Ngb-pt-0740-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་ཀ་མ་ནི་པྲ་ཏ་བོ་དྷི་ཙིརྟི་སྨུ་ཏྲ་ནཱ་མ༷༷ །བོད་སྐད་དུ། རྡོ་རྗེ་ཕུར་པ་ལུང་གི་ཁ་བྱང་བྱང་ཆུབ་སེམས་ཀྱི་མདོ་ཞེས་བྱ་བ། བཅོམ་ལྡན་ལྷུན་གྲུབ་བྱེམེཚ་ངང་ངངང་རྗེ་ངངབྱེམེང་་རྗེཆེ་ད ར་ ད་ངང་ལ་ཕྱག་འ ལ་ལ། །འད་སྐད་བདག་གས་ཐས་པའ་དུས་གཅག་ན། ངང་ཉད་རྡ་ ་ཆས་ཀྱ་དབྱངས་ནས་ལྷུན་གྲུབ་ད ར་ ད་ཀྱ་རྒྱལ་པ་ལ་རྡ་ ་འདུས་པ་ ན་པ་ལ་་ཏེངམིང་ང་ང་་་་རྗེགིསེང་གླེསགས་ ། ཉད་ལས་ ་ཞན་པའ་འཁར་རྣམས་ཀྱས་སྐར་ནས། དུས་གསུམ་མཉམ་པ་ཉད་ལ་དགངས་ཏ་གནས་ས། །རྡ་ ་ཕུར་པ་ལུང་ ་ཁ་བྱང་བྱང་ཆུབ་ མས་ཀྱ་མད་ལས། ང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ལྷུན་གྲུབ་དབྱེར་མེད་ངང་གི་རྒྱལ། །རྒྱུད་ཀྱི་རྒྱལ་པོར་གྱུར་པ་དང་། །ལུང་གོ་བླ་མར་གྱུར་པ་དང་། །མན་ངག་ངེས་དོན་གྱུར་པ་ཡི། །ཕུར་པ་བྱང་ཆུབ་སེམས་ཀྱི་དོན། །བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་ཞུས་པའི་ཚུལ་གྱིས་གླེངས་སོ། །རྡོ་རྗེ་ཕུར་པ་གིསེང་གླེ་ངལེསྟེང་དེ་བྱེམེ་ང་ངལུང་ ་ཁ་བྱང་བྱང་ཆུབ་ མས་ཀྱ་མད་ལས། ང་སླང་བའ་ འུ་ ་གཉས་པའ།། །། ་ནས་བཅམ་ལྡན་འདས་ལྷུན་གྲུབ་ད ར་ ད་རྒྱལ་པས། འདུས་པའ་ལྒབར་ལ་འད་སྐད་ཅེས་བཀའ་སྩལ་ཏོ། །བཙལ་མེད་དབྱིངས་ཀྱི་ངང་དུ་ཐམས་ཅད་འདུས། །མི་འགྱུར་བྱང་ཆུབ་སེམས་ཀྱི་ཀྱི་ཕུར་པ་ཡི། །བསྒྲུབ་མེད་ཆོས་ཀྱི་དབྱིངས་སུ་ཡེ་ནས་གདབ། །བཏབ་ཙམ་ང་མིམེ་ངངངང་ཤེངང་ཙང་་འིམེཉད་ན་ལྒབར་བ་ ང་ཡང་ ད། །མ་བཅས་ལྷུན་གྱས་གྲུབ་པའ་དབྱངས་ཉད་ལས། །ཡ་ ས་རག་པའ་ཕུར་པས་ཡ་ནས་གདབ། །བཏབ་ མ་ཉད་ན་དངས་པ ་མཚན་མ་ ད། །སྣང་སྲིད་བྱང་ཆུབ་སྙིང་པོའི་ལིང་ག་ལ། །ཀུན་ཏུ་བཟང་པོ་རོལ་པའི་ཕུར་པ་བཏབ། །བཏབ་ཙམ་ཉིད་ནས་སེམས་རྟོག་ཡིད་ལས་འདས། །དངོས་པོ་སྣང་བའི་ཤེས་རབ་ལིང་ག་ལ། །རང་བྱུང་ཐབས་ཀྱི་རྒྱལ་པོའི་ཕུར་པ་བཏབ། །བཏབ་ཙམ་ཉིད་ན་བརྗོད་པའི་མཐའ་ལས། །དེ་ཕྱིར་དབྱེར་མེད་རྟོགས་པ་མཉམ་པ་ཡིས། །མ་བཙལ་བཞག་པས་ཕུར་པས་བཏབ་ཅེས་གསུངས། །རྡོ་རྗེ་ཕུར་པ་ལུང་གི་ཁ་བྱང་བྱང་ཆུབ་སེམས་ཀྱི་མདོ་ལས། ཕུར་པ་གདབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ལྷུན་གྲུབ་དབྱེར་མེད་རྒྱལ། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡི། །ངེས་པའི་ཚིག་ནི་ཇི་ལྟར་ལགས། །དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། དབྱེར་མེད་ངང་གིས་བཀའ་སྩལ་པ། །དེ་ལ་ཆོས་ཉིད་ཕུར་པ་ནི། །ཆོས་ཅན་གང་ལ་མི་གནས་ཤིང་། །མ་བཅོས་ངང་དུ་ཐམས་ཅད་འདུས། །ཕུར་པ་ཞེས་ནི་དེ་ལ་བྱ། །དེ་ལ་སེམས་ཉིད་ཕུར་པ་ནི། །སྐྱེ་མཆེད་ཁམས་ལ་མི་གནས་ཤིང་། རང་བྱུང་དུ་ནི་ཐམས་ཅད་འདུས། །ཕུར་པ་ཞེས་ནི་དེ་ལ་བྱ། །དེ་ལ་ནམ་མཁའི་ཕུར་པ་ནི། །ཁ་དོག་དབྱིབས་ལ་མི་གནས་པར། །ཁྱབ་བརྡལ་ངང་དུ་ཐམས་ཅད་འདུས། །ཕུར་པ་ཞེས་ནི་དེ་ལ་བྱ། །དེ་ལ་བཙལ་དུ་མེད་པའི་ཕུར་པ་ནི། །རང་བཞིན་རྡོ་རྗེ་གཤོན་ནུ་དེ། །སེམས་ཅན་ཀུན་གྱི་རྒྱུ་ལ་གནས། །ཕུར་པ་ཞེས་ནི་དེ་ལ་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཕུར་པ་ལུང་གི་ཁ་བྱང་བྱང་ཆུབ་སེམས་ཀྱི་མདོ་ལས། ངེས་ཚིག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ལྷུན་གྲུབ་ངང་གི་རྒྱལ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །འཁོར་བ་མྱ་ངན་ཇི་ལྟར་འདས། །དབྱེར་མེད་རྒྱལ་པོས་བཤད་དུ་གསོལ། །དབྱེར་མེད་རྒྱལ་པོས་བཀའ་སྩལ་པ། །ཕུར་བུ་དབྱེར་མེད་མྱ་ངན་འདས། །དངོས་པོ་མཚན་མར་མི་སྣང་ཞིང་། །བསམ་པ་ལས་ཀྱང་མྱ་ངན་འདས། །འཁོར་བ་རྣམ་རྟོག་འཁྲུལ་བ་ཉིད། །ཆོས་ཉིད་ཀློང་དུ་མྱ་ངན་འདས། ཁྲེས་གསུངས་སོ། །རྡོ་རྗེ་ཕུར་པ་ལུང་གི་ཁ་བྱང་བྱང་ཆུབ་སེམས་ཀྱི་མདོ་ལས། །འཁོར་བ་དང་མྱ་ངན་ལས་འདས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ལྷུན་གྲུབ་ངང་གི་རྒྱལ། །ཕུར་བུ་མཉམ་པ་ཆེན་པོ་ལ། །མ་རྟོགས་མ་རིག་འཁྲུལ་པ་དེ། །ཆོས་ཉིད་ཆེན་པོར་ཇི་ལྷར་བགྱི། །དབྱེར་མེད་ངང་གིས་བཤད་དུ་གསོལ། །ལྷུན་གྲུབ་རྒྱལ་པོས་བཀའ་སྩལ་པ། །ཐམས་ཅད་ཡེ་ནས་མཉམ་ཉིད་ལས། །རྒྱུ་དང་འབྲས་བུ་དབྱེ་རུ་མེད། །ཐ་སྙད་འདོགས་ནས་འཁྲུལ་པ་ཡིན། །མཐར་ཡང་སངས་རྒྱས་རྙེད་མི་འགྱུར། །དམྱལ་བའི་གནས་ཉིད་བླ་མེད་གནས། །རྣམ་རྟོག་ཉིད་ན་ཡེ་ཤེས་སྐྱེ། །སྡུག་བསྔལ་ཉིད་ན་བྱང་ཆུབ་སེམས། །ཐ་སྙད་གང་ལ་མི་གནས་ཤིང་། །བཙལ་དུ་མེད་ཅིང་དངོས་པོ་མེད། །ཐམས་ཅད་དབྱེར་མེད་ངང་དུ་གཅིག །ཞབྲུལ་པ་ཐ་སྙད་མིང་ཡང་མེད། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་ལུང་གི་ཁ་བྱང་བྱང་ཆུབ་སེམས་ཀྱི་མདོ་ལས། ལུབྲུལ་པ་ཆོས་ཉིད་དུ་ལ་ཟླ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ལྷུན་གྲུབ་ངང་གི་རྒྱལ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེའི། །མ་རྟོགས་གོལ་ས་ཇི་ལྟར་ལགས། །རྒྱལ་བ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། དབྱེར་མེད་རྒྱལ་པོས་བཀའ་སྩལ་པ། །བདག་ཉིད་ཕུར་པའི་རང་བཞིན་པ། །གཞན་དུ་འདོགས་ན་ཞབྲུལ་པའི་ངང་། །གྲངས་ཀྱི་བགྲང་དུ་ག་ལ་ཡོད། །ཆོས་ཉིད་གཅིག་ཏུ་གནས་པ་ལ། །གྲངས་ཀྱིས་བགྲང་ན་གོལ་ས་ཡིན། །སྣང་སྲིད་ཕུར་པའི་རང་བཞིན་པ། །གཞན་ཡང་འདོགས་ན་ཞབྲུལ་པའི་ངང་། །གྲངས་ཀྱིས་བགྲང་དུ་ག་ལ་ཡོད། །ཆོས་ཉིད་གཅིག་ཏུ་གནས་པ་ལ། །གྲངས་ཀྱིས་བགྲང་ན་གོལ་ས་ཡིན། །སྣང་སྲིད་ལྷ་འདྲེ་མི་མ་ཡིན། །མཁའ་འགྲོ་དམ་ཅན་ཉམས་ལེན་རྣམས། །གོལ་ས་ཡིན་པར་དཔའ་པོས་བཤད། །ཅེས་གསུངས་སོ། །རྡོ་རྗེ་ཕུར་པ་ལུང་གི་ཁ་བྱང་བྱང་ཆུབ་སེམས་ཀྱི་མདོ་ལས། མ་རྟོགས་གོལ་ས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ལྷུན་གྲུབ་ངང་གི་རྒྱལ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །རང་གི་ཇི་ལྟར་རྟོགས་པར་བགྱི། །ར་ཆོས་ཅན་ལ་ཇི་ལྟར་གསུངས། །གསང་བདག་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་གསོལ་པས། །དབྱེར་མེད་རྒྱལ་པོས་བཀའ་སྩལ་པ། །ཕུར་པའི་རང་བཞིན་གདོད་ནས་དག་པ་ལ། །མིང་ཙམ་གཞན་ལ་བརྟེན་མི་བྱ། །རྣམ་པར་མི་རྟོག་པ་ལས་འདས། །དེ་བཞིན་ཉིད་དུ་བསྒོམ་པར་བྱ། །རང་གི་རང་བཞིན་རིག་ཅིང་རྟོགས་པར་གྱིས། །དེ་ལྟར་རྟོགས་ན་ཆོས་སྐུ་ཐོབ་ཅེས་བཤད། །ལུང་དང་མན་ངག་གཏན་ལ་ཕོབ་པ་འདི། །ཕལ་གྱི་སྤྱོད་ཡུལ་ཐུན་མོང་མ་ཡིན་པས། །ཁྱེ་དང་གྲགས་པར་ཁར་མི་དབྱུང་། །སྐྱེས་བུ་བློ་རབ་འགའ་ལས་བསྟན་པར་བྱ། །རྡོ་རྗེ་ཕུར་པ་ལུང་གི་ཁ་བྱང་བྱང་ཆུབ་སེམས་ཀྱི་མདོ་ལས། བྱང་ཆུབ་སེམས་ཀྱི་དོན་རྟོགས་པར་བྱ་བ་དང་ར་གཅོད་ཅན་ལ་གབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ལྷུན་གྲུབ་ངང་གི་རྒྱལ། །ཕྱི་རབས་རྣལ་འབྱོར་དོན་གྱི་ཕྱིར། །ཕུར་བུ་བྱང་ཆུབ་སེམས་ཀྱི་མདོ། །བདག་གིས་ཇི་ལྷར་གཟུང་བར་བགྱི། །ཞེས་གསོལ་པས། དབྱེར་མེད་རྒྱལ་པོས་བཀའ་རྩལ་པ། །རྡོ་རྗེ་འདུས་པ་ཆེན་པོ་ཁྱོད་ཉོན་ཅིག །གང་ཞིག་ཕུར་པ་གདབ་པར་འདོད་པས། མདོ་འདི་ཉིད་ཀྱི་དོན་གྱིས་གདབ་པར་བྱའོ། །གང་ཞིག་ངེས་པའི་ཚིག་བརྗོད་པར་འདོད་པས། མདོ་འདི་ཉིད་ཀྱི་ངེས་ཚིག་བརྗོད་པར་བྱའོ། །གང་ཞིག་ལ་ཟླ་བར་འདོད་པས། མདོ་འདི་ཉིད་ཀྱི་དོན་གྱིས་ལ་ཟླ་བར་བྱའོ། །གང་ཞིག་གོལ་ས་བཅད་པར་འདོད་པས། མདོ་འདི་ཉིད་ཀྱི་དོན་གྱིས་གཅད་པར་བྱའོ། །གང་ཞིག་བྱང་ཆུབ་སེམས་ཀྱི་དོན་རྟོགས་པར་འདོད་པས། །མདོ་འདི་ཉིད་ཀྱི་དོན་ཉམས་སུ་བླངས་པར་བྱའོ། །དེ་བས་ན་རྡོ་རྗེའི་དུས་