་རེངས་། །གཡུ་ཡི་གུར་ཐག་བྲེངས་སེ་བྲེངས་། །མཐིང་གི་ཡོལ་བྲེལ་མེ་རེ་རེ། །དེ་འདྲའི་གུར་གྱིར་ནང་ཤེད་ན། །དབྱར་གྱི་རྒྱལ་མོའི་ཕྱག་བརྙན་མོ། །བློན་མོ་གཡུ་ཡི་སྐུ་ཞལ་ལ། །བི་ཌརླ་འོད་ཀྱི་ཟངས་རལ་ཅན། །རྨ་བྱའི་ཐུལ་པ་སྐུ་ལ་གསོལ། །གཡུ་ཡི་ལྡེ་མིག་ཕྱག་ན་བསྣམས། །གཡས་ན་ནག་མོ་འཁར་བརྒྱ་ཐོགས། །དབྱར་གྱི་བློན་མོའི་ཐུགས་དམ་བསྐང་། །བྱང་ནུབ་རི་རབ་འགྲམ་ཟུར་ན། །ཁྲག་གི་རོལ་མཚོའི་རོལ་མཚོའི་གླིང་ཐོག་ན། །མཆོང་གི་མེ་ཏོག་ཧ་ལིང་ན། །ཟངས་གུར་དམར་པོ་སྐོངས་སེ་སྐོངས་། །བྱུང་རུའི་ཚུགས་ཤིང་རེངས་སེ་རེངས་། །མཁར་དང་གུར་གྱི་ནང་ཤེད་ན། །སྟོན་གྱི་རྒྱལ་མོའི་ཕྱག་བརྙན་མ། །བླ་མ་ཟངས་ཀྱི་སྐུ་ཞལ་ལ། །ལེ་བརྒན་དམར་པོའི་ཟངས་རལ་ཅན། །སྐུ་ལ་བྱ་ཐུལ་སྔོན་པོ་གསོལ། །བྱུ་རུའི་ལྡེ་མིག་ཕྱག་ན་བསྣམས། །གཡས་ན་ནག་མོ་ཆག་ཐོགས། །སྟོན་གྱི་རྒྱལ་མོའི་ཐུགས་དམ་བསྐང་། །བྱང་ཤར་རི་རབ་འགྲམ་ཟུར་ནས། །ཞལ་གི་རོལ་མཚོའི་གླིང་ཐོག་ནས། །གསེར་མཁར་གླིང་གི་ཁ་བད་ཅན། །གསེར་གྱི་སྒོ་མོ་ཁྲིགས་སེ་ཁྲིགས། །ར་གན་ཡན་ཤིང་ཁྲོལ་ཏེ་ཁྲོལ། །གསེར་གྱི་མེ་ཏོག་ཧ་ལིང་ན། །གསེར་གྱི་གུར་ཕུབ་སྐོངས་སེ་སྐོངས་། །གསེར་གྱི་གཡག་ཤིང་ཁྲོལ་ཏེ་ཁྲོལ། །ར་གན་ཚུགས་ཤིང་རེངས་སེ་རེངས་། །མཁར་དང་གུར་གྱི་ནང་ཤེད་ན། །དགུན་གྱི་རྒྱལ་མོ་ཕྱག་བརྙན་ནི། །བློན་པོ་གསེར་གྱི་སྐུ་ཞལ་ལ། ཁྲང་ཤང་བྱ་ཡི་ཐུལ་པ་ཅན། །གསེར་གྱི་ལྡེ་མིག་ཕྱག་ན་བསྣམས། །གཡོན་ན་བྱ་ནག་གསེར་མིག་ཐོགས། །དགུན་གྱི་བློན་མོའི་ཐུགས་དམ་བསྐང་། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །བདུད་མིའི་རྒྱལ་བློན་བརྒྱད་བསྐང་བའི་ལེའུ་སྟེ་ཞེ་བཞི་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ནག་མོ་ལྕགས་རུས་ཇི་ལྟར་བསྐང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །དེ་ཡི་བསྐང་ཟློག་འདི་ལྟར་རོ། །ཉི་མ་བྱང་ཤར་ཕ་གི་ན། །དཔལ་ལྡན་གཉིན་གྱི་རེ་མ་སྟེ། །ལྷ་མོ་ནག་མོར་བཞུགས་ཙམ་ན། །རྨ་བྱའི་ཐུལ་པ་སྐུ་ལ་གསོལ། །མཆན་ན་སྔོན་དམར་གྲུ་བུ་སྐྱེད། །ཆིབས་སུ་དྲེ་རྟ་རྐང་གསུམ་ཆིབས། །ནད་ཀྱི་རྐྱལ་པ་ཁལ་དུ་འགེལ། །རླུད་ནག་ཚུབ་མའི་ནང་ན་གནས། །འདོད་ཁམས་གཙོ་མོའི་ཐུགས་དམ་བསྐང་། །ལྷ་མོ་ནག་གྲུར་བཞུགས་ཙམ་ན། །སྐུ་ལ་ཞིང་ཆེན་ཐུལ་པ་གསོལ། །མཐིང་གི་གཙོ་མོ་ཆིབས་སུ་ཆིབས། །ཁྲག་གི་རྐྱལ་པ་ཁལ་དུ་བཀལ། །གྲིབ་སོ་ནག་པོའི་ནང་དུ་བཞུགས། །ནམ་གྲུ་འབུམ་གྱི་བདུད་མོ་བསྐང་། །རྨ་ཐེབས་རྒྱལ་མོར་བཞུགས་ཙམ་ན། །དྲེད་མོ་ཁམ་ནག་ཐུལ་པ་གསོལ། །ཆིབས་སུ་རྔ་མོ་གྭ་པ་ཆིབས། །ལྕགས་ཀྱི་དྲ་བ་ཁ་ལ་དུ་འགེལ། །འཛམ་གླིང་བཞི་ཡི་གྲྭ་བཞི་ནས། །ལྕགས་ཁང་ཆེན་མོ་བཞི་གནས་པ། །དེ་ཡང་ལྕགས་ཀྱི་དྲ་བར་འཛུད། །དམག་དང་རྨུག་པའི་ནང་ན་རྒྱུག། །རྨ་ཐེབས་བདུད་མོའི་ཐུགས་དམ་བསྐང་། །གཤིན་རྗེའི་ཡུམ་ཅིག་མཛད་ཙམ་ན། །ནག་མོ་ཧྲལ་ཧྲལ་ཁྲག་སྐྱུག་མ། །ཁྲག་གི་ཐུལ་པ་སྐུ་ལ་གསོལ། །སྐར་ཆེན་དམར་མོའི་འོད་ལ་ཤོན། །སྐྱ་རིང་འོད་ཀྱི་ནང་ན་རྒྱུག། །ནག་མོ་ཁྲག་འཛག་མ་ཡང་བསྐང་། །ཁྱོད་ཀྱི་སྙན་ཆ་གཡས་གཡོན་ན། །གསེར་གྱི་རྔེ་ཆུང་དི་རི་རི། །ལྷ་རྒྱལ་ཚང་པ་ཞུ་བ་འབུལ། །ཁྱོད་ཀྱི་ཞབས་ཀྱི་གཡས་གཡོན་ནོ། །ལྷ་སྲིན་སྡེ་བརྒྱད་བསྐོར་ཕྱག་འཚལ། །ཉ་སྨད་མང་པོ་རྒྱབ་ནས་མཆོང་། །སྦྲུལ་སྨད་མང་པོ་མདུད་ནས་རྒྱུག། །ཁྱོད་ཀྱི་དབུ་ཡི་གཙུག་རུམ་ནས། ཁུ་སྐར་མང་པོ་ཕུངས་སེ་ཕུངས་། །འཁོར་ནི་བོང་ཞོན་འབུམ་གྱིས་བསྐོར། །རྩེ་ནི་ཁྲམ་དང་ཤོད་པ་རྩེ། །རོལ་ནི་སྐྱེ་འགྲོ་ཡོངས་ལ་རོལ། །སྐོམ་དུ་དེ་ནི་རག་ཏ་འཐུང་། །དགུན་ལ་མཁར་ན་བཞུགས་ཙམ་ན། །ཁྲོ་ཆུའི་བང་རིམ་སྐུ་མཁར་ན། །མ་རུ་ཅི་ཡི་གྲོང་གིས་བསྐོར། །མ་བདུད་དབྱར་སར་བཞུར་པའི་ཚེ། །གུར་ནག་མང་པོ་སྐོངས་སེ་སྐོངས་། །ཡོལ་ནག་མང་པོ་ཁྱུད་དེ་ཁྱུད། །གནམ་ལྕགས་ཕུར་པ་ཐམས་སེ་ཐམས། །གློག་གི་འཕྲེང་བ་བྲེངས་སེ་བྲེངས་། །གུར་ནག་ནང་ན་བཞུགས་ཙམ་ན། །བདུད་ཀྱི་བུ་མོ་ས་མཚོ་སྨན། །ནག་མོ་སྤྱད་བདུད་མོ་མོ་བསྐང་མ་མོ་ཁྱོད་ཀྱི་འཁོར་གཡོག་ཏུ། །སྒྲོལ་གིང་ལས་ཀྱི་ཤུགས་སྒྲོལ་བཅུ། །སྐུ་མདོག་སྣ་ཚོགས་རང་ཆས་ལ། །ཕྱག་ན་སྒྲོལ་བྱས་མཚོན་ཆ་ཐོགས། །སྒྲོལ་གིང་བཅུ་ཡི་ཐུགས་དམ་བསྐང་། །བདུད་མོ་བཀོལ་བྱང་གི་རྒྱུད་ལས། །ནག་མོ་རེམ་ཏི་བསྐུལ་བའི་ལེའུ་སྟེ་ཞེ་ལྔ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྨུག་ཏིང་རྒྱལ་མོ་ཇི་ལྟར་བསྐང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་བ། །སྨུག་མོ་བསྐང་བ་ངས་བསྟན་གྱིས། །ཉོནཅིག་གཡུང་དྲུང་ཡང་དག་པ། །ཡུལ་དང་ཡུལ་ནི་དམུ་ཡི་ཡུལ། །ཇོ་བོ་དམུ་རྗེ་ལེགས་པ་ལ། །སྲས་ནི་ལྕམ་དྲལ་གཉིས་མངའ་སྟེ། །རལ་པ་དམུ་རྗེ་བཙན་པ་ལགས། །མཁར་ནི་དམུ་མཁར་ལྗོང་ན་བཞུགས། །དེ་ཡི་སྲིང་མོ་ལྕམ་མོ་ནི། །ཉིམ་ནུབ་བྱང་མཚམས་ཤེད་ན། །མཆོང་རི་མཆོང་བྲག་མཁར་ལྡེམ་ན། །རི་སྨུག་དེ་ནི་ལུང་དུ་སྨུག། །སྲིད་པའི་གཏིང་ཁམས་མ་གི་ན། །གནམ་ས་སྨུགའཐབས་ནང་ཤེད་ན། །དམུ་བདུད་རྒྱལ་མོ་་དེ་ན་བཞུགས། །སྲིད་པའི་གཏིང་ཁམས་མ་གི་ན། །དམུ་མཁར་བསེ་ཡི་ལོགས་བཞི་ན། །མཆོང་གི་ཁ་བད་བན་སྐོར་ཅན། །སེང་ལྡེང་སྒོ་བཞི་ཐམས་སེ་ཐམས། །སྐུ་མཁར་དེ་ཡི་ནང་ཤེད་ར་ །ཟ་འོག་གུར་ཅིག་སྐངས་སེ་སྐངས་། །མཆོང་གི་ཚུགས་ཤིང་རེངས་རེངས་། །རྨ་བྱའི་རྒྱལ་མཚན་ཡེ་རེ་རེ། །དེ་འདྲའི་གུར་གྱི་ནང་ཤེད་ན། །སྨུག་ཏིང་རྒྱལ་མོ་བཞི་ཟུར་མ། །མཆོང་གི་བུད་མེད་དམུ་ཡི་ལྕམ། །དམུ་ཟ་བདུད་ཀྱི་ལྕམ་ཅིག་ཅན། །སྐུ་ལ་མཆོང་གི་ཟང་རལ་གསོལ། །རྨ་བྱ་སྟོང་གི་ཕུད་ཁད་ཅན། །བསེ་ཡི་ཐུབ་པ་ཡ་བ་བསྐོར། མཚན་ནི་དམུ་ལྕམ་བྲལ་མ་ཉན། སྨུག་པོ་འབྲས་བུ་ཅན་དུ་བསྐང་། དེ་ཡི་བུ་མོ་གཅུང་མོ་ནི། །དམུ་མཁར་ལྕགས་ཀྱི་སྟ་ཟུར་ལ། །གོང་སྔོན་དམུ་བྱ་འཕུར་ཞིང་འཆགས། །གུར་དང་ཡོལ་གྱི་རུ་ཟུར་ལ། །མཐིང་གི་མཛོ་མོ་འབྲུག་ལྟར་ངུར། །སྨུག་མི་དམུ་ཡི་མདུན་ཟུར་མ། །རྨ་བྱ་སྤུངས་པའི་ཐུལ་པ་གསོལ་། །ཕྱག་ན་མཆོང་གི་གྱིད་དཀར་བསྣམས། །སྨུག་མོ་འབུམ་གྱི་རྒྱལ་མོ་བཞུགས། །དམུ་སྨན་བདུད་ཟུར་སྲིད་པའི་ལས། །དམུ་བདུད་འདིད་ཆགས་ང་ཡི་བསྐང་། །དེ་ཡི་གཡོག་མོ་བསྐང་བ་ནི། །རི་རབ་ཟད་པའི་རྨང་སྣ་ན། །ཇོ་མོ་སྲི་བདུད་རྒྱལ་མོ་ནི། །ཕུང་སྲི་ལྔ་མོ་རྟ་རུ་ཞོན། །ར་ནག་རལ་ཁ་གོས་སུ་གོན། །ཕུང་སྲི་རྔ་མོག་པ་ལ། །ལྕགས་ཀྱི་དྲ་བ་ཁལ་དུ་འགེལ། །ཁ་དགུ་འོ་དོད་གནམ་དུ་འབོད། །མིག་དགུ་བྱ་ར་སྲིད་ལ་གཏོང་། །ཕུང་སྲི་རྔ་མོ་ཞེན་པ་བསྐང་། །གླིང་བཞི་འགྲས་པའི་ཐ་མ་ན། །ལྕགས་ཀྱི་གུར་ཟླུམ་ནག་པོ་ན། །ཞིང་སྲིད་རྒྱལ་མོ་མིག་གཅིག་མ། །རྟ་རུ་ཕག་པ་ལྟོ་ཞན་ཞོན། །ཞིང་སྲི་རྒྱལ་མོའི་ཐུགས་དམ་བསྐང་། །སྲིད་པ་བགྲངས་པའི་མར་གཞུག་ན། །དུར་སྲི་མཇོ་མོ་རུ་ཡོན་ཞོན། །ཝ་མི་གཞུག་རིངས་རོལ་དུ་ཁྲིད། །ལུས་ལ་ལྕགས་ཀྱི་སློག་པ་གསོལ། །བསྐང་ངོ་མ་མོ་ཁྱིད་ཀྱང་བསྐང་། །ཁུ་ལེ་ཤངས་མ་གི་ན། །རྟ་རུ་རྟོལ་མོ་རུ་ཡོན་ཤོན། །ཁྱི་མོ་དམར་མོ་རོལ་དུ་ཁྲིད། །ཁྲིམ་སྲི་ནག་མོའི་ཐུགས་དམ་བསྐང་། །ཁུ་ལེ་ཤད་སྨད་མ་གི་ན། །རྟ་རུ་བྲུམ་པ་རག་པ་ཆིབས། །རོལ་དུ་ཟངས་ཀྱི་བྲེད་མོ་ཁྲིད། །ཁྲིམ་སྲི་ནག་མོའི་ཐུགས་དམ་བསྐང་།ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །སྨུག་ཏིང་རྒྱལ་མོ་བསྐང་བའི་ལེའུ་སྟེ་ཞེ་དྲུག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཡུལ་གདོན་མ་མོ་ཇི་ལྟར་བསྐང་། །ཡང་དགརྫོགས་ཀྱིས་བཀའ་སྩལ་པ། །ཡུལ་གདོན་མ་མོ་བསྐང་བ་ནི། །ང་ཡིས་ཁྱོད་ལ་བཤད་ཀྱིས་ཉོན། །གནམ་སྲིད་འོལ་མ་ཆེན་མོ་ནི། །རྟ་རུ་ཀློང་རྟ་དམར་མོ་ཞོན། །གོས་སུ་སྨག་གི་སྨུག་པ་གོན། །གནམ་སྲིའོ་ལ་མའི་ཐུགས་དམ་བསྐང་། །དེ་ནས་ས་སྲི་མེར་བ་བསྐང་། །བཞུགས་ནི་ས་ཡི་གཏིང་ན་བཞུགས། །རྔ་མོ་ནག་མོ་རྟ་རུ་ཤོན། ཁྲུམ་མ་སྐྱ་བོ་རོལ་དུ་ཁྲིད། །རལ་ལྕགས་གྲུམ་ཀའི་རོལ་པ་གསོལ། །ས་སྲིད་མེར་མའི་ཐུགས་དམ་བསྐང་། །དམ་སྲི་མཆོད་མ་ཆེན་མོ་ནི། །བན་དེ་མོ་ནི་ཆེན་མོ་ལ། །འཕྲེང་བ་དཀར་ནག་སྐྱེལ་འཆང་། །ལོང་གོར་སྐྱ་མ་རྐང་ལ་གྱོན། ཀྱི་སྲའི་སློག་པ་སྐུ་ལ་གསོལ། །མཆོད་རྟེན་ཧྲུལ་པོའི་གསེབ་ནས་ལྡང་། ཁང་པ་ཧྲུལ་པོའི་ནང་ན་གནས། །སྡོངས་ནི་ཐེ་རང་འབྱུང་པོ་དེ་དང་སྡོངས་། །དུར་ཁྲོད་ཤིན་ངོག་སྡོངས་ཟླ་མཛད་། །དབང་ནི་ཕག་པ་ཁྱི་སྡེ་དབང་། །དམསྲིམཚོནཔའིཐུགསདམ་བསྐང་། །དེ་ནས་ཆུང་སྲིན་མྱུག་མ་ནི། །བཞུགས་ནི་རྒྱ་མཚོའི་གཏིང་ན་བཞུགས། །ལྡང་ནི་རྒྱ་མཚོའི་གཏིང་ནས་ལྡང་། །ཆུ་གཞུང་སྔོན་མོ་རྟ་རུ་ཞོན། ཉ་སྲམ་མང་པོ་རོལ་དུ་རོལ། །མེ་བཞུར་མང་པོའི་འོད་ལ་ལྟ། འདེབས་ནི་དར་དང་འཁག་པར་འདེབས། །ཆུ་ཡི་ཁ་ནི་ཐུར་དུ་འབབ། །ལྕེ་ཡི་ཁ་ནི་གྱེན་ལ་འཁྱིལ། ཁུ་ན་མཚོ་རྒྱུ་གསུམ་ལ་རྒྱུ། །དབང་ནི་ཕག་པ་ཆུ་ཁ་དབང་། །ཆུ་ལག་སྔོན་མོའི་ཐུགས་དམ་བསྐང་། །དེ་འོག་ཕུག་སྲི་ན། །དཀར་སྲལ་ཅན་དང་སྔོ་སྲལ་ཅན། །དམར་སྲལ་མ་དང་གསེར་སྲལ་མ། །སེ་སྐྱེར་མང་པོ་ཡངས་སེ་ཡངས་། །ལྕུག་ཕྲན་མང་པོ་ལྡེམས་སེ་ལྟེམས། བྱ་བྲན་མང་པོ་པུ་རུ་སྲ གཅན་གཟན་མང་པོ་ཟལ་མ་ཟུལ། མཛོ་རྟོལ་མང་པོ་ངར་མ་ངུར། །སྨུག་མོ་མཆོང་མདོག་འདི་ཡིས་བསྐང་།ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། ཡུལ་གདོན་མ་མོ་བསྐང་བའི་ལེའུ་སྟེ་ཞེ་བདུན་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ་། །སྲིད་པའི་བདུད་མོ་ཇི་ལྟར་བསྐང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །བདུད་མོ་བསྐང་བ་འདི་ལྟ་སྟེ། །ཉོན་ཅིག་གནོད་འདུལ་མོས་པ་ཁྱོད། །ལེ་ཤོད་བདུད་ཡུལ་རྩེ་འབྱམ་ན། །མཐོང་གུར་སྣར་གུར་མཐོང་ཡོལ་ན། །ནག་མོ་འོད་ཀྱི་ཕོད་ཀ་ཅན། །བུ་ཡུག་ནག་པོ་སྐུ་ལ་གསོལ། །སྦྲུལ་ནག་འཁྲིགས་པའི་ཞགས་པ་འཕེན། །རྫུ་འཕྲུལ་ཞབས་ཀྱིས་ནམ་མཁའ་གནོན། །ཕྱག་གིས་བདུད་ཀྱི་སྒོ་རྡོ་འདྲིལ། །རྨ་བྱ་ཞོན་ནས་རླུད་ལྕགས་རྡེག། །སྲིད་པ་གསུམ་མཐོང་མིག་རྩ་བསྒྲིབ། །གཡུང་དྲུང་མུན་པའི་རལ་པ་ཅན། །མེ་རི་བརྩེགས་པའི་ཕོད་ཀ་ཅན། །རྒྱལ་མོ་དབྱར་ན་བཞུགས་པའི་ཚེ། །སྔོན་དམར་འཐིབས་པའི་གུར་ན་བཞུགས། །རྒྱལ་མོ་སྟོན་ན་བཞུགས་པའི་ཚེ། །སྣང་སྲིད་གསོལ་བའི་སྙིང་པོ་ཅན། །རྒྱལ་མོ་དགུན་ན་བཞུགས་པའི་ཚེ། །ལྕགས་མཁར་སྔོན་མོ་རྩ་འདྲལ་མ། །རྒྱལ་མོ་དཔྱིད་ན་བཞུགས་པའི་ཚེ། །རླངས་པ་དྲོད་ཀྱི་སྙིང་ཐིབས་ནང་། །ཁྱོད་ནི་རིན་ཆེན་མགོ་ཡག་ལྕམ། །ནག་མོ་ཁྱོད་ཀྱི་འཁོར་གཡོག་ནི། །ནག་མོ་ཁྲམ་ཐོགས་བཅུ་ཡིས་བསྐོར་། །གླིང་བཞི་ཁྲམ་ཁྲའི་ནང་དུ་བཅུག། །སྣང་སྲིད་སེམས་ཅན་ཁྲམ་ལ་འདེབས། །ནམ་མཁའ་ནག་མོ་བཅུ་ཡིས་བསྐོར། །བདུད་ལ་དབང་འདུལ་མཐུ་མོ་ཆེ། །རིན་ཆེན་འགོང་ཡག་ཁ་སྒྱུར་ལ། །ཡ་བདུད་ལག་ཏུ་ཤོ་ར་རེ། །ཡུ་ལུང་གསེར་གྱི་ཡེ་ཁྱུད་ན། །སྲིད་མ་མེར་གྱི་གུར་ཡོལ་ན། །ནག་མོ་འབུམ་གྱི་ཕོད་ཀ་བསྒྱུར། །གོས་སུ་གྲིན་སོ་ནག་པོ་གོན། །ལྕགས་ཐག་དགུ་ཡི་ཞགས་པ་འཕེན། །ཞབས་ཀྱིས་དཔག་བསམ་ཤིང་བུ་ནོན། །ཕྱག་གིས་བདུད་རྟ་ཡམ་པ་འདེབས། །སྒྱུང་མོ་ཞོན་ནས་མེ་ལྕགས་རྡེག །སེམས་ཅན་མཐིང་ན་མིག་རྩ་བསྒྲིབ། །ཤིང་ལོ་ ཐིབས་པའི་རོལ་པ་ཅན། །ཁྲོ་བཅུ་བརྩེགས་པའི་མཆེ་བ་ག།ཙིགས། །རྒྱལ་མོ་དབྱར་ན་འགྲོགས་པའི་ཚེ། །ཁྲག་གི་རྒྱ་མཚོའི་གཏིང་ན་བཞུགས། །རྒྱལ་མོ་སྟོན་དང་འགྲོགས་པའི་ཚེ། །གསེར་གྱི་མཆིང་བར་འབྲས་བུ་འགེམས། །རྒྱལ་མོ་དགུན་དང་ འགྲོགས་པའི་ཚེ། ། །རླུད་ཚུབ་གློང་བའི་དེད་དཔོན་མཛད། །ལྷོ་རྒྱལ་མོ་དཔྱིད་དང་འགྲོགས་པའི་ཚེ། །ལྷ་གུར་འཐིབས་པའི་ནང་ན་གཟིམས། །འཁོར་ནི་སྲིན་མོ་སྟོང་གིས་བསྐོར། །བརྟུལ་ཞུགས་བཅུ་ཡིས་ལས་བྱེད་མ། །ཁྱོད་ནི་བཀྲག་མེད་ལྕམ་མོ་ཡིན། །བདུད་ལ་དབང་སྒྱུར་མཐུ་མོ་ཆེ། །ཁྱོད་ལ་ནག་མོའི་མདོས་བསྐང་གིས། །ནག་པོ་བཀྲག་མེད་ལྕམ་མོ་ཁྱོད། །ནག་པོ་བཀྲག་མེད་ཁ་སྒྱུར་ལ། །བདུད་ཀྱི་ལག་ཏུ་ཤོ་ར་རེ། །ནམ་མཁའི་བཅུ་ཡིས་ཐུགས་དམ་སྐོང་། །བདུད་ཡུལ་ལུ་གུ་གུར་ཤོད་ན། །དགུན་གྱི་དགུན་ས་ནས། །བདུད་མཁར་སྒོ་དགུའི་རྫོང་ན་བཞུགས། །སྐྱ་མོ་གདོང་དགུ་རླུད་གི་རལ་པ་ཅན། །ཚུབ་མ་དགུ་འཁྱིལ་རང་རལ་ཅན། །ཟངས་ཀྱི་དྲེ་རྟ་དགུ་ལ་ཞོན། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཡུལ་དང་མང་ཡུང་ཡང་སྟེངས་ན། །ཡེལ་ཡེལ་ཡེལ་ཁ་ན། །གཡུང་དྲུང་གཟི་འབར་མདུན་ས་ནས། །ནག་མོ་མེ་ཡི་ཕོད་ཀ་ཅན། །མུན་པའི་བཟང་རལ་སྐུ་ལ་གསོལ། །སྔོན་དམར་གཞའ་ཡི་ཞགས་པ་འཕེན། །ཞབས་ཀྱིས་རི་རབ་རྩེ་མོ་གནོན། །ཕྱག་གིས་སྤྲིན་དང་ཁུ་རླངས་སྡུད། །འབྲུག་ལྔ་ཞོན་ནས་གྲོག་ལྕག་རྡེག། །ཚ་གྲང་འབར་བའི་རལ་པ་ཅན། །གཟའ་སྐར་འོད་ཀྱི་ལྕགས་སྐྱད་ནས། །རྒྱལ་མོ་དབྱར་ན་བཞུགས་པའི་ཚེ། །ཧལོམེཏོགགུརགླིངན། །མཐིང་ནག་གཡུ་གུར་ནང་ན་བཞུགས། །བློན་མོ་བཅུ་གསུམ་འཁོར་གྱིས་བསྐོར། །རྒྱལ་མོ་སྲིད་པ་རྫོགས་པའི་སྟོན་ས་ནས། །ཀ་ཤ་འབྲས་བུ་བཅུ་གསུམ་བདག། །བུད་མེད་བཅུ་གསུམ་སྦྱི་བདུད་མ། །རྒྱལ་མོ་དགུན་ན་བཞུགས་པའི་ཚེ། །སྣང་སྲིད་གཏིང་དུ་བཙུད་ནས་ནི། །སྣང་སྲིད་ཁ་ལ་རྒྱས་འདེབས་མ། །རྒྱལ་མོ་དབྱིད་ན་བཞུགས་པའི་ཚེ། །སྐྱེད་པའི་མ་མོ་བཅུ་གསུམ་བདག། །ཁྱོད་ནི་ཕྱ་བདུད་ལྕམ་མོ་ཡིན། །བདུད་ལ་དབང་སྒྱུར་མཐུ་མོ་ཆེ། །བདུད་ཡེ་ལེ་ཁྱབ་པས་ཁ་སྒྱུར་ལ། །ནག་མོ་ཤེལ་སྒོང་འདི་ཡིས་བསྐང་། །ནམ་མཁའ་གསུམ་གྱིས་ཐུགས་དམ་བསྐང་། །ཡུལ་དག་ན་ཡུལ་ཡང་རྩེ་ན། །ནམ་མཁའ་འཐོངས་ཀྱི་གུར་ཡུལ་ན། །ཁྱུང་གཤོག་ཉི་མའི་ཕོད་ཀ་ཅན། །འོད་ཟེར་འབར་བའི་ཟང་རལ་ཅན། །ཉི་ཟེར་དཀར་པོའི་ཞགས་པ་འཕེན། །ཞབས་ཀྱིས་སྲིད་བའི་རྩེ་མོ་གནོན། །ཕྱག་གིས་སྲིད་པའི་ཚེ་བྲག་སྡུད། །ཁྱུང་ཀ་ཤོན་ནས་གཞའ་ལྕག་རྡེག། །སྐྱེ་འགྲོ་ཡོངས་ལ་མིག་རྩ་སྒྲིབ། །རླུད་དང་བུ་ཡུག་རལ་པ་ཅན། །གནམ་ལྕགས་ཁྲོས་པའི་མཆེ་བ་གཙིགས། །དར་ནག་འོད་ཀྱི་ལྕགས་བསྐྱོང་མ། །རྒྱལ་མོ་དབྱར་ནས་འགྲོགས་པའི་ཚེ། །གཡུ་ལུ་འོད་ཀྱི་མར་ཤོད་ན། །མཐིང་ནི་གུར་བ་གུར་ཡོན་ཏན། ཁུགས་སྒྲོལ་བཅུ་ཡི་འཁོར་དུ་བསྐོར། །རྒྱལ་མོ་སྟོན་ན་བཞུགས་པའི་ཚེ། །གསེར་མདོག་བཅུ་གཉིས་རང་སྐྱེགས་མ། །རྒྱལ་མོ་དགུན་ན་བཞུགས་པའི་ཚེ། །སྲིད་པའི་དཔལ་སྐྱེད་དགུན་ཡུལ་ན། །འཕྲ་མེད་གསེར་གུར་མངའ་བདག་མོ། །ཡེ་ཤེས་ཀར་ལུང་ཁོང་སེར་ནས། །རྒྱལ་མོ་དབྱིད་ན་བཞུགས་པའི་ཚེ། །མཁའ་ལ་དྲོད་འབེབས་བཅུ་གཉིས་བསྣན། །ཁྱོད་ནོ་སྒོས་མཁན་ལྕམ་མོ་ཡིན། །ནམ་མཁའ་བཅུ་གཉིས་ཐུགས་དམ་བསྐང་། །བདུད་ལ་དབང་སྒྱུར་མཐུ་མོ་ཆེ། །སྐོང་རྗེ་བྲང་དཀར་བཀའ་སྒྱུར་ལ། །བྱ་ནག་ལུག་ནག་འདི་ཡིས་བསྐང་། །རྒྱལ་མོ་དགུན་ན་བཞུགས་པའི་ཚེ། །བུ་ཡུག་གངས་ཀྱི་ཕོད་ཀ་ཅན། །ནམ་མཁའ་སྐྱ་མོའི་མངའ་བདག་མོ། །རྒྱལ་མོ་དཔྱིད་ན་བཞུགས་པའི་ཚེ། །གཏིང་ར་དྲོད་ལུང་ཁྱུད་འཁོར་ནས། །མ་ཁྱིམ་ཚེན་མོ་ཁ་དགུ་མ། །ལྷོ་གུར་སྐྱ་མོ་ན་བཟའ་གསོལ། །ལྕགས་ཀྱི་དྲེ་རྟ་དགུ་ལ་ཞོམ། །གཏིང་ཁམས་ཞབྲུག་ཅིང་དོད་གློང་མ། །རྒྱལ་མོ་སྲིད་ཀྱི་ལས་མཁན་མོ། །ནམ་མཁའ་དམར་མོའི་མངའ་བདག་མོ། །རྒྱལ་མོ་དབྱར་ན་འགྲོགས་ཙམ་ན། །རྒྱ་མཚོ་རུ་ཡི་དགུ་ལིང་ན། །མཐིང་ནག་གུར་ཕུབ་སྐོངས་སེ་སྐོངས་། །ཆུ་དར་ཡོལ་བ་ཁྱུད་དེ་ཁྱུད། །གཡུ་ཡི་ཚུགས་ཤིང་རེངས་སེ་རེངས་། །གུར་དང་ཡུལ་གྱི་ནང་ཤེད་ན། །གཡུ་ཆར་ཟམ་ཟིམ་ཁ་ཆུ་ལ། །ནམ་མཁའ་སྔོན་མོའི་མངའ་བདག་མོ། །རྒྱལ་མོ་སྟོན་དང་འགྲོགས་པའི་ཚེ། །གངས་ཀྱི་རི་རབ་གསེར་མཚོ་ན། །གསེར་གུར་མང་པོ་སྐོངས་སེ་སྐོངས་། །བུད་མེད་གསེར་གྱི་ཕོད་ཀ་ཅན། །ཕོད་མཁར་འབྲས་བུ་བ་་ཆགས་མ། །ཆིབས་སུ་བདུད་ཀྱི་རྟ་ལ་ཞོན། །རྒྱལ་མོ་སྟོན་གྱི་ལས་བྱེད་མ། །ནམ་མཁའ་གསེར་མིག་མངའ་བདག་མ། །འཁོར་ནི་ནག་མོ་བཞི་ཡིས་བསྐོར། ཁྲར་ནས་བསྐོང་བའི་ནག་མོ་ནི། །ནག་མོ་སྲིད་པར་ཉལ་བྱེད་མ། །ཤེལ་སྒོང་ནག་མོ་སྤྱི་དཀར་བདག། །ནག་མོ་ལྕགས་སྐད་ལ་འབེབས་ན། །ནམ་མཁའ་ནག་མོའི་མངའ་བདག་མོ། །ལྷོ་ནས་བསྐྱོད་པའི་ནག་མོ་ནི། །ནག་ཆོ།་དུད་༩་་ཤམ་ཐབས་ཅན། ཁྲེལ་སྒོང་ནག་མོའི་མངའ་བདག་མོ། །ལྷོ་ནས་སྲིད་པ་དབང་ལ་འདེབས། །ལག་ན་བདུད་ཀྱི་ཁྲམ་ཐོགས་མ། །ཁྱོད་ནི་ནམ་མཁའ་མཐིང་གིང་བདག། །ནུབ་ནས་བསྐོར་བའི་ནག་མོ་ལ། །ནག་མོ་ཆ་རི་རྒྱ་མ།ཚོའི་བདག། ཁོ།ལ་སྒོང་ནག་མོ་ཆུ་ཁའི་བདག། །ལག་ན་ཁྲག་གི་རྐྱལ་པ་ཐོགས། །ཁྱོད་ནི་ནམ་མཁའ་དམར་མོའི་བདག། །བྱང་ནས་བསྐོར་བའི་ནག་མོ་ན། །ནག་མོ་གསེར་གྱི་ཟངས་དལ་ཅན། །ལག་ན་གླེང་ཐོགས། ཁྲེལ་སྒོང་ནག་མོ་ལྟ་སེར་བདག། །དུས་བཞུ་ལས་བྱེད་སྦུན་དགུ་བྱེད། །མཆེ་བ་དགུ་གཅིགས་སྲིད་པ་ཟ། །ཉི་མ་དགུ་ཡི་མིག་ཟུར་ལྟ། །སྐྲུན་དགུ་ཞག་གི་ཕོད་ཀ་ཅན། །འབ་་་ཀྱེས་གསེར་གྱི་རི་བདུན་གནོན། །ཕྱག་གིས་སྣང་སྲིད་ཚེ་བཀྲག་སྡུད། །ཆོ་འཕྲུལ་ཞགས་པ་དགུ་འཕེན་མ། །དལ་ནད་འབེབས་པས་ཁྲག་ལུས་མ། །ནག་མོ་རལ་པ་དགུ་ཐིབས་མ། །ཁྱོད་ནི་ནམ་མཁའ་ཀློག་གི་བདག། །འཛམ་བུ་གླིང་བཞིར་ཉལ་བའི་ཚེ། །ན་བཟའ་སྨུག་ནག་སྐུ་ལ་གསོལ། །ཆིབས་སུ་མཛོ་དང་རྟོལ་ལ་ཆིབས། །ཁྲག་གི་རིལ་བ་ཁལ་དུ་བཀལ། །ནག་མོ་ནམ་གྲུ་སྦུན་དགུ་མ། །ནམ་མཁའ་རྒྱུ་ཡི་མཁའ་བདག་མོ། །ཁྱོད་ལ་མིང་པོ་དགུ་ཡོད་དེ། །ཇོ་བོ་དགུ་ཡི་མིང་དགུ་ནི། །ཁ་ཚིག་ལྕེ་ཚིག་ཇོ་བོ་མིང་། །སྐྱེ་ཤི་མཛད་ཡག་ཇོ་བོའི་མིང་། །བདུད་རྗེ་སྨང་ཁྲག་ཇོ་བོའི་མིང་། །བདུད་ཤེ་རུ་གཅིག་ཇོ་བོའི་མིང་། །ལྷོ་བ་ཤ་ཟན་ཇོ་བོའི་མིང་། །ནག་པོ་བམ་པ་ཇོ་བོའི་མིང་། །འཐོམ་པོ་སྙིང་ཟན་ཇོ་བོའི་མིང་། །ནག་པོ་ཕུད་མེད་ཇོ་བོའི་མིང་། །མིང་དགུ་ལྕམ་དགུ་གླུད་ཀྱི་བདག། །མིང་དགུ་ལུག་ལ་ཁ་བསྟན་ནས། །བདུད་ལུག་ནག་པོ་སྤྱི་ཀར་གྱིས། །སྲིད་པའི་མིང་གི་གླུད་དུ་འབུལ། །བདུད་ལ་དབང་སྒྱུར་མཐུ་བོ་ཆེ། །ཁྱོད་ལ་ནག་པོ་འདི་ཡིས་བསྐང་། །ཡ་བདུད་ལག་ཏུ་ཤོ་ར་རེ། །གླིང་བཞི་མཚམས་ཀྱི་གུར་བཞིན། །དྲེགས་པ་ལྕམ་དྲལ་བརྒྱད་བཞུགས་པ། །ལྷོ་ནུབ་མཚམས་ཀྱི་མཐིང་གུར་ནས། །མི་ནག་རྟ་ནག་ལྕམ་མོ་གཅིག །ལག་ན་སྲིན་པོའི་བདུང་ཐོགས་མ། །ན་བཟའ་དར་ནག་སྒོགས་མ་ལ། །དམར་སྨུག་མེ་ཡི་ཕོད་ཀ་ཅན། ་༑ད་རྗེ་དཀར་ནག་ལག་ན་ཐོགས། །མིང་ནག་རྟ་ནག་བཀའ་བསྒྱུར་ལ། །བདུད་ཀྱི་ཕྱག་བརྙན་ད་ར་རེ། །ནུབ་བྱང་མཚམས་ཀྱི་གཡུ་གུར་ནས། །མི་སྔོན་རྟ་སྔོན་ལྕམ་མོ་གཅིག །ལག་ན་ཁྲམ་ཤིང་དཀར་ནག་ཐོགས། །མཚན་ནི་སྔོན་མོ་གཡུ་འཐུངས་མ། །ན་བཟའ་གཡུ་ཡི་ན་བཟའ་ལ། །ཧ་ལོ་མེ་ཏོག་ཆ་ག་ཅན། །མི་སྔོན་རྟ་སྔོན་བཀའ་བསྒྱུར་ཅིག །བྱང་ཤར་མཚམས་ཀྱི་གསེར་གུར་ནས། །མི་སེར་རྟ་སེར་ལྕམ་མོ་ནི། །ལག་ན་མཚོན་ཚ་སྣ་ཚོགས་ཐོགས། །མཚོ་ནི་སེར་མོ་ལས་བྱེད་མ། །ན་བཟའ་གསེར་གྱི་ན་བཟའ་ལ། །ར་གན་འབར་བའི་ཆ་ག་ཅན། །མཚན་ནི་སེར་མོ་ལས་མཁན་མོ། །མི་སེར་རྟ་སེར་བཀའ་བསྒྱུར་ཅིག། །ལྷོ་ཤར་མཚམས་ཀྱིས་གླིང་གུར་ནས། །མི་དམར་རྟ་དམར་ལྕམ་མོ་ཅིག། །ལག་ན་གཅོད་པའི་སྐྲུ་གྲི་ཐོགས། །མཚན་ནི་ཤན་པ་གྲི་ཐོགས་མ། །ན་བཟའ་ཟངས་ཀྱི་ན་བཟའ་ལ། །བྱུ་རུ་འབར་པའི་ཆ་ག་ཅན། །མཚན་ནི་དམར་མོ་རལ་གཅིག་མ། །མི་དམར་རྟ་དམར་བཀའ་བསྒྱུར་ཅིག། །སྲིད་པའི་བུད་མེད་བདུད་བཙན་ལྕམ། །གླིང་བཞི་མཚམས་ཀྱི་བདུད་མོ་བཞི། །ནམ་མཁའ་བརྒྱད་ཀྱིས་ཐུགས་དམ་བསྐང་། །བདུད་བཙན་ཁྲམ་ལ་ཐེབས་སམ་རེ། །ཕྱག་བརྙན་ལག་ཏུ་ཤོ་ར་རེ། །སྲིད་པའི་གླིང་ཁམས་ཡ་ག་ན། །ར་སྨུག་དེ་ནི་ལུད་དུ་སྨུག། །མཆོང་གི་བུད་མེད་གཡུ་ཡི་ལྕམ། །མཚན་ནི་དམུ་ལྕམ་བྲ་མ་ཉན། །ཟ་འོག་གུར་ལ་གཡུ་ཡི་ཡོལ། །གུར་དང་ཡོལ་གྱི་སྟ་ཟུར་ལ། །དམུ་བྱ་གོང་སྔོན་འཆགས་ཤིང་འཕུར། །དམུ་ནག་དམུ་ཡི་མདུད་ཟུར་མ། །རྨ་བྱ་སྦུངས་པའི་ཐུལ་པ་གསོལ། །མིང་པོ་དམུ་བདུད་བཀའ་སྒྱུར་ལ། །དམུ་ཁམས་ཆེན་པོས་བཀའ་པ་རེ། །དམུ་བ་ཙན་ལག་ཏུ་ཤོར་ར་རེ། །བར་སྣང་ནམ་མཁའི་མཐོངས་གོང་ནས། །སྲིད་པའི་བུད་མེད་ཉི་མ་འཕྲེང་། །ན་བཟའ་ནམ་མཁའི་བཟའ་རལ་ཅན། །སྤྲིན་དཀར་བརྩེགས་པའི་ཕོད་ཀ་ཅན། །གནམ་སྨན་འབུམ་གྱི་གཙོ་མོ་མཛད། །དཀར་མོ་དུང་གི་ཐོད་རྡེང་ཅན། ཁོ།ལ་གྱི་སེར་བ་ཡར་ཐབས་འཐོར། །ནམ་མཁའ་སྟོང་ལ་དབང་སྒྱུར་བ། །ནམ་མཁའི་མ་མོ་དྲུག་ཟུར་མ། །ཁྱོད་ནི་ཡ་ཇོ་དཀར་པོའི་ལྕམ། །གནམ་གྱི་དཀར་པོ་ཁ་བསྒྱུར་ལ། །རྒྱལ་མོ་དམངས་ལ་བབས་སམ་རེད། །བསྣམས་ཏེ་ལག་ཏུ་་།ར་ར་རེ། །བི་ཌ་ནམ་མཁའི་འོད་གླིང་ནས། །སྲིད་པའི་པུད་མེད་གློག་མདའ་འཕེན། །སྐྱ་རེངས་འོད་ཀྱི་བཟང་རལ་ཅན། །སྤྲིན་དཀར་བརྩེགས་པའི་ཕོད་ཀ་ཅན། །ཉི་ཟེར་ཁྲ་བོའི་རལ་པ་ཅན། །ཕྱག་ན་སྐར་མདའ་ཕྱོགས་བཅུར་འཕེན། །སྐར་ཆེན་ལུས་ལ་ཟ་ཟུར་མ། །ནམ་མཁའ་ལྔ་ཡི་མངའ་བདག་མོ། །ཐེ་བྲང་ཁྲ་བོ་ཁ་སྒྱུར་ཅིག། །ཐེ་བྲང་ཕུགས་སུ་ཞུ་ས་རེ། །ཐེ་བྲང་ལག་ཏུ་་།་ར་རེ། །སྲིད་པའི་བུད་མེད་མཐུ་མོ་ཆེ། །མ་་།ད་གླིང་གི་མངའ་བདག་མོ། །སྐུ་ལ་པདྨའི་འཕྲེང་བ་ཅན། །སྐུ་ལ་སེར་གྱི་ཐུལ་པ་གསོལ། །ས་ཐེབ་ནག་པོ་ཁ་བསྒྱུར་ལ། །གྲོང་དུ་འབྱུང་པོ་བབས་ས་རེ། །སྲིབས་ཀྱི་ལག་ཏུ་་།ར་ར་རེ། །སྲིད་པའི་བུད་མེད་མི་བཟད་མ། །མཛད་པའི་ཆ་ལུགས་ཐོལ་མ་གྱུར། །སྤྱི་གཙུག་རལ་པ་རྡོ་རྗེ་འགྲེང་། །དྲག་ཤུལ་ཚང་རྨད་སྲིད་ལ་བྱེད། །བུད་མེད་དབུ་ལ་གདོང་དྲུག་མོ། །དམར་མོ་གློག་གི་གདོང་རང་མ། །སྲི་ཅན་ལག་ཏུ་་།་ར་རེ། །སྲོ་ཅན་གདུག་བའི་དྲུག་ཟུར་མ། །སྲིད་དེ་དམར་མོ་ཁ་བསྒྱུར་ལ། །བློན་པོའི་མང་པོ་དར་ར་རེ། །སྲི་མགོ་ལག་ཏུ་ཤོ་ར་རེ། །སྔོན་གྱི་བདུད་མོའི་ཐུགས་དམ་བསྐང་། །སྲིད་པའི་བུད་མེད་རལ་གཅིག་མ། །དཔྲལ་ན་དམར་མོ་གཅིག་ཟངས་ཀྱི་ཞལ། །ཁ་ནས་སོ་གཅིག་གྱེན་ལ་གཙིགས། །སྤྱི་གཙུག་རལ་གཅིག་ཁྲག་གི་དབུ། །ལག་ན་ཚུབ་མའི་སྣམ་བུ་འགྲེང་། །ན་བཟའ་བསེ་ཡི་སླག་པ་ལ། །དམར་ནག་ཁྲག་གི་ཕོད་ཀ་ཅན། །ནག་མོ་སྲིད་པའི་དྲུག་ཟུར་མ། །ནག་མོ་ཉམས་ཅན་སྤུན་གསུམ་གྱིས། །དམར་པོ་སྤུན་གསུམ་ཁ་སྒྱུར་ཅིག། །སྲོག་བདག་ནར་བ་བྱུང་ང་རེ། །ཡམ་ཤུད་དམར་པོ་ཐུགས་སུ་བཅུག་ག་རེ། །བྲག་སྲིན་དམར་པོ་ཡུལ་ཕྱིར་འཁོར་ར་རེ། །མི་རེང་དམར་པོའི་ལག་ཏུ་ཤོ་ར་རེ། །གཏིང་བདུས་ནག་མོའི་སྤྲུལ་པའི་ལུས། །སྲིད་པར་འ་ས་པའི་ཁྲག་འཐུང་མ། །གླིང་བཞི་ཉུལ་ཞིང་ཁྲག་ལ་སྒྲོ། །ཆིབས་སུ་རླུ་་གི་འཁོར་ལོ་ཆིབས། །དཔྲལ་ན་མིག་གཅིག་སྣང་སྲིད་གསལ། །སེ་སྐྱེར་རལ་པ་ཡེངས་སེ་ཡེངས་། །མཛོ་དང་རྟོལ་གྱི་སླག་པ་ལ། །དྲེད་མོ་བླ་ཚར་ཕོད་ཀ་ཅན། །སྐུ་ལ་སྦྲུལ་གྱི་སྐ་རགས་བཅིང་། །བུད་མེད་ལུས་ལ་ཕོ་ཆས་ཅན། ཁེལ་རྩལ་ལུས་ལ་ལྔ་ཟུར་མ། །ནམ་མཁའ་ལྔ་ཡི་མངའ་བདག་མོ། །ཁྱོད་ནི་གླུ་བཙན་ལྕམ་མོ་སྟེ། །སྐྱེས་བུ་གླུ་བཙན་ལྕམ་མོ་ཡིན། །གླུ་བཙན་ཐམས་ཅད་ཁ་སྒྱུར་ལ། །རྒྱལ་བཙན་སྒྲོག་ལ་བཏབ་པ་རེ། །སྐྱི་བཙན་ལག་ཏུ་ཤོ་ར་རེ། །སྲིད་པའི་བུད་མེད་རོ་ཁྱུང་མ། །ཐབས་ཀྱི་རྫུ་འཕྱུལ་ཡེ་ཤེས་ཅན། །སེང་གེ་དཀར་པོ་ཆིབས་སི་ཆིབས། །ན་བཟའ་མཐིང་གི་སླག་པ་ལ། །གཡུ་བྲན་བརྩེགས་པའི་ཕོད་ཀ་ཅན། །འཇིགས་པའི་རལ་པ་སེ་རལ་ཁ། །ཚངས་པའི་བུ་མོ་བཞི་ཟུར་མ། །བཞི་ཟུར་ལྷགས་ཀྱི་སྲས་གཅིག་མ། །འཁོར་ནི་འདོད་ཁམས་རྒྱལ་མོ་བཞི། །གླིང་བཞི་ཞབྲུག་པའི་ཁྲོ་ཚུལ་མ། །ཇོ་མོ་གཅིག་དང་ཁོལ་མོ་གསུམ། །སྤྱི་འགྲོ་ལེགས་ཀྱི་རྒྱན་ཞལ་མ། །རི་རབ་འགྲིམ་ཞིང་རྒྱལ་མཚོ་བསྐོར། །ནམ་མཁའ་བཞི་ཡི་མངའ་བདག་མོ། །ཁྱོད་ནི་རྗེ་བཙན་ལྕམ་མོ་ཡིན། །རྗེ་བདུད་རྗེ་བཙན་ཁ་བསྒྱུར་ལ། །རྗེ་བདུད་ཁྲམ་ལ་ཐེབས་ས་རེ། །སྲིད་པའི་བུད་མེད་དབང་གི་སྐུ། །ཁྱབ་འཇུག་ནད་ཀྱི་སྐར་མདའ་མ། །བུད་མེད་བུ་ཡི་སྐར་མདའ་འཕེན། །དབང་མོ་ཁྱབ་བདུད་ཞལ་ཅན། །བུད་མེད་བུ་ལ་འཕེང་རྩལ་འཕྲོག་མ། །ཕྱོགས་མཚབས་མེད་པར་སྐར་མདའ་འཕེན། །གཞའ་དང་དགུང་ཚིགས་གཞུ་ཐོགས་མ། །སྲིད་པ་གསུམ་དུ་སྦྲུལ་པའི་ཚེ། །དབང་གི་བུད་མེད་སུམ་རོལ་མ། །ཁམས་གསུམ་ཉུལ་བའི་ཞུགས་ཅན་མ། །སྟོན་གསུམ་ཐུགས་ལ་གོ་མཛད་མ། །ནམ་མཁའ་གསུམ་གྱི་མངའ་བདག་མོ། །ཁྱོད་ནི་བཙན་ཕྲན་ཇོ་མོ་སྟེ། །ལུང་གསུམ་མཚོབ་ཁ་བསྒྱུར་ལ། །བཙམ་གྱི་ཁྲམ་ལ་ཐེམས་ས་རེ། ཁྲར་བའི་ལག་ཏུ་ཤོ་ར་རེ། །སྲིད་པའི་བུད་མེད་དྲི་འདུལ་མ། །དྲི་བཙན་ཟེར་ཐབས་འདུལ་བ་མོ། །རི་རབ་ལྷུན་པོའི་ཟོམ་རྩེ་ནས། །ཁམས་གསུམ་རླབས་ཀྱིས་འདུལ་མཛད་མ། །སྐུ་མདོག་དེ་ནི་དམར་སྐྱ་ལ། །ཕྱག་ན་གསོར་གྱི་ཟངས་གྲི་ཐོགས། །གནས་ལྕགས་ངར་མའི་མཆེ་བ་ཅན། །ཕྱག་ན་ཚོན་ཆའི་བལ་ཚོན་ཐོགས། །སྦུ་གྲི་ཐོགས་པའི་སླག་པ་ལ། །འཁོར་ལོ་བརྩེགས་པའི་ཕོད་ཀ་ཅན། །དུས་བཞི་སྲིད་པའི་ཁྱབ་པར་ཉུལ། །ཁྲོས་ནས་གླིང་བཞི་ཁྲག་ཏུ་འགེངས་། །སྐུ་གཅིག་ཞལ་དྲུག་གསུམ་ཟུར་མ། །ནམ་མཁའ་གསུམ་གྱི་མངའ་བདག་མོ། །མཆོག་ཏུ་ཁྲག་དང་དྲི་ལ་སྣོམ། །དྲི་བོའི་དྲི་ཐབས་ཁ་སྒྱུར་ལ། །དྲི་བཙན་ཐུན་དུ་བྱུང་ང་རེ། །སྲིད་པའི་རོ་ལངས་སྲིད་འདུལ་མ། །རྟ་ཤ་ཟ་བའི་མོ་གདོང་མ། །སྲིད་དགུ་འདུལ་བའི་དཔལ་གྱི་ཡུམ། །སྐུ་ལ་འཇིགས་པའི་རལ་ཁ་གསོལ། །དྲེད་མོ་རལ་པ་དགུ་སྦུལ་མ། །ཟངས་དང་བསེ་ཡི་མཆེ་བ་གཙིགས། །སྲིད་པ་དགུ་གཏིང་ཁ་ཡི་འདེབས། །ཁྲོས་ན་རང་ལ་ཡང་གཡེང་དུས་ན། །སྟོང་གསུམ་མཆི་མཆེ་ཁྲག་གིས་འགེངས་། །གཡས་ན་འཇིགས་པའི་སྦར་ཆེན་རྡེང་། །སྲིད་ཅན་ཁ་ནས་བཟུང་སྟེ་རྡེབས། །གཡོན་ན་དགྲ་སྟ་དྲང་བྱེད་མ །སྲི་ཅན་ཐལ་བར་རློག་མཛད་མ། །ཞལ་ཁ་སྲེ་ཁུང་གདེངས་པ་འདྲ། ཁྲངས་ནས་གློག་སྟོང་བསྣོལ་མར་འདོན། །ཉིན་ཞིང་དུར་ཁྲོད་གནས་ཉུལ་མ། །མཚན་ཞིང་དུར་ཁྲོད་ཁྱབ་པར་འགྲོ །ཐབས་དང་ཤེས་རབ་ཞབས་གཉིས་མ། །སྲིད་པ་གསོལ་བའི་ན་བཟའ་ལ། །སྤྲུལ་པ་ཐབས་ཀྱི་ཕོད་ཀ་ཅན། །དུར་སྲི་ནག་པོ་ཁ་བསྒྱུར་ལ། །སྲི་དགུ་ཅན་ལངས་ས་རེ། །སྲི་ཅན་ལག་ཏུ་ཤོ་ར་རེ། ཁྱོད་ནི་ནམ་མཁའ་གཅིག་གི་བདག །བསྐང་ངོ་མ་མོ་ཁྱོད་བསྐང་ངོ་། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ལས། །བདུད་མོ་ཕོད་ཀ་ཅན་བཅུ་གསུམ་བསྐང་བ་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བདུད་མོ་ཁྱོ་ཚོལ་འདི་རྣམས་ཀུན། །ནག་བརྒྱའི་བསྐང་བཟློག་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །བསྐང་བཟློགས་ལས་རྣམས་གོང་མ་བཞིན། །འདི་ཡི་བཅའ་ཐབས་ནི། །འབྲུ་སྣ་མང་པོ་ལ་རིན་པོ་ཆེ་བརྡར་ལ་སྦྲུའོ། །དེ་ཚེ་གསུམ་དུ་བཅད་ལ་གཅིག་ལ་བུད་མེད་ནག་མོ་དགུ་བྱའོ། །གཅིག་ལ་འབྲང་རྒྱས་དགུ་བྱའོ། །གཅིག་ལ་ར་རབ་གླིང་བཞི་བྱའོ། །འབྲང་རྒྱས་དགུ་ལ་འཕང་ཁྲ་དགུ་གཟུགས་སོ། །བཟང་རས་ཀྱིས་བརྒྱན་པའོ། །ནག་མཁའ་བཅུ་གསུམ་བྱ་སྟེ། གཙོ་མོ་ལ་ནག་པོ་ཁོང་སྔོན་གཅིག་བྱའོ། །དེའི་ཕྱི་མ་ལ་ནག་པོ་དུང་མིག་གཅིག །གཡུ་མིག་གཅིག །ཟངས་མིག་གཅིག །གསེར་མིག་གཅིག །འབྲི་གཉིས། ར་གཉིས། ནག་མོ་ཟངས་མ་བཞི་སྟེ་བཅུ་གསུམ་བྱའོ། །ཕྱེ་གཙང་མ་གཅིག་ལ་ལུག་པོ་མཁའ་སྐྱ་གཅིག །ལུག་ནག་པོ་གཅིག་ལ་བདུད་མོ་ནག་མོ་གཅིག་བསྐྱོན་པར་བྱ། །བྱ་ནག་པོ་ལ་བུད་མེད་ནག་མོ་གཅིག་བསྐྱོན་པར་བྱ། །ལུག་ཕྱིར་ཤཱ་ལ་དབང་བ་ཡིན། །འཐིབས་ཤིང་ལྕི་བའི་ནད་བདག་མོ། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྐོང་གྱུར་དགྲ་བགེགས་བཟློག་གྱུར་ཅི །ནག་རྒྱ་འདི་ཡིས་ཐུགས་དམ་བསྐང་། །མ་མོ་དེ་ཡི་གཅིང་མོ་ནི། །ལྷ་མིན་བུ་མོ་ཁྱོ་ཚོལ་མ། །འབྲི་ཡ་ནམ་མཁའ་ནག་མོ་ལ། །ནམ་མཁའ་གུར་ནག་སྐོངས་སེ་སྐོངས་། །ཡོལ་ནག་མང་པོ་ཁྱུད་དེ་ཁྱུད། །དེ་ལྟ་བུ་ཡི་ནང་ཤེད་ན། །བུད་མེད་ནག་མོ་ཧྲལ་ཧྲལ་མོ། །ཕུང་བྱ་མང་པོ་གདོང་ལ་འདེད། །ཁ་བརྒྱད་མང་པོ་ཚེ་རེ་རེ། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །སྐོང་གྱུར་དགྲ་བགེགས་བཟློག་གྱུར་ཅིག །ནག་རྒྱ་འདི་ཡིས་ཐུགས་དམ་བསྐང་། །མ་མོ་དེ་ཡི་འབྱུང་མོ་ནི། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་བྱང་ཤར་མཚམས་ཤེས་ན། །བྲག་དང་ཆུ་འཐབ་ཕ་གི་ན། །བྱང་ཟང་ཐད་རི་དམར་པོ་བྱ། །ཟངས་མཚོ་དམར་པོ་ཁྱིལ་ལི་ལི། །དེ་ལྟ་བུ་ཡི་ནང་ཤི།ན། །མེ་མེད་ཤིང་མེད་རྒྱུ་ཞགས་དགུ། །བཟར་མེད་གཙང་མེད་དགུང་ཞགས་དགུ། །དགུང་ཞགས་དགུ་གསུམ་ཕར་འདས་ན། །ལྟས་ངན་སྲིན་བྱ་ཉིན་དང་སྒོང་། །འགྲག་ལྕོག་སྔོན་མོ་མཚན་ཡང་འགྱུར། །མི་སྐྱིད་དེ་ནི་སྡུག་ཡུལ་ན། །དེ་ན་དགའ་བོ་དགོན་པ་ཙམ། །དེ་ན་བསྐང་བ་ཡོག་པ་ཙམ། །དེ་ལྟ་བུ་ཡི་ནང་ཤེད་ན། །ནམ་མཁའ་བལ་བག་ནམ་མཁའ་ལ། །དར་ནག་གུར་ཕུབ་སྐོངས་སེ་སྐོངས་། །དར་ནག་ཡོལ་བ་ཁྱུད་དེ་ཁྱུད། །དེ་ལྟ་བུ་ཡི་ནང་ལ། །དེ་སྔོན་གུར་ཕུབ་སྐོངས་སེ་སྐོངས་། །དར་སྔོན་ཡོལ་བྱ་ཁྱུད་དེ་ཁྱུད། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྐོང་གྱུར་དགྲ་བགེགས་བཟློག་གྱུར་ཅིག །ནག་རྒྱ་འདི་ཡི་ཐུགས་དམ་བསྐང་། །མ་མོ་དེ་ཡི་གཅུང་མོ་ནི། །བདུད་ཀྱི་བུ་མོ་ཁྱོ་ཚོལ་མ། །བུད་མེད་ནག་མོ་ཧྲལ་མི་མོ། །ཕུང་བྱ་མང་གདོང་ལ་དེད། ཁུ་ཏ་མང་མོ་གདོང་ལ་དེད། །ནམ་མཁའ་བལ་ནག་ནམ་མཁའ་ལ། །དར་ནག་གུར་ཕུབ་སྐོངས་སེ་སྐོངས་། །དར་ནག་ལ་བ་ཁྱུད་དེ་ཁྱུད། །བསྐོང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །སྐོང་གྱུར་དགྲ་བགེགས་བཟློག་གྱུར་ཅིག། །ནག་རྒྱ་འདི་ཡིས་ཐུགས་དམ་བསྐང་། །མ་མོ་དེ་ཡི་གཅུང་མོ་ནི། །བཙན་གྱི་བུ་མོ་ཁྱོ་ཚོལ་མ། །བུད་མེད་ནག་མོ་ཧྲལ་ཧྲལ་མོ། །ཧྲལ་ཧྲལ་ཆེན་མོ་ཁྲག་མིག་མ། །མུ་མེན་གུར་གྱི་ནང་ཤེད་ན། མི་རྐང་དུང་དུ་འབུད་ཅིང་མི་རྐང་གླིང་བུ་འབུད། །ཕུང་བྱ་མང་པོ་གདོང་ལ་དེད། །སྲིན་བྱ་མང་པོ་གདོང་ལ་དེད། །རྐན་སྒྲ་གྲགས་པ་ཆེམས་སེ་ཆེམས། །ཁུ་སྐད་བྱུང་བྱུང་ཅིག་ཅིག་ཟེར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། སྐོང་གྱུར་དགྲ་བགེགས་བཟློག་གྱུར་ཅིག །ནག་རྒྱ་འདི་ཡིས་ཐུགས་དམ་བསྐང་། །མ་མོ་དེ་ཡི་གཅུང་མོ་ནི། །རྒྱལ་པོའི་བུ་མོ་ཁུལ་ཚོལ་མ། བུད་མེད་དཀར་མོ་ཧྲལ་ཧྲལ་མོ། །ཕུང་བྱ་མང་པོ་གདོང་ལ་དེད། །ཆུ་བྱ་ཟལ་མོ་གདོང་ལ་དེད། །མཛེད་ནད་སྣ་ཚོགས་གཏོང་བའི་བདག །བལ་དཀར་དེ་ཡི་ནམ་མཁའ་ལ། །དར་དཀར་གུར་ཕུབ་སྐོངས་སེ་སྐོངས་། །དར་དཀར་བ་དན་ལྷབས་སེ་ལྷབས། ཁྲེལ་གྱི་རྟེའུ་ཁྲིགས་སེ་ཁྲིགས། །དར་དཀར་ཡོལ་བ་ཁྱུད་དེ་ཁྱུད། །ཁྱོད་ནི་ནག་རྒྱའི་མངའ་བདག་མོ། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །སྐོང་གྱུར་དགྲ་བགེགས་བཟློག་གྱུར་ཅིག །ནག་རྒྱ་འདི་ཡིས་ཐུགས་དམ་བསྐང་། །མ་མོ་དེ་ཡི་གཅུང་མོ་ནི། །ས་བདག་བུ་མོ་ཁྱོད་ཚལ་མ། །མེད་ཁྲག་མོ་ཧྲལ་ཧྲལ་མོ། །འོག་གི་ནག་མོ་ཕུང་ཁྲོལ་མ། །ས་བདག་ཆེན་མོ་པདྨ་འཕྲེང་། །ཕུང་བྱ་པུ་ཤུད་གདོང་ལ་དེད། །ནམ་མཁའ་དེ་ནི་ཁྲ་མོ་ལ། །ཧ་ཡི་གུར་ཕུག་སྐོངས་སེ་སྐོངས་། །གཟི་ཡི་སྟེགས་བུ་ཁྲིགས་སེ་ཁྲིགས། །ཧ་ཡི་གདན་ཁྲི་སྟོབས་སེ་སྟོབས། །ཧ་ཡི་ཡོལ་བ་ཁྱུད་དེ་ཁྱུད། །ནག་རྒྱ་འདི་ཡིས་ཐུགས་དམ་བསྐང་། །བསྐང་ཡང་བསྐང་སྟེ་བཟློག་ཀྱང་བཟློག། །བསྐང་བཟློག་ཆེན་པོའི་ལས་མཛད་མ། །རིམ་ཁ་བསྒྱུར་ལ་དལ་ཁ་བསྒྱུར། །བསྒུར་བདག་ཆེན་མོ་གླུད་ལ་གཤེགས། །ཡས་བདག་ཆེན་མོ་ཡས་ལ་གཤེགས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །བདུ་ད་མོ་བཀོལ་བྱང་མས། བདུད་མོ་ཁྱོད་ཚོལ་མ་བཅུ་ལ་གླུད་བསྔོ་བའི་ལེའུ་སྟེ་ཞེ་དགུ་པའོ། །ད་ནི་བྲན་མོ་ཁྱོ་སྟོར་མ་དགུ་ལ་གླུད་བསྔོ་བ་ནི། །འཕང་རེ་ལ་བཟང་རལ་རེ་བཏགས་ལ། །ལུག་ནག་མོ་ལ་བྱ་ནག་མོ་བསྐྱོན་ལ་གཞག །གཡུ་ཡི་འཕང་ལ་གསེར་གྱི་འཕང་ལོ་གསལ་ཏེ་གཞག །དེ་ནས་གླུད་བསྔོ་བ་འདི་སྐད་དོ། །ས་ཡི་དེ་ནི་ལུག་ནག་ལ། །གནམ་གྱི་དེ་ནི་བྱ་ནག་སྐྱོན། །དཔལ་ལྡན་དབུས་ཀྱིས་ཁྱོ་སྟོར་མ། །བདུད་ཀྱི་ལྕམ་ལ་གཤིན་རྗེའི་ཡུམ། །ཆུ་ནད་ཐབས་ཅད་བཟློག་ཏུ་གསོལ། །གླུད་བདག་ཆེན་མོ་གླུ་འདི་བཞེས། ཁྲར་གྱི་ཕྱོགས་སུ་ཁྱོད་སྟོར་མ། །མི་བཟད་རྡོ་རྗེ་རལ་གཅིག་མ། །སྲིན་མོ་མང་པོའི་སྒྱུལ་པ་འགྱེད། །སྙིང་ཆུ་སྟོང་གཟེན་ནད་འདི་བཟློག །གླུད་བདག་ཆེན་མོ་གླུད་འདི་བཞེས། ཁྲར་ལྷོ་མཚམས་ཀྱི་ཁྱོད་སྟོར་མ། །དྲང་སྲོང་དཀར་སྐྱ་མཆེ་བ་ཅན། །གཟའ་དང་རྒྱུ་སྐར་སྦྲུལ་བ་འགྱེད། ཁུ་གཟེར་བཅུ་པའི་དལ་འདི་བཟློག །གླུད་བདག་ཆེན་མོ་གླུད་འདི་བཞེས། །ལྷོ་ཡི་ཕྱོགས་ཀྱི་ཁྱོད་སྟོར་མ། །དཔལ་ལྡན་གཉན་གྱི་རེ་མ་ཏི། །ནག་གྲུ་མང་པོ་སྤྲུལ་པ་འགྱེད། །གཡོན་པ་ཤུ་བའི་ནད་འདི་བཟློག །གླུད་བདག་ཆེན་མོ་གླུད་འདི་བཞེས། །ལྷོ་ནུབ་མཚམས་ཀྱི་ཁྱོད་སྟོར་མ། །འཇིག་རྟེན་ཕུང་བྱེད་ནག་མོའི་འདི། །སྲིན་པོ་མང་པོའི་སྤྲུལ་པར་འགྱེད། །ཚ་བའི་ནད་འདི་བཟློག་ཏུ་གསོལ། །གླུད་བདག་ཆེན་མོ་གླུད་འདི་བཞེས། །ནུབ་ཀྱི་ཕྱོགས་ཀྱི་ཁྱོད་སྟོར་མ། །གླུད་བདག་ཆེན་མོ་འདི་ནི། །འཁོར་ནི་གླུ་བྲན་སྟོང་གིས་བསྐོར། །མཛེ་ནད་འདི་ཡང་བཟློག་ཏུ་གསོལ། །གླུད་བདག་ཆེན་མོ་གླུད་འདི་བཞེས། །ནུབ་བྱང་མཚམས་ཀྱི་ཁྱོད་སྟོར་མ། །རྒྱ་རྒྱེན་ལྷ་ཞེན་ཆེན་མོ་ནི། །རླུ་་ལྷའི་བུ་མོ་སྤྲུལ་པར་འགྱེད། །རླུད་བསྙོན་ནད་འདི་བཟློག་ཏུ་གསོལ། །གླུད་བདག་ཆེན་མོ་གླུད་འདི་བཞེས། །བྱང་གི་ཕྱོགས་ཀྱི་ཁྱོད་སྟོར་མ། །ནག་མོ་ཆེན་མོ་ཨེ་ཀ་ཤམ། །གནོད་སྦྱིན་ནག་པོ་སྦྲུལ་པར་འགྱེད། །ལྷོག་བ་སྐྲེངས་པའི་ནད་འདི་བཟློག། །གླུད་བདག་ཆེན་མོ་གླུད་འདི་བཞེས། བྱང་ཤར་མཚམས་ནས་ཁྱོད་སྟོར་མ། །གླང་གཟེར་འཚེ་བའི་ནད་བདག་མོ། །བྱི་ན་ཡ་གའི་སྦྲུལ་པར་འགྱེད། །ཚ་བའི་གཟེར་ནད་བཟློག་ཏུ་གསོལ། །གླུད་བདག་ཆེན་མོ་གླུད་འདི་བཞེས། །བདུད་མོ་བཀོལ་བྱང་ལས། །བྲན་མོ་ཁྱོད་སྟོར་མ་དགུ་ལ་གླུད་བསྔོ་བའི་ལེའུ་སྟེ་ལྔ་བཅུ་པའོ། །དེ་ནས་བདུད་མོ་ཁྱོ་ཚོལ་བཞི་ལ་གླུད་བསྔོ་བ་འདི་སྐད་དོ། །ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་བྱང་ཤར་མཚམས་ཤེད་ན། །གླིང་གི་མིང་ནི་ཁྱི་ཡི་གླིང་། །བྱ་ཡི་མིང་ནི་གསེར་གྱི་བྱ། །མཚི་ཡི་མིང་མི་གཡུ་ཡི་མཚོ། །གསེར་བྱ་གཡུ་མཚོའི་ནད་ཤེད་ན། །སྔོན་གྱི་རྒྱལ་མོ་ཁྱོ་མི་འདོད། །ད་ལྟ་བདུད་མོ་ཁྱོ་ཚོལ་མ། །འབུལ་ལོ་ནག་མོ་མཁལ་རྒྱ་འབུལ། །བཞེས་ཤིག་གཏན་གྱི་གྲོགས་སུ་བཞེས། །འབུལ་ལོ་ཡུན་གྱི་འབངས་སུ་འབུལ། །ཡུལ་དག་ཤར་ལྷོའིམཚམས་ཤེད་ན། །གླིང་གི་མིང་ནི་ཀི་ཏའི་གླིང་། །བྱ་ཡི་མིང་ནི་གཡུ་ཡི་བྱ། །མཚོ་ཡི་མིང་ནི་གསེར་གྱི་མཚོ། །གཡུ་བྱ་གསེར་མཚོའི་ནང་ཤེད་ན། །སྔོན་གྱི་རྒྱལ་མོ་ཁྱོ་མི་འདོད། །ད་ལྟ་བདུད་མོ་ཁྱོ་ཚོལ་མ། །གླུད་དུ་ནག་མོ་མཁལ་རྒྱ་འབུལ། །བཞེས་ཤིག་གཏན་གྱི་གྲོགས་སུ་བཞེས། །འབུལ་ལོ་ཡུན་གྱི་འབངས་སུ་འབུལ། །བསྐང་ངོ་ཐུགས་དམ་གཉན་པོ་བསྐང་། །རྒྱ་གར་ཟ་ཧོར་བར་ཤེད་ན། །གླིང་གི་མིང་ནི་གྱིན་རྔའི་གླིང། །བྱ་ཡི་མིང་ནི་དངུལ་གྱི་བྱ། །མཚོ་ཡི་མིང་ནི་གསེར་གྱི་མཚོ། །དངུལ་བྱ་གསེར་མཚོའི་ནང་ཤེད་ན། །ཕོ་རུ་སྐྱེས་པ་སྦལ་པ་སྟེ། །མོ་རུ་སྐྱེས་པ་བུད་མེད་ཡིན། །ཁྱོ་ག་བྱ་བ་མིང་ཡང་མེད། །སྔོན་གྱི་རྒྱལ་མོ་ཁྱོ་མའི་འདོད། །ད་ལྟ་བདུད་མོ་ཁྱོ་ཚོལ་མ། །གླུད་དུ་ནག་མོ་མཁལ་རྒྱ་འབུལ། །བཞེས་ཤིག་གཏན་གྱི་གྲོགས་སུ་བཞེས། །འབུལ་ལོ་ཡུན་གྱི་འབངས་སུ་འབུལ། །བསྐང་ངོ་ཐུགས་དམ་གཉན་པོ་བསྐང་། །ཡུལ་དག་ནུབ་བྱང་མཚམས་ཤེད་ན། །གླིང་གི་མིང་ནི་སྲིན་རྟའི་མིང་། །བྱ་ཡི་མིང་ནི་ཟངས་ཀྱི་བྱ། །མཚོ་ཡི་མིང་ནི་དངུལ་གྱི་མཚོ། །ཟངས་བྱ་དངུལ་མཚོའི་ནང་ཤེད་ན། །ཕོ་རུ་སྐྱེས་པ་སྦལ་པ་ཡིན། །མོ་རུ་སྐྱེས་པ་བུད་མེད་ཡིན། །ཁྱོ་ག་བྱ་བའི་མིང་ཡང་མེད། །སྔོན་གྱི་རྒྱལ་མོ་ཁྱོད་མི་འདོད། །ད་ལྟ་བདུད་མོ་ཁྱོད་ཚོལ་མ། །གླུད་དུ་ནག་མོ་མཁལ་རྒྱ་འབུལ། །བཞེས་ཤིག་གཏན་གྱི་གྲོགས་སུ་བཞེས། །འབུལ་ལོ་ཡུན་གྱི་འབངས་སུ་འབུལ། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །གཏིང་བདུད་རྣམས་ཀྱི་ཐུགས་དམ་བསྐང་། །མ་བདུད་རྣམ་ས་ཀྱི་ཐུགས་དམ་བསྐང་། །ཀླུ་བདུད་རྣམས་ཀྱི་ཐུགས་དམ་བསྐང་། །མཚོ་བདུད་རྣམས་ཀྱི་ཐུགས་དམ་བསྐང་། །བདུད་མོ་བཀོལ་བྱང་ལས། །ནག་རྒྱའི་སྐོངས་བཟོ་བསྟན་པའི་ལེའུ་སྟེ་ང་གཅིག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ།།བདུད་མོ་ཁྱོ་མེད་འདི་རྣམས་ལ། །ནག་པོ་སྲིལ་པོས་ཇི་ལྟར་བསྐང་། །ཡང་དག་རྫོགས་ཀྱིས་སྩལ་པ། །བདུད་མོ་ཁྱོ་མེད་འདི་རྣམས་ལ། །ནག་པོ་སྲིལ་པོས་བསྐང་བ་འདིའོ། །གཏིང་ཡུལ་མ་གི་གཏིང་རེ་རིང་། །གཏིང་ཡུལ་གཏིང་དག་མི་ཟབ་སྟེ། །འདོད་ཆགས་རྒྱ་མཚོ་གཏིང་རེ་ཟབ། །རི་བོ་ཡ་གི་དཔངས་ར་མཐོ རི་བོ་དང་ངས་དག་མི་མཐ་སྟེ། །གཏི་མུག་རི་མི་དཔངས་རེ་མཐོ། །རོང་ཁམས་མ་གི་རྩེ་རེ་རྩུབ། །རོང་ཁམས་རྩེ་དག་མི་རྩུ་བ་སྟེ། །ཞེ་སྡང་དགྲམ་བུ་རྩེ་རེ་རྩུབ། །དུག་གསུམ་བསྒྲལ་བ་མར་འདས་ནས། །འབྱུང་བ་ཆུ་དག་མ་ལགས་ཏེ། །ཁྲག་གི་རྒྱ་མཚོ་ཁྱིལ་ལི་ལི། །རྒྱ་མཚོ་དེ་ཡི་དཀྱིལ་ཤེད་ན། །རྡོ་ཡི་གུར་ཕུབ་སྐོངས་སེ་སྐོངས་། །སྲིན་རྡོའི་རེ་ཐག་རྒྱངས་སེ་རྒྱངས་། །ཁྲོ་ཆུའི་ཆུན་ཕུར་ཐམས་སེ་ཐམས། །དེ་འདྲའི་གུར་སྒོ་གཡོས་པ་ན། །སོག་པོ་ནག་པོ་སྒྱུགས་གླུ་ལེན། །དེ་འདྲའི་གུར་སྒོ་གཡོན་པ་ན། །མོན་མོ་ནག་མོ་འགྲེང་འཕྱར་འཛད། །དེ་འདྲའི་གུར་གྱི་ནང་ཤེད་ན། །བཞི་ཟུར་མ་ཅིག་ལྷེམས་སེ་ལྟེམས། །ཐོར་ཚུགས་མ་ཅིག་ཡེཛ་རེ། །བདུད་བསྒྱུར་མ་ཅིག་ཤལ་ལ་ལ། །སྐུ་ཡི་ན་སྡོད་སྡིངས་མ་ལ། །མཛེད་པའི་སྟབས་ནི་ཐོས་མ་གྱུ། །སྐུ་ལ་ཞིང་ཆེན་གཡང་གཞི་གསོལ། །ཐོད་པ་རློན་པའི་ཁ་བད་ཅན། །ནད་ཀྱི་རྐྱལ་པ་མཚན་ན་སྦེ། །སྔོན་དམར་གྲུ་གུ་སྐྱོང་ཞིང་སྡེག། །ཁྱོད་ནི་བདུད་མོ་ཁྱོ་མེད་མ། །དབང་ནི་ནག་མོ་སྲོལ་མི་དབང་། །སྐྱེས་པ་ཕོ་ཡི་སྲིག་མ་གཅོད། །ཟ་མ་མོ་ཡི་སྐལ་མ་གཅོད། །བསྐང་ངོ་ནག་པོ་སྲོལ་པོས་བསྐང་། །རྒྱ་མཚོ་དེ་ཡི་གཏིང་ཤེད་ན། །རུས་པའི་གུར་ཅིག་སྐངས་སེ་སྐངས་། །རུལ་པའི་རེ་ཐག་རྒྱངས་སེ་རྒྱངས་། །ཁྲོ་ཆུའི་ཆོན་ཕུར་ཐམས་སེ་ཐམས། །དེ་འདྲའི་གུར་སྒོ་གཡས་པ་ན། །སོག་པོ་ནག་པོ་སྦྲེ་སླག་གོན། །དེ་འདྲ་གུར་སྒོ་གཡོན་པ་ན། །དོམ་པ་ནག་གུ་ཁྱི་སྐད་ཟུག། །དེ་འདྲའི་གུར་གྱི་མངའ་བདག་མོ། །རུས་པའི་བུད་མེད་ཁྲག་མེད་མ། །རུས་པའི་སླག་པ་གོས་སུ་གྱོན། །ཁྲག་གི་གོས་ལག་ཐིབས་སེ་ཐིབས། །ལས་སུ་མཛེ་ནད་སྣ་ཚོགས་གཏོང་། །ཁྱོད་དང་བདུད་མོ་ཁྱོ་མེད་མ། །དབང་མི་ནག་མོ་སྲོལ་མོ་དབང་། །སྐྱེས་པ་ཕོ་ཡི་སྲོག་མ་བཅད། །ཟ་མ་མོ་ཡི་སྐལ་མ་བཅད། །བསྐང་ངོ་ནག་པོ་སྲོལ་པོས་བསྐང་། །དེ་བས་བག་ཙམ་དམའ་བ་ན། །མཐིང་ནག་གུར་ཕུབ་སྐོངས་སེ་སྐོངས་། །མཐུང་ནག་ཚོན་ཐག་རྒྱངས་སེ་རྒྱངས། །ལྕགས་ཀྱི་ཚོན་ཕུར་ཤ་ར་ར། །དེ་འདྲའི་གུར་སྒོ་གཡས་པ་ན། །ལྕེ་བྱེ་ལྟོ་དཀར་འཕུར་ཞིང་ལྡིང་། །ད་ལྟའི་གུར་སྒོ་གཡོན་པན། །གདུག་པའི་སྦྲུལ་ཅིག་ཁྱུགས་སེ་ཁྱུགས། །དེ་འདྲའི་གུར་གྱི་མངའ་བདག་མོ། །ཁྲག་གི་བུད་མེད་རལ་པ་ཅན། །གོས་སུ་ཁྲག་གི་ཐུལ་པ་གསོལ། །ལས་སུ་དམུ་ཆུ་སྣ་ཚོགས་གཏོང་། །ཁྱོད་དང་བདུད་མི་ཁྱོ་མེད་མ། །དབང་ནི་ནག་པོ་སྲིན་པོ་དབང་། །སྐྱེས་པ་ཕོ་ཡི་སྲོག་མ་གཅོད། །ཟ་མ་མོ་ཡི་སྐལ་མ་གཅོད། །བསྐང་ངོ་ནག་པོ་སྲོལ་པོས་བསྐང་། །དེ་བས་བག་ཙམ་དམའ་བ་ན། །རེ་ལྡེའི་གུར་ཅིག་སྐོངས་སེ་སྐོངས། །རེ་ལྡེའི་ཚོན་ཐག་རྒྱངས་སེ་རྒྱངས་། །ལྕགས་ཀྱི་ཆོན་ཕུར་ཕྲལ་ལ། །དེ་འདྲའི་གུར་སྒོ་གཡས་པ་ན། །གདུག་པ་སྐྲུལ་ཅིག་ཁྱུགས་སེ་ཁྱུགས། །དེ་འདྲ་གུར་གྱི་མངའ་བདག་མོ། །ནག་མོ་ཆས་ཀྱི་བླུན་མོ་ལྒབྲུལ། གོས་སུ་རེ་ལྡེ་ནག་པོ་གོན། ནད་དུ་འབྲས་དང་ཁོལ་མི་གཏོང་། ཁྱོད་དང་ནག་པོ་ཁྱོ་མེད་མ།དབང་ནི་ནག་པོ་སྲོལ་མེད་དབང་། སྐྱེས་པ་ཁམ་ཡི་སྲོག་མ་གཅོད། །ཟ་མ་མོ་སྐལ་མ་གཅོད། །བསྐང་ངོ་ནག་པོ་སྲོལ་པོས་བསྐང་། །བདུད་མོ་ཁྱོ་མེད་སྡེ་བཞི་ཡང་། །གནས་ནི་རྒྱ་མཚོའི་གཏིང་ན་གནས། ཁུ་ནི་གླིང་བཞི་ཁྱབ་པར་རྒྱུ། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ལས་། །གཏིང་བདུད་ཁྱེད་མེད་མ་བཞི་བསྐང་བའི་ལེའུ་སྟེང་གཉིས་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །བདུད་མོ་ཁྱོ་རྐུན་མ་བཞི་ཇི་ལྟར་བསྐང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །འོག་གི་རྒྱ་མཚོ་མར་འདས་ན། །རླུད་ནག་རྡོ་རྗེ་རྒྱ་གྲམ་ཆགས་། ཁྲར་གྱི་རྡོ་རྗེའི་རྩེ་མོ་ལ། །དུང་གི་བུད་མེད་ཁྲག་མེད་མ། །ཤ་ཁྲག་རལ་པ་ཤ་ར་ར། །ཤ་རྗེན་ཟ་ཞིང་ཁྲག་མངལ་འཐུང་། །ཁྱོད་ནི་བདུད་མོ་ཁྱོ་རྐུན་མ། །ཁྱོད་གྱི་ཁྱོ་དག་མི་རྐུ་སྟེ། །སྐྱེ་བ་དེ་ཡི་གོང་མ་ལ། །ཕ་ནི་དྲི་ཟའི་རྒྱལ་པོ་ལགས། །མ་ནི་ལྷ་མོ་ནམ་ཆུང་འཛིན། །ཕ་མ་གཉིས་ཀྱི་བགྲོ་བགྲོ་ནས། །ཉེ་དབང་ནག་པོའི་ཆུང་མར་བྱིན། །བུད་མེད་ཞེ་སྡང་ཆེ་བ་ཡིས། །ནམ་གྱི་ཡར་ཕྱེད་མར་ཕྱེད་ན། །གྲོགས་ཀྱི་ཟླ་གྲོགས་གྲི་རུ་བསད། །དེ་ཡི་ལ་ཡོགས་ད་ལྟ་བྱུང་། །སྟོང་ཁམས་བསྐོར་ཀྱང་ཁྱོ་བ་རྙེད། །དབང་ནི་སྨུག་པོ་སྲོལ་པོ་དབང་། །སྐོང་ནི་གླིང་དང་ཞག་གིས་སྐོང་། །སྐྱེས་པ་ཕོ་ཡི་སྲོག་མ་གཅོད། །ཟ་མ་མོ་ཡི་སྐལ་མ་བཅད། །བསྐང་ངོ་སྨུག་པོ་སྲོལ་པོས་བསྐང་། །ལྷོ་ཡི་རྡོ་རྗེ་རྩེ་མོ་ལ། །གསེར་གྱི་བུད་མེད་སེར་པོ་ལ། །ཁྲག་གི་རལ་པ་ཤ་ར་ར། ཁྲ་ཆེན་ཟ་ཞིང་ཁྲག་མངལ་འཐུང་། །ཁྱོད་དང་བདུད་མོ་ཁྱོ་རྐུན་མ། །ཁྱོད་དང་ཁྱོད་དག་མི་རྐུ་སྟེ། །སྐྱ་བ་འདི་ཡི་གོང་མ་ལ། །ཕ་ནི་གྲུལ་བུམ་སྣ་བོ་ཆེ། །མ་ནི་ལྷ་མི་ཟུར་ཕུད་ཅན། །ཕ་མ་གཉིས་ཀྱིས་བགྲོ་བགྲོ་ནས། །གནོད་སྦྱིན་ནག་པོའི་ཆུང་མར་གཏང་། །བུད་མེད་ཞེ་སྡང་ཆེ་བ་ཡིས། །ནམ་གྱི་ཡར་ཕྱེད་མར་ཕྱེད་ན། །གྲོགས་ཀྱི་ཟློ་གྲོགས་གྲི་རུ་བསད། །དེ་ཡི་ལ་ཡོགས་ད་ལྟ་ལངས། །སྟོང་ཁམས་བཙལ་ཀྱང་ཁྱོ་མ་རྙེད། །དབང་ནི་སྨུག་ནག་སྲོལ་པོ་དབང་། །སྐྱོང་ནི་གླིང་དང་མདོས་ཀྱིས་སྐྱོང་། །སྐྱེས་པ་ཕོ་ཡི་སྲོག་མ་གཅོད། །ཟ་མ་མོ་ཡི་སྐལ་མ་གཅོད། །བསྐང་ངོ་སྨུག་པོ་སྲོལ་པོས་བསྐང་། །ནུབ་ཕྱོགས་རྡོ་རྗེའི་རྩེ་མོ་ལ། །ཟངས་ཀྱི་བུད་མེད་ཁྲག་མེད་མ། ་་ཁྲག་རལ་པ་ཤ་ར་ར། ཁྲ་རྗེན་ཟ་ཞིང་ཁྲག་མངལ་འཐུང་། །ཁྱོད་དང་བདུད་མོ་ཁྱོ་རྐུན་མ། །ཁྱོད་དང་ཁྱོ་དག་མི་རྐུ་སྟེ། །སྐྱེ་བ་དེ་ཡི་གོང་མ་ལ། །ཕ་ནི་ས་བདག་གདུག་པ་ཅན། །མ་ནི་ས་བདག་པཟློ་འཕྲེང་། །ཕ་མ་གཉིས་ཀྱིས་བགྲོ་བགྲོ་ནས། །ཀླུ་བདུད་ཆེན་པོའི་ཆུང་མར་གཏང་། །བུད་མེད་ཞེ་སྡང་ཆེ་བ་ཡིས། །ནམ་གྱི་ཡར་ཕྱེད་ནས། །གྲོགས་ཀྱི་ཟླ་གྲོགས་གྲོ་རུ་བསད། །དེ་ཡི་ལ་ཡོགས་ད་ལྟ་ལངས་། །སྟོང་ཁམས་བསྐོར་ཀྱང་ཁྱོ་མ་རྙེད། །དབང་ནི་སྨུག་རྒྱ་ལྟོ་སེར་དབང་། །སྐོང་བ་ཞག་དང་གླིང་གིས་སྐོང་། །སྐྱེས་པ་ཕོ་ཡི་སྲོག་མ་གཅད། །ཟ་མ་མོ་ཡི་སྐལ་མ་གཅད་། སྨུག་རྒྱ་ལྟོ་སེར་འདི་ཡིས་བསྐང་། །བྱང་གི་རྡེ་རྗེ་རྩེ་མོ་ལ། །གཡུ་ཡི་བུད་མེད་ཁྲག་མིག་མ། །གཡུ་ཡི་རལ་པ་ཤ་ར་ར། ་་རྗེན་ཟ་ཞིང་ཁྲག་མངལ་འཐུང་། །ཁྱོད་དང་བདུད་མོ་ཁྱོ་རྐུན་མ། །ཁྱོད་དང་ཁྱོ་དག་མི་རྐུ་སྟེ། །སྐྱེ་བ་དེ་ཡི་གོང་མ་ལ། །ཕ་ནི་གནོད་སྤྱིན་སྐར་མ་གདོང་། །མ་ནི་ཀླུ་མོ་ལྕེ་འབྱམ་མ། །ཕ་མ་གཉིས་ཀྱིས་བགྲོ་བགྲོ་ནས། ཁྲ་ཏྲེ་ནག་པོའི་ཆུང་མར་གཏང་། །བུད་མེད་ཞེ་སྡང་ཆེ་།བ་ཡིས། །ནམ་གྱི་ཡར་ཕྱེད་མར་ཕྱེད་ན། །གྲོགས་ཀྱི་ཟླ་གྲོགས་གྲི་རུ་བསད། །དེ་ཡི་ལ་ཡོགས་ད་ལྟ་ལངས་། །སྟོང་ཁམས་བསྐོར་ཀྱང་ཁྱོ་མ་རྙེད། །དབང་ནི་སྨུག་ནག་མཁལ་བརྒྱ་དབང་། །སྐོང་ནི་མདོས་དང་གླིང་གིས་སྐོང་། །སྐྱེས་པ་ཕོ་ཡི་སྲོག་མ་གཅོད། །ཟ་མ་མོ་ཡི་སྐལ་མ་གཅད། །བསྐང་ངོ་མཁལ་བརྒྱ་འདི་ཡིས་བསྐང་། །ཞེས་གསུངས་སོ། །བདུད་མོ་ཁྱོ་རྐུན་མ་བཞི་བསྐང་བའི་ལེའུ་སྟེ་ང་གསུམ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། བདུད་མོ་ཁྱོད་མ་རྙེད་སྡེ་བཞི་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །དེ་ཡི་བསྐང་ཐབས་འདི་ལྟར་རོ། །འཛམ་བུ་གླིང་བཞིའོ་ཕྱོགས་བཞི་ནས། །གླིང་བར་མུན་པའི་ཕྱོགས་བཞི་ནས། །ཕ་ནི་གནོད་སྦྱིན་སྔོན་པོ་ལ། །མ་ནི་དུས་བཞུའི་ཚོད་འཛིན་མ། །དེ་གཉིས་སྲིད་ཅིང་སྦྲུལ་པ་ལས། །བདུད་ཀྱི་བུད་མོ་བཞི་སྐྱེས་ཏེ། ཁྲར་ཕྱོགས་གླིང་བར་མུན་པ་ནས། །གནོད་སྤྱིན་སྔོན་པོའི་བུ་མོ་ནི། །རུས་པའི་བུད་མེད་ཁྲག་མིག་མ། །རུས་པའི་རལ་པ་ཤ་ར་ར། །འདོད་ཁམས་ལྷ་ཡུལ་ཡ་གི་སྲ །གྲོགས་ཀྱི་ཟླ་རོགས་ཚོལ་དུ་ཕྱིན། །ལྷ་ཡུལ་བསྐོར་ཀྱང་ཁྱོ་མ་རྙེད། །དེས་ན་བུད་མེད་བསོན་ནམས་ཆུང་། །རུང་པའི་སླག་པ་གོས་སུ་གོན། །ལས་སུ་རུས་ནད་འབྲུམ་བུ་གཏོང་། །དབང་བ་སྨུག་ནག་སྲོལ་པོ་དབང་། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །ལྷོ་ཕྱོགས་གླིང་བར་མུན་པ་ནས། །གནོད་སྦྱིན་སྔོན་པོའི་བུ་མོ་ནི། །མེ་ཡི་བུ་མོ་གཡོ་མིག་མ། །འདོད་ཁམས་ལྷ་ཡུལ་ཡ་གི་ན། །གྲོགས་ཀྱི་ཟླ་རོགས་ཚལ་དུ་ཕྱིན། ལྷ་ཡུལ་བཙ་ལ་ཀྱང་ཁྱོད་མ་རྙེད། དེས་ན་བུད་མེད་བསོད་ནམས་ཆུང་། མེ་ཡི་སླག་ས་གོས་སུ་གོན། མེ་ཡི་རལ་ས་ཤ་ན་ན། ལས་སུ་ཚདནདསྣཚོགསགཏོང། །དཔང་ནི་ནག་རྒྱ་སྲོལ་པོ་དབང་། །བསྐང་ངོ་བསྐང་པའི་ཐུགས་དམ་བསྐང་། །ནུབ་ཕྱོགས་གླིང་བར་མུན་པ་ནས། །གནོད་སྤྱིན་སྔོན་པོའི་བུ་མོ་ནི། །ཁྲག་གི་བུད་མེད་དུང་མིག་མ། །འདོད་ཁམས་ལྷ་ཡུལ་ཡ་གི་སྲ །གྲོགས་ཀྱི་ཟློ་རོགས་ཚོལ་དུ་ཕྱོན། །ལྷ་ཡུལ་བཙལ་ཀྱི་ཁྱོད་མ་རྙེད། །དེས་ན་བུད་མེད་བསོད་ནམས་ཆུང་། །ཁྲག་གི་སླག་པ་གོས་སུ་གོན། །ཁྲག་གི་རལ་པ་ཤ་ར་ར། །ལས་སུ་ཁྲག་ནད་རྒྱུ་གཟེར་གཏོང། །དབང་ནི་མཁལ་རྒྱ་སྲོལ་པོ་དབང་། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བྱང་ཕྱོགས་གླིང་བར་མུན་པ་ནས། །གནོད་སྤྱིན་སྔོན་པོའི་བུ་མོ་སྟེ། །གསེར་གྱི་བུད་མེད་ཁྲག་མིག་མ། །ཁྲག་གི་རལ་པ་ཤ་ར་ར། །འདོད་ཁམས་ལྷ་ཡུལ་ཡ་གི་སྲ །གྲོགས་ཀྱི་ཟླ་རོགས་ཚོལ་དུ་ཕྱིན། །ལྷ་ཡུལ་བསྐོར་ཀྱང་ཁྱོ་མ་རྙེད། །དེས་ན་བུད་མེད་བསོད་ནམས་ཆུང་། །རླུད་གི་སླག་པ་གོས་སུ་གོན། །རླུད་གི་རལ་པ་ཤ་ར་ར་། །ལས་སུ་སྨྱོ་འབོག་ལོག་རྒལ་གཏོང་། །དབང་ནི་མཁལ་རྒྱ་སྲོལ་པོ་དབང་། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །རླུད་གི་གུར་ཆེན་སྐོངས་སེ་སྐོངས་། །རླུད་གི་བ་དན་ཐིབས་སེ་ཐིབས། །སེར་བུའི་ཆོན་ཐག་ན་ར་ར། །དེ་འདྲའི་གུར་སྒོ་གཡས་པ་ན། །ཆུ་སྲོན་རྒྱ་མཚན་ཡེ་རེ་རེ། །དེ་འདྲའི་གུར་སྒོ་གཡོན་པ་ན། །རླུད་གི་རྒྱས་མཚན་ཡེ་རེ་རེ། །དེ་འདྲའི་གུར་གྱི་མངའ་བདག་མོ། །མ་བཙུན་དབུག་ཆོས་དབྱར་མོ་སིལ། །ཟ་མ་ལས་ཀྱི་དབང་མོ་ཆོ། །ཏིང་འཛིན་དྲོད་ལ་མངའ་མཛད་མ། །སྨན་དང་ཕུད་དང་མདངས་ཀྱི་བསྐང་། །དཔག་བསམ་ཤིང་གི་རྩེ་མོ་ན། །རི་རབ་ལྷུན་པོའི་བུམ་པ་ན། །ཡུམ་སྲིད་པའི་རྒྱ་མོ་དེ་ན་བཞུགས། །ཐུགས་ལ་སྦྲུལ་པ་ཁྲི་དང་འབུམ། །གླིང་བཞི་མདོས་ཀྱིས་ཐུགས་དམ་བསྐང་། །གླིང་བཞི་རྒྱལ་པའི་གཏོར་མས་བསྐང་། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ལས། །སྨྱུག་རྒྱ་སྲོན་པོའི་དྲུག་སྐོར་བསྟན་པའི་ལེའུ་སྟོ་ང་བཞི་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དེ་ཡི་ཡས་ཐབས་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །འབྲུ་སྣ་ཚང་བའི་གླིང་ཆུང་ལ། །སྨུག་མོ་དགུ་ལ་བུད་མེད་ད། །འབྲང་རྒྱས་དགུ་ལ་འཕང་ཁྲ་དགུ །མཚོ་དགུ་ནང་དུ་བྱ་དགུ་འོ། །གླིང་ཆུང་དེ་ལ་ནམ་མཁའ་དགུ །ཁོང་སྔོན་གཅིག་དང་མིག་བཞི་དང་། །ཚོན་གསུམ་བཞི་དང་དགུ་རུ་བསོག །སྨན་དང་གཏོར་མ་ཆ་དགུའོ། །དེ་ནི་ཡས་སྐྱ་རིམ་པའོ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ལས། །སྨུག་རྒྱའི་ཡས་བསྟན་པའི་ལེའུ་སྟེ་ང་ལྔ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །གཏིང་ཁམས་ཀླུ་བདུད་འདི་རྣམས་ལ། །ནག་མོ་ཆུ་ཁམས་ཇི་ལྟར་བསྐང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །གཏིང་ཁམས་ཀླུ་བདུད་འདི་རྣམས་ལ། །དཀར་ནག་སྐྲུལ་གྱི་རལ་པ་ཅན། །ཆུ་ཁམས་བསྐང་བ་འདི་ལྟར་རོ། །དེ་འོག་སྲིད་པའི་མ་མོ་ནི། །སྲིད་པའི་རྒྱ་མཚོ་ཁུ་རླངས་ནས། །ཁྲམ་ཐོག་ཀླུ་ཡིས་སོལ་གཏོང་མ། །ཆུ་སྲིན་གཡང་གཞི་ལུས་ལ་ལོང་། །ཡོན་བདག་ཁྲག་གི་གླུད་དུ་བཞེས། །གླུད་བཞེས་དེ་ནི་ཕྱ་སངས་ཅིག། །རོལ་མཚོ་གཡུ་ཡི་གཏིང་མཚོ་ནས། །མ་བདུད་ཆུད་ཀྱི་རྒྱལ་མོ་ནི། །ལག་ན་སྔོན་དམར་མེ་འབར་མ། །སྔོན་མོ་ཉ་ལྕིགས་གཡུ་རལ་མོ། །ཆིབས་སུ་མཆོ་ཡི་རྒྱུར་མི་ཆིབས། །སྔོན་མོ་བ་གདོང་མཚོ་སྨན་བདུད། །ཁྱོད་ནི་སྔོན་མི་ཆུ་ཁའི་བདག་། །དེ་རིང་ནག་མོ་མདོས་ཀྱིས་བསྐང་། །གཏིང་གི་བདུད་མོ་ཀླུ་བདག་མི། །དེ་འོག་མ་ཡི་མདོས་བདག་མོ། །རོལ་མཚོ་གཏིང་གི་འོ་མཚོ་ནས། །ཀླུ་སྨན་མ་བདུད་ཆུད་ཟ་མོ། །གཏིང་བདུད་གུར་བདག་ཕྱ་སངས་མ། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས། །དེ་རིང་ནག་མོ་ཆུ་མདོས་ལོང་། །གཏིང་གི་བུད་མེད་འབྲེ་བོ་གདོང་། །ཆིབས་སུ་ཆུ་གླང་སྔོན་པོ་ཞོན། །ལག་ན་མེ་ཡི་བ་དན་འཕྱར། །ན་བཟའ་ཆུ་དར་སྔོན་པོ་གོན། །ནག་མོ་ཆུ་མདོས་སྲམ་ལེན་མ། །དེ་རིང་ནག་མོ་ཆུ་མདོས་ལོང་། །མུན་མཚོ་ཁྲག་གི་གཏིང་བདུད་མོ། །ནག་མོ་ཆུ་བདུད་ཤ་ཟན་མ། །བཞུགས་ནི་རྒྱ་མཚོའི་གཏིང་ན་བཞུགས། །ཁ་རླངས་ནག་པོ་གནམ་དུ་གཏོང་། །ཆིབས་སུ་ཆུ་སྲམ་ནག་པོ་ཤོན། །ནག་མོ་མདོས་བདག་སྲམ་བདོག་མ། །མཚོ་བདུད་རྒྱལ་མོ་གླུད་ཀྱི་བདག། །ན་བཟའ་ཆུ་བྱའི་ཐུལ་པ་གསོལ། །ནག་མོ་འབྲིང་མིག་གཏིང་བདུད་མོ། །ཆུ་མཚོ་མེར་ནག་གཏིང་ན་བཞུགས། །ཡར་འགྲོ་མར་འགྲོ་ཆུ་གཞུང་ཤོན། །རོལ་དུ་ཆུ་སྲམ་སྔོན་པོ་ཁྲིད། །མེ་བཞུར་ཞོན་ཞིང་རྗེས་རྙོག་མ། །རིབས་པོ་འཐིབས་པའི་བདུད་དང་སྡོང་། །ནག་མོའི་རྗོང་མདོས་དྲོད་པ་ལོང་། །ཁྱི་ཕག་ཤ་ཟན་གླུད་མིག་ལུས། །ལུས་ལ་ཆུ་གྲིའི་མཚན་གོན་ནོ། །མཚོ་བདུན་གྱི་གཏིང་མྱུལ་ཞིང་། །རྒྱ་མཚོ་ཁ་ཡི་རླབས་གཅོད་མ། །ཆིབས་སུ་ཆུ་སྲིན་པིར་ལ་ཞོན། །དོ་ནུབ་རྫིང་མདོས་ཆུ་མདོས་ལོང་། །ཁྱོད་ནི་ཆུ་བདུ་རྫིང་གི་བདག །ནག་མོ་ཆུ་མདོས་འདི་ཡིས་བསྐང་། །ནག་མོ་ཆུ་ཁ་ལ་དབང་བ་བདུན་བསྐང་བའོ། །བདུད་མོ་བཀོལ་བྱང་ལས། །ཀླུ་བདུད་བསྐང་བའི་ལེའུ་སྟེ་ང་དྲུག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྣང་སྲིད་མ་མོ་མཁའ་འགྲོ་ནི། ཁྲ་དང་ཁྲག་ལ་ངད་ཆེ་བས། །དེ་ཡི་བསྐང་བ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཤད་དུ་གསོལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཧུ༷། ཡེ་ཤེས་ཚོགས་ཀྱི་རྗེ་མོ་ནི། །ཀུན་ཏུ་བཟང་མོ་མུ་ཁ་ལེ། །སེང་གེ་དཀར་པོའི་ཤ་ཡིསབསྐང་། །ཆགས་སྡང་རྣམ་ལྔ་བྱང་བར་མཛད། །རྟེན་བྱེད་ཤལ་གྱི་མཁའ་སྟོན་ནས། །མངའ་བདག་མཁའ་འགྲོ་སེར་གེ་གདོང་། །བ་གླང་དཀར་པོའི་ཤ་ཡིས་བསྐང་། །གཏི་མུག་ནད་རྣམས་བྱང་བར་མཛོད། །གཡོ་བྱེད་རླུད་གི་མཁའ་སྟོང་ནས། །འདེགས་བྱེད་མཁའ་འགྲོ་ཡང་གསལ་གཡོས། །ཐོགས་མེད་བྱ་ཁྱུང་ཤ་ཡིས་བསྐང་། །ཕྲག་དོག་ནད་རྣམས་བྱང་བར་མཛོད། །སྡུད་བྱེད་ཆུ་ཡི་མཁའ་སྟོང་ནས། །མཐུ་ལྡན་མཁའ་འགྲོ་གཉེན་གསལ་འབར། །རོལ་པ་རྨ་བྱའི་ཤ་ཡིས་བསྐང་། །འདོད་ཆགས་ནད་རྣམས་བྱང་བར་བཛོད། །རྟོག་བྲལ་མེ་ཡི་མཁའ་སྟོང་ནས། །མི་གནས་མཁའ་འགྲོ་འོད་གསལ་འབར། །དཔའ་གཏུམ་སྟག་མོའི་ཤ་ཡིས་བསྐང་། །ང་རྒྱལ་ནད་རྣམས་བྱང་བར་བཛོད། །མི་རྟོག་ནམ་མཁའི་མཁའ་སྟོང་ནས། །རྟོགས་མེད་མཁའ་འགྲོ་བཀྲག་གསལ་འབར། ཁྲ་ཚོན་ཚོགས་པས་ཐུགས་དམ་བསྐང་། །ཞེ་སྡང་ནད་རྣམས་བྱང་བར་མཛོད། །ཁམས་གསུམ་གསལ་བའི་ཡུམ་མཆོག་མ། །འཕྲ་མེན་རྒྱ་མཚོ་སྲིད་པའི་ཡུམ་། །བར་སྣང་ཤོལ་མོའིམོའི་ཤ་ཡིས་བསྐང་། །དཀར་མོ་ཉི་ཟླའི་ཐོད་འཕྲེང་ཅན། །བྱ་རྒོད་དཀར་པོའི་ཤ་ཡིས་བསྐང་། །རྣལ་འབྱོར་ཁྲོས་པའི་དབང་ཆེན་བཞི། །ལྕེ་སྦྱང་ནག་པོའི་ཤ་ཡིས་བསྐང་། །ཕུང་བྱེད་སྦས་པའི་མ་མོ་བཞི། །ག་་པ་དོམ་གྱི་ཤ་ཡིས་བསྐང་། །དཔལ་ཆེན་ཐུགས་ཀྱི་དགེ་སྡེ་བཞི། །ཞེ་སྡང་སྐྲུལ་གྱི་ཤ་ཡིས་བསྐང་། །སྲིད་པ་ཆ་བྱེད་ཆ་སྙོགས་ལ། །གཏི་མུག་དྲེད་ཀྱི་ཤ་ཡིས་བསྐང་། །ཨེ་ཀ་ཛུ་ཏི་སྦུན་དྲུག་ལ། །ང་རྒྱལ་ར་ཡི་ཤ་ཡིས་བསྐང་། །ཕུང་བྱེད་དུར་ཁྲོད་མ་བདུན་ལ། །ཕུང་སྲི་རྔ་མའི་ཤ་ཡིས་བསྐང་། །ཕུང་བྱེད་ནམ་མཁའི་རྒྱལ་མོ་ནེ་མཚན་གསུམ། །ལྕགས་ཀྱི་བྱ་ཁྲ་སྔོན་པོའི་ཤ་ཡིས་བསྐང་། །འདོད་ཁམས་གཙོ་མོ་ནེ་མཚན་ལ། །ལྕགས་ཀྱི་དྲེ་རྟ་རྐང་གསུམ་ཤ་ཡིས་བསྐང་། །དམག་དཔོན་རྒྱལ་པོ་བཞི་པོ་ལ། །འདོད་ཆགས་སྦྱང་མོའི་ཤ་ཡིས་བསྐང་། །ལས་ཀྱི་སྲིང་མོ་བཞི་པོ་ལ། །གསུང་སྙན་ནེ་ཚོའི་ཤ་ཡིས་བསྐང་། །ཕུང་བྱེད་ཉི་ཤུ་རྩ་བརྒྱད་ལ། །ལྕགས་བྱ་ནག་མོའི་ཤ་ཡིས་བསྐང་། །བསེ་ཡི་ལྷ་མོ་བཞི་རྣམས་ལ། །དུར་ཁྲོད་ཝ་ཡི་ཤ་ཡིས་བསྐང་། །གཏི་མུག་ནད་རྣམས་བྱང་བར་མཛོད། །བདུད་མོ་བཀོལ་བྱང་ལས། ཁྲ་སྣས་བསྐང་བའི་ལེའུ་སྟེ་ང་བདུན་པོའོ།། །།ཁྲག་གིས་བསྐང་བ་འདི་ལྟ་སྟེ། །ཧུ༷། ཀུན་ཏུ་བཟང་མོ་མུ་ཁ་ལེ། །བརྗིད་པ་སེང་གེའི་ཁྲག་འབུལ་ན། །དམ་ཉམས་སྡང་བའི་དགྲ་བོ་འདི། །ཀུན་བཞི་རྣམ་ཤེས་རྩ་བ་ཆོད། །ཡོན་བདག་ཁྲག་ནད་ཞི་བར་མཛོད། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །བརྟན་པ་གླང་ཆེན་ཁྲག་འབུལ་ན། །དམ་ཉམས་སྡང་བའི་དགྲ་བོ་འདི། །མིག་གི་རྣམས་ཤེས་རྩ་བ་ཆོད། །རྟག་པའི་རྒྱལ་མོ་ཡང་གསལ་གཡོས། །ཐོགས་མེད་ཁྱུང་གི་ཁྲག་འབུལ་ན། །དམ་ཉམས་སྡང་བའི་དགྲ་བོ་ཡི། །ལྕེ་ཡི་རྣམ་ཤེས་རྩ་བ་ཆོད། །རྟག་པའི་རྒྱལ་མོ་གཉེན་གསལ་འབར། །རོལ་པ་རྨ་བྱའི་ཁྲག་འབུལ་ན། །དམ་ཉམས་སྡང་བའི་དགྲ་བོ་ཡི། །སྣ་ཡི་རྣམ་ཤེས་རྩ་བ་ཆོད། །རྟག་པའི་རྒྱལ་མོ་བཀྲག་གསལ་འབར། །ལྷུན་གྲུབ་བམ་གྱི་ཁྲག་འབུལ་ན། །དམ་ཉམས་སྡང་བའི་དགྲ་བོ་ཡི། །ཡིད་ཀྱི་རྣམ་ཤེས་རྩ་བ་ཆོད། །འཕྲ་མིན་རྒྱ་མཚོ་སྲིད་པའི་ཡུམ། །བར་སྣང་ཤོལ་མོ་ཁྲག་འབུལ་ན། །དགྲ་བོ་ཞེས་སྡང་རྩ་བ་ཆོད། །ཉི་ཟླ་སྟོང་གི་ཐོད་འཕྲེང་ཅན། །བྱ་རྒོད་དཀར་པོའི་ཁྲག་འབུལ་གྱིས། །དགྲ་བོའི་གཏི་མུག་རྩ་བ་ཆོད། །རྣལ་འབྱོར་ཁྲོས་པའི་དབང་ཆེན་བཞི། །ལྕེ་སྤྱང་ནག་མོའི་ཁྲག་འབུལ་གྱིས། །དགྲ་བའོ་འདོད་ཆགས་རྩ་བ་ཆོད། །ཕུང་བྱེདསྦས་པའི་མ་མོ་བཞི། །ག་་པ་དོན་གྱི་ཁྲག་འབུལ་གྱིས། །དགྲ་བོའི་ང་རྒྱལ་རྩ་བ་ཆོད། །དཔལ་ཆེན་ཐུགས་ཀྱི་དགེས་སྡེ་བཞི། །ཞེས་སྡང་སྦྲུལ་གྱི་ཁྲག་འབུལ་གྱིས། །དགྲ་བོའི་ཁྲག་དོག་རྩ་བ་ཆོད། །སྲིད་པ་ཆགས་བྱེད་ཆ་སྙོམས་ལ། །གཏི་མུག་དྲེད་མོའི་ཁྲག་འབུལ་གྱིས། །ཨེ་ཀ་ཛུ་ཏི་སྦུན་དྲུག་ལ། །ང་རྒྱལ་འབར་བའི་ཁྲག་གི་བསྐང་། །ཕུང་བྱེད་དུར་ཁྲོད་མ་བདུན་ལ། །ཕུང་བྱེདཁྲག་གིས་བསྐང་། །ཕུང་བྱེད་ནམ་མཁའ་རྒྱལ་མོ་ནེ་མཚན་གསུམ། །ལྕགས་ཀྱི་བྱ་ཁྲ་སྔོན་པོའི་ཁྲག་གིས་བསྐང་། །འདོད་ཁམས་གཙོ་མོ་ནེ་མཚན་ལ། །ལྕགས་ཀྱི་དྲེ་རྟ་རྐང་གསུམ་ཁྲག་གིས་བསྐང་། །དམག་དཔོན་རྒྱལ་པོ་བཞི་པོ་ལ། །འདོད་ཆགས་སྦྱང་མོའི་ཁྲག་གིས་བསྐང་། །ལས་ཀྱི་སྲིང་མོ་བཞི་པོ་ལ། །གསུང་སྙན་ནེ་མཚན་ལ། །གསུང་སྙན་ནེ་ཚོའི་ཁྲག་གིས་བསྐང་། །ཕུང་བྱེད་ཉི་ཤུ་རྩ་བརྒྱད་ལ། །ལྕགས་བྱ་ནག་མོའི་ཁྲག་གིས་བསྐང་། །བསེ་ཡི་ལྷ་མོ་བཞི་རྣམས་ལ། །དུར་ཁྲོད་ཝ་མོའི་ཁྲག་གིས་བསྐང་། །གཏི་མུག་བདུད་་༔རྣམས་བྱང་བར་མཛོད། །ཅེས་གསུངས་སོ། །བདུད་མོ་བཀོལ་བྱང་ལས།།ཁྲག་སྣས་བསྐང་བའི་ལེའུ་སྟེ་ལྔ་བཅུ་ང་བརྒྱད་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་བ། །ཙིཀྟ་ས་ཡི་བསྐང་བ་ཇི་ལྟ་བུ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཧུ༷།ཆོས་ཉིད་ཀུན་བཟང་མུ་ཁ་ལེ། །སེང་གེ་དཀར་པོའི་སྙིང་གིས་བསྐང་།།བསྒྲུབ་ནི་ཡེ་ཤེས་མཁའ་འགྲོ་བསྒྲུབ། །རྟག་པའི་རྒྱལ་མོ་རྣམ་སྣང་གསོལ། །བ་གླང་དཀར་པོའི་སྙིང་གིས་བསྐང་། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་བསྒྲུབ། །རྟག་པའ་རྒྱལ་མོ་ཡང་གསལ་གཡོས། །ཐོགས་མེད་ཁྱུང་གི་སྙིང་གིས་བསྐང་། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་བསྒྲུབ། །རྟག་པའི་རྒྱལ་མོ་གཉེན་གསལ་འབར། །རོལ་པ་རྨ་བྱའི་སྙིང་གིས་བསྐང་། །པདྨ་རིགས་ཀྱི་མཁའ་འགྲོ་བསྒྲུབ། །རྟག་པའི་རྒྱལ་མོ་འདོ་གསལ་འབར། །དཔའ་བརྟུལ་སྟག་མོའི་སྙིང་གིས་བསྐང་། །རིན་ཆེན་རིགས་ཀྱི་མཁའ་འགྲོ་བསྒྲུབ། །རྟག་པའི་རྒྱལ་མོ་བཀྲག་གསལ་འབར། །ལྷུན་གྲུབ་མི་ཡི་སྙིང་གིས་བསྐང་། །དེ་བཞིན་རགས་ཀྱི་མཁའ་འགྲོ་བསྒྲུབ། །འཕྲ་མེན་རྒྱ་མཚོ་ལ་སོགས་ཏེ། །ཡེ་ཤེསམ་མོ་བཅུ་བཞི་ལ། །གནན་ལ་འཕུར་དགུའི་སྙིང་གིས་བསྐང་། །བསྒྲུབ་ནི་ཡེ་ཤེས་མཁའ་འགྲོ་བསྒྲུབ། །སྲིད་པ་ཆེ་བྱེད་ལ་སོགས་ཏེ། །དམན་མོ་ལྔ་བཅུ་རྩ་བརྒྱད་ལ། །ལོགས་ལ་འགྲིམ་པའི་སྙིང་གིས་བསྐང་། །བསྒྲུབ་ནི་ལས་ཀྱི་མཁའ་འགྲོ་བསྒྲུབ། །སྐོང་ནི་དམ་ཚིག་ཉམས་པ་སྐོང་། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །སྣང་སྲིད་སྙིང་གིས་བསྐང་བའི་ལེའུ་སྟེ་ང་དགུ་པའོ།། །།གནོད་འདུལ་ལྷ་ཡིས་ཡང་གསོལ་པ།ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཡེ་ཤེས་ཚོགས་ཀྱི་རྗེ་མོ་ལ། །སེང་གེ་དཀར་མོའི་ཐོད་ནང་དུ།།བམ་གྱི་སྙིང་ཁྲག བླུ་གསལ་དབུལ། །གཟུགས་ཀྱི་ཁུངས་སོ་རྩ་བ་ཆོད། །འགྲིམ་མ་མོ་ཁ་ཧ་སྙོ། །རྟག་པའི་རྒྱལ་མོ་ཡང་གསང་གཡོས། །ཐོགས་མེད་ཁྱུང་གི་ཐོད་པ་སྲ །གནོད་སྤྱིན་སྙིང་ཁྲག་བྱུག་ལ་དབུལ། །དམ་ཉམས་སྡང་བའི་དགྲ་བོ་ཡི། །རྣམ་པར་ཤེས་པའི་རྟེ་ཕྲོག་ཅིག །ཉིང་བཞི་མུ་ཁ་ལེ་སྨྱོ། །རྟགས་པའི་རྒྱལ་མོ་རྣམ་སྣང་གསལ། །བན་གླང་དཀར་པོའི་ཐོད་པ་སྲ །དྲི་ཟའི་སྙིང་ཁྲག་བླུགས་ལ་འབུལ། །དམ་ཉམས་སྡང་བའི་དགྲ་བོ་ཡི། །གཟུགས་ཀྱི་ཕུང་པོ་རྩ་བ་ཆོད། །འགྲོས་མུ་ཁ་སྨྱོ། །རྟག་པའི་རྒྱལ་མོ་ཡང་གསལ་གཡོལ། །ཐོག་མེད་ཁྱུང་གི་ཐོད་པ་སྲ །གནོད་སྤྱིན་སྙིང་ཁྲག་བླུགས་ལ་དབུལ། །དམ་ཉམས་སྡང་བའི་དགྲ་བོ་ཡི། །འདུ་བྱེད་ཕུང་པོའི་དཀྱིལ་དུ་རྒྱོ་བ། །བ་ཡང་ཡང་ཏེ་སྨྱོ། །རྟག་པའི་རྒྱལ་མོ་གཉེན་གསལ་འབར། །རོལ་པ་རྨ་བྱའི་ཐོད་པ་སྲ །ཀླུ་བདུད་སྙིང་ཁྲག་བླུགས་པ་འབུལ། །དམ་ཉམས་སྡང་བའི་དགྲ་བོ་ཡི། །འདུ་ཤེས་ཕུང་པོའི་དཀྱིལ་དུ་རྒྱོ་བ། །བིས་སན་ཏི་སྨྱོ། །རྟག་པའི་རྒྱལ་མོ་འདོ་གསལ་འབར། །དཔའ་བརྟུལ་སྟག་མོའིཐོདཔསྲ །གཤིནརྗེའིསྙིང་ཁྲག་བླུགས་ལ་དབུལ། །དམ་ཉམས་སྡང་བའི་དགྲ་བོ་ཡི། །ཚོར་བའི་ཕུང་པོའི་དཀྱིལ་དུ་རྒྱོ་བ། །ཛ་ལ་བྷ་རམ་ཧ་སྦྱོ། །རྟག་པའི་རྒྱལ་མོ་བཀྲག་གསལ་འབར། །རབས་ཆད་ནག་པོའི་ཐོད་པ་མྲ །བརྒྱ་བྱིན་སྙིང་ཁྲག་བླུགས་ལ་དབུལ། །དམ་ཉམས་སྡང་བའི་དགྲ་བོ་ཡི། །རྣམ་ཤེས་ལྒབུང་མོའི་རྩ་བ་ཆོད། མ་ཧྭ་ཡོན་ཏོ་ཧྭ་སྨྱོ། ཡེ་ཤེས་བོ་མོ་བཅུ་བཞི་ལ། གནམ་ལ་འཁུར་དགུའི་ཐམས་ས་སྲ ཁྲག་སྣ་སྟོང་གིས་བསྐང་ལ་འབུལ། དམ་ཉོན་སྡང་བའི་དགྲ་བོ་ཡི་། །རྣམ་ཤེས་ཚོགས་བརྒྱད་རྩ་བ་ཆོད། །བཛྲ་ཀྲོ་དྷི་༷ཤཱ་རི་བྷ་ག་པདྨ་རྒྱ་ཧུ༷་སྨྱོ། །སྲིད་པའི་སྨན་མོ་ཐམས་ཅད་ལ། །ལོགས་ལ་འགྲིམ་དགུའི་ཐོད་པ་སྲ །ཁྲག་སྣ་སྟོང་གིས་བཀང་ལ་འབུལ། །དམ་ཉམས་སྡང་བའི་དགྲ་བོ་ཡི། །ལྔ་ཕུང་ཐལ་པ་བཞིན་དུ་ཐོང་། །ཨོ་བཛྲ་ཛ་ཁྲམ་མུ་རན་སྨྱོ། །ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །ཐོད་ཟོར་གྱི་ལེའུ་སྟེ་དྲུག་ཅུ་པའོ། །དེ་ནས་གཏོར་མས་བསྐང་སྤྱི་དང་མཐུན་ཆོ་ །སྨན་གྱིས་བསྐང་བ་ནི་སྤྱི་དང་མཐུན་པ་འདི་ལྟ་སྟེ། །ཆོས་ཉིད་ཡངས་པའི་ཀླིང་དཀྱིལ་ནས། །ཀུན་ཏུ་བཟང་མོ་མུ་ཁ་ལེ། །སྙི་ཝ༷་སྨན་གྱི་ཐུགས་དམ་བསྐང་། །ཡམས་ནད་སྣ་ཚོགས་ཟློག་༽ཏྭ་བསོལ་། །མེ་ལོང་ཡེ་ཤེས་ཀློང་དཀྱིལ་ནས། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །ག་བུར་སྨན་གྱིས་ཐུགས་དམ་བསྐང་། །རུས་པའི་ནད་རྣམས་ཟློག་ཏུ་གསོལ། །་།ཉམ་ཉིད་ཡེ་ཤེས་ཀློང་དཀྱིལ་ནས། །རྟག་པའི་རྒྱལ་མོ་འོད་གསལ་འབར། །ཛ་ཏི་སྨན་གྱིས་ཐུགས་དམ་བསྐང་། །མཁྲིས་པའི་ནད་རྣམས་ཟློག་ཏུ་གསོལ། །སོ་སོར་ཀུན་རྟོག་ཀློང་དཀྱིལ་ནས། །རྟག་པའི་རྒྱལ་མོ་གཉེན་གསལ་འབར། །ལི་ཤི་སྨན་གྱིས་ཐུགས་དམ་བསྐང་། །ཁྲག་ནད་ཐམས་ཅད་ཟློག་ཏུ་གསོལ། །བྱ་གྲུབ་ཡེ་ཤེས་ཀློང་དཀྱིལ་ནས། །རྟག་པའི་རྒྱལ་མོ་ཡང་གསལ་གཡོལ། །གུར་ཀུམ་སྨན་གྱིས་ཐུགས་དམ་བསྐང་། །རླུད་ནད་ཐམས་ཅད་ཟློག་ཏུ་གསོལ། །སྟོང་ཉིད་ཡེ་ཤེས་ཀློང་དཀྱིལ་ནས། །རྟག་པའི་རྒྱལ་མོ་བཀྲག་གསལ་འབར། །ཅུ་གང་སྨན་གྱིས་ཐུགས་དམ་བསྐང་། །རིམས་ནད་སྣ་ཚོགས་ཟློག་ཏུ་གསོལ། །མཁའ་འགྲོ་འདུས་པའི་ཀློང་དཀྱིལ་ནས། །ཡེ་ཤེས་མ་མོ་བཅུ་བཞི་ལ། །སྨན་སྣང་སྟིང་གིས་ཐུགས་དམ་བསྐང་། །མ་མོ་འདུས་པའི་ཀློང་དཀྱིལ་ནས། །མ་མོ་ལྔ་བཅུ་རྩ་བརྒྱད་ལ། །སྨན་སྣ་ཚོགས་པའི་ཐུགས་དམ་བསྐང་། །རིམས་ནད་ཐམས་ཅད་ཟློག་ཏུ་གསོལ། །ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །སྨན་གྱིས་བསྐང་བའི་ལེའུ་སྟེ་དྲུག་ཅུ་རེ་གཅིག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རྣལ་འབྱོར་དམ་ཚིག་ཉམས་གྱུར་ན། །དེ་ཡིས་བསྐང་བ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །དམ་ཚིག་ཉམས་པ་བསྐང་བ་འདིའོ། །ཧུ༷། །རི་རབ་བུམ་པའེ་རྣལ་འབྱོར་མི་སྤོང་རྣམ་ལྔ་ཉམ་ས་བྱང་བར་མཛོད། རི་རབ་བུམ་པའི་ནུབ་ཕྱོགས་ན། །ཡུམ་གཅིག་མཁའ་འགྲོ་མཉེན་གསལ་བཞུ་བཞུགས། །སྤོས་དང་མར་མེ་ཐུགས་དམ་བསྐང་རྩེམོ་ན། །ཡུམ་ཆེན་ཀུན་ཏུ་བཟང་མོ་བཞུགས། །སྦོས་དང་མར་མེས་ཐུགས་དམ་བསྐང་། །རྣལ་འབྱོར་སྐུ་གསུང་ཐུགས་ཀྱི། །དམ་ཚིག་ཉམས་པ་བསྐང་དུ་གསོལ། །རི་རབ་བུམ་པའི་ཤར་ཕྱོགས་ན། །ཡུམ་ཅིག་མཁའ་འགྲོ་རྣམ་སྣང་བཞུགས། །སྦོས་དང་མར་མེས་ཐུགས་དམ་བསྐང་། །རྣལ་འབྱོར་སྦྱད་པར་བྱ་བ་ཡི། །དམ་ཚིག་ཉམས་པ་བསྐང་དུ་གསོལ། །རི་རབ་བུམ་པའི་ལྷོ་ཕྱོགས་ན། །ཡུམ་ཆེན་མཁའ་འགྲོ་འོད་གསལ་བཞུགས། །སྦོས་དང་མར་མེས་ཐུགས་དམ་བསྐང་། རྣལ་འབྱོར་དང་དུ་བླང་བ་ཡིས། །དམ་ཚིག་ཉམས་པ་བྱང་བར་མཛོད། །རི་རམ་བུམ་པའི་བྱང་ཕྱོགས་ན། །ཡུབ་ཅིག་མཁའ་འགྲོ་ཡང་གསལ་བཞུགས། །སྦོས་དར་མར་མེས་ཐུགས་དམ་བསྐང་། །རྣལ་འབྱོར་ཤེས་བྱའི་དམ་ཚིག་ཉམས་པ་བྱང་བར་མཛོད། །རི་རབ་བུམ་པའི་བྱང་ཤར་ནས། །ཡུམ་ཅིག་མཁའ་འགྲོ་བཀྲག་གསལ་བཞུགས། །སྦོས་དང་མར་མེས་ཐུགས་དམ་བསྐང་། །རྣལ་འབྱོར་བསྒྲུབ་པའི་དམ་ཚིག་ཉམས་པ་བྱང་བར་མཛོད། །རི་རབ་བང་རི་མེ་གཉིས་པ་ལ། །ཡེ་ཤེས་རྗེ་མོ་བཅུ་བཞ་བཞུགས། །སྦོས་དང་མར་མེས་ཐུགས་དམ་བསྐང་། །ཡན་ལག་དམ་ཚིག་སྟོང་དང་རྩ་བརྒྱད་ཉམས་པ་བྱང་བར་མཛོད། །རི་རབ་བང་རིབ་གསུམ་པ་ལ། །སྨན་མོ་ལྔ་བཅུ་རྩ་བརྒྱད་བཞུགས། །སྦོས་དང་མར་མེས་ཐུགས་དམ་བསྐང་། །རྣལ་འབྱོར་བསྒྲུབ་པ་བདག་ཅག་གི། །སྔགས་ཀྱ་དམ་ཚིག་ས་མ་ཡ། །འབུམ་སྡེ་ཉམས་པ་བསྐང་དུ་གསོལ། །སྣང་སྲིད་མ་མོར་བགྲངས་པ་ལ། །སྦོས་དང་མར་མེས་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་གསོལ། །ཞེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །དམ་ཚིགས་ཉམས་པ་བསྐང་བའི་ལེའུ་སྟེ་དྲུག་ཅུ་རེ་གཉིས་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཕུར་པས་བསྐང་བ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཧུ༷། རི་རབ་གླིང་བཞི་བཞེངས་པ་ལ། །ཕུར་པ་སྟོང་གིས་བསྐོང་བ་ནི། །སྣང་སྲིད་མ་མོའི་ཐུགས་དམ་བསྐང་། །སྡང་དགྲ་གནོད་བགེགས་བསྒྲལ་དུ་གསོལ། །ཧུ༷། །ལྕགས་སྣ་ལྔ་ཡིས་ཕུར་པ་ལ། །མཐིང་ནག་དར་གྱི་ཅོད་པན་བཏགས། །སྐོང་ནི་ཀུན་ཏུ་བཟང་མོ་་སྐོང་། །བསྐུལ་ནི་མཁའ་དྲུག་རྒྱལ་མོ་བསྐུལ། །དགྲ་བགེགས་རྣམ་ཤེས་ཕུང་པོའི་རྩ་བ་ཆོད། །ཉིད་བཞི་མུ་ཁ་ལེ་ཀི་ལི་ལྭ་སྐྱུ་ར་ཡ་རྦད། །ཧུ༷། ཙན་དན་དཀར་པོའི་ཕུར་བ་ལ། །དཀར་པོ་དར་གྱི་ཅོད་པན་བཏགས། །རྣམ་སྣང་གསལ་གྱི་ཐུགས་དམ་བསྐང་། །རྡོ་རྗེ་རིགས་ཀྱི་མ་མོ་བསྐུལ། །དགྲ་བགེགས་གཟུགས་ཕུང་རྩ་བ་ཆོད། །འགྲིས་མུ་ཁ་ཀི་ལ་མར་ཡ་རྦད། །ཧུ༷། མཛོ་མོ་དག་གི་ཕུར་པ་ལ། ལེ་བརྒན་དམར་པོའི་ཅོད་པན་བཏགས། །གཉེན་གསལ་འབར་གྱི་ཐུགས་དམ་བསྐང་། །པདྨ་རིགས་ཀྱི་མཁའ་འགྲོ་བསྐུལ། །དགྲ་བགེགས་འདུ་ཤེས་ཕུང་པོའི་རྩ་བ་ཆོད། །བསི་སན་ཏི་ཀི་ལ་ཡ་བཱ་ར་ཡ་རྦད། །ཧུ༷། སྐྱེར་པ་དག་གི་ཕུར་པ་ལ། །སེར་པོ་དག་གི་ཅོད་པན་བཏགས། །ཡང་གསལ་གཡོས་ཀྱི་ཐུགས་དམ་བསྐང་། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་བསྐུལ། །དགྲ་བགེགས་འདུ་བྱེད་ཕུང་པོ་རྩ་བ་ཆོད། །བི་ཡང་ཡང་ཏེ་ཀི་ལ་ཡ་མ་ར་ཡ་རྦད། །ཧུ༷། ཤེར་ཤེང་ནག་པོའི་ཕུར་པ་ལ། །ཟ་འོག་དར་གྱི་ཅོད་པན་བཏགས། །བཀྲག་གསལ་འབར་གྱི་ཐུགས་དམ་བསྐང་། །དེ་བཞིན་རིགས་ཀྱི་མ་མོ་བསྐུལ། །དགྲ་བགེགས་ཡིད་ཀྱི་རྣམ་ཤེས་རྩ་བ་ཆོད། །མ་ཧྭ་ཡ་མ་ཏེ་ཀི་ལ་ཡ་ཤཱ་ར་ཡ་རྦད། །ཅེས་གསུངས་སོ། །བཀོལ་བྱང་ནམ་མཁའི་རྒྱུད་ལས། །མདོས་ཕུར་དྲུག་གི་བསད་པ་བསྟན་པའི་ལེའུ་སྟེ་དྲུག་ཅུ་རེ་གསུམ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སེམས་ཅན་རྣམས་ལ་མི་འཚེའི་ཕྱིར། །གཟུགས་ཀྱི་བསྐང་བ་ཇི་ལྟར་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །གཟུགས་ཀྱིས་བསྐང་བ་ངས་བསྟན་གྱིས། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཧུ༷། དཔག་བསམ་ཤིང་གི་རྩེ་མོ་ན། །གསེར་མཁར་སེར་པོའི་ཁ་ཆེ་ན། །ཡབ་ནི་སྐོས་རྗེ་བྲང་དཀར་རྫེ། །སྐུ་ལ་གསེར་གྱི་སླག་པ་གསོལ། །གཡས་ན་གསེར་གྱི་འགྱིང་འཁར་བསྣམས། །གཡོན་ན་སྲིད་པའི་རྩིབས་བྱང་བསྣམས། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །གཡུ་སྔོན་གསོར་སྐྱེམ་འདི་བཞེས་ལ། །མ་མོའི་སྐོས་ཀ་མཛད་དུ་གསོལ། །སྣང་སྲིད་ཆམ་ལ་དབབ་ཏུ་གསོལ། །སྲིད་པ་རི་རབ་ལྷུན་པོ་ལ། །བང་རིམ་དང་པོ་གསེར་ལ་བགྱིས། །བང་རིམ་གཉིས་པ་གཡུ་ལ་བགྱིས། །ཐ་མ་རིན་ཆེན་སྣ་ལྔས་བརྒྱན། །སྲིད་པ་རྩེ་མོ་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་དུ། །སྐྱེ་འགྲོ་འདུས་པའི་སྲོག་ཆགས་ཀུན། །རི་རབ་གླིང་བཞིའི་རྒྱན་དུ་བཀོད། །རི་རབ་བང་རིམ་དང་པོ་ལ། །འདབ་ཆགས་རྒྱལ་པོ་བྱ་ཁྱུང་དྲུག །འདབ་གཤོག་གཡུལ་བགྱིས། །ནས་ནམ་མཁའི་མཐའ་དང་མཉམ། །ལུས་པོ་གསེར་ལ་བགྱིས་ཏེ་ཁམས་གསུམ་དབང་དུ་སྡུད། །སྡེར་མོ་ལྕགས་ལ་བགྱིས་ཏེ་འཁོར་བ་དབྱིངས་ནས་འདྲེན། །སྦྱིན་མིག་གཡས་གཡོན་ཉི་ཟླ་འཁྱིལ། །ཡ་མཆུ་མ་མཆུ་ཟངས་ལ་བགྱིས། །ཁྱབ་པ་ཡེ་ཤེས་སྐུ་དང་མཉམ། །ཡུམ་ཆེན་ཀུན་ཏུ་བཟང་མོ་ལ། །སྐུ་ནི་མིང་མངོན་དབྱིངས་ན་བཞུགས། །མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྱིལ། །ཞལ་ནས་འབྱུང་བ་ལྔ་འཆར་མ། །སྐྱེ་འགྲོ་གསང་བའི་མཁའ་ལ་འཁྱིལ། །འདབ་ཆགས་རྒྱལ་པོ་ཁྱུང་དྲུག་གིས། །ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་། །ཡུལ་དྲུག་དབང་པོ་དྲུག་དང་བསྐང་། །སྲིད་པའི་བྱོལ་ཁ་བཟློག་ཏུ་གསོལ། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །སྐུ་ནི་ནམ་མཁའི་མཐལ་དང་མཉམ། །འབྱུང་བ་བཞི་ཡི་སྟོངས་སུ་ཆེ། །སྡེར་ཆགས་རྒྱལ་པོ་སེང་གེ་དྲུག། །འདབ གཤོགམེདཔར་མཁལ་འགྲོ། །རྗོག་མ་གཡུ་འདོ་སྦྲིན་ལྟར་གཏིབས། །ལུས་པོ་དུང་མདོག་འོག་དུ་འཕྲོ། །ང་རོའི་སྐད་ཀྱིས་གདུག་པ་ཟིལ་གྱིས་ནོན། །ཡུལ་དྲུག་དབང་པོ་དྲུག་དང་སྐོང་། །རྣམ་སྣང་གསལ་གྱི་ཐུགས་དམ་བསྐང་། །སྟོབས་ཀྱི་རྒྱལ་པོ་གླིང་ཆེན་དྲུག །དམག་དཔུང་བཟློག་པའི་སྟོབས་དང་ལྡན། །ཡང་གསལ་འབར་གྱི་ཐུགས་དམ་བསྐང་། །ཅང་ཤེས་རྒྱལ་པོ་རྟ་མཆོག་དྲུག ཁུགས་ཀྱིས་སེམས་ཅན་དོན་མཛད་ཅིང་། །འབྱུང་བ་མེ་ལ་དབང་སྒྱུར་མ། །འདོ་གསལ་འབར་བའི་ཐུགས་དམ་བསྐང་། །དབང་གི་རྒྱལ་མོ་རྨ་བྱ་དྲུག། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །ལུས་པོ་གཡུ་འདོ་སྐར་ལྟར་་བྲུག། །གཞུག་མ་རིན་ཆེན་ཐིག་ལེས་བརྒྱན། །འདི་ལྟར་སེམས་ཅན་ཡ་མཚན་ཅན། །འབྱུང་བ་ཆུ་ལ་དབང་སྒྱུར་མ། །གཉེན་གསལ་འབར་གྱི་ཐུགས་དམ་བསྐང་། །འདབ་ཆགས་སྨྲ་ཤེས་ཤང་ཤང་དྲུག། །ཐོག་མེད་མཁའ་ལ་འགྲོ་བའི་གཡུ་ཡི་གཤོག་འདབ་ཅན། །མི་སྐད་སྨྲ་བའི་རྫུ་འཕྲུལ་ལྕེ་བཏགས་ནས། །འབྱུང་བ་རླུ་་ལ་དབང་སྒྱུར་མ། །ཡང་གསལ་གཡོས་ཀྱི་ཐུགས་དམ་བསྐང་། །ཡུལ་དྲུག་དབང་པོ་དྲུག་ཀྱང་སྐོང་། །དབྱིངས་ཀྱི་ཡུམ་དྲུག་གོ། །རི་རབ་བང་རིམ་དང་པོ་ལ། །བཅུ་བཞི་ཀུན་གྱི་གཙོ་མོ་ནི། །དབུ་གསུམ་རྣམ་མཐར་གསུམ་གྱི་དབུ། །ཕྱག་དྲུག་རྒྱུད་དྲུག་དྲུག་ཐུགས་རྫེས་གཟུང་། །སྐུ་མདོག་ཅིར་ཡང་མ་ངེས་ཏེ། །ཐུགས་དམ་རྐྱེན་དུ་དབུལ་པ་ནི། །ཅང་ཤེས་རྟ་རྒྱལ་བཅུ་བཞི་ལ། །འདོད་ཆགས་གཙོ་མོ་བཅུ་བཞི་བསྐྱེན། །དཀར་མོ་མཛེས་པའི་ན་བཟའ་ལ། །འཇའ་ཚོན་ལྔ་ཡིརྒྱན་གྱིས་བརྒྱན། །མ་མོ་ཐུགས་དམ་དེས་སྐོང་ངོ། །སྲིད་པའི་བྱད་ཁ་ཟློག་ཏུ་གསོལ། །བརྒྱད་ཀྱིས་རྣམ་ཤེས་བརྒྱད་ཀྱང་སྐོང། །དྲུག་གིས་ཡུམ་དྲུག་དབྱིངས་སུ་སྐོངས་གྱུར་ཅིག། །རྒྱུད་དྲུག་ཁ་ལོ་སྒྱུར་པའི་བྱོལ་ཟློག་མཛོད། །ཁམས་གསུམ་དབང་སྒྱུར་མ་མོ་ཀུན་གྱི་གཙོ། །དཀར་མོ་ཉི་མའི་ཐོད་འཕྲེང་ཅན། །སྟག་གཟིག་རིས་བཀྲ་བཅུ་བཞི་ལ། །ལེ་བརྒན་འབར་བའི་འཕུར་ལྕེ་བཏགས། །མ་མོའི་ཐུགས་དམ་འདིས་སྐོངས་ལ། །སྟོངས་གསུམ་མུན་ནག་སེལ་བའི་ལས་མཛོད་ཅིག། །རྣལ་འབྱོར་ཁྲོས་པའི་དབང་མོ་ཆེ། །ཁམས་གསུམ་པདྨ་ཉི་མ་བདུ་རྩི་ཁྲོས་པའི་དབང་མོ་ཆེ། །བ་གླིང་འབར་བ་བཅུ་བཞི་དང་། །འདབ་ཆགས་རྨ་བྱ་བཅུ་བཞི་ལ། །རིན་ཆེན་དབུ་རྒྱན་གཙུག་བུད་བཀོད། །རིན་ཆེན་རྣམ་ལྔ་རྒྱན་གྱིས་བརྒྱན། །དབང་ཆེན་བཞི་ཡི་ཐུགས་དམ་བསྐང་། །སྲིད་པ་ཟིལ་གྱིས་གནོན་པའི་འཕྲིན་ལས་མཛོད། །དབྱིངས་ཕྱུག་རྒྱན་གྱི་རྒྱལ་མོ་བཞི། །སྐུ་མདོག་ལྗང་ཁུ་ལྷ་ཡི་གོས་སུ་གསོལ། །འཇའ་ཚོན་རྣམ་ལྔའི་འོད་ཀྱི་ཁ་ཆག་ཅན། །གླིང་བཞི་དབང་དུ་སྡུད་ཅིང་སྐྱེ་འགྲོ་དབུགས་ཉུལ་མ། །སྟོང་གསུམ་ཕུང་བར་བྱེད་པའི་མ་མོ་ལ། །དཀར་མོ་ཀུ་ཀུ་ཙ་ར་བཅུ་བཞི་ལ། །རིན་ཆེན་གསེར་གྱི་ཁོལ་ཐག་བཏགས། །མ་མོའི་ཐུགས་དམ་འདིས་སྐོངས་ལ། །དགྲ་བགེགས་ཕུང་པོ་རྡུལ་དུ་རློག་ཏུ་གསོལ། །གསང་པ་ཐུགས་ཀྱི་དགེས་སྡེ་མ། །གླིང་བཞིའི་རྒྱལ་མོ་བཞི་པོ་ལ། །འདབ་ཆགས་སྨེ་ཤེས་ཤང་ཤང་བཅུ་བཞི་ལ། །འཕྲིན་ལས་ཁ་དོག་ལྗ་ཁུ་ལ། །སྟོང་ཁམས་འཕྱོ་བ་གཡུ་ཡི་གཤོག་འདབ་ཅན་ །ལེ་བརྒན་དམར་པོ་དབུལ་བཅིངས་། །མོ་རྐང་སྨྲ་བའི་རྫུ་འཕྲུལ་ལྕེབཏགས་ནས། །སྲིད་པའི་བྱོས་པོ་བཟློག་པའི་ཕྱིར། །ཕུང་སྲི་དུར་སྲི་ཟློག་ཏུ་གསོལ། །བརྒྱད་ཀྱི་རྣམ་ཤེས་བརྒྱད་ཀྱང་སྐོངས་། །དྲུག་གི་འུ་་ལ་དྲུག་དབྱིངས་སུ་སྐོངས་གྱུར་ཅིག། །དེ་ཡན་ཆད་ཡེ་ཤེས་ཀྱི་རྫེ་མོ་བཅུ་བཞིའོ། །ཧུ༷། གྲུབ་པའི་རྣལ་འབྱོར་ཆེན་མོ་ནི། །གསེར་གྱི་ཤ་པོ་རྭ་བཅུ་ལ། །ལུས་པོ་གསེར་ལ་བགྱིས་ཏེ་གསེར་འོད་མེ་ལྟར་འབར། །རྨོག་བཞི་ལྕགས་ལ་བགྱིས་ཏེ་བདུད་བཞི་ཟིལ་གྱིས་གནོད། །རུ་བཅུ་དུང་ལ་བགྱིས་ཏེ་དགེ་བཅུ་ཐར་ལམ་སྟོན། །མིག་གཉིས་ཤེལ་ལ་བགྱིས་ཏེ་ཤེས་མོག་ཉི་ཟླ་འཁྱིལ། །ཁ་རླངས་སྤྲིན་ལ་བདུད་རྩིའི་ཆར་ལྟར་འབེབ་།། །བསམ་གཏན་ལྷ་ཡི་སྐོར་ཡིན་འགྲོ་བ་མི་ཡི་གླུད། །སྲིད་པ་ཆགས་བྱེད་ཆ་སྙོམས་ཐུགས་དམ་བསྐང་། །ཨེ་ཀ་ཛ་ཏི་ཆེན་མོ་ལ། །དུང་ཤ་དཀར་མོ་ཆེན་མོ་བཞི། །ལེ་བརྒན་འབར་བའི་ཕུར་རྩེ་ར་བཏགས། །དེར་རྗེ་དཀར་པོའི་སྒོ་ཡི་བསྟད། །རིན་ཆེན་གཡུ་ཡི་ཐིག་ལེས་བརྒྱན། །བསམ་གཏན་ལྷ་ཡི་སྐོར་ཡིན་འགྲོ་བ་མི་ཡི་གླུད། །ཨེ་ཀ་ཛ་ཏིའི་ཐུགས་དམ་སྐོངས་གྱུར་ཅིག །བདུད་ཀྱི་ཡུམ་ཅིག་ཆེན་མོ་ལ། །ལྕགས་ཀྱི་དྲེ་རྟ་རྐང་གསུམ་ལ། །ཟ་འོག་གིས་ནི་སྒ་སྟན་གཏད། །ཤེས་ནི་སྦྱི་དཀར་ལ་དར་གྱི་ཕུར་ལྕེ་བཏགས། །སྲིད་པའི་ཁུང་གི་ནོར་ཡིན་ཡང་འགྲོ་བ་མི་ཡི་གླུད། །བདུད་ཀྱི་ཡུམ་ཅིག་ཐུགས་དམ་སྐོངས་གྱུར་ཅིག། །གླིང་བཞི་སྦྱིད་ཕུད་མ་དང་ཚེ་བདག་ཆེན་མོ་ལ། །ཐོགས་མེད་མཁའ་ལ་འཔྱོ་བ་བ་རྒོད་གསུམ། །ལུས་པོ་དུང་ལ་གཡུ་ཡི་གཤོག་པ་ཅན། །དར་ཀྲ་ལེ་བརྒན་ཕུར་ལྕེ་བཏགས། །གླིང་བཞི་སྦྱི་འགྲོ་ཆེན་མོ་དང་། །ཚེ་བདག་ཆེན་མོའི་ཐུགས་དམ་བསྐོངས་། །རྡོ་རྗེ་གར་གྱི་དབང་ཕྱུག་སྒྲུན་གཉིས་ལ། །ཐོག་མེད་སྡེར་འཛིང་ལྕགས་ཀྱི་བྱ་ཁྲ་ནི། །ཁམས་གསུམ་ཁྱབ་ཅིང་སྲོག་གཅོད་ལས་ལ་དགའ། །གསེར་གྱི་ཐིག་ལེས་བརྒྱན་ཅིང་ལྕགས་ཀྱི་སྡེར་ཆེན་གདེངས་། །འདབ་ཆགས་ཀུན་གྱི་བདུད་ཡིན་ཀྱི་འགྲོ་བ་མི་ཡི་གླུད། །ཡོ་མ་སྲོག་ཆགས་ནོར་གྱི་དབྱིངས་མཆོག་སྟེ། །རྫུའཕྲུལ་རྐང་བཞི་འགྲོ་བ་ཡོངས་ཀྱི་སྐྱབས། །ལྟོས་འགྲོ་མགྱོགས་བྱེད་དུང་གི་མཆེ་བ་ཅན། །སྲིད་པ་ཁྱུང་གི་སེམས་ཅན་དང་། །འགྲོ་བ་མི་ཡི་གླུད་དུ་འབུལ། །རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། །ས་བདག་ཆེན་མོ་ཐུགས་དམ་སྐོངས་གྱུར་ཅིག །ཐུགས་དམ་སྐོངས་ནས་རྐྱེན་བཟློག་ཅིག །དུར་ཁྲོད་དྲེགས་པའི་མ་བདུན་ལ། །ཕུར་སྲི་རྔ་མོ་དབུང་དམར་བདུན། །སྐྱེས་པ་ཞིག་ཅན་བདུད་བསྐྱོན་ནས། །ཚེ་དང་དཔུངགིམཚོན བསྐུརནས། །བདུད་ཀྱི་དམག་དཔུང་བཟློག་པའི་ཕྱིར། །མ་བདུད་གཉན་གྱི་ཐུགས་དམ་སྐོངས་གྱུར་ཅིག །སྐྱེས་པ་དར་དཀར་རལ་པ་ཅན། །ནེ་ཚོ་སྨྲ་མཁན་བཞི་བསྐུར་ནས། །སྲིད་མོ་བཞི་ཡི་ཐུགས་དམ་སྐོངས་གྱུར་ཅིག ཁྲར་དུ་ཤེལ་དཀར་རྒྱལ་དང་བཞི། །སྐྱེས་པ་རྒྱན་ཅན་བཞི་བསྐྱོན་ནས། །དཀར་མོ་མཆོ་གཙིགས་ཐུགས་དམ་བསྐང་། །ལྷོ་རུ་དོན་བུ་སྙིང་དཀར་བཞི། །བུད་མེད་ནག་མོ་བཞི་བསྐྱོན་ནས། །ནག་མོ་ཁ་གླལ་མ་ཡི་ཐུགས་དམ་སྐོངས་གྱུར་ཅིག །ནུབ་ཏུ་སྦྲེའུ་ཐང་ཅན་བསེ་ཡི་སྐྱེས་བུ་བཞི་དང་ཆས། །དམར་མོ་མཆུ་འཇིབ་མ་ཡི་ཐུགས་དམ་བསྐང་། །བྱང་དུ་འབྲོང་བུ་དར་མ་བཞི། །སྐྱེས་བུ་རྒྱན་ཅན་བཞི་དང་ཆས། །སེར་མོ་ལས་མཁན་ཡི་ཐུགས་དམ་བསྐང་། །རི་རབ་ཆེན་པོའི་ལོགས་བཞི་ནས། །གསང་བའི་སྐར་ཁུང་བཞི་ནས་ནི། །དཀར་མོ་གཡུ་ཡི་ཐོར་ཚུགས་ཅན། །སྔོན་མོ་གསེར་གྱི་གོ་ཅག་ཅན། །དམར་མོ་གཡུ་ཡི་ཐོར་ཚུགས་ཅན། །སེར་མོ་བྱུང་རུའི་ལན་ཚར་ཅན། གསང་བ་ཐུགས་ཀྱུ་དགེས་སྡེ་བཞི། །གསལ་བའི་མར་མེ་བཞི་བསྐུར་ནས། །ཞི་ཁྲོ་འབར་བའི་ལྷ་ཚོགས་དང་། །གཙོ་མོ་ཡུམ་དྲུག་མན་ཆོད་ནས། །བོད་ཁམས་བསྟན་མ་ཡན་ཆོད་དུ། །སོ་སོའི་ཐུགས་དམ་སྐོངས་གྱུར་ཅིག། །དཀར་མོ་བསེ་ཡི་གཞོང་ཐོགས་བདུན། །སྔོན་མོ་གསེར་གྱིས་གཤོང་ཐོགས་བདུན། །དམར་མོ་ཟངས་ཀྱི་གཞིང་ཐོགས་བདུན། །ལྗང་ནག་གཡུ་ཡི་གཡང་ཐོགས་བདུན། །སོ་སོའི་གཞོང་ཐོགས་རྫས་ཀྱིས་བཀང་། །མཚོགས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ཐུགས་དམ་སྐོངས་གྱུར་ཅིག། །བསེ་ཡིས་ལྷ་མོ་མཆེད་བཞི་ལ། །གནོད་སྦྱིན་བདུན་མོ་སྨན་མོ་ལ། །བསེ་ཡི་བྱ་ཆུང་ཉི་ཤུ་གཅིག །བདུན་མོའི་ཚོགས་ལ་བདུན་ཚོ་གཅིག །གནོད་སྦྱིན་ཆོགས་ལ་བདུན་ཚོགས་གཅིག། །དམན་མོའོ་ཚོགས་ལ་བདུན་ཚོ་བདུན། །སོ་སོའི་ཁྲམ་ཁ་གཞན་དུ་སྒྱུར། །མ་མོའི་ཁྲམ་ནད་དགྲ་ལ་སྒྱུར། །དལ་ཁ་ནད་ཁ་དགྲ་ལ་སྒྱུར། །མ་ཧེ་བ་གླང་བོང་བུ་དང་། །ཆུ་གླང་སྦལ་བ་ཉ་དང་སྲམ། །ཆུ་ལ་རྒྱུ་བའི་སྲོག་ཆགས་ཀྱིས། །ཆུ་བའི་གཞུང་ལ་ཤོན་པ་དང་། །རྒྱལ་མཚོའི་གཏིང་ན་གནས་པ་དང་། །ས་དང་རླན་ལ་གནས་པ་དང་། །བདུད་མོ་དང་ནི་ཀླུ་མོ་དང་། །མ་མོ་དང་ནི་སྲིད་མོའི་ཚོགས། །སོ་སོའི་ཐུགས་དམ་དབྱིངས་སུ་བསྐང་། །རྐྱང་བུ་དེ་ནི་ཁ་དཀར་དང་། །བཅོས་བུ་དེ་ནི་ལག་དཀར་དང་། ་་བ་དགོ་བ་རྣ་བ་རྙན་སྲམ་ལེ་ཁ་དཀར་དང་། །འབྲོང་བུ་དར་མ་དང་། །གསེར་སྒོང་གཡུ་སྒོང་མཚལ་གྱི་ཐིག་ཕྲན་དང་། །གསེར་སྐྱེམས་དང་ནི་མངོན་དང་ཆས། །མ་ཚོགས་ཐུགས་དམ་དབྱིངས་སུ་སྐོང་། །རི་རབ་གླིང་བཞིའི་རྩེ་མོ་ནས། །སྣང་སྲིད་མ་མོ་ཡོངས་ཀྱི་སྐོས་བཏབ་པས། །མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །འདབ་ཆགས་རྒྱལ་པོ་བྱ་ཁྱུང་མན་ཆོད་དུ། །འདབ་ཆགས་ཕྱེ་མ་ལེབ་ཡན་ཆོད་དུ། །འདབ་ཆགས་ཉི་ཁྲི་ཆིག་སྟོང་གིས། །སྲིད་པའི་མ་མོ་ཡོངས་ཀྱི་ཐུགས་དམ་སྐོངས་གྱུར་ཅིག། །གཅན་གཟན་རྒྱལ་པོ་སེང་གེ་མན་ཆོད་ནས། །བར་སྣང་ཆ་གར་ཡན་ཆོད་དུ། །སྡེར་ཆགས་ཉི་ཁྲི་ཆིག་སྟོང་གིས། །སྲིད་པའི་རྒྱལ་མོ་ཡོངས་ཀྱི་ཐུགས་དམ་སྐོངས་གྱུར་ཅིག །སྟོབས་ཀྱི་རྒྱལ་པོ་གླང་ཆེན་མན་ཆད་ནས། །རྟོལ་བུ་མིག་ནག་ཡན་ཆོད་དུ། །རྨིག་པ་ཁ་བྲག་ཉི་ཁྲི་ཆིག་སྟོང་གིས། །སྲིད་པའི་མ་མོ་ཡོངས་ཀྱི་ཐུགས་དམ་བསྐོངས་གྱུར་ཅིག། །རྫུ་འཕྲུལ་རྟ་མཆོག་མན་ཆོད་ནས། །དྲེའུ་དང་བོང་བུ་མན་ཆོད་ནས། །རྨིག་ཟླུམ་ཉི་ཁྲི་ཚིག་སྟོང་གིས། །སྲིད་པའི་མ་མོ་ཡོངས་ཀྱི་ཐུགས་དམ་སྐོངས་གྱུར་ཅིག །སེམས་ཅན་རྐང་གཉིས་ཉི་ཁྲི་ཆིག་སྟོང་དང་། །རྐང་བཞི་ཉི་ཁྲི་ཆིག་སྟོང་དང་། །རྐང་མངས་ཉི་ཁྲི་ཆིག་སྟོང་དང་། །ལྟོ་འཕྱེ་ལ་སོགས་གཟུགས་རྣམས་དང་། །གཟུགས་རྣམས་ཇི་ལྟར་མི་མཐུན་པའི། །སྲིད་པའི་མ་མོ་རྣམས་ཀྱི་ཐུགས་དམ་སྐོངས་གྱུར་ཅིག །དེ་ལྟར་སྐོངས་པའི་ཡོན་ཏན་གྱིས། །ཡོན་བདག་བསམ་པ་ཡིད་བཞིན་འགྲུབ། །རྣམ་འབྱོར་ཚེ་དང་དབང་ཐང་རྫོགས། །མི་མཐུན་རྐྱེན་ངན་བར་ཆད་བཟློག །སྣང་སྲིད་མ་མོའི་ཐུགས་དམ་བསྐང་། །ཞེས་གསུངས་སོ། །ཞུ་བ་དབུལ་ཞིང་སྐོས་གདམ་པའོ། །བདུད་མོ་བཀོལ་བྱང་ལས། །གཟུགས་ཀྱིས་བསྐང་བ་བསྟན་པའི་ལེའུ་སྟ་དྲུག་ཅུ་རེ་བཞི་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དེ་ལྟར་རི་རབ་ལྷུན་པོའི་གླིང་བཞི་ལས། །ནམ་མཁའི་རིམ་པས་བརྒྱན་པ་ཡི། །སྣང་སྲིད་མ་མོ་ཇི་ལྟར་བསྐང་། །ཡང་དག་རྫོགས་ལ་བདག་ཉན་༄༅ འཚལ། །ཡང་དག་རྫོགས་ཀྱིས་བཀའ་ལྕལ་པ། །ཧུ༷། །དང་པོ་ནམ་མཁའ་གང་ལས་བྱུང་། །བལ་ཚོན་སྨྱུག་མའི་གཉིས་ལས་བྱུང་། །ཕ་ནི་སྦ་དཀར་ལྡེམ་པ་ལགས། །མ་ནི་ཨུ་བའི་ཁོང་མོ་ཆེ། །སྦ་དང་ཨུ་བའི་བཤོས་བ་ལས། །ལྷོ་སྨྱུག་སྡེམ་པ་ཤ་ར་ར། །མོན་བུ་སྦྱི་ཟླུམ་ཁ་སྦྲ་ཡི། །ལག་པ་གཡས་པར་འཕར་ཚབ་ཐོགས། །ལག་པ་གཡོན་པར་སྦ་ཐག་ཐོགས། །ལྷོ་བྲག་གཏིང་ནས་ཁུར་གྱི་བྲག། །སྨྱུག་བྱུང་ལྷོ་བྲག་གཏིང་ནས་བྱུང་། །བལ་ཚོན་ཕ་དང་ཡབ་སྨོས་པ། །སྲིད་པ་ཕོ་མོའི་བྱིན་བརླབས་ལས། །འབྱུང་བ་ལྔ་ཡི་གུ་ལ་བལ་ཚོན་སྣ་ལྔས་བརྒྱན་པ་ཅིག། །སྣང་སྲིད་མ་མོའི་རྫས་སུ་བྱུང་། །འབྱུང་བའི་ལུག་གི་བལ་ཚོན་བྲེགས། །ན་ཆུང་གཞོན་བའི་ལག་གིས་བཀལ། །རྣལ་འབྱོར་བདག་གི་ལག་ཏུ་བླངས་། །ཡོན་བདག་ལུས་སྲོག་གླུད་དུ་འབུལ། །རི་རབ་གླིག་བཞི་བཞེངས་པ་ནི། །འགྲོ་དྲུག་སེམས་ཅན་མང་པོས་བསྐོར། །རང་རང་མཐུན་པའི་སེམས་ཅན་རྣམས། །རི་རབ་གླིང་བཞི་དཔག་བསམ་ཤིང་། །གཡུང་དྲུག་སྐུ་ཡི་རྟེན་དུ་བཙུགས། །གཡུང་དྲུང་མཐུན་པའི་གུར་དུ་འབུལ། །ནམ་མཁའི་ལྕགས་མིག་ཚོན་བཞིས་སྦྲས། །དར་དང་ཟ་འོག་རྒྱན་གྱིས་བརྒྱན། །རི་རབ་བུམ་པའི་བྱང་ཤར་དུ། །མཁའ་འགྲོ་བཀྲག་ལ་གུར་དུ་འབུལ། །ནམ་མཁའ་དུངམིགཚོནབཞིསསྦྲས། །དར་སྣ་ལྔ་ཡིས་རྩེ་ལ་བརྒྱན། །ནམ་མཁའ་གཡུམིགཚོནབཞིས་སྦྲས། །དར་སྣ་སྔོན་པོས་རྩེ་ལ་བརྒྱན། །ནམ་མཁའ་ཟངས་མིག་ཚོན་བཞིས་སྤྲས། །དར་སྣ་དམར་པོས་རྩེ་ལ་བརྒྱན། །ནམ་མཁའ་གསེར་མིག་ཚོན་བཞིས་སྦྲས། །དར་སྣང་སེར་པོས་རྩེ་ལ་བརྒྱན། །རི་རབ་ཁ་ཁྱེར་ཕྱོགས་བཞི་མྲ །ཡུམ་བཞི་འཐུན་པའི་གུར་དུ་འབུལ། །ནམ་མཁའ་ལྕགས་མིག་ཚོན་བཞིས་བསྤྲས། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །སྲིད་པ་བདེ་འགྲོའི་གུར་དུ་འབུལ། །ནམ་མཁའ་ཟངས་མིག་ཚོན་བཞིས་སྤྲས། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གཉིས་པའི་ཤར་ལྷོ་སྲ །ཉི་ཟླ་ཐོད་འཕྲེང་གུར་དུ་འབུལ། །ནམ་མཁའ་དམར་པོ་ཟ་འོག་རིགས། །གནས་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གཉིས་པའི་ཤར་ལྷོ་སྲ །ཁྲོས་བའི་མ་བཞིས་གུར་དུ་འབུལ། །ནམ་མཁའ་གསེར་མིག་ཚོན་བཞིས་སྤྲས། །གནམ་ལ་འཕུར་དགུའི་སྒྲོ་ཡིས་སྦྲས། །བ་རིམ་གཉིས་པའི་ཕྱོགས་བཞི་སྲ །སྦས་པའི་མ་བཞིས་གུར་དུ་འབུལ། །དཀར་སྔོ་དམར་སེར་ཚོན་བཞིས་སྤྲས། །གནམ་ལ་འཕུར་དགུའོ་སྒྲོ་ཡིས་བརྒྱན། །བང་རིམ་གཉིས་པའི་མཚམས་བཞི་སྲ །ཐུགས་ཀྱི་དགེས་སྡེ་བཞི་ཡི་གུར་དུ་འབུལ། །དཀར་མོ་གཡུ་ཡི་ཆུད་འཁོར་ཅན། །ཟངས་ཀྱི་འོད་དང་ལྡན་པ་ནི། །བང་རིམ་གསུམ་པའི་ཤར་ལྷོསྲ ཁྲེལ་འཕྲེང་ཅན་གྱི་གུར་དུ་འབུལ། །དམར་མོ་ལྕགས་ཀྱི་ཆུད་འཁོར་ཅན། །དུང་གི་འདོ་དངལྡན་པ་ནི། །བང་རིམ་གསུམ་པའི་བྱང་ནུབ་ཏུ། །སྨུག་མཐིང་རྒྱལ་མོའི་གུར་དུ་འབུལ། །ནག་མོ་གསེར་གྱི་ཆུད་འཁོར་ཅན། །ཟངས་ཀྱི་འོད་དང་ལྡན་པ་ཡིས། །བང་རིམ་གསུམ་པའི་བྱང་ཤར་དུ། །རེ་མ་ཏི་ཡི་གུར་དུ་འབུལ། །ནམ་མཁའ་དུང་མིག་ཚོན་བཞིས་སྤྲས་པ་བཞི། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གསུམ་པའི་ཕྱོགས་བཞི་སྲ །སྲིད་པ་ཆ་བྱེད་ཆ་སྙོམས་དང་། །ནམ་མཁའི་རྒྱལ་མོ་སྐྲུན་གཉིས་གུར་དུ་འབུལ། །ནམ་མཁའ་གསེར་མིག་ཚོན་བཞིས་སྤྲས། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གསུམ་པའི་བྱང་ཤར་དུ། །བདག་ཉིད་མ་ཡི་གུར་དུ་འབུལ། །དེ་འདྲ་མ་ནོར་གསུམ་བྱས་ལ། །གནམ་ལ་འཕུར་དགུའོ་སྒྲོ་ཡིས་བརྒྱན། །བང་རིམ་གསུམ་པའི་ཚམས་གསུམ་དུ། །སྲིན་མོ་མ་གསུམ་གུརན་དུ་འབུལ། །དཀར་མོ་དམར་སེར་ཚོན་བཞིས་སྤྲས། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གསུམ་པའི་ཕྱོགས་བཞི་མྲ །སྲིན་མོ་མ་བཞིའི་གུར་དུ་འབུལ། །ནམ་མཁའ་ལྕགས་མིག་ཚོན་བཞིས་སྦྲས། །གནམ་ལ་འཕུ་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གསུམ་པའི་ཤར་ནུབ་ཏུ། །འདོད་ཁམས་གཙོ་མོ་སྤུན་གཉིས་གུར་དུ་འབུལ། །དཀར་སྔོན་དམར་སེར་ཚོན་སྤྲས བཞི། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གསུམ་པའི་མཚམས་བཞི་སྲ །གྲུ་འདེགས་བཞི་ཡི་གུར་དུ་འབུལ། །དུང་གི་ནམ་མཁའ་ཟངས་ཤམ་ཅན། །ཟངས་ཀྱི་ནམ་མཁའ་དུང་ཤམ་ཅན། །གཡུ་ཡི་ནམ་མཁའ་གསེར་ཤམ་ཅན། །གསེར་གྱི་ནམ་མཁའ་གཡུ་་མ་ཅན། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གསུམ་པའི་ཕྱོགས་བཞི་སྲ །དམག་གི་རྒྱལ་མོའི་གུར་དུ་འབུལ། །དཀར་སྔོ་དམར་སེར་ཚོན་བཞིས་སྤྲས། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གསུ་།་བ་འི་བྱགས་བཞི་སྲ །ལས་ཀྱི་གླིང་བཞིའི་གུར་དུ་འབུལ། །ནམ་མཁའ་དཀར་མོ་ཟང་མ་དྲུག། །དུང་མིག་ཟངས་ཀྱི་ཤམ་བུ་ཅན་དང་བདུན། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །ལྕགས་རི་ཐ་མའི་ཤར་ཕྱོགས་སུ། །རྡོ་རྗེ་རིགས་ཀྱི་མ་་བདུན་གུར་དུ་འབུལ། །ནམ་མཁའི་སྔོན་མོ་ཟངས་མ་དྲུག །གཡུ་མིག་གསེར་ཤམ་ཅན་དང་བདུན། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །ལྕབས་་རི་ཐ་མའི་ལྷོ་ཕྱོགས། །རིན་ཆེན་རིགས་ཀྱི་མ་བདུན་གུར་དུ་འབུལ། །ནམ་མཁའ་དམར་མོ་ཟངས་མ་བདུན། །ཟངས་མིག་དུང་ཤམ་ཅན་དང་བདུན། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །ལྕགས་རི་ཐ་མའི་ནུབ་ཕྱོ་གས་སུ། །པདྨ་རིབ་་་ཀྱེ་མ་བདུན་གུར་དུ་འབུལ། །ནམ་མཁའ་གསེར་མོ་ཟངས་མ་དྲུག །གསེར་མིག་གཡུ་ཤམ་ཅན་དང་བདུན། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །ལྕགས་རི་ཐ་མའི་བྱང་ཕྱོགས་ན། །ལས་ཀྱི་རིགས་ཀྱི་མ་བདུན་གུར་དུ་འབུལ། །ལྕགས་ཀྱི་ནམ་མཁའ་གཡུ་ཡི་ཤམ་བུ་མིག་བཞི། །དུང་གི་ནམ་མཁའ་གཡུ་ཤམ་བཞི། །ཟངས་ཀྱི་ནམ་མཁའ་གཡུ་ཤམ་བཞི། །བརྟན་མ་བཅུ་གཉིས་གུར་དུ་འབུལ། །ནམ་མཁའ་དག་ནི་ཟངས་མ་ན་བཞི། །གནམ་ལ་འཕུར་དགུའི་སྒྲོ་ཡིས་བརྒྱན། །བང་རིམ་གསུམ་པའི་ཕྱོགས་བཞི་སྲ །སྲིན་མོ་བཞི་ཡི་གུར་དུ་འབུལ། །བསྐང་ཡང་བསྐང་སྟེ་མཆོད་ཀྱང་མཆོད། །བསྐང་མཆོད་གནས་འདིར་གཤེགས་སུ་གསོལ། །ཁྱེད་ཀྱི་ཐུགས་དམ་བདག་སྐོང་ན། །བདག་གིས་བཅོལ་བའི་འཕྲིན་ལས་མཛོད། །ལྕགས་ཀྱི་ནམ་མཁའ་མཐི་ནག་འདི། །གསེར་གྱི་འོད་ཀྱིས་བརྒྱན་པ་དགུ། །བདུད་མོ་དགུ་ཡི་གུར་དུ་འབུལ། །འབྲི་ཡི་ནམ་མཁའ་ཟངས་ཤམ་བཞི། །མི་སྲིད་བཞི་ཡི་གུར་དུ་འབུལ། །རྩིད་པའི་ནམ་མཁེའ་དུང་ཤམ་བཞི། །ཆུ་སྲིན་བཞི་ཡི་གུར་དུ་འབུལ། །རྩིད་པའི་ནམ་མཁའ་གསེར་ཤམ་བ་བཞི། །གཡུ་ཡི་འོད་དང་ལྡན་པ་ནི། ཁེང་སྲིན་བཞི་ཡི་གུར་དུ་འབུལ། །ར་བལ་ནམ་མཁའ་ཟངས་མིག་བཞི། །ས་སྲིན་བཞི་ཡི་གུར་དུ་འབུལ། །དེ་ཡི་ནམ་མཁའ་རྩིད་ཤམ་བཞི། །ཕུད་བདག་བཞི་ཡི་གུར་དུ་འབུལ། །ནམ་མཁའ་ནག་མོ་གཡུ་མིག་མ། །ར་བལ་དཀར་པོའི་ཤམ་བུ་ཅན། །བདུད་མོ་ཉག་གཅིག་གུར་དུ་འབུལ། །ལྕགས་ཀྱི་ནམ་མཁའ་གཡུ་ཤམ་ལྔ། །ཁ་ཡི་བུད་མེད་ལྔ་ཡི་གུར་དུ་འབུལ། །ནམ་མཁའ་ནག་མོ་ཟངས་མ་བཞི། །དམ་སྲི་བཞི་ཡི་ཐགས་དམ་བསྐང་། །ར་བལ་ནག་པོའི་ནམ་མཁའ་ལ། །འབྲི་ཡི་ནམ་མཁའ་འོད་ལྡན་ལ། །ཁྱི་བལ་དཀར་པོའི་མཐའ་ཆག་བཞི། །བདུད་མོ་ཁྱོ་མི་འདོད་བཞི་ཡི་གུར་དུ་འབུལ། །དུང་གི་ནམ་མཁའ་འགྲི་ཤམ་བཞི། །བདུད་མོ་ཁྱོ་མེད་བཞི་ཡི་གུར་དུ་འབུལ། །ལྕགས་ཀྱི་ནམ་མཁའ་ཟང་མིག་བཞི། །བདུད་མོ་ཁྱོ་རྐུན་མ་བཞིའི་གུར་དུ་འབུལ། །ཁོལ་བུའི་ནམ་མཁའ་བདེ་ཆོད་བཞི། །དམ་སྲི་མཚོན་མའི་གུར་དུ་འབུལ། །འབྲི་ཡི་ནམ་མཁའ་ཟང་མིག་མ། །དུང་གི་འོད་དང་ལྡན་པ་ནི། །ཀླུ་སྲིན་ཆེན་མོའི་གུར་དུ་འབུལ། །ལྕགས་ཀྱི་ནམ་མཁའ་ཟང་མིག་མ། །གསེར་གྱི་འོད་དང་ལྡན་པ་ནི། །གཏིང་བདུད་ཆེན་མོའི་གུར་དུ་འབུལ། །ར་བལ་དམར་པོའི་ནམ་མཁའ་ལ། །འབྲི་ཡི་ཤམ་བུས་རབ་ཏུ་བརྒྱན། །གཡུ་ཡི་འོད་དང་ལྡན་པ་ནི། །ཀླུ་བདུད་ཆེན་མོའི་གུར་དུ་འབུལ། །རེ་འབྲིའི་ནམ་མཁའ་ཟང་མ་ལྔ། །འབྲོག་མོ་རྣམས་ཀྱི་གུར་དུ་འབུལ། །རེ་ལྡེ་གཡུ་མིག་ནམ་མཁའ་ནི། །ལྷོ་འབྲོག་ཆེན་མོའི་གུར་དུ་འབུལ། འབྲི་བུང་བུ་ཟང་མིག་ནམ་མཁའ་ནི། །བྱང་འབྲོག་ཆེན་མོའི་གུར་དུ་འབུལ། །སྲིན་བལ་གསེར་མིག་ནམ་མཁའ་ནི། །བྱང་སྨན་ཆེན་མོའི་གུར་དུ་འབུལ། །དཀར་སྲལ་མ་དང་དམར་སྲལ་ན། །སེར་སྲལ་མ་དང་སྔོ་སྲལ་མ། །སྲལ་མོ་སྡེ་བཞིའི་གུར་དུ་འབུལ། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །ནམ་མཁའ་བསྐང་བའི་ལེའུ་སྟེ་དྲུག་ཅུ་རེ་ལྔ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །དེ་ལྟར་རི་རབ་གླིང་བཞི་འདི། །མ་མོ་རྣམས་ལ་ཇི་ལྷར་བསྔོ། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །སོ་སོའི་བསྔོ་བ་འདི་ལྟར་རོ། །ཧུ༷། །མ་ཚོགས་ནི་གཉན་མཆོད་ཕྱིར། །འབྲུ་སྣ་ནི་སྣ་་ཚོགས་ལ། །འབྲུ་ཆེན་ནི་མང་པོ་ལ། །རིན་ཆེན་གྱི་ཕྱེ་བདར་ཏེ། །རི་རབ་ནི་ལྷུན་པོའི་གཟུགས། །གླིང་བཞི་ནི་གླིང་ཕྲན་བརྒྱད། །ལྕགས་རི་ནི་ནག་པོས་བསྐོར། །ཁ་དོག་ནི་རིགས་དང་བསྟུན། །རྒྱ་ཁྱོན་ནི་དཔག་ཏུ་མེད། །གླིང་བཞི་ནི་གཏོར་མ་དང་། །སྲོག་ཆགས་ནི་མང་པོས་བསྐོར། །ཀུན་ཀྱང་ནི་རིན་པོ་ཆེ། །རྒྱན་དང་ནི་ཆ་ལུགས་ལྡན། །འཇིག་རྟེན་ནི་ཟས་ཀྱིས་བསྐོར། །དཀོན་པའི་རྫས་ཀྱིས་བརྒྱན། །མུ་མེན་གྱི་སྟེགས་བུ་ལ། རིན་ཆེན་ནི་གསལ་བཀྲམ་སྟེ། བྱུ་རུའི་སྐས་བཙུགས་ནས། སྦོས་ཀྱི་ས་གཞི་ལ། །དབང་གི་དཀྱིལ་འཁོར་ལྡན། །དར་དཀར་ཡོལ་བྲེས་ཏེ། །གསལ་བའི་མེ་བུས་ནས། །རྒྱལ་མཚན་ནི་མང་པི་བཙུགས། །ལེ་བརྒན་ནི་གདུགས་ཀྱིས་བཀབ། དུད་བ་ནི་གཉེན་འཕྱུར་ཞིང་། གསེར་ཀྱི་ནི་སྐྱེམས་བདར་ཏེ། །ཚེ་སྲོག་གི་གླུད་དུ་འབུལ། ཆུང་སྲིད་ཀྱི་གླུད་དུ་འབུལ། །ལོངས་སྤྱོད་ཀྱི་གླུད་དུ་འབུལ། །མདོས་བདག་ནི་མདོས་བཞེས་ཤིག །གླུད་བདག་ནི་གླུད་བཞེས་ཤིག །ཧུ༷། །རི་རབ་གླིང་བཞིའི་དཀྱིལ་འཁོརནི། །མམོཚོགསཀྱིརྒྱལམོསྟེ། །འཇིག་རྟེན་ཡོངས་ཀྱི་ཁམས་ཀྱི་མངའ་བདག་མོ། །སེར་མོ་རླུད་གི་གོས་ཟུ་ཅན། །ལག་ན་ནེ་ལའི་རྐྱལ་པ་ཐོགས། །སྐྱེ་འགྲོ་ཀུན་གྱི་དབུགས་འཕྲོག་མ། །འདིར་སྦྱོན་ཚེར་སྲོག་གླུད་བཞེས་ལ། །མདོས་བདག་ནི་མདོས་བཞེས་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཧཱུཾ༷། ནམ་མཁའ་རིགས་ཀྱི་རྒྱལ་མོ་སྟེ། འཇིག་རྟེན་ཡོངས་ཀྱི་མངའ་བདག་མོ། མཐིང་ནག་ནམ་མཁའི་གོས་ཟུ་ལ། །གསེར་གྱི་དྲིལ་ཞགས་རྡེག་ཅིང་འཕེན། །སྐྱེ་འགྲོ་ཀུན་གྱི་བཀྲག་འཕྲོག་མ། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ནི་མདོས་བཞེས་ལ། གླུད་བདག་ནི་གླུད་བཞེས་ཤིག །ཧཱུཾ༷། རི་རབ་གླིང་བཞིའི་ཟོམ་རྩེ་ནས། །སྣང་སྲིད་སྲོག་གི་ཕུད་ཉུལ་མ། །སྐུ་མདོག་མཐིང་ནག་ཆེན་མོ་ལ། །དབུ་དང་སྤྱན་ནི་ཅིར་ཡང་སྟོན། །རིན་ཆེན་རལ་པ་སྣ་ཚོགས་ཀྱི། །སྣང་སྲིད་ཁ་དོག་གསལ་མཛད་མ། །སྦྱན་གཉིས་མཛེས་པའི་མཆི་མ་ཡིས། །གཡས་པས་སྣང་སྲིད་དབང་དུ་སྡུད། །གཡོན་པས་སྐྱེ་འགྲོ་གསོ་མཛད་མ། །ལྔ་བཅུ་རྩ་བདུན་ཇོ་མོ་སྟེ། །སྐྱེ་འགྲོ་ཡོངས་ཀྱི་མངའ་བདག་མོ། །མ་མོ་ཆེན་མོ་གཤེགས་ནས་ཀྱང་། །ཚེ་དང་སྲོག་གི་གླུད་བཞེས་ལ། །འདི་སྦྱོན་ཚེ་སྲོག་གླུད་བཞེས་ཤིག། །མདོས་བདག་ནི་མདོས་བཞེས་ཤིག །གླུད་བདག་ནང་གླུད་བཞེས་ཤིག །ཧུ༷། ཆེ་ཞེ་ཆེན་མོདཀར་མོ་སྟེ། །ཉི་ཟླ་སྟོང་གི་ཐོད་འཕྲེང་ཅན། །ལྕགས་དང་ཟངས་ཀྱི་དྲིལ་ཞགས་ལ། །སྙིང་གི་ཞགས་པ་སྡོག་ཅིང་འཕེན། །སྤྲུལ་པ་ཆེན་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་སྒྲུད་བཞེས་ལ། །མདོས་བདག་ནི་མདོས་བཞེས་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཧུ༷། ཆེ་ཞེ་དཀར་མོ་ཉི་མའི་བདག། །སྲིད་པ་གསུམ་ཆར་སྒྲོལ་མཛད་མ། །ལག་ན་ཤེལ་གྱི་སྐྲུ་གྲི་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །འདི་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ནི་མདོས་བཞེས་ལ། །གླུད་བདག་ནི་གླུད་བཞེས་ཤིག །ཧུ༷། ཆེན་ཞ་ནག་མོ་ཁྲག་འཐུང་མ། །སྲིད་པ་གསུམ་ཆར་དབང་དུ་སྡུད། །ལག་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། ཆེ་ཞེ་དམར་མོ་བདུད་རྩི་བདག །སྲིད་པ་གསུམ་གྱི་གསོས་ཀྱི་བདག། །ལག་ན་བདུད་རྩི་བུམ་པ་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་བྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས།མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷ །ཆེ་ཞེ་ལྗང་ནག་གནས་འཕྲུལ་མ། །སྲིད་པ་གསུམ་ཆར་གནས་ལ་སྦྱོར། །ལག་ན་ཞིང་ལྦགས་རྒྱལ་མཚོ་ཐོགས། །ཁྲོས་པའི་རྒྱལ་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །མཚན་ནི་སྲིད་པའི་རྒྱན་བྱེད་མ། །ལག་ན་རྒྱུ་བའི་ཞགས་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧྭ༷། །མཚན་ནི་དབྱིངས་ཕྱུག་ཆེན་མོ་སྟེ། །ལག་ན་ཞིང་གི་དབྱུག་པ་ཐོགས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ནི་བདག་བཞེས་ཤིག །གླུད་བདག་ནི་གླུད་བཞེས་ཤོག །ཧུ༷། །མཚན་ནི་བདག་ཉིད་ཆེན་མོ་སྟེ། །ལག་ན་ཞིང་གི་རྒྱུ་ཞགས་འཕེན། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །འདིར་སྦྱོར་ཚེ་སྲོག་གླུད་བཞེས་ཤིག །མདོས་བདག་ནི་མདོས་བཞེས་ཤིག །གླུད་བདག་ནི་གླུད་བཞེས་ཤེག །ཧུ༷། །མཚན་ནི་གཅིག་པུ་ཆེན་མོ་ལ།མ །ལག་ན་མི་ཡི་གཡང་གཞི་རྡེབས། །ཕུང་བྱེད་ཆེན་མོའི་མིང་ནས་ཕྱུང་། །འདིར་སྦྱོར་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། གླིང་བཞི་ཕྱོགས་ཀྱི་དཀྱིལ་འཁོར་ནས། །སྲོགས་ཤར་གྱི་མངའ་བདག་མོ། །དཀར་མོ་ཆེན་མོ་མིག་གཅིག་མ། །ལག་ན་བན་དྷ་ཟླུམ་པོ་ཐོགས། །སྐྱེ་བར་བྱེད་པའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདསག་ཆེན་མོ་མདོས་བཞེས་ཤིག །གླུད་བདག་ཆནེ་མོ་གླུད་བཞེས་ཤིག། །ཧུ༷། །སྲིད་པ་ལྷོ་ཡི་བདག་མོ་སྟེ། །ནག་མོ་ཆེརན་མོ་རལ་པ་ཅན། །ལག་མ་བན་དྷ་སུལ་མང་ཐོགས། །སྲིད་པར་བྱེད་པའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་ཟླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། སྲིད་པ་ནུབ་ཀྱི་བདག་མོ་སྟེ། །དམར་མོ་དབང་གི་རྒྱལ་མོ་སྟེ། །ལག་ན་བན་དྷ་ལྕང་ལོ་ཅན། །འཆི་བར་བྱེད་པའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། སྲིད་པ་བྱང་གི་བདག་མོ་སྟེ། །སེར་མོ་ཆེན་མོ་ལས་ཀྱི་བདག །ལག་ན་བན་དྷ་རྒྱ་གྲམ་ཐོགས། །ལེན་པར་བྱེད་པའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། སྲིད་པ་ཡོངས་ཀྱི་ཤ་ཟ་མོ། ་ན་ཤན་ནེའུ་ཚོགས་ཀྱི་རྫས། །གོས་སུ་མི་ལྤགས་རློན་པ་གོན། །མཐའ་མ་མི་མགོ་སྟོང་གིས་བསྐོར། །སྲིད་པོ་ཀུན་གྱི་བདག་ཉིད་མ། །ཟངས་སྲི་ནམ་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་ཟླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། ཧ་ལ་ཧ་ལ་གདོང་བརྒྱ་མོ། །སྲིད་པ་གསུམ་གྱི་ཁྱིམ་བདག་མོ། །སྟག་ལྤགས་གཡང་གཞི་གོས་སུ་གོན། །ཧེ་རུ་ཀ་ནིའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེ་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། འཇིག་རྟེན་གསུམ་གྱི་བྱན་མཁའ་མོ། །སྦྱིན་དཀར་བརྩེགས་པ་གོས་སི་གོན། །ལག་ན་མི་ཡི་པགས་པ་ཐོགས། །ཨེ་ཀ་ཛུ་ཏིའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། དངོས་པོ་ཆ་བྱད་ནག་མོ་ལ། །འཇིགས་སུ་རུང་བའི་རལ་པ་ཅན། །སྐུ་སྟོད་མི་ལྤགས་གཡང་གཞི་གསོལ། །སྐུ་སྨད་ཟངས་ཀྱི་ཤམ་ཐབས་ཅན། །མི་ཕྱུང་གསོད་པའི་ཁྲམ་བམ་ཐོགས། །ཁྱོད་ནི་འདོད་ཁམས་གཙོ་མོ་སྟེ། །གཤིན་རྗེའི་ལྕམ་ཅིག་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ཧུ༷། །ཆ་བྱད་སྔོན་མོ་ཆེན་མོ་ལ། །མུ་ཏིག་གོས་ཕངས་གོང་སུ་གོན། །ལག་ན་བདུད་རྩི་ཟ་མ་ཏོ། །ནམ་མཁའི་རྒྱལ་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། །ཆ་བྱད་དཀར་མོ་ཆེན་མོ་ལ། །ལྕགས་ཀྱུ་འབར་བ་ལན་ཐོགས། །གླིང་བཞི་ཉུལ་བྱེད་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེ་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷ །རི་རབ་གླིང་བཞིའི་གྲུ་འདེགས་མ། །ཆ་བྱད་དཀར་མོ་སྒེག་པ་ལ། །ལག་ན་རྡོ་རྗེ་ཁ་ཊ༷་ཐོགས། །ཧར་ཏིང་། །དཀར་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ཧུ༷། །ཆ་བྱེད་ནག་མོ་སྒེག་མ་ལ། །ལག་ན་མེ་ཡི་དཀྱིལ་འཁོར་ཐོགས། །དུན་ཏིང་ནག་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་ སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། ཆ་བྱད་དམར་མོ་སྒེག་མ་ལ། །ལག་ན་ཆུ་ཡི་དཀྱིལ་འཁོར་ཐོགས། ཁྲམ་ཏིང་དམར་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། ཆ་བྱད་སེར་མོ་སྒེག་མ་ལ། །ལག་ན་རླུ་་གི་བ་དན་ཐོགས། ཁུབ་ཏིང་སེར་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། དམག་གི་རྒྱལ་མོ་ཆེན་མོ་བཞི། ཁྲར་གྱི་དཀར་མོ་མཆེ་གཙིགས་མ། །ལྷོ་ཡི་ནག་མོ་ཁ་དབྱལ་མ། །ནུམ་ཀྱི་དམར་མོ་མཆུ་འཇིབ་མ། །བྱང་གི་སེར་མོ་རྐང་ལྡག་མ། །རིགས་བཞི་དམག་དཔུང་འཁོར་གྱིས་བསྐོར། །ཁ་རྗེ་ཟངས་ཁའི་མངའ་བདག་མོ། །དམག་དཔོན་རྒྱལ་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ཧུ༷། །ལྷོ་ཆེན་བརྒྱད་ཀྱི་མ་ཆེན་མོ། །ནག་མོ་ཆེན་མོ་བརྐམ་མདང་། །སྲིན་མོ་ཆེན་མོ་རབ་ཏུ་བརྐམ། །སྲིན་མོ་ཆེན་མོ་ཕོར་ཐོགས་མ། །སྲིན་་མོ་ཆེན་མོ་དྲིག་འདོད་མ། །སྲིན་མོ་ཆེན་མོ་གཡང་གཞི་མ། །སྲིན་མོ་ཆེན་མོ་གསོས་བྱེད་མ། །སྲིན་མོ་ཆེན་མོ་ཤ་ཟ་མ། །འཇིག་རྟེན་ཁམས་རྣམས་ཞབྲུག་པར་བྱེད། །ཚེ་སྲོག་ཀུན་ལ་གནོད་བྱེད་མ། །མཁལ་མ་སྙིང་དང་ནང་ཁྲོལ་གྱིས། །སྙིམ་པ་ཤིན་ཏུ་བཀང་ནས་སུ། །ཟ་ཞིང་རྔམ་པ་ཀུན་ཏུ་རྒྱུག །མ་བདུན་ཆེན་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། ཤར་ཕྱོགས་ཁམས་ནས་ཀུན་ཏུ་རྒྱུག །མི་མགོའི་ཕོར་པ་ཁྲག་གི་བཀང་། །གྲོང་སྒོར་འཐོར་ཞིང་ནད་འབེབས་མ། །མ་བདུད་ཆེན་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ཧུ༷། །གླིང་བཞི་ཀུན་ཏུ་རྒྱུག་འགྲོ་སྟེ། །སོ་འོག་ཀུན་ནས་གཉོམ་བྱེད་ཅིང་། །འཇིག་རྟེན་མྱོས་བྱེད་ཟ་བ་མོ། །ས་བདག་ཆེན་མོའི་མིང་ནས་ཕྱུང་། །འདིར་སྦྱོན་ཚེསྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷།ནག་མོ་ཆེན་མོ་ཧྲལ་ཧྲལ་མོ། །ཐབ་དང་གཤོབ་ཀྱི་སྡོང་ལ་མོ། །མ་སང་ཆེན་མོའི་མིང་ནས་ཕྱུང་། །འདིར་བྱོན་ཚེ་སྲོག་གླུད་བཞེས་ལ། །མདོས་བདག་ཆེན་མོ་མདོས་ལོངས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ད་ནི་དབང་ཕྱུག་མ་ལ་བསྔོ་བར་བྱ་སྟེ། །འདི་སྐད་དོ། །སྨྱོ། །མ་ནུ་རག་ཤ་སྲིན་པོའི་ཆུང་མ་སྟེ། །རྒྱ་མཚོའི་ངོས་ལ་གནས་པའི་སྨུག་ནག་རལ་པ་ཅན། །བན་དྷ་རག་ཏས་བཀང་ནས་རྡོ་རྗེས་འཕྲུག་ཅིང་གསོལ། །ཁྱོད་ཀྱི་བུ་ནི་སྲིན་ཕྲུག་ལྔ་བརྒྱ་སྟེ། །དཔག་ཚད་བརྒྱད་ཁྲིར་འགྲོ་ཞིང་སྙིང་ཁྲག་དྲོན་མོ་འཐུང་། །དམ་ཚིག་སྲུང་བའི་མཆོག་སྟེ་རྡོ་རྗེས་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་རག་དབང་དུ་སྡུད་། །དམ་ཉམས་དགྲོ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫསམཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །པྲ་མ་ནི་ཚངས་པའི་ཆུང་མ་སྟེ། །སེར་མོ་དབུ་བཞི་འབར་བའི་རལ་པ་ཅན། །སེར་མོ་དབུ་བཞི་འབར་བའི་རལ་པ་ཅན། །ཁྱོད་ཀྱི་བུ་ནི་གཟུགས་ཁམས་ལྷོ་ཚོགས་ཏེ། །ཚངས་རིགས་ལྷ་ཚོགས་བྱེ་བ་འབུམ་གྱིས་བསྐོར། །དམ་ཚིག་སྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲོ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་་མ་འདའ་བར་རྫས་མཆོག་བདུད་རྩིའི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །རིའུ་ཏྲི་མ་ནི་ལྷ་ཆེན་ཆུང་མ་སྟེ། །དཀར་མོ་རལ་པ་འབར་བོའི་ཐོད་འཕྲེང་ཅན། །ཁྱོད་ཀྱི་ལག་ན་ཏྲི་ཤུ་ལ་ཐོགས་པས། །གདུག་པ་རྡུལ་དུ་རློག་པ་བདག་ཉིད་མ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོསག་བདུད་རྩི་གསེར་སྐྱེམསའབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །བེ་ན་བེ་ནི་ཁྱབ་འཇུག་ཆུང་མ་སྟེ། །སྔོན་མོ་རལ་པ་འབར་བའི་ཐོད་འཕྲེང་ཅན། །མཐུ་ཆེན་རྣམས་ཀྱི་མཐུ་རྣམས་ཕྲོགས་ནས་ནི། །ལག་ན་འཁོར་ལོ་ཐོགས་པས་བདུན་བཞི་འཇོགས། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཀོ་མ་རི་ནི་དབང་ཕྱུག་གཞོན་ནུའི་ཆུང་མ་སྟེ། །དམར་པོ་རལ་པ་འབར་བའི་ཐོད་འཕྲེང་ཅན། །དབང་ཆེན་རྣམས་ཀྱི་དབང་ནི་སྡུད་བྱེད་མ། །ལག་ན་མདུང་ཐུང་ཐོགས་པས་ཀུན་སྒྲོལ་མ། །དམ་ཚིག་བསྲུང་བའི་མཆོག་སྟེརྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ཨིནྟྲ་མ་ནི་བརྒྱ་བྱིན་ཆུང་མ་སྟེ། །དཀར་སེར་རལ་པ་འབར་བའི་ཐོད་འཕྲེང་ཅན། །སུམ་ཅུ་རྩ་གསུམ་ལྷ་དང་དབང་སྒྱུར་མ། །ལག་ན་ཨོ་ཐོགས་པས་ནི་མཚམས་གཅོད་མ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །འགུགས་བྱེད་མ་ནི་ཁུ་བྱུག་མགོ་བོ་ཅན། །ཁྱོད་ཀྱི་ལག་ན་ལྕགས་ཀྱུ་ཐོགས་པ་ཡིན། ཁྲར་ཕྱོགས་དྲི་ཟ་མང་པོ་གྱིས་གནོན། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ཤིག། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ལྷོ་ཕྱོགས་ནས་འཛྲ་བི་ཀ་ལ་ནི་རྡོ་རྗེའི་ཆུང་མ་སྟེ། །དཀར་སེར་༄༅ རལ་པ་འབར་བའི་ཐོད་འཕྲེང་ཅན། །བན་དྷ་རག་ཏས་བཀང་ནས་འཁྲུག་ཅིང་གསོལ། །མཚམས་ཀྱི་བགེགས་རྣམས་མ་ལུས་ཚར་གཅོད་མ། །དམ་ཚིག་བསྲུང་བའི་མཆོད་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །དམ་རྫས་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ཤིག། །གླུད་བདག་ཆེན་མོ་ཟླུད་བཞེས་ཤིག། །ཨ་མྲི་ཏ་ནི་ཉ་མའི་ཆུང་མ་སྟེ། །དམར་མོ་རལ་པ་འབར་བའི་ཐ་འཕྲེང་ཅན། །ཁྱོད་ཀྱི་ལག་ན་པདྨ་དམར་པོ་བསྣམས་པ་ཡི། །བདུད་རྩི་བུམ་པ་སྔག་བསྔས་སེལ་བར་བྱེད། །དམ་ཚིག་བསྲུང་བའི་མཆོད་སྟེ་རྡོ་རྗེ་མཁའ་འགྲོ་མ། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །སེར་སྐྱ་མ་ནི་ཟླ་བའི་ཆུང་མ་སྟེ། །དཀར་མོ་རལ་པ་འབར་བའི་ཐོད་འཕྲེང་ཅན། །ལག་ན་པདྨ་བསྣམས་པས་གཟའ་སྐར་བཟློག །དམ་ཚིག་བསྲུང་བའི་མཆོད་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀ་དང་དམ་ལས་མ་འད་ལས་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མཇོས་བཞེས་ལ། །གླུད་བདགཆེན་མོ་གླུད་བཞེས་ཤིག །བན་དྷ་ཧ༷་ནི་བེ་ཅོན་ཆུང་མ་སྟེ། །སྐུ་མདོས་ལྗང་ནག་འབར་བའི་རལ་པ་ཅན། །ཁྱོད་ཀྱི་ལག་ན་བེ་ཅོན་ཐོགས་པ་ཡིན། །གང་ལ་བྱ་བའི་གནོད་བྱེད་རྡུལ་དུ་རློག །དམ་ཚིག་བསྲུང་བང་༨་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲོ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །རག་ཤ་སིནི་པོའི་ཆུང་མ་སྟེ། །སྨུག་ནག་རལ་པ་འབར་བའི་ཐོདའཕྲེང་ཅན། །སྟིར་བ་སུ་དྲངས་ཏེ་འལ་དུ་གསོལ། །སྐྱེ་ཤི་རྩ་བ་གཅོད་པའི་བདག་ཉིད་མ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདེར་་་ཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་པར། །རྫས་མཆོད་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བག་ཤ་ས་ནི་སྦེན་པའི་ཆུང་མ་སྟེ། །ལྗང་ཁུ་རལ་པ་འབར་པའི་ཐོད་འཕྲེང་ཅན། །རྡོ་རྗེ་དབྱུག་པས་གདུག་པ་རྡུལ་དུ་རློག །མི་བཟད་འཇིག་རྟེན་ཁམས་ལ་དབང་བྱེད་མ། །གཡས་ཀྱི་ཟངས་གྲི་རྣོན་པོ་སྒྲོལ་བར་བྱེད། །དམ་ཚིག་བསྲུད་ང་བའི་མཆོད་ནི་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲོ་བོའི་སྙིངནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཙ་ཀ་ལ་ནི་རྡོ་རྗེ་མགོ་ཅན། །འཚིང་བར་བྱེད་པའི་ལག་ན་ཞགས་པ་ཐོགས། །ལྷོ་ཕྱོགས་གཤིན་རྗེའི་རིགས་རྣམས་རྡུལ་དུ་རློག །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། དམ་ཉམས་དགྲོ་བོའི་སྙིང་ནས་འདྲེན་མཛད་མ། སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩིགསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ནུམ་ཕྱོགས་ཀྱི་རུ་ཏི་རེ་མ་ཏིན་སྟོན་བཟང་ཆུང་མ་སྟེ། །དཀར་མོ་རལ་པ་འབར་བའི་ཐོད་འཕྲིང་ཅན། །ཕྱག་ན་གཤོག་མདའ་བན་དྷ་འཛིན། །སྡུག་བསྔལ་མ་ལུས་གནས་ནས་འདྲེན་མཛད་མ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོ་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཨེ་ཀ་ཙ་ར་ཁྱོད་ནི་བདུད་ཀྱི་ཆུང་མ་སྟེ། །དམར་མོ་རལ་པ་འབར་བའི་ཐོད་འཕྲེང་ཅན། །ཁྱོད་ཀྱི་ལག་ན་ཟངས་གྲི་ཐོགས་པ་ཡིས། །སྐྱེ་ཤི་རྩ་བ་གཅོད་པའི་བདག་ཉིད་མ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ མདོ་བདག་ཆེན་མོ་མདོས་བཞེས་ལ། གླུད་བདག་ཆེན་མོ་ གླུད་བཞེས་ཤིག །མ་ནུ་ཧ་ར་མ་ཁྱོད་ནི་འདོད་པ་ལྷ་ཆེན་ཆུང་མ་སྟེ། །དཀར་མོ་རལ་པ་འབར་བའི་ཐོད་འཕྲེང་ཅན། །ཁྱོད་ཀྱི་ལག་ན་མདའ་གཞུ་ཐོགས་པ་ཡིས། །དམ་ལས་འདའ་བ་མ་ལུས་སྒྲོལ་བར་བྱེད། །དམ་ཚིག་བགྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིག་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་པོ་མདོས་བཞེས་ལ། གླུད་བདག་ཆེན་པོ་གླུད་བཞེས་ཤིག །སི་ཏི་བཀའ་ནི་ནོར་བསྲུང་ཆུང་མ་སྟེ། །དམར་མོ་ཝ་མགོ་འབར་བའི་ཐོད་འཕྲིང་ཅན། །ཁྱོད་ཀྱི་ལག་ན་བུམ་པ་འཛིན་པ་ཡིན། །གང་ལ་བྱ་བའི་ཐིག་ལེ་ནོར་སྦྱིན་མ། །དམ་ཚིག་བགྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །བ་ཡི་བེ་ནི་རླུབ་ལྷའི་ཆུང་མ་སྟེ། །སྔོན་མོ་རལ་པ་བའར་བའི་ཐོད་འཕྲེང་ཅན། །ཁྱོད་ཀྱི་ལག་ན་བན་དྷ་ཐོགས་པ་ཡིས། །ཕྱོགས་མཚམས་མེད་པར་མཐོང་ཞིང་གཡེང་བར་བྱེད། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །མ་ཧ་མ་ར་ནི་སྨུག་ནག་གསོད་བྱེད་མེ། །མཐིང་ནག་རལ་པ་འབར་བའི་ཐོད་འཕྲིང་ཅན། །ཁྱོད་ཀྱི་ལག་ན་ཤེས་ར་བ་རལ་གྲི་འཛིན། །ཐམས་ཅད་རྡུལ་དུ་རློག་པའི་གསོད་བྱེད་མ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་མ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཨུ་མུ་ཀ་ལ་དམར་མོ་ལྕགས་སྒྲོག་མ། །འབར་བ་ཉི་མའི་སྤྱན་ཅན་གླུད་འདུལ་མ། །ནུབ་ཕྱོགས་ཀླུ་དང་ཆུ་གདོལ་འདུལ་བར་བྱེད། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བདག་བཞེས་ཤིག །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བྱང་གི་ཕྱོགས་ནས་ཨག་ནེ་མ་ནི་མེ་ལྷའི་ཆུང་མ་སྟེ། །དམར་སེར་རལ་པ་འབར་བའི་ཐོད་འཕྲེང་ཅན། །གསལ་ཤིང་འཛིན་པའི་ཡེ་ཤེས་མེ་དཔུང་གིས། །འཁོར་བའི་སྡུག་བསྔལ་མ་ལུས་སྲེག་པར་བྱེད། །དམ་ཚིག་བགྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བར་ཧི་ནི་ས་བདག་ཆུང་མ་སྟེ། །ནག་མོ་མོ་བཟད་རྔམ་པ་ཕག་གི་དབུ། །ཕྱག་ན་ཞགས་པ་བསྣམས་པས་བདུད་བཞི་འདུལ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲོ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཙ་མུ་ཏི་ནི་གཤིན་རྫེའི་ཆུང་མ་སྟེ། །སྨུག་ནག་རལ་པ་འབར་བའི་ཐོད་འཕྲེང་ཅན། །ལག་ན་ཞིང་ཆུང་བསུ་དྲངས་ནས་གསོལ། །གཤིན་རྫེའི་རིགས་རྣམས་གཡོ་བ་མེད་པར་སྒྲོལ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །པུ་ཏ་ཡ་ནི་བྱིན་ཡ་གའི་ཆུང་མ་སྟེ། །སྔོན་མོ་རལ་པ་འབར་བའི་ཐོད་འཕྲེང་ཅན། །བན་དྷ་རག་ཏས་བཀང་ནས་འཁྲུག་ཅིང་གསོལ། །སྟོངཕྲག་བརྒྱད་ཅུའི་བགེགས་ལ་མངའ་མཛད་མ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །རུ་བ་ན་ནི་ཆུ་ལྷའི་ཆུང་མ་སྟེ། །སྔོན་མོ་རལ་པ་འབར་བའི་ཐོད་འཕྲེང་ཅན། །ཆུ་ལྷ་རྒྱན་གྱི་བརྒྱན་པས་མཛད་པ་སྟེ། །ལག་ན་ཆུ་སྲིད་དང་ནི་སྦྲུལ་ཞགས་འཛིན། །གང་ལ་བྱ་བ་དབང་དུ་སྡུད་ནས་ནི། །ཀླུ་ཡི་རིགས་རྣམས་གཡོ་བ་མེད་པར་སྒྲོལ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིང་ནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ལམ་པོ་དར་མ་ནི་དྲིལ་འཁྲོལ་མ། །ལྗང་ནག་འཇིག་རྟེན་པས་རྡུལ་དུ་རློག་བྱེད་མ། །དམ་ཚིག་བསྲུང་བའི་མཆོག་སྟེ་རྡོ་རྗེ་མཁའ་འགྲོ་མ། །འགྲོ་བ་ཀུན་གྱི་ཚེ་སྲོག་ཤ་ཁྲག་དབང་དུ་སྡུད། །དམ་ཉམས་དགྲ་བོའི་སྙིངནས་འདྲེན་མཛད་མ། །སྔོན་གྱི་བཀའ་དང་དམ་ལས་མ༷་འདའ་བར། །རྫས་མཆོག་བདུད་རྩི་གསེར་སྐྱེམས་མཆོད་པར་འབུལ། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །དབང་ཕྱུག་གི་བསྔོ་འོ། །དེ་ནས་བསེ་མོ་ལ་བསྔོ་བ་སྟེ། ཧཱུཾ།གྲུབ་པའི་རྣལ་འབྱོར་ཆེན་པོ་ནི། ས་བདག་ཆེན་མོའི་དུས་ལ་བབ། མ་མོ་ཆེན་པོ་དམ་ཚིག་ཅན། །ཚ་བའི་རོང་ནས་བཞེངས་པ་ནི། །མར་ཁུའི་མཚོ་ཡི་གཏིང་ཤེས་ནས། །བདུད་ཀྱི་བུ་མོ་ཆེན་མོ་ནི། །ཆིབས་སུ་བདུད་རྟ་རྟིང་དཀར་ཆིབས། །ན་བཟའ་མཐིང་ནག་བེར་ཆེན་གསོལ། །མཐིང་གི་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །དར་ནག་ཅོད་པན་པུ་རུ་སྲ །དབང་གི་ཁྲབ་སི་ལི་ལི། །བརྡ་ནི་མི་ཕྲད་ལོ་བལ་མོ། །སྐད་ནི་སྙན་ལྡན་མི་ལྡབ། །དྲི་ནི་མི་ཞི་མ་ཆལ་མ་ཆིལ། །གཟུགས་ནི་མི་སྡུག་ལག་བརྒྱ་མོ། །གཡས་པ་བརྒྱ་ནི་ཕུརཔ་འདྲིལ། །གཡོན་པ་བརྒྱ་ནི་ཞགས་པ་སྡོག། །མདོས་བག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། གྲུབ་པའི་རྣལ་འབྱོར་ཆེན་མོ་སྟེ། །བལ་ཡུལ་མཐིལ་ནས་བཞེངས་པ་མོ། །སྦྲག་རྩི་མ་མོ་ཡི་གཏིང་ཤེས་ནས། །གཟི་ཡི་བུ་མོ་ཆེན་མོ་སྟེ། །ཆིབས་སུ་ཟངས་རྟ་སེར་པོ་ཆིབས། །ན་བཟའ་གསེར་མོའི་བེར་ཆེན་གསོལ། །བསེ་ཡི་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །དར་ནག་ཅོད་པན་པུ་རུ་མྲ །དབང་གི་བསེ་ཁྲབ་སི་ལི་ལི། །བརྡ་ནི་མི་ཕྲད་ལྷོ་བ་ལ་མོ། །སྐད་ནི་མི་སྙན་ལྡབ་མ་ལྡིབ། །གཟུགས་ནི་མི་སྡུག་ལག་བརྒྱ་མོ། །གཡས་པ་བརྒྱ་ནི་ཕུར་པ་འདྲིལ། །གཡོན་པ་བརྒྱ་ནི་ཞགས་པ་བསྣམས། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷།གྲུབ་པའི་རྣལ་འབྱོར་ཆེན་མོ་ནི། །མང་ཡུལ་གསེབ་ནས་བཞེངས་པ་ནི། །ཁྲག་གི་མཚོ་ཡི་གཏིང་ཡངས་ནས། །བཙན་གྱི་བུ་མོ་ཆེན་མོ་སྟེ། །ཆིབས་སུ་བཅན་རྟ་དམར་པོ་ཆིབས། །ན་བཟའ་དར་དམར་བེར་ཆེན་གསོལ། །ཁྲག་གི་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །དར་ནག་ཅོད་པན་པུ་རུ་སྲ །དབང་གི་བསེ་ཁྲབ་སེ་ལི་ལི། །བརྡ་ནི་མི་པྲད་ལྷོ་བལ་མོ། །སྐད་ནི་མི་སྙན་ལྡབ་མ་ལྡིབ། །གཟུགས་ནི་མི་སྡུག་ལག་བརྒྱ་མོ། །གཡས་པ་བརྒྱ་ནི་ཕུར་པ་འདྲིལ། །གཡོན་པ་བརྒྱ་ནི་ཞགས་པ་བསྣམས། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། གྲུབ་པའི་རྣལ་འབྱོར་ཆེན་མོ་ནི། །སྙན་ནམ་འགྲམ་ནས་བཞེངས་པ་ནི། །འོ་མའི་མཚོ་དཀྱིལ་ཡངས་པ་ནས། །ཀླུ་ཡི་བུ་མོ་ཆེན་མོ་ནི། ་ཆིབས་སུ་རྟ་སྔོན་པོ་ཆིམས། །ན་བཟའ་དར་ལྗང་བེར་ཆེན་གསོལ། །དུང་གི་རལ་པ་ཤ་ར་ར། །རལ་པ་རེ་ལ་ཕུར་པ་རེ། །དར་ནག་ཅོད་པན་པུ་རུ་སྲ །དབང་གི་བསེ་ཁྲབ་སི་ལི་ལི། །བརྡ་ནི་མི་ཕྲད་ལྷ་་བལ་མོ། །སྐད་ནི་མོ་སྙན་ལྡབ་མ་ཝི།བ། །གཟུགས་ནི་མི་སྡུག་ལག་བརྒྱ་མོ། །གཡས་པ་བརྒྱ་ནི་ཕུར་པ་འདྲིལ། །གཡོན་པ་བརྒྱ་ནི་ཞགས་པ་བསྣམས། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཅེས་པས་བསེ་མོ་ལ་བསྔོ་བའོ། །ཧུ༷། །དགུང་སྔོན་མཐོ་ཡི་ཡར་སྟེངས་ནས། །ནམ་མཁའི་རྒྱལ་མོ་ཏིང་ལོ་སྨན། །སྐུ་ནི་དྲ་ལི་ལོ་འབར་བ་འདྲེ། །ཞལ་ནི་སྐུ་བཙུན་སྒྲོལ་མ་ཡས། །དབུ་ལ་གཡུ་ཡི་ཐོད་གདེང་ཅན། །མུ་ཏིག་མཛད་པའི་ཞུགས་འབར་ཅན། །ཕྱག་ན་གནམ་ལྕགས་སྙིང་ཁྲག་ཐོགས། །སྐྱིན་གྱི་གོས་ལུ་མཛེས་བརྒྱན་གསོལ། །ཆིབས་སུ་སྤྲིན་དཀར་ཡུད་ལ་ཆིབས། །འཁོར་དུ་གནམ་སྨན་མང་པོས་བསྐོར། །རོལ་དུ་ཉི་ཟླ་གཉན་གྱི་ས་རོལ། །གདན་དུ་སྐད་མ་སྨིན་བདུད་འདིས། །དགྲ་བོ་དམ་ཉམས་སྙིང་ནས་དྲོངས་། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་་མོ་གླུད་བཞེས་ཤིག །ཧུ༷། །རི་རབ་གནས་ཀྱི་ངོས་ཤེས་ནས། །མ་བདུན་ཨུག་ཆོས་དབྱར་མོ་སིལ། །ན་བཟའ་སྦང་རྒྱན་གོས་ཟུལ། །ཨུ་ཆོས་མཛེས་པའི་སུག་མ་གཏང་། །རུས་སྦལ་དཀར་པོའི་ཐོད་གདེང་ཅན། །ཆིབས་སུ་སྣར་ཆུང་ཤ་མོ་ཆིབས། །འཁོར་དུ་གནམ་སྨན་འབུམ་གྱིས་བསྐོར། །ཕྱག་ན་གསེར་ཀྱི་དར་དམར་བསྣམས། །འཁོར་འདི་བསྲུང་ལ་རྐྱེན་འདི་བཟློག །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། ཤར་གྱི་ཕྱོགས་ཀྱི་འཁོར་འདུལ་མ། །དེ་རིང་ནག་མོའི་ལྷ་ཁང་ནས། །ཀོང་བཙུན་དེ་མོ་བེད་ཁམས་སྐྱེང་། །གདོང་ལས་འོད་འཁོར་ཉི་ཟླའི་སྤྱན། །ཆེ་ཞེ་སྲིང་ཅིག་དཔལ་མོ་བསྟན། །ན་བཟའ་སྨུག་མོ་མེ་འབར་གསོལ། །གསེར་གྱི་ཐོད་རྡེངས་ཐོར་ཚུགས་ཅན། །ཕྱག་ན་ཁྲག་གི་བུམ་པ་བསྣམས། །ཆིབས་སུ་ཀོང་རྟ་ནག་ཆུང་ཆིབས། །འཁོར་དུ་ཀོང་བཙུན་མང་པོས་བསྐོར། །རོལ་དུ་བདུད་བྱང་མང་མོ་མངའ། །ཡ་ཀ་དམ་ཉམས་སྙིང་ནས་དྲོངས་། །མདོས་བདག་ཆེན་མོམདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧྭ༷། ཤར་ལྷོ་མཚམས་ན་འཁོར་འདུལ་མ། །མདོ་ལུང་སྟག་གཟིག་འདམ་ཁ་ནས། །ཆེ་ཞེ་འདམ་ལ་སྨན་གཅིག་མ། །ན་བཟའ་བེར་ཆེན་དགུ་བརྩེགས་གསོལ། །དབུ་ལ་གཡུ་ཡི་ཐོད་རྡེངས་ཅན། །ཕྱག་ན་གསེར་གྱི་ཉ་མོ་བསྣམས། །ཆིབས་སུ་ཀོང་རྟ་ཁ་དཀར་ཆིབས། །འཁོར་དུ་མ་བདུད་ཚོགས་ཀྱིས་བསྐོར། །སྐྲང་འབུར་དཀར་ནག་མངའ་བདག་མོ། །དགྲ་བོ་དམ་ཉམས་གཏིང་ནས་དྲོངས་། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧཱུཾ༷། ལྷོ་ཕྱོགས་ངོས་ཀྱི་འཁོར་འདུལ་མ། །སྤང་སྣང་མཐོན་པོའི་ལྗོངས་དག་ནས། །ལེགས་སྦྱོར་གསེར་དང་འབྲོག་མགྲིན་ཆེ། །སྐུ་ལ་མུན་པའི་གོས་ཟུ་ལ། །གསེར་གྱི་འོད་ལ་འདེས་བརྒྱན་གསོལ། །རིན་ཆེན་མང་པོའི་ཐོད་རྡེངས་ཅན། །ལག་ན་མི་ཁྲག་བསྔལ་མོ་ཁྱེར། །ཆིབས་སུ་སྲས་མོ་ཤར་ལ་ཆིབས། །འཁོར་དུ་སྦངས་སྨན་འབུམ་གྱིས་བསྐོར། །རོལ་དུ་བྲག་སྲིན་མང་པོ་ཁྲིད། །དགྲ་བོ་དམ་ཉམས་སྙིང་ནས་དྲོངས་། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། ལྷོ་ནུབ་མཚམས་ཀྱི་འཁོར་འདུལ་མ། །གསང་རི་སྔོན་པོའི་རྩེ་རི་ནས། །ལྷོ་ཡི་སྐྱེན་མཐིང་གཡའ་མ་སྐྱོང་། །གཡུ་བུན་དན་ས་བྱ་བུན་འཐུལ། །ན་བཟའ་སྤྲིན་དཀར་མེ་བ་གསོལ། ཁྲེས་གྱི་ཐོད་རྡེང་ཐོར་ཚུགས་ཅན། །ཕྱག་ན་དུང་གི་འཕྲེང་བ་བསྣམས། །ཆིབས་སུ་སེར་མོ་མདོས་ལོང་ཆིབས། །འཁོར་དུ་གློག་ཆར་སྲིན་གློག་འགྱུ །རོལ་དུ་ཁུ་འཕངས་སྐྱ་མོ་རོལ། །དགྲ་བོ་དམ་ཉམས་སྙིང་ནས་དྲོངས་། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །ཧུ༷། ནུབ་ཕྱོགས་ངོས་ཀྱི་འཁོར་འདུལ་མ། །མངའ་ལ་སྤྱི་བདུད་གངས་རྩེ་ནས། །མཁའ་ལ་སྤྱི་བདུད་དཔལ་གྱི་ཡུམ། །ན་བཟའ་བཙོས་དང་མུ་མེན་གསོལ། །གསེར་གཡུ་སྤྲས་པའི་ཐོགས་འཕྲེང་ཅན། །ཕྱག་ན་མདའ་བཟང་གཡབ་དར་ཐོགས། །ཆིབས་སུ་བྱེད་ཆེན་ལྕག་མོ་ཆིབས། །འཁོར་དུ་རྒྱུ་སྐར་མང་པོས་བསྐོར། །རོལ་དུ་གཟའ་ཆེན་བརྒྱད་དང་བཅས། །དགྲ་བོ་དམ་ཉམས་སྙིང་ནས་དྲོངས་། །མདོས་བདག་ཆེན་མོ་མདོས་བཞེས་ཤིག། །གླུ་བདག་ཆེམ་མོ་གླུད་བཞེས་ཤིག །ཧུ༷། ནུབ་བྱང་མཚམས་ཀྱི་འཁོར་འདུལ་མ། །གངས་དཀར་མཐོན་པོའི་རྩེ་ནས་ཀྱང་། །གངས་ཀྱི་ཡུམ་ཆེན་གཡུ་འབུམ་མ། །ཆེ་ཞེ་གངས་དཀར་ཤ་མེད་མ། །ན་བཟའ་བཙོས་དང་རལ་དཀར་གསོལ། །དར་ཆེན་ཡུག་གིས་བརྒྱན་པ་གསོལ། །དབུ་ལ་གཡུ་ཡི་ཐོད་རྡེང་ཅན། །ཕྱག་ན་གསེར་གྱི་སྨན་ཤ་བསྣམས། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས་འཁོར་དུ་གནས་སྨན་འབུལ་གྱིས་བསྐོར། །རོལ་དུ་གློག་དང་མེ་ལྕེ་ཁྲིད། །དགྲ་བོ་དམ་ཉམས་སྙིང་ནས་དྲོངས་། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ལ། ཧུ༷། བྱང་ཕྱོགས་ངོས་ནས་འཁོར་འདུལ་མ། །བྱང་གི་གསེར་ཐང་ཡི་གེ་མ། །བྱང་གི་སྨན་ཏིང་ཏིང་མོ་བཙུན། །ན་བཟའ་བཙོས་དང་གཡག་ལྤགས་གསོལ། །ལྕགས་ཀྱི་ཐོད་རྡེང་ཐོར་ཚུགས་ཅན། །ཕྱག་ན་གསེར་གྱི་ཆ་ལང་ཐོགས། །ཆིབས་སུ་དོན་བུ་སྨིན་ནག་ཆིབས། །འཁོར་དུ་བྱང་སྨན་འབུམ་གྱིས་བསྐྱོར། །རོལ་དུ་སྐར་མདའ་གློག་ལྟར་འཕེན། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག །བྱང་ཤར་མཚམས་ཀྱི་འཁོར་འདུལ་མ། །གཡའ་རི་སྔོན་མོའི་ལྗང་དག་ནས། །ཁྲག་འཐུང་མོན་མོ་གཡུ་དྲིལ་མ། །ན་བཟའ་སྦྱིན་དཀར་བརྩེགས་མ་ལ། །མུ་ཏིག་གཡུ་དྲིལ་མང་པོས་བརྒྱན། །མཐིང་ནག་གོ་ཆོས་ཡོལ་བ་བསྐོན། །ཕྱག་ན་མུ་ཏིག་ཚར་གསུམ་བསྣམས། །ལུབོར་དུ་གཡའ་སྨན་འབུམ་གྱིས་བསྐོར། །རོལ་དུ་བུ་ཡུག་དུད་ལྟར་འཐུལ། །མདོས་བདག་ཆེརན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ལྷོ་ཕྱོག་སྤང་སྣར་མཐོན་པོ་ནས། །དན་ཏིང་ཤེས་ཆགས་སྨན་ཅིག་མ། །མི་གཡོ་བརྟན་པའི་ས་འཛིན་མ། །ན་བཟའ་བཙོས་ཀྱི་གོས་ཟུལ། །གསེར་ཀྱི་བྱང་བུ་འབུམ་གྱིས་བརྒྱན། །གསེར་གྱི་ཐོད་རྡེང་ཐོར་ཚུགས་ན། །ཕྱག་ན་ཟངས་ཀྱི་རལ་གྲི་བསྣམས། །ཆིབས་སུ་མཛོ་མོ་དཀར་མོ་ཆིབས། །འཁོར་དུ་བྲག་བཙན་མང་པོས་བསྐོར། །རོལ་དུ་ཤ་ཀྱང་མང་པོ་ཁྲིད། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ཧུ༷། །ནུབ་ཕྱོགས་སྦང་སྣར་མཐོན་པོ་ནས། །སྐྱིན་མཐིང་གངས་ཀྱི་ཕ་རོལ་སྨན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །མི་ཤ་ཁྲག་ལ་ལོངས་སྤྱོད་ཅིང་། །ན་བཟའ་བྱ་རྒོད་ཐུལ་པ་གསོལ། །དཀར་མོ་མིག་གཅིག་ལྕགས་ཀྱི་མཆེ་བ་ཅན། །ལག་ན་མི་མགོ་རློན་པ་ཐོགས། །ཆིབས་སུ་ཆུ་སྲིན་དམར་པོ་ཆིབས། །འཁོར་དུ་ཀླུ་སྲིན་མང་པོས་བསྐོར། །རོལ་དུ་ཉ་མོ་འབུམ་དང་བཅས། །བཀའ་ཡི་གཏོར་མ་འདི་ལོང་ལ བཅོལམ་བའི་ལས་རྣམས་གྲུབ་པར་མཛོད། །མདོས་བདག་ཆེན་མོ་མདོས་བཞེས་ལ། །གླུད་བདག་ཆེན་མོ་གླུད་བཞེས་ཤིག། །ཅེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །གླིང་བཞི་ལ་ཆེ་བའི་ཡོན་ཏན་གྱིས་སྒོ་ནས་བསྟོད་པ་དང་མ་མོ་རྣམས་ལ་མདོས་སོ་སོ་བསྔོ་བ་བསྟན་པའི་ལེའུ་སྟེ་དྲུག་ཅུ་རེ་དྲུག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་བ། །སྣང་སྲིད་མ་མོ་མཁའ་འགྲོ་ལ། །རྫོང་བརྡབ་ཆོ་ག་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། །དེ་སྐད་གསོལོ་པ་གསན་ནས་ཀྱང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། །ཧུ༷། །རི་རབ་གླིང་བཞིའི་དཀྱིལ་འཁོར་འདིར། །འདི་ལ་མ་ཚང་དགུ་ཅིག་ཚང་། །སྣོད་ཀྱི་འཇིག་རྟེན་འདི་ལ་ཚང་། །བཅུད་ཀྱི་སེམས་ཅན་འདི་ལ་ཚང་། །སྣང་སྲིད་མ་མོ་མཁའ་འགྲོ་ལ། །མཐུན་པའི་རྫས་སུ་འབུལ་ལགས་ན། །ཐུགས་དམ་གནས་སུ་སྐོར་བར་མཛོད། །ཧུ༷། །རི་རབ་བང་རིམ་དང་པོ་ནི། །ཆོས་ཀྱི་སྐུ་ཡི་དོན་དང་ལྡན། །རྩལ་གྱི་རྒྱལ་པོ་སེང་གེ་དྲུག། །མ་མོ་རྣམས་ལ་རྫོངས་འདེབས། །སྟོབ་གྱི་རྒྱལ་པོ་གླང་ཆེན་དྲུག། །མ་མོ་རྣམས་ལ་རྫོངས་སུ་འདེབས། ཁུགས་ཀྱི་རྒྱལ་པོ་རྟ་མཆོག་དྲུག། །མ་མོ་རྣམས་ལ་རྫོངས་སུ་འདེབས། །དབང་གི་རྒྱལ་མོ་རྨ་བྱ་དྲུག། །མ་མོ་རྣམས་ལ་རྫོངས་སུ་འདེབས། །འདབ་ཆགས་རྒྱལ་པོ་ཤང་ཤང་དྲུག། །མ་མོ་རྣམས་ལ་རྫོངས་སུ་འདེབས། །མཁའ་ལྡིང་རྒྱལ་པོ་བྱ་ཁྱུང་དྲུག །མ་མོ་རྣམས་ལ་རྫོངས་སུ་འདེབས། །རི་རབ་བང་རིམ་བར་པ་ལ། ཁུགས་ཀྱི་རྒྱལ་རྟ་བཅུ་བཞི་ཡང། །མ་མོ་རྣམས་ལ་རྫོངས་སུ་འདེབས། །འདོད་ཆགས་གཙོ་མོ་བཅུ་བཞི་ནི། །མ་མོ་རྣམས་ལ་རྫོངས་འདེབས། །སྟག་གཟིག་འབར་བ་བཅུ་བཞི་ཡང་། །མ་མོ་རྣམས་རྫོངས་སུ་འདེབས། །བ་གླང་འབར་བ་བཅུ་བཞི་ཡང་། །མ་མོ་རྣམས་ལ་རྫོངས་སུ་འདེབས། །ཀུ་ཀུར་ཙ་བཅུ་བཞི་ཡང་། །མ་མོ་རྣམས་ལ་རྫོངས་སུ་འདེབས། །འདབ་ཆགས་ཤང་ཤང་བཅུ་བཞི་ཡང་། །མ་མོ་རྣམས་ལ་རྫོངས་སུ་འདེབས། །མདོས་ལྡན་སྨན་བྱང་བཅུ་བཞི་ཡང་། །མ་མོ་རྣམས་ལ་རྫོངས་སུ་འདེབས། །རི་རབ་བང་རིམ་ཐ་མ་ལ། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་བསྐོར། །སྨན་མོ་རྣམས་ལ་རྫོངས་སུ་འདེབས། །གནམ་ལ་འཕུར་དང་ས་ལ་སྐྱེ། །ཆུ་ལ་འཕྱོ་བའི་རྫས་རྣམས་ནི། །སྨན་མོ་རྣམས་ལ་རྫོངས་སུ་འདེབས། །འདི་ན་སྨན་མོ་དགུ་ཞིག་མཆིས། །ཡང་ཚངས་པའི་བུ་མོ་ཡིས། །མང་ཡུལ་ལ་གཏབ་ནས། །རྒྱས་སྐྱེགས་ལྕེ་ལེ་དང་། །སྨ་རམས་རྟོག་ཆེན་དང་། །མཐིང་རམས་སྔོན་མོ་དང་། །རྒྱལ་མོ་ཁྱེད་ལ་དཀོར་དུ་འབུལ། །བློན་མོ་ཁྱེད་ལ་རྫོངས་སུ་འབུལ། །ཡལ་ཡལ་བཞད་ཀྱིན་གཤེགས། །ཕུད་ཕུད་དགྱེས་ཀྱིན་གཤེགས། །པ་རོལ་ལ་བརྙན་ནས། །བཙོད་མོ་ཡུ་རུགུ་དང་། །ཞུ་མཁན་ལྷེབས་ཆེན་དང་། །སྒ་མོ་ལྷོབ་ཆེན་དང་། །དབྱེར་མ་ཁ་ཆེ་དང་། །འབྲས་ཆེན་གར་མ་རྣམས། །རྒྱལ་མོ་ཁྱེད་ལ་དཀོར་དུ་འབུལ། །སྨིན་བ་དུས་སུ་སྨིན། །བློན་མོ་ཁྱེད་ལ་རྫོགས་སུ་འབུལ། །ཡལ་ཡལ་བཞད་ཀྱི་ན་གཤེགས། །ཕུད་ཕུད་དགྱེ་ས་ཀྱི་ན་གཤེ་གས། །ཡང་བ་་སའི་བུ་མོ་ཡིས། །འབྲུ་དྲུག་ས་ལ་བཏབ། འབྲུ་སྣ་ཉི་ཤུ་རྩ་གཅིག་མཆིས། །འབྲུའི་རྒྱལ་པོ་རྒྱ་སྲན་དང་། །སྲན་མ་ཟླུམ་དང་། །ཡུངས་ཀར་ཡུངས་ནག་དང་། །འབྲས་དཀར་དམར་དང་། །རྒྱ་བྲ་བྲེ་དང་ཅུ་ཚེ་དང་། །སོབ་དཀརམོབཞིན བཟངདང། །ནས་དང་སྦང་མཐའ་རམ་བུ་ནི། །རྒྱལ་མོ་ཁྱེད་ལ་དཀོན་དུ་འབུལ། །བློན་མོ་རྣམས་ལ་རྫོངས་སུ་འདེབས། །ཡལ་ཡལ་བཞད་ཀྱི་ན་གཤེགས། །ཕུད་ཕུད་དགེས་ཀྱིན་གཤེགས། །ཡང་སྐྱེས་པ་དར་མ་ཡིས། །བྱང་སྣ་བརྒྱད་ནས། ་་བླན་ཉ་བླན་ནས། ཁུ་རྒོད་ཉ་རྒོད་དང་། །རྒོ་ཡ་ཤ་བལ་དང་། །བ་ཚ་བུལ་ཐོགས་དང་། །སྒུང་ཁྲོད་སུ་པ་དང་།ཀ །རྩང་ཁྲོད་ཉི་ཤིང་དང་། །ཟ་མོ་གཡུ་རྒྱལ་དང་། །ལོ་མ་སྦང་མ་དང་རྣམས། །རྒྱལ་མོ་ཁྱེད་དཀོར་དུ་འབུལ། །བློན་མོ་ཁྱེད་རྣམས་ལ་རྫས་སུ་བསྔོ། །ཡལ་ཡལ་བཞད་ཀྱིན་གཤེགས། །ཕུད་ཕུད་དགེས་ཀྱིན་གཤེགས། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་གི་རྒྱུད་ལས། །རྫོངས་གདབ་པའི་ལེའུ་སྟེ་དྲུག་ཅུ་རེབདུན་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །གདོན་དང་མི་རུ་དབྱེ་བ་གང་། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །དབྱེ་བའི་ཆོ་ག་ངས་བསྟན་གྱིས། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །དབྱེ་བ་ལ་ནི་འདི་ཉིད་དོ། །སྔོན་སུ་དང་སུ་ཡི་གླུད། །རྒྱལ་མོ་བཅུ་གཉིས་ན་སེ་ཁྲི་ལེགས་པ་དང་བཅུ་གསུམ་གྱི་གླུད། །སློབ་དཔོན་བཅུ་གཉིས་དང་སྨྲ་བླིན་ཟིངས་དང་བཅུ་གསུམ་གྱི་ཟླུད། །རྗེ་བཅུ་གཉིས་ར་ཕ་རྗེ་ཡག་པ་དང་གསུམ་གྱི་གླུད། །འབངས་བཅུ་གཉིས་ན་རྒྱུ་སྦྱོར་ཡོན་བདསག་དང་བཅུ་གསུམ་གྱི་གླུད། །དེ་རིང་སུ་ཡི་གླུད། །ཡོན་བདག་བཅུ་གཉིས་སྔགས་༢ཆང་རྒྱལ་པོ་དངབཅུ་གསུམ་གྱི་གླུད། །ད་ནི་མི་དང་གདོན་དབྱེ་འཚལ། །མི་དང་གདོན་དབྱེ་བ། །ཡས་དང་ཐགས་ཀྱིས་དབྱེ། །གནམ་དང་ས་དབྱེ་བ། །སྐྱེམ་སེར་ངད་དཀྱིལ་དབྱེ། ཁྲར་དང་ནུབ་དབྱེ་བ། །ཉ་ཟླ་དྲོས་ཀྱིས་དབྱེ། །ལྷོ་དང་བྱང་དབྱེ་བ། །རྫི་དང་ངད་ཀྱིས་དབྱེ། །ཕོ་བྲང་བསྐྱོད་དེ་གཤེགས། །ཞུགས་ཐབ་ལིང་ངེ་གཤེགས། །མ་འདུག་ཞི་བའི་དང་། །འཛམ་གླིང་ཤར་ཕྱོགས་ནས། །རྒྱལ་པོ་ཡུལ་འཁོར་སྲུང་གི་གྲོང་ཁྱེར་ན། །བཞུགས་ཀྱི་ཉམས་རེ་དགའ། །གཏན་གྱི་ཡུལ་རེ་བཟང་། །རྒྱལ་པོ་སྐུ་རེ་དྲང་། །བློན་པོ་ཁོང་རེ་ལྷོད། །བཙུན་མོ་མདངས་རེ་ལེགས། །སྲས་བུ་བཞིན་རེ་སྡུག་འདོད་པ་དེ་ན་ཚང་། །རྒྱལ་མོ་བསྐྱོད་དེ་གཤེགས། །དེར་ཀྱང་མི་གཤེགས་ནས། །འཛམ་གླིང་ལྷོ་ཕྱོགས་ན། །རྒྱལ་པོ་འཕགས་སྐྱེས་པོའི་གྲོང་ཁྱེར་ན། །བཞུགས་ཀྱི་ཉམས་རེ་དགའ། །གཏན་གྱི་ཡུལ་རེ་གཟང་། །རྒྱལ་པོ་སྐུ་རེ་ཆེ། །བློན་པོ་ཁོང་རེ་ལྷོད། །བཙུན་མོ་མདངས་རེ་ལེགས། །སྲས་བུ་བཞིན་རེ་སྡུག། །འདོད་པ་དེ་ན་ཚང་། །རྒྱལ་མོ་བསྐྱོད་དེ་གཤེགས། །འཛམ་གླིང་ནུབ་ཕྱོགས་ན། །རྒྱལ་པོ་སྦྱན་མིག་བཟང་གི་གྲོང་ཁྱེར་ན། །བཞུགས་ཀྱི་ཉམས་རེ་དགའ། །གཏན་གྱི་ཡུལ་རེ་བཟང་། །རྒྱ་པོ་སྐུ་རེ་ཆེ། །བློན་པོ་ཁོང་རེ་ལྷོད། །བཙུན་མོ་མདངས་རེ་ལེགས། །སྲས་བུ་བཞིན་རེ་སྡུག། །འདོད་པ་དེ་ན་ཚང་། །རྒྱལ་མོ་བསྐྱེད་དེ་གཤེགས། །དེར་ཀྱང་མི་གཤེགས་ས། །དེར་ཀྱང་མི་གཤེགས་ན། །འཛམ་གླིང་བྱང་ཕྱོགས་ན། །རྒྱལ་པོ་རྣམ་ཐོས་སྲས་ཀྱི་གྲོང་ཁྱེར་ན། །བཞུགས་ཀྱི་ཉམས་རེ་དགའ། །གཏན་གྱི་ཡུལ་རེ་བཟང་། །རྒྱལ་པོ་སྐུ་རེ་དྲང་། །བློན་པོ་ཁོང་རེ་ལྷོད། །བཙུམ་མོ་མདངས་རེ་ལེགས། །སྲས་བུ་བཞིན་རེ་སྡུག། །འདོད་པ་དེ་ན་ཚང་། །དེར་ཀྱང་མི་གཤགས་ན། །འཛམ་གླིང་རྒྱ་རེ་ཆེ། །མགོ་ནག་གྲངས་རེ་མང་། །སྲིད་པ་གྲུ་རེ་ཡངས་། །ཕོད་བྲང་བསྐྱོད་དེ་གཤེགས། །བཞུགས་ཐབ་ལིང་སྟེ་གཤེགས། །མ་གདུག་ཞི་བའི་ངང་། །ཞེས་བརྗོད་དོ། །མདོས་དབྱེ་བའི་ཆོ་གའོ། །གདོན་དང་མི་རུ་དབྱེ་བའི་ཆོ་གའི་རིམ་པའོ་ཞེས་གསུགས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །གདོན་ང་མི་རུ་དབྱེ་བའི་ལེའུ་སྟེ་དྲུག་ཅུ་རེ་བརྒྱད་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ། །ཡེ་ཤེས་རང་བཞིན་སྲིད་པའི་ས། །མ་མོ་འདི་ཐུགས་དམ་བསྐང་བ་ལ། །སྔོན་ལམ་གདབ་པ་ཇི་ལྟར་ལགས། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཡོན་བདག་གི་བཤམས་པའི་རྫས་ཆུད་མ་ཟོས་པ་དང་རྣལ་འབྱོར་པ་ལ་མི་སྒྲིབ་པར་བྱ་བའི་སྨོན་ལམ་གདབ་པ་བསྟན་པའོ། །སྨོན་ལམ་གདབ་པ་ངས་བསྟན་གྱིས། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཧུ༷། རི་རབ་གླིང་བཞི་བཞེངས་པ་ལ། །གསེར་ཀྱི་རི་བདུན། །རོལ་པའི་མཚོ་བདུན། །ཐ་མ་ལྕགས་རི་ཁྱུང་མོས་བསྐོར། །སྣང་སྲིད་སེམས་ཅན་གཟུགས་ཀྱིས་བསྐོར། །ནམ་མཁའ་སྣ་ཚོགས་རྒྱན་དང་བཅས། །དཔག་བསམ་ཤིང་དང་ཡལ་ཁར་བཅས། །ཟ་འོག་རིགས་ཀྱི་གདེན་དག་གུར། །འདབ་ཆགས་སྒྲོ་དང་གཅན་གཟན་རས། །རིན་ཆེན་སྣ་ཚོགས་འདོད་པར་མཛེས། །འཐུན་པར་བཤམས་ཏེ་ཕུལ་བ་ཡིས། །ཡོན་བདག་རྒྱུ་སྦྱོར་མ་ལུས་དང་། །བདག་ཅག་རྣལ་འབྱོར་སྔགས་འཆང་གཉིས། །འདོད་པ་ཕུན་སུམ་མཚོགས་གྱུར་ཅིག། །འབྲུ་སྣ་སྣ་ཚོགས་བབ་རྣམས་དང་། །མ་ར་གུར་ཚའི་རྫས་རྣམས་དང་། །མཐུན་པར་བཤམས་ཏེ་ཕུལ་བ་ཡིས། །བདག་དང་ཡོན་གྱི་བདག་པོ་གཉིས། །མུ་གེའི་བསྐལ་པ་ཟད་གྱུར་ཅིག། །འཚོ་བྱེད་སྨན་གྱི་རྣམ་པ་དང་། །བླ་བ་ལ་སོགས་སྦོས་རྣམས་དང་། །མར་དག་བུ་རམ་ཤིང་ཐོག་རྣམས། །མཐུན་པར་བཤམས་ཏེ་ཕུལ་བ་ཡིས། །བདག་དང་ཡོན་བདག་རྒྱུ་སྦྱོར་གཉིས། །ནད་ཀྱི་བསྐལ་པ་ཟད་པར་ཤོག། །རལ་གྲི་བཞི་དང་མདའ་བཞི་དང་། །མཐུན་པར་བཤམས་ཏེ་ཕུར་བ་ཡིས། །བདག་དང་ཡོན་གྱི་བདག་པོ་གཉིས། །མཚོན་གྱི་བསྐལ་པ་ཟད་པར་ཤོག། །གླིང་ཁོག་ཕུལ་བའི་ཡོན་ཏན་གྱིས། །བདག་དང་ཡོན་བདག་རྒྱུ་སྦྱོར་གཉིས། །ཕུང་པོའི་སྡུག་བསྔལ་བྱང་ནས་ཀྱང་། །ཡུལ་ཞིང་ཕུན་སུམ་ཚོགས་ནས་ཀྱང་། །སྐྱེ་བ་འདི་དང་ཕྱི་མ་ལ། །ཚད་མེད་བཞི་དང་ལྡན་ནས་ཀྱང་། །དགའ་ལྡན་གནས་སུ་སྐྱེ་བར་ཤོག། །རིན་ཆེན་སྣ་ལྔའི་གཏེར་ཕུལ་བས། །བདག་དང་ཡོན་བདག་རྒྱུ་སྦྱོར་གཉིས། །རིན་ཆེན་གཏེར་ལ་སྤྱོད་པར་ཤོག །བདག་དང་ཡོན་བདག་རྒྱུ་སྤྱོར་གཉིས། །སྐྱེ་བ་འདི་དང་ཕྱི་མ་ལ། །བདག་ཉིད་སངས་རྒྱས་བྱིན་རླབས་ཀྱིས། །སེམས་ཅན་འགྲོ་དོན་བྱེད་པར་ཤོག །སྣང་སྲིད་སེམས་ཅན་མ་ང་པོས་དང་། །སྡུག་ཅིང་མཛེས་སའི་རྫས་ཕུལ་བས། །བདག་དང་ཡོན་བདག་རྒྱུ་སྦྱོར་གཉིས། །ངག་གི་སྒྲིབ་པ་དག་གྱུར་ནས། །ཆོས་ཀྱི་ལོངས་སྤྱོད་རྫོགས་པར་ཤོག །སྟོབས་ཀྱི་རྒྱལ་པོ་དྲུག་པོ་དང་། ཁུགས་ཀྱི་རྒྱལ་པོ་དྲུག་པོ་དང་། །འདོད་ཆགས་གཙོ་མོ་རྣམས། །བསྐྱོན་ནས་ཕུལ་བའི་ཡོན་ཏན་གྱིས། །བདག་དང་ཡོན་བདག་རྒྱུ་སྦྱོར་གཉིས། །གསུང་གི་དངོས་གྲུབ་འཐོབ་ནས་ཀྱང་། །འཇིག་པ་ཀུན་ལས་ཐར་བར་ཤོག །འབྱུང་བ་ལྔ་ཡི་ནམ་མཁའ་དང་། །རྒྱལ་མཚན་མེ་ལོང་ཕུལ་བ་ཡིས། །བདག་དང་ཡོན་བདག་རྒྱུ་སྦྱོར་གཉིས། །དུག་གསུམ་རྩ་བར་བརྡར་བཅད་ནས། །ཡེ་ཤེས་ལྔ་ཡི་ཡོན་རྟོགས་ནས། །མངོས་ཤེས་དྲུག་དང་ལྡན་པར་ཤོག །ཅེས་གསུངས་སོ་པ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །སྨོན་ལམ་བཏབ་པའི་ལེའུ་སྟེ་དྲུག་ཅུ་རེ་དགུ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །རི་རབ་གྲུ་འདེགས་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་སེམས་དཔའ་ཁྱོད། །ཧཱུཾ༷། རི་རབ་གླིང་བཞི་གྲུ་འདེགས་མ། ཁྲར་ལྷོ་མཚམས་ཀྱི་མ་མོ་ནི། །སྲིད་པའི་དཀར་མོ་མི་བཟའ་མ། །རལ་གཅིག་མཛེས་པའི་འོད་འཕྲོ་ཞིང་། །གཡས་ན་ས་ཡི་དཀྱིལ་འཁོར་ཐོགས། །གཡོན་ནི་དར་དཀར་གུར་ཐག་འཐེན། །གུར་ནས་ཐེག་ལ་གླུང་ཡང་བསྒྲུར། །གུར་འདེགས་གླུང་བསྒྲུར་མཐ་མོ་ཆེ། །འཛམ་བུ་གླིང་བསྐོར་ར་རེ། །སྲིད་པའི་གྲུ་འདེགས་སྐོངས་སེ་སྐོངས་། །རི་རབ་ཤར་ལྷོ་གྲུ་འདེགས་ལ། །གུར་ཐག་ཐེག་ལ་གླིང་སྒྱུར་ཅིག །ཧུ༷། རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །ལྷོ་ཡི་ནག་མོ་མི་ཟད་མ། །ལྕགས་ཀྱི་རལ་པ་བསིགས་པ་ཡིས། །གཤིན་རྗེའི་ཁམས་རྣམས་དབང་དུ་སྡུད། །གཡས་ན་མི་ཡི་དཀྱིལ་འཁོར་ཐོགས། །གཡོན་ན་དར་ནག་གུར་ཐག་འདྲེན། །གུར་ཐག་ཐེག་ལ་གླིང་སྒྱུར་ཅིག །གུར་འདེགས་གླུད་བསྒྲུར་ཐུ་མོ་ཆེ། །འཛམ་བུ་གླིང་བཞི་ཁྱི་ལི་ལི། །སྲིད་པའི་གྲུ་འདེགས་སྐོངས་སེ་སྐོངས་། །གུར་ཐག་ཐེག་ལ་གླིང་སྒྱུར་ཅིག །ཧུ༷། རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །སྲིད་པའི་བུ་མེད་དམར་མོ་ལ། །བྱུ་རུའི་རལ་པ་གསིགས་པ་ཡིས། །ཀླུ་ཡ་སྐབོར་རྣམས་དབང་དུ་སྡུད། །གཡས་ན་ཆུ་ཡི་དཀྱིལ་འཁོར་ཐོགས། །གཡོན་ན་དར་དམར་གུར་ཐག་འདྲེན། །གུར་ཐག་ཐེག་ལ་གླིང་སྒྲུར་ཅིག །འཛམ་བུ་གླིང་བཞི་ཁྱི་ལི་ལི། །སྲིད་པའི་གྲུ་འདེགས་ཤ་ར་ར། །གུར་ཐག་ཐེག་ལ་གླིང་སྒྲུར་ཅིག། །རི་རབ་གླིང་བཞིའི་བྱག་ཕྱོགས་ནས། །སྲིད་པའི་བུད་མེད་ལྗང་ནག་མ། །གཡུ་ཡི་རལ་པ་གསིགས་པ་ཡིས། །གནོད་སྦྱིན་ཁམས་རྣམས་དབང་དུ་སྡུད། །གཡས་ན་རླུད་གི་དཀྱིལ་འཁོར་ཐོགས། །གཡོན་ན་དར་ལྗང་གུར་ཐག་འདྲེན། །གུར་ནས་ཐེག་ལ་གླིང་ཡང་བསྒྱུར། ཁུ།་འདེགས་གླིང་བསྒྱུར་མཐུ་མོ་ཆེ། །སྲིད་པའི་གྲུ་འདེགས་བསྐོར་ར་རེ། །འཛམ་བུ་གླིང་བཞི་ཁྱི་ལི་ལི། །གུར་ཐག་ཐེག་ལ་གླུང་སྒྱུར་ཅིག། །ཅེས་གསུངས་སོ། །བདུད་མོ་བཀོར་བྱང་ལས། །རི་རབ་གྲྭ་འདེགས་པའི་ལེའུ་སྟེ་བདུན་ཅུ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །སྒོ་དབྱེ་འཕྲང་བསལ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཧུ༷། །སྲིད་པའི་གཏིང་ཁམས་མ་གི་ན། །རྒྱ་མཚོ་གཏིང་སྒོ་ཨེ་རེ་དམ། །རྒྱ་མཚོའི་གཏིང་ན་བདུད་མོའི་སྒོ་རེ་དམ། །དེ་རིང་གླུད་སྒོ་མ་པྱེ་ན། །ནག་མོ་མདོས་ཀྱི་སྒོ་ཕྱེ་དང་། །དེ་རང་ཆུད་འཕྲང་མ་བསལ་ན། །ནག་མོ་མདོསོ་ཀྱི་ལམ་མི་རྙེད། །ཚོ་བདུན་བདུད་ཀྱི་སྒོ་ཕྱེ་ཞིག། །ལམ་བདུན་རྒྱལ་མོས་འཕྲང་སོལ་ཅིག ཁྲར་ཕྱོགས་འོ་མཚོ་དཀར་མོའི་སྒོ་རེ་དམ། ཁེལ་སྒོ་དཀར་པོ་ཐམས་སེ་ཐམས། །དུང་གི་ཡག་ཤིང་ཨེ་རེ་དམ། །རྡོ་རྗེ་རིགས་ཀྱི་རྒྱལ་མོ་ཡིས། །འོ་མཚོ་དཀར་མོའི་སྒོ་ཕྱེ་ཞིག། །ལྷོ་ན་གཡུ་མཚོ་སྔོན་མོའི་སྒོ་རེ་དམ། །གཡུ་ཡི་ཡག་ཤིང་ཨེ་རེ་དམ། །རིན་ཆེན་རིགས་ཀྱི་རྒྱལ་མོ་ཡང་། །སྔོན་མོ་གཡུ་ཡི་ལྡེ་མིག་ཅིག། །གཡུ་མཚོ་སྔོན་མོའིསྒོཕྱེཞིག །ནུབནསཟངས་མཚོ་དམར་མོའི་སྒོ་རེ་དམ། །འཇོན་དམར་ཡག་ཤིང་ཨེ་རེ་དམ། །པདྨ་རིགས་ཀྱི་རྒྱལ་མོ་མི། །དམར་མོ་བྱི་རུའི་ལྡེ་མིག་ཅན། །ཟངས་མཚོ་དམར་པོའི་སྒོ་ཕྱེ་ཞིག །བྱང་ན་གསེར་མཚོ་སེར་མོའི་སྒོ་རེ་དམ། །ར་གན་གཡག་ཤིང་ཨེ་རེ་དམ། །ལས་རབ་རིགས་ཀྱི་རྒྱལ་མོ་ནི། །སེར་མཚོ་སེར་མོ་སྒོ་ཕྱེ་ཞིག །དབུས་ན་དུག་མཚོ་ནག་མོའོ་སྒོ་རེ་དམ། །ལྕགས་ཀྱི་གཡག་ཤིང་ཨེ་རེ་དམ། །ནམ་མཁའ་རིགས་ཀྱི་རྒྱལ་མོ་ཡིན། །ནག་མོ་སྦྲུལ་གྱི་ལྡེ་མིག་ཅན། །དུག་མཚོ་ནག་མོའི་སྒོ་ཕྱེ་ཞིག །ཅེས་གསུངས་སོ། །བདུད་མོ་བཀོལ་བྱང་ལས། །སྒོ་དབྱེ་འཔྲང་བསལ་བའི་ལེའུ་སྟེ་བདུན་ཅུ་དོན་གཅིག་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མདོས་ཆས་ཆོ་ག་གང་ལགས་པ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གཡུང་དྲུང་ཡང་དག་པ། །ཧུ༷། ཉི་མ་ཤར་ཕྱོགས་མ་གིས་ན། །དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་། །རྒྱལ་པོ་སྐུ་རེ་བཙུན། །བཙུན་མོ་བཞིན་རེ་ལེགས། །རྒྱལ་བུ་ཁུང་རེདྲང་། །མདོས་ཆས་ཤར་དུ་ཆས། །རྒྱལ་པོ་ཆེན་པོ་སྐུ་བཟུར་ལ། །བཙུན་མོ་ན་བཟའ་མཐར་བ་་ཅིག། །བྲན་གཡོག་མང་པོས་སླར་ཁྱེར་ཅིག །ལྷོ་ཡི་གླིང་ཁམས་ན། །རྒྱལ་པོ་འཕགས་སྐྱེས་པོ། །རྒྱལ་པོ་སྐུ་རེ་བཙུན། །བཙུན་མོ་ཞིན་རེ་སྡུག །རྒྱལ་བུ་ཁོང་རེ་དྲང་། །མདོས་ཆས་ལྷོ་རུ་ཆས། །རྒྱལ་པོ་སྐུ་བཟུར་ལ། །བཙུན་མོ་ན་བཟའ་མཐར་བ་་ལ། །བྲན་གཡོག་མང་པོ་སླར་ཁྱེར་ཅིག །ནུབ་ཀྱི་གླིང་ཁམས་ན། །རྒྱལ་པོ་སྤྱན་མིག་བཟང་། །རྒྱལ་པོ་སྐུ་རེ་བཙུན། །བཙུནམོབཞིནརེསྡུག །རྒྱལབུ་ཁོང་རེ་དྲང་། །མདོས་ཆས་ནུབ་ཏུ་ཆས། །རྒྱལ་བུ་སྐུ་བཟུར་ལ། །བཙུན་མོ་ན་བཟའ་མཐར་བཏུལ་ལ། །བྲན་གཡོག་མང་པོ་སླར་ཁྱེར་ཅིག །བྱང་གི་གླིང་ཁམས་ན། །གནོད་སྤྱིན་རྒྱལ་པོ་རྣམ་ཐོས་སྲས། །རྒྱལ་པོ་སྐུ་རེ་བཙུན། །བཙུན་མོ་བཞིན་རེ་སྡུག །རྒྱལ་བུ་ཁོང་རེ་དྲང་། །མདོས་ཆས་བྱང་དུ་ཆས། །རྒྱལ་པོ་སྐུ་བཟུར་ལ། །བཙུན་མོ་ན་བཟའ་མཐར་བཏུལ་ལ། །བྲན་གཡོ་་མང་པོ་སླར་ཁྱེར་ཅིག །མདོས་ཆས་སྟེང་དུ་ཆས། །སྟེང་གི་ཕྱོགས་ཀྱི་གླིང་ཁམས་ན། །རྒྱལ་པོ་སྐུ་རེ་བཙུན། །བཙུན་མོ་བཞིན་རེ་སྡུག །རྒྱལ་བུ་ཁོང་རེ་དྲང་། །མདོས་ཆས་སྟེང་དུ་ཆས། །རྒྱལ་པོ་སྐུ་བཟུར་ལ། །བཙུན་མོ་ན བཟའ་མཐའ་བརྟུལ་ལ། །བྲན་གཡོག་མང་པོ་སླརཁྱེར་ཅིག། །མདོས་ཆས་འོག་ཏུ་ཆས། །འོག་གི་གླིང་ཁམས་ན། །མ་ལ་ཆུད་ཀྱི་ཡུལ། །བསྐལ་པ་ཐང་རེ་ཡང་། །འཇིག་རྟེན་རྒྱ་རེ་ཆེ། །རྒྱ་མཚོ་་ཏིང་རེ་ཟབ། །རྒྱལ་པོ་ཆེན་པོ་སྐུ་བཟུར་ལ། །བཙུན་མོ་ན་བཟའ་མཐར་བརྟུལ་ལ། །བྲན་གཡོག་མང་པོ་སླར་ཁྱེར་ཅིག། །ཅེས་གསུངས་སོ། །བདུད་མོ་བཀོལ་བྱང་་ཐས་། །མདོས་ཆས་བསྔ་་་་འེ་ལེའུ་སྟེ་བདུན་ཅུ་དོན་གཉིས་པའོ། །གནོད་འདུ་ལྷ་ཡིས་ཡང་གསོལ་པ། །མདོས་ལམ་བསྟན་པ་ཇི་ལྟར་པ་ལགས། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་འདུལ་ལྷ་ཡི་གཙོ། །ཞུན་མར་སྣ་ལྔ་བལྟམ། །སྦོས་ཀྱི་ནི་དུད་གཏང་ནས། །འཚལ་གྱི་ཟིག་དྲངས་ཏེ། །གུར་སྒོ་མི་སྲིན་གྱིས་ཕྱེ། །ཡོ་བ་ནི་མི་ཡིས་སོ། །གླུད་ལམ་མི་ཡིས་བསྟན། །དེ་རྫེ་བཤས་སྒོ་རུ་ཤར་ར་ར། །བཙུན་མོ་དབྱིངས་ནས་བསྐོར། །འཁོར་རྣམས་གནས་ནས་ཆོས། །རེ་ཐག་རྒྱང་ནས་ཁྲོལ། །ཚོན་ཐག་མཐའ་ནས་ཁྲོས། །ཆོན་ཕུར་མཐའ་ནས་ཐོན། །ད་རྗེ་གཤེགས་སོ་ཤ་ར་ར། །ད་རྗེ་གཤེགས་ཤར་དུ་གཤེགས། ་ར་ཕྱོགས་ཕ་གི་ན། །དུང་མཚོ་དཀར་མོའི་དཀྱིལ་ཤེད་ན། ཁྲེལ་གྱི་གུར་ཅིག་སྐོངས་སེ་སྐོངས་། །དེས་མ་ཟན་སྣ་དགུ་ལ། །གཡོ་ངག་ཆོ་དགུ་བགྱིས། །ཇོ་མོ་མི་བྱོན་དུ་རེ། །སྒང་བུ་མཐོ་མཐོ་ནས། །སྦོས་ཆེན་དུད་པ་གཏོང་། །གཤེང་བུ་དམའ་དམའ་ནས། །དངུལ་རིགས་དཀར་པོ་འདྲི། །རྗེ་གཤེགས་དེ་རུ་གཤེགས། །ཟླ་གམ་གླིང་ཆེན་ཉམས་རེ་དགའ། །ཁ་དོག་དཀར་པོ་འདོ་རེ་གསལ། །མཚན་དང་དཔེ་བྱད་ལྡན། །དེ་ཡི་གནས་སུ་གཤེགས། །ད་རྗེ་གཤེགས་ལྷོ་རུ་གཤེགས། །ལྷོ་ཕྱོགས་ཕ་གི་ན། །གཡུ་མཚོ་སྔོན་མོའི་ནང་ཤེད་ན། །མཐིང་གུར་སྔོན་མོ་དེ་སྐོངས་སེ་སྐོངས་། །དར་སྔོན་ཡོལ་བྲེས་མེ་རེ་རེ། །དེ་འདྲའི་གུར་ཡོལ་ནང་ཤེད་ན། །སྔོན་མོ་མི་བཟད་འབུམ་དང་སྡོངས་། །དེ་ཇོ་མོའི་གཡོག་མོ་ལགས། །མ་ཟན་སྣ་དགུ་ལ། །གཡོག་ངག་ཚོ་དགུ་བགྱིས། །ཇོ་མོ་མི་བྱོན་བྱོན་དུ་རེ་སྒག་བུ་མཐོང་ནས། །སྦོས་དཀར་དུད་པ་འཐུལ། ་༑ང་བུ་དམའ་དམའ་ནས། །གཡུ་རིས་སྔོན་མོ་འདྲི། །རྗེ་གཤེགས་དེ་རུ་གཤེགས། །ལྷོ་ཕྱོགས་གླིང་དུ་སྡོངས་། །བས་ཡི་རལ་པ་གསིགས་པ་ཡིས། །བྱང་གི་འབྲོག་མོ་སྐུལ་བྱེད་མ། །དེ་ཇོ་མོའི་གཡོག་མོ་ལགས། །མི་ཟན་སྣ་དགུ་ལ། །གཡོ་ངག་ཚོ་གུ་བགྱིས། །ཇོ་མོ་མི་བྱོན་བྱོན་དུ་རེ། །སྒང་མུ་མཐོ་མཐོ་ནས། །སྦོས་ཆེན་དུད་པ་འཐུལ། ཁོག་བུ་དམའ་དམའ་ནས། །བསེ་རིགས་ཁྲ་བོ་འདྲི། །ད་རྗེ་གཤེགས་དེ་རུ་གཤེགས། །བྱང་ཕྱོག་གླིང་དུ་གཤེགས། ཁུ་བཞི་གླིག་ཆེན་ཉམས་རེ་དགའ། །ཁ་དོག་སེར་པོའི་འོད་རེ་གསལ། །གཤེགས་ཤིག་བྱང་ཕྱོགས་གླིང་དུ་གཤེགས། རྗེ་གཤེགས་སྐོར་ར་རེ། །གཙོ་མོ་དབྱིངས་ནས་བསྐྱོང་། །འཁོར་རྣམ་གནས་ན་ཆོས། །རེ་ཐག་རྒྱང་ནས་ཁྲོལ། །ཆོ་ཕུར་བཏབ་པ་ཕྱུང་། །བྱུར་གྱི་ཤ་ཆིབས་སྲོག ལ་གཤེགས། །ནད་ཀྱི་རླངས་བསྡུད་ལ་གཤེགས། །མཚོན་གྱི་གྲུ་གུ་བརྟུལ་ལ་གཤེགས། །འོག་ཕྱོགས་གླིང་ཁམས་ན། །མ་ལ་ཆུད་ཀྱི་ཡུལ། །རྒྱ་མཚོ་གཏིང་རེ་ཟབ། །བསྐལ་པ་ཐང་རེ་ཡངས་། །ལོངས་སྤྱོད་ཉམས་རེ་ཡངས་། །མེ་ཏོག་ནེ་སྲེན རྒྱ་རེ་ཆེ། སྐྱོ་ཅིག་རྒྱལ་པོ་དེར་སྐྱོད་ཅིག །ཅེས་གསུངས་སོ། །བདུད་མོ་བཀོལ་བྱང་ལས། །མདོས་ལམ་བསྟན་པའི་ལེའུ་སྟེ་བདུན་ཅུ་དོན་གསུམ་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །ཆགས་སྡང་བྲལ་བ་ཇི་ལྟར་ལགས། །ཡང་དག་རྫོགས་ལ་བདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་སྩལ་པ། །ཉོན་ཅིག་གནོད་འདུལ་སེབས་དཔའ་ཁྱོད། །རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །གསེར་ཀྱི་རི་བདུད་རོལ་མཚོ་བདུན། །མཐའ་མ་ལྕགས་རིས་བསྐོར་བ་འདི། །སྣང་སྲིད་སེམས་ཅན་མང་པོས་བརྒྱན། །འབྱུང་བ་ལྔ་ཡི་ནམ་མཁའ་བཙུགས། །དཔག་བསམ་ཤིང་དང་ཡལ་གར་བཅས། །ནམ་མཁའ་སྣ་ཚོགས་གདོན་དང་གུར། །འདབ་ཆགས་མང་པོའི་སྲོག་དང་ནི། །གཅན་གཟན་མང་པོའི་རིས་ཀྱིས་བརྒྱན། །འདི་ཡང་ཆགས་པའི་རྒྱུ་ཡིན་ཏེ། །འདི་ཡང་ཚེ་སྲོག་གླུད་དུ་འབུལ། །འདི་ལ་ཆགས་ཤིང་མ་ཞེན་ཅིག །འདི་ལ་ཆགས་ཤིང་ཞེན་པ་ན། །འཁོར་བ་ངན་སོང་གསུམ་གྱི་རྒྱུད། །རྨ་བྱའི་གདུགས་པ་དང་དར་གྱི། །ཟ་འོག་གུར་དང་དར་དཀར་ཡོལ། །མདའ་དང་མེ་ལོང་རལ་གྲིས་བརྒྱན། །འདི་ཡང་ཆགས་པའི་རྒྱུ་ཡིན་ཏེ། །འདི་ཡང་ཚེ་ཕྲོག་གླུད་དུ་འབུལ། །འདི་ལ་ཆགས་ཤིང་མ་ཞེན་ཅིག། །འདི་ལ་ཆགས་ཤིང་ཞེས་པ་ན། །འཁོར་བ་ངན་སོང་གསུམ་གྱི་རྒྱུད། །སྣང་སྲིད་དཀར་པོའི་ནོར་རྫས་དང་། །རིན་ཆེན་གསེར་གཡུ་བྱུང་རུ་དང་། །འབྲུ་སྣ་སྣ་ཚོགས་བཅུད་རྣམས་དང་། །འདི་ཡང་ཆགས་པའི་རྒྱུ་ཡིན་ཏེ། །འདི་ཡང་ཚེ་སྲོག་གླུད་དུ་འབུལ། །འདི་ལ་ཆགས་ཤིང་མ་ཞེན་ཅིག། །འདི་ལ་ཆགས་ཤིང་ཞེན་གྱུར་ན། །འཁོར་བ་ངན་སོང་གསུམ་གྱི་རྒྱུ། །དངར་དགུ་སྦྱར་བའི་ཟས་རྣམས་དང་། །གླ་བ་སྦོས་དང་ཤིང་འཁུན་རྣམས། །འདི་ཡང་ཆགས་པའི་རྒྱུ་ཡིན་ཏེ། །འདི་ཡང་ཚེ་སྲོག་གླུད་དུ་འབུལ། །འདི་ལ་ཆགས་༄༅། ཁེང་ཞེན་པ་ནི། །འཁོར་བ་ངན་སོང་གསུམ་གྱི་རྒྱུད། །འཐུན་པའི་རྫས་ཆེན་ཤེས་སྒོག་འདི། །སྲོག་དང་དབུགས་དང་དངས་མར་བཅས། །འདི་ཡང་ཆགས་པའི་རྒྱུ་ཡིན་ཏེ། །འདི་ཡང་ཚེ་སྲོག་གླུད་དུ་འབུལ། །འདི་ལ་ཆགས་ཤིང་མ་ཞེན་ཅིག །འདི་ལ་ཆགས་ཤིང་མ་ཞེན་ཅིག །འདི་ལ་ཆགས་ཤིང་ཞེན་པ་ན། །འཁོར་བ་ངན་སོང་གསུམ་གྱི་རྒྱུ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །འདི་ཡང་ཆགས་པའི་རྒྱུ་ཡིན་ཏེ། །འདི་ཡང་ཚེ་སྲོག་གླུད་དུ་འབུལ། །འདི་ལ་ཆགས་ཤིང་མ་ཞེན་ཅིག །འདི་ལ་ཆགས་ཤིང་ཞེན་གྱུར་ན། །འཁོར་བ་ངན་སོང་གསུམ་གྱི་རྒྱུ། །ཡུལ་དང་ཞིང་དང་འཁོར་དཔེ་ཀུན། །སྒོ་ནོར་རྟ་ཕྱུགས་ཐམས་ཅད་ཀུན། །འདི་ཡང་ཆགས་པའི་རྒྱུ་ཡིན་ཏེ། །འདི་ཡང་ཚེ་སྲོག་གླུད་དུ་འབུལ། །འདི་ལ་ཆགས་ཤིང་མ་ཞེན་ཅིག །འདི་ལ་ཆགས་ཤིང་ཞེན་བ་ན། །འཁོར་བ་ངན་སོང་གསུམ་གྱི་རྒྱུད། །ཞེས་གསུངས་སོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ལས། །ཆགས་པ་དང་བྲལ་བའི་ལེའུ་སྟེ་དོན་བཞི་པའོ། །གནོད་འདུལ་ལྷ་ཡིས་ཡང་གསོལ་པ། །མངོན་རྫོགས་རྒྱལ་པོ་ཡབ་ཅིག་ལགས། །སྐུ་གསུམ་རྫོགས་པས་ཐམས་ཅད་འདུལ། །འགྲན་གྱི་དོ་མེད་སྲིད་པའི་ལྷ། །བཅོམ་ལྡན་དཔལ་གྱི་དཔལ་ལ་ཕྱག་འཚལ་སྟོད། །རིགས་ཀྱི་ཁྲོ་བོ་མང་པོ་སྐུ་ལ་རྫོགས། །ཁྲག་འཐུང་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོད། །མམ་མོ་འཁོར་འགྲོ་འབུམ་གྱི་བུས་ན་འགྱིང་། །རིགས་ཀྱི་མ་མོ་བྲན་དང་གཡོག་ཏུ་འཁོལ། །མ་མོ་འབུམ་གྱ་རྗེ་ལ་ཕྱག་འཚལ་བསྟོད། །བ ་བཅམ་དྲུག་ལྡན་འཁར་བ་མྱ་ངན་འདས། །མངན་རྫགས་དཔལ་གྱ་སྐུ་ལ་ཕྱག་འཚལ་བསྟད། ། ས་བསྟོད་དོ། །དེ་ནས་མུ་ཁ་ལེ་ལ་སོགས་ཏེ་ཆོས་ཀྱི་སྐུའི་མ་མོ་དང་། །སྲིད་པ་བདེ་འགྲོ་ལ་སོགས་པའི་ལོངས་སྤྱོད་པའི་སྐུའི་མ་མོ་དང་། །སྲིད་པ་ཆགས་བྱེད་མ་ལ་སོགས་པའི་སྤྲུལ་པ་སྐུའི་མ་མོ་རྣམས་རྫེས་སུ་ཡི་རང་ནརྨེ། །བཅོས་ལྡན་འདས་མངོན་རྫོགས་རྒྱལ་པོ་དང་ལྷ་གནོད་འདུལ་ལ་གསང་བ་དགེས་པའི་མཆོད་པ་ཕུལ་ལོ། །བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ལས། །དཔལ་ཆེན་པོ་ལ་བསྟོད་པ་འཕུལ་བའིལེའུ་སྟེ་དོན་ལྔ་པའོ། །བདུ་མོ་བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ཞེས་བྱ་བ་བསྐང་ཐབས་སྟོད་པའི་རྒྱུད་རྫོགས་སོ། །མ་མོ་སྲིད་པའི་རྒྱུད་ལུང་གི་མ་ཚང་པ་ཁ་སྐོང་བའི་རྒྱུད་དོ། །རྒྱ་གར་སྐད་དུ། །མ་མ་ཀརྨ་སརྦ་ཏན་ཏར་ཙ་ཏ་ནཱ་མ། །བོད་སྐད་དུ། །མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ཞེས་བྱ་བ། །ཡུམ་ཆེན་མོ་མུ་ཁ་ལེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་དང་། །གསུང་དང་། །ཐུགས་རྡོ་རྗེའི་རང་བཞིན་གྱི་བྷ་ག་ལ། །ཟོ་མདོག་བདེ་བ་ཅ་ཅོ་ལ་སོགས་མེད་པར་སྙོམས་པར་ཞུགས་སོ། །དེའི་ཚེ་དབའ་བོ་དང་མཁའ་འགྲོ་མ་ལ་སོགས་པ་ཞིང་གི་རྡུལ་སྙེད་དང་། །འཇིག་རྟེན་གྱིས་གནོད་སྤྱིན་མོ་ལ་སོགས་པ་དང་། །སྲིན་མོ་རྣམས་མདུན་དུ་བདར་ནས་བཞུགས་སོ། །དེ་ནས་ལྷའི་དབང་པོ་སྟན་ལས་ལངས་ཏེ་བསྐོར་བ་དང་ཕྱག་འཚལ་ནས། །ཡུམ་ཆེན་མོ་སྣང་སྲིད་བདེ་བ་ལ་འགོད་ཅིང་སྲིད་མོ་རྣམས་དབང་དུ་འཛད་པ་ནི་ངོ་མཚེར་ན། །ལས་ལ་གྲུབ་པའི་མ་མོ་རྣམས་ཇི་ལྟར་བསྒྲུབ། །ལས་ཀྱི་དབྱེ་བ་ཇི་ལྟར་བགྱི། །ཡུམ་གྱིས་བདག་བཤད་དུ་གསོལ། །ཞེས་གསོལ་པ་དང་། །དེ་ཡི་ཚེ་ཡུམ་ཆེན་མོས་འདི་སྐད་ཅེས་གསུངས་སོ། །མ་མོ་ངའི་བསྟན་པ་འདི་ལ་སྙིགས་མ་ལྔའི་དུས་ཏེ། །བསྟན་པ་རང་གི་རང་འཇིགས་པ་དང་། །གོས་སུ་རེ་བ་གོན་པ་དང་། །ཟས་སུ་ལྕི་བཟ་བ་དང་། །ཉེ་བ་དགྲ་རུ་ལྡང་བ་དང་། །དམ་ཆོས་རང་དགར་སྦྱོད་པ་དང་། །མ་ཉེས་དམ་ལས་གཅོད་པ་དང་། །གསང་སྔགས་སྒོར་ཀུན་ཏུ་འཇུག་པ་དང་། །མན་ངག་ཟོང་དུ་འཁྱེར་བེ་དང་། །རྒྱལ་བའི་སྐུ་ལ་རིང་ཐང་འདེབས་པ་དང་། །ལམ་གྲོག་པོར་གྱུར་པ་དང་། །རྒྱལ་ཁམས་སིལ་བུར་སོང་བའི་དུས་སུ། །མ་མོ་ཡང་རང་དམ་རང་གིས་འདས་ནས་མན་ངག་གིས་གྲུབ་པའི་དུས་འབྱུང་བས། །དེའི་དུས་སུ་ངས་བསྟན་པ་དྲལ་པ་ལ་ཕན་གདགས་ཤིང་། །མ་མོ་གྲུབ་པའི་ཐམས་བསྟན་ཅིང་བཤད་པར་བྱ་ཡིས། །བརྒྱ་བྱིནའསོགས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག། །དེ་ནས་ཡང་དག་བཤད་བྱ་བ། །དང་པོ་མ་མོ་སྒྲུབ་པའི་གནས། །དུར་ཁྱོད་དག་གམ་མཚོ་གླིང་དམ། །ངམ་གྲོག་ཕུག་ལ་སོགས་པ་ཡིན། །བར་ཆོད་བགེགས་དང་མི་མེད་པར། །ལས་ལ་་གྲུབ་པའི་རྐྱེན་དང་ལྡན། །གནས་ཀྱི་མང་ངག་ཤེས་པ་ཡིས། །དང་པོར་དབེན་པའི་གནས་བཙལ་ཏེ། །གནས་དེར་མ་མོའི་རྫས་བཙལ་པ། །མི་ཤ་མ་ཡིན་གཞན་གྱི་ཤ་མི་ཟ། །མི་ཁྲག་མ་ཡིན་གཞན་གྱིས་ཁྲག་མི་བ་་། །མིསྙིང་མ་ཡིན་གཞན་གྱིས་སྙིང་མི་བཟའ མི་གསུར་མ་ཡིན་གཞན་གྱིས་གསུར་མི་སྣོམ། །མི་གཡབ་མ་ཡིན་གཞན་གྱིས་གཡབ་མི་བྱ། །མི་གོས་མ་ཡིན་གཞན་གྱིས་སོས་མི་བགོ། །མི་ཞྭ་མ་ཡིན་གཞན་གྱི་ཞྭ་མི་བགོ། །ཞེས་མ་མོ་སྤྱིའི་དམ་རྫས་སོ། །མ་ཧྭ་མ༷་ལ་སོགས་ཤ་སྣ་སྟོད། །མ་ཧྭ་ར་ཀྟ་ལ་སོགས་ཁྲག་སྣ་སྟོང་། །མ་ཧྭ་ཙིསྟ་ལ་སོགས་སྙིང་སྣ་སྟོང་། །རངབཞིནཤིབའིལུསལ་བཙལ། །གོས་སུ་ཞིང་གི་གཡང་གཞི་བགོ། །ཞྭ་རུ་རྨེད་པའི་སྦྱི་བླུགས་བགོ། །བུད་པ་རྐང་གི་གླིང་བུ་བུད། །བརྡབ་པ་ཐོད་པའི་ཆ་ལད་བརྡབ། །རྡུང་བ་ལྟག་སྤྲོས་རྔེའུ་ཆུང་རྡུང་། །གཡབ་བ་མི་ཡི་གཡབ་མོ་གཡོབ། །དཀྱིལ་འཁོར་རྒྱན་ནི་ཞིང་ཡིན་ཏེ། །ཞིང་གི་བླ་རེ་དར་གྱི་ཕུར་སྒྲོགས་ཅན། །ཞིང་གི་ཡོལ་བ་མཛེས་པའི་རྒྱན་གྱི་བརྒྱན། །ཞིང་གི་རྒྱལ་མཚན་དར་གྱི་ཤམ་བུ་ཅན། །སྦྱོ་བོ་ལ་སོགས་གནས་རྣམས་སུ། །རྨབྱ་མཛེས་པའི་རྒྱན་གྱིས་བརྒྱན། མིག་ལ་སོགས་པའི་གནས་རྣམས་སུ། །ནོར་བུ་མཛེས་པའི་རྒྱན་གྱིས་བརྒྱན། །མ་མོ་དགེས་པའི་རྫས་རྣམས་ནི། །ཙན་དན་དང་ནི་གུར་ཀུམ་དང་། །རྟག་ཏུ་དྲི་དང་ལྡན་པར་བྱ། །ཁ་དོག་ཀྱང་ནི་ལེགས་པར་བཙལ། །དཔེར་ན་རང་གི་ཁ་ཟས་ཀྱང་ བཟའ་བ་ཁྱད་པར་མ་འཕགས་ཙམ། །མ་མོའི་དམ་རྫས་དེ་བཞིན་ནོ། ཁེང་སྡོག་སྨན་མར་མེ་ཏོག་འབྲས་བུར་བཅས། །འདི་ཡང་མ་མོའི་དམ་རྫས་ཏེ། །མདའ་དང་རལ་གྲི་དར་སྣ་དང་། །མཚོན་ཐག་རྩང་སྐུད་ལེགས་པར་བཙལ། །དེ་ཡང་དཀྱིལ་འཁོར་རྫས་ཡིན་ཏེ། །རུས་པའི་རྫས་དག་སྒྱིན་སྲེག་རྫས། །ཐུན་གྱི་རྫས་དང་མནན་པའི་རྫས། །ཐམས་ཅད་དང་པོར་སྔགས་པས་བཙལ། །རྫས་རྣམས་ཤིན་ཏུ་གསང་བ་སྟེ། །མི་ཐོས་མི་མཐོང་ལེགས་པར་སྦ། །དེ་དག་སྤྲི་ཡི་རྫས་རྣམས་ཏེ། །མ་མོ་བྱེ་བྲག་རྫས་རྣམས་ནི། ཁུ།བ་བླིན་བཞི་ཡི་རྫས་རྣམས་ནི། །ཟངས་ཆུ་དངུལ་ཆུ་བྱ་ལུག་དཀར། །བར་མཚམས་བླིན་མོ་བཅུ་གསུམ་རྫས། །ཁྱི་ཁུ་མིག་མ་བྱེ་བ་དང་། །བྱ་ནག་སྒོ་ང་བཅུ་གསུམ་སྟེ། །ཡར་གྱི་བཅུ་གསུམ་རྫས་ཀྱིས་མིང་། །མདའ་འཕང་བཅུ་གསུམ་ཡིན་པར་འདོད། །སྔར་གྱི་གླུད་བུ་བཅུ་གསུམ་ཡིན། །ཁ་བླིན་བཞི་ཡི་རྫས་དག་ནི། །སྲོག་མེད་པ་ཡི་མདགས་བཞི་སྟེ། །མེ་ལོང་དང་ནི་རྨ་བྱ་དང་། །ཆུ་དང་མར་མེ་ཡིན་པར་འདོད། །གཟུགས་ཅན་གཟུགས་ཀྱི་ཕུང་པོ་བཞི། །ཟངས་མཆུ་ཅན་དང་སྟག་གླང་ཅན། །གཡག་གླང་ཅན་དང་རྩི་བེར་སོགས། ཁུབ་བློན་བཞི་ལ་དེ་ལྟ་བུའི། །གཟུགས་བཞི་ཆུ་སྲིན་སེང་གེ་དང་། །ཧོར་དང་བྱ་ཁྱུང་བག་ཕྱེ་ལས། །གཟུགས་ཅན་སྲོག་གི་བསྡུད་པ་བཞི། །ལུག་དཀར་མོ་ལ་སོགས་པ་ཡིན། །སྲོག་བཅད་པ་ཡི་འབྲས་བུ་གཉིས། །ཁྱོད་དཀར་རོག་པའོ། །ལྔ་གོང་ནས་ནི་འབྲས་བུ་མཆོག །མཚམས་ཀྱི་བླིན་པོ་བཅུ་གཉིས་ལ། ཁྲེང་ཨ་པྲའི་འབྲས་བུ་སྟེ། །མི་འབྲས་སྔོན་ནས་བཙལ་ཏེ་མཆོག། །བཙུན་མོ་ཆས་ཞུགས་བཅུ་གཉིས་ཏེ། །ཁྱི་དཀར་ར་རོགས་བྱ་ནག་མོ། །བོང་བུ་འབྲས་བུའི་ཆས་སུ་ཞུགས། །ཡང་བག་ཕྱེ་ལས། །བཙུན་མོ་ཆས་བྱས་མཐིང་གྲུར་ནང་དུ་ཞུགས། །བར་མཚམས་བློན་མོ་བཅུ་གསུམ་ལ། །སེམས་ཅན་སྲོག་མེད་བཅུ་གསུམ་སྟེ། །ངུར་པ་འཔྱེ་བ་བྱ་ནག་མོ། །རྨད་ལྕམ་ཁྱི་དང་འུག་པ་དང་། །སེ་རིགས་སུ་མྱུ་གུ་དང་། །ཏི་བྱ་བྱ་དཀར་ཀྲུང་ཀྲུག་ཡིན། །བཙུན་མོ་བཅུ་གསུམ་དར་དཀར་ཆས། །རྒྱལ་མོ་བཞི་ལ་སྲོག་མ་བཅད། །ཁྲ་བཞི་མཚལ་དང་ལི་ཁྲི་དང་། །མེ་ལྕགས་སྲོ་ལོ་དམར་པོ་ཡིན། །ས་ཡིན་རྒྱལ་མོ་རྨིག་པ་ཡིན། །ཆུ་ཡི་རྒྱལ་མོ་ཉ་རྩང་པ། །མེ་རྒྱལ་སྲིན་བུ་མེ་ཁྱེར་ཡིན། །རླུད་གི་རྒྱལ་མོ་ཝང་པ་སྟེ། །བག་ཕྱེ་གཟུགས་བྱ་ཆས་སུ་གཞུག །སྨན་མོ་བཅུ་གཅིག་དག་ལ་ཡང་། །བརྒྱད་ལ་ཁྱོད་ཡོད་གསུམ་ལ་མེད། །ཁྱོ་སྐལ་འབྲས་བུ་འདིལྟར་སྟེ། །ཙིསྟའི་འབྲས་བུ་གཉའ་བ་དང་། །ལུག་རྡུར་བ་རུ་མཁས་པས་བརྟག །ཆུ་འབྲས་བསེ་ཡི་འབྲས་བུ་སྟེ། །མེ་འབྲས་ལྕགས་ཕྱེ་ཡིན་པར་ངེས། །སྲོག་མེད་སེམས་ཅན་བཅུ་གཅིག་ནི། །དབུགདས་ཀྱི་འདི་དག་ཀུན་གྱི་རྫས། །སྲོག་ཆགས་གང་རུང་བཅུ་གཅིག་ལ། །མཐིང་ནག་དར་གྱི་བརྒྱན་པ་སྟེ། །གོ་ལེ་མ་བཞི་རྫས་ཀྱང་བཞི། །སྲིང་མོ་བཞི་ལ་བམ་ཆེན་ཚོགས། །མ་བདུད་རག་ཏ་གསུམ་གྱི་རྫས། །གཤོན་བུ་མ་བཞི་མུ་སྟེགས་སོགས། །དགེ་བསྙེན་བཞི་ནི་འདི་ལྟ་སྟེ། །གནམ་གྱི་དགེ་བསྙེན་ནམ་མཁའ་ལྡིང་། །ས་ཡི་བྱི་བ་ས་ཡི་སྦལ། །མི་ཡི་བདུག་པ་ཡིན་པར་ངེས། །ཅིར་མི་འོང་གི་སྦུན་དྲུག་བཞི། །ཀླུ་དང་བཙན་དང་བདུད་དང་ཡས། །གནོད་སྦྱིན་ལས་གྲུབ་མ་མོ་བཞི། ཁེང་འབྲས་ཤིང་ཏོག་སྣ་ཚོགས་ཏེ། །ཆུ་འབྲས་ཆུ་སྣ་ཚོགས་པ་ཡིན། །ས་ཡི་འབྲས་བུ་དམིགས་པ་ཡིན། །མེ་འབྲས་སོལ་བ་སྣ་ཚོགས་སོ། །མི་བཅོས་མི་རུང་མི་མོ་བརྒྱད། །ཙིསྟ་དགུ་དག་མི་དབང་དགུ། །གཟུགས་ཅན་དགུ་དང་གཟུགས་མེད་དགུ། །ཙིསྟ་དགུ་ནི་འདི་ལྟ་སྟེ། ་གོང་གི་ཙིསྟ་ག་བུར་ཡིན། །ཆུ་ཡི་ཙིསྟ་ཀ་ར་ཡིན། །ས་ཡི་ཙིསྟ་རྒྱ་སྦོས་ལགས། །རླུད་གི་ཙིཏི་དུ་རུ་ཀ། །མི་ཡི་ཙིསྟ་ག་པུར་ཐལ། །ནམ་མཁའི་ཙིསྟ་ཨ་རུ་ར། །བར་སྣང་ཙིསྟ་མི་ཡི་སྙིང་། །བྲག་གི་ཙིཉི་བྲག་སྦོས་པ། །དུར་ཁྲོད་ཙིཏི་རོ་བསྲེགས་ཐལ། །དེ་ནི་སྲོག་མེད་ཙིསྟ་དགུ། །སྲོག་ཆགས་ཙིཏི་དགུ་དག་ནི། །རྨུག་རྒྱ་སྲོལ་པོ་ཙསྟ་དགུ། །མི་དབང་འབྲས་བུ་དགུ་དག་ནི། །ས་ཡི་མི་དབང་བ་བྲས་བ་བྱ། །མེ་ཡི་མི་དབང་ཕྱེ་མ་ལེབ། །ཆུ་ཡི་མི་དབང་ཉ་ཚན་པ། །ནམ་མཁའི་མི་དབང་རི་བོང་ཡིན། །བར་སྣང་མི་དབག་ཝ་ཡིན་ཏེ། །བྲག་གི་མི་དབང་ཤ་བ་ཡིན། ་རྐོང་གི་མི་དབང་རི་སྐེགས་ཡིན། །དེ་དག་མི་དབང་དགུ་ཡིན་ནོ། །མ་མོ་སྟོང་ལ་རྫས་བརྒྱ་ཕྲག། །བདུད་དུ་ངེས་པ་དེ་དག་ལ། །དེ་ཀུན་མུ་ཁ་ལེ་ལས་བྱུང་། །ཙིསྟ་དགུ་ཡི་མེ་ཏོག་ལས། །ནི་དབང་དགུ་ཡི་དབུ་ལས་བྱུང་། །གཟུག་བརྒྱད་སྦྱི་བོ་དག་ལས་བྱུང་། །སྲོག་མ་བཅད་པའི་རག་ཏ་དགུ། །པདྨ་ལས་བྱུང་ཤི་བ་མེད། །རོ་དགུ་པདྨའི་ཆ་ལ་བཞག །འདི་དག་སྒོ་ང་ལས་བྱུང་བ། །ཀ་ལ་ཡལ་ཤའི་དམོད་པོ་ནི། །དཔེར་ན་ལྷ་མོ་རེ་མ་ཏི། །གསང་བའི་མི་དབང་ཀྱི་དབང་དང་། ་གོ་ཀའི་མཚལ་ཐིག་ཤིང་ལ་སོགས། །ནག་མོའི་རྫས་ཏེ་དེ་བཞིན་ཀུན། །དེ་ལྟར་གྱུར་པའི་རྫས་རྣམས་དང་། །བོད་པའི་རྫས་དང་མཆོད་པའི་རྫས། །རྟེན་དངདམ ཚིག བསྲེ བའི རྫས། །བསྐང་བའི་རྫས་དང་རུང་བའི་རྫས། །སྦིན་སྲེག་རྫས་དང་ཐུན་གྱི་རྫས། །ཐ་མར་མནན་པའི་རྫས་ཡིན་ཏེ། །རྫས་འདི་དང་པོར་ཤེས་བྱ་སྟེ། །དེ་ནས་ཚུལ་དང་མཐུན་པར་བཙལ། །མ་མོའི་རྫས་རྣམས་འཚོགས་གྱུར་ན། །བྱིས་པ་མེ་ཏོག་མཐོང་བ་ལྟར། །དེ་ཉིད་དུ་ནི་མ་མོ་རྒྱུག །དེ་བས་དངོས་གྲུབ་འདོད་པའི་མིས། །དང་པོར་རྫས་ལ་ནན་ཏན་བྱ། །མ་མོ་ཐམས་ཅད་ལས་རྒྱུད་ལུང་ལས། །མ་མོའི་དམ་རྫས་བསྟན་པའི་ལེའུ་སྟེ་དང་པའོ། །དེ་ལྟར་རྫས་རྣམས་གསོགས་གྱུར་ནས། །དང་པོ་མ་མོ་སྟེན་པ་ཙམ། །ཡང་ཀོང་གདོན་པ་སོགས་པ་ཡིན། །ཕྱི་བཤགས་དང་པོ་ལེགས་པར་བྱ། །དེ་ནས་མཐོ་གཟུསདགས་མཐོན་རྣམས་ལ། །ཁ་བྱང་བཏགས་ཏེ་གཏོར་མ་སྦྱིན། །དམ་བཅའ་ལས་ཀྱི་བསྒོ་བ་བྱ། །ཕྱི་མཚམས་བཅད་ནས་བར་མཚམས་གཅད། །གནས་ཀྱི་ཕྱོགས་མཚམས་ཕུར་པས་གདབ། །དེ་ཡི་ཆོ་ག་གཞུང་བཞིན་བྱ། །དེ་ནས་གནས་ཀྱི་ཐེམ་འོག་ཏུ། །དམ་སྲི་ལེགས་པར་གནས་པར་བྱ། །མཎྜལ་གྲུབ་བཞི་དགྲ་འམ་བགེགས། །དེ་དག་ལེགས་པར་མནན་པར་བྱ། །མི་བསད་པ་འམ་གཡུལ་ཉེས་པས། །དེ་ལ་མཎྜལ་ལེགས་པར་བྱ། །དང་པོར་འབྱུང་པོ་ཐམས་ཅད་པའི། །གཏོར་མ་རྒྱ་ཆེར་སྦྱིན་པར་བྱ། །དེ་ནས་ཡོ་བྱད་ཆ་གསུམ་བགོ། །ཆ་གཅིག་མཆོད་དང་གཏོར་མ་བྱ། །ཆ་གཅིག་ཚོགས་དང་ཡོ་བྱད་བྱ། །ཆ་གཅིག་ཟ་ཚོགས་དུས་སུ་འབུལ། །ས་ཡི་ལྷ་མོའི་ཆོ་ག་བྱ། །དུར་ཁྲོད་ཆག་ཆག་རྣམས་ཀྱིས་གདབ། །ལྷ་སྲིན་ཀུན་ལ་འགོ་མ་ཡེངས་། །ཞི་བའི་ཚི་གིས་སྨྲ་བར་བྱ། །དེ་ནས་ཐིགས་གདབ་ས་ཚོན་བྲི། །ཀྲི་ཡའི་རྒྱུད་དང་ཡོ་གའི་རྒྱུད། །དཀྱིལ་འཁོར་བྲི་བ་ཇི་ལྷ་བར། ཁྲེས་པ་རྣལ་འབྱོར་མ་མོ་མུ །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ཀྱང་། །རང་རང་ཡིག་འབྲུ་དགོད་པར་བྱ། །དེ་ནས་རྫས་རྣམས་དགོད་པར་བྱ། །སྟེ་ནས་ཞིང་གི་བླ་རི་སྟེ། །ཕྱོགས་ནས་ཞིང་གི་ཡོལ་བ་འོ། །མཚམས་ནས་ཞིང་གི་རྒྱལ་མཚན་ནོ། །ཞིང་གི་ལྷུ་སྡུམ་ལ་སོགས་པ། །རོལ་མོ་སྣ་ཚོགས་ཚུ་གྱིས་བརྒྱན། །ཡང་ན་དར་གྱི་ཡོལ་དང་གདུགས། །ཟུར་དུ་མདའ་དང་ཕུར་པ་དང་། །གྲི་དང་ཚོན་སྐུད་དྲ་བ་རིས། །མདའ་ཕུར་རལ་གྲི་ཁྲོ་བོ་སྟེ། །སྐུད་པ་རྡོ་རྗེར་བྱིན་གྱིས་བརླམས། །ཐ་མར་རྩང་གི་སྲིན་མོ་འགྲོས། །སྦྱོ་ལས་སྲིན་མོ་རེ་རེ་བསམ། །དེ་ནས་དཔལ་གྱི་གཏོར་མ་ཡང། །ཆོས་འབྱུང་དབྱིབས་དང་ཡོ་བྱད་བསོགས། །མཛེས་སྡུག་རྒྱན་གྱིས་བརྒྱན་པར་བཤམས། །མ་མོའི་གཏོར་མའི་མཐེབ་ཀྱུའི་གྲངས་། །གཅིག་དང་གསུམ་ལ་སོགས་པ་ཡིན། །སྣོད་ཀྱི་ནད་དགྲམ་ད་ཡི་ནང་། །ཁྲག་གིས་བཀང་བ་དེ་ཡི་ནང་། །མཐུན་པའི་རྫས་ཀྱིས་གང་བར་བྱ། །མཐེབ་ཀྱུས་ཐོད་པའི རངབཞིན ཏེ། །ཁྲག གི རག་ཏའི་རྒྱ་མཚོར་བསམ། །སྙིང་དབུས་གློ་བ་ཤར་མཆེར་ནུབ། །མཁའ་མ་ལྷོ་དང་བྱང་དུ་བཞག། །འབྲས་བུ་དབུས་ལ་མིག་ནི་ཤར། །རྣ་བ་ནུབ་ལ་སྣ་ནི་ལྷོ། །ལྕེ་ནི་བྱང་དུ་དགོད་པ་སྟེ། །རང་རང་མཐུན་པའི་དམ་རྫས་ཏེ། །རང་བཞིན་ཤི་བའི་དམ་རྫས་རྣམས། །རྗེས་ཡི་རང་ཞིང་དམ་ཚིག་རྫས། །གཞན་ཡང་མཆོད་པའི་ཚོགས་རྣམས་བཤམས། །རུས་པའི་རྫས་ལ་སོགས་པ་ཀུན། །གནས་དེར་རེ་ཞིག་བཞག་པར་བྱ། །མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས། །དཀྱིལ་འཁོར་བྲི་ཞིང་རྫས་དགོད་པའི་རིམ་པ་སྟེ་ལེའུ་སྟེ་གཉིས་པའོ། །དེ་ནས་ཡང་དག་བཤད་བྱ་བ། །རང་ཁ་ཆས་ཞུགས་རྟགས་གདབ་སྟེ། །གཡེང་བའི་བར་ཆོད་ཀུན་སྦངས་ཏེ། །བདེ་བའི་སྟན་ལ་ལེགས་འདུག་ལ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་རྫོགས། །ཏིང་འཛིན་གསུང་བསྒོམས་རྗེས་ཐོབ་ལ། །ཕྱོགས་བཅུའི་ཁྲོ་བོའི་སྐུ་ཡི་མཚམས། །མཚོན་ཆ་འཆོལ་བ་གསུང་གི་མཚམས། །རྡོ་རྗེ་མེ་མཚམས་ཐུགས་ཀྱི་མཚམས། །མཚམས་སུ་མཁས་པས་ལེགས་པར་བཅད། །མཚམས་ཀྱི་རྒྱ་དང་འཕངས་ཀྱི་ཚད། །རྒྱ་ནི་ལྕགས་རི་འོག་ནི་རླུད་། །སྟེག་ནི་འཇིག་རྟེན་འོག་མིན་མཚམས། །དེ་ནས་དབང་ཆེན་དཀྱིལ་འཁོར་ཀྱང་། །ཆགས་སྡང་ལྔ་ཡི་དཀྱིལ་འཁོར་འཁྲུག །དེ་སྟར་ཀེང་རུས་རི་རབ་བརྗིད། །རི་རབ་སྟེང་དུ་མ་མོ་ཡི། །གཞལ་ཡས་ཁང་པབརྩེགས་མ་བསམ། །ཕྱི་ནང་རིན་ཆེན་སྣ་ལྔ་སྟེ། །ནང་དུ་ཐོད་པའི་གཞལ་ཡས་ཁང་། །འོག་ནས་ཁྲག་གི་རྦ་ཀློ་ང་འཁྲུག། །སྟེང་ན་ཞིང་གི་བླ་ར་འཕྱོ། །བར་ན་དར་ནག་རུ་སྲོག་ཏུ་འདོད་པ་ཡིན། །ལུས་ཀྱི་སྙིང་པོ་སྙིང་ཡིན་པས། །སྲོག་སྙིང་བྱ་བ་སྙིང་ལ་ཡོད། །སྲོག་གི་སྙིང་པོ་སྙིང་དེ་ལ། །ཡི་གེའི་རྣམ་པ་འདི་ལྟ་བུ། །རྩ་རུ་གནས་པས་སྲོག་དེ་ཡིན། །དྲང་བ་སྙིང་གི་རྩ་ནས་འདྲེན། །ཏིང་འཛིན་མདའ་ལྟར་སྙིང་རྩ་དྲང་། །སྙིང་རྩ་དྲང་བས་སྙིང་ཡང་འོང་། །སྙིང་འོངས་ལུས་སེམས་དག་ཀྱང་འོང་། །མ་མོ་འོང་བས་བསྙེན་པ་ཡིན། །སྲིན་ལ་སོགས་པ་ཐམས་ཅད་ཀྱི། །སྲོག་སྣིང་ལ་སོགས་དེ་བཞིན་ནོ། །དེ་ལྟར་ཐུན་བཞི་སྦྱོད་བ་ཡིན། །མཚན་མའི་བར་དུ་བསྙེན་པར་བྱ། །དང་པོ་སྲོག་སྙིང་ངོ་བོ་དང། །གནས་པའི་ཚུལ་ལམ་ཚད་རྣམས་ཤེས། །གྲངས་མང་ཟུར་ཡང་མ་ཆག་ན། །གུག་འགྲེང་ཚེག་བར་མ་ཆད་ན། །འདི་ནི་མ་མོའི་སྙིང་རྩ་སྟེ། །སྙིང་རྩ་དྲངས་པས་ངེས་པར་ཞུགས། །བར་མ་ཆད་པར་སྟོང་སྟོང་ལ། །མཚན་མོ་སྟོང་ཚིགས་མཆོད་པ་དང་། །བསྟོད་པ་དེ་བཞིན་བྱ་བ་ཡིན། །ཉིན་མོ་ཁྲི་སོགས་མཆོད་པ་བྱ། །དེ་ཡིས་དུས་སུ་ཟབ་ཚོགས་ལ། །བྱིན་རླབས་སྤྱན་དྲངས་མཆོད་སོགས་བྱ། །ཚོགས་ལ་ཆ་བཞིར་ཁྱོ་བྱས་ལ། །དང་པོར་དཔའ་བོ་མར་་མེ་མཆོད། །བར་མས་སྐབས་ཀྱི་ཉམས་ཆགས་བཤགས། །ཐ་མར་བར་ཆོད་དགྲ་བགེགས་ཀྱི། །གཟུགས་བྱས་བསྒྲལ་དང་བཏབ་པར་བྱ། །དེ་ནས་མཚན་མ་བྱུང་བར་དུ། ལོ་དང་ཟླ་བར་བསྙེན་པར་བྱ། །མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས། །བསྙེན་པ་བསྟན་པའི་ལེའུ་སྟེ་ཕྲུམ། །སྐྱིན་དང་ཤལ་ཤུལ་རྒྱལ་མཚན་དུམ། །གྲོགས་མཁར་ས་དང་ཁྲི་ཚེ་ཕུག། དགྲ་ཡི་གཟུགས་བྱ་རང་ཁ་ཡི། །རྫས་རྣམས་གང་ཡང་མི་བཏང་ངོ། །དཔྲལ་བར་མིང་ལ་སྙིང་ཁར་རུས། །སྦྱི་བོར་ཨོ་ལ་འདོམས་སུ་ཕཊ། །སྙིག་ཁར་ཧུ༷་ནག་སྒྲིལ་མའི་བར། །ནི་དང་ཛ་ཡི་འབྲུབ་ཁུང་དུ། །གན་རྐྱལ་བཞག་ལ་ལྷ་དང་དབྲལ། །གྲོག་ལྷ་དགྲ་ལྷ་མོ་ལྷ་སོགས། །སྲུང་བའི་ལྷ་དང་ལེགས་པར་ཕྲལ། །མ་ཉེས་འོ་དོད་དྲག་ཏུ་འབོད། །དེ་ནས་ལིང་ཁར་དགྲ་བསམ་ལ། །ཁ་ཏི་ར་དང་བསེ་ཤིང་གི། །མེ་ལ་གཟུགས་དེ་གཟུགས་པར་བྱ། །དེ་ནས་འབྲུབ་ཁུར་ནང་དུ་གཞུག། །འབྱུང་པོ་ཀུན་ཚིམ་གཏོར་མ་བཏང་། །བདེན་པའི་དམ་ཡང་ལེགས་པར་བདར། །ལས་ཀྱི་རྫས་རྣམས་དགོས་ལེགས་བྱ། །སྔོན་དུ་བྱ་བའི་ལས་རྣམས་ནི། །བསྙེན་རྫ་སྐབས་དང་ཐུན་མོང་བྱ། །ཏིང་འཛིན་གསུམ་དང་མཆོད་བསྟོད་པར། །གོང་མ་བཞིན་དུ་ཤེས་པར་བྱ། །ཐུན་བཞིའི་སྦྱོར་བ་མ་ཆད་ན། །ལས་ལ་སྦྱོར་བའི་རིམ་པ་སྟེ། །སྔགས་ཀྱང་དགྲ་བོ་དགུག་ལ་སོགས། །གསད་པའི་སྔགས་དང་བྱེ་བྲག་ལས། །ཚིག་ཀྱང་བསད་པའི་ཚིག་ཡིན། །དགྲ་བསད་པ་ཡི་ལས་ཡིན་ཕྱིར། །ལས་ལ་སྦྱོར་བར་གྲགས་པ་ཡིན། །ཏིང་འཛིན་མ་མོའི་ཐུགས་ཁ་ནས། །འོད་ཟེར་ནག་མོ་ལྕགས་ཀྱུ་འདྲ། །འཕྲོས་པས་གཟའ་བའི་ལྷ་དང་དབྲལ། །ལུས་ལ་ནདགཞིསྣཚོགསལངས། །བཀྲག་དང་གཟི་མདངས་ཉམས་པ་དེ། །དཀར་ནག་དཀྱིལ་གྱི་མཚམས་དག་ནས། །མི་ཡི་ས་བོན་དྲི་བཀུག་ནས། །འབྲུབ་ཁུང་ལིང་ག་ལ་བསྟིམས་ནས། །ལྕགདས་ཀྱུ་ལྟ་བུའི་ཏིང་འཛིན་ཡིན། །སྟོང་གི་འོད་ཟེར་ཁོང་པ་ནས། །དགྲ་ལ་སོགས་པའི་བཟླས་པ་ཡིན། །མཚན་མ་བྱུང་ནས་རུ་པ་སྟེ། །ཐུན་དབབ་རལ་གྲིས་ག་ས་པ་སྟེ། །ཕོ་གཡས་མོ་ནི་གཡོན་ནས་ག་། ཁོན་ཏུ་ཁྲོས་སེམས་ཏིང་འཛིན་བསར། །དེ་ནས་བསྲེག་དང་བསྟེབ་པ་བྱ། །བསྲེག་པའི་ཐལ་བ་ཆ་གསུམ་སྟེ། །ཆ་གཅིག་སྨྱོས་གདབ་གཏོར་མར་བཏབ། །ཆ་གཅིག་མནན་པའི་རྟེན་དུ་བཞགས། །ཆ་གཅིག་ཤི་བའི་རྟེན་ཕྱོགས་སུ། །གཏོར་ལ་བྲང་བརྡུང་འོ་དོད་འབོད། །ལས་ལ་སྦྱར་བའི་དུ་དྲུག་ཏུ། །ཟ་ཚོགས་ཐ་མ་དགྲ་རུ་བྱ། །དེ་ལྟར་བྱས་པའི་ནམ་བྱེད་ནས། །སྒྱུགས་གླུ་བླང་ཞིང་གཟུ་དཔང་གསོལ། །བྲང་བརྡུང་ཚོ་ངེས་ཆེན་པོས་བརྡབ། །ལག་མཆོག་དཔལ་གྱི་གཏོར་མ་བྱ། །མ་མོ་གང་ཡང་བསྲེ་བ་མེད། །འབྱུང་པོ་ཀུན་ཚིམ་གཏོར་མ་སྤྱིན། །དེ་ལ་ལས་བཅོས་དཔང་ཡང་གཟུགས། །ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །ལོག་ལ་རང་གི་ཆོ་གས་བསྲུང་། །ལས་ལ་སྦྱར་བ་ཡིན་པར་ངེས མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས། །ལས་ལ་སྦྱར་པའི་ལེའུ་སྟེ་ལྔ་པའོ། །དེ་ནས་ལས་ཀྱི་ལྷགས་མ་ནི། །ཐུན་ནི་འདི་ལྟར་བྱ་བ་སྟེ། །ཐུན་རྫས་སོ་སོར་དགྲམ་པར་བྱ། །དེ་ལ་ཞིང་གི་དགྲ་བརྟགས་སམ། །རྒྱུས་ཆེན་དགྲོལ་བ་བཤམས་ནས་ཀྱང་། །དང་པོར་ཁྲོ་བོ་བྱིན་དབབ་ཅིང་། །གསུར་ཆེན་གཏང་ཞིང་ཆས་ཞུགས་ལ། །ཐུན་གྱི་མ་མོ་བསྐུལ་པར་བྱ། །དེ་ནས་ཐུན་གྱི་སྔགས་བཟླས་ཏེ། །ཏིང་འཛིན་དུག་གི་ན་བུན་དང་། །མཚོན་གྱི་ཆར་པ་ནད་ཀྱི་བསྐལ། །བྱུང་བར་བསམས་པ་ན་བུན་གྱིས། །ལྟ་བའི་ཏིང་འཛིན་ཡིན་པར་ངེས། །དེ་ནས་དུར་ཁྲོད་འཆད་པ་འམ། །བྱང་རི་མཐོན་པོའི་ཁར་འཛེགས་ལ། །མ་མོ་བསྐུལ་བ་ཐུན་དམིགད་བཅའ། །དེ་ནས་ཐུན་གྱི་ལམ་བསྟན་པ། །བླ་ནས་ཕྱོགས་དང་འབེབས་ཕྱོགས་དང་། །ཐུན་གྱི་འགྲོ་གཟུགས་སྲིན་པོ་དང་། །སྲིན་མོའི་འགྲོས་ཀྱིས་བསྐོར་བར་བྱ། །རྔ་མ་དང་ཟ་འཕྱོང་པ་ཡི་ཚུལ། །བརྡེག་ཚུལ་བསྐོར་བ་ལན་གསུམ་བྱ། །དེ་ནས་གྱད་ཀྱི་འདུག་སྟངས་དང་། །ཐ་མ་རྟེན་ལ་བརྡེབ་པར་བྱ། །ཐུན་གྱི་གཟི་བྱིན་བསྐྱེད་པ་ནི། །མཆན་གྱི་བུ་ལ་འཕང་བའི་ཚེ། །བདུན་བརྒྱུད་རྩ་བ་གཅོད་སོགས་ཡིན། །དེ་ནས་བརྡེབ་པའི་གནས་བསྟན་པ། །མཆན་གྱི་བུ་ལ་ཁྲག་ཐུན་ཡ། །དེ་ནས་ཐུན་གནས་ངེས་བར་འཆད། །ཐུན་གྱི་མཆན་ཉིད་ཤེས་པར་བྱ། །ཁྲག་དང་ཐོས་པས་སྣ་དྲངས་ཏེ། །དྲག་པོའི་གཏོར་མས་གཞུག་བཏུལ་ལོ། །དེ་ནས་ཐུན་གྱི་དབྱེ་བ་ཡང་། །གསད་ཐུན་དང་ནི་གསོ་ཐུན་དང་། །བསྐང་ཐུན་བཟློག་ཐུན་ཡིན་པར་ངེས། །དེ་རེའི་ཐུན་གྱི་རིམ་པ་ཡང་། །མཁས་པས་འདི་ལྟར་ཤེས་པར་བྱ། །ཕུར་ཐུན་ཡུངས་ཐུན་་ཐུན་དང་། །རྡོ་ཐུན་ཆུ་ཐུན་ཟངས་ཐུན་དང་། །མདུང་ཐུན་ར་ཐུན་མདའ་ཐུན་དང་། །ཁྲག་ཐུན་ཐོད་བྱ་ཐུན་དང་། །སྒོམ་ཐུན་ཁམ་ཐུན་སྙིང་ཐུན་དང་། །དུག་ཐུན་ལུག་ཐུན་ལ་སོགས་པ། །བརྒྱ་རྩ་བརྒྱད་ཀྱི་ཐུན་ཕངས་པ། །མ་ཧྭ་དེ་བ་འཇིག་འགྱུར་ནས། །གླིང་བཞིའི་མི་ལ་སྨོས་ཅི་དགོས། །ཐུན་གྱི་མན་ངག་མ་གོལ་བ། །དུག་གི་ན་བུན་ཏི་འཛིན་ཡིན། །གོལ་ན་རང་ལ་མཚོན་ཆ་ཡིན། །མ་མོ་ལས་ཐམས་ཅད་པའི་ལས་ད་ལུང་ལས། །ཐུན་གྱི་ལེའུ་སྟེ་དྲུག་པའོ། །དེ་ནས་ཡང་དག་བཤད་བྱ་བ། །ལྷག་མ་ངེས་པར་གདོན་མི་ཟ། །བསྲེག་པའི་ཆོ་ག་ཡིན་པར་འདོད། །བསྲེག་པའི་དགྲ་ནི་ཧོམ་ཡིན་ཏེ། །མ་མོ་དྲག་པོ་ལས་ཀྱི་། །དཀྱིལ་འཁོར་རིམ་པ་འདི་ལྟར་བྱ། ཁུ་གསུམ་པ་རྩང་དང་བཅས། །ཟུར་དུ་འབར་བའི་ཞལ་གསུམ་སྟེ། །ལོགས་ཀྱི་དེ་བཞིན་ཤེས་པར་བྱ། །ཟུར་གསུམ་འགུགས་བྱེད་ལྕགས་ཀྱུ་གསུམ། །ལོགས་གསུམ་བིགས་བྱེད་ཏྲི་ཤུལ་གསུམ། ་༑ད་རྡེ་བྱང་དམར་ཁྲམ་བམ་གདགས། །སྔོན་དམར་ཚོན་གྱི་དྲ་བ་བགྱི། །དེ་ཡི་ནང་དུ་གཟས་བའི་གཟུགས། །མིང་བྱང་བཏགས་པ་ས་ལ་བྱ། །སྙིང་ཁར་གདན་ཀྱི་འབྲུབ་ཁུང་། །གདུག་པའི་ཧོམ་ཤིང་གཟུགས་ལ་བྱ། །དེ་ལ་བསྲེག་ཤིང་རྩང་གིས་བརྒྱན། །དེ་ནསབདེབརགཤེགསཔའིཧོམ། །ཕྱི་ཡི་འགྲུབ་ལུང་སྤངས་ནས་ནི། །བསྲེག་རྫས་སྦང་བའི་སྦྱིན་སྲེག་ནི། །ཀྭ་ལ་ཡག་ཤ་དྲག་པོའི་ཧོམ། །འཕྲིན་ལས་རྣམ་བཞི་བཅོལ་བ་ཡིས། །བྱ་བ་མི་འགྲུབ་དྲག་པོ་འབྱུང་། །གཟུགས་དེ་ཐུན་དབབ་གཏུབས་ནས་སུ། །སྔར་རྫས་དྲག་ཤིང་བསྲེག་བྱས་ན། །གང་ཡང་ཕུང་བར་ཐེ་ཚོམ་མེད། །དེ་ཡི་ཏིང་འཛིན་འདི་ལྟར་སྟེ། །དཔེར་ན་ཤིང་བསྲེགས་ཐལ་བ་བཞིན། གཟུགས་བསྲེགས་ནི་དང་ལུས་བསྲེགས་བསམ། ཁྲེང་བསྲེགས་ཐལ་བའི་ཏིང་འཛིན་ཡིན། །དེ་ཚེ་སྲེག་པའི་སྔགས་ཟློས་པ། དྲག་པོའི་མེ་ལ་དམིགས་ལ་བཟླས། གོང་མ་དྲག་པོ་རྫས་ལ་དམིགས་ཏེ་བཟླས། བཟླས་པ་ཡིན་པར་ཤེས་པར་བྱ། དེ་ནས་དྲག་པོ་མེ་ཡི་རྫས། །འདི་ལྟར་མཁས་པས་བཙལ་བར་བྱ། །དུག་དང་ཁྲག་དང་སྐེ་ཚེ་དང་། །ལན་ཚྭ་ནིམ་པ་ལ་སོགས་ཏེ། ད་དུ་ར་ཙས་དག་ལུགས་ཡིན། །ཡམ་ཤིང་དམར་ནག་ཁྲག་དང་དུག །དྲི་ཆེན་དྲི་ཆུ་མི་རུས་ཕྱེ། །སྐེ་ཚེ་ལན་ཚྭ་སྐྲ་སེན་མོ། །ཟངས་ལྕགས་འཁར་བ་ར་གན་པྱེ། ཁྲ་བ་གླ་བ་དགོ་བ་རྣམ། རི་བོང་ལ་སོགས་རི་དྭགས་དང་། །བོང་བུ་རྔ་མོ་ལ་སོགས་རྟུག། །ཇི་སྙེད་རྫས་ཀྱི་རོ་སྲེག་སའི་མཎྜལ་དུ། །རྫས་དགོད་པ་ཡི་རིམ་པ་་ཡང་། །མེ་ཏོག་ནག་པོ་དྲི་མི་ཞིམ། །རོ་ནི་ཁ་བའི་མེ་མར་ཆེན། །མི་སོགས་ཤ་བའི་ལྷ་བཤོས་དང་། །ཁྲག་གི་ཨརྒ་མཆོད་ཡོན་སོགས། །མཆོད་རྫས་སྔགས་པའི་གཡོན་དུ་བཞག །མིང་རུས་དྲི་ཆེན་དྲི་ཆུ་དང་། །བོང་བུ་རྔ་སོགས་རྟུག་པ་དང་། །ཚེར་མ་ཅན་གྱི་ཡམ་ཤིང་དང་། །ཚ་བའི་དམར་ནག་སྐྲ་སེན་སོགས། །སྔགས་པ་རང་གི་གཡས་སུ་བཞག །དགང་གཟུར་བླུགས་གཟར་མ་དུན་དུ་བཞག། །རྫས་དེ་བསྲེག་པའི་ཏིང་ངཛིན་ཡང་། །ཡམ་ཤིང་ལ་སོགས་འབར་བས་སྤྲས། །དེ་ནི་བཟའ་བ་རུ་པ་སྟེ། །འབར་བའི་འོད་ལ་བསྲེག་པར་བྱ། །མར་སོགས་འཇུ་བའི་རྗས་རྣམས་ནི། །དེ་དག་བཟའ་བའི་ཁྲག་ཏུ་བསམ། །དེ་ནི་མ་མོའི་ཞཔ་དུ་དབུལ། །དྲི་ཆེན་ལ་སོགས་རྫས་རྣམས་ནི། །དེ་ནི་བཟའ་བའི་ཤ་ཡིན་ཏེ། །མ་མོའི་ཕྱག་ཏུ་དབུལ་བར་བྱ། །དྲག་པོ་ཧོམ་གྱི་མེ་དེ་ཡང་། །སྨེ་ཤ་ཅན་དང་རྡོལ་པ་པོ། །མི་སྡོང་ཤན་པའི་ཁྱིམ་ནས་བླང་། །དེ་ལྟར་བསྲེག་པའི་ཐབས་ཤེས་ན། །རྫས་བསྲེགས་ངེས་པར་དགྲ་བགེགས་ཡིན། །འདི་དག་ལས་ཀྱི་ཁ་ཚར་ལས། །སྤྱིན་སྲེག་ཡིན་པར་གསུངས་པ་ནི། །ལས་ཀྱི་ཁ་ཚར་མཤེས་པར། །ལས་ལ་སྦྱོར་བ་ཝ་དང་འདྲ། །དཔེར་ན་མདའ་ལ་མདེའུ་མེད་པས། །བསྒྲུབ་བྱ་འབིགས་པར་མི་ནུས་སོ། །ལས་དང་ལས་ཀྱི་ཆོ་ག་སོགས། །གཅན་གཟན་སྟག་གི་མཆེ་བ་འདྲ། །དཔེར་ན་མདའ་ལ་མདེ་བཅུག་བཞིན། །ལང།་མེད་ལས་ཀྱི་ཁ་ཚར་ཡང་། །མགོ་བོ་མེད་པའི་རྔ་མ་འདྲ། །མགོ་མེད་རྔ་མ་འགྲོ་བ་མེད། །དེ་ལྟར་ལས་དང་ཁ་ཚར་གཉིས། །བྱེ་བྲག་མཁས་པས་ཤེས་པར་བྱ། །ལས་དང་སྤྱི་དང་བྱེ་བྲག་དེ། །ཁ་ཚར་སྤྱི་དང་བྱེ་བྲག་ཡིན། །དཔེར་ན་སྲེག་པའི་མེ་ལ་ཡང་། །ཞི་རྒྱས་དབང་དྲག་མངོན་སྤྱོད་རྫོགས། །མེ་ཡི་བྱེ་བྲག་མཁས་པས་དབྱེ། །ལས་དང་ལས་ཀྱི་ཚར་ལས། །མཁས་པ་སྦུ་གྲིའི་སོ་དང་འདྲ། །དེ་བས་འབད་པ་ཐམས་ཅད་ཀྱིས། །ལས་གཞན་ལེགས་པར་ཤེས་པར་བྱ། །ལས་ཀྱི་གཞུང་ལ་མ་རྨོངས་ཤིང་། །སེམས་ཅན་བརྟུལ་ཞུགས་དང་ལྡན་པ། །དུག་གི་སྔོང་པོ་ཡིན་པར་ངེས། །ལས་གཞུང་འདི་ལ་སྒྲུབ་ལུགས་གསུམ། །དང་པོ་བཀའ་ཡི་སྒྲུབ་པ་སྟེ། །གཉིས་པ་བཀའ་བརྟེན་བསྒྲུབ་པ་ཡིན། །གསུམ་པ་མན་ངག་སྒྲུབ་པའོ། །བསྒྲུབ་པ་དེ་ལ་དུས་གསུམ་སྟེ། །རྒྱལ་བ་ང་ཡི་སྐུ་བཞུགས་དུས། །ང་ཡི་བསྟན་ལ་གནོད་པ་ལ། །བསྒྲུབ་པའི་ལས་རྣམས་བཅོལ་དགོས་ཏེ། །མ་མོ་མཁའ་འགྲོ་ལ་སོགས་པ། །མདོངས་སོལ་ཚུལ་དུ་ལས་བྱེད་པ། །དེ་ནི་བཀའ་ཡི་སྒྲུབ་པ་ཡིན། །རྒྱལ་སྲིད་ཡོད་པའི་རྒྱལ་པོ་བཞིན། །ང་ནི་མྱ་ངན་འདས་འོག་ཏུ། །ང་ཡི་གསུང་གི་བྱིན་བརླབས་དང་། །དགེ་བཅུ་དག་ལ་གནས་པ་དང་། །བཀའ་བསྒོ་ལས་བཅོལ་བྱེད་པའི་དུས། །བཀའ་བརྟེན་པའི་སྒྲུབ་ལུགས་ཡིན། །རྒྱལ་སྲིད་ཕར་བརྟེན་ཚུར་བརྟེན་བཞིན། །སྙིགས་མ་མི་དགེ་བཅུ་ཡི་དུས། །མན་ངག་གི་ནི་བསྒྲུབ་པ་སྟེ། །མ་མོ་རང་གི་མན་ངག་ལས། །བཀའ་ཡིས་འདུལ་བར་མི་འགྱུར་ཏེ། །དཔེར་ན་རྒྱལ་ཁམས་སིལབུབཞིན། །དེལྟརབསྒྲུབ་པའི་མན་ངག་སྦངས་། །ཐོ་ཆོར་མ་མོ་སྒྲུབ་བྱེད་པ། །རང་ཡང་ཕུང་ལ་གཞན་ལ་འང་གནོད། །དེ་བས་མི་ཤེས་རྨོངས་པས་རྨོངས་། །མ་མོ་ལས་ཐམས་ཅད་པའི་ལས་རྒྱུད་ལུང་ལས། །ཧོམ་གྱི་ལེའུ་སྟེ་བདུན་པའོ། །དེ་ནས་ངེས་བར་གདོན་མི་ཟ། །ལས་རྣམས་འདི་ལྟར་ཤེས་པར་བྱ། །སྦྱིན་སྲེག་བྱས་པའི་ཐལ་བ་དང་། །དགྲ་ཡི་དྲི་མ་དྲུག་པོ་ལ། །མནན་པའི་ལིང་ཁ་བྱ་བ་སྟེ། །མནན་པའི་རྟེན་ནི་དུ་ཡོད་པ། །འཁྲུལ་འཁོར་གྲངས་ཀྱང་དེ་ཙམ་བྱ། །གནན་པའི་གཞན་མ་རོ་རས་སོགས། །དེ་ལ་དུག་སོགས་རྫས་ཀྱི་སྐུ། །ཐེབས་པའི་དུས་སུ་འཁྲུལ་འཁོརབཅའ། །མནན་པའི་འབྲུབ་ཁུང་བདུན་བྱས་ལ། །དེ་ལ་དགྲ་ཡི་གཟུགས་བརྙན་བདུན། །བདུན་རྒྱུདརྩ་བ་ཡིན་པར་ངེས། །ཡང་ན་དེ་ཡི་གནས་བདུན་གྱི། །གཟུགས་བརྙེན་མདུན་དུ་མཁས་པ་བསམ། །ཞལ་ལས་བྱུང་བར་འབྲུབ་ཁུང་ལ། །ལིང་ག་དེ་བཞིན་ཤེས་པར་བྱ། །ཕྱི་རུ་རྡོ་རྗེ་རྒྱ་གྲམ་ལ། །མན་ངག་ཅན་གྱིས་ལིང་ག་བྲི། །སྔོན་དམར་ཐུན་གྱི་དཀྱིལ་འཁོར་ཡིན། །དེ་ཡང་ཡན་ལག་རྫོགས་པར་བྲི། །སྙིང་ཁར་མིང་ལ་དབྲལ་བར་རུས། །སྤྱི་བོ་སྙིང་ཀ་འདོམ་བར་དུ། །ཨོ་དང་ཧུ༷་ནག་ཕཊ་སེར་དྲི། །དབུས་ཀྱི་འབྲུབ་ཁུང་ཐ་མ་སྲ །གཙོ་བོའི་སྔགས་བྲིས་མ་མོ་ཡི། །གསང་སྔགས་རིམ་པར་བྲིས་ནས་ཀཡང་། །དེ་ལ་ཐུན་གྱི་སྔགས་རྣམས་བྲི། །དེ་ལ་སྡེ་བརྒྱད་གཉན་དགུའི་སྔགས། །དེ་རྫས་མནན་པའི་སྔགས་ཀྱང་བྲི། །གཟུགས་ཀྱི་བླ་གནས་རྣམས་སུ། །བྱང་དང་ཕུར་པ་ཛ་ལྕགས་ཀྱུ། །མདའ་ལ་སོགས་པའི་ཟ་བྱེད་བྲི། །སྲོག་གི་ཟ་བྱེད་བདུན་ཡིན་ཏེ། །མཛེས་ལ་སོགས་པ་ཟ་བྱེད་དགུ། །བླ་ནས་གནས་པ་མཁས་པས་བྲི། །བླ་གནས་མན་ངག་མ་ཤེས་པར། །ཐུན་འདེབས་ཕུར་འདེབ་གྲིས་ག་་པ། །དེ་ནི་ཞེ་སྡང་དོན་མེད་ཡིན། །བླ་གནས་རྣམ་པ་གཉིས་ཡིན་ཏེ། །ཚེས་གཅིག་ལ་སོགས་བླ་གནས་ནི། །དེ་ནི་མི་འགྱུར་བླ་གནས་ཡིན། །བྱའི་མེའུ་ཆུང་གཤང་ལྕགས་གནས། །བྱི་བ་ལ་སོགས་ལོ་བཅུ་གཉིས། །དཔྱིད་ཟླ་ར་བ་ལ་སགོས་པའི། །ཟླ་བ་ཞག་ནི་སུམ་ཅུ་དང་། །དུས་ཚོད་བཅུ་གཉིས་ལ་སོགས་པའི། །འདི་ནི་འགྱུར་བའི་བླ་གནས་སོ། །རྩང་དང་གྲི་དང་ཛ་ལ་སོགས། །ལྷ་སྲིན་གང་གི་རབ་བྲི། །ཐ་མར་དབང་གི་ཁ་བྱང་གདགས། །གཏད་དང་ཁྲམ་གཉིས་སྦེལ་མར་བྲི། །རང་གིས་ཉེས་ན་དཔང་མི་གཟུགས། །བར་དུ་དབྱེ་བའི་ཕྲ་མ་གཞུག། །བདེན་ཚིག་མ་ལུས་སོག་པར་བྲི། །དེ་ནས་མནན་པའི་ས་ཡང་རུང་། །འབྱུང་པོ་ཀུན་ཚིམས་གཏོར་མ་གཏང་། །དར་ནག་རེ་ནག་གུར་ཕུར་ལ། །དང་པོར་ཟ་བྱེད་གང་ཡིན་པའི། །རྟེན་ལས་རང་གི་སྙིང་པོ་བཟླས། །སྐུ་རུ་བཞེངས་ལ་མཆོད་བསྟོད་བྱ། །ཟ་བྱེད་རྣམ་པ་བཞི་ཡིན་ཏེ། །སྲོག་གི་ཟ་བྱེད་གཤིན་རྗེ་ཡིན། །ཞ་གྲམ་ཟ་བྱེད་པ་བདག་ལ། །སྨྱོ་འབོག་ཟ་བྱེད་རྒྱལ་པོ་ཡིན། །མཛེ་ནད་ཟ་བྱེད་ཀླུ་ཡིན་ནོ། །ཟ་བྱེད་གང་ཡིན་མཉེས་བྱས་ལ། །དེ་ལ་མནན་པའི་ལས་བཅོལ་ལོ། །བཟའ་བ་ལྷ་དང་དབྲལ་བྱས་ལ། །མནན་པའི་འཁྲུལ་འཁོར་གཟུགས་ལ་བསྟིམ། །དེ་ནག་ལྷ་སྲིན་སྡེ་བརྒྱད་དོ། །དེ་ནས་འཁྲུལ་འཁོར་དྲི་བྱས་ནས། །སྔོན་དམར་སྐུད་པས་རྒྱ་གྲམ་བྲི། །སྐུད་པའི་སྔགས་ཀྱང་བཟླས་ཤིང་བྲི། །དེ་ནས་ལ་ཅའི་སྦལ་བར་གཞུག། །རེ་བ་ནག་པོས་དྲལ་བ་དང་། །དེ་ནས་ཐོད་པའི་ནང་དུ་གཞུག །ཐོད་པ་རླུད་དང་ཆུ་ལ་སོགས། །མི་ཚོར་བ་རུ་བསྲུང་བྱས་ལ། །དེ་ནས་ས་དེ་ཚད་དུ་བརྐོ། །དེ་ཡི་ཁུང་པར་ཐོད་པ་གཞག །ས་དེ་ལྷ་སྲིན་རྟེན་ཡིན་པས། །དེ་གཞག་རྟེན་ལ་གཏད་པའོ། །དེ་ལྟར་གཏད་དང་ཁྲམ་བྲིས་པས། །འདི་ནི་གཏད་པའི་ཁྲམ་ཞེས་བྱ། །གཏད་ཅིང་ཁྲམ་དུ་བཏབ་པ་དེ། །མི་ཆོར་ཕྱིར་ན་མནན་པ་བྱ། །མནན་པ་རེ་ཞིག་བདུན་ཡིན་ཏེ། །བསྒོམ་པ་པོ་ལ་བདུན་པོ་དེ། །ལས་བྱང་ནང་དུ་ཤེས་པར་བྱ། །དེ་ལྟར་བྱས་པའི་ཏིང་འཛིན་ནི། །མི་བཟུང་ལྕགས་བཅུག་ཏིང་འཛིན་ཡིན། །དེ་ལྟར་བཟླས་པའི་སྔགས་རྣམས་ནི། །ལྷ་སྲིད་ལ་དམིགས་བཟླས་པ་ཡིན། །ཐུན་ནི་སྤུ་གྲི་ལྟ་བུ་སྟེ། །ལོ་མ་ཡལ་ག་གཅོད་པ་ཡིན། །མནན་པ་སྟེ་རེ་ལྟ་བུ་སྟེ། །བདུན་རྒྱུད་རྩ་བ་གཅོད་པ་ཡིན། །སྲོག་གི་མཐའ་སྡུག་མནན་པ་ཡིན། །སེར་བའི་མཐའ་སྡུད་རྟ་མ་ཡིན། །མ་མོ་ལས་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས། །མནན་པའི་ལེའུ་སྟེ་བརྒྱད་པའོ། །དེ་ནས་ཡང་དག་བཤད་བྱ་བ། །ཁར་ནག་ཐུན་གྱི་སྔགས་རྣམས་ནི། །དཀར་ནག་སྔོ་དང་དམར་མོ་སེར། །ཕྱིང་ཁ་ལོག་སྟེ་གསང་བའ་ཐུན། །ཨོ་བཛྲ་གི་བི་ཧུ༷་ཀར་པོ་མ་ཧྭ་བར་ག་ཧུ༷་ཕཊ། །ནག་པོ་ས་ཤིས་ཤི་བླ་ཤི་ས་ཟད་ཧུ༷་ཕཊ། །སྔོན་པོ། །ལོ་ཤི་ཁ་ལ་རསྣ་རྦད་ན་ཧུ༷། །དམར་པོ། །དུ་ར་ས་ཐིམ་ན་དགྲ་བོ་ཧུ༷། །སེར་པོའི་སྔགས་སོ། །མ་མོ་ཐམས་ཅད་ཀྱང་རྒྱུད་ལུང་ལས། །སྤྱོད་ལམ་ཁར་ནག་ཐུན་གྱི་ལེའུ་སྟེ་དགུ་པའོ། །ད་ནི་ལྟ་བ་བཤད་བྱ་སྟེ། །གཉིས་མེ་ལྟ་བས་ཐག་བཅད་ནས། །སྤྱོད་པ་ཆེན་པོ་ལ་དོར་རོ། །འཁོར་དང་མྱ་ངན་འདས་པའི་ཆོས། །རྟོགས་ན་དེ་གཉིས་ག་ལ་སྲིད། །རྟོག་པ་ལོག་པས་གཉིས་སྣང་སྟེ། །དེ་ལ་མི་མོས་ལོག་རྟོག་ཅན། །རང་ལ་མངན་བྱེད་གོ་བའི་སེམས། །བསྟེན་བསྲུང་སྐུར་འདེབས་གཤགས་བྱེད་པ། །དེ་ཡི་འཁོར་བའི་ངན་འགྲོར་ལྟུང་། །ཐུགས་རྗེ་ཆེན་པོ་ས་བསྒྲལ་བར་བྱ། །དེ་ལྟའི་ལྟ་བ་དང་ལྡན་ན། །ལྟ་བ་དེ་ཉིད་སངས་རྒྱས་ཡིན། ཁེན་ཏུ་གདུག་པའི་ཞེ་སྡང་ཅན། །ཇི་སྲིད་འདི་ནི་གསང་བར་བྱ། །འདི་ནི་ང་ཡིས་དགྲ་ཡིན་ཞེས། །རྒྱ་ཆེར་མ་རྟོགས་གོལ་སེམས་ཅན། །ཞེ་སྡང་སོལ་པའི་སྡོང་པོ་འདྲ། །དེ་ནི་འཁོར་བའི་ཤ་ཡང་སར་ལྟུང་། །གཞན་ཡང་ཕྲ་མོའི་ལྟ་བ་ནི། །སྦྱོད་ལམ་ཀུན་ཏུ་མ་གོལ་བར། །བདག་ཉིད་ཆེ་མཆོག་གཙོ་བོར་ལྟ། །གཡོན་རྣམས་ཐམས་ཅད་ཡུམ་དུ་ལྟ། །མདུན་རྣམས་ཐམས་ཅད་མ་མོའི་ཚོགས། །བཀའ་ལུང་ཉན་ཅིང་ལས་བྱེད་ལྟ། །རྩི་ཤིང་ནགས་ཚལ་ལ་སོགས་ཀུན། །ཐམས་ཅད་མ་མོའི་ཚོགས་སུ་ལྟ། །བཟའ་དང་བཅའ་དང་བ་་དང་བགོ། །ལོངས་སྦྱོད་ཚོགས་སུ་སྣང་བ་ཀུན། །ཐམས་ཅད་མ་མོའི་ཟས་སུ་ལྟ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བབ་དུ་གནས་པ་འཁོར་སོགས་ལྟ། །སྟེང་ནི་ཞིང་གི་གཡང་གཞི་གསོལ། །འོག་ནི་ཁྲག་གི་རྒྱ་མཚོ་སོགས། །བར་ནི་ཀེང་རུས་རྩིག་པར་ལྟ། །སྤྱོད་ལམ་ཀུན་ཏུ་བལྟ་བར་བྱ། །མ་མོ་ཐམས་ཅད་ཀྱི་ལས་རྒྱུད་ལུང་ལས། །སྤྱོད་པའི་ལེའུ་སྟེ་བཅུ་པའོ། །དེ་ནས་རྣལ་འབྱོར་སྦྱོད་པ་ནི། །ལོངས་སྤྱོད་མི་ཁྲག་ཤ་ལ་རློམ། །ཁྱད་པར་ཚིལ་ཆེན་ཤ་དང་རྐང་། །བྲིས་སྐུ་གཡས་གཡོན་ཀུན་ཏུ་ཡང་། །སྦོས་ཀྱིན་བུན་འཐིབས་པར་བྲི། །མདོ་ལོང་དྲེ་རྟ་ཤོན་པ་ཀུན། །བུད་མེད་ཚུལ་དུ་ལབ་ཆུང་བགོ། །སོར་ཚིགས་འཕྲེང་བ་འབྲལ་མི་བྱ། །ན་ཆུང་གཞོན་པའི་གོས་ལེགས་བགོ །ཚིལ་ཆེན་མེ་མར་བལྟམ་བྱས་ལ། །བྲིས་སྐུ་དེ་ཡི་ཐ་མ་མྲ །འགྲོ་དང་འདུག་དང་བསྐོར་དང་འབུད། །རྐང་གླིང་བུད་ཅིང་ཆ་ལང་བརྡབ། །གསང་བ་སྔགས་ཀྱི་སྐོ་དང་སྐང་། །མིས་མི་མཐོང་བར་དྲག་ཏུ་བཟླས། །འགྲོ་དང་འདུ་འཛི་ཟས་དག་ལ། །ཆགས་པར་མི་བྱ་ཐོད་པའི་རྔ་། །བརྡུང་ཞིང་མདོ་ལོང་སྒྱུགས་གླུ་བླང་། །དྲག་པོ་དག་ལ་ཞུགས་བའི་ཚེ། །ཕྱར་བ་གོན་ལ་མཆི་མ་བཏང་། །གདུང་བའི་སྨྲེ་སྔགས་གདོན་པར་བྱ། །ཐུན་ལ་ཞིང་གི་སྐྲ་བཏགས་འཐེན། ཁྲ་ཆེན་དག་ཀྱང་ཟ་བར་བྱ། །སྐོམ་ན་ཁྲག་ཀྱང་བ་་བར་བྱ། །དེ་ལྟར་བྱས་ནས་འགྲུབ་པར་ངེས། །གཞན་ཡང་སྦྱོད་པ་འདི་ལྟ་སྟེ། །རས་ཆེན་དག་ནི་བླངས་ནས་ཀྱང་། །རང་ལ་མོས་ཤིང་ཤིས་བ་མི་ ། །མ་མོ་བྲི་སྐུ་འདྲ་འབག་སོགས། །བྱེད་པ་སྦྱོད་པ་ཡིན་པར་འདོད། །གཞན་ཡང་ཁྱད་པར་ཞིང་ཆེན་གྱི། ཁྲ་དང་ཁྲག་དང་ཚིལ་ཆེན་སོགས། །གཏོར་མ་རྟག་ཏུ་གཏང་པར་བྱ། །མ་མོ་ཐམས་ཅད་པའི་ལས་རྒྱུད་ལང་ལས། །སྦྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །དེ་ནས་སྔག་པའི་དམ་ཚིག་ནི། །སྙིང་རྗེ་དུས་དང་ལྡན་པ་སྲ །ཆུ་བོ་ཆེན་པའི་གཞུང་བཞིན་དུ། །ལྷ་མི་སྦང་ཞིང་བླ་མ་བཀུར། །དམ་འདྲེས་གསང་བའི་འཚང་མི་འབྲུ། །འོག་མ་མི་ཤེས་སྙིང་རྗེ་བསྐྱེད། །གསང་སྔགས་སྒྲ་དང་ཏིང་ངེ་འཛིན། །སྤྱོད་ལམ་ཀུན་ཏུ་རྒྱུན་མི་གཅད། །བཟའ་དང་བ་་བ་ཐམས་ཅད་ལ། །ལྷ་ལ་ཕུད་དབུལ་ནར་པ་བཤགས། །དམ་རྫས་མ་འཚོམས་ལྷ་མི་བོད། །བུད་མེད་ཚོགས་ལ་སྨད་མི་བྱ། །རང་གིས་ཉེས་ན་དཔང་མི་གཟུག། །རྣལ་འབྱོར་རྣལ་འབྱོར་ཐམས་ཅད་ལ། །དུས་དང་རྟག་ཏུ་སྨད་མི་བྱ། །དཀོན་མཆོག་སྤྱི་ཆེད་དང་དུ་བླང་། །དེ་ལྟར་བྱས་ན་མྱུར་དུ་འགྲུབ། །ང་རྒྱལ་མི་བྱ་གཡོ་སྒྱུ་སྦང་། །སྙན་དང་ཆགས་དང་གྲགས་པ་དང་། །་བྱེ་དང་བཀུར་སྟི་ལོངས་སྤྱོད་ཡང་། །དམ་ཚིག་དོན་དུ་ཐམས་ཅད་སྦང་། །བསྒྲལ་བའི་ལས་རྣམས་མ་ཤེས་པར། །དྲག་པོའི་ལས་རྣམས་ཐམས་ཅད་སྦང་། །སེམས་ཅན་ཀུན་ལ་སྙིང་རྗེ་ཞིང་། །རྡོ་རྗེ་སྐྲུན་ལ་གདུང་སེམས་བསྐྱེད། ཁུ་དུ་བརྟག་ཅིག་གཏོར་མ་གཏང། །ལོགཅིགདངལ་རྒྱུ་བ་ནི། །ཚེས་གཅིག་ལོ་གསར་གཉན་པོ་ཡིན། །ཟླ་བ་གཅིག་ལ་རྒྱུ་བ་ནི། །ཉི་ཤུ་དགུ་ལ་གཏོར་མ་གཏང་། །ཞག་གཅིག་དུས་ནི་བནི་ཡིན་ཏེ། །ནང་ནུབ་ཉིད་གུང་མཚན་གུར་སྟེ། །དུས་དེར་བྱ་བ་ཀུན་བྱས་ཏེ། །འགྲུབ་པར་གྱུར་པ་ཐེ་ཚོམ་མེད། །མ་མོ་ལས་ཐམས་ཅད་པའི་རྒྱུད་ལུང་ལས། །དམ་ཚིག་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །དེནས་མ་མོ་དེདག་ནི། །དབྱེ་བ་འདི་ལྟར་ཤེས་པར་བྱ། །ཀུན་ཏུ་བཟང་མོ་ལ་སོགས་པའི། །ཡང་གསང་མ་མོ་དྲུག་པ་ཡིན། །ཀུན་ཏུ་བཟང་པོ་དེ་ཉིད་ལ། །དབྱེ་བའི་རྣམ་པ་འདི་ལྟར་སྟེ། །ཀུན་ཏུ་བཟང་མོ་རྒྱལ་མོ་བཞི། །དེ་བཞིན་གཙོ་མོ་ཉིད་བཞི་སྟེ། །ཀུན་ཏུ་བཟང་མོའི་ཁ་བློན་བཞི། །དེ་བཞིན་གྲུབ་བློན་མ་བཞིའོ། །མཚམས་ཀྱི་བློན་མོ་བཅུ་གཉིས་ཏེ། །བར་མཚམས་བློན་མོ་བཅུ་བཉིས་ཡེན། །དེ་ཡི་སྨན་མོ་བཅུ་གཅིས་ཡི་་་། །ག་་ལ་མ་གཞི་སྲིང་མོ་བཞི། །ཀུན་རུ་བཟང་མོའོ་མ་མོ་བདུན། །སྲིང་མོ་བདུད་ཏེ་གཞོན་ནུ་བཞི། །བཅོས་སུ་མི་རུང་མ་མོ་བརྒྱད། །བཅོས་ནས་གྲུབ་ང་འི་མ་མོ་གཅིག །དེ་ལྟར་འགྱུར་བའི་ར།་མོ་རྣམས། །ཀུན་ཏུ་བཟང་མོའི་མ་མོ་ཡིན། །དཔག་བསམ་ཤིང་གི་བུམ་པ་ལ། །མ་མོ་འདི་རྣམས་གནས་པ་ཡིན། །ཡང་གསང་མ་མོ་ལྔ་པོ་ལ། །གོངབཞིནརྒྱལམོབཞིལ་སོགས། །མ་མོ་དབྱེ་བ་འདི་ལྟེ་སྟེ། །རི་རབ་ཁ་ཁྱེར་དང་པོ་ན། །རང་རང་གྲལ་གྱི་རིམ་པར་གནས། །ཡང་གསང་མ་མོ་དབྱེ་བའོ། །ཡེ་ཤེས་མ་མོ་བཅུ་བཞི་ཡང་། །རེ་ཞིག་མཁས་པས་འདི་ལྟར་དབྱེ། །དཔེར་ན་ཉི་ཟླ་ཐོད་འཕྲེང་ཅན། །ཐོད་འཕྲེང་ཅན་གྱི་ཁ་བློན་བཞི། །དེ་བཞིན་གྲུ་བློན་མ་བཞི་དང་། །མཚམས་ཀྱི་བློན་མོ་བཅུ་གཉིས་དང་། །བར་མཚམས་བློན་མོ་བཅུ་གཉིས་ཡིན། །སྨན་མོ་བཅུ་གཉིས་གོ་ལེ་བཞི། །སྲིང་མོ་བཞི་དང་མ་མོ་བདུན། །སྲིང་མོ་བདུན་ཏེ་གཤོན་ནུ་བཞི། །ཇིར་མི་ཡོངས་ཀྱི་སྐྲུན་བཞི་དང་། །བཅིས་སུ་མི་རུང་མ་མོ་བརྒྱད། །བཅོས་ནས་གྲུབ་པའི་མ་མོ་གཅིག །འདི་དག་ཉི་ཟླ་ཐོད་འཕྲེང་ཅན། །དེ་ཡི་མ་མོ་དབྱེ་བ་སྟེ། །འཕྲ་མེད་རྒྱ་མཚོ་ལ་སོགས་པའི། །མཁའ་ཡི་མ་མོ་ཐམས་ཅད་ལ། །དབྱེ་བ་རིམས་བཞིན་ཤེས་པར་བྱ། །དཔག་བསམ་ཤིང་གི་འཁོར་ལོ་ལ། །རི་རབ་བང་རིམ་བར་མ་ལ། །རང་རང་གྲལ་གྱི་རིམ་པར་གནས། །མཁའ་ཡི་མ་མོ་དབྱེ་བའོ། །སྲིད་པ་ཆགས་བྱེད་ལ་སོགས་པའི། །སྨན་མོང་དབྱེ་བ་འདི་ལྟ་སྟེ། །དཔེར་ན་སྲིད་པ་ཆགས་བྱེད་ཀྱི། །སྨན་མོའི་རྒྱལ་མོ་བཞི་དང་ནི། །དེ་བཞིན་སྨན་མོ་ཁ་བློན་བཞི། །བཅོས་ན་གྲུབ་པའི་མ་མོའི་བར། །དེ་ཙམ་མ་མོའི་རིམ་པར་གནས། །སྲིད་པ་ཆགས་བྱེད་ལ་སོགས། །རང་རང་གྲམ་གྱི་རིམ་པར་གནས། །མ་མོ་ཀུནལདེབཞིནདབྱེ། །དཔག་བསམ་ཤིང་གི་འཁོར་ལོ་ལ། །རི་རབ་བང་རིམ་ཐ་མ་ལ རོལ་མཚོ་རི་རབ་གླིང་དང་ཡངས། །ལྕགས་རི་རྒྱ་མཚོ་དུར་ཁྲོད་སོགས། །སྨན་མོའི་ཚོགས་ཀྱི་དབྱེ་བ་སྟེ། །དཔེར་ན་སྨུག་མོའི་ཚོགས་ལ་ཡང་། །སྨུག་མོའི་རྒྱལ་མོ་ཁ་བློན་བཞི། །སྨུག་མོའི་གྲུབ་བློན་མཚམས་བློན་མོ། །སྨུག་མོ་བར་མཚམས་བློན་མོ་དང་། །སྨུག་མོའི་དམར་མོ་གོ་ལེ་མ། །སྨུག་མོའི་སྲིད་མོ་མ་བདུན་དང་། །སྨུག་མོའི་བརྒྱད་མི་ཅིག་དང་། །སྨུག་མོའི་ཚོགས་ཀྱི་དབྱེ་བ་སྟེ། །དཀར་མོ་ལ་སོགས་དེ་བཞིན་ནོ། །སྔགས་པ་གང་ཞིག་མ་མོའི་དབྱེ་མི་ཤེས། །མུ་ཆོར་སྐོང་དང་བསྐུལ་དང་ལས་འཆོལ་དང་། །གནད་ལས་འབོད་ཅིང་ལས་བྱེད་མདོས་བཅོས་བ། །རང་ཡང་ཚེ་ཐུང་འཇིག་རྟེན་བཀྲ་མི་ཤིས། །དེ་བས་སྲོག་ལུས་རྫས་རྣམསཀྱིས། །བླ་མ་མཉེས་བྱ་དབྱེ་བའི་མན་ངག་བརྩམ། །དཔེར་ན་རིགས་བཞིའི་དབྱེ་བ་ཤེས་ཙམ་གྱིས། །རྒྱལ་རིགས་དབྱེ་བ་ཞིབ་མི་འགྱུར། །དེ་བཞིན་རིགས་གསུམ་མ་མོ་ཤེས་ཙམ་གྱིས། །མ་མོའི་བྱེ་བྲག་མི་ཤེས་སོ། །མ་མོ་ལས་ཐམ་ཅད་པའི་ལ་རྒྱུད་ལུ་་ལས། །ལས་ཀྱི་མ་མོ་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །དེ་ནས་ལས་ཀྱི་མ་མོ་ཡི། །གནས་ཀྱི་དབྱེ་བ་འདི་ལྷ་སྟེ། །རེ་ཞིག་གནས་ནི་རྣམ་པ་གསུམ། །རང་བཞིན་ལས་ལས་གྲུབ་པའི་གནས། །དེ་ནི་རི་རབ་གླིང་ཡིན་ཏེ། །བ་་ནས་དམ་ཚིག་དཔོག་པའི་གནས་དུར་ཁྲོད་རོ་དང་ནག་པོ་གནས། །སྐར་མ་འོད་ཀྱི་བུ་མོ་དང་། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་དང་། །དབང་ཕྱུག་ཆེན་པོའི་གདན་སྟེངས་དང་། །སྲིན་མོ་རྒྱ་ཡི་གྲལ་ས་དང་། །མ་རུ་རྩེ་ཡི་སྒོ་འགྲམ་ཡིན། །ལས་བྱེད་ཟས་བྱེད་ཚོལ་བ་རྣམས། །དུར་ཁྲོད་ལ་སོགས་གནས་རྣམ་ཡིན། །དེ་དག་རིམ་པ་རྒྱས་པར་དབྱེ། །དཔག་བསམ་ཤིང་གི་བུམ་པ་ཡིན། །དབུ་སུ་ཀུན་ཏུ་བཟང་མོ་ཡི། །རྒྱལམོབཞི་ཡི་གནས་ཡིན་ཏེ། །དེཡི་ཕྱི་རོལ་བུམ་པ་ལ། །ཕྱོགས་བཞིར་ནམ་མཁའི་བློན་མོ་བཞི། །མཚམས་སུ་གྲུབ་བློན་བཞི་ཡི་གནས། །དེ་ཡི་ཕྱི་རོལ་ཆ་ལ་ནི། །ཕྱོགས་མཚམས་བཅུ་གཉིས་ཆ་ལ་ནི། །མཚམས་ཀྱི་བློན་མོ་བཅུ་གཉིས་གནས། །དེ་ཡིཕྱི་རོལ་བུམ་པ་ལ། །ཕྱོགས་མཚམས་བཅུ་གཉིས་ཆ་ལ་གནས། །སྨན་མོ་བཅུ་གཉི་གན་པའོ། །གོ་ལེ་མ་སྟེ་གཡོག་མོ་བཞི། །ཕྱིར་བྱུང་ནང་འཇུག་ཀུན་ལ་དབང། །དེ་ཡི་ཕྱིརོལ་བུམ་པ་ཡིན། །ཕྱོགས་མཚམས་བཅུ་གནིས་ཆ་ལ་ནི། །སྲིད་མོ་བཞི་དག་མ་བདུན་གནས། །དེ་ཡི་ཕྱི་རོལ་ཆ་དག་ལ། །ཕྱོགས་མཚམས་བཅུ་གནིས་ཆ་ལ་ནི། །སྲིད་བདུན་བཞོན་བུ་བཞི་ཡི་གནས། །དེ་ཡི་ཕྱི་རོལ་བུམ་པའི་ཆུ། །ཕྱོགས་མཚམས་བཅུ་གཉིས་ཆ་ལ་ནི། །སྐྲུན་བཞི་མ་མོ་བརྒྱད་ཀྱི་གནས། །དེ་ནི་དཔག་བསམ་བུམ་པའི་ཆ། །ཕྱོགས་མཚམས་དག་ལ་ལྔ་ཡི་ཆ། །ཕྱོགས་མཚམས་ལྔ་ཡི་ཆ་ལ་ནི། །གོ་ལེ་བཞིདངམགཅིགགནས། །དེལྟར་རིམ་པ་དགུ་པོ་ཡང་། །དེ་ནི་དཔག་བསམ་བུམ་པ་སྟེ། །ནང་དུ་དར་གྱི་གུར་དཀར་དགུ། །གསང་བ་རིན་ཆེན་སྣ་ལྔ་ཡིན། །ཁང་པ་བརྩེག་མ་སྒོ་དགུ་ཅན། །ཀུན་ཏུ་བཟང་མོའི་གནས་རྣམས་སོ། །རི་རབ་ཁ་ཁྱེར་ཤར་ཕྱོགས་སུ། །དབུས་སུ་ཤར་གྱི་མ་མོ་ཡི། །རྒྱལ་མོ་བཞི་ཡི་གནས་ཡིན་ནོ། ་།ར་ཕྱོགས་དེ་ཡི་རིམ་པ་བརྒྱད། །ཆུ་ལ་དབང་པའི་རྒྱལ་མོ་ཡི། །ཁ་བློན་བཞི་སོགས་བརྒྱད་ཀྱི་གནས། །ཕྱི་ནས་རི་རབ་ཁ་ཁྱེར་ཏེ། །ནང་དུ་དར་གྱི་གུར་དགུ་སྟེ། །གསང་བ་རིན་ཆེན་ཁང་པ་དགུ། ཁྲར་གྱི་མ་མོའི་གན་ཡིན་ནོ། །རི་རབ་ཁ་ཁྱེར་དང་པོ་ཡི། །ལྷོ་ཡི་དབུས་སུ་ལྷོ་ཕྱོགས་སུ། །རྒྱལ་མོ་བཞི་ཡི་གནས་ཡིན་ཏེ། །འདི་དག་རང་བཞིན་གནས་ཀྱི་ལས། །གྲུབ་ཅིང་ལས་རྣམས་བྱེད་པའི་གནས། །གླིང་དང་དུར་ཁྲོད་ལ་སོགས་པའི། །བཏུལ་ཞིང་དམ་ཚིག་ཕོག་པའིགནས། །མ་རུ་རྩ་ཡི་སྒོ་འགྲམ་ཡིན། །དེ་ལྟར་མཁས་པས་ཤེས་པར་བྱ། །ལྷོ་ཕྱོགས་དེ་ཡི་ཕྱི་རོལ་ཏུ། །ཆུ་ཡི་རྒྱལ་མོ་ཁ་བློན་དང་། ཁུ།བ་བློན་བཞི་ཡི་གནས་ཡིན་ནོ། །དེ་བཞིན་རིམ་པ་བདུན་གྱི་བར། །ལྷོ་ཕྱོགས་རྒྱལ་མོའི་གནས་ཡིན་ཏེ། །མདོར་ན་རིན་ཆེན་ཁང་བུ་དགུ། །རིན་ཆེན་མཛེས་བའི་སྒོ་དགུས་སྤྲས། །རི་རབ་བང་རིམ་དང་པོའི་ནུབ། །དབུས་སུ་རྒྱལ་མོ་བཞི་ཡི་གནས། །ཁ་བློན་གྲུབ་བློན་བརྒྱད་ཀྱིས་གནས། །དེ་ཡི་ཕྱི་རོལ་མཚམས་བློན་གནས། །རི་རབ་ཁ་ཁྱེར་བྱང་ཕྱོགས་ཀྱི། །རིམ་པ་དྲུག་ལ་དེ་བཞིན་གནས། །ཕྱི་ནས་རི་རབ་ནུབ་ཕྱོགས་ཏེ། །ནང་དུ་དར་གྱི་གུར་དགུ་ཡིན། །གསང་བ་རིན་ཆེན་ཁང་བུ་དགུ། །མེ་ལ་དབང་བའི་རྒྱལ་མོ་གནས། །རི་རབ་ཁ་ཁྱེར་བྱང་ཕྱོགས་ཀྱི། །དབུས་ཀྱི་རླུང་ལ་དབང་བ་ཡི། །རྒྱལ་མོ་བཞི་ཡི་གནས་ཡིན་ཏེ། །དེ་ཡི་ཕྱི་རིམ་ལ་སོགས་བརྒྱད། །ཁ་བློན་ལ་སོགས་བརྒྱད་ཀྱི་གནས། །ཁང་བུ་དགུ་ལ་སྒོ་དགུ་ལྡན། །དཔག་བསམ་ཤིང་གི་བུམ་སྙིང་པོ། །ནམ་མཁའ་རིགས་ཀྱི་རྒྱལ་མོ་ཡི། །རྒྱལ་མོ་བཞི་ཡི་གནས་ཡིན་ནོ། །དེ་ཡི་རིམ་པ་བརྒྱད་ལ་ནི། །ཁ་བློན་ལ་སོགས་སྡེ་བརྒྱད་གནས། །ནམ་མཁའ་སྟོང་ལ་དབང་སྒྱུར་བའི། །རྒྱལ་མོ་རྣམས་ཀྱི་གནས་ཡིན་ནོ། །དེ་ལྟར་འགྱུར་བའི་གནས་རྣམས་ནི། །ཡང་གསང་མ་མོ་དྲུག་གི་གནས། །དེ་ནས་བློན་མོ་ཚོགས་ཀྱི་གནས། །མཁས་པས་འདི་ལྟར་ཤེས་པར་བྱ། །དཔག་བསམ་འཁོར་ལོ་འབར་བའི་དབུས། །ཡེ་ཤེས་མ་མོ་གཙོ་མོ་ཡི། །རྒྱལ་མོ་བཞི་ཡི་གནས་ཡིན་ཏེ། །དེ་ཡི་རིམ་པ་བརྒྱད་ལ་བརྒྱད། །དེ་ཡི་གནས་སུ་མཁས་པས་བརྟག །འཁོར་ལོའི་ནུབ་དང་བྱང་དང་ཤར། །ལྷོར་ཡང་མ་མོ་དེ་བཞིན་གནས། །ཁ་ཁྱེར་ལ་ནི་སྡེ་བཞི་སྟེ། །སྐྱེད་པ་དང་ནི་རྩ་བ་དང་། །ཡེ་ཤེས་མ་མོ་སྡེ་ལྔ་གནས། །དེ་ལྟར་བང་རིམ་བར་པ་ནི། །བློན་མོ་རྣམས་ཀྱི་གནས་ཡིན་ནོ། །དཔག་བསམ་འཁོར་ལོ་ཐ་མ་ཡི། །དབུས་ལ་སོགས་པའི་རིམ་པ་དང་། །རི་རབ་ཁ་ཁྱེར་ཐ་མ་ཡི། ་ར་ལ་སོགས་པའི་རིམ་པ་དང་། །དཔག་བསམ་ཤིང་གི་རྩ་བ་དང་། །རི་རབ་རྩ་བ་རྒྱ་མཚོའི་གཏིང་། །རོལ་མཚོ་བྲག་དང་གླིང་རྣམས་དང་། །ས་དང་ཆུ་དང་བྲག་དང་རི། །དུར་ཁྲོད་གྲོག་རལ་ཁང་རལ་སོགས། །ལྕགས་རི་དང་ནི་གླིང་མཚམས་ཀུན། །སྨན་མོ་རྒྱལ་མོ་ཁ་བློན་དང་། །གྲུབ་བློན་མཚམས་ཀྱི་བློན་མོ་སོགས། །དེ་དག་གནས་སུ་ཤེས་པར་བྱ། །རི་རབ་བང་རིམ་དང་པོ་ཡང་། །རིན་ཆེན་བཞི་ལས་ཕྱོགས་བཞི་གྲུབ། །དེ་ལ་རིན་ཆེན་མཛེས་པས་སྤྲས། །བང་རིམ་གཉིས་པ་དེ་ལས་ཟློག །བང་རིམ་གསུམ་པ་དེ་ལས་འགྱུར། །དེ་དག་གསུམ་ལས་ལྕོག་ལྔ་སྟེ། །གཙོ་མོ་རྣམས་ཀྱི་གནས་ཡིན་ནོ། །དཔག་བསམ་ཤིང་གི་རྩ་བ་ཡང་། །བི་ཌརླ་ཡི་རང་བཞིན་ཏེ། །པདྨ་ར་གས་མཛེས་པར་བརྒྱན། །དེ་ཡི་འཁོར་ལོ་གསེར་ཡིན་ཏེ། །དུང་དང་བི་ཌརླ་ཡིས་མཛེས། །དཔག་བསམ་ཤིང་གི་སྐེད་པ་ནི། །པདྨ་ར་གའི་རང་བཞིན་ཏེ། །བི་ཌརླ་དང་གསེར་གྱིས་མཛེས། །དེ་ཡི་འཁོར་ལོ་དུང་ཡིན་ཏེ། །དུང་དང་ཨིཎྜནི་ལས་མཛེས། །དཔག་བསམ་ཤིང་གི་རྩེ་མོ་ནི། །གསེར་དང་དམར་དང་དཀར་གྱིས་སྤྲས། །དེ་ཡི་འཁོར་ལོ་པདྨ་ར། །རིན་ཆེན་སྣ་ཚོགས་མཛེས་པས་སྤྲས། །དེ་ལྟར་དཔག་བསམ་ཤིང་དེ་ཡང་། །ལྷ་སྲིན་བསོད་ནམས་སྟོབས་ལས་བྱུང་། །ཁ་ཅིག་བཟའ་དང་ལོངས་སྤྱོད་དེ། །ཁ་ཅིག་གི་ནི་གནས་དང་རྟེན། །དཔལ་གྱི་ཁང་པ་གཞལ་ཡས་ཁང། །རངབཞིནགཞིབཀྲམཛེས་པ་ཡོད། །དཔག་བསམ་ཤིང་གི་རྩེ་མོ་ཡི། །སྟོབས་ལས་རྩ་བའི་དཀྱིལ་འཁོར་ལ། །མྱུ་གུ་མཛེས་པ་སྣ་ཚོགས་བྱུང་། །མ་མོ་སྨན་མོ་རོལ་མོ་ས། །དཔག་བསམ་ཤིང་གི་སྐེད་པ་དང་། །རྩ་བ་གཉིས་ཀྱི་སྟོབས་ལས་ནི། །སྐེད་པའི་འཁོར་ལོ་མེ་ཏོག་དག །དབྱིབས་དང་ཁ་དོག་སྣ་ཚོགས་བྱུང་། །བློན་མོ་འཁོར་གྱི་རྒྱན་དང་མཛེས། །རྩ་བ་གྱེས་པ་རྩེ་མོའི་སྟོབས། །རྩེ་མོ་འཁོར་ལོ་འབྲས་བུ་དང་། །དགོས་འདོད་རྣམ་པ་སྣ་ཚོགས་དང་། །ཁ་དོག་དབྱིབས་དང་རོ་དང་དྲི། །སྒྲ་དང་རེག་བྱ་ཁྱད་པར་ཅན། །དཔག་ཏུ་མེད་པ་འབྱུང་བ་དང་། །དཔག་བསམ་ཤིང་ཞེས་བྱ་བར་གྲགས། །དེ་ལྟར་དཔག་བསམ་ཤིང་དེ་ཡང་། །མདོར་ན་རྒྱལ་མོ་རྣམས་ཀྱི་གནས། །ཁང་པ་རྣམས་ཀྱི་སྙིང་པོའི། །མ་མོ་ལས་རྒྱུད་ལུང་ལས། །ལས་ཀྱི་གནས་སོ་སོར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །དེ་ནས་ལས་ཀྱི་མ་མོ་ཡི། །ནད་དང་དལ་གྱི་རྐྱལ་པ་ནི། །མཁས་པས་འདི་ལྟར་ཤེས་པར་བྱ། །རྒྱལ་མོས་གླང་པོའི་རྐྱལ་པ་མྲ །ནད་ནི་སྣ་ཚོགས་བཀང་ནས་གཏོང་། །གཙོ་མོས་སྟེང་གི་རྐྱལ་པ་སྲ །མཛེ་ནད་སྣ་ཚོགས་བཀང་ནས་གརྟང་། །བློན་མོས་རྟ་ཡི་རྐྱལ་བ་སྲ །འབྲུམ་བུད་འབྲུམ་བུ་གུ་ལེབ་དང་། ཁུ་བས་བཀང་ནས་ཕུང་བར་བྱེད། །ཁ་བློན་མོ་ཡིས་རྐྱལ་པ་སྲ །འབྲས་སྐུགས་ཕོལ་གྱི་ནད་ཀྱིས་བཀང་། ཁུབ་བློན་ཕར་བའི་རྐྱལ་པ་སྲ །རྣ་གཟེར་མགོ་སྐྲངས་གློ་ཟད་བྱེད། །མཚམས་ཀྱི་བློན་པོ་སྨིག་པའི་རྐྱལ། །བལ་ནད་ལྷོག་པ་དཀར་ནག་བྱད། །བར་མཚམས་བློན་མོ་བྱ་ཡི་རྐྱལ། །གཤའ་ཡ་རྒྱ་ནད་རྒྱུ་གཟེར་རྨུ། །གོ་ལེས་སྟག་གི་རྐྱལ་པ་མྲ །སྐྲངས་འཐིབས་སྨྱོ་འབོག་ཆུ་སེར་ནད། །མ་བདུན་རྔ་མོའི་རྐྱལ་པ་སྲ །ལྐུགས་རྐེགས་འདར་བུ་རྒྱུ་སྐམས་ལྐུགས། །སྲིང་བཞི་པགས་པའི་རྐྱལ་པ་སྲ །ཞདྲུསྒྱུགས་ཀླད་གཟེར་སྙིང་གཟེར་ནད། །གཞོགས་པྱེད་བསྐམས་དང་ལུས་གདོང་གཡོན། །ལས་བྱེད་ལྕགས་ཀྱི་རྐྱལ་པ་སྲ །ཕོ་མཚན་མོ་མཚན་སྐྲ་བས་བཀང་། །སྨན་མོ་མི་ཡི་ཐོད་པ་ཐེགས། །ནད་ནི་སྣ་ཚོགས་ཐོད་པ་ར་བླུག །རེ་མ་ཏི་སྟེ་བདུད་མོ་ནི། །རྐྱལ་པ་སྔོན་དམར་སྣ་ཚོགས་སུ། །ནད་དང་རིམས་དང་དལ་གྱིས་བཀང་། །སྟོང་ཁམས་སྔོན་དམར་འཇའ་ཡིས་བྲིས། །ནག་མོ་སྐྲུན་དགུའི་དབྱེ་བའོ། །མ་མོ་ལས་ཐམས་ཅད་པའི་རྒྱུད་ལུང་ལས། །ནད་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ལས་ཀྱི་མ་མོ་ཡི། ཁྲམ་ཤིང་རྡེ་་་ད་བྱང་དམར་རྣམས། །འདི་ལྟར་མཁས་པས་ཤེས་པར་བྱ། །རྒྱལ་མོ་ཁྲམ་ཤིང་བྱང་དམར་ནི། །པུག་གི་ཤིང་ལས་བྱས་པ་ཡིན། །ཡེ་ཤེས་མ་མོ་རྩ་ཡི་ཤིང་། །སྨན་མོ་ཚེར་མ་ཅན་གྱི་ཤིང་། །རྒྱལ་མོ་ཁྲམ་ནི་རྩེག་མ་སྟེ། །བློན་མོའི་ཁྲམ་ཤིང་སྤེལ་མར་བྱ། །སྨན་མོའི་ཁྲམ་ནི་ཟུར་གསུམ་མོ། །རྦལ་མོ་བྱང་བུ་དམར་སེར་ལ། །བློན་མོ་བྱང་བུ་དམར་ལྗང་ཡིན། །སྨན་མོ་བྱང་བུ་དམར་ནག་གོ །རྒྱལམོའི་།དརྡེདམུརྡེསྟེ། །བློན་མོའི་་་ད་རྡེ་སྲིན་རྡེ་གནག །སྨན་མོའི་་།ད་རྡེ་ཀླུ་རྡེ་ཡིན། །རྒྱལ་མོས་རྒྱལ་རི་གས་རྒན་མོ་རྣམས། །ཁྲམ་ལ་འདེབས་དང་་།ད་ལ་འདེབས། །དེབཞིནབྱངབུའིདཀྱུས་སུ་འཛུད། །བློན་མོ་བྲམ་ཟེ་རྗེ་རིགས་དང་། །སྐེད་མགོ་ན་ཆུང་བར་མ་རྣམས། ཁྲམ་ལ་འདེབས་དང་ཤོད་ལ་འདེབས། །བྱང་བུ་ལ་འཛུད་ཤེས་པར་བྱ། །སྨན་མོ་དམངས་རིགས་བྱིས་པ་ཆུང་། ཁྲམ་ལ་འདེབས་དང་ཤོད་ལ་འདེབས། །བྱང་དམར་དཀྱུས་ལ་འཛུད་བར་ངེས། །དེ་ལྟའི་ཁྲམ་ལ་སོགས་པ་ཡང་། །ཁྲམ་ཁ་མ་བརྩིས་ཁྲམ་མི་ཐེབས། །དེ་ནས་ཁྲམ་པས་ཁྲམ་ཁ་བརྩིས། ་༑ད་ལ་མ་བཏབ་ཤོད་མི་ཐེབས། །དེ་བས་མཁས་པས་ཤོད་ཁ་གདབ། །བྱང་བུ་མ་བྲིས་བྱང་མི་ཐེབས། །དེ་ནས་མཁས་པས་བྱང་བུ་བྲིས། །འདི་ཡང་ལས་ཀྱི་ཁ་ཚར་ཏེ། །ཁ་ཚར་གཞན་ནི་ཐུན་མོང་སྟེ། །བརྣག་ཐུན་ཁྲམ་ལ་སོགས་པ་འདི། །མན་ངག་དམ་པ་འདི་ལ་ཡོད། །དེ་བས་གསད་པར་འདོད་པ་ཡིས། །མན་ངག་འདི་ལ་ནན་ཏན་བྱ། །དེ་ཡི་ནང་ནས་ཁྲམ་ཁ་གཙོ། །འདི་ནི་ནད་ཀྱི་ཁྲམ་ཁ་སྟེ། །འདི་མི་ཤེས་པའི་སྔགས་པ་དག །བྱང་གྲི་ཡུ་བ་བུད་པ་འདྲ། །བསྒྲུབ་ཐབས་ལས་འདི་ཤེས་པར་བྱ། །དགྲ་གསད་བྱ་བ་བྱེད་མི་ནུས། །ད་ནས་མ་མོ་ཁྲམ་བརྩི་སོགས། །འདི་ལ་མཁས་པས་ནན་ཏན་བྱ། །རེ་མ་ཏི་ནི་འདོད་ཁམས་བདག །དེ་ཡི་ཕྱིར་ན་ཤིང་རིས་གསུམ། །མ་མོ་ཁྲམ་ཤིང་བྱང་དམར་ཡིན། །སྣང་སྲིད་བདག་མོ་ཡིན་པའི་ཕྱིར། །རྡོ་བ་གསུམ་ཕྱར་ཤོད་རྡེ་ཡིན། །འདོད་ཁམས་གཙོ་མོ་ཡིན་པའི་ཕྱིར། །རྒྱལ་རིགས་ལ་སོགས་བཞི་རྣམས་དང་། །གཙོ་མོ་ལ་བསྟན། འབྲས་བུ་བདེ་བ་ཆེན་པོ་བྱང་ཆུབ་སེམས་སུ་ལ་བཟླའོ། །ཆེ་མཆོག་ཧེ་རུ་ཀའི་དགོངས་སྤྱོད་ཀྱི་ལེའུ་སྟེ་དང་པའོ།། །།འདི་ནས་མར་ལྟ་བས་ཐག་བཅད་པའི་ཕྱིར། ཡང་གཏེར་ལྟ་བའི་མན་ངག་བསྟན་ཏེ། ཙིསྟ་རིན་པོ་ཆེ་དཀར་དམར་གྱི་གཞལ་ཡས་ཁང་བྱང་ཆུབ་སེམས་ཀྱི་གའུ་ནས། ཀུན་ཏུ་བཟང་མོ་མི་འགྱུར་བའི་བདག་ཉིད། ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་བླ་ན་མེད་པའི་ཕྱག་རྒྱར་གསལ་བ་ལས། མཁའ་གསལ་ཉི་མའི་དཀྱིལ་འཁོར་ནས་སྣང་སྲིད་ཐམས་ཅད་འཆར་བར་མཛད་དེ། མཁའ་བཞི་དབྱིངས་དང་ལྔའོ། །དེའི་ལས་དབྱིངས་དང་ཡེ་ཤེས་ཀྱི་མ་མོ་ཐམས་ཅད་བསྐྱེད་པའོ། །ཙིསྟ་རིན་པོ་ཆེ་དཀར་དམར་གྱི་རྩ་བཞི་ལས། །དང་པོར་དཔལ་ཆེན་པོ་ཉིད་ཀྱི་ཐུགས་ཡེཤེས་ལས་བསྐྱེད་པས། ཡེ་ཤེས་ཀྱི་མ་མོ་ཡང་བག་བཞི་གནས་སོ། །མཁའ་བཞི་དབྱིངས་དང་ལྔ་ལ་འབྱུང་བའི་རྒྱལ་མོ་ལྔ་གནས་སོ། །གནས་ཡུལ་བཅུ་དྲུག་ལ་ཡེ་ཤེས་ཀྱི་མ་མོ་བཅུ་དྲུག་གནས་སོ། །ཕྱི་རྩ་གསུམ་བརྒྱ་དྲུག་ཅུ་ལ་མ་མོ་ཐམས་ཅད་སྤྲོ་བསྡུ་གསལ་བ་བསྟན་དོན་དབྱིངས་དང་ཡེ་ཤེས་ལས་མི་འགལ་བས། ཡེ་ཤེས་ཀྱི་ཡེ་ཤེས་ཆེན་པོ་བླ་ན་མེད་པའི་ཕྱག་རྒྱར་གསལ་བའོ། །ཡང་གཏེར་ལྟ་བའི་ལེའུ་སྟེ་གཉིས་པའོ།། །།འདི་ནས་མར་སྤྱོད་པས་ལ་དོར་དོར་བ་དང་། འཁོར་བ་ཚེ་གསོ་ཞིང་བྱང་ཆུབ་སྲོག་གཟུང་བའི་ཕྱིར། །སྟན་འགན་གྱི་ལས་བསྟན་ཏེ་བསྒྲལ་བས་མ་མོ་རྣམས་ཀྱི་ཐུགས་དམ་སྐོངས་སོ། །སྦྱོར་བས་འཕགས་པ་རྣམས་ཀྱི་ཐུགས་དམ་སྐོངས་སོ། །མཉམ་པར་གཞག་པས་དྷ་ར་མ་ཀ་ཡའོ། །སྦྱོར་སྒྲོལ་གྱི་གསང་ཚིག་སྟན་འགན་གྱི་ལེའུ་སྟེ་གསུམ་པའོ།། །།འདི་ནས་མར་བསྒྲུབ་པས་ཕུལ་དུ་འབྱུང་ཞིང་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་རྟོག་པ་ཆུད་མི་གནས་པའི་ཕྱིར། གསང་ལུང་མན་ངག་སྐོས་ཀྱི་ལེལྭ གསེར་གྱི་སྐུད་པ་ལ་རིན་པོ་ཆེ་གཙར་ལ་བརྒྱུས་པ་ལྟར་བསྟན་ཏེ། བཀའ་དང་མཐུན་ཞིང་ཐུགས་དང་འཐད་པའི་གནས་བཙལ་བ་དང་། གཞུང་གཞན་དང་མཐུན་པར་ས་གཞི་བྱིན་གྱིས་བརླབས་པ་དང་། ས་ཟླུད་གཏང་ཞིང་ས་བསླང་བ་དང་། ས་གཞི་བྱིན་གྱིས་བརླབ་ཅིང་སའི་ལྷ་མོ་བརྟན་མ་ལ་སྦྲན་གཏང་བ་དང་། སའི་སྨོན་ལམ་གདབ་པ་ཀུན་གཞུང་གཞན་དང་མཐུན་པར་བྱའོ། །རྣལ་འབྱོར་པ་སྒྲིབ་པ་སྦྱང་བའི་ཕྱིར། ཕྱིའི་མཆོད་པ་རྒྱ་ཆེར་འབུལ་བ་དང་། སྤང་སྐོང་ཀླག་ཅིང་ཚ་ཚ་གདབ་པ་དང་། འབུམ་ལྔའི་བཤགས་པ་ལ་སོགས་པ་བྱའོ། །འདི་ལྟ་བུའི་ལས་བྱེད་པའི་དུས་སུ། ཕྱིའི་འགྲ་བགེགས་ནང་དུ་མི་གཏང་། ནང་གི་དངོས་གྲུབ་ཕྱི་རུ་མི་གཏང་བའི་ཕྱིར། ཟ་ལམ་གོམ་པ་སུམ་ཅུ་རྩ་བདུན་མཁའ་འགྲོ་མའི་ཚུགས་ས་རུ་མཐོ་ཆེན་པོ་བཞི་དང་བཅུ་གཅིག་ལ་སོགས་པ་བརྩིགས་ལ། ཕྱི་མཚམས་བཅད་པ་དང་། དུར་ཁྲོད་ཀྱིས་འགྱིང་སྟབས་ཏེ། དཔལ་ཆེན་པོའི་ཆས་སུ་ཞུགས་ལ། གུ་གུལ་གཉེར་མ་དང་། ཡུངས་ཀར་རྒྱལ་པོ་དང་། ཁྲོ་བོ་བཅུའི་མཚམས་བཅོད། འདི་ནས་མར་ལྟ་བ་ལོག་པར་ལྟ་ཞིང་། །བར་དུ་གཅོད་པའི་དམ་སྲིད་དུར་ཁྲོད་ཀྱི་ཐོད་པ་མཚན་ངན་ལ་མནན་པ་དང་། སིརྙི་ཕྲ་མོའི་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་བཟློག་པའི་ཕྱིར་སྒོ་བྱང་གདམས་པ་དང་། འཚོ་བ་ཟས་ཀྱི་ཡོ་བྱད་དང་། དུག་འཇོམས་སྨན་གྱི་ཡོ་བྱད་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། ས་ཚོ་ཚོན་རྩི་བྱིན་གྱིས་བརླབས་པ་དང་། གཡོག་གཟུངས་མ་བྱིན་གྱིས་བརླབ་པ་དང་། དུར་ཁྲོད་རྫས་ཀྱི་ཆག་ཆག་གདབ་པ་ལ་སོགས་པ་ཀུན་གཞུང་བཞིན་བྱའོ། །དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པའི་ཐིག་གདབ། དབུས་ཀྱི་ལྟེ་བ་ཟླུམ་པོ་ལ་ཟླ་གམ་ཁ་སྤྲོད་བྲི། དེའི་ཕྱིར་མི་ཐོད་པའི་འཕྲེང་བས་བསྐོར། དེའི་ཕྱིར་རིམ་དུ་པདྨ་འདབ་མ་བཞི་བྲི། དེའི་ཕྱིར་རིམ་དུ་འཁོར་ལོ་རྩིབས་བཞི་པ་བྲི། དེའི་ཕྱི་རིམ་མུ་ཁྱུད་ཟླུམ་པོ་ལ་ཐོད་པའི་འཕྲེང་བས་བསྐོར། དེའི་ཕྱི་རིམ་དྲི་མེད་པདྨ་བཅུ་བཞིས་བསྐོར། དེའི་ཕྱི་རིམ་ཐོད་པའི་འཕྲེང་བས་བསྐོར། དེའི་ཕྱི་རིམ་གྲུ་ཆད་བཞི་ལ་པདྨ་འདབ་མ་བཞི་བྲི། དེའི་ཕྱི་རིམ་ཞིང་ཀྱང་བྲི། དེའི་ཕྱི་རིམ་བར་ཁྱམས་ལ། གྲུ་གསུམ་མཐིང་ནག་ཁྲོ་བོའི་དཀྱིལ་འཁོར་བྲི། ལྕགས་རི་མཚོན་ཚོགས་སྒོ་ཁྱུད་སྦག་ཏུ་བྱ། དེའི་ཕྱི་རིམ་མེ་རི་འབར་བས་བསྐོར། དཀྱིལ་འཁོར་བཅའ་གཞིའི་ལེའུ་སྟེ་བཞི་པའོ།། །།འདི་ནས་མར་འཕྲིན་ལས་གཞུང་བསྲང་བའི་ཕྱིར། སྐབས་ཀྱིས་ལས་མདེའུ་ཏ་ཐོ་བར་ནས་ཕྱུང་བ་ལྟར་བསྟན་ཏེ། དང་པོ་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་ཅིང་དུར་ཁྲོད་ཀྱི་གཞལ་ཡས་ཁང་དབུབ་པ་དང་། ཏིང་ངེ་འཛིན་རྣམ་པ་གསུམ་གྱི་བདག་ཆེ་མཆོག་བསྒོམ་པ་དང་། རང་བཞིན་གྱི་དཀྱིལ་འཁོར་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྤྱན་དྲང་བ་དང་། གཉིས་སུ་མེད་པར་བྱ་བའི་ཕྱིར་ཕྱག་བྱ་བ་དང་། དུར་ཁྲོད་རྫས་ཀྱི་དཀྱིལ་འཁོར་དུ་གདན་གདིང་ཞིང་བཞུགས་སུ་གསོལ་བ་དང་། སྐུ་གསུང་ཐུགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར་བདུད་རྩི་སྨན་ཡེ་ཤེས་ཀྱི་མཆོད་པ་འབུལ་བ་དང་། མི་འདའ་གཉིས་སུ་མེད་པར་བྱ་བའི་ཕྱིར་དམ་བཅའ་བ་དང་།བག་ཆགས་སྦྱང་པའི་ཕྱིར་ཡེ་ཤེས་མཁའ་འགྲོའི་བཤགས་པ་བྱ་བ་དང་། དངོས་གྲུབ་མི་འགྱུར་བར་བྱ་བའི་ཕྱིར་སྨོན་ལམ་གདབ་པ་དང་། བདག་མ་མོའི་དབང་དུ་མི་འགྱུར་བར། མ་མོ་བདག་གི་དབང་དུ་འདུ་བའི་ཕྱིར། བདག་དཔལ་ཆེན་པོ་སྐུ་ཆེ་བའི་ང་རྒྱལ་བསྐྱེད་ཅིང་མ་མོ་བདག་གི་དཔང་དུ་བསྡུ་བ་དང་། སྔགས་དང་སྙིང་པོ་བརྗོད་པ་དང་། བསྒྲུབ་པའི་དུས་སུ་མཚང་བྲུ་བ་ཞིང་བསྒྱེར་བ་དང་། འཇུག་ཀུན་སྐབས་ཀྱི་ལས་མདེའུ་གྱི་བསྡུས་པས། སྐབས་ཀྱི་ལས་མདེའུ་གྱི་ལེའུ་སྟེ་ལྔ་པའོ།། །།མ་མོ་ཐམས་ཅད་ནི་ཡང་གབ་བཞི་རུ་འདུས་ཏེ། དེ་བཞི་སྤྱན་དྲང་བའི་སྔགས་ནི། དེ་ཡང་སྲོག་གི་ཡང་སྙིང་འདིར་འདུས་སོ། ཁུན་མ་ཆད་པར་བཟླས་སོ། ཏྲག་རག་ཤ་མུ་ཏྲ་ཁ་མུན་ཏྲ་རག་མོ་ཛ་ཛ་ཏེ་ཁུ༷་ཁ་ལ་མ་ཧི་སྨྱོ། རྒྱུན་མ་ཆད་པར་བཟླས་པས་ནི། རང་དབང་མེད་པར་ནམ་མཁའ་ལ་སྤྲིན་འདུ་བ་བཞིན་དུ་འདུ་ཞིང་ཚོགས་སོ། །རྦད་པའི་སྙིང་པོ་ནི། སྒག་རག་ཤ་མུ་ཏྲ་སྙིང་ཁ་རག་རྦད་ཆུམས་ཐུམ་རི་ལི་རི་ལི་སྨྱོ། མ་མ་རྭ་ཛ་ཡ་ཡ་ཐུན་སྨྱོ། སྲོག་གི་སྙིང་པོའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དཀྱིལ་འཁོར་གྱི་དབུས་སུ་དར་མཐིང་ནག་གི་གུར་དབུབ་། སྙིང་དམར་པོར་བྱའོ། །དར་གྱི་མཐིང་གུར་གྱི་ནང་དུ། དུར་ཁྲོད་ཀྱི་རྫས་ཐུགས་དམ་གྱི་རྟེན་བན་དྷ་མཚན་ལྡན་དགུ་ལ། དབུས་ཀྱི་པདྨ་འདབ་མ་བཞི་ལ་བན་དྷ་བཞི་དགོད་དོ། ཕྱི་པ་ལྔ་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ་ལ་རེ་རེ་དགོད་དོ། །བན་དྷ་དེ་ཀུན་གྱི་ནང་དུ་ཁྲག་སྣ་སྟོང་རྩ་བརྒྱད་རྙེད་ན་ལེགས། མ་རྙེད་ན་གར་འབྱོར་འབྱོར་དང་། ཁྲག་ཆེན་ཐིགས་གཅིག་དང་། སྤྱང་ཁུའི་ཁྲག་ཆེན་ཐིགས་གཅིག་དང་། མཚལ་ཆེན་ཐིགས་གཅིག་དང་། དེ་རྣམས་བསྲེས་ལ་དབུས་ཀྱི་བཞི་པོར་བླུགས་སོ། །གསེར་ཕྱེ་མེ་ལོང་བཞི་དང་། བུད་མེད་མཚན་ལྡན་གྱི་ནུ་ཞེ་དང་། ཁྱོ་གའི་བྱང་ཆུབ་སེམས་སུ་སྦྱར་ལ་བཞག །ཞིང་གི་གཡང་གཞི་བླ་རི་རུ་གདགས། ཞིང་གི་རྒྱལ་མཚན་ཕྱར་ལ་རྐང་གི་གླིང་བུ་འབུད། ཐོད་པའི་ཅང་ཏེའུ་བརྡུངས་ཏེ་ཤ་ཆེན་གྱི་གཏོར་མ་འབུལ། དམར་གྱི་ཨརྒ་སྦྲེང་བ་སྟེ། དུར་ཁྲོད་རྒྱན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡུམ་ཆེན་མོ་སྤྱན་དྲང་ངོ་ཟེར་ཡང་། དང་པོ་ཆེ་མཆོག་ཧེ་རུ་ཉིད་སྤྱན་དྲངས་ཏེ། འཆི་མེད་རྡོ་རྗེ་དཀྱིལ་འཁོར་ནས། གུ་རྒྱ་དཔལ་ཆེན་ཆེ་མཆོག་སྤྱན་འདྲེན་ན། །ཆོས་ཉིད་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་རིག་པ་ཉིད་ལ་སྐྱེད་པའི་ལྷ། །ཡེ་ཤེས་དབྱིངས་ལ་བསྐྱེད་པའི་ཁྲོ་རྒྱལ་གཙོ། །གུ་ཡ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ། རངབཞིན་དཀྱིལ་འཁོར་ཆེར་པོ་ནས། །བཏང་སྙོམས་ཆེན་པོའི་ངང་ལས་མ་གཡོས་ཀྱང་། །འགྲོ་བའི་ལོག་རྟོག་བསལ་ཕྱིར་གཤེགས་སུ་གསོལ། །ཕྱག་རྒྱ་ཆེན་པོ་བཞིའི་ཚུལ་དུ་བྱས་ལ་འདི་སྐད་ཅེས་བརྗོད་དོ། །ཨེ་རྒྱ་ཧེ་ཛ་ཧུ༷་བ༷་ཧོ། མ་ཧྭ་ཆེ་མཆོག་ཐྲི་ཧེ་རུ་ཀ། །ས་མ་ཡ་མུ་ཏྲ་རུ་ལུ་རུ་ལུ་ཧུ༷་ཛ། ཞེས་བརྗོད་ལ། དེ་ནས་ཡུམ་ཆེན་མོ་སྤྱན་དྲང་ངོ་། །མཁའ་མཉམ་ཀློང་གི་དཀྱིལ་འཁོར་དང་ནས། །ཀུན་ཏུ་བཟང་མོ་སྤྱན་འདྲེན་ན། །གུ་རྒྱ་རིན་ཆེན་གཏེར་འཆར་མ། །ཀྱེ་མ་ཅིག་ཀུན་བཟང་དབྱིངས་ཀྱི་ཆོས་བདག་མོ། །བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས། །མཁར་བཞི་དང་ནི་དབྱིངས་དང་ལྔ། །ཡང་གབ་དབང་གི་རྒྱལ་མོ་བཞི། །མཁའ་གསལ་ཉི་མའི་དཀྱིལ་འཁོར་ནས། །སྣང་སྲིད་ཐམས་ཅད་འཆར་བར་མཛད། མཐའ་ཡས་སེམས་ཅན་ཐམས་ཅད་དང་། ཅིར་སྣང་ཅི་སྲིད་མ་ལུས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་སྟེ། །བདེ་ཆེན་ཡུམ་གྱི་ཀློང་དུ་རྫོགས། །ཐམས་ཅད་དབྱེར་མེད་མཉམ་པའི་དབྱིངས་མི་འགྱུར་ཡེ་ཤེས་ཀློང་དུ་ཐིམ། །མཐའ་དབུས་མེད་པར་ཀུན་ལ་ཁྱབ། །བདག་མེད་ཕྱོགས་ཆ་ཀུན་དང་བྲལ། །གཟུགས་འཛིན་མཚན་མའི་ཡུལ་ལས་འདས། །ཡེ་བདལ་མཉམ་ཉིད་ནམ་མཁའི་སྐུ། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །འགྲོ་བའི་ལོག་རྟོག་བསལ་ཕྱིར་གཤེགས་སུ་གསོལ། །བདེ་ཆེན་གསང་བའི་དཀྱིལ་འཁོར་ནས། །དབང་གི་རྒྱལ་མོ་སྤྱན་འདྲེན་ན། །རང་བྱུང་ཡེ་ཤེས་སྤྲོས་དང་བྲལ། །ཡིད་ཀྱི་རྣམ་ཤེས་གསལ་བའི་དབྱིངས། །སྤྲོས་བྲལ་ཀུན་ཏུ་བཟང་མོའི་མཁའ། །ཀུན་གཞི་མ་གཡོས་མཉམ་པའི་ངང་། གསལ་བ་དག་བས་ནམ་མཁའ་བཞིན། །ཆགས་པའི་སྐྱོན་བྲལ་པདྨ་བཞིན། །ཕྱོགས་བྲལ་ཀུན་ཏུ་བཟང་མོའི་ཀློང་། །མཁའ་ཀློང་གཉིས་མེད་སྤྲོས་བའི་སྲས། །ཡང་གབ་དབང་གི་རྒྱལ་མོ་བཞིན། །བདེ་ཆེན་གསང་བའི་དབྱིངས་སུ་སྐུངས། །དབྱིངས་ལས་བསྐྱེད་པའི་མ་མོ་བཞི། །དམ་ལ་གནས་པའི་སྲིང་མོ་བཞི། །བདུད་རྩི་སྒྲུབ་པའི་རྒྱལ་མོ་བཞི། །ཕུར་བུ་བསྒྲུབ་པའི་བློན་མོ་བཞི། །མ་མོ་ཀུན་གྱི་གཙོ་མོ་བཞི། །ནད་རྣམས་གཏོང་བའི་མ་མོ་བཞི། །མ་མོ་ཐུན་གྱི་བདག་མོ་བཞི། །སེམས་ལ་སྐྱེས་པའི་བུ་མོ་བཞི། །ཡིད་ལ་གཞུང་བའི་མཛའ་མོ་བཞི། །ལས་ལ་ཤིས་པའི་བྲན་མོ་བཞི། །བསྐྱེད་ནི་ཆོས་ཀྱི་དབྱིངས་ནས་བསྐྱེད། །བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས། ཁུ་ནི་བར་སྣང་ཁམས་སུ་རྒྱུ། །གནས་ནི་རྒྱ་མཚོའི་གླིང་ལ་བཅས། །དབང་ནི་སྲིད་པ་གསུམ་ལ་མཛད། །སྲིད་གསུམ་འཇིག་རྟེན་སྤྱོད་མཛད་མ། །བདག་གི་དམ་ཚིག་དགོངས་ནས་ཀྱང་། །སྤྱན་དྲངས་མཆོད་ཕྱིར་གཤེགས་སུ་གསོལ། །སྤྱི་ཏི་ཁ་ལ་མ་སྙིང་ཁ་རག་ཛུ་ཛུ། རག་ཤ་མ་སྙིང་ཀ་རག་ཛུ་ཛུ།ཁ་ར༷་རག་མོ་རག་ཤ་སྙིང་ཁ་རག་ཛུ་ཛུ། ཁ་ར༷་རག་ཤ་མ་སྙིང་ཁ་རག་ཛུ་ཛུ། ཐོད་པ་རེ་རེའི་ནང་དུ་བྲིས་ཏེ། གོང་གི་དཀྱིལ་འཁོར་གྱི་དབུས་སུ་དར་གྱི་མཐིང་གུར་ཕུབ་པའི་ནང་དུ་དགོད། འདི་ལྟ་བུའི་ལས་བྱེད་པའི་དུས་སུ། ཁ་གསེར་ཁ་གཡུ་བསྒྲུབ་པ་པོའི་སྙན་ཆར་བཏགས་སོ། །ཁ་གསེར་ཁ་གཡུ་མུར་ཞིང་། བཟླས་པའི་སྙིང་པོ་ནི། ས་མ་ཡ་ཧོ། ས་མ་ཡ་སྟ༷། ཏྲག་རག་ཤ་མུ་ཁ་མུན་ཏྲ། སྙིང་ཁ་རག་མ་མ་ནི་སོད། །སྙིང་ཀ་རག་མ་མ་ཏྲག་ཏ་ཐུན་སྨྱོ། གུ་རྒྱ་གཡུ་གཏེར་གསང་བའི་ལེའུ་སྟེ་བརྒྱད་པའོ།། །།འདི་ནས་མར་དམ་ཚིག་གིས་གཞི་གཟུང་ཞིང་། སྐུ་གསུང་ཐུགས་སྐུ་དམ་ཚིག་ལས་མི་འདའ་བའི་ཕྱིར་དམ་བཅའ་བར་བསྟན་ཏེ། རྣལ་འབྱོར་གང་ཞིག་མཉམ་པའི་དཀྱིལ་འཁོར་དུ། །ཐེག་ཆེན་བླ་མེད་འབྲས་བུ་གཙོར་བཞག་སྟེ། བླ་མེད་བྱང་ཆུབ་འབྲས་བུ་འགྲུབ་པ་དང་། །གསང་སྔགས་གསང་བའི་ཐི་ཚག་ཙམ་པ་སྲ །མི་འདའ་མཐའ་དང་ཡུན་དུ་བདག་བགྲུང་ན། །རྡོ་རྗེ་དམ་ཅན་མ་ཚོགས་རྒྱ་མཚོ་རྣམས། །སོ་སོའི་ཐུགས་དམ་རྗེས་སུ་དགོངས་མཛོད་ལ། །འཕྲིན་ལས་དུས་བཞིན་ཡུན་དུ་མ་བསྐྱང་བར། །མི་གཡེལ་དམ་ལ་རུབ་པའི་འཕྲིན་ལས་མཛོད། །དམ་ཚིག་ས་མ་ཡ་འབུམ་སྡེ་ཡང་། །དམ་ཚིག་སྟོང་རྩ་བརྒྱད་དུ་འདུས། །དམ་ཚིག་སྟོང་རྩ་བརྒྱད་ཀྱང་། །དམ་ཚིག་ཉི་ཤུ་རྩ་བརྒྱད་དུ་འདུས། །དེ་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུས་ཏེ། སྐུ་གསུང་ཐུགས་ཀྱི་དམ་ཉམས་ན། ཆད་པའི་བདག་མོ་བྱང་ཆུབ་སེམས་ལ་བསྐྱེད་པའི་མ་མོ་དཀར་མོ་དབུ་དགུ་ཡིན་ཏེ། བཀའི་ཕོ་ཉ་ཐོད་འཕྲེང་ཅན་དང་། ཕྱིའི་ཚངས་པ་ཆེན་པོ་བསྡོངས་ཏེ། ནད་སྨྱོ་འདྲེ་དང་འབོག་ནད། ཡིད་ཕྱི་ནང་འགག་བྱེད། དབང་པོ་སྡོམ་བྱེད། ཡན་ལག་སྲ་བྱེད། རང་གི་སེམས་ཀྱི་གཉེན་པོར་སེམས་ཀྱི་ཆད་པ་འབྱུང་བས། ཡང་ཤི་དང་ཡང་སོས་ནད་འབྱུང་བས། དམ་ཚིག་དམྱལ་བའི་ལེའུ་སྟེ་དགུ་པའོ།། །།འདི་ནས་མར་འཕྲིན་ལས་ཀྱི་ཁྱད་པ་དང་སྔགས་ཀྱི་ཆེ་བ་དབྱུང་བའི་ཕྱིར། །མ་མོ་ཙིསྟ་ཡང་སྙིང་གི་སྒྲུབ་ཐབས་བསྟན་ཏེ། དཀྱིལ་འཁོར་འདོམ་གང་གྲུ་བཞི་དབངས་སུ་ཆག་གང་བར་བྱས་ལ། དབུས་ཨེ་གྲུ་གསུམ་ལ་སོར་ལྔ་བར་བྱས་ལ། གཏིང་ཏུ་བྲུས་ཏེ་སྦག་ཏུ་བྱའོ། །ཨེའི་ལོགས་གསུམ་ལ་ཟླ་གམ་གསུམ་བྲིས། ཟུར་གསུམ་ལ་ལྕགས་གཞུ་དང་ལྕགས་མདའ་བྲི། །དེ་ཡི་ཕྱི་རིམ་ཐོད་པའི་འཕྲེང་བས་བསྐོར། །དེའི་ཕྱིར་མི་འཁོར་ལོ་རྩིབས་བརྒྱད་བྲི། །མུ་ཁྱུད་ཟླུམ་པོ་ལ་ཞིང་སྐྱོང་བྲི། ཁུ་ཆད་ལ་ཕྱག་རྒྱ་ཆེན་པོ་བཞི་བྲི། །དེའི་ཕྱིར་རིམ་ལ་མེ་རི་ཁ་ནང་དུ་བསྟན་པ་བྲི། །དེའི་ཕྱི་རིམ་ལ་རྡོ་རྗེ་ར་བ་བྲི། །ཟུར་བཞི་ལ་རྡོ་རྗེ་རྒྱ་གྲམ་བཞི་བྲི། ཡ་ཏགས་ལ་ཧོམ་སོལ་དང་། ཐལ་ཆེན་དང་། བུད་མེད་བཅུ་བདུན་ལོན་པའི་རག་ཏ་དང་། །ཁྱི་དོམ་བུའི་སྙིང་དང་། །ཕག་པ་རོག་པོའི་སྙིང་དང་། །ར་སེར་རྒྱའི་སྙིང་དང་། བ༷་གྱི་སྙིང་དང་། དེ་རྣམས་ལ་གཏོར་མ་བྱའོ། །ལུག་ནག་པོས་བསྐང་བ་བྱས་ལ། བྱང་ཤར་གྱི་མཚམས་སུ་གདགས་སོ། ཁྲར་དུ་ལྟ་བ་རྡེང་དུ་གྱུར་བ་ཅིག་བཞག །བྱང་དུ་འཕྲིན་ལས་ཕུར་བུ་ལ་མཁས་པ་ཅིག་བཞག །འཕྲིན་ལས་རྒྱུན་མ་ཆད་པར་བསྐུལ་ལོ། །ནུབ་ནས་སྔགས་དམྱལ་དང་སྦྱིད་བས་བར་མ་ཆད་པར་བརྡེག་གོ །ལྷོ་ནས་མ་མོ་ལ་གདུང་ཞིང་ཕོ་ཉར་དགྱེའོ། །ལིང་ག་བཅའ་ཐབས་ནི། སྲོག་མཁར་གྱི་ས་དང་། ངར་རྣབས་དང་། ཚུབ་མི་ལོ་མ་དང་། གནམ་གྱི་རས་མ་ལ་གཟུགས་བྱས་ལ། ཨེ་གྲུ་གསུམ་དུ་གཞུག་གོ །ཨེའི་ལྷོ་ཟུར་དུ་ཕུར་བ་ལ་གདགས་སོ། །ཟླ་གམ་ལ་མ་མོའི་སྙིང་པོ་བྲི། །འཁོར་ལོ་ལ་ཁྲོ་བོའི་ཕུར་པ་དགོད། ཡུངས་ཀར་པདྨ་རག་ཏས་དབང་བསྐུར་ལ། ལིང་ཁ་ལ་བརྡེག་པའི་སྔགས་ནི། ཀ་ལ་རུ་པ་སྙིང་ཁ་རག་ཁད་ཁ་ཙིསྟ། ཏིབ་ཏ་ཙཀྲ་ཧུར་བུ་ཧུར་བུ། སྒག་རག་ཤ་མི་ཙི་སྨྱོ་སྐྲུ༷་ཕཊ། ཡུངས་ཀར་གྱི་རྒྱལ་པོ་ཡོད་ན་རབ། མེད་ན་སིལ་མ་འབྲུམ་བུ་བཅུ་བཅུ་ལ་བསྔགས་ལ་བརྡེག་གོ །ཞག་དགུ་ལ་ཉིས་འབུམ་བརྡེག་གོ །ཞག་དྲང་དང་གྲུབ་ཚད་ནི། མིང་གཟུགས་ལ་རྡེབ་པའི་ཡང་སྙིང་ནི། ཨོ་དྷ་རྨ་རག་ཤ་རྦད། མུ་ཏྲ་རྦད། བ༷་རིལ་དུན་སྦྱོ། མུག་སྒག་རཀྟ་རི་ཏི་གྲྭཧྭ། མ་མོ་གསེར་གྱི་འབྲུ་གཅིག་པའི་བསྒྲུབ་ཐབས། ཆེ་མཆོག་ཉིད་ཀྱི་དགོངས་སྤྱོད། །ཡང་སྙིང་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། །།འདི་ནས་མར་ཕྱི་རབས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར་ཐུན་གྱི་བསྒྲུབ་ཐབས་བསྟན་པ། མཚོ་སྨན་ཡེ་ཤེས་ཀྱི་རྒྱུད་ལས་བསྐྱེད་པ་ལགས་ཏེ། རྒྱ་གར་སྐད་དུ། ཨརུ་རེ་མ་ཏི་ཞེས་བྱའོ། སང་ཀྲི་ཏའི་སྐད་དུ། རྡོ་རྗེ་དཔལ་མོ་ལྡན་ཞེས་བྱའོ། །བོད་སྐད་དུ། མཚོ་སྨན་གྱི་རྒྱལ་མོ་ཞེས་བྱའོ། །གསང་བའི་མཚན་གསོལ་བ། གཉན་གྱི་ཡུམ་ཅིག་ཀླུ་རུམ་བསིལ་ཞེས་བྱའོ། །དེའི་ཐུན་ནི་གྲགས་སོ་ཕུར་ཐུན་ལགས་ཏེ། བཅའ་བའི་ཐབས་ནི་དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་པའི་དབུས་སུ་མཐིང་ནག་གྲུ་གསུམ་མཐིང་ནག་སྤག་ཏུ་བྱ། །དབུས་སོར་སྔ་གྲུ་གསུམ་གཏིང་དུ་བྲུ། ཕྱི་རིམ་སོར་ལྔ་གྲུ་གསུམ་འཕངས་སུ་སྟོད། གྲུ་གསུམ་རྩེ་མོ་ལྷོ་རུ་བསྟན། ལོགས་གསུམ་ལ་ཟླ་གམ་བྲི། དེའི་ཕྱི་རིམ་ཐོད་པའི་འཕྲེང་བས་བསྐོར། འཁོར་ལོ་རྩིབས་བཞི་ལ་ཡང་གབ་བཞི་དགོད། མུ་ཁྱུད་ཟླུམ་པོར་གྲུ་ཆད་བཞིན་ལྡན་པར་བྲི། བར་ཁྱམས་གྲུ་གསུམ་ལ་ཁྲོ་བོའི་ཕུར་བ་དགོད། ལྕགས་རི་སྒོ་ཁྱུད་མེ་རི་འབར་བས་བསྐོར། མ་ཏྲང་དཀྱིལ་འཁོར་ལྷོའི་ཕྱོགས་སུ་མནན། འབྲུབ་ཁུང་གྲུ་གསུམ་མཆན་ཁུང་གཡས་གཡོན་བྱ། དེའི་ཐ་མ་རྩང་དང་ཕུར་བུས་བསྐོར། བསྒྲུབ་རྫས་རྟེན་དུ་ཙ་ར་དཀར་པོ་གཉའ་ནག་གཞག །བསྙེན་པའི་གྲངས་ནི་ཉི་ཤུ་བཞི་ནས་གནམ་སྟོང་ཡན་ཆད་དོ། ཞག་གསུམ་གོང་དུ་ལྟ་བསྙེན་བྱའོ། །མགོ་ལྤགས་ཞག་བཞིའི་ནུབ་མོ་ཙ་རས་བཟློག་པ་བྱའོ། །གཡང་གཞིར་བཤུས་ལ་དུག་གཏོར་ཕུར།གནམ་སྟོང་ནུབ་མོ་མནན་པའི་ལས་བྱའོ། །ཐུན་སྔགས་ལ་དུག་ཁ་ལ་ཟ་མུན་ལོ་དན་ཏི་རྦད། ཡུ་ན་རྦད། ཐིབས་རྦད། བམ་རྦད། དུ་ར་རྨ༷་རྦད། ཆེ་གེ་མོའི་སྲོག་རྩ་ལ་རྦད། ཅེས་བཟླས་སོ། །དཀར་མོ་དབུ་དགུ་མ་བྱང་ཆུབ་སེམས་ལས་བསྐྱེད་པ་ལགས་ཏེ། རྒྱ་གར་སྐད་དུ། ཨརུ་རེ་མ་ཏི་ཞེས་བྱ་བ། སང་ཀྲི་ཏའི་སྐད་དུ། རྡོ་རྗེ་དཔལ་མོ་ལྡན་ཞེས་བྱའོ། །བོད་སྐད་དུ། མཚོ་སྨན་གྱི་རྒྱལ་མོ་ཞེས་བྱའོ། །གསང་བའི་སྐད་དུ་མཚན་གསོལ་བ། །གཉན་གྱི་ཡུམ་ཅིག་ཀླུ་རུམ་སིལ་ཞེས་བྱའོ། །རྒྱ་གར་སྐད་དུ། ཨརུ་དཀར་མོ་རེ་མ་ཏི་ཞེས་བྱའོ། །སང་ཀྲི་ཏའི་སྐད་དུ། མ་སར་དབང་ཕྱུག་རྡོ་རྗེ་ཁྲོ་མོ་མན་ཛ་ཞེས་བྱའོ། །བོད་སྐད་དུ། དཀར་མོ་དབུ་དགུ་མ་ཞེས་བྱའོ། །གསང་བའི་མཚན་གསོལ་བ། རྡོ་རྗེ་ལྕམ་ཅིག་པདྨ་གསལ་ཞེས་བྱའོ། །དེའི་ཐུན་ནི་མ་མོའི་སྙིང་ཐུན་ལགས་ཏེ། བཅའ་ཐབས་ནི་དཀྱིལ་འཁོར་མཐིང་ནག་གྲུ་གསུམ་སྦག་ཏུ་བྲི། དབུས་ཀྱི་གྲུ་གསུམ་རྩེ་མོ་ལྷོ་རུ་བསྟན། དབུས་ཀྱི་གྲུ་གསུམ་རེ་ལ་འབྲུབ་ཁུང་རེ། ཐ་མ་མེ་རིག་འབར་བས་བསྐོར། དབུས་ཀྱི་ཟླ་ག་མ་གསུམ་ལ་ཉི་མ་དང་ཟླ་བ་བྲི། མུ་ཁྱུད་ཟླུམ་པོ་ལ་ཐོད་པའི་འཕྲེང་བ་བྲི། གྲུ་ཆད་བཞི་ལ་ཕྱག་རྒྱ་ཆེན་པོ་བཞི་དགོད་བར་ཁྱམས་གྲུ་གསུམ་ལ་ཁྲོ་བོའི་ཕུར་བ་དགོད། མུ་རན་ལྕགས་རི་ལ་མ་མོའི་མཆོད་རྫས་དགོད། སྒོལ་བསེའི་ལྷ་མོ་མཆེད་བཞི་དགོད། དེའི་རྫས་དང་རྟེན་དུ་དགོད་པ་ནི།དབུས་ཀྱི་མཐིང་ནག་གྲུ་གསུམ་ལ་སྐྱེས་བ་མི་གྲི་ཤི་བའི་ཐོད་པ་དགོད། དེའི་ནང་དུ་བ༷་གྱི་ཙིསྟ་དང་། ར་རྒྱ་མོའི་ཙིསྟ་དང་། ཁྱི་དོམ་པའི་སྙིང་ཁྲག་དང་། ཕག་པ་རོག་པོའི་སྙིང་ཁྲག་བསྲེས་ལ་དར་མཐིང་ནག་གིས་ཁ་བཀབ་ལ་བཞག །ལིང་ཁ་བཅའ་བའི་ཐབས་ནི། གྲོག་མཁར་གྱི་ས་དང་། ཚུབ་མའི་ལོ་མ་དང་། བུང་བུའི་བདུད་རྩི་དང་། ངར་སྣབས་དང་། ཁར་རྐོང་སྲིན་ཅན་དང་། འདི་རྣམས་གཟུགས་བྱས། ལྷོ་ཕྱོགས་ཀྱི་འབྲུབ་ཁུང་དུ་ལིང་ཁ་ཕུར་པ་ལ་བཏགས་ལ་ཡུངས་ཀར་གྱིས་རྒྱལ་པོ་བརྡེག །ལྷོ་ནུབ་མཚམས་སུ་འབྲུ་ཁུང་དུ་ཁྲོ་བོའི་ཕུར་བ་གདབ། བྱང་ཤར་མཚམས་སུ་དུག་ཤིང་སྐྱེར་པ་ལ་ཧོམ་ཅིག་བྱས་ལ་དྲག་པོའི་སྤྱིན་སྲེག་བྱའོ། །དབུས་ཀྱི་གྲུ་གསུམ་ལ་ཧུ༷་ཕཊ་བྲི། མ་ཏྲ༷་ཤར་གྱི་ཕྱོགས་སུ་མནན། །མ་ཏྲ༷་དཀྱིལ་འཁོར་བྲི་བ་ནི། མ་ཏྲ༷་སྙིང་ཀར་འབྲུབ་ཁུང་བྱ། །ཕྱི་རིམ་མུ་ཁྱུད་ཟླུམ་པོ་ལ། པདྨ་འདབ་མ་བརྒྱད་དུ་བྲི། མགོ་བོ་ལྷོ་ཡི་ཕྱོགས་སུ་བསྟན། །བསྒྲུབ་པའི་སྔགས་ནི་འདི་བཟླས་སོ། །་ག་རག་ཤ་མུ་ཏྲ་ཁ་མུན་ཏྲ། སྙིང་ཁ་རག་རྦད་ཀ་ཙིསྟ་རྦད་ཆུམས་ཐུམས་རྦད་རི་ལི་ལིསྨྱོ། དུསཚོདཟླབདམར་གྱི་ངོ་། །གཟའ་དམག་དཔོན་ལ་གཏད་པར་བྱའོ། །ཐུན་ཁྲག་དགྲ་བོའི་ཁྱིམ་ལ་གཏོར་རོ། །སྲིད་པའི་བུ་མོ་གསང་བའི་དོ་རྗེ་དྲི་ཆུ་ལས་བསྐྱེད་པ་ལགས་ཏེ། རྒྱ་གར་སྐད་དུ། གུ་ཡ་གས་ང་ཆེན་མ་ཞེས་བྱའོ། །སང་ཀྲི་ཏིའི་སྐད་དུ། སྲིད་པའི་འཕྲིན་བློན་ཆེན་མོ་ཞེས་བྱའོ། །བོད་སྐད་དུ། སྲིད་པའི་བུ་མོ་ཞེས་བྱའོ། །གསང་བའི་སྐད་དུ་མཚན་གསོལ་བ། ནམ་མཁའི་མཁའ་འགྲོ་དབྱིངས་རུམ་སིལ་ཞེས་བྱའོ། །དེའི་ཐུན་ནི་བལ་མོའི་དུག་ཐུན་ལགས་ཏེ། དཀྱིལ་འཁོར་གྱི་བཅའ་ཐབས་ནི། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་པ་ཟུར་གསུམ་ལྕགས་མདའ་ལྕགས་གཞུ་བྲི། །ལོགས་གསུམ་ཟླ་གམ་ཁ་ཕྱིར་བསྟན་པ་རེ་བྲི། དེའི་དབུས་སུ་ཡི་གེ་ཛ་རེ་བྲི། དེའི་ཕྱི་རིམ་གྲུ་ཆད་ཀྱི་ནང་ལོགས་སུ་མེ་རི་ཁ་ནང་དུ་བསྟན་པ་བྲི། དེའི་ཕྱི་རིམ་པར་ཁྱམས་ལ་ཁྲོ་བོའི་ཕུར་པ་དགོད། ལྕགས་རི་ལ་་ནབང་ཕྱུག་དགོད། སྒོ་ལ་བསེའི་ལྷ་མོ་བཞི་དགོད། དབུས་སུ་བསེ་གཤོང་པ་སྦྱར་དགོད། ནང་དུ་ཨེ་ར༷་བརྒྱ་བྲི། ཡ་སྟགས་ལ། དུག་པོ་ང་ནག་པོ་དང་། གླང་པོ་ཆེའི་མཆིམ་པ་དང་། བྱ་ངང་པ་ཞེས་གསོལ་བ་དང་། ཁམས་དུག་སྣ་ཚོགས་ལ་མངར་གསུམ་གྱི་ཆང་གིས་བསླང་ལ། །བསྒྲུབ་པའི་སྙིང་པོ་ནི། ཨོ་ཀ་བེ་ཤ་ཏྲ་བེར་ཤ་བེ་ཤ་ཤ་རུ་བེ་ཤ་ཁ་ཐུན་སྨྱོ། མ་ཏྲ༷་ནུབ་ཀྱི་ཕྱོགས་སུ་མནན། མ་ཏྲང་དཀྱིལ་འཁོར་བྲི་བ་ནི། །གསང་བའི་གནས་སུ་འབྲུབ་ཁུང་བྲུ། །འབྲུབ་ཁུང་གསང་བའི་གནས་སུ་བྱ། །རས་སམ་གྲོ་ག་ཤིང་ཤུན་ལ། །དགྲ་བོའི་གཟུགས་དང་མིང་རུས་བྲིས། །འབྲུབ་ཁུང་ནང་དུ་མནན་པ་བྱ། །དུག་དང་ཁྲག་ཏུ་བསྲེས་ནས་ནི། །གཟུགས་ལ་བརྒྱབ་སྟེ་ཁྱིམ་ལ་གཏོར། །དུར་ཁྲོད་ཀྱི་ལྷ་མོ་ཕྲི་རྩམ་ཁེ་ཏྲི་ནི། གོ་རུ་ཙ་ན་ལས་བསྐྱེད་པ་ལགས་ཏེ། རྒྱ་གར་སྐད་དུ། ནག་མོ་པ་ཏེ་ལི་ཞེས་བྱའོ། །སང་ཀྲི་ཏའི་སྐད་དུ། གིང་ཀར་རྡོ་རྗེ་ག་་སྒྲོལ་མ་ཞེས་བྱའོ། །བོད་སྐད་དུ། རྡོ་རྗེ་ཟ་རླུད་ཞོན་མི་ཞེས་བྱའོ། །གསང་བའི་མཚན་གསོལ་བ། སྒྲོལ་མ་རྡོ་རྗེ་མཁའ་འགྲོ་མཆོག་ཅེས་བྱའོ། །དེའི་ཐུན་ནི་མ་མོའི་ཚིལ་ཐན་ལགས་ཏེ། དེའི་བཅའ་ཐབས་ནི། དཀྱིལ་འཁོར་མཐིང་ནག་གྲུ་གསུམ་སྦག་གནམ་སྒོ་ཅན། དེའི་ཕྱི་རིམ་ཐོད་པའི་འབྲེང་བས་བསྐོར། ཐ་མ་མེ་རི་འབར་བས་བསྐོར། །དེའི་དབུས་སུ་བུད་མེད་ཀྱི་བན་དྷ་ཅིག་གཞག །དེའི་ནང་དུ་ཚིལ་ཆེན་ཕུལ་གང་བླུགས་ལ། དུར་ཁྲོད་རས་ལ་སྡོང་བུ་བྱས་ལ་མེ་བཏང་སྟེ་ཁྱོ་གའི་བན་དྷ་གཅིག་གིས་ཁ་དགབ་བོ། །བདག་ཉིད་ཆེ་མཆོག་གསལ་བར་སྒོམ། །ངོས་གཡོན་དུ་ལྷ་མོ་ཙ་མུན་ཏྲི་སྒོམ། ཕྱག་གཡོན་པས་ཐོད་པའི་སྟེང་ནས་མནན་ཏེ། གཡས་པས་འཕྲེང་བ་བགྲང་ཞིང་བསྒྲུབ་པའི་སྙིང་པོ་འདི་བཟླས་སོ། །ཙ་མུན་ཏྲ་པ་ར་ཏ་ཡ་ཏིས་སྟ་ཛ་ལ་ནི་ཧུ༷་ཕཊ་སྲུཧྭ། ཉི་ཤུ་དགུ་ལ་གཟུགས་ནས་གནམ་སྟོང་ལ་གདོན་ནོ། །དེ་གྲུབ་པ་དང་ཐོད་པ་ཁ་བཀབ་པ་དེ་རུ་བཞར། ཁྱི་དཀར་པོའི་འོ་མ་དང་། སྦྲུལ་གྱི་པགས་པའི་ཚིལ་བུ་དང་། སོག་པོའི་སྙིང་ཁྲག་དང་།ར་རོག་པའི་སྙིང་ཁྲག་དང་། གཡག་བྱ་ལའི་སྐྲུ་དང་། རྟ་ངང་པའི་རྣ་སྤུ་དང་དེ་རྣམས་བསྲེས་ཏེ། བྱ་ངང་བའི་སྙིང་ཁུགས་སུ་བླུག་ལ། དུས་རྟག་ཏུ་ལུས་ལ་བཅང་བར་བྱའོ། །མ་ཏྲང་བྱང་གི་ཕྱོགས་སུ་མནན། །མ་་་་དཀྱིལ་འཁོར་བྲི་བ་ནི། །མགོ་བོའི་སྟེང་དུ་འབྲུག་ཁུང་བཅའ། །འབྲུབ་ཁུང་མཐའ་མ་རྩང་གིས་བསྐོར། །གོང་དུ་བསྒྲུབ་པའི་རྫས་རྣམས་ལ། །ཐུན་གྱི་སྙིང་པོ་བརྗོད་བྱས་ལ། །ཚིལ་ཐུན་ཀླད་པའི་རྒྱས་སུ་དབབ། །ཙིཏི་བེའུ་ཆུང་སྔགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།བདག་ཉིད་ཡེ་ཤེས་ཀྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀར་སྒོམ་ལ། མ་མོའི་དབང་དུ་བདག་མི་བཏང་བར། མ་མོ་བདག་གི་དབང་དུ་བསྡུ་བའི་ཕྱིར། ཁྲོ་བོ་ཚམ་ངམ་གྱི་དྲེགས་པ་ཅན་དཔལ་སྐོང་བར་བྱ་སྟེ། ཧུ༷། ང་ནི་སངས་རྒྱས་ཀུན་གྱི་ཡབ། །ང་ནི་བདེ་གཤེགས་ཀུན་གྱི་གཙོ། །ང་ནི་གཤིན་རྗེ་ཀུན་གྱི་གཤེད། །ང་ནི་མ་མོ་ཀུན་གྱི་ཡབ། །ང་ནི་དུར་ཁྲོད་སྙིང་ཤ་ཅན། །ང་ནི་བདུད་ཀྱི་བདུད་ཆེན་པོ། །ཧུ༷ ང་ནི་ཐམས་ཅད་དབང་དུ་སྡུད་པའི་རང་བཞིན་ཏེ། །ཆེ་མཆོག་ཤི་ཧེ་རུ་ཀ། །ང་ནི་སྦྱོར་བདག་ཆེན་པོ་སྟེ། །ཡག་ཤ་ཤི་ཧེ་རུ་ཀ །ང་ནི་སྒྲོལ་བདག་ཆེན་པོ་སྟེ། །ར་ག་ཤ་ཤི་ཧེ་རུ་ཀ །ང་ནི་དམ་ཚིག་བདག་པོ་སྟེ། །ས་མ་ཡ་ཕྲི་ཧེ་རུ་ཀ །ང་ནི་ཐམས་ཅད་སྦས་པའི་རང་བཞིན་ཏེ། །ང་ནི་དཔལ་ཆེན་ཧེ་རུ་ཀ །ང་ནི་དུས་གསུམ་སྔོན་དུ་བྱུང་། །ང་ནི་དུས་གསུམ་ལྟར་གནས་པ། །ང་ནི་དུས་གསུམ་སླད་ཀྱིས་འབྱུང་། །དུས་གསུམ་འདི་ནི་ང་ཡི་དབང་། །དཔལ་འབར་ཆེ་མཆོག་སྐུ་བ་སྐྱོད་པ། །མཐིང་ནག་འབར་བ་འཇིགས་པའི་སྐུ། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ། །ཞབས་ནི་རྡོ་རྗེ་འབར་བ་བརྒྱད། །དུར་ཁྲོད་རྒྱན་གྱིས་ལུས་བརྒྱན་ཅིང་། །རྡོ་རྗེ་གཤོག་པ་ནམ་མཁའ་གདེངས། །ཐོད་སྦྲུལ་འབར་བས་ལུས་བརྒྱན་ཅིང་། །མེ་དབུང་འབར་བའི་ཀློང་ན་བཞུགས། །ཞལ་བགྲད་མཆེ་གཙིགས་སྤྱན་བཟློག་ནས། །ཚམ་ངམ་དྲག་པོས་མ་མོ་འདུལ། །ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད། །ཁྲ་རྒོད་གཟན་ལ་བཅ་པ་བཞིན། །སྲོག་གི་སྙིང་པོ་དམ་ལ་འདུ། །ཁྱེད་ཀྱི་དམ་རྫས་ང་ལ་ཡོད། །ཙིསྟ་འཕྲེང་བ་ང་ལ་ཡོད། །མི་དབང་འབྲས་བུ་ང་ལ་ཡོད། ཁྲེ་ཀའི་མཚལ་ཐིག་ང་ལ་ཡོད། །རས་བལ་རླུ་་གིས་བསྡུས་པ་བཞིན། །དམ་རྫས་གསང་བའི་དམ་ལ་འདུ། །བཀའ་ལྟར་མི་བྱེད་དམ་ལ་མི་གནས་ན། །གཤོབ་རྒོད་རྡོག་པས་བརྫིས་པ་བཞིན། །གསོ་གླགས་མེད་པར་དམྱལ་ཐག་ཆོད། །ནིས་ཏིམ་ཀུ་རུ་ནི། ཁ་སོ་བ་ཏི་ཡ༷། སེན་ཡ༷། རུ་ཡམ་ནི་སོད། སྙིང་ཟ་བ་ཙིརྟི་ལ་མ་ཤ་རོ་ལ་ཁྲག་འཐུང་། ཤལ་ཁྱི་ཁྲིད་སྐ༷་ཤ་ཡ། ཏ་བར་ལ་ཏོ། ཏྲི་ཧྲི་ཧུ༷་ཕཊ། དཀྲ་ཧེ་དཀྲ་ཧེ་ཞེས་བརྗོད་དོ། །ཁྲོ་བོ་འཇིགས་བྱེད་གསང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།འདི་ནས་མར་ལ་བྲ་སེ་ན་དབབ་པར་བྱ་སྟེ། དཀྱིལ་འཁོར་གོང་དང་མཐུན། དམ་རྫས་བན་དྷ་བཅོ་བརྒྱད་མེད་དུ་མི་རུང་ངོ། །ཁྲགསྣ་སྟོང་རྩབརྒྱད་མེད་ན་ཡང་། བཅོབརྒྱད་མེད་དུ་མིརུང་ངོ་། ཁྲ་སྣ་སྟོང་རྩབརྒྱད་དང་སྨན་སྣ་སྟོངརྩ་བརྒྱད་མེད་ན་ཡང་། བརྒྱ་རྩ་བརྒྱད་མེད་དུ་མི་རུང་ངོ་། །གསུར་ཆེན་གྱི་དུད་པ་རྒྱུན་ཆདམེདཔར་བཏང་ངོ། །གཟུངས་མ་མཚནལྡན་བརྒྱདམེད་ན་ཡང་། བཞིམེད་དུམིརུང་ངོ་། །དགོངས་ལྡན་ཅིག་མེད་དུ་མི་རུང་ངོ་། །ལས་མཁན་ཅིག་མེད་དུ་མི་རུང་ངོ་། །སྐྱེས་བུ་ངར་ཙན་མཚམས་གཅོད་པ་ཅིག་མེདདུམིརུང་ངོ། །དཀྱིལའཁོར་གྱིགྲུ་བཞིར་བན་དྷ་བཞིལ། ཁམས་བརྒྱ་མབཞིའིསྙིངཔོ་བྲིའོ། །དཀྱིལ་འཁོར་གྱི་མུ་བྲན་ལ་ལོང་པ་རྒྱབ་སྦྲེལ་མར་བྲིའོ། །ཡང་སྦྲུལ་དང་སུམ་སྤྲུལ་དུ་བཅས་པར་བསྟན། །ཕུར་པ་བརྒྱ་རྩ་བརྒྱད་ཀྱིས་དཀྱིལ་འཁོར་བསྐོར། མདའ་བཞིའི་མཚམས་སུ་བན་དྷ་བཞིདགོད་དོ། དེའི་མཚམསསུ་གསེར་ཕྱེ་མེ་ལོང་བཞི་དགོད་དོ། །དཀྱིལ་འཁོར་རྒྱན་དེ་ཀུན་གོང་མ་དང་འཐུན་ནོ། ་ར་ཕྱོགས་ཀྱི་བྷན་དྷནི་སྲིདཔའིབུམོའིརྟེནནོ། །ལྷོ་ཕྱོགས་ཀྱིབན་དྷནི་མཚོ་སྨན་གྱི་རྟེནནོ། །ནུབ་ཕྱོགསཀྱི་བན་དྷ་ནིདབུ་དགུ་མའི་རྟེན་ནོ། །བྱང་ཕྱོགས་ཀྱི་བན་དྷ་ནི་ཙ་མུན་ཏྲིའི་རྟེན་ནོ། །བཅུ་བཞི་ནི་མཁའ་འགྲོ་མ་བཅུ་བཞིའི་རྟེན་ནོ།ཚལབུལ་མམོ་སྟོངརྩ་བརྒྱད་ཀྱི་སྙིང་པོ་བྲིས་ལ་ལེའུ་ཚེལ་བསྐོར་རོ། །ཡུམ་སྦས་ལ་མཚམས་བཅད་དོ། །ཡུམ་རྣམས་བདུད་རྩིའི་ཆུས་བཀྲུས་ལ། མདའ་བྱ་རྒོད་མ་ལ་མདེའུ་རྩང་ལ་སྣ་མ་བཅུག་ལ། དརལེ་བརྒན་གྱི་མགུལ་ཆིངས་བྱས་ལ་ཡུམ་གྱི་ལ་འུའི་དཔུང་ཁ་ནས་བཟུང་ལ་ཐེ་ཚོམ་སྨྲའོ། །ཁར་གསང་ཁར་ཉིད་སྔོན། མ་རུ་ནི་ངོ་མ་ཤེས། སྲིང་དུ་ནི་ངོ་མ་ཤེས། གྲོགས་སུ་ནི་ངོ་མ་ཤེས། དེ་སྐད་ཐེ་ཚོམ་སྨྲས་པ་དང་། མཁའ་འགྲོ་བཅུ་བཞིས་སླར་ལན་གསོལ་པ། སྲིན་ལ་གནས་བཟུང་སྟེ་པྲ་དབབ་བོ། །འཇིག་རྟེན་སྔ་ཕྱིའི་གཏམ་ཁྱེར་ནས་འོང་བ་རལ་གཅིག་མ་ཡིན་པས་སྙིང་པོ་ནས་དྲངས་སོ། །སྒག་རག་ཤ་མུ་ཏྲ་རུ་ལུ་རུ་ལུ་བྲུ༷། ཐྲེ་མ་ཛུ་ཏི་པ་ཏ་ཙ་ཀྲ་རྒྱན་བྲུ༷། སྔགས་མཁན་གྱི་ཞབས་གཡོན་པ་ལ་བཏགས་ལ། དེ་ལྟར་ལུང་གི་ཟིན་པར་བྱས་ན། ལྷ་སྲིན་སྡེ་བརྒྱད་གང་བཀོལ་ཡང་བསྒྲུབ་བོ། །བྲ་སེ་ནའི་ལེའུ་སྟེ་བཅུ་གསུམ་པའོ།། །།འདི་ནས་མར་བསྐུལ་ཚིག་གིས་ཐུགས་དམར་གྱི་རྒྱུད་བསྐུལ་བར་བསྟན་ཏེ། སྣང་སྲིད་བདག་མོ་སྐུ་བཞེངས་ལ། །གླིང་བཞི་མུན་པའི་གཡུང་དྲུང་འདས་པའི་ཕ་རོལ་ནས། འབྱིང་བྱེད་ཆེན་མོའི་མིང་ཤེད་ན། །གསེར་གྱི་ཁྲི་ལ་གཡུའི་གདན་བཏིང་མ། །སྣང་སྲིད་ཐམས་ཅད་དབང་སྡུད་མཛད་མ། །སྐྱེ་འགྲོ་ཚེ་ལ་ལེགས་ཉེས་ལྟང་འཛིན་མ། །ཐོག་གི་བདག་མོ་གློག་འཕྲེང་་།། །སྲིང་ཅིག་ཆེན་མོ་ཀླུ་རྒྱལ་འབུམ་གྱི་རྗེ། སྐུ་ལ་ན་བཟའ་ཅི་གསོལ་ན། །ན་བཟའ་རྨ་བྱའི་ཐུལ་པ་ལ། །མཐའ་མ་གཡུ་ཡི་རྡོ་རྗེས་གཏམས། །མུ་མེད་གསེར་གྱི་གོ་ཅོག་ཅན། །སྤྱན་མིག་གཡོན་པ་ཉི་མ་འཁྱིལ་བ་ཙམ། །སྤྱན་མིག་གཡས་པ་ཟླ་བ་འཁྱིལ་བ་ཙམ། །བཞུགས་ནི་ཉི་མ་ལྷོ་ན་བཞུགས། །མཚོ་སྨན་ཆེན་མོ་ལེགས་ཉེས་ལྟང་འཛིན་མ། །སྐུ་ནི་མི་བསྐྱོད་དབྱིངས་ན་བཞུགས། །ཕྱག་ན་འཕྲུལ་གྱི་མེ་ལོང་བསྣམས། །འཕྲུལ་གྱི་མེ་ལོང་གཟིགས་པ་ཡིས། །འཁོར་གྱི་ཕོ་ཉ་བསྐུལ་ནས་ནི། །སྟོང་གསུམ་འཇིག་རྟེན་སེམས་ཅན་ལ། །ཚེ་སྲོག་ཀུན་གྱི་ལྟང་ཡང་འཛིན། །རྣམ་པར་ཐར་པའི་ལམ་ཡང་སྟོན། །སངས་རྒྱས་ཀུན་དང་གཤེགས་ཤུལ་མཐུན། །དབང་ཕྱུག་འཕྲ་མེན་རྣམས་ཀྱི་དགོངས་སྤྱོད་ཅན། །འཇིག་རྟེན་འཛམ་བུའི་གླིང་བཞི་ཡི། ཁྲ་ཁྲག་དབུགས་དང་སྲོག་ལ་དབང་སྒྱུར་མངའ་མཛད་མ། །འཛམ་བུ་གླིང་བཞི་སེམས་ཅན་ཚེ་ཟད་དུས་ཟད་གཏན་ལ་འབེབས། །ཀླུ་ཕྲན་འབུམ་གྱིས་ཞབས་ལ་བསྐོར། །ཙི་ཙི་ཛ་ལའི་བདག་ཅིག་མ། སངས་རྒྱས་རྣམས་དང་ཐུགས་དམ་གཅིག །རྒྱལ་རིགས་རྣམས་དང་ལས་ཐབས་ཅིག །ལེགས་ལྡན་ནག་པོ་ཕོ་ཉར་འགྱེད། །ཀླུ་ཡི་སྡེ་དཔོན་འཁོར་འདུས་མ། །མ་འཕང་གཡུ་མཚོའི་ནང་ཤེར་ན། །ཆེ་ཞེ་ཆེན་མོ་ཀླུ་རུ་མ་སིལ། །ཉ་ཆེ་ཡོར་མོའི་ཐུལ་པ་ལ། །ཉི་ཕྲན་སྟོང་གི་སུག་མན་བརྒྱན། །སྦྲུལ་ནག་ཉི་ཁྲི་བདུད་འབུམ་ཡང་། །གཡས་ནས་བ་་ནས་གཡོན་དུ་འདྲིལ། །སྦྲུལ་ནག་འདུག་བའི་ཐུམ་པ་ཅན། །འཕགས་མོ་སུམ་ཁྲི་ལྔ་སྟོང་གཞི་བས། །མགོ་བོ་བསྣོལ་བའིགདནལགཤིབསཏེབཞུགས། །ཕྱག་རྒྱ་ཆུ་སྲིན་རྒྱལ་མཚན་འཛིན། །ཞལ་ནས་མཚོ་ཆེན་རླངས་པ་འཐུལ་ཆོས་ཉིད་མ་རུ་ངོ་མ་ཤེས། །ཆོས་ཉིད་མ་རུ་ངོ་མ་ཤེས་ན། །དབྱིངས་དང་ནི་ཡེ་ཤེས་ལྡན། །ཕ་རུ་ནི་ངོ་མ་ཤེས། །ཕ་རུ་ནི་ངོ་མ་ཤེས་ན། །བརྩེ་བའི་ནི་གཞུང་དང་ལྡན། །གྲོགས་སུ་ནི་ངོ་མ་ཤེས། །གྲོགས་སུ་ནི་ངོ་ཤེས་ན། །གྲོགས་མཆོག་ནི་གཞུད་དང་ལྡན། །མིང་པོ་ནི་ངོ་མ་ཤེས། །མིང་པོར་ནི་ངོ་མ་ཤེས་ན། །དཔའ་བརྗིག་ནི་མཛེས་པ་དང་ལྡན། །རྗེ་རུ་ནི་ངོ་མ་ཤེས། །རྗེ་རུ་ནི་ངོ་ཤེས་ན། །དབྱིངས་སུ་ནི་འབངས་སུ་མཆི། །དེ་ནས་ཡབ་མངོན་རྫོགས་རྒྱལ་པོས་སྲིན་ལ་གནས་བཟུང་ནས། གཡོན་གྱི་བྷ་ག་དབང་དུ་བསྡུས་ཏེ་ཡར་དྲངས་ཏེ། མ་རུ་ནི་ད་བསྒྲུབ་ཀྱི། མ་ལྟར་ནི་དབང་མ་ཆེ། །དབྱིངས་ལ་ནི་ཡེ་ཤེས་སྦྱོར། །སྲིད་དུ་ནི་ད་བསྒྲུབ་ཀྱི། །སྲིད་ལྟར་ནི་བརླབ་མ་དམ། གྲོགས་སུ་ནི་ད་བསྒྲུབ་ཀྱི། །གྲོགས་ལྟར་ནི་ཕྲག་མ་དོག །མཛའ་མོར་ནི་ད་བསྒྲུབ་ཀྱི། །ཡིད་ལ་ནི་གཞུངས་པར་གྱིས། །བྲན་མོར་ནི་ད་བསྒྲུབ་ཀྱི། །བྲན་ལྟར་ནི་སྙིང་མ་རིང་། །ལས་ལ་ནི་གཤིན་བར་གྱིས། །ད་ནི་དཀྱིལ་འཁོར་གྱི་གྲྭ་བཞིར་ཟུར་དབང་བསྐུར་ལ་བཞག་གོ །དེའི་ནུབ་མོ་བཤགས་བྱང་བྱའོ། །དེའི་ཕྱི་ནུབ་བར་གཅོད་ཀྱི་བགེགས་གདུལ་བའི་ཕྱིར། །འཕྲིན་ལས་ཕུར་བུའི་དཀྱིལ་འཁོར་བཞེངས་སུ་གསོལ་ལོ། །དེའི་ཕྱི་ནུབ་ནམ་མཁའ་ལྡིང་གཅིག་གིས་བསྐང་ངོ་། །དེའི་ཕྱི་ནུབ་ཙ་ར་གཅིག་གིས་ཟློག་གོ །དེའི་ཕྱི་ནུབ་ཤེལ་དཀར་སྨུག་གཅིག་གིས་བསྐང་ངོ་། །དགུང་བཞིའི་ནང་པར་ཤེལ་དཀར་མོ་གཅིག་གིས་དཀར་མོ་དབུ་དགུ་མའི་ཐུགས་དམ་བསྐང་ངོ་། །དེ་ནས་ནག་པོ་ཤེལ་མིག་གིས་མཚོ་སྨན་དང་ཀླུ་རྣམས་ཀྱི་ཐུགས་དམ་བསྐང་ངོ་། །དེ་ནས་པྲ་དབབ་སྟེ། ཡུམ་རྣམས་བདུད་རྩིའི་ཆུས་བཀྲུས་ལ། །རྒྱན་རག་ཏའི་ཐིག་ལེས་བཏབ་ལ། །སྲིན་ལག་ལ་སྐུད་པ་ནག་པོ་གཅིག་གདགས། གུང་མོ་ལསྐུད་པ་་དཀར་པོ་གཅིག་བདགས། དེ་ནས་པྲ་དབབ་མཚམས་གཅད་དོ། །དེ་ནས་ཡུངས་ཀར་ལ་བསྔགས་ལ། སྤྱིའི་སྙིང་པོའི་སྟེང་དུ་པྲ་དབབ་པའི་སྙིང་པོ་བཟླས་སོ། །གོང་མའི་སྙིང་པོ་ལ་བྲུ་གདགས་སོ། །སྒག་རག་ཤ་མུ་ཏྲ་རུ་ལུ་རུ་ལུ་རག་མོ་ཛཛ་ཁ་ན་མ་ཏི་བྲུ༷་དབང་ཕོབ་ཅིག །་ག་རག་ཤ་་ག་རཀྟ་མུ་ཏྲ་རུ་སུ་རུ་ལུ་བྲུ༷།སྙིང་ཁ་རག་སྨྱོ། རུ་ལུ་ཁ་ར༷་ར་ག་ཤ་ནི། ཤུ་ཏྲི་སྟ་རྦད། ཐུམ་རི་ལི་ལི་ཤུ་ཏི་སྟ་རྦད་བྲུ༷་དབང་ཕོབ་ཅིག །གཞུང་ལས་བྱུང་བའི་མ་མོའི་སྙིང་པོ་ཆོད་ཕྱོགས་ཕྱོགས་ལྷར་འཕོག་ལ། མ་མོའི་སྙིང་པོ་འཛབ་ཏུ་འདོན་དུ་གཞུག་གོ །དེ་ནས་པྲ་དབབ་པའི་མི་པདྨའི་གདན་སྟེང་བཞག་ལ། ཕྱོགས་ཕྱོགས་ནས་ཕྱི་དབང་བསྐུར་རོ། །དེ་ནས་དངོས་གྲུབ་ཀྱི་ཆརྐྱེན་ལུགས་བཞིན་དུ་བཤམས་ལ། བདུད་རྩིའི་བདག་མོ་ཡིན་པས་བསྙེན་བསྒྲུབ་བདུད་རྩིའི་འཛབ་བརྒྱ་རྩ་བརྒྱད་ཚང་བར་གདོན་ནོ། །དེ་ནི་སྐད་ཀྱི་།་འཇིག་རྟེན་སྔངས་པར་མཛད། །ལས་སུསྐྱེཤརྩདགཅོདམ། །གནམ་ས་ཟློག་པའི་ཕྱག་རྒྱ་སྒྱུར། །འཁོར་གྱི་ཕོ་ཉ་བསྐུལ་ནས་ནི། །དམ་ལ་རུབ་པའི་འཕྲིན་ལས་མཛད། །ལག་པ་གཡོན་ན་བདུད་རྩི་ཤིང་། །ཀ་ཀ་ལི་སྟེ་ཚེ་ཤིང་འཛིན། །ལག་པ་གཡས་ན་འཁོར་ལོ་སྒྱུར། །འཛམ་བུ་གླིང་བཞི་བྱོ་བཟློག་མཛད། །སྲོག་དབུགས་བདག་མོ་སྐུ་སྐྱོད་ཅིག །ཅེས་བསྐུལ་ལོ། །ད་ནི་དཀར་མོ་དབུ་དགུའི་ཐུགས་དམ་བསྐུལ་ཏེ། དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས་མོ་སྟེ། །དཔལ་གྱི་བཀའ་ཉན་སྤྲུལ་པའི་འཁོར་སྡུད་མ། །གནས་ནི་རི་མཚོ་བདུན་ན་གནས། །ཆིབས་སུ་སྤྲུལ་བ་མགོ་དགུ་ཆིབས། །དཀར་པོ་དུང་གི་གཡུ་རྡོག་ཅན། །སྐུ་ནི་ཤེལ་རྡོ་གཅག་པ་འདྲ། །ཉི་མའི་ཟེར་བས་ཤིན་ཏུ་འཛེར། །ཟླ་བའི་འོད་བས་དཀར་ལ་གསལ། །སྐུ་ཡི་འོད་ཀྱིས་སྟོང་ཁམས་ཁྱབ། །ཞལ་ནས་འཇིགས་པའི་སྐར་མདའ་འཕྲོ། །སྐུ་ནི་དཀར་མོ་ཆེན་མོ་ལ། །སྲིན་པའི་གནམ་ནི་གོས་སུ་རྒྱན། །གྲགས་པའི་ས་ནི་སྟན་དུ་བཏིང་། །ཁམས་གསུམ་འཇིག་རྟེན་ཕང་དུ་ཁྱེར། །ཉི་ཟླ་ཀུན་ཀྱང་ཁྱུར་མིད་བྱེད། །སྲིད་པ་གསུམ་ནི་སྐུ་ལ་རྫོགས། །ཉི་མའི་དཀྱིལ་མདངས་སྤྱན་ནས་འཆར། །ཟླ་བའི་རྨ་མདངས་ཞལ་ནས་འཆར། །ལག་ན་རི་རབ་རྩ་དགུ་གསོར། ཁེན་ཏུ་མི་ཟད་ག་་ཆེན་མ། །དགུ་ཚིགས་གཞུ་རུ་གདུང་བ་མོ། །སྐར་ཆེན་མདའ་རུ་འཕེལ་པ་མོ། །དགྲ་སྙིང་ཕུར་གྱི་འདེངས་པ་མོ། །ཆེ་ཞེ་མ་སར་དབང་ཕྱུག་མ། ཁྲ་ཁྲག་དམར་གྱི་དྲི་བསྣམ་མ། །ལེགས་ཉེས་ཀུན་གྱི་ལྟང་འཛིནམ། །དམཚིགཉམསཔའིརྗེས་གཅོད་མ། །ཐོག་དང་སེར་བ་ཞལ་ནས་འཐོར། །སྦྲུལ་ནག་སྟོང་གི་ཞགས་པ་འཕེན། །ཟླ་བ་ཚེས་པའི་སྤྱན་ཟུར་གཟིགས། །དགྲ་བོ་དམ་ཉམས་ཀུན་གྱི་གཤེད་མར་ཞལ་འཆེས་མ། །དཀར་མོའི་རྒྱལ་མོ་གཤེགས་སུ་གསོལ། །གཡས་ན་གིང་ཆེན་བཅོ་བརྒྱད་འགྱེད། །གཡོན་ན་གིང་ལྕམ་བཅུ་གཉིས་འགྱེད། །གིང་གི་རྒྱལ་མོར་གཤེགས་སུ་གསོལ། །གནས་ནི་ཤར་གྱི་ཕྱོགས་ན་གནས། ཁུ་ནི་བར་སྣང་ཁམས་སུ་རྒྱུ། །བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས། །ལས་སུ་དགྲ་བོའི་སྙིངའབྱིན་ཅིང་། །ཟས་སུ་དགྲ་བོའི་ཙིསྟ་ཟ། །སྐོམ་དུ་སྙིང་ཁྲག་དྲོན་མོ་འཐུང་། །བཅོལ་བའི་འཕྲིན་ལས་གྲུབ་པར་མཇོད། །ད་ནི་སྲིད་པའི་བུ་མོ་བསྐུལ་ཏེ། །གངས་དཀར་རྩེ་ལ་གནས་པ་མོ། །ལས་སུ་བཅོལ་ན་ཀུན་ཀྱང་བསྒྲུབ། །ཉིན་མོ་རྡོ་རྗེ་དམ་ཚིག་ཅན། །མཁའ་ལ་དབང་སྒྱུར་དབང་མོ་ཆེ། །ནམ་མཁའ་དབང་སྒྱུར་མཐུ་མོ་ཆེ། །དཀྱིལ་་འཁོར་དབང་སྒྱུར་བྱིན་མོ་ཆེ། །དམ་ཚིག་དབང་སྒྱུར་རྫུ་འཕྲུལ་ཅན། །སྨུག་ནག་ཆེན་མོ་དབུ་ལྔ་ལ། །ཙིསྟ་སྟོང་གིས་མངའ་བདག་མོ། །སྐུ་ལ་ན་བཟའ་ཅི་གསོལ་ན། །ན་བཟའ་ལེ་བརྒན་འབར་པ་གསོལ། །གཙོས་ཆེན་སྟོང་གི་ལ་དབུས་ཀླུབས། །ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ། །ཕྱག་ན་འདྲིལབའིམཆོགཕུརབསྣམས། །དགྲ་བགེགས་སྙིང་ལ་གཟེར་འདེབས་མ། །ཞལ་ནས་སྒྲ་སྒྲོགས་འགྲུག་ཆེན་ལྡིར། །གནམ་ལ་དབྱར་དགུན་མཚམས་ཁྱད་འབྱེད། །དེ་ཕྱིར་སྲིད་པའི་བུ་མོ་བྱའོ། །ཕྱག་ན་ཐོག་བསྣམས་དགྲ་སྙིང་སྲེག །ཐུགས་ནི་དགྲ་བོའི་ཙིསྟ་རློམ། །དེཕྱིརཙིསྟའི་བདག་མོ་ས་བྱའོ། །སྤྱན་ནི་སྟོང་ཁམས་ཁྱབ་པར་གཟིགས། །སྲིད་པའི་འཇིག་རྟེན་བྱ་ར་མཛོད། །དེ་ཕྱིར་སྲིད་པའི་བུ་མོས་བྱའོ། །ནམ་མཁའ་སྟོང་ལ་དབང་སྒྱུར་མ། །དཔྱིད་ཟླ་གསུམ་ལ་རྒྱུ་བའི་དུས། །རླུད་དང་ཚུབ་མའི་སྣ་འདྲེན་མ། །རྩི་ཤིང་ཀུན་དང་ནི་གསིང་གཡོ། །དེ་ཕྱིར་སྲིད་པའི་བུ་མོས་བྱའོ། །དབྱར་ཟླ་གསུམ་ལ་རྒྱུ་བའི་ཚེ། །ཐོག་དང་སེར་བའོ་གདོང་འདྲེན་མ། །ཆུ་བོ་ཀུན་གྱི་གཞུང་འདྲེན་མ། །ཆུ་ཕྲན་ཀུན་གྱི་མདོག་འབྱིན་མ། །མེ་ཏོག་ཀུན་གྱི་འོད་ལེན་མ། །སེམས་ཅན་གཞོན་པའི་མདངས་འཕྲོག་མ། །དེ་ཕྱིར་མདངས་བདག་བུ་མོས་བྱའོ། །སྟོན་ཟླ་གསུམ་ལ་རྒྱུ་བའི་དུས། །བཞུགས་ནི་རི་རབ་ཟོམ་ལ་བཞུགས། །གསེར་གྱི་སྐྱོགས་གཡུའི་པྲ་ཞིང་། །ཅན་འབྲས་བུ་ལོ་ཏོག་བ་་ལེན་མ། །ལོ་ཐོག་འབྲས་བུ་སྲིད་པས་བསྐྱེད། །དེ་ཕྱིར་སྲིད་པའི་བུ་མོས་བྱའོ། །དགུན་ཟླ་གསུམ་ལ་རྒྱུ་བའི་དུས། །བཞུགས་ནི་ས་ཡི་འོག་ན་བཞུགས། །ལག་ན་ཕྱག་རུམ་མདུང་ཙམ་ཐོགས། །ཐམས་ཅད་སྡོམས་པའི་མངའ་མཛད་མ། །དེ་ཕྱིར་སྲིད་པའི་བྱ་མའི་བྱའོ། །ཐེའུ་རང་ཧས་པོས་དབང་སྒྱུར་མ། །སྲིད་པའི་བུ་མོ་ཐུགས་དམ་ཅན། །དམ་ཚིག་དུས་ལ་བབ་ཀྱིས་འཕྲིན་ལས་མཛོད། །ད་ནི་དུར་ཁྲོད་ཀྱི་བདག་མོ་ཐྲི་ཙ་མུན་ཏྲ་བསྐུལ་ཏེ། དུར་ཁྲོད་ལྷ་མོ་ཐྲི་ཙ་མུན་ཏྲ། །སྐུ་མདོག་དམར་སེར་ཆེན་མོ་ལ། །སྤྲུལ་པ་མཐིང་ནག་ཆས་ཀྱིས་བརྒྱན། །ཡར་ལྟས་གནམ་གྱི་ལྷ་རྒྱལ་མམ། །མར་ལྟས་ས་ཡི་ཀླུ་རྒྱལ་མ། ཆིབས་སུ་སྤྲུལ་བ་རླུད་ནག་ཆིབས། །ན་བཟའ་གོས་སུ་ནག་པོ་གསོལ། །ཞལ་ནས་རྫི་བ་འབུད་པ་མོ། །གཡས་ན་ཟངས་ཀྱི་རྒྱུ་ཞགས་ཐོགས། །གཡོན་ན་སྲོག་སྙིང་གཅོད་པའི་ཕྱག །སྡང་བ་དགྲ་བོ་དྲང་ཞིང་ཁུག །རླུད་ལྷའི་ཕྱོགས་ནས་ཕོ་ཉ་འགྱེད། །སྤྲུལ་པ་ཤ་ཞོན་མང་པོ་འགྱེད། །མཐིང་ནག་ཆེན་མོ་རལ་པ་ཅན། །ཟ་བྱེད་རྡོ་རྗེ་ཐོག་འབེབས་ཤིང་། །རླུད་དང་སེར་བུ་ཆིབས་སུ་ཆིབས། །སྐུ་ལ་མི་བཟད་འབར་བས་བརྒྱན། །ཟས་སུ་སེམས་ཅན་གསོན་པོ་ཟ། །ཆེ་ཞེ་ཆེན་མོ་སྐུ་གཅིག་མར། །ཟས་སུ་སེམས་ཅན་སྟོང་ཟ་མ། །སྲིད་པ་ཟ་བྱེད་སྐྱེ་ཤི་རྩད་ག་ཅོད་མ། །ཁམས་གསུམ་འཇིག་རྟེན་སྟོང་བར་སྒྲོལ་མཛད་མ། །ཁམ་གསུམ་ཟ་བར་དམ་བཅས་སྲིད་པར་བས་གཅོད་མ། །བསྟན་པ་འཇིག་པའི་དགྲ་བོ་ནག་པོ་ལགས། །ལས་ཀྱི་ཐུན་ཅིག་དབབ་ཏུ་གསོལ། །དུག་གི་ཁ་ཆུས་གདབ་ཏུ་གསོལ། །སྒྲོལ་བྱེད་ཆེན་མོའི་དུས་ལ་བབ། །བསྒྲུབ་པའི་དུས་སུ་མཚང་ཟུ་ཞིང་བསྐུལ་བས། །བསྐུལ་ཚིག་ལེའུ་སྟེ་བཅུ་བཞི་པའོ།། །།དཀྱིལ་འཁོར་གྱི་དབུས་སུ། །དུས་གསུམ་ཡེ་ཤེས་ལྔ་ལྡན་ཀ་པ་ལའི་ནང་དུ། །དྲི་ཆེན་དང་། ཁྱི་དཀར་པོའི་རུས་བུ་དང། ཙིསྟཆགཅིགགིས། །རྣམ་པར་སྣང་མཛད་ཀྱི་ཐུགས་དམ་བསྐང་ངོ་། ཁྲར་གྱི་ཕྱོགས་ཀྱི་འཁོར་ལོ་ལ། །སྐུ་གསུང་ལྷུན་གྲུབ་རྡོ་རྗེ་ཀ་པ་ལའི་ནང་དུ། །རྟ་སྔོན་པོའི་འབྲས་བུ་ཆ་གཅིག་དང་། །བྱང་ཆུབ་སེམས་ཆ་གཅིག་གིས། །རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་ངོ་། ལྷོ་ཕྱོགས་ཀྱི་འཁོར་ལོ་ལ། །ཡོན་ཏན་ཚོགས་རྫོགས་རྡོ་རྗེ་ཀ་པ་ལའི་ནང་དུ། །གླང་པོ་ཆེའི་འབྲས་བུ་ཆ་གཅིག་དང་། །ཙིསྟ་ཆ་གཅིག་གིས། །རིན་ཆེན་འབྱུང་ལྡན་གྱི་ཐུགས་དམ་བསྐང་ངོ་། །ནུབ་ཕྱོགས་ཀྱི་འཁོར་ལོ། །མཚན་མེད་སྤྲོས་བྲལ་རྡོ་རྗེ་ཀ་པ་ལའི་ནང་དུ། རྨ་བྱའི་འབྲས་བུ་ཆ་གཅིག་དང་། བུད་མེད་ཀྲ་སེར་ལ་ལི་རག་ཏ་ཆ་གཅིག་གིས། །སྣང་བ་མཐའ་ཡས་ཀྱི་ཐུགས་དམ་བསྐང་ངོ་། །བྱང་ཕྱོགས་ཀྱི་འཁོར་ལོ་ལ། །དུག་གསུམ་གཏན་སྲུགས་རྡོ་རྗེ་ཀ་པ་ལའི་ནང་དུ། ་ང་ཤང་གི་འབྲས་བུ་ཆ་གཅིག་དང་། །དྲི་ཆུ་དང་། །ཅི་ཡང་རུང་བའི་གློ་དང་། །མཆེར་བ་དང་། །ཙིསྟ་ཆ་གཅིག་གིས། །དོན་ཡོད་གྲུབ་པའི་ཐུགས་དམ་བསྐང་ངོ་། །དེ་ནས་མ་མོ་རྣམས་ཀྱི་ཐུགས་དམ་བསྐང་བ་ནི། །མཚོ་སྨན་ཡེ་ཤེས་སྐུ་ལས་བསྐྱེད་བ་ལགས་ཏེ། །དེའི་ཐུགས་དམ་བསྐང་བ་ནི། ཀུ་ཀུར་ནག་པོ་ཤེལ་མིག་དང་། །ལུག་ཆུ་གམ་དང་། རྨ་བྱའི་མདོངས་ཀྱིས་བསྐང་ངོ་། །དཀར་མོ་དབུ་དགུ་མ་བྱང་ཆུབ་སེམས་ལས་བསྐྱེད་པ་ལགས་ཏེ། གཙོ་བོ་ཉིད་ཀྱི་ཐུགས་དམ་ཆོས་ཉིད་ཀྱི་ལྟ་བ་དང་། ལུང་དང་མན་ངག་གི་ཆོས་དང་། ཁེལ་དཀར་མོ་སྨིན་དམར་དང་། ཀུ་ཀུར་དཀར་པོས་བསྐང་ངོ་། །སྲིད་པའི་བུ་མོ་གསང་བའི་རྡོ་རྗེའི་དྲི་ཆུ་ལས་བསྐྱེད་པ་ལགས་ཏེ། དེའི་ཐུགས་དམ་བསྐང་བ་ནི། །ཀུ་ཀུ་ར་གཙོས་ཀ་ཤེལ་མིག་དང་། ལུག་སྨུག་ཆགས་ཀྱི་ཐུགས་དམ་བསྐང་ངོ་། །ཙ་མུན་ཏྲ་གོ་རོ་ཙ་ན་ལས་བསྐྱེད་པ་ལགས་ཏེ། དེའི་ཐུགས་དམ་བསྐང་བ་ནི། ལུག་ནག་མོ་སྤྱི་དཀར་དང་། །བྱ་ནག་མོ་གསེར་མིག་དང་། ཤ་ཆེན་གྱི་གཏོར་མ་དང་། ཚིལ་ཆེན་གྱི་མེ་མར་དང་།གསུང་ཆེན་གྱི་དུད་པས་རྒྱུན་མ་ཆད་པར་གཏང་ལ་བསྐང་ངོ་། །ཙིསྟ་པེའུ་ཤིང་བསྐང་ཚད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།གསང་བའི་བསྙེན་པ་རྫོགས་པ་དང་། །དབང་དང་ལྡན་པའི་སློབ་དཔོན་ལ། །སློབ་མ་གུས་དང་ལྡན་པར་ལ། །ལག་ཏུ་རིན་ཆེན་གསེར་ཐོགས་ནས། དབང་ཉིད་གསེར་གྱིས་བླུ་བར་བྱའོ། །སློབ་དཔོན་ཕྱག་ན་རྡོ་རྗེ་ཡིས། །རྡོ་རྗེ་དྲིལ་བུ་ཐོགས་ནས་ཀྱང་། །འཕྲིན་ལས་རྣམ་བཞིའི་དབང་བསྐུར་རོ། །སློབ་དཔོན་འཇམ་དཔལ་གཞོན་ནུ་ཡིས། །ཕྱག་ན་པོ་ཏི་བསྣམས་ནས་ཀྱང་། །གུས་དང་དད་ལྡན་སློབ་མ་ལ། །གཉན་བྱེད་འཁོར་ལོའི་དབང་བསྐུར་རོ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཁྲིའུ་དང་ཆགས་ཤིང་ཐོགས་ནས་ཀྱང་། །སྡེ་སྣོད་འཆད་པའི་དབང་བསྐུར་རོ། །སྟོན་པ་མངོན་རྫོགས་རྒྱལ་པོ་ཡིས། །ལག་ཏུ་བན་དྷ་ཐོགས་ནས་ཀྱང་། །གསང་སྔགས་བསྒྲུབ་པའི་དབང་བསྐུར་ཏེ། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་རོ། །གདུགས་ལྟར་སྤྱི་ནས་འགེབས་པའི་སློབ་དཔོན་གྱིས། །བསྒྲུབ་པའི་དཀྱིལ་འཁོར་མཐའ་ནས་བསྡུས། །རྫས་དང་ལག་ཆ་བཀྲམ་པ་རྣམས། །དབུས་ཀྱི་རན་དྷ་བཞི་རུ་བསྡུ། །མ་མོ་སུམ་བརྒྱ་དྲུག་ཅུ་ཡང་། །ཡང་གབ་དབང་གི་རྒྱལ་པོ་བཞི་རུ་བསྡུས། །བན་དྷ་བཞི་ཡིས་དབང་བསྐུར་བས། །ཡང་གབ་བཞི་ཡི་དབང་ཆེན་རྫོགས། །སྤྱི་ཏི་ཁ་ལ་མ་མུ་ཏྲ་ས་མ་ཡ་ཏི་སྟ་ཙཀྲ་རྒྱན་བྲུ༷། རག་ཤ་མོ་རག་ཤ་མ་ཤུན་ཏི་སྟ་ཙཀྲ་རྒྱན་བྲུ༷། ཁ་ར༷་རག་ཤ་མ་ས་མ་ཡ་ཏི་སྟ་ཙཀྲ་རྒྱན་བྲུ༷། དབང་གི་རྒྱལ་མོ་བཞིས་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་རྫོགས་པར་གྱུར་ཅིག །དབང་གི་ཏན་ཏྲའི་ལེའུ་སྟེ་བཅུ་དྲུག་པའོ།། ད་ནི་ཐུན་གྱི་གྲུབ་རྟགས་བསྟན་ཏེ། ཐོད་པའི་ཁྲག་དཀར་དམར་དུ་འདྲེས་པས་ཡབ་ཡུམ་གཉིས་སུ་མེད་པའི་དངོས་གྲུབ་པ་ཡིན་ནོ། །ཁྲག་དེ་སྦོས་ན་སྒྲིབ་པ་ཡོད་པས་བཤགས་པ་བྱའོ། །ཐོད་པ་འགུལ་ཞིང་འདྲེག་ན། །ཕོ་ཉ་རྣམས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཁོལ་ཞིང་རླངས་པ་བྱུང་ན། །ཁྲོ་བོ་ཞེ་སྡང་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ལས་མདོག་ནག་པོར་གྱུར་ན། ཆོས་ཀྱི་དབྱིངས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ནོ། །གྲུབ་པ་ལྟས་ཀྱི་ལེའུ་སྟེ་བཅུ་བདུན་པའོ། ་༑།།རྒྱ་གར་སྐད་དུ། ཤི་དེ་ཝི་མ་ཧྭ་ཀ་ལི་ཙིསྟ་གུ་གྱེ་ཏརྙ། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་ཐུགས་ཀྱི་སྲོག་བསྒྲུབ་གསང་བའི་རྒྱུད། །བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཛིན་པ་ཆེན་པོ་སྲས་དངའཁོར་དུ་བཅས་པ་རྣམས། །བཙུན་མོའི་བྷ་ག་མཁའ་ཀློང་རྣམ་པར་དག་པ་ན་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་དང་། །གཞན་ཡང་བདུད་ཀྱི་མ་གཤིན་རྗེའི་སྲིང་མོ་དཔལ་ལྷ་མོ་ནག་མོ་ཞེས་བྱ་བ། །རང་བཞིན་གྱི་དཀྱིལ་འཁོར་མཐོང་ཞིང་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་དུ་དམས་པ། །ད་ལྷའི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པའི་བསྲུང་མར་སྨོན་ལམ་བཏབ་པ། །དུས་ཕྱི་མ་ལ་སངས་རྒྱས་ཀྱི་ས་ལ་སྨིན་ཅིང་ལུང་བསྟན་པའི་སྨོན་ལམ་ཅན་དང་ཐབས་ཅིག་ཏུ་བཞུགས་སོ། །གཞན་ཡང་རང་བཞིན་གྱི་དཀྱིལ་འཁོར་མ་མཐོང་བ་ནི། །བརྒྱ་བྱིན་དང་། །ཚངས་པ་དང་། གཤིན་རྗེ་དང་། སྲིན་པོ་དང་། །ཤ་ཟ་དང་། གནོད་སྦྱིན་དང་། མ་མོ་ནག་མོ་དང་། །ལྷོ་འཕྱེ་དང་། །གྲུལ་བུམ་དང་། །དྲི་ཟ་དང་། །མི་འམ་ཅི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། །མ་མོ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། མཁའ་འགྲོ་མའི་བདག་མོ་དཔལ་ནག་མོ་ལ་སོགས་པ་རྣམས་དང་ཐམས་ཅད་ཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་གསང་བའི་བདག་པོ་ལག་ན་རྡོ་རྗེ་སྟན་ལས་ལངས་ཏེ། རང་བཞིན་གྱི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བརྒྱ་བྱིན་ལ་སོགས་པ་ཁྱེད་རྣམས་ཀྱིས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། །སྐྱབས་སུ་འགྲོ་བ་དང་། རྣམ་པར་དཀའ་བའི་ཕྱོགས་ལ་དད་པར་གྱིས་ཤིག་ཅེས་སྨྲས་པ་དང་། བརྒྱ་བྱིན་ལ་སོགས་པ་རྣམས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་བཙལ་བ་དང་། མཆོད་པ་འབུལ་བ་དང་། སྐྱབས་སུ་འགྲོ་བ་དང་། །དཀར་པོ་ཕྱོགས་ལ་དད་པ་མོས་པར་བྱས་ཏེ། ཐལ་མོ་སྦྱར་ནས་ཐམས་ཅད་ཀྱིས་མགྲིན་གཅིག་པར་བྱས་ཏེ་འདི་སྐད་དུའོ། །ན་མོ་སངས་རྒྱས་ཀྱི་ཆོས་འཇིག་རྟེན་དུ་རིང་དུ་གནས་ཤིང་རྒྱས་པར་བྱ་བའི་སླད་དུ། བདག་ཅག་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བཙལ་བ་དང་། མཆོད་པ་འབུལ་བ་དང་། །སྐྱབས་སུ་འགྲོ་བ་དང་། དད་པ་དང་། མོས་པ་དང་། ཡིད་ལ་བྱས་པའི་བྱིན་གྱིས་བརླབས་ཀྱིས། །དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་བདག་ཅག་གི་མངོན་དུ་སྣང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། དེའི་མོད་ལ་དེ་བཞིན་གཤེགས་པ་སྲས་དང་འཁོར་དུ་བཅས་པ་རྣམས་མངོན་དུ་སྣང་བར་གྱུར་ཏོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་རྣམས་དགའ་བ་དང་སྤྲོ་བ་སྐྱེས་ནས། ལྷའི་མེ་ཏོག་མརྙ་ར་བ་དང་། མེ་ཏོག་སྣ་ཚོགས་པས་མཆོད་ཅིང་རྒྱན་གྱི་ཆར་ཆེན་པོ་མངོན་པར་ཕབ་བོ། །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་སྨྲས་སོ། །བརྒྱ་བྱིན་ལ་སོགས་པ་ཁྱེད་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར། དཔལ་ལྷ་མོ་ནག་མོ་ལ་ཞུ་བ་ཞུས་ཤིག །ཅེས་སྨྲས་པ་དང་། བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པའི་འཁོར་རྣམས་ཀྱིས། །དཔལ་ལྷ་མོ་ནག་མོ་ལ་མཆོད་པ་དང་བསྟོད་པ་བྱས་ཏེ་འདི་སྐད་ཅེས། །ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་དུ་གསོལ་ཞེས་སྨྲས་པ་དང་། དཔལ་ལྷ་མོ་ནག་མོས་སྨྲས་པ། །བསྟན་པ་ཞེས་ནི་གང་། །བསྲུང་བ་ཞེས་ནི་ཇི་ལྟ་བུ། །མ་བསྲུངས་ན་ཅི་སྐྱོན་ཅེས་སྨྲས་པ་དང་། །བརྒྱ་བྱིན་ལ་སོགས་པས་སྨྲས་པ། །བསྟན་པ་ཞེས་བྱ་བ་ནི་མདོ་སྡེ་དང་། །འདུལ་བ་དང་། །མངོན་པ་སྟེ། རྒྱལ་བའི་བཀའ་སྡེར་གྱུར་པ་མཐའ་དག་གོ །བསྲུང་བ་ཞེས་བྱ་བ་ནི་འཇིག་རྟེན་ན་ཡུན་རིང་བར་གནས་པ་ལ་བྱ་སྟེ། འཆད་པ་དང་། ཉན་པ་དང་། བསྒོམ་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། །ཚུལ་བཞིན་དུ་ཡིད་ལ་བྱེད་པ་རྣམས་ལ་བར་དུ་གཅོད་པ་རྣམས་བསྒྲལ་ཞིང་ཚར་བཅད་པའོ། །འཆད་པ་ལ་སོགས་པ་བགྲུང་ཞིང་སྐྱོབ་པ་དང་། འཁོར་དང་ལོངས་སྤྱོད་འཕེལ་ཞིང་རྒྱས་པར་བྱའོ། །མ་བསྲུངས་ན་ཅི་སྟེ་མི་སྐྱོན། །དཀོན་མཆོག་གསུམ་གྱི་བཀའ་མི་མཉན། །མི་དང་མི་མ་ཡིན་པ་ལ་སོགས་པས་བར་དུ་གཅོད་ཅིང་། །དེའི་དབང་གིས་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་ཡུན་རིང་དུ་གནས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། །དཔལ་ལྷ་མོ་ནག་མོ་རང་གི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས། ཐལ་མོ་སྦྱར་འདི་སྐད་ཅེས། །བཅོམ་ལྡན་འདས་བདེ་བར་གཤེགས་པ། བདག་གིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། དམ་པའི་ཆོས་མཉན་པར་བྱ་བ་དང་། ཡང་དག་པའི་དགེ་འདུན་བསྲུང་ཞིང་བསྐྱབ་བར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། བྱིན་གྱི་བརླབ་ཏུ་གསོལ་ཞེས་པ་དང་། བཅོམ་ལྡན་འདས་ཀྱིས་སྒྲོལ་བའི་ཡུམ་དུ་བྱིན་གྱིས་བརླབས་ཏེ། དྲག་པོ་འདུལ་བའི་ནུས་པ་དང་ལྡན་པར་བྱ་བའི་ཕྱིར། ཞིང་ཆེན་གྱི་གཡང་གཞིས་དབང་བསྐུར་རོ། །བདུད་དང་སྲིན་པོ་ལས་རྒྱལ་བར་བྱ་བའི་ཕྱིར། གཡུལ་དུ་མཚོན་གྱིས་བསད་པའི་མགོ་འཕྲེང་དང་། །ཐམས་ཅད་བསྒྲལ་ཞིང་བསད་ཀྱང་བག་ཆགས་ཀྱིས་མི་གོས་པའི་ཕྱིར། །རེ་ལྡེ་ནག་པོའི་གོ་ཙོག་དང་། །སྨན་མོ་ཐམས་ཅད་ཟིལ་གྱིས་གནན་པའི་ཕྱིར། །སྙན་ཆ་གཡས་པ་སེང་གེ་དང་། ཀླུ་རྒྱལ་གདན་ལ་དབབ་པའི་ཕྱིར། སྙན་ཆག་གཡོན་ལ་སྦྲུལ་གྱི་གདེངས་ཀ་ད་ང་། ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བའི་ཕྱིར། །ལག་གཡས་སུ་ཀ་ཏ་རི་རྩེ་གསུམ་དང་། ནད་སྣ་སྟོང་གི་རྐྱལ་བ་དང་། སྣོད་བཅུད་ཀྱི་འཇིག་རྟེན་ལ་ཕན་བར་བྱ་བའི་ཕྱིར། །ཐོད་ཁྲག་དང་། སྲིད་གསུམ་རྣལ་འབྱོར་དམ་ཚིག་ལ་གནས་པར་བྱ་བའི་ཕྱིར། །འཕྲུལ་གྱི་མེ་ལོང་དང་། མ་མོ་ཐམས་ཅད་དམ་ལ་གཟུད་བར་བྱ་བའི་ཕྱིར། གཡོན་གྱི་གསེར་གྱི་རྡེའུ་རྣམས་ཀྱིས་དབང་བསྐུར་རོ། །དེའི་ཚེ་འཁོར་བརྒྱ་བྱིན་ལ་སོགས་པ་རྣམས་རབ་ཏུ་འཇིགས་ཤིང་སྐྲག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་མིང་གི་དབང་བསྐུར་བའི་ཕྱིར། །ཨབྱ་རེ་མ་ཏི་ཞེས་བཏགས་སོ། །སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གཉེར་གཏད་དོ། །དཔལ་ཆེན་པོའི་སྤྱན་སྔར་ལྷ་མོ་རེ་མ་ཏིས་རང་གི་སྙིང་པོ་ཕུལ་བ་ནི། །་ག་རག་མའི་དུན་སྨྱོ་འོ། །མ་ཧྭ་ཡཀྟ་ཏིསྩ་ནག་མོ་དུན་སྦྱོ། ཞེས་བྱ་བ་བསྙེན་པའི་སྙིང་པོ་དང་། གཞན་ཡང་མ་མ་སྒག་ཏཀྟ་རེ་མ་ཏེ། སྙིང་ཀ་རག་ཙིསྟ་ཙ་པ་ལ་ཨ་ཤུག་མེ་སྨྱོཛ། ཞེས་བྱ་བ་རྩ་བའི་སྙིང་པོའོ། །གཞན་ཡང་རེ་མ་ཏི་ལ་ཤ་ཙ་པ་ཤ་ཙ་པ་ལ་ཛ་ཛ། དུན་དུན་རཀྟ་རཀྟ་མུ་ཏྲ་རུ་ལུ་རུ་ལུ་སྨྱོ། ཞེས་བྱ་བ་གསད་བའི་སྙིང་པོ་རྣམས་ཕུལ་ལོ། །ལྷ་མོ་དེས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་ཏེ་འདི་སྐད་དུ། བཅོམ་ལྡན་འདས་བདག་གིས་སངས་རྒྱས་ཀྱི་རིན་པོ་ཆེ་ལྟ་བུ་མངོན་པ་ལ་སོགས་པའི་སྡེ་སྣོད་གསུམ་ལ། གང་ཞིག་མོས་ཤིང་དད་པ་ཡི་རང་བའི་གང་ཟག་དེ་ལ་བཟུང་ཞིང་བསྐྱབ་པར་བགྱིའོ། །གང་ཞིག་འཆད་པ་དང་། ཉན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེའི་སྦྱོར་བ་ངན་པ་བསལ་བར་བགྱིའོ། །གང་བསྒོམ་པ་དང་། བསྒྲུབ་པ་དང་། ཉམས་སུ་ལེན་པ་དེ་དག་གི་གིང་དང་ཕོ་ཉ་དུས་རྟག་ཏུ་བགྱིའོ། །དེ་ལྟར་བདག་གིས་དམ་བཅས་པ་ལྟར་མ་བགྱིས་ན། བདག་གིས་ད་ལྟ་ཉིད་དུ་བཅོམ་ལྡན་འདས་བསླུས་པ་ལགས་སོ། །དེའི་དབང་གིས་རང་གི་སྲོག་གི་སྙིང་པོ་མེ་འབར་ནས་ལུས་སྲོག་ཐལ་བ་བཞིན་དུ་ཚིག་པར་གྱུར་ཏེ། མནར་མེད་བའི་སེམས་ཅན་དམྱལ་བ་ཆེན་པོར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ཅིང་མནས་བོར་རོ། །དེ་ནས་དཔལ་ལྡན་ལྷ་མོ་ནག་མོ་དེས་དབང་དང་བྱིན་རླབས་ཐོབ་ཅིང་དམ་ཚིག་ཅན་དུ་གྱུར་བའི་ཚེ། བརྒྱ་བྱིན་ལ་སོགས་པའི་འཁོར་རྣམས་ཀྱིས་རང་རང་གི་རྒྱན་དང་ལག་ཆ་ཕུལ་ཏེ། འདི་ལྷར་བརྒྱ་བྱིན་གྱིས་རྡོ་རྗེ་ཕུལ་ལོ། །དཔལ་ཚངས་པས་རྨ་བྱའི་རྒྱལ་མཚན་དང་།ཁྱབ་འཇུག་གིས་ཉི་མ་དང་ཟླ་བའི་རྒྱལ་མཚན་དང་། རྣམ་ཐོས་ཀྱི་བུས་སེང་གེའི་རྒྱལ་མཚན་དང་། ནམ་མཁའི་ལྷ་བྲན་གྱིས་དྲིལ་བུ་དང་། ཀླུའི་རྒྱལ་པོ་རྣམས་ཀྱིས་སྦྲུལ་གྱིས་གདེངས་ཀ་དང་། ས་བདག་པ་ལས་སྟག་གི་རྒྱལ་མཚན་དང་། སྲིན་མོ་དང་ཤ་ཟ་མོ་རྣམས་ཀྱིས་ཐོད་པའི་འཕྲེང་བ་དང་། ཁྲག་དང་། ཞག་གི་ཡོ་བྱད་དང་། དཔལ་ནག་མོ་ཆེན་མོས་མདུང་ཕུལ་ལོ། །དེ་དག་ལ་སོགས་པའི་འཁོར་རྣམས་ཀྱིས་རང་རང་གི་རྒྱན་དང་། ཡོ་བྱད་དང་། ལག་ཆ་ལ་སོགས་བ་ཕུལ་ཏེ། དཔལ་ལྷ་མོ་ནག་མོ་ལ་བསྟོད་པའི་རྒྱལ་པོ་རྣམས་ཀྱིས་ཀྱང་བསྟོད་དོ། །ལྷ་མོ་ནག་མོ་དེ་ཡང་སྲིད་པ་གསུམ་ན་འགྲན་ཟླ་མེད་པའི་མཐུ་རྩལ་ཅན་དུ་གྱུར་ཏོ། །དཔལ་ལྷ་མོ་ནག་མོའི་ཙིཏི་གསང་པ་ཞེས་བྱ་བའི་རྒྱུད་ལས། གླེང་གཞིའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །།དེ་ནས་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདེ་བར་གཤེགས་པ། བདེ་གཤེགས་ཀྱི་བསྟན་པ་ཡུན་རིང་དུ་གནས་བར་བགྱི་བའི་སླད་དུ། དཔལ་ལྷ་མོའི་ཏིང་ངེ་འཛིན་དང་། སྤྱན་དྲངས་ཤིང་མཆོད་པའི་སྔགས་དང་། དེའི་རྟེན་གཟུགས་བརྙན་དང་།བོད་པ་དང་། རྦད་པ་དང་། གསད་པ་དང་། བསྒྲུབ་པ་དང་། རྒྱུན་གྱི་སྔགས་རྣམས་བཏུབ་དང་། བསྒྲུབ་པའི་དཀྱིལ་འཁོར་དང་། ལས་ཀྱི་དཀྱིལ་འཁོར་དང་། བསྒྲུབ་པའི་རྫས་དང་། ལས་ཀྱི་རྫས་དང་། ཕུར་པ་གདབ་པ་དང་། མཚོན་གྱིས་ག་་ཅིང་སྦྱིན་སྲེག་བྱ་བ་དང་། ཐུན་ཟོར་འཕང་བ་དང་། མནན་པ་བྱ་བ་དང་། སེར་བ་དབབ་པའི་ལས་རྣམས་བསྟན་དུ་གསོལ། །ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ། གསང་བའི་བདག་པོ་ལྷ་མོའི་ཏིང་ངེ་འཛིན་ནི། ཡ༷་བ་ར་ར༷། ཨག་ནེ་ཛ་ལ་ར༷། ཞེས་མེ་རླུད་གི་དབུས་སུ་ཐོད་པའི་གཞལ་ཡས་ཁང་བསྐྱེད་པ་ནི། སྒྱུ༷་བི་ཤ་བི་ཤུ་རྙེ་ཀ་པ་ལ་ཧུ༷། དེའི་ནང་དུ་གོ་ར་ཏི་ག་ར་པ་ཏ་ཧུ༷། ཞེས་པས་ལྕགས་ཀྱི་དྲིའུ་རྟ་བསྐྱེད་དོ། །དེའི་སྒ་གོང་དུ་ཡི་གེ་མའི་འཕྲེ་འདུས་ལས། ཨོ་ནག་པོ་དུན་ཏིང་ལ༷་དུན་ཏིང་སྨྱོ། ཞེས་ལྷ་མོ་ནག་མོ་ནི་སྐུ་མདོག་མཐིང་ནག་དབུ་སྐྲ་གཡས་ནས་གཡོན་དུ་འཁྱིལ་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་རྩ་དམར་ལ་སྡང་མིག་ཏུ་བལྟ་བ། ཞིང་ཆེན་གྱི་གཡང་གཞི་དང་། སྟག་གི་ཤམ་བུ་དང་། སྦྲུལ་གྱི་སྐ་རག་དང་། ཐོད་པའི་འཕྲེང་བ་ཅན།གཡས་གཉིས་ན་ཀ་ཏ་རི་དང་ནད་སྟོང་གི་རྒྱལ་བུ་བསྣམས་པ། གཡོན་ན་ཐོད་པའི་རག་ཏ་དང་འཔྲུལ་གྱི་མེ་ལོང་བསྣམས་པའོ། །ནག་མོ་ཙིསྟ་གསང་བའི་རྒྱུད་ལས། ཏིང་ངེ་འཛིན་གསང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། སྤྱན་དྲངས་ཤིང་མཆོད་པའི་སྔགས་འདི་གསུངས་སོ། བདག་ཉིད་གདེང་དང་ལྡན་པ་ཡིས། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་སུ། སྤྱན་དྲངས་བཞུགས་སུ་གསོལ་བ་དང་།མཆོད་པ་འབུལ་ཞིང་གཏོར་མ་གཏང་། །ཨོ་ནག་མོ་དུརྙིང་ལ༷་མ་མ་དུན་སྨྱོ། ཛ་ཧུ༷་བ༷་ཧོ། ནག་མོ་དུན་སྨྱོ། ཨོ་ཨ༷་ཧུ༷། ས་མ་ཡུ་ཨེ་ཧ་ཧེ། ཛ་ཨ་ར་ལི་ཧུ༷་ཧྲིང་ཧྲིང་། རཀྟ་མ་ཧི་ཀུ་ལང་པདྨ་ས་མ་ཡུ་ཏིཁྱི་ལྷན། ནག་མོ་ས་ན་ཏ་སརྙ་གུ་ལུ་གུ་ལུ་ཧ་ཧ་ཧ་མཧྭ་མ༷་ས། མ་ཧྭ་རཀྟ། མཧྭ་པརྩི་ཨ་མྲི་ཏ་ཁ་ཁ་ཁུ་ཧི་ཁུ་ཧི། བུན་ཛ་ཧི་བི་བ་ཏེ་ས་མ་ཡ་སྲུཧྭ། ཞེས་སྤྱན་དྲངས་ཤིང་གཉིས་སུ་མེད་པར་བསྟིམ་ལ། གཏོར་མ་འབུལ་བར་བྱའོ། །ནག་མོ་ཙིསྟ་གསང་བའི་རྒྱུད་ལས། སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་མཆོད་པ་འབུལ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བསྙེན་པའི་རྟེན་གཟུགས་བརྙན་འདི་གསུངས་སོ། །དམིགས་པའི་རྟེན་གྱི་གཟུགས་བརྙན་ནི། །འདྲི་མཁན་གསང་ཐུབ་དམ་ཚིག་ཅན། །དབེན་པའི་གནས་སུ་སོང་ནས་སུ། །དུར་ཁྲོད་རས་ལ་མ་མོ།འི་སྐ། ཚོན་གྱིས་ལེགས་པར་བྲི་བར་བྱ། །མཐིང་ནག་ཞལ་གཅིག་ཕྱག་བཞི་མ། ཁ་བགྲད་མཆེ་གཙིགས་སྤྱན་རྩ་དམར། ཞིང་གི་གོ་ཟུ་སྟག་རྣ་ཅན། སྦྲུལ་གྱི་སྐེ་རག་ཐོད་འཕྲེང་ཅན། །རྩ་བའི་ཕྱག་ནི་གཡས་གཡོན་ན།་།ཀ་ཏ་རི་དང་ཐོད་ཁྲག་བསྣམས། །གཡས་གཡོན་གཉིས་ཀྱི་འོག་མ་ན། །ལྕགས་ཀྱི་ཕུར་འདྲིལ་སྦྲུལ་ཞགས་འཕེན། །དྲི་འུའི་སྟན་ལ་ཁྲོས་པའི་གཟུགས། །དུར་ཁྲོད་ཆེན་པོའི་དབུང་་གནས་པར། །བྲིས་ནས་དབང་བསྐུར་མཆོད་པ་འབུལ། །བསྙེན་པའི་གསང་སྔགས་འབུམ་འབུམ་དབུལ། །ཞེས་གསུངས་སོ། །ནག་མོ་ཙིསྟ་གསང་བའི་རྒྱུད་ལས། །གཟུགས་བརྙན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འང་་་དཔལ་རྡོ་རྗེ་འཛིན་པ་ཆེན་པོས་གསང་སྔགས་འདི་དག་བྱིན་གྱིས་བརླབ་ཅིང་བཏུ་བ་མཛད་དོ། །ཐོག་མར་ཡི་གེ་ཐམས་ཅད་ནི། །མིང་མེད་བརྗོད་མེད་ཐམས་ཅད་བྲལ། །སྒྲ་ཡི་རྣམ་པ་གང་ལ་ཡོད། །དམིགས་མེད་གདོད་ནས་རྣམ་པར་དག །དོན་དམ་ཡི་གེ་ཨ་ཞེས་བྱ། །སེམས་ཅན་ལས་དང་སྨོན་ལམ་གྱིས། །སྟོབས་ལས་ཀུན་རྫོབ་ཡི་གེ་བྱུང་། །ཨ་ཨུ། ཨི་སྙི། ཨུ་ཨུ། རེ་རྡི། ལི་སྙི། ཨེ་ཞི། ཨོ་ཨཱོཾ། ཨ༷་ཨུ། ཀ་ཁ་ག་བྷ་ང་།ཙ་ཚ་ཛ་རྙོ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་བྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྟ། དེ་ལས་བྱུང་བའི་སྔགས་རྣམས་ནི། མ་ནོར་གསལ་བ་འདི་ཡིན་ནོ། །ལྔ་པའི་ལྔ་པ་ལན་གཉིས་གཞག །དེ་འོག་བཞི་པའི་དང་པོ་ལ། དྲུག་པའི་གཉིས་པས་བརྒྱན་ལྡན་ཞིང་། །དང་པོའི་གསམ་པ་དེ་རུ་སྦྱར། །དེ་འོག་དྲུག་པའི་གཉིས་པ་དང་། །དང་པོའི་གསུམ་པ་སྦྱར་ནས་སུ། །དེ་མཐར་བདུན་པའི་དང་པོ་བཞག །དྲུག་པའི་གཉིས་པ་གཙུག་གི་རྒྱན། །དེ་འོག་ལྔ་པའི་ལྔ་པ་བཞག །བཞི་པའི་དང་པོ་དབྱངས་གསུམ་ལྡན། །བདུན་པ་ཡི་ནི་གསུམ་པ་ལ། །གཉིས་པའི་ལྔ་ལས་རྒྱན་ལྡན་ཞིང་། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །དེ་ལ་དང་པོའི་ལྔ་པ་སྦྱིན། །དེ་འོག་དང་པོའི་གཉིས་པ་གཞག །དྲུག་པ་ཡིན་གཉིས་པ་དང་། །དང་པོ་ཡི་ནི་གསུམ་བར་སྦྱོར། །གཉིས་པའི་དང་པོ་དབྱངས་གསུམ་ལྡན། །དེ་མཐར་བཞི་པའི་དང་པོ་གཞག །དེ་མཐར་གཉིས་པའི་དང་པོ་དང་། །ལྔ་པའི་དང་པོ་སོ་སོར་གཞག །དེ་འོག་དྲུག་པའི་གསུམ་པ་གཞག །དེ་འོག་དབྱངས་ཀྱི་ངོ་བོ་ཉིད། །བདུན་པ་ཡི་ནི་དང་པོ་ལ། །དབྱངས་ཀྱི་ལྔ་པ་བརྒྱན་ལྡན་ཞིང་། །དང་པོའི་གསུམ་པ་དེ་ལ་སྤྱིན། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངསཡིགབཅུགཅིགབརྒྱནལྡན་ཞིང་། །ལྔ་བ་ཡི་ནི་བཞི་པ་ལ། །འོག་ནས་དྲུག་པའི་དང་པོས་མཛེས། །དབྱངས་ཡིག་བཅུ་གསུམ་བརྒྱན་དང་ལྡན། །གཉིས་པ་ཡིན་ནི་གསུམ་པ་ལ། །དབྱངས་གཉིས་རྒྱན་དང་ལྡན་པ་ནི། །སྔགས་ཀྱི་མཐའ་རུ་གཞག་པར་བྱ། །འདི་ནི་རྩ་བའི་སྙིང་པོ་སྟེ། རང་དབང་མེད་པར་སྲོག་ནས་འདྲེན། །དེས་ན་རྒྱུད་འདི་སྦེད་པའི་ཐུགས། །ཙིཏི་གསང་བ་ཞེས་བྱའོ། །འབུམ་ཕྲག་གསུམ་གྱིས་འགྲུབ་པར་འགྱུར། །ལྔ་པའི་ལྔ་པ་ལན་གཉིས་བརྗོད། །དྲུག་པ་ཡི་ནི་གཉིས་པ་དང་། དང་པོ་ཡི་ནི་གསུམ་པ་དང་། ལྔ་པ་ཡི་ནི་ལྔ་པ་གཞག །དབྱངས་ཡིག་བཅུ་གསུམ་བརྒྱན་གྱིས་མཛས། །བདུན་པ་ཡི་ནི་བཞི་པ་དང་། །དྲུག་པ་ཡི་ནི་གཉིས་སྦྱར་གཉིས། །བདུན་པའི་བཞི་པོ་འོག་མ་ལ། །དབྱངས་ཡིག་ལྔ་པའི་རྒྱན་གྱིས་བརྒྱན། །ལྔ་པའི་ལྔ་དང་བདུན་པའི་བཞི། །ཆེ་གེ་མོ་ཡི་སྙིང་ལ་ནི། །གཉིས་པའི་གསུམ་པས་ལན་གཉིས་བོད། །དེ་ལ་དབྱངས་ཡིག་རྒྱན་གྱིས་བརྒྱན། །དེ་འོག་བཞི་པའི་ལྔ་པ་ལ། །དང་པོ་ཡི་ནི་གསམ་པར་སྦྱར། །ལྔ་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་ལྔ་པས་འོག་ནས་བརྒྱན་བདུན་པ་ཡི་ནི་བཞི་པ་ལ། །དྲུག་པའི་གསུམ་པ་སོ་སོར་གཞག །སྨྱོ་སྨྱོ་ཞེས་ནི་རྦད་པར་བྱ། །དེ་འོག་དབྱངས་ཡིག་དྲུག་པ་དང་། །དྲུག་པ་ཡི་ནི་གཉིས་པར་སྦྱར། །དང་པོའི་དང་པོ་དེ་མཐར་གཞག །ལྔ་པ་ཡི་ནི་ལྔ་པ་ལ། དབྱངས་ཡིག་བཅུ་གཅིག་རྒྱན་གྱིས་མཛེས། །དེ་མཐར་བདུན་པའི་དང་པོ་གཞག །དེ་འོག་ལྔ་པའི་ལྔ་པ་དང་། དྲུག་པ་གཉིས་པ་སོ་སོར་བཞག །དང་པོ་གཉིས་པ་ལན་གཉིས་དང་། བདུན་པའི་བཞི་པ་ལན་གཉིས་བརྗོད། །བཞི་པའི་དང་པོ་སོ་སོ་གསུམ། དྲུག་པའི་གཉིས་པས་དང་པོ་བརྒྱན། །ཐ་མ་ལ་ནི་དབྱངས་གསུམ་བརྒྱན། །གཉིས་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་གཉིས་པའི་རྒྱན་གྱིས་མཛེས། །ལན་གཉིས་དག་ཏུ་བརྗོད་པར་བྱ། །དེ་རྗེས་མིང་སྨོས་སྙིང་ལ་སྨྱོ། །འདི་ནི་རྦད་པའི་སྙིང་པོའོ། །འབུམ་ཕྲག་གསུམ་གྱིས་འགྲུབ་པར་འགྱུར། ཁྲུག་པ་ཡི་ནི་གཉིས་བ་ལ། །དབྱངས་ཡིག་བཅུ་གཅིག་རྒྱན་དང་ལྡན། །འོག་ཏུ་ལྔ་པའི་ལྔ་པ་གཞག །བཞི་པའི་དང་པོ་དབྱངས་གསུམ་བརྒྱན། །ལྔ་པ་ཡི་ནི་དང་པོ་དང་། །གཉིས་པ་ཡི་ནི་དང་པོ་གསུམ། །རིམས་བཞིན་སོ་སོར་གཞག་པ་ནི། །ལན་གཉིས་དག་ཏུ་བརྗོད་པར་བྱ། །དེ་འོག་ལྔ་བའི་དང་པོ་དང་། །དྲུག་པའི་གསུམ་པ་སོ་སོར་བཞག །གཉིས་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་གསུམ་པའི་རྒྱན་གྱིས་མཛེས། །ལན་གཉིས་དག་ཏུ་བརྗོད་པ་དང་། བཞི་པ་ཡི་ནི་གསུམ་པ་ལ། །དབྱངས་ཡིག་ལྔ་པའི་རྒྱན་ལྡན་ཞིང་། །བཞི་པའི་ལྔ་པ་དེ་རུ་སྦྱར། །དེ་གཉིས་ལན་གཉིས་བརྗོད་པར་བྱ། །དྲུག་པ་ཡི་ནི་གཉིས་པ་དང། །དང་པོ་ཡི་ནི་གསུམ་པར་སྦྱར། །དེ་འོག་བདུན་པའི་དང་པོ་གཞག །དེ་འོག་ལན་གཉིས་བརྗོད་པར་བྱ། །དེ་འོག་ལྔ་པའི་ལྔ་པ་ལ། །དབྱངས་བརྒྱན་གྱིས་ནི་འོག་ནས་མཛེས། །བཞི་པ་ཡི་ནི་དང་པོ་ལ། །དྲུག་པའི་གཉིས་པས་རྒྱན་གྱིས་བརྒྱན། །དྲུག་པའི་གཉིས་དང་གསུམ་པ་ལ། །དབྱངས་ལྔའི་རྒྱན་གྱིས་འོག་ནས་སྤྲས། །དེ་དག་ལན་གཉིས་བརྗོད་པར་བྱ། །ལྔ་པ་ཡི་ནི་བཞི་པ་ལྔ་། །འོག་ནས་དྲུག་པའི་དང་པོར་མཛེས། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་བརྒྱན། །འདི་ནི་སྙིང་པོ་གསད་སྔགས་ཏེ། །དེ་རྗེས་མིང་སྨོས་རལ་གྲི་མེ། །འཐོར་བྱེད་རླུ་་གི་ས་བོན་རྗེས། །གསོད་བྱེད་ཡི་གེ་ཕཊ་གཉིས་བརྗོད། །འབུམ་ཕྲག་གཅིག་གིས་གསོད་པར་ངེས། །བཞི་པའི་དང་པོ་དྲུག་གཉིས་སྒྲ། །དེ་རུ་དང་པོའི་གསུམ་པ་སྦྱར། །དྲུག་གཉིས་དང་པོའི་གསུམ་སྦྱར་རྗེས། །བདུན་པའི་དང་པོ་གཞག་པར་བྱ། །དེ་རྗེས་ལྔ་བའི་ལྔ་པ་བཞག །དེ་རྗེས་དབྱངས་གཉིས་དབྱངས་གསུམ་བརྒྱན། །བཞི་གསུམ་དབྱངས་ཡིག་ལྔ་པའི་བརྒྱན། །དེ་ལ་བཞི་པའི་ལྔ་པ་བརྒྱན། །ལྔ་པ་ཡི་ནི་བཞི་པ་ལྔ། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །འོག་ནས་དྲུག་པའི་དང་པོས་བརྒྱན། །དེ་འོག་ལྔ་བའི་ལྔ་པ་གཞག །དེ་འོག་བདུན་པའི་བདུན་པའོ། །དེ་འོག་དྲུག་པའི་དང་པོ་དང་། །དང་པོའི་གསུམ་པ་སྦྱར་བའི་རྗེས། །བདུན་པའི་དང་པོ་གཞག་པར་བྱ། །བཞི་པའི་དང་པོ་དབྱངས་གསུམ་བརྒྱན། །དེ་ལ་དང་པོའི་གསུམ་པར་སྦྱར། །བདུན་པ་ཡི་ནི་གཉིས་པ་ལ། །བཞི་པ་ཡི་ནི་ལྔ་པས་བརྒྱན། །བཞི་པའི་ལྔ་པ་དེ་ཉིད་དང་།དང་པོ་ཡི་ནི་གསུམ་པར་སྦྱར། །ལྔ་པ་ཡི་ནི་ལྔ་པ་དང་། དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་མཛེས། །བཞི་གསུམ་དབྱངས་ཡིག་ལྔ་ཡིས་བརྒྱན། །དེ་ལ་བཞི་པའི་ལྔ་པ་བྱིན། །ལྔ་བ་ཡི་ནི་བཞི་པ་ལ། །འོག་ནས་དྲུག་པའི་དང་པོ་སྦྱིན། །དབྱངས་ཡིག་བཅུ་གསུམ་རྒྱན་གྱིས་ལྡན་པའོ། འདི་ནི་རྒྱུན་གྱི་སྙིང་པོའོ། །རྟག་ཏུ་བཟླས་ཤིང་གཏོར་མ་སྦྱིན། །དཔལ་ལྷ་མོ་ནག་མོ་ཙིསྟ་གསང་བའི་རྒྱུད་ལས། །སྙིང་པོ་བཏུ་བའི་ལེའུ་སྟེ་ལྔ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྒྲུབ་པའི་དཀྱིལ་འཁོར་འདི་གསུངས་སོ། །མཎྜལ་གྲུ་བཞི་ལྷམ་པ་ལ། །ཚོན་རྩི་སེར་པོས་རྒྱས་པའི་ཚུལ། །དེ་ཡི་དཀྱིལ་དུ་གྲུ་གསུམ་ནི། །དྲག་པོའི་དཀྱིལ་འཁོར་དབུས་སུ་དགོད། །དེ་ཡི་དཀྱིལ་དུ་ཟླུམ་པོ་ནི། །མུ་ཁྱུད་ཞི་བའི་ཚུལ་དུ་དཀར། །དེ་ཡི་དཀྱིལ་དུ་གྲུ་གསུམ་ནི། །ནག་པོ་ཆོས་ཀྱི་དབྱིངས་ཀྱི་རྟགས། །ཟླ་གམ་རྣམ་གསུམ་དབང་གི་ཚུལ། །དེ་ཡི་བསྒྲུབ་རྫས་བཤད་བྱ་བ། །རྗེའུ་རིགས་བརྙ་མཚན་ལྡན་ནི། །ལྕང་ལོ་ཅན་དུ་བསགས་པའི་རྫས། །བདུད་རྩི་རཀྟ་གིའུ་ཝང་དང་། །ག་བུར་ཤ་ཆེན་ཚིལ་ཆེན་དང་། །ནལ་བུའི་སྙིང་དང་འབྲས་བུ་དང་། །ཛ་གད་ཕུད་ཀྱིས་བཀང་ལ་གཞག །དེ་དང་འདྲ་བའི་བསྟོ་ལ། །ལྷ་མོའི་སྔགས་ཀྱིས་བརྒྱན་བྱས་ལ། །དཀྱིལ་འཁོར་དབུས་སུ་ཁ་སྤྲད་གཞག །རྟགས་དང་མཚན་མ་བྱུང་བ་དང་། །དངོས་གྲུབ་བླང་ཞིང་དམ་ཚིག་བསྲེ། ཁྲ་ཆེན་སློས་དང་ཏིལ་ཆེན་མེ། །དུག་ལས་བྱུང་བའི་མེ་ཏོག་དང་། །བདུད་རྩི་དྲི་ཆབ་ཞལ་ཟས་ཚོགས། །རཀྟའི་གསང་ནན་ཕུད་དང་བཅས། །ཐོད་པ་ལྟག་སྤྲོད་རྔ་ཆེན་སྒྲ། །བརྙའི་ཆ་ལང་རྐང་གི་དུང་། ཁུན་ཆེན་རྒྱལ་མཚན་དར་ནག་གདུགས། །མི་རོའི་ལག་པ་གཡབ་མོར་བཅས། །བསྒྲུབ་པའི་རྫས་སུ་བསག་ཅིང་དགོད། །ནག་མོ་ཙིཏི་གསང་བའི་རྒྱུད་ལས། །བསྒྲུབ་པའི་དཀྱིལ་འཁོར་བྲི་ཞིང་དམ་ཚིག་གི་རྫས་དགོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་དཀྱིལ་འཁོར་བཅའ་ཞིང་། །ལས་ཀྱི་དུས་ཀྱི་རྫས་བསག་པའི་ཐབས་འདི་གསུངས་སོ། ཁུ་གསུམ་སུམ་བརྩེགས་ནང་དུ་བྲུ། ཆོས་བཟང་ལྟ་བུའི་བར་རིམ་གྱིས། །ནང་དུ་དུར་ཁྲོད་སོལ་བས་བྱུག །ཟླ་གམ་རྣམ་གསུམ་དམར་པོར་བྱ། །མུ་ཁྱུད་དཀར་ལ་གྲུ་བཞི་སེར། །ཐ་མ་མེ་རིའི་འཕྲེང་བར་བཅས། ཁྲུ་གསུམ་བང་རིམ་དང་པོ་ལ། །ཐོད་པ་ཡི་ནི་འཕྲེང་བ་བཏང་། །གཉིས་པ་རལ་གྲི་གསུམ་པ་མདའ། །བྱིན་གྱིས་བརླབས་ཏེ་དགོད་པར་བྱ། །ནང་དུ་ཡུགས་སའི་ཞབས་མས་གདིང་། །དྲི་མ་དྲུག་ལ་དམིགས་པའི་གཟུགས། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ཚ་བ་གསུམ་གྱི་ཁུ་བས་བྱུག །མིང་དང་རུས་བཅས་ནང་དུ་བཞུག །ཐོད་པ་རབ་ཏུ་མཚན་ངན་པར། །ར་དང་ཁྱི་དང་རྟ་ཡི་ཁྲག །ཕག་གི་ཁྲག་དང་སྤྱང་དུག་བླུག །ལྕགས་ཀྱི་ཕུར་བ་སོར་བརྒྱད་བདུན། །རྩེ་མོ་གནམ་བསྟན་ནང་དུ་གཞུག །མེ་འབར་རྟགས་བྱུང་ཕུར་པ་གདབ། །རྦད་པའི་སྔགས་ཀྱིས་བསྒྲུབ་པ་བྱ། །གཞན་ཡང་དམ་རྫས་ཚང་བ་ཡི། །གཏོར་མ་ཟླ་གམ་གཅིག་པ་གཞག །དུག་དང་ལན་ཚྭ་སྐེ་ཆེ་དང་། །ཆང་དང་མན་ངག་དྷ་རུ་ར། །རིམས་ནད་དག་གིས་བཏབ་པའི་ཁྲག །ཁྲག་ཆེན་དག་དང་ཐོད་པར་སྦྱར། །ཟླ་གམ་གཅིག་ལ་གཞུག་པར་བྱ། །དཔལ་ལྷ་མོ་ནག་མོ་ཙིསྟ་གསང་བའི་རྒྱུད་ལས། དྲག་པོའི་དཀྱིལ་འཁོར་དང་རྫས་བསག་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཕུར་པ་བཏབ་ལ་མཚོནི་གྱིས་གཏུབ་པ་དང་། །སྦྱིན་སྲེག་བྱ་བ་དང་། ཐུན་ཟོར་འཕང་བ་དང་། མནན་པའི་ལས་འདི་གསུངས་སོ། །གོང་ལྟར་ལས་ཀྱི་དཀྱིལ་འཁོར་རྫས་རྣམས་ལ། །རྦད་པའི་སྔགས་ཀྱིས་བསྒྲུབ་ཅིང་བསྐུལ། །མེ་འབར་རྟགས་མཐོང་ཕུར་པ་གདབ། །ཨོ་བཛྲ་ཀ་རུ་རྦད། །སྙིང་ཚལ་པ་རྦད། ག་ས་ཙིསྟ་རྦད།མྱོགས་རྨུགས་རྦད། །སྙིང་ཁྲག་ཁ་ལ་རྦད། །ཚལ་བུ་སེན་སེ་དུ་རྦད། ་་་ཐུ༷་སྲོག་ལ་རྦད་ཡ། དེ་ནས་མཚོན་གྱིས་ག་ས་བར་བྱ། །ལས་ཀྱི་དཀྱིལ་འཁོར་དབུས་ཉིད་དུ། །དུག་ཤིང་གདུག་པའི་ཤིང་བུ་ལ།རིགས་ངན་ཁྱིམ་ནས་བླངས་བའི་མེས། །སྤར་ལ་ལིང་ཁ་བསྲེག་པ་ནི། །དུར་ཁྲོད་ཤིང་ལ་ཡམ་ཤིང་ནི། །ཟུར་གསུམ་ལུས་ལ་ཁྲག་ཆེན་པོས། མིང་རུས་བྲིས་པ་རེ་རེ་དང་། ། ལིང་ག་དུམ་ཀུ་རེ་རེ་དང་། །དུག་དང་སྐེ་ཚེ་ལ་སོགས་རྫས། །སྦྲགས་ཤིང་བསྲེག་པའི་ལས་བྱས་ན། །མྱུར་དུ་རིམས་ཀྱིས་ཐེབས་པར་འགྱུར། །མ་མ་སརྦ་ཤ་ཏྲུ༷་མ་ར་ཡ། ཨ་མུ་ཁ༷་ད་ཧ་ད་ཧ། པ་ཙ་པ་ཙ། སྟིམི་ཀུ་རུ་ཀུ་སྲ ཧུ༷་ཧུ༷་ཕཊ་ཕཊ། བརྒྱ་རྩ་བརྒྱད་ཀྱིས་གྲུབ་པར་འགྱུར། །དེ་ནས་སྲེག་པའི་ཐལ་བ་དང་། །མིང་བྱང་ལྷན་ཅིག་ཞབས་མར་དྲིལ། །དུར་ཁྲོད་དབུས་སུ་མནན་ཅིང་་ཏད། །མཚན་ངན་བྷ་རྙའི་ཁྲག་དུག་ལ། །ཐུན་སྔགས་བཟླས་ཤིང་ཟོར་དུ་འཕང་། །རག་མོ་ཐང་མུ་ལེ་ཐང་མུ་ལེ་རྦད་རྦད། །་རྩ་ཐང་རྩ་ཐང་རྦད་རྦད། མུ༷་སྣི་མུ༷་སྣི་ནན། རག་མོ་ནི་རག་མོ་ནི་ཁ་ལོང་རྦད་རྦད། དུག་སྣི་དུག་སྣི་ཁ་ལོང་རྦད་རྦད། ཀྱི་ཁ་ལོང་ཀྱི་ཁ་ལོང་རྦད་རྦད། རྩ་ཏི་རྩ་ཏི་བོད་རྦད། ནི་རྟི་ནི་རྟི་མུག་མུག །ཐུམ་ཐུམ་སུབས་ཏེ་སུབས་ཏེ་བོད་རྦད། རྩེ་ཁ་ལོང་མུ་ཁ་ལོང་རྦད་རྦད། ཐུམ་ཐུམ་རྦད་རྦད། རྨོག་རྨོག་རྦང་རྦད། ཆེ་གེ་མོ་ལིང་རྦད། ས་མ་ཡུ་ཛ། ཞེས་ཐུན་འཕངས་ཏེ། གྲངས་ནི་སྟོང་རྩ་བརྒྱད་དོ། །དཔལ་ལྷ་མོ་ནག་མོའི་ཙིརྟི་གསང་བའི་རྒྱུད་ལས། །ལས་དྲག་པོབསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ར་་་བཅོམ་ལྡན་འདས་ཀྱིས་སེར་བ་དབ༷བ་པའི་ལས་འདི་གསུངས་སོ། །ཤ་སྣ་སྙིང་སྣ་ཁྲག་སྣ་དང་། །ནལ་བུའི་སྙིང་དང་ལོ་ཟླ་མིང་། །ནལ་བུའི་ཐོད་པར་བསྔགས་ཤང་བསྒྲུབ། །མ་མ་སྨྱོ་རུ་ལུ་རུ་ལུ་ས་མ་ལྭ་སྟུ༷། ཛ་ཡ་དུ་མ་དུ་ཨག་ཤང་མ་ཡང་ཏྲག་རཀྟ་ཕྲོ། །གསུམ་རྫོགས་པ་དང་ལས་ལ་སྦྱར། །གཏོར་མ་ཞིངཀྱི་གཅིནིངརྟེགཅིནིཟེགཅིནིཕྱིཀྱི་ངགཏང་ ་སྔགས་ ས་བསྒྱུར། །ཐུན་རྫས་གསུམ་དུ་བགས་ནས་སུ། ། ག་ ་ཡུལ་པའ་ ན་ལ་གནན། ། ག་ ་ཐབ་བྱ་ ར་དུ་འཕང་། ། ག་ ་ ས་ ་རྟ་དམར་གཞུག །དྲག་པ་རྒྱུ་བའ་དུས་ཚོདཆེནཅི་་་དེནིམིཞེས་་ཀྱི་་་་ལ། ཁུན་ ་གདབ་ ང་འ་དད་བད། ། ས་ ་ལས་རྣམས་ཆུད་ ་ཟ། ། ་གསུངས་པ་དང་། །་བར་ཐམས་ཅད་རབ་ཏུ་དགའ་ནས། བཅམ་ལྡན་འདས་ ས་གསུངས་པ་ལ་མངན་པར་བསྟད་ད། །དཔལ་་་ཆེ་ངསེངལེསྟེ་་་ཆེ་འིངཅེ་་ལྷ་མ་ ན་མ་ཐུགས་གསང་བའ་རྒྱུད་ལས། ར་བ་དབབ་པའ་ འུ་ ་དགུ་པའ།། །།དཔལ་ལྷ་མ་ནག་མ་ ན་མ ་ཐུགས་གསང་བའ་རྒྱུད་ ས་བྱ་བ་རྫགས་ས།། །།