Ngb-pt-0730-vol-08-text
Front
Body
ཁྲག་དང་བསྲེས་པའ་རྫས། །བཞིའམ་ཉི་ཤུ་རྩ་གཅིག་རྒྱུག །རྒྱ་་།ག་དག་ལ་སེར་ཆེན་འབབ་པའམ། །སྐར་མདའ་ལམ་དུ་ཞུགས་བའི་ཚུལ་དུ་བཟླས། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །ཚངས་པའི་ཚ་དང་ལྡན་པ་ཅིག་ཀྱང་ཞག་ཉི་ཤུ་རྩ་གཅིག་ན་འཆི་བར་འགྱུར་རོ། །མངོན་དུ་ཕྱུང་སྟེ་བསྒྲལ་བར་བྱ། །གསལ་བ་གསུམ་དང་ཡང་དག་ལྡན། །དྲོད་ཚད་གསུམ་གྱིས་ངེས་པར་ཟིན། །རྣམ་གསུམ་ཨ་ཡི་རང་བཞིན་ལ། །ཁྲུས་ལུང་རྣམ་གསུམ་རྫོགས་བྱས་ལ། །ཚེ་ལུང་ངེས་པའི་བློ་གྲོས་བྱ། །བསྒྲལ་བའི་གནས་དང་དགོས་ཆེད་དང་། །བྱ་བའི་ཐབས་དང་བསྒྲལ་ཚུལ་འོ་། །གནས་ནི་གང་དང་གང་ཞེ་ན། །ཀུན་གཞི་ཡིད་དང་རྣམ་ཤེས་གཉིས། །སྙིང་ལ་ངེས་པར་གདབ་པར་བྱ། །རྣམ་ཤེས་དྲུག་དང་དབང་པོ་དྲུག །བཅུ་གཉིས་གནས་སུ་གདབ་པར་བྱ། །ཕུང་པོ་བཞི་ལ་གདབ་པའི་ཕྱིར། །ཡན་ལག་བཞི་ལ་གདབ་པར་བྱ། །སྐྱེ་བརྒྱུད་གཉིས་ནི་གཅད་པ་དང་། །རྟེན་པའི་བཞི་ནི་བསྒྲལ་བའི་ཕྱིར། །སྤྱི་བོ་རྐང་མཐིལ་བཅོ་ལྔ་སྲང་ལ་གདབ། །དགོངས་པའི་དོན་ནི། །གནས་ནི་ཉི་ཤུ་རྩ་གཅིག་དང་སྦྱར་ནས། །ཡེ་ཤེས་ཉི་ཤུ་རྩ་གཅིག་ཚུལ་དུ་བསྒྲལ། །བསྒྲལ་བའི་ཐབས་ནི་གང་ཞེ་ན། །གབ་པའི་སྡོམ་པ་གཟུང་བ་དང་། །གཟིར་གནོན་དྲག་པོས་བརྡུང་བ་དང་། །དམ་ཅན་གནད་ལ་དབབ་པ་དང་། །རྩ་བས་ཁམས་གསུམ་བསྒྲལ་བ་དང་། །ཐུན་ཟོར་ལས་ཀྱི་བྱ་བ་དང་། །སྔགས་དྲུག་མཇུག་ལ་གདགས་པ་དང་། །བསྒྲལ་ནས་མཆོད་པར་བསྡབ་པ་དང་། ཚེ་མདངས་ཕྲོགས་ལ་བདག་གིར་བྱ་བའོ། །བསྒྲལ་བའི་ཚུལ་ནི་གང་ཞེ་ན། །ཉི་ཤུ་རྩ་གཅིག་ཚོ་བཞིར་གདབ། །ཀུན་ཀྱང་ཐུགས་ཀྱི་སྤྲུལ་ལ་སྟེ། །ཆ་འཛིན་ཉི་ཤུ་རྩ་གཅིག་གོ །ཀུན་ཀྱང་གཅེར་བུ་རལ་པ་ཅན། །སྟོད་ནི་ཞལ་གཅིག་ཕྱག་གཉིས་ཕུར་བུ་འདྲིལ། །ལྟེ་བ་མན་ཆད་ཕུར་པར་སྣང་། །སྐར་མདའ་ལམ་དུ་ཞུགས་པ་བཞིན། །གཅིག་ལ་བཏབ་པས་ཀུན་ལ་ཐེབས། །མདའ་ཐུན་བརྒྱད་ནི་དུས་བཞིར་རྒྱུག །ཨོ་ལ༷་ཧུ༷་ལ༷། སྟ༷་པ་ནན་མོ་ཧ་ཀྟ་ཏ་ཡ། བྷ་ག་བན། ཧྲི་ཀྲི་བི་ཀྲི། །ཐྲི་བཛྲ་ཧུ༷ཀར་ཧུ༷་ཧུ༷་ཕཊ། བཛྲ་ཀི་ལི་ཀི་ལི་ཡ། ཀི་ལ་ཡ། ཛ་ཧུ༷་བ༷་ཧོ། སརྦ་བིག་ནན། བཛྲ་ཀི་ལི་ཀི་ལི་ཡ། ཧུ༷་ཕཊ་ཕཊ། བཛྲ་ཧུ༷་ཀ་ར་ཧུ༷་ཕཊ། ཧུ༷་ཀ་ར་ཧུ༷། ཨ་ཨ་ཨ། ཧུ༷་པ་ར་བིད་ཏ་ན་ཧུ༷་ཕཊ། ཚིནདྷ་ཚིནདྷ་ཧུ༷་ཕཊ། སྒྲིན་སྙིན་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། བྷན་དྷ་བྷན་དྷ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཏ་མ་ཏ་བཛྲ། ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་ཕཊ །མུ་རུ་མུ་རུ་བཛྲ། ཀ་ཏ་ཀ་ཏེ་བཛྲ། ཛ་ཡེ་བིཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏ། མ་ར་ས་ན་པྲ་མར་དྷནི་ཡེ་ཧུ༷་ཕཊ །སརྦ་ཨ་ན་ཡ་ཧུ༷་ཕཊ །ཏབྱ་ཐ་ཏབྱ་ཐ་ཧུ༷་ཕཊ། ཧུ༷་མ་མ་པ་ཤི་ཀུ་རུ་མ་ཏམ་ཉ་ཀ་ར་ཨི་ནན། དྷ་ཏི་མ་མ་ཀརྨ་ཐྲི་ཀྲ། ཀ་རེ་ཡ། ལྷུ་ཡ་མན་ཏྲ་འདི་རྣམས་ནི། ལས་ཀྱི་སྙིང་པོ་ཡང་ཡིན། འདེབས་པའི་སྙིང་པོ་ཡང་ཡིན། ཐུགས་ཀྱི་སྙིང་པོ་ཡང་ཡིན། གཟིར་བའི་སྙིང་པོ་ཡང་ཡིན། སྲེགས་པའི་སྙིང་པོ་ཡང་ཡིན། རྒྱུན་གྱི་སྙིང་པོ་ཡང་ཡིན། ལས་ཐམས་ཅད་ཀྱི་སྙིང་པོ་ཡང་ཡིན་ནོ། །ཀྭ་ལི་ཀི་ལ་ཡ་ཉི་ཤུ་རྩ་གཅིག །རི་རབ་ཆེན་པོ་གསུམ་གྱི་གོང་དུ་གཟིར་བར་བྱ། །ཀི་ལ་ཡ་བཅོ་བརྒྱད་གསོ་བ་གསུམ་དང་ལྡན་པར་བྱའོ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །མཚོན་ཆ་ལྔ་ཡིས་རྒྱ་གྲམ་གཏུབ། །གསང་བའི་མཁའ་དབྱིངས་དག་པ་རུ། །ཡབ་རྣམས་ཀྱི་ནི་རྡོ་རྗེ་ཡིས། །གཉིས་སུ་མེད་པར་བརྡུང་བར་བྱ། །ཁ་ཐ༷་ཁ་ཐ༷་ཁ་ཐ༷་ཁ་ཐ༷་ཁ་ཐ༷། ཧུ༷་ཧུ༷་ཧུ༷་ཧུ༷ཧུ༷། ཕཊ་ཕཊ་ཕཊ་ཕཊ་ཕཊ །བཛྲ་ཡག་ཤ་ཀྲོདྷ་ཁ་ཧི་ཁ་ཧི་ཁ་ཧི་ཁ་ཧི་ཁ་ཧི། ཧ་ཧ་ཧ་ཧ་ཧ། ཧུ༷་ཧུ༷་ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ་ཕཊ་ཕཊ། སྨོན་ལམ་དྲག་པོས་གཉིས་མེད་དང་དུ་བསྒྲལ། །ཐམས་ཅད་ཐིག་ལེ་གཅིག་གི་ངང་། བསྒྲལ་དང་མ་བསྒྲལ་གཉིས་སུ་མེད། །བདག་དང་སེམས་ཅན་ཐ་མི་དད། །བསྒྲལ་བ་འབའ་ཞིག་སྙིང་རྗེའི་མཆོག །དེ་སྐད་ཅེས་གསུངས་པས། འཁོར་རྣམས་ཐམས་ཅད་བརྒྱལ་བར་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། མངོན་དུ་བསྒྲལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་སྨྲས་པ། རྡོ་རྗེ་འདུས་པ་ཆེན་པོ། དྲག་པོ་ཧོམ་ནི་ཇི་ལྟར་བྱ། །བསྒྲལ་བའི་ཐབས་ནི་གང་གིས་བྱ། །གསང་བ་བའི་བདག་པོ་ཉོན་ཅིག །ལས་ཀྱིས་མནར་བའི་དུས་ངན་འདི། །མངོན་དུ་བྱུང་སྟེ་བསྲེག་པར་བྱ། །བྱ་བའི་ཐབས་ནི་རྣམ་གསུམ་སྟེ། །ཆོས་ཉིད་རང་བཞིན་ཧོམ་ལས་ནི། །ཡེ་ཤེས་ཆེན་པོའི་ཧོམ་དང་ལས། །ཐུགས་རྗེས་མངོན་དུ་ཕྱུང་དང་གསུམ། །འདི་ཡིས་དོན་རྣམས་རྫོགས་པར་འགྱུར། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ཀུན་བཟང་མཁའ་ཀློང་ཧོམ་ཁུང་དུ། །ཀུན་ཏུ་བཟང་པོའི་མེ་སྦར་བ། །རྟོགས་པའི་བག་ཆགས་མ་ལུས་བསྲེགས། །འབྱུང་ཆེན་ལྔ་ཡི་མཆོད་པ་འབུལ། །ཡེ་ནས་མ་སྐྱེས་ངང་དུ་བསྒྲལ། །ར༷། ཡེ་ཤེས་ཆེན་པོའི་རང་བཞིན་ནོ། །ཕུང་པོ་ལྔ་པོ་ཧོམ་ཁུང་དུ། །རྣམ་ཤེས་བརྒྱད་ཀྱི་མེ་སྦར་བས། །ཡེ་ཤེས་ལྔ་ཡི་སྒྲོན་མ་གསལ། །ཁམས་དང་སྐྱེ་མཆེད་མཆོད་པར་འབུལ། །གཟུང་འཛིན་རྟོག་པ་མ་ལུས་སྲེག །དུག་ལྡང་གཟུང་འཛིན་རྩ་བ་གཅོད། །ར༷། ཐུགས་རྗེ་མངོན་དུ་ཕྱུང་བ་ནི། །དཀྱིལ་འཁོར་བྱ་ཐབས་རྫས་དང་ནི། །མཆོད་པ་དང་ནི་བྲོ་རྣམས་སོ། །གནས་ཀྱི་དཀྱིལ་འཁོར་ཆེན་པོ་དེར། །འབྲུབ་ཁུང་ཤུ་ལམ་དགོས་སུ་བྱེད། །དགོས་སུ་བྱེད་ན་དཀྱིལ་འཁོར་བང་རིམ་སུམ་བརྩེགས་ལ། །ཕྱི་རོལ་བར་ཁྱམས་སྒོ་དང་བཅས་པར་བྲི། །སྨེ་ཤིང་གདུག་པའི་ཤིང་རྣམས་ལ། །མགོ་མཇུག་མ་ནོར་དབུས་སུ་གཟུགས། །གཟས་པ་གང་ཡིན་དམིགས་པ་བྱ། །གྲོ་ག་ཤིང་ཤུན་དག་ལ་ནི། །མིང་བྱང་ཉི་ཤུ་རྩ་གཅིག་བྲི། །ལྕགས་ཐག་ནག་པོ་དག་ལ་རྒྱུ། །ཧོམ་གྱི་རྩེ་ལ་བསྐོར་ལ་བཞག །མཆོད་པ་དག་གི་མཆོད་རྫས་ནི། །ཕྱི་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བི་ར་ཇོའི་དུས་ལ་བབ་པའོ། །སྡང་བའི་དགྲ་དང་གནོད་པའི་བགེགས། །མ་ལུས་པར་ནི་ཞལ་དུ་བསྲེག །དཀྱིལ་འཁོར་ལྷ་ཚོགས་ཀྱི་བྱིན་གྱིས། །མ་ལུས་བར་ནི་ཞལ་དུ་བསྲེགས། །ར༷་ཛ༷་ལ་ར༷་ཞེས་བརླག་པར་བྱའོ། །འཕྲིན་ལས་རྣམ་བཞིའི་རྒྱུད་གཞན་བཞིན། །སྦྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་། །ཀུ་མར་ཡི་ངང་དུ་བསྒོམ། །རྟག་ཏུ་ནང་གུ་མཆོད་པ་གཏང་། །དེ་སྐད་ཅེས་གསུངས་པས། ཐམས་ཅད་ཚིག་པར་གྱུར་ཏོ། །རྡོ་རྗེ་འཇིགས་བྱེད་གསང་བའི་རྒྱུད་ལས། དྲག་པོ་ཧོམ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་གསང་བ་པའི་བདག་པོས་ཡང་ཞུས་པ། རྡོ་རྗེ་འདུས་པ་ཆེན་པོས་རྣལ་འབྱོར་དོན་ཆེད་དུ། །དབང་དང་དངོས་གྲུབ་ཇི་ལྟར་བུ། །དེ་སྐད་ཅེས་ནི་གསོལ་པ་ལས། །རྡོ་རྗེ་འདུས་པ་ཆེན་པོས་བཀའ་སྩལ་པ། ཀི་ལ་ཡ་ཡི་དགོངས་བ་ཡི། །དབང་ནི་རྣམ་པ་གསུམ་ཉིད་དོ། །ཕྱི་ནང་གསང་བ་གསུམ་དུ་བཤད། །ཕྱི་ནི་ཕན་པའི་དབང་བཅུ་སྟེ། །རྒྱུད་གཞན་དག་ལས་གསལ་བར་བཤད། །ནང་ནི་འདི་ལྟར་ཤེས་པར་གྱིས། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དེ་ནས་དག་པར་བྱ་ཕྱིར་ཁྲུས་གསུམ་བྱ། །ནན་ཏན་གདམས་ངག་ཚུལ་ཞིང་དབོག །བར་དུ་གཅོད་པའི་བགེགས་ཆེན་བསམ། །དེ་ནས་ཉན་པའི་དབང་བསྐུར་ཏེ། །ཉོན་ཅིག་བུ་ཁྱོད་རབ་ཏུ་ཉོན། །ཁྱོད་ཀྱི་རྣ་བའི་གཞལ་ཡས་སུ། །འཁོར་ལོ་རྩིབས་བརྒྱད་ཚུལ་བཞིན་བསྒོམ། །ཏྲ༷་ལས་རིན་ཆེན་དཀྱིལ་འཁོར་བསྒོམ། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །རིན་ཆེན་རིགས་ཀྱི་ལྷ་རྣམས་གསལ། །བསྒྲགས་དང་བསྐུར་བ་ཚུལ་བཞིན་བྱ། །རྡོ་རྗེ་གསང་བའི་གསང་སྔགས་འདི། །ཐེག་པ་ཀུན་ལས་མཉན་པར་བྱོས། །ལྕགས་ཀྱི་དཀྱིལ་འཁོར་ཆེན་པོ་སྲ །པདྨ་རིགས་ཀྱི་ལྷ་རྣམས་བསྒོམ། །སྙིང་གི་གོ་རུ་བསྒོམ་པ་མྲ །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བསྒོམ། །ཡན་ལག་ལྔ་ལ་འཕྲིན་ལས་ཉིད། །ཐབས་དང་ཤེས་རབ་ཟུང་ལྡན་པའི། །ཅང་ཏི་དག་གིས་དབང་ཡང་བསྐུར། །རྡོ་རྗེ་བསྲེགས་པའི་ཧོམ་གཟར་བསྐུར། །སྙིང་རྗེས་བསྒྲལ་བའི་དམ་ཚིག་གིས། །སྲས་མཆོག་འདེབས་པའི་དབང་ཡང་བསྐུར། །བྲན་དང་ཕོ་ཉ་དབང་སྡུད་ཕྱིར། །དམ་ཅན་བསྟེན་པའི་དབང་ཡང་བསྐུར། །སྐུ་གསུང་ཐུགས་དང་ལྡན་པའི་ཕྱིར། །ཀི་ལ་ཡ་ཡི་དབང་ཡང་བསྐུར། །རྡོ་རྗེ་གཟུགས་སུ་གྱུར་བྱའི་ཕྱིར། །མིང་གིས་ངེས་པའི་དབང་ཡང་བསྐུར། །རང་རང་རྫས་ནི་མཐུན། །རྡོ་རྗེ་སློབ་དཔོན་ཆེན་པོ་ནི། །ཡན་ལག་ལྔ་ལ་རིགས་ལྔ་བསྒོམ། །སྙིང་ཁར་བདག་པོ་ཀུན་ཀྱང་བསྒོམ། །དབང་གི་རྫས་རྣམས་མ་ལུས་པར། ཁེ་ཤ་གང་ཡིན་ལག་ཏུ་གཏད། །དེ་ནི་ནང་གི་དབང་རིམ་མོ། །གསང་བ་དག་གི་དབང་གསུམ་ནི། །ཁྲོ་མོ་འབར་བའི་བྷ་ག་སྲ །ཁྲོ་བོ་དག་གི་རྡོ་རྗེ་ཡིས། །གཉིས་སུ་མེད་པར་གྱུར་བྱ་སྟེ། །གསང་བའི་མཁའ་ལ་དངོས་གྲུབ་བླང་། །དམ་རྫས་ལྔ་ཡི་མཐུན་པར་བསྐུར། །རྩ་རྣམས་འཇུག་འདུལ་ལས་བྱ་སྟེ། །རླུད་རྣམས་སྤོར་བའི་གདགས་ངག་བྱིན། །ཡེ་ཤེས་རང་གནས་དབང་ཆེན་པོ། །རང་ལ་ཡོད་པའི་ཡེ་ཤེས་ཏེ། །ཡིན་པ་དག་ལ་ངོ་ཏི་སྤྲས། །ཐོད་པར་གྱུར་པས་དབང་ཞེས་བྱ། །དེས་ཐོབ་ཕྱིར་མི་ལྡོག་པའི་ཕྱིར། །མིང་དུ་ཡང་དག་བརྗོད་པ་ཡིན། །ཁམས་གསུམ་སྡུག་བསྔལ་ལས་གྲོལ་བས། །ཡོན་ཏན་ཉིད་དུ་བརྗོད་པ་ཡིན། །གསང་བ་པའི་བདག་པོ། དེ་ནི་དབང་དུ་ངེས་པར་ཤེས་པར་གྱིས། །དངོས་གྲུབ་དག་ནི་གང་ཞེ་ན། །ཐུན་མོང་དང་ནི་མཆོག་གཉིས་སོ། །མཆོག་ནི་ཧུ༷་གསུམ་དགོངས་པ་སྟེ། །དམ་རྫས་རག་ཏ་བསྲེས་པ་ཡིས། །ལན་སུམ་དུ་ནི་བསྟབ་པ་ཡི། །ཞལ་དབྱེ་བ་དང་ཞལ་དུ་གསོལ། །དགེས་པའི་ཚུལ་གྱིས་བཞད་པར་བསམ། །ལྷ་ཉིད་དུ་ནི་ངེས་པར་ཐོབ། །བདག་དང་གཉིས་སུ་མེད་གྱུར་ནས། །རིག་པ་མཆོག་གི་དངོས་གྲུབ་ཐོབ། །ཐོབ་དང་མ་ཐོབ་ཡེ་ནས་མེད། །དྲང་བའི་དོན་ཕྱིར་ཐོབ་ཚུལ་བསྟན། །རྟགས་དང་མཚན་མ་བསྟན་པ་དང་། །ཀི་ལ་ཡ་ཡི་དངོས་གྲུབ་གསོལ། །མཐུན་པས་མཐུན་པ་སྒྲོལ་ཕྱིར་རོ། །ཐུན་མོང་དག་གི་དངོས་གྱིབ་ནི། །འཇིག་རྟེན་པ་དང་ཚུལ་བསྟུན་ཕྱིར། །འདོད་ཡོན་ལྔ་ནི་རབ་བཤམས་ནས། །ཉི་ཤུ་རྩ་གཅིག་སྙིང་པོ་ཡིས། །ཞལ་ཟས་དགལ་བསྟིམ་སྟེ་བླང་། །བསྐུལ་བའི་ཚིག་པར་དཀའ་བ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ་བར་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པའོ། །ཐམས་ཅད་འབྱུང་བའི་གཞིའོ། །འབྱུང་ཁུངས་སོ། །རང་བཞིན་ནོ། །ཐ་སྙད་ཐམས་ཅད་ཀྱི་བདག་པོའོ ཆོས་ཐམས་ཅད་ནི་སེམས་སོ། །སེམས་ཀྱི་རང་བཞིན་མི་རྙེད་པའོ། །མཚོན་པའི་དཔེ་ཅུང་ཟས་བསྟན་ན་ནམ་མཁའ་དང་འདྲ་བའོ། །དཔག་བསམ་གྱི་ཤིང་བུ་དང་འདྲ་བའོ། །ས་གཞི་ལས་ཐམས་ཅད་འབྱུང་བ་དང་འདྲེའོ། །མེ་ལོང་གི་བཞིན་སྣ་ཚོགས་སྣང་བའོ། །རྒྱ་མཚོ་ཆེན་པོ་དང་འདྲ་བས་ཐམས་ཅད་འབྱུང་བའོ། །གསང་བ་བའི་བདག་པོ་དེ་ནི་རང་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་འདུས་པ་ཆེན་པོ་རྣལ་འབྱོར་བའི་དོན་ནི་ཇི་ལྟ་བུ་ཞེས་གསོལ་པས། བཅོལ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །རྟོག་པའི་རི་བོ་རྒྱ་བཅུ་ནི་བཅོས་པའི་ཚུལ་ལོ། །མཚན་མ་བསྒོམ་པ་ནི་དཀྲི་བའི་ཐབས་སོ ངེས་པར་ལྷ་ནི་གང་བསྒོམས་པ། །དེ་ནི་མུ་སྟེགས་རྟག་ལྟ་ཡིན། །མཚན་མས་མཚན་མ་གྲོལ་ཕྱིར་རོ། །ཀུན་ཏུ་འགྲོ་བའི་ཚོངས་སེམས་ལྷར། །ཤེས་རབ་རྣམ་གསུམ་སྒོ་ཡོས་ཚོལ། །ཚོལ་བས་སྒོ་དེ་རྙེད་པར་འགྱུར། །སྒྲོ་འདོགས་གསུམ་ནི་གཅད་པར་བྱ། །སེམས་ཀྱི་སེམས་བཙལ་སེམས་དེ་རྙེད། །སེམས་དེ་རྙེད་ན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་དོན་གཅིག་བརྟག །ཡེ་ཤེས་བཞི་ཡི་སྒོ་མོ་འཆར། །སྙོམས་འཇུག་བཞི་ལ་ངེས་པར་ནུབ་དཔལ་གྱི་སྙིང་པོ་ལ། །དེས་ལོ་དཔལ་དབང་ཕྱུག་ལ། དེས་ང་འབྲེ་ཀླུའི་རྒྱལ་མཚན་ལ། དེས་ང་འབྲེ་གསལ་ལེ་ལ། །དེས་ལང་ལྷབ་བྱང་ཆུབ་རྡོ་རྗེ་ལ་དབང་རྟགས་སུ་གཅིག་ནས་གཅིག་ཏུ་བརྒྱུད་པའོ། །མོ་ཕྱི་ངོ་དགའ་རུ་སྣོད་ངན་པ་ལ་སྙིང་སྒོར་མི་བྱུང་མི་བསྟན་ནོ།། །། རྒྱ་གར་སྐད་དུ། བི་ཏོ་ཏ་མ་ལ་འགུ་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། ཕུར་པ་གསང་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་དང་། འཁོར་ཁྲོ་བོ་དང་།ཁྲོ་མོ་དང་། སྤྲུལ་པ་དང་། ཡང་སྤྲུལ་དང་། མ་མོ་དང་། གིང་དང་། ཕོ་ཉ་དང་། །བྲན་དང་། ཡང་བྲན་བསམ་གྱི་མི་ཁྱབ་པ་དང་ལྡན་པར་བཞུགས་སོ། །དེ་ནས་གསང་བའི་བདག་པོས་དེས། སྲས་མཆོག་ཀི་ལ་ཡར་སྤྲུལ་ནས། བཅོམ་ལྡན་འདས་ལ་ཞུས་པ། མ་འོངས་པའི་སེམས་ཅན་ལ་གནོད་པའི་དགྲ་བགེགས་གཉིས་དར་བའི་དུས་སུ། འདུལ་བའི་ཐབས་ཇི་ལྟར་བྱ་ཞེས་ཞུས་སོ། །བཅོམ་ལྡན་འདས་རྡོ་རྗེ་སྲིན་པོས་གསུངས་པ། གདུལ་བའི་ཐབས་ནི་གཉིས་ཡིན་ཏེ། ཐབས་ཀྱིས་འདུལ་བ་དང་། མངོན་དུ་འདུལ་བའོ། །ཐབས་ནི་ཇི་ལྟ་བུ་དང་ལྡན། མངོན་དུ་བྱུང་བ་ཇི་ལྟ་བུ། །ཐབས་ཀྱི་སྤྱོད་པའི་འགྲོ་དོན་དུ། །བྱམས་དང་སྙིང་རྗེ་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་མཛད་ནས། །ཐབས་ནི་བསམ་གྱིས་མཐའ་ཡས་མཆོག །རེས་འགའ་ཞིག་ལ་རེས་འགའ་དྲག །རེས་འགའ་དབང་ལ་རེས་འགའ་རྒྱས། །འཇིག་རྟེན་པ་དང་འཇིག་རྟེན་འདས། །བསམ་གྱིས་མི་ཁྱབ་སྤྲུལ་ཏེ་བསྟན། །འགྲོ་བ་འདུལ་བའི་དོན་དུ་ཅིར་ཡང་སྟོན། །བདག་ལ་སྤྲུལ་པ་ཁྲོ་བོ་ཕྱུང་། །ཁྲོ་བོ་ལས་ནི་འཕྲ་མེན་བྱུང་། །འཕྲ་མེན་ལས་ནི་འཇིག་རྟེན་དྲེགས་པའི་ལྷ་རྣམས་བྱུང་། །ཀྲོདྷི་ཤྭ་རི་ལས་ནི་ཁྲོ་མོ་བྱུང་། ཁྲོ་མོ་ལས་ནི་ཨེ་ཀ་ཛ་ཏི་ཀུན་ཏུ་བཟང་པོ་བྱུང་། །ཨེ་ཀ་ཛ་ཏི་ཉིད་ལས་ནི་རེ་མ་རི་དང་ལྟ་མོ་ནག་མོ་ཕྱུང་། །དེ་ཉིད་ལས་ནི་མ་མོ་ཉི་ཤུ་རྩ་གཅིག་ཕྱུང་། །་།་ན་བཞི་དང་བསེ་མོ་བཞི། །རྒྱལ་མོ་བཞི་དང་མ་མོ་བདུན། །ཕུང་བྱེད་མ་དང་གྲུ་འདེགས་མའོ། །དེ་ལས་སྤྲུལ་པའི་མ་མོ་ནི། །སྟོང་ནི་རྩ་བརྒྱད་ཡིན་པར་ཤེས། །དེ་ཡི་བྲན་མོར་གྱུར་པ་ནི་གདོང་མོ་བཞི་དང་། །ལས་ཀྱི་དབང་མོ་ཆེ་ནི་བཞི་རུ་སྤྲུལ། །དེ་ཡི་ཡང་བྲན་དུ་གྱུར་པ་ནི། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་སོ། །བྲན་དང་ཡང་བྲན་ཚུལ་དུ་ཤེས་པར་གྱིས། །འཁོར་དང་ཡང་གཡོག་ཏུ་ནི་འབྱོར་བར་གྱིས། །གཅིག་གི་འཁོར་དུག་གཅིག་ནས་པས། །རྒྱལ་པོ་བློན་པོ་འབངས་ཀྱི་ཚུལ། །དང་པོ་བསྐྱོད་པས་ཀུན་གྱི་ལས་རྣམས་བྱེད་པར་འགྱུར། །དེ་ཕྱིར་བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་༄༅ བཅས་པ། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། །སུ་རུ་སུ་རུ་སྨྱོ། མུ་རུ་མུ་རུ་སྨྱོ། ཀ་ཏང་ཀ་ཏེ་སྨྱོ། ཛ་ཡ་བི་ཛ་ཡེ་སྨྱོ། ཨ་ཙིཛ་ཏེ་སྨྱོ། ཨ་པ་ར་ཙིཛ་སྟ་མ་ར་ས་ན་པྲ་མརྟ་ན་ཡེ་ཧུ༷སྨྱོ། མ་མོ་རྣམས་ཀྱི་སྲོག་གི་སྙིང་པོ་སྟེ། །གོ་ནོན་སྔགས་ཀྱིས་གཏེམས་ནས་རང་དབང་མེད་པར་འདུལ། །དེ་ནི་མ་མོ་སྟོང་རྩ་བརྒྱད་ཀྱི་སྲོག་གི་སྙིང་པོ་བསྡུས་པ་ཞེས་བྱའོ། །དེ་རྣམས་སྦད་པའི་སྙིང་པོ་ཇི་ལྟར་ལགས། །མ་ཏ་མ་ཏ་བཛྲ། །ཧཱུཾ་མ་མ་པ་ཤི་ཀུ་སྲ མ་ཏ༷་མག་ཉ་ན། ཀ་ར་ཨི་ནན། དྷ་ཏི་མ་མ་ཀར་མ་ཤི་ཀྲ༷་ཀ་རེ་ཡ། ཉི་ཤུ་རྩ་གཅིག་ལས་ལ་སྦད་དོ། །རང་དབང་མེད་པར་འགྲོ་བར་འགྱུར། ་༑་ན་མུ་ཀའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བ། །ས་བདག་ཆེན་མོའི་དུས་ལ་བབ། ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །འཇུག་འཇུག་བྲ་དང་ཕོ་ཉ་གདགས། །གསང་བ་ཐུན་གྱི་སྙིང་པོ་གང་། །སུ་རུ་སུ་རུ་བཛྲ། ཧུ༷་པ་ར་བིད་ཏ་ན་ཧུ༷་ཕཊ། ཚིན་དྷ་ཚིན་དྷ་ཧུ༷་ཕཊ། བིན་དྷ་བིན་དྷ་ཧུ༷་ཕཊ། སྒྲི་ན་སྙི་ན་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། བན་དྷ་བན་དྷ་ཧུ༷་ཕཊ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། སརྦ་ཨ་ན་ཡ་ཧུ༷་ཕཊ། ཏད་ཡ་ཐ་ཏད་ཡ་ཐ་ཧུ༷་ཕཊ། དེབཞིནདྲུགལའབྱོར་པ་གྱིས། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཁྲག་ཟོར་ཉུངས་ཟོར་དུག་ཟོར་དང་། །མཚན་ཟོར་རྟིང་ལ་གཏོར་ཟོར་གདབ། །རྦད་སྔགས་ཉི་ཤུ་རྩ་ལྔ་ཀུན་ལ་འབྱོར་བ་ཡིས། །དེ་ནི་དྲག་པོ་ཐུན་གྱི་རྫས་རྣམས་ཡིན། །རྦད་དང་རྟེན་པའི་རྫས་རྣམས་ནི། ཁྲ་སྣ་ཁྲག་སྣ་ཚོགས་ཚད་ལ། །ན་ལ་སྦྲུག་གི་ཤ་རྣམས་སོ། །དེ་ཡི་བཟླས་ལུགས་ཇི་ལྟར་ལགས། །འདུས་པ་ཆེན་པོས་བཤད་དུ་གསོལ། །རྩ་བའི་སྙིང་པོའི་མཇུག་ལ་ནི། །སྲོག་སྔགས་བཅུ་གཅིག་བཏགས་པ་ནི། །མ་མོ་ཀུན་གྱི་སྲོག་གི་སྙིང་པོར་འབྱོར་བ་ཡིས། །སྟོད་ཀྱི་སྙིང་པོ་ཉི་ཤུ་རྩ་གཅིག་ལ། །དགུག་སྔགས་བཞི་དང་སྲོག་སྔགས་བཅུ་གཅིག་གིས། །གང་ཡིན་གནས་ནས་འགུགས་པར་གྱིས། །མགོ་གནོན་སྔགས་ཀྱི་སྙིང་པོ་དང་། །དམ་ཅན་སིལ་བུའི་སྙིང་པོ་ལ། །སྨྱོ་རྣམས་བཏགས་པའི་སྙིངཔོ་ཡིས། །མ་མོ་སྟོང་ནི་རྩ་བརྒྱད་རྣམས། །མཐུན་པའི་རྫས་དང་གནད་ལ་དབབ་པའི་ཚིག་དང་ནི། །རང་རང་བསྐུལ་ཏུ་བསྡེབས་པ་ཡིས། །ཐུགས་དམ་གནད་ལ་འབེབས་པར་གྱིས། །མ་མོའི་ལས་སྔགས་བསྡུས་པ་དང་། །ཡི་གེ་ཉི་ཤུ་རྩ་ལྔ་དང་། །བསྐུལ་དྲུག་གནད་དབབ་དྲུག་ཏུ་བསྡེབས་པ་ཡིས། །དམ་ཅན་རྣམས་ནི་བསྐུལ་བ་ཡིས། །གང་ཡིན་དེ་ནི་ཁུགས་པར་གྱིས། །སྲོག་གི་སྙིང་པོ་བདུན་པོ་རྣམས། །གསང་སྔགས་བཅུ་གཅིག་བཏགས་པ་དང་། །བསྐུལ་ཚིག་དྲུག་དང་བསྡེབས་པ་ནི། །སྒྲོལ་བའི་ལས་རྣམས་རྫོགས་པར་གྱིས། །ཟབ་མོ་ཐབས་དང་ཏིང་འཛིན་དང་། །སྔགས་ཀྱི་སྦྱོར་ཐབས་ཤེས་པ་ཡིས། །ལས་ལ་ཐོགས་པ་མེད་པར་འགྱུར། །སྔགས་ཀྱི་ངོ་བོ་ཇི་ལྟར་ལགས། །སུ་རུ་ཤོ་ན་མུ་ཀ་སྟེ། །མུ་ན་བདག་ཉིད་ཆེན་མོ་ཡིན། །ག་ཏ་བཞི་ནི་རྒྱལ་མོ་བཞི། །མར་ས་ནམ་མོ་སྟོང་གི་སྙིང་པོ་ཡིན། །བསྡུས་ན་རེ་མ་ཏི་དང་ཨེ་ཀ་ཛ་ཏིར་འདུས། །མ་ཏི་ཀུན་ཏུ་བཟང་མོ་སྟེ། །སྲིད་པའི་རྒྱལ་མོ་ཉིད་དུའོ། །མ་མགོ་རེ་ཏི་མཆེད་བཞིའོ། །པ་ཤི་ཕུང་བྱེད་མ་བཞིའོ། །ཀུ་རུ་ཤོ་ན་མུ་ཀའོ། །མ་ཏམ་ཚ་བའི་མ་མོ་བཞི། །ཙྭ་ན་ཡེ་ཤེས་མ་མོའོ། །ཀ་ར་ཞེས་པ་བསྟན་མའི་ཚོགས། །ཨི་ནན་ཞེས་པ་མ་མོ་བདུན། །དྷ་ཏི་མན་ཆད་གསང་སྔགས་ཏེ། །ཀུན་གྱི་ཕོ་ཉ་དང་ནི་གྱིང་དུ་ཤེས་པར་གྱིས། །རང་རང་སྲོག་གི་སྙིང་པོ་ལ། །ལས་སྔགས་བཅུ་གཅིག་བཏགས་པ་ནི། ཁྲན་པའི་གྱིང་ཆེན་བཅུ་གཅིག་གིས། །ཐམས་ཅད་མ་ལུས་སྒྲོལ་བར་གྱིས། །ཞེས་གསུངས་སོ། །ཐབས་འདུལ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ་དང་། ཀྱེ་རྡོ་རྗེ་འདུས་པ་ཆེན་པོ། མངོན་དུ་བསྒྲལ་བའི་ཐབས་ནི་ཇི་ལྟར་ལགས། དེ་ཡི་འཕྲིན་ལས་ཇི་ལྟར་བྱ། །འདུས་པ་ཆེན་པོས་བཤད་དུ་གསོལ། །གསང་བའི་བདག་པོ། དེ་ཡི་དོན་ནི་འདི་ལྟར་བྱས་ཏེ། །རྗེས་སུ་འཇུག་པའི་གང་ཟག་པས། །དཀྱིལ་འཁོར་བྱ་དང་འཕྲིན་ལས་དང་། །བསྒྲུབ་དང་ངེས་པར་བསྒྲུབ་པ་དང་། །ཟབ་མོ་བསྡུས་པའི་ལུང་འདི་བསྟན། །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་སུ་འགྱུར། བི་ཏོ་ཏ་མ་ལའི་རྒྱུད་ལས། དཀྱིལ་འཁོར་བརྒྱ་ནི་རྩ་བརྒྱད་དོ། །ཉི་ཤུ་རྩ་གཅིག་ཐབས་དང་ཤེས་རབ་བསྒྲུབ། །རྩ་གཉིས་དྲེགས་པ་མངོན་དུ་ཕྱུང་སྟེ་བསྒྲུབ། །མྱ་ར་ཡ་གསད་པའི་དཀྱིལ་འཁོར་བསྒྲུབ། །ཐུན་ཕོར་དམར་ནག་ལེ་ཚེ་དགུ་པ་བྱ། །འཕྲིན་ལས་དོན་ནི། རྒྱས་པ་བསྡུས་པ་གཉིས་སུ་གྱུར། །རྒྱས་པར་བྱ་བ་རྒྱུད་གཞན་བཞིན། །འདི་ནི་ཤིན་ཏུ་བསྡུས་པ་སྟེ། །བདག་ཉིད་ལྷ་ཡི་ཏིང་ངེ་འཛིན་འབྱོར་བ་ཡིས། ཁྲོ་བོ་འདུས་པའི་མཚམས་དག་གཅད། །གསང་མཚམས་འབར་བའི་ཁྲོ་བོ་བཅུ་དག་གིས། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །བརྗིད་པའི་ཐབས་ཀྱིས་གཅད་པར་བྱ། །དངོས་གཞི་ལྔ་ཡིས་ཆག་ཆག་གདབ། །བ་སུ་ཏུ་ཡིས་ཐིག་རྣམས་གདབ། །གསང་བའི་འཕྲིན་ལས་ཚུལ་བཞིན་བྱ། །རྩ་གཅིག་དཀྱིལ་འཁོར་ཚུལ་བཞིན་བྲི། །ཐབས་དང་ཤེས་རབ་ཚུལ་གྱིས་ལྷ་ཕུར་ཉི་ཤུ་རྩ་གཅིག་དགོད། །བར་ཁྱམས་ཨེ་ཡིག་གདན་ལ་ནི། །སྲས་ཀྱི་ཕུར་པ་ཉི་ཤུཀཅག །རྩ་གཅིག་སྔགས་ཀྱིས་དགོད་པར་བྱ། །བསྒྲུབ་པའི་རིམ་པ་ཤེས་པར་གྱིས། །ལས་ལ་རྒྱུག་ཀར་སྤུངས་ལ་བཞག །བྱིན་བརླབས་བརྒྱད་དང་བྱུག་བདུག་གསུམ། །གཟི་བྱིན་བསྐྱེད་དང་བཅུ་གཉིས་ནི། །ཚུལ་བཞིན་གོ་རིམས་འབྱོར་བར་གྱིས། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མི་འགྱུར་ཡེ་ཤེས་ལྟ་བའི་གདེང་། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་སྒོ་རུ་བསྒོམ་པར་བྱ། །གཉེན་པོ་ལྷ་ཡི་གདེང་། སྟོང་གསུམ་ལྷ་ཡི་གཞལ་ཡས་ཁང་ཤེས་ན། །སྣང་སྲིད་ལྷ་ཡི་དཀྱིལ་འཁོར་ལ། །མི་སྐྱེད་རྫོགས་པའི་ཚུལ་དུ་བསྒོམ། །སྙིང་རྗེ་བསྒྲལ་བའི་དམ་ཚིན་ནི། །སྲིད་པའི་ཕུར་བི་བདག་སྒྲུབ་ཀྱིས། །ཡེ་ཤེས་ཁྲོ་བོ་གྲུབ་པར་འདོད། །ཕུར་པའི་ཁོང་སྟོང་གཞལ་ཡས་ཁང་། །ལྷ་ཡི་དཀྱིལ་འཁོར་ཚང་བར་བསྒོམས། །བརྡ་ཡི་སྒོ་ནས་མཚོན་པའོ། །འོག་གནོན་སྔགས་ཀྱིས་གདེང་། །ཨོ༷་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིག་ནན་བ༷་ཧུ༷་ཕཊ། མ་ར་ས་ན་བྲ་མརྟ་ན་ཡེ་ཧུ༷་ཕཊ། ཁྲོ་སྔགས་བཅུ་ལ་དེ་བཞིན་ནོ། །རྡོ་རྗེ་གཞོན་ནུ་རིགས་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་འདོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལ། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་གྱུར་ཅིག །བཟླས་བརྗོད་སྔགས་ཀྱི་འཕྲོ་འདུ་ཡིས། །སྐུ་གསུང་ཐུགས་ཀྱི་དབང་ཡང་བསྐུར། །མ་མོ་མཁའ་འགྲོ་དབང་དུ་སྡུད། །རིགས་འཛིན་རྣམས་ནི་དངོས་གྲུབ་སྟེར། །ལྷ་ལ་ཕོག་པས་དངོས་གྲུབ་ལ། །བགེགས་ལ་ཕོག་པས་ཐལ་བར་རློག །ཕར་འཕྲོས་རྒྱལ་བའི་ཐུགས་དམ་བསྐུལ། །དམ་ཅན་རྣམས་ནི་ལས་ལ་བསྐུལ། །འོད་ཟེར་འཕྲོ་འདུ་རྒྱུན་མི་ཆད། །བྱང་ཆུབ་བསྒྲུབ་དང་འཕྲིན་ལས་རྣམས། །སྔགས་རྣམས་བརྗོད་པས་རྫོགས་པར་འགྱུར། །བདུན་འབུམ་ཉི་ཁྲི་བརྗོད་པས་གདོན་མི་ཟ། །ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི། །སྙིང་པོ་གཅིག་གིས་དོན་རྣམས་བྱེད། །སྲིད་པའི་ཕུར་བུ་བསྒྲུབ་པའི་ཕྱིར། །དབང་དང་དངོས་གྲུབ་འདིར་གསོལ་ཅིག །མཆོད་པའི་འཕྲིན་ལས་རྫོགས་པར་བྱ། །འོད་ཟེར་འཕྲིན་ལས་འཕྲོ་འདུ་རྒྱུན་མི་གཅད། །རྟགས་དང་མཚན་མ་བསྟན་པ་དང་། །ཀི་ལ་ཡ་ཡི་དངོས་གྲུབ་གསོལ། །ཡེ་ཤེས་གཅིག་ལ་ཡེ་ཤེས་བསམ་མི་ཁྱབ། །བདག་ཉིད་དངོས་གྲུབ་བླང་བ་དང་། །གཞན་གྱི་བགེགས་རྣམས་འདུལ་བ་དང་། །གསང་བའི་བདག་པོ་དེ་ཡིས་ནི། །མགོ་གནོན་གསུམ་གྱིས་ཟིན་པར་བྱ། །བསྒྲུབ་པ་ཞེས་སུ་བསྟན་པ་ཡིན། །བསྒྲུབ་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ངེས་པར་བསྒྲུབ་པའི་དོན་ནི་ཇི་ལྟ་བུ་ལགས། །རྡོ་རྗེ་འདུས་པས་བཤད་དུ་གསོལ། །གསང་བའི་བདག་པོ་ཉོན་ཅིག །ཚུལ་འདི་ནི་རྫོགསཔ་ཆེན་པོའི་ཚུལ་ཏེ། སྲིད་པའི་ཕུར་བུ་ཇི་ལྟར་བསྒྲུབ་ན། །སྣ་སྲིད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །ཀི་ལ་ཡ་ནི་བཟླས་ཡིས། །བདག་ཉིད་སྣང་བ་སྐུ་ཡི་དཀྱིལ་འཁོར་ལ། །གྲགས་པ་ཐམས་ཅད་གསུང་གི་དཀྱིལ་འཁོར་ཡིན། །དྲན་རིག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་ཡིན། །ཇི་སྐད་བརྗོད་ཀྱང་ཀི་ལ་ཡ། །ཕྱི་སྣོད་གཞན་ཡས་ཁང་གི་ངང་། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་ནི། །ལྷ་ཡི་དཀྱིལ་འཁོར་མ་ཡིན་པ། །འཁོར་བ་བྱ་བའི་མིང་ཡང་མེད། །དཀྱིལ་འཁོར་གསུམ་དུ་ཤེས་པའོ། །སེམས་སྦྱངས་པ་ཡི་རིམ་པ་ནི། །བདག་ཉིད་ལྷ་ཡི་རྣལ་འབྱོར་གསལ་བ་ལས། །ཡེ་ཤེས་ལྷ་རྣམས་བདག་གི་བདུན་ན་གསལ། །བདག་ཉིད་ཤར་དུ་ཁ་བལྟས་ཏེ། །སྔགས་རྣམས་ཚུལ་བཞིན་བརྗོད་པ་ཡིས། །ཕར་འཕྲོས་པས་ནི་ལྷ་ལ་ཕོག །ལྷ་རྣམས་འོད་ཟེར་ཚུལ་འདུས་པས། །སྐུ་གསུང་ཐུགས་ཀྱི་དབང་ཡང་བསྐུར། །ཡེ་ཤེས་ལྔ་ཡིས་བྱིན་གྱིས་བརླབ། །གཞའ་ཚོན་བསྐོར་བ་བཞིན་དུ་བསྒོམ། །རིག་པ་ཡེ་ཤེས་ཚོན་གང་པོ། །བཟླས་པ་སྔགས་ཀྱིས་བསྐྱོད་པ་ཡིས། །རང་གི་རིག་པ་རང་ཉིད་དེ། །གཉིས་སུ་མེད་པའི་དོན་དུ་གསལ། །ཡེ་ཤེས་སེམས་དཔའ་ཐུགས་ཁར་བསྡུ། །རང་བྱུང་ཡེ་ཤེས་འོད་དུ་ཞུ། །ཀུན་གསལ་མེ་ལོང་འོད་པོ་ཆེ། །གསལ་བ་མ་འདྲེས་ཚུལ་དུ་བསྒོམ། །ཕར་འཕྲོས་རྒྱལ་བའི་ཐུགས་དམ་སྐོངས། །ཚུར་འཕྲོས་བདག་གི་ཐུགས་ཉིད་ཞུ། །འོད་ཟེར་འཕྲོ་འདུ་རྒྱུན་མི་འཆད། །སེ་འབྲུ་གཏོར་བའིཚུལབཞིནདུ། །སྟོངགསུམ་འོད་ཀྱི་རང་བཞིན་ལ། །ཐམས་ཅད་དབང་གི་རང་བཞིན་ནོ། སྐབས་སྐབས་མཆོད་དང་བསྟོད་པཚུལབཞིནབྱ། །ཨོབཛྲ་ཀྱིལི་ཀི་ལ་ཡ་སརྦ་བིག་ནན་བ༷་ཧུ༷་ཕཊ། དེ་ལྟར་འཕྲོ་འདུ་ཚུལ་བཞིན་བྱ། །ཏིང་འཛིན་མི་གསལ་ལྡང་འདོད་ན། །འོད་ཟེར་ཐམས་ཅད་བདག་ལ་བསྡུ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་། །སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་། །ལྷ་ཡི་དོན་ལས་འདའ་མ་བྱེད། །གསང་བའི་བདག་པོ་དེ་ནི་ངེས་པར་གྲུབ་པའོ། །ཀྱེ་འདུས་པ་ཆེན་པོ། བཟླས་པའི་དོན་ནི་དེ་ལགས་ན། །འཕྲིན་ལས་དོན་ནི་ཇི་ལྷར་ལགས། །འདུས་པ་ཆེན་པོས་བཤད་དུ་གསོལ། །སྨད་ཀྱི་སྟོད་ཀྱི་ཀློང་དྲུག་གི །ལྷ་རྣམས་དྲག་པོས་ལས་ལ་བསྐུལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤོན་མུ་ཀའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །གང་ཡིན་གནས་ལ་འགུགས་པར་བྱེད། །གྲོག་ཚང་དགུ་ཀློངས་པ་ཡི་ཚུལ་དུ་དགུག །སྟོད་ཀྱི་སྨད་ཀྱི་གློང་དྲུག་གིས། །གནད་ལ་དབབ་ཅིང་ཚེ་ལུང་ཁྲུས་ལུང་བྱ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིགས་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཧུ༷་ཀ་ར་ཧུ༷་ཀ་ར་ཨ་ཨ་ཨ། བར་གྱི་ཀློང་བརྒྱད་ཀྱིས་མཐུན་པའི་མན་ངག་སྦྱར། ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་ཕྲན་བཞིན་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཆེན་པོ་མྱོང་བར་མཛོད། །བསྐུལ་བའི་ལས་དང་གདབ་པ་དང་། །གཟིར་བཅིང་དབང་དུ་བྱ་བ་དང་། །བསྐུལ་དྲུག་དག་གིམཇུག་ལ་གདགས། །བྱིན་བརླབས་གདོན་དང་། །མགྱོགས་མ་ལས་ཀྱི་ཏིང་འཛིན་དང་། །སྡུག་བསྔལ་ཆེན་པོ་མྱོང་བར་བྱེད། །འདི་བརྒྱད་ལས་ཀྱི་ཕོ་ཉ་ཡིན། །ཨོ་ལ༷་ཧུ༷་ལ༷་སྟ༷་པ་ནན། མོ་ཧ་ག་ཡ། བྷ་ག་བྷན། ཤིཀྲི་བི་ཀྲི། ཐྲི་བཛྲ་ཧུ༷་ཀ་ར་ཧུ༷་ཧུ༷ཕཊ་ཕཊ།བཛྲ་ཀི་ལི་ཀི་ལ་ཡ། ཀི་ལ་ཡ། ཛ་ཧུ༷་བ༷་ཧོ། སརྦ་བིག་ནན། བཛྲ་ཀི་ལི་ཀི་ལ་ཡ། ཧུ༷་ཧུ༷་ཕཊ་ཕཊ་བཛྲ་ཧུ༷་ཀ་ར་ཧྭ༷་ཕཊ། འདི་ནི་ཐམས་ཅད་འདུས་པའི་ངན་སྔགས་ཞེས་ཀྱང་བྱའོ། །འཕྲིན་ལས་བཞིའི་སྙིང་པོ་ཞེས་ཀྱང་བྱའོ། །སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྙིང་པོ་ཞེས་ཀྱང་བྱའོ། །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལས་ཀྱི་སྙིང་པོ་བསྡུས་པ་ཞེས་ཀྱང་བྱའོ། །རྡོ་རྗེ་གཞོན་ནུ་འཇིག་རྟེན་པར་ཕྱུང་བའོ། །རྦད་པའི་སྙིང་པོ་བསྡུས་པ་ཞེས་ཀྱང་བྱའོ། །འཁོར་ལོ་བསྐོར་བའི་སྙིང་པོ་ཞེས་ཀྱང་བྱའོ། །མ་མོ་ཀུན་གྱི་ལས་སྔགས་བསྡུས་པ་ཞེས་ཀྱང་བྱའོ། །གསང་བ་འདུས་པའི་ཕུར་གཅིག་མ་ཞེས་ཀྱང་བྱའོ། །དེ་ནས་མན་ངག་གི་ལས་བརྒྱད་ཅེས་བྱའོ། །བར་གྱི་སྨད་ཀྱི་ཀློང་བདུན་གྱི་བསྒྲུབ་ཐབས་རྣམ་པ་བདུན་དུ་སྐྱེར། ཧ་ས་ཡ་ཧ་ཏ་ན་ཧུ༷་ཕཊ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ནི། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །མཆོད་དང་བསྟོད་པ་ཚུལ་བཞིན་བྱ། །གུ་གུལ་སྦྱར་བའི་དུད་པས་བདུག །དུས་བབ་དྲུག་གི་ཕོ་ཉ་བཏང་། །གཟས་པའི་དགྲ་བགེགས་གང་ཡིན་པ། །བྱ་རོག་ལ་ནི་རྡོ་བརྒྱབ་བཞིན། །གྲོགས་དང་བྲལ་ནས་རྐྱང་བར་གནས། །མ་ཕྲེལ་བར་དུ་རྒྱུན་མི་བཅད། །རྟགས་རྣམས་བྱུང་བར་གྱུར་པ་དང་། །དུང་གི་ཕུར་པ་དག་གིས་གདབ། །དེ་བཞིན་དུ་ནི་འབྱོར་བ་ཡིས། ཐྲི་ཀྲིན་བི་ཀྲི་ཨ་ན་ཡ་ཧུ༷་ཕཊ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་ཆིངས་ཤིག་རྣམ་པར་ཆིངས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱུར། །སྔོན་དམར་དག་གི་བྲུངས་བདག་གིས། །གང་ཡིན་དེ་ནི་བྱད་དུ་ཆུད་པར་བསམ། །མཆོད་བསྟོད་བསྐུལ་བ་ཚུལ་བཞིན་ནོ། །རྟགས་རྣམས་བྱུང་ན་བྱ་ཕུར་དག་གིས་གདབ། །སྨོན་ལམ་དྲག་པོ་དག་ཀྱང་གདབ། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱིས་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བི་རྩ་རྒྱའི་དུས་ལ་བབ་པའོ། །རྣག་པ་དེ་ཁོ་ནའོ། །བཛྲ་ཀི་ལ་ཡ་ཉི་ཤུ་རྩ་གཅིག་མནན་ཅིག་གདབ། །ཀུན་ལ་དེ་བཞིན་འབྱོར་བར་གྱིས། །ཛ་ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རིངས་བར་ཁུག་ལ་སྨྲར་ཆུ་གཅིག །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །དུག་རྫས་སྣ་ཚོགས་བྲབ། །གང་ཡིན་དེ་ནི་སྡུག་བསྔལ་མྱོང་ནས་སྨྱོ་ཞིང་འབོག་བར་བསམ། རྟགས་བྱུང་ན་ནི་སྐྱེར་པའི་ཕུར་པ་དག་གིས་གདབ། །བྱ་བའི་རིམ་པ་གོང་བཞིན་ནོ། །ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧུ༷་ཕཊ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ལྕགས་ཕྱེ་ཟངས་ཕྱེ་དག་གིས་བྲབ། །རྣམ་ཤེས་བཀུག་ནས་གཟིར་བར་བསམ། །བྱ་བའི་རིམ་པ་དེ་བཞིན་ནོ། །རྟགས་བྱུང་ན་ནི་ཟངས་ཀྱི་ཕུར་བས་གདབ། །ཏ་ཐ་ཡ་ཏ་ཐ་ཡ་ཧུ༷་ཕཊ། ཨ༷་གུ་ཤ་ན་དཀར་ནག་དང། ་་ས་ཀར་རྒྱལ་པོ་དག་གིས་བྲབ། །གང་ཡིན་དེ་ནི་ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་བསམས། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྟོགས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །ང་ཡི་དབང་དུ་འགྱུར་ནས་ཀྱང་། །བསྟོ་བའི་བཀའ་རྣམས་ཉན་པར་གྱིས། །བྱ་བའི་རིམ་པ་ཚུལ་བཞིན་ནོ། །རྟགས་བྱུང་ན་ནི་ལྕགས་ཀྱི་ཕུར་པས་གདབ། བི་ད་ཡ་བི་ད་ཡ་ཧཱུཾ༷་ཕཊ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །འདུག་ཅིང་སྡང་སེམས་ལྡན་པ་རྣམས། །བི་ད་ཡ་ཡི་ཞལ་དུ་བསྟབས། །གཏོར་ཆེན་དག་ལ་ཁྱི་འདུལ་བཞིན། །རང་དབང་མེད་པར་གསོལ་བར་བསམ་མོ། །ཐུན་གྱི་རྫས་རྣམས་ཀུན་དང་ནི། །ཁྲག་སྣ་ཚོགས་པའི་རྫས་ཀྱིས་བྲབ། །དུས་བབ་དྲུག་གི་འགུགས་འདྲེན་བྱ། །མཆོད་དང་བསྟོད་པ་ཚུལ་བཞིན་བྱ། །སྨོན་ལམ་དྲག་པོ་དག་ཀྱང་གདབ། །རྟགས་བྱུང་ན་ནི་སེང་ལྡེང་ཕུར་བུས་གདབ། །དེ་ནས་ཐུན་ནི་དྲག་པོས་བྲབ། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྤྱིན་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པའི་བགེགས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ཧྭ༷་མ་མ་པ་ཤི་ཀུ་རུ་མ་ཏ༷་རྙོ་ཀ་ར་ཨི་ནན། འདའ་ཏི་མ་མ་ཀར་མ་ཤི་ཀྲང་ཀ་རེ་ཀ་ཡ། དྲག་པོ་ཐུན་རྣམས་སྐོར་ཚོམས་གསུམ་དུ་བརྡེག །ཐམས་ཅད་འདུས་པའི་གོང་བཞིན་ནོ། །གདབ་པའི་རིམ་པ་ནི། འཕྲིན་ལས་བཞི་ཡི་ཕུར་པས་གདབ། །ལས་སྔགས་བཅུ་གཅིག་དག་ལ་ནི། ཁྲོ་བོ་བཅུ་གཅིག་གི་བརྡེག །སྦྱོར་བ་གསུམ་གྱི་སྒོ་ནས་གདབ། །དྷ་ཏི་མ་མ་ཀར་མ། ཤིཀྲང་ཀ་རེ་ཕཊ། ཇག་པའི་སྐྱེས་བུ་བཅུ་གཅིག་གིས། །ཀུན་གྱི་མཇུག་ལ་གདགས་པར་བྱ། །དེ་ནས་གསང་བའི་ཐུན་རྣམས་བརྡེག །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱད་དུ་ཁོས། །ཉོན་ཅིག་བགེགས་དངལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །དམ་ཅན་སིལ་བུའི་ཐུན་རྣམས་བརྡེག །འཕྲིན་ལས་རིམ་པ་ཚུལ་བཞིན་བྱ། །བསྒྲུབ་པ་ཆེན་པོ་འཕྲིན་ལས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་རྡོ་རྗེ་གསང་བའི་བདག་པོས། རྡོ་རྗེ་འདུས་པ་ལ་སོགས་པ། ཀྱེ་འདུས་པ་ཆེན་པོ་བཟླས་བརྗོད་སྔགས་ཀྱི་མཚན་ཉིད་ཇི་ལྟར་ལགས། འདུས་པ་ཆེན་པོས་བཤད་དུ་གསོལ། གསང་བའི་བདག་པོ་ཉོན་ཅིག །ཚུལ་འདི་ནི་འདི་ལྟར་བཤར་པ༷ར་བྱའོ། །བདག་ཉིད་ཀུ་མ་རར་བསྒོམས་ལ། །བདག་ཉིད་ཀྱི་སྙིང་ཁ་རུ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་བུམ་པའི་ཚུལ་དུ་བསྒོམ། །སྔགས་ཀྱི་ཡིག་འབྲུ་འདི་བཅུ་ལ། །རྩིབས་བརྒྱད་འབྲུ་བརྒྱད་ཚུལ་དུ་བསྒོམ། །ཨོ་དང་བཛྲ་དབུས་སུ་སྟེ། །ནན་དང་བ༷་སྟེ་སྟེང་འོག་གོ །ཧུ༷་ནི་ཐུགས་ཀྱི་སྙིང་པོ་སྟེ། །ཕཊ་ནི་ཀུན་ཀྱང་ཁྲོ་བོའི་ཚོགས། །རྩ་བའི་ལྷ་རྣམས་བཅུ་གཅིག་དག །སྙིང་ལ་ངེས་པར་བསྟན་པ་ཡིན། །བུམ་པ་ནང་གི་མར་མེ་ལྟར། །བདག་ཉིད་གསལ་བར་ཀུན་ཀྱང་གསལ། །སེ་འབྲུ་ཙམ་གྱི་ཉི་ཟླ་ལ། །རྩ་ནི་འབྲུ་ཙམ་པདྨའི་གདབ། །ཕྲ་ཞིང་འདུས་པ་ཉུངས་འབྲུ་ཚུལ། །སྐུ་མདོག་ཕྱག་མཚན་ཡབ་དེ་བཞིན། ཁྲོ་མོ་རྣམས་དེ་ལུས་དང་གྲིབ་མའི་ཚུལ་དུ་བསྒོམ། ཁེན་ཏུ་འདྲིས་ཤིང་གསལ་བར་བསྒོམ། །སྲས་མཆོག་བསྐྱེད་པའི་རྒྱུ་ཡང་ཡིན། །སྲོག་གི་སྒོ་རུ་ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །གསེར་གྱི་སྦུ་གུ་ལྟ་བུའི་མགྲིན་པ་ནས། །ཡིག་འབྲུ་མ་ནོར་རིན་པོ་ཆེའི་འཕྲེང་བ་ལྟ་བུ། །འོད་ཟེར་འཕྲོ་འདུ་རྒྱུན་མི་འཆད་པར་འཕྲོ་ཕྱོགས་སུ་བཀོད་ཙམ་ན། བདག་གི་ནུ་པྲག་ཏུ་བསྒོམ། ཨོ་བཛྲ་ཀྲོདྷ་ནི་ལ་དནྟྲ་ཧཱུཾ༷། ད་ཧ་ད་ཧ་ཧུ༷་ཕཊ། དཀྱིལ་འཁོར་གྱི་ལྷོ་ཤར་དུ་བསྒོམ་ཙམ་ན། བདག་གི་དཔུང་པ་གཡས་པར་བསྒོམ། །ཨོ་བཛྲ་ཀྲོདྷ་ཡ་མརྙ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བཀོད་ཙམ་ན། བདག་གི་དཔྲལ་བའི་དབྱིངས་སུ་བསྒོམ། །ཨོ་བཛྲ་ཀྲོདྷ་ཨུརུ་ཨ་ཙ་ལ་ཧྭ༷། བན་དྷ་བན་དྷ་ཧུ༷་ཕཊ། དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་བཀོད་ཙམ་ན། བདག་གི་བརླ་གཡས་པར་བསྒོམ། ཨོ་བཛྲ་ཀྲོདྷ་རྒྱ་གྲི་བ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བཀོད་ཙམ་ན། བདག་གི་མགྲིན་པའི་ནང་དུ་བསྒོམ། །ཨོ་བཛྲ་ཀྲོདྷ་ཨ་པ་ར་ཙིཏི་ཧུ༷། སྟིགི་སྟིགི་ཧུ༷་ཕཊ། དཀྱིལ་འཁོར་གྱི་ནུབ་བྱང་དུ་བཀོད་ཙམ་ན། བདག་གི་དཔུང་པ་གཡོན་པར་བསྒོམ། །ཨོ་བཛྲ་ཀྲོདྷ་ཨ་མྲི་ཏ་ཀུན་ཌ་ལི་ཧུ༷། ཚིན་དྷ་ཚིན་དྷ་ཧུ༷་ཕཊ། དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བཀོད་ཙམ་ན། བདག་གི་ཐུགས་ཀར་བསྒོམ། །ཨོ་བཛྲ་ཀྲོདྷ་ཏྲེ་ལོཀྱ་བི་ཛ་ཡ་ཧུ༷། སྟིན་དྷ་སྟིན་དྷ་ཧུ༷་ཕཊ །དཀྱིལ་འཁོར་གྱི་བྱང་ཤར་དུ་བཀོད་ཙམ་ན། བདག་གི་བརླ་གཡོན་པར་བསྒོམ། ཨོ་བཛྲ་ཀྲོདྷ་མ་ཧྭ་བ་ལ་ཧུ༷། ཕོཊ་ཕོཊ་ཧུ༷་ཕཊ །གཙོ་བོའི་རྒྱབ་ཏུ་བཀོད་ཙམ་ན། །བདག་གི་ལྟེ་བར་བསྒོམ་མོ། །རྟོག་ཚོགས་མ་སྤངས་ལྷ་ཡི་དཀྱིལ་འཁོར་དུ། ཡིན་པ་དག་ལ་ཡིན་པར་བསྒོམ། །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀི་ལ་ཡ་ཡི་དངོས་གྲུབ་སྩོལ། །མཆོད་བའི་ཁ་ཚར་རྫོགས་པར་བྱ། །གཉེན་པོ་ལྷ་ཡི་གདེང་ཞེས་བྱའོ། །རྡོ་རྗེ་གཞོན་ནུའི་རིགས་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སྟོང་བའི་གོ་ཆ་བླ་ན་མེད། །མི་འགྱུར་ཆོས་ཉིད་བརྟན་པའོ། །མི་འགྱུར་ལྟ་བའི་གདེང་ངོ་། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེ་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེ་བསྒོམ། །སྲས་མཆོག་བཅུ་གཅིག་ཐུགས་ཀའི་ལྷ། །བཅུ་གཅིག་ལས་ཀྱི་བསྐྱེད་ཅིང་གདོན། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ལ། །སྐུ་མདོག་མཐིང་ནག་གཅེར་བུ་རལ་པ་ཅན། །ཕྱག་ན་ཕུར་བུ་འདྲིལ་བ་ཤ་དག་གོ །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། །ཞལ་ནས་ཀི་ལ་ཡ་འབྲུག་ལྟར་སྒྲོགས་པ་ཤ་དག་གོ །ཨོ༷་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིག་ནན་བ༷་ཧུ༷་ཕཊ། བསྐྱེད་པའི་སྙིང་པོ་ཡིན། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་ཅིང་དབང་བསྐུར་བའི་སྙིང་པོ་ནི། ཨོ༷་ལ༷་ཧུ༷་ལ༷་སྟ༷་པ་ནན། མོ་ཧ་ཡ། བྷ་ག་བན། ཤིཀྲི་བི་ཏྲི། སྲས་མཆོག་གཟི་བྱིན་བསྐྱེད་པ་བྱིན་བརླབས་པ། ཁེ་རི་བཛྲ་ཧུ༷་ཀ་ར་ཧུ༷་ཧུ༷་ཕཊ་ཕཊ། ཨོ༷་བཛྲ་ཀི་ལི་ཀི་ལ་ཡ། ཀི་ལ་ཡ། འཕྲིན་ལས་ལ་གཟུད་པ། ཛ་ཧུ༷་བ༷་ཧོ། སརྦ་བིག་ནན། བཛྲ་ཀི་ལ་ཡ་ཧུ༷་ཧུ༷་ཕཊ་ཕཊ། ཚེ་ལུང་དང་ཁྲུས་ལུང་གི་དགོངས་པ། བཛྲ་ཧུ༷་ཀ་ར་ཧུ༷་ཕཊ། ཧུ༷་ཀ་ར་ཧུ༷་ཨ་ཨ་ཨ། རྫོགས་པ་བཟླས་པས་ནི་འོག་གནོན་སྔགས་ཀྱི་སྙིང་པོར་ཡང་འགྲོ །ཡ་བཞིན་དེད་པས་ལྷ་རྣམས་ཐམས་ཅད་འཕྲིན་ལས་བཞིའི་སྙིང་པོར་ཡང་འགྲོ །ལམ་གྱིས་དེད་པས་མནན་པའི་སྙིང་པོ་ཡང་འགྲོ །ཛས་དེད་པས་འགུགས་པའི་སྙིང་པོར་ཡང་འགྲོ །ཕྲི་ཀྲིས་དེད་པས་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་སྙིང་པོར་ཡང་འགྲོ །ཧུ༷་ཀ་རས་དེད་པས་སྒྲོལ་བའི་སྙིང་པོར་ཡང་འགྲོ །སརྦ་ས་དེད་པས་ཐམས་ཅད་ཚོགས་པའི་སྙིང་པོ་སྟེ། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་གཉིས་སུ་ཡང་འགྲོའོ། །མོ་ཧ་བྷས་ཡས་དེད་པས་འཁོར་ལོ་བསྐོར་བའི་སྙིང་པོར་ཡང་འགྲོ །བཅུ་གཉིས་དོན་གྱི་མན་ངག་འདི། །དཀྱུས་ལས་ངོ་ཏི་ཕྲད་པར་གྱིས། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། ་༑་ན་མུ་ཀའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་པོའི་དུས་ལ་བབ། །ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བསྐུལ་བའི་འཕྲིན་ལས་སྦྱོར་བ་གསུམ་གྱི་སྒོ་ནས་དགུག །དེ་ནས་ཟབ་མོ་སྔགས་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། ཏ་ཐ་ཡ་ཏ་ཐ་ཡ་ཧུ༷་ཕཊ། ཧ་ས་ཡ་ར་ཧ་ཏ་ན་ཧུ༷་ཕཊ། ཤི་ཀྲི་ཨ་ན་ཡ་ཧུ༷་ཕཊ། ཛ་ལ་པ་ཡ་ཛ་ལ་ཡ་ཧུ༷་ཕཊ།ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧུ༷་ཕཊ། བི་ཏ་ཡ་བི་ཏ་ཡ་ཧུ༷་ཕཊ། བི་ཏ་བི་ར་ཡ་ཧུ༷་ཕཊ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་བྱེད་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །རྟོགས་ཤིག་གྲོགས་དང་བྲལ་བར་གྱིས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ནི། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །ང་ཡི་དབང་དུ་གྱུར་ནས་ནི། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །རྫས་རྣམས་དྲག་པོ་ནི། གུ་གུལ་དག་དང་སྔོན་དམར་བྲུངས། ་་ས་ཀར་རྒྱལ་པོ་དག་དང་ནི། །དུག་གི་རྫས་རྣམས་བསོག་པར་བྱ། །ལྕགས་ཕྱེ་ཟངས་ཕྱེ་བསྟིམ་པར་བྱ། །ཨ༷་གུ་ཤ་ནི་དཀར་ནག་དང་། །ཉུངས་ཀར་རྒྱལ་པོ་དག་གིས་བྲབ། །མ་ཏེ་ལ་ཡི་འབྲས་བུ་དང་། །ཏིལ་དང་ཉུངས་ནག་དག་གིས་བྲབ། །དེ་ཡི་དོན་ནི་ཛོ་ལྟར་ལགས། །དེ་ཡི་དོན་ནི་འདི་ལྟ་སྟེ། །འཇིག་རྟེན་འདས་དང་འཇིག་རྟེན་པ། །རྣམ་པ་གཉིས་སུ་ཤེས་པར་གྱིས། །འདས་པ་དེ་ནི་འདི་ལྟ་སྟེ། །ཧ་ས་དག་ནི་རྣམ་རྒྱལ་ལོ། །གཟས་པ་གང་ཡིན་ལྷ་དང་འབྲེལ་བའོ། །ཤི་ཀྲིན་དེ་ནི་མི་གཡོ་མགོན། །རྣམ་པར་འཆིང་བར་བྱེད་པའོ། །ཛ་ལ་པ་ཡདངཔོནི། །གཤིནརྗེརྒྱལཔོ་ཉིད་དུ་ངེས། །སྨྲ་སྨྱོ་ཐལ་བར་རློག་པའོ། །ཛ་ལ་པ་ཡ་འོག་མ་ནི། ཧུ༷་མཛད་རྒྱལ་པོ་ཉིད་དུ་ངེས། །ལུས་ངག་རྡུལ་དུ་བཤིག་པའོ། །ཨ་བེ་ཤ་ཡ་དང་པོ་ཡིས། །རྟ་མགྲིན་རྒྱལ་པོ་ཉིད་དུ་ངེས། །གཟུངས་ལ་དབབ་པའི་ཕོ་ཉར་བྱ། །ཨ་བེ་ཤ་ཡ་འོག་མ་ནི། །གཞན་གྱིས་མི་ཐུབ་པ་ཞེས་བྱ། །གང་ཡིན་དེ་ནི་འཛིན་པར་བྱེད། །ཏ་ཐ་ཡ་ནི་དང་པོ་ཡིས། །བདུད་རྩི་འཁྱིལ་བ་ཉིད་དུ་ངེས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཏ་ཐ་ཡ་ནི་འོག་མས་ནི། །སྟོབས་ཆེན་རྒྱལ་པོ་ཉིད་དུ་ངེས། །གཟིར་བའི་ལས་ནི་བྱེད་པའོ། །བི་ཏ་ཡ་ནི་དང་པོ་ཡིས། །དབྱུག་པ་སྔོན་པོ་ཉིད་དུ་ངེས། །མཐུ་དང་རྫུ་འཕྲུལ་མེད་པར་བྱེད། །བི་ཏ་ཡ་ནི་འོག་མ་ཡིས། །ཁམས་གསུམ་རྣམ་རྒྱལ་ཉིད་དུ་ངེས། །རྡེག་ཅིང་སྒྲོལ་བར་བྱེད་པའོ། །ཡ་ནི་རྣམ་པ་བཅུ་པོ་འདི། །ཁྲོ་བོ་བཅུ་རུ་ངེས་པ་ཡིན། །རེ་རེ་ལ་ནི་སྟོང་ཚོ་རེ། །ལས་ལ་སྦྱོར་ཀར་ཤེས་པར་གྱིས། །རྒྱུན་མི་འཆད་པར་བཟླས་པར་བྱ། །འདས་པའི་བསྒྲུབ་པ་དེ་ལགས་ན། །འཇིག་རྟེན་པ་ནི་ཇི་ལྟར་ལགས། །གསངབའི་བདག་པོས་བཤད་དུ་གསོལ། །དེ་ཡི་དོན་ནི་འདི་ལྟ་སྟེ། །ཐུགས་ཀྱི་སྤྲུལ་བའི་གྱིང་པོ་བཅུ། །ཡང་ནི་བཅུ་པོ་དག་ལ་སྦྱར། །རྩ་བའི་སྙིང་པོ་ཡ་ལ་ནི། །སྐུ་མདོག་དམར་པོ་ཉིད་དུ་སྦྱར། །སྣ་ཚོགས་སྙིང་པོ་ཡ་བཞི་ནི། ཁྲན་པ་བཞི་རུ་སྦྱར་བར་བྱ། །རྫས་དང་ཕོ་ཉ་གང་བཞིན་ནོ། །རེ་རེ་ལ་ནི་ཁྲི་ཚོ་རེ། །མཆོད་དང་བསྟོད་པ་ཚུལ་བཞིན་ནོ། །སྤོགས་པའི་ལས་སུ་ཤེས་པར་གྱིས། །སྔགས་ཀྱི་བཟླས་པའི་ཐབས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཡང་ཞུས་པ། ཀྱེ་རྡོ་རྗེ་འདུས་པ་ཆེན་པོ། དྲག་པོ་ཐུན་གྱི་བསྒྲུབ་པ་ཇི་ལྟར་ལགས། འདུས་པ་ཆེན་པོ་བཤད་དུ་གསོལ། །གསང་བའི་བདག་པོ་ཉོན་ཅིག །འདི་ནི་འདི་ལྟར་བསྒྲུབ་པར་བྱ། །དཀྱིལ་འཁོར་དམར་ནག་ལེའུ་ཚེ་དགུ་པ་ལ། །བྱ་བའི་རིམ་པ་རྫོགས་པར་བྱ། །རྫས་ཀྱི་ཕུར་པ་བཅུ་གསུམ་ལ། །བྱིན་བརླབས་བརྒྱད་དང་བྱུག་བདུག་གསུམ། །གཟི་བྱིན་སྐྱེད་དང་བཅུ་གཉིས་ནི། །རྒྱུད་གཞན་དག་ཏུ་ཤེས་པར་གྱིས། །ཏིང་འཛིན་བསྐྱེད་སྤྱན་དྲངས་མཆོད་ལ་སོགས་པ་དང་། །ཚུལ་བཞིན་དུ་ནི་གོམས་པར་གྱིས། །འཛབ་ཀྱི་བྱ་བའི་རིམ་པ་ནི། །དང་པོ་རྩ་བའི་སྙིང་པོ་བཟླས། །དེ་ནས་ཁྲོ་སྔགས་བཅུ་པ་བཟླས། །དེ་ནས་སྙིང་པོ་དག་དང་ནི། །དམ་ཅན་བསྡུས་པའི་སྙིང་པོ་བཟླས། །དེ་ནས་ཟབ་མོ་སྔགས་བདུན་བཟླས། །བསྐུལ་དང་ཕོ་ཉ་ཚུལ་བཞིན་བྱ། །དེ་ནས་རྦད་པའི་སྙིང་པོ་བཟླས། །སྐམ་ཐུན་དང་ནི་གཤེར་ཐུན་གཉིས། །རང་རང་སྐབས་སུ་ཤེས་པར་གྱིས། །སྲོད་དང་ནམ་ཕྱེད་གཉིས་པོ་ནི། །དམ་ཅན་སྙིང་པོ་བཅུ་གཉིས་ལ། །སྨྱོ་ནི་བཅུ་གཉིས་བཏགས་ཏེ་བཟླས། །ཁྲག་སྣ་སྣ་ཚོགས་དག་གིས་བྲབ། །བསྐུལ་དང་གནད་ལ་དབབ་པས་བསྡེབས་པ་ན། །རྫས་དང་སྦྲགས་ཏེ་བརྡེག །བསྒྲལ་བའི་ལས་སྔགས་བཅུ་གཅིག་དང་། །ཡ་ནི་བཅུ་གཅིག་བསྡེབས་པ་ཡིས། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །ཏིལ་དང་ཉུངས་ཀར་སྦྲགས་ཏེ་བརྡེག །བསྐུལ་དང་བཅས་ཏེ་ཐོ་རངས་བྲབ་པར་བྱ། །གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་དག་ཏུ་བསྒྲུབ། །སྨད་ཀྱི་ཀློང་བརྒྱད་དག་གིས་བསྒྲུབ། །ཨེ་ཡི་འབྲུབ་ཁུང་བང་རིམ་སུམ་བརྩེགས་ལ། །ཟ་བྱེད་ཞལ་དང་མདའ་གཞུར་བཅས། །མཆོན་ཆ་རྩང་གིས་བསྐོར་ལ་བཞག །མཚན་མའི་ལིང་ག་དག་ཀྱང་གཞུག །སྔགས་ཀྱི་རིམ་པ་མ་ནོར་བཟླས། །ཉི་མ་ཚང་ཞུགས་བཟླ་བ་ལ། །དྲག་པོ་སྔགས་ཀྱི་ཐུན་ཡིག་བྱ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིག་ནན་བ༷་ཧུ༷་ཕཊ། མ་ར་ས་ན། པྲ་མརྟ་ནི་ཡེ་ཧུ༷་ཕཊ། ཧུ༷་མ་མ་པ་ཤི་ཀུ་སྲ མ་ཏ༷་ཉ་ཀ་ར་ན་སྨྱོ། ཀ་ར་ཨི་ནན་སྦྱོ། དྷ་ཏི་མ་མ་ཀརྨ་སྨྱོ། ཐྲི་ཀྲ༷་ཀ་རེ་ཡ་སྨྱོ། མ་ཏ་མ་ཏ་སྨྱོ། ཛ་ལ་ཛ་ལ་སྨྱོ། སུ་རུ་སུ་རུ་རྒྱོ། མུ་རུ་མུ་རུ་སྨྱོ། ཀ་ཏང་ཀ་ཏེ་སྨྱོ། ཛ་ཡེ་བི་ཛ་ཡེ་སྨྱོ། ཨ་ཙི་ཏེ་སྨྱོ། ཨ་པ་ར་ཙིཀྟ་སྦྱོ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤོན་མུ་ཀའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་འཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་ཆད་བཅས་པ། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད། །དམ་ཚིག་ཆེན་པོའི་དུས་ལ་བབ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱད་དུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧུ༷་པ་ར་བིད་ཏན་ཡང་། །སྦྱིན་དྷ་སྨྲིན་དྷ་ཡ། སྟིན་དྷ་སྟིན་དྷ་ཡ། གྲི་ན་གྲི་ན་ཡ། ཧ་ན་ཧ་ན་ཡ། བན་དྷ་བན་དྷ་ཡ། ཧ་ན་ཧ་ན་ཡ། ད་ཧ་ད་ཧ་ཡ། པ་ཙ་པ་ཙ་ཡ། སརྦ་ཨ་ན་ཡ། ཏ་ཐ་ཡ་ཏ་ཐ་ཡ་ཧུ༷་ཕཊ། གིང་གི་ཐུན་གྱིས་བསྒྲལ་བའོ། །སྐར་ཆེན་ཐང་ལ་བབས་པའམ། །ཨག་ཤོ་ལ་མེ་ཐར་བའམ། །རྒྱ་ཤོ་བ་ལ་སེར་ཆེན་བབས་པ་བཞིན་དུ་བསྒྲལ་པར་བསམ། །སྙིང་རྩ་གཅད་ཅིང་དབང་པོ་ཕྱུང་། །བླ་བཞི་སྐམ་ཞིང་ཡན་ལག་གཅད། །ལུས་ངག་རྡུལ་དུ་བཤིག་པར་བྱས། །གཏོར་ཆེན་དག་ལ་ཁྱི་འདུལ་བཞིན། །ཚངས་པའི་ཚེ་དང་ལྡན་པ་ཡང་། །ཞག་ཉི་ཤུ་རྩ་གཅིག་ན་འཆི་བར་འགྱུར་རོ། །དྲག་པོ་ཐུན་གྱི་བསྒྲུབ་པ་སྟེ་ལེའུ་ལྔ་པའོ།། །དེ་ནས་ཡང་གསང་བའི་བདག་པོས། རྡོ་རྗེ་འདུས་པ་ཆེན་པོ་ལ་ཞུས་པ། ཀྱེ་འདུས་པ་ཆེན་པོ། མངོན་དུ་བསྒྲལ་བའི་འཕྲིན་ལས་ཇི་ལྷར་ལགས། །འདུས་པ་ཆེན་པོས་བཤད་དུ་གསོལ། །འདུས་པའི་བདག་པོས་བཀའ་སྩལ་པ། འདི་ནི་འདི་ལྟར་བསྒྲལ་བར་བྱས་ཏེ། །མུ་ར་ཡ་ཡི་དཀྱིལ་འཁོར་དུ། །མཚན་མའི་ལིང་ག་དག་བཅུག་ལ། །ཐུན་གྱི་ལས་རྣམས་རྫོགས་པ་དང་། །མངོན་དུ་བྱུང་བའི་འཕྲིན་ལས་བྱ། །གསལ་བ་གསུམ་དང་ལྡན་པར་བྱ། །སྔགས་ཀྱི་ཐེམ་ཡིག་རྫོགས་པར་བྱ། །ཚེ་ལུང་ཁྲུས་ལུང་རྫོགས་པར་བྱ། །ཧུ༷་ཀ་ར་ཨུ་ཨུ་ཨུ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་པི་ཙབྱའི་དུས་ལ་བབ་བོ། །བརྣག་པོ་དེ་ཁོ་ན་ལའོ། །ཀི་ལི་ཀི་ལ་ཡ་ཉི་ཤུ་རྩ་གཅིག་བཟླས། །བརྣག་པ་དེ་ཁོ་ན་ལའོ། །ལས་སྡེ་ཉི་ཤུ་རྩ་གཅིག་ཏུ་བསྲང་། །བདེན་པ་སེམས་གྱིས་བརྡ་དོན་གྱི་ངོ་སྤྲད། གནག་པ་བསྒྲུབ་པའི་འཕྲིན་ལས་ཀྱིས་བརྡ་དོན་དགྲོལ་བའི་གདམས་ངག་བྱའོ། །ཧུ༷་དུས་གསུམ་གྱིས་དགོངས་པས་ཆོས་ཉིད་ཀྱི་ཕུལ་དབུལ། གཟས་པའི་གནད་པ་བཅུ་གཅིག་ལ་ཐུགས་ཀྱི་སྤྲུལ་པ་བཅུ་གཅིག་གིས་གདབ་པར་བྱ། །མཐུན་པའི་ཚིག་གསུམ་གྱིས་བསྒྲལ་བའི་ལས་མེད་བྱ། །གནན་སྲེག་འཕང་དང་གསུམ་གྱིས་འཕྲིན་ལས་མཐར་འབྱུང་། །ཧྭ༷་གསུམ་གྱིས་དགོངས་པས་མཐུན་པའི་མན་ངག་གསུམ་དུ་སྡེབས། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་བྱེད་པ་རྣམས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའེ་གདུང་འཚོ་བ་པ། །རིགས་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །དངོས་གྲུབ་འཕྲོག་ཅིང་འཚེ་བ་དང་། །ཁྲོ་བོ་ཆེན་པོའི་བྱིན་བརླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་མཛོད། །ཨོ་ལ༷་དང་པར་བིད་དུ་བསྡེབས་ལ་ཀུན་བཞི་ལ་གདགས། ལས་ཀྱི་སྦྱོར་བ་གསུམ་གཏང་། སྦྱོར་བ་དང་པོ་སྔགས་ཀྱིས་བསྒྲལ་བར་བྱ། །དངོས་གྲུབ་བར་ཆད་དང་རྡོ་རྗེ་གསང་བ་རུ་བསྡེབས། །སྨྲིན་དྷ་མན་ཆད་ཁྲོ་བོ་ལྔས་གནས་ལྔར་བསྒྲལ། །དངོས་གྲུབ་བར་ཆད་དང་བྲན་དང་བཀའ་ཉན་སྡེབས་པ་ཡིས་ཕོ་ཉ་གཏང་། ཧ་ན་བཛྲ་གསུམ་པོ་ཁྲོ་བོ་ཡིས་གནས་གསུམ་ལ་གདབ། །མཇུག་གི་ལས་གསུམ་ཀུན་བཏང་། སྐྱེ་བརྒྱུད་གཉིས་ཀྱིས་ཁྲོ་བོ་གཉིས། །བདུན་བརྒྱུད་རྩད་ནས་གཅད་པའི་ཕྱིར། །སྤྱི་བོ་རྐང་མཐིལ་གཉིས་ལ་གདབ། །དངོས་གྲུབ་འདྲ། གདུག་ཅིང་སྡང་སེམས་བྱེད་པ་རྣམས། །ངའི་གོང་བཞིན་སརྦ་དང་ཏ་ཐ་ཡས་གདབ། ཧུ༷་ཕཊ་གཉིས་ཀྱིས་ཀུན་གདུགས། །ཟབ་མོ་སྔགས་ཀྱི་སྦྱོར་བ་དང་། །ཐུན་ཟོར་ལས་ཀྱི་སྦྱོར་བ་དང་། ཏིང་འཛིན་ཕོ་ཉའི་སྦྱོར་བ་གསུམ། །ཀུན་ལ་དེ་བཞིན་འབྱོར་བར་གྱིས། །རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན་། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལཕྲནབཞིནདུརློག །ཁྲོམོ་འབར་བའི་ག་་ཁུང་དུ། །རྡོ་རྗེའི་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་ཅོང་སྟེ་བསྒྲལ་བར་བྱའོ། །ཁ་ཐ༷་ཁ་ཐ༷་ཁ་ཐ༷། ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ །བཛྲ་ཡཀྟ་ཀྲོདྷ་ཁུ་ཧི་ཁུ་ཧི། ཀི་ལ་ཡ་བཅུ་བརྒྱད་དཀར་ནག་གི་མཚམས་སུའོ། །དྲག་པོ་མངོན་དུ་བསྒྲལ་བའི་ལེའུ་སྟེ་དྲུག་པའོ།། །།གབ་པ་གསང་བའི་རྒྱུད་ཅེས་ཀྱང་བྱ། །ཀླག་རྒྱུད་ཆུང་ངུ་ཞེས་ཀྱང་བྱ་བ་རྫོགས་སོ།། །། རྒྱ་གར་སྐད་དུ། ཀི་ལ་ཡ་ཀ་ལ་བིག་ཏྲེ་ཏྲིའི་ཏནྟྲ། བོད་སྐད་དུ། ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད། དཔལ་འཇིགས་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འོག་མིན་ཆེན་པོའི་གནས་དག་ན། །འཇིགས་བྱེད་ཆེན་པོའི་སྐུ་བཞུགས་པ། །བསྟན་པ་འཇིག་བྱེད་དུས་དག་ཏུ། །དྲག་པོས་བསྒྲལ་བ་བསྟན་པའི་ཕྱིར། །ལས་ངན་སེམས་ཅན་ཚར་གཅོད་ཕྱིར། །འཇིགས་བྱེད་བཛྲ་ཧེ་རུ་དང་། །ཁྲག་འཐུང་བསྟན་པ་སྲུང་བྱེད་པ། །བསྟན་པ་འཇིག་བྱེད་བསྒྲལ་བ་དང་། །ནག་པོ་ཆེན་པོས་གཞིག་པ་དང་། །བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །ཁྲག་འཐུང་ཆེན་པོའི་བརྒྱུད་འདི་བསྒྲགས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།སྟོན་པ་བཛྲ་ཧེ་རུ་ཀས། །བསྡུས་པ་ཁྲག་འཐུང་ཧེ་རུ་ལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །མདུན་བསུ་གུས་པས་གླེང་སློང་བ། །ཁྲོ་བོ་ཆེན་པོ་མདུན་བསུ་བ། །ཁྲག་འཐུང་ཧེ་རུ་འདིར་དོང་ལ། །མ་ནོར་བསྟན་པར་འདི་ལ་ཉོན། །སྤྱི་ཡི་བདུད་དང་བྱེ་བྲག་བདུད། །ཁྱད་པར་བདུད་བྱེད་སྣ་ཚོགས་ལ། །གསང་བ་དམ་པ་མ་ནོར་འདི། །གསང་བ་དམ་པ་འདིར་བསྟན་པས། །མ་ནོར་ས་ཡང་བསྲུང་བ་དང་། །དད་དང་བརྩོན་འགྲུས་ཆེ་བ་དང་། །ཡིད་ཆེས་གུས་བར་བྱེད་པ་དང་། །གཡོ་སྒྱུ་ཚུལ་འཆོས་མེད་པ་དང་། །ཁུངས་འབྱིན་ཆེ་ངག་མེད་པ་དང་། །ངས་བསྟན་ཁྲག་འཐུང་ཆེན་པོས་སྟོན། །ཡང་དག་མ་ནོར་དམ་པའོ། །དམ་མེད་དད་མེད་བརྩོན་འགྲུས་ཆུང་། །ཡིད་མི་ཆེས་ཤིང་གུས་མི་བྱེད། །གཡོ་སྒྱུ་ཚུལ་འཆོས་ཁུངས་འབྱིན་པ། །གསང་བའི་མ་ནོར་སྣོད་མིན་པས། །དམ་པ་གསང་བ་བྷ་ག་ཡིས། །གསང་བ་དམ་པ་བསྟན་མི་བྱ། །སྣོད་མེད་དག་ཐམས་ཅད་ལ། །གསང་བ་མ་ནོར་བསྟན་གྱུར་ན། །འདི་དང་མ་འོངས་གཉིས་ཀ་མྲ །མགོ་འགས་སྙིང་ཡང་འཚིག་པར་གྱུར། །རུལ་མྱགས་ཚིག་ནས་དམྱལ་བར་འགྲོ །དེ་ཕྱིར་གདམས་ངག་སྣ་ཚོགས་གསུངས། །གུས་པས་དྲིས་ཏེ་གླེང་གསུངས་པ། །གསང་བདག་བཛྲ་ཧེ་རུ་ཀ །་ཧ་ཧ་བཛྲ་ཧེ་རུ་ཀ །ཁྲག་འཐུང་བདུད་པས་མ་གོས་པས། །ཡང་དག་སང་བ་བསྟན་དུ་གསོལ། །ནག་པོ་དག་པོ་མ་འཚལ་ན། །མདུང་རྩེ་ཞེས་ནི་གང་ལ་བགྱི། །གསུམ་ཞེས་བྱ་བ་གང་དང་གང་། །སྟོན་པ་ཧེ་རུས་མ་ནོར་གསུངས། །ཡང་དག་བརྡ་དང་བཅས་པ་ལ། །ཀ་ལ་ནག་པོ་གཅིག་ནན་དྲག །མདུང་རྩེ་གཅིག་ཏྲེ་གསུམ་ནི་ཏྲི། །བསད་དང་དབབ་དང་སྦས་དང་གསུམ། །མདུང་རྩེ་ཞེས་ནི་བྱ་བ་ཡིན། །འཇིགས་བྱེད་དཔའ་བོས་བསྟན་དུ་གསོལ། །གསད་པ་གང་དང་གང་གིས་གསད། །དབབ་པ་གང་དང་གང་གིས་དབབ། །སྦས་པའི་ལས་ནི་གང་གིས་བྱ། །དཔའ་བོ་ཆེན་པོ་མ་ནོར་གསུངས། །ཁྲག་འཐུང་ཁྱོད་ལ་བསྟན་བྱ་བ། །གསད་ཐབས་རྣམ་པ་གསུམ་ཡོད་དེ། །གསལ་གདབ་དགོངས་པས་གསད་པ་དང་། །ཐུན་ཟོར་ལམ་གྱིས་གསད་པ་དང་། །མནན་གཏད་རྫས་ཀྱིས་བསད་པའོ། །དབབ་པ་རྣམ་པ་གསུམ་ཡོད་དོ། །སྔགས་ཀྱི་དབབ་དང་རྟ་མ་དབབ། །བཙན་ཐབས་དབབ་པ་གསུམ་ཡོད་དེ། །རྫས་ཀྱིས་སྦམ་དང་གཏད་པས་སྦམ། །འཁོར་ལོས་སྦམ་དང་གསུམ་ཡོད་དོ། །ཐབས་ནི་དེ་ལྟར་བྱ་བ་ཡིན། །ཁྲག་འཐུང་ཁྱོད་ལ་ང་ཡིས་ནི། །མདོ་ཙམ་གླེང་བསླང་དོན་དུ་བསྟན། །བརྣག་པའི་འབའ་ཞིག་བྱ་བ་ལ། །འདི་ལས་གསང་བའི་ངེས་དོན་ནི། །དཔལ་ཆེན་ཁྲག་འཐུང་ཐམས་ཅད་དང་། །འཇིགས་བྱེད་རྒྱལ་པོ་ཆེན་པོ་ཡིས། །དགོངས་པ་ས་བཀྲོལ་ཀྱང་ལྷག་དོན་མེད། །གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་པ་ཡང་། །རྒྱུད་དོན་མ་ནོར་བཤད་བྱ་བ། །ཕུན་སུམ་ཚོགས་པ་ལྔར་ལྡན་དང་། །བསྙེན་བསྒྲུབ་བཞི་ཡི་ཏན་ཏྲ་ཡི། །ཁོག་དོན་ཁོག་གོས་དབུབ་པར་བྱ། །གཞུག་སྡུད་ལས་ཀྱི་བྱ་ཐབས་ཀྱིས། །དྲག་ལས་རྫོགས་པར་ཤེས་པར་བྱ། །བསྙེན་བསྒྲུབ་གཞུད་དུ་བསྲང་བ་ལ། །ཕུན་སུམ་ཚོགས་པ་ལྔར་ལྡན་དགོས། །སྟོན་པ་གནས་དང་དུས་དང་འཁོར། །ཡོ་བྱད་ཕུན་སུམ་ལྔར་ལྡན་པའོ། །བསྟན་པ་སྤྱི་རུ་ཤེས་པར་བྱ། །ཕུན་སུམ་ཚོགས་པ་ལྔར་ལྡན་ན། །བར་ཆོད་མེད་དེ་ལས་རབ་བོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། །ཁོལ་དལ་མན་ངག་ལྡན་པ་དང་། །གཙང་སྨེ་ཆུང་ཞིང་གཡོ་སྒྱུ་ཆུང་། །དམ་ལ་གནས་ཤིང་ཐུགས་བརྩེར་ལྡན། །རྒྱུད་ལུང་མན་ངག་ཀུན་ལ་མཁས། །གཅིག་པུ་རང་གནས་འཇིགས་བག་མེད། །གདེང་དང་ལྡན་པའི་བླ་མ་དགོས། །གནས་ཁང་ཕུན་སུམ་ཚོགས་པ་ནི། །དུར་ཁྲོད་ནག་པོར་ད་རོད་ཅན། །མཁར་ཕུང་ཤུལ་ལམ་དུག་ཤིང་རྐང་གཅིག་རྩ། །གཙུག་ལག་འདྲེ་ཅན་བྲག་ཆུ་འཐབ། རི་གསུམ་རྩེའམ་དགུ་འདུས་རྩེ། །བླ་མ་དགོངས་དང་ལྡན་པས་བྱ། །དགོངས་པ་མེད་ན་བཀྲ་ཤིས་གདམས། །ལྔ་པར་བྱིན་དང་ལྡན་པའི་གནས། །བཀྲ་ཤིས་ཉམས་དགའ་གནས་སུ་བྱ། །དེ་ལྟར་བྱས་ན་ཕུང་འཚང་ཆུང་། །དེ་ལྟ་བུ་ཡི་གནས་དག་ཏུ། །ཡུན་རིངས་མཚམས་དང་ལྡན་པར་བྱ། །དུས་ནི་ཞག་དང་ཟླ་བ་དང་། །ལོ་ཡི་དུས་དང་གསུམ་དུས། །ནམ་ཟླའི་དུས་ནི་དགུན་ཟླ་ར། །དཔྱིད་ཟླ་འབྲིང་དང་དབྱར་ཟླ་འབྲིང་། །སྟོན་ཟླ་ར་བའི་དུས་སུ་བྱ། །མཚན་མ་རྟགས་དང་དུས་དང་གྲངས། །བསྙེན་བསྒྲུབ་དུས་སུ་ཤེས་པར་བྱ། །དུས་ཚོད་མ་ནོར་དོན་གྲུབ་ན། །ཐེ་ཚོམ་མེད་དེ་གདོན་མི་ཟ། །འཁོར་ནི་གཙང་སྨེ་ཆུང་བ་དང་། །བག་ཚ་མེད་དེ་བརྟུལ་ཞུགས་ཆེ། །ཁུ་ལྡོག་མེད་ཅིང་དམ་ལ་གནས། །གཡོ་སྒྱུ་ཆུང་དང་རུ་ལ་འདུད། །རྟག་ཏུ་དད་བརྩོན་ལེ་མོ་མེད། །གསང་ཐུབ་དཔོན་མཆེད་བརྩེ་གདུང་ཆེ། །དེ་ལྟ་བུ་ཡི་འཁོར་ལ་གདམས། །ཡོ་བྱད་ཕུན་སུམ་ཚོགས་པ་ནི། །ཡོ་བྱད་འཚོགས་ན་དོན་རྣམས་འགྲུབ། །ཡོ་བྱད་གསུམ་དུ་ཤེས་པར་བྱ། །འཚོ་བ་ཟས་དང་རྐྱེན་བཟློག་སྨན། །བསྒྲུབ་པ་རྫས་ཀྱི་ཡོ་བྱད་གསུམ། །སྒྲུབ་པའི་ཆ་རྐྱེན་ཡིན་པར་གསུངས། །ཡོད་བྱད་ནུས་མཐུ་ཆེར་ལྡན་པས། །དེ་ལ་ཤིན་ཏུ་ནན་ཏན་བྱ། །བསྟན་པ་ཕུན་སུམ་ཚོགས་པ་ནི། །དོན་གྱིས་བསྟན་དང་ཚོགས་ཀྱིས་བསྟན། །ཕུར་ནི་ཆོས་ཉིད་བདེ་བའི་ཀློང་། །པ་ནི་རག་མ་ལུས་པའི་ངང་། །ཕུར་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་དགག་པ་མེད་པའི་དོན། །ཕུར་ནི་ཆོས་ཀྱི་དབྱིངས་ཉིད་དེ། །པ་ནི་རིག་པའི་ཡེ་ཤེས་ཡིན། །ཕུར་ནི་སེམས་ཉིད་དག་པའི་ཀློང་། །པ་ནི་གསལ་བའི་རིག་པའོ། །ཕུར་ནི་མཉམ་པ་ཉིད་ཀྱི་དབྱིངས། །པ་ནི་ཡེ་ཤེས་བདེ་བ་གསལ། །དེ་ལྟར་དོན་རྟགས་གཉིས་མེད་དོན། །འཁོར་རྣམས་ཀུན་གྱིས་དེ་ལྟར་བྱོར། །རྡོ་རྗེ་ཕུར་པ་མདུང་རྩེ་ནག་པོ་གསུམ་པའི་རྒྱུད་ལས། རྒྱུད་ཀྱི་དོན་དང་ཕུན་སུམ་ཚོགས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ལས་རབ་གང་བྱེད་ཀྱང་། །ཕྱི་ནང་བར་དང་གསང་མཚམས་དང་། །གྲལ་ལྟག་བཤགས་བྱིན་གཞུང་ལྡན་བྱ། །དེ་ནས་ལས་རིམས་དགོངས་ལ་འཇུག །དང་པོ་ཏིང་འཛིན་རིམ་པར་བསྒོམ། །རང་བཞིན་རྣལ་འབྱོར་བདེ་གཤེགས་གསུམ། །ཏིང་འཛིན་རེ་ལ་ཤེས་པར་བྱ། །རང་བཞིན་མཉམ་བཞག་རྣལ་འབྱོར་ཉམས། །བདེ་གཤེགས་འབྲས་བུ་རྫོགས་པའོ། །དབང་ཆེན་རིམ་པས་དགོངས་པས་སྐྱེད། །ཕྱི་ནང་གསང་བ་གསུམ་དུ་ཤེས། །གཞལ་ཡས་གདན་དངབཅས་པ་ཡང་། །ཚུལ་ནི་དེ་ལྟར་ཤེས་པར་བྱ། །དགོངས་པ་ཅིག་ཆར་རིམ་གྱིས་པས། །གཙོ་བོ་སྐུ་ནི་བསྐྱེད་པར་བྱ། །མཁའ་གསང་བྱིན་བརློབ་རིམ་པ་གསུམ། །འཕྲིན་ལས་རྣམ་བཞི་གཙོ་བོ་དྲག །མ་ནོར་ཚུལ་དུ་བསྒོམ་པར་བྱ། །དེ་ནས་འཁོར་གྱི་སྐུ་བསྐྱེད་པའོ། །ཕྱི་ཡི་མཐའ་རུ་གཅིག་བསྐྱེད་དེ། །ནང་གསང་མཁའ་ནས་རིམ་པ་བསྐྱེད། །ལྷག་པ་ཏིང་འཛིན་བདག་གི་སྲས། །ལྷག་པའི་གཟུགས་བརྙན་གཞན་སྲས་དགོད། །སྲས་མཆོག་རྡོ་རྗེ་ཕུར་པ་འདི། །ཙིསྟ་གསང་བའི་དཀྱིལ་ནས་གདོན། །སྲས་མཆོག་ཐུགས་ལས་བསྐྱེད་པའོ། །དམ་ཚིག་དཀྱིལ་འཁོར་བསྐྱེད་པ་དང་། །གཙོ་བོ་འཁོར་དང་རྫས་སྲས་གསུམ། །དཀྱིལ་འཁོར་གསུམ་དུ་ཤེས་པར་བྱ། །རྩ་བ་བསྐྱེད་དང་ལས་ཀྱི་སྔགས། །གཙོ་འཁོར་ཀུན་ལ་ཤེས་པར་བྱ། །རྩ་བ་རྒྱུད་དང་བསྐྱེད་པ་རྐྱེན། །ལས་སྔགས་བསྙེན་བསྒྲུབ་དུས་སུ་ཡིན། །མ་ནོར་དོན་ལ་འཇུག་པ་དང་། །བར་དུ་གཅོད་པ་ཚར་ཡང་གཅད། །གཞུང་བཞིན་བསྒྲུབ་པས་དོན་རྣམས་རྫོགས། །རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་རིམ་པ་བསྒོམ་པ་དང་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རང་བཞིན་སྤྱན་སྔར་མཆོད། །གཉིས་སུ་མེད་པར་བསྟིམ་པར་བྱ། །སྤྱན་དྲངས་མཆོད་བསྟོད་གཞུང་བཞིན་བྱ། །བསྙེན་བསྒྲུབ་བཞི་རུ་ཤེས་པར་བྱ། །བསྙེན་པའི་དུས་སུ་རང་སྔགས་ལ། །ས་མ་ཛ་ཡི་ཤམ་བུ་གདགས། །ཉེ་བསྙེན་དུས་སུ་ལས་སྔགས་ལ། །དམོད་སྔགས་དག་གི་ཤམ་བུ་གདགས། །སྒྲུབ་པའི་དུས་སུ་རྦད་སྔགས་ལ། །མན་ངག་སྔགས་ཀྱི་ཤམ་བུ་གདགས། །སྒྲུབ་ཆེན་དུས་སུ་བསད་སྔགས་ལ། །ཐུན་སྔགས་དག་གི་ཤམ་བུ་གདགས། །ཐ་མ་ལས་ཀྱི་སྦྱོར་ཀ་ལས། །སྒྲོལ་བསད་གདབ་པའི་ལས་རྣམས་དང་། །ཐུན་ཟོར་གཏད་མནན་ལས་རྣམས་དང་། །སྤྱིན་སྲེག་ལས་རྣམས་སྦགས་པར་བྱ། །བསྙེན་བསྒྲུབ་གཞུད་བཞིན་རྫོགས་པ་དང་། །ལན་གསུམ་ལན་བདུན་བཅུ་གཅིག་གམ། །ཡང་ན་བཅོ་ལྔའམ་ཉི་ཤུ་གཅིག །ཡང་ནས་ཡང་དུ་བསྒྲུབ་པར་བྱ། །རབ་ཀྱི་ས་གསུམ་འབྲིང་གི་བདུན། །ཐ་མས་ལན་ནི་བཅུ་གཅིག་བསྒྲུབ་ །ཐ་མའི་ཐ་མས་བཅོ་ལྔའམ། །ཡང་ན་ཉི་ཤུ་རྩ་གཅིག་བསྐུར། །དེ་ཀྱང་ལས་རྣམས་མ་གྲིབ་ན། །སྤོགས་པའི་ཆོ་ག་གཞུད་བཞིན་བྱ། །ལན་གསུམ་བྱས་ནས་གདོན་མི་ཟ། །ལན་བདུན་བཅུ་གཅིག་བྱས་གྱུར་ན། །འཐེབ་བཤོམ་མེད་དེ་ཕུང་པར་འགྱུར། །དེས་ཀྱང་གྲུབ་པར་མ་གྱུར་ན། །དམ་ཚིག་ཉམས་སམ་དཔོན་མཆེད་ལ། །དམ་ཉམས་བཤགས་ཤིང་བསྐང་གསོ་བྱ། །དེ་ནས་བསྙེན་བགྲུབ་གཞུང་བཙུགས་ལ། །སྒྲུབ་དང་སྒྲུབ་ཆེན་ནུབ་བདུན་བཏུད། །སྤོགས་པའི་ཆོ་ག་ནུབ་བདུན་ལྔ་བཏུད། །དེ་ལྟར་གཞུང་བཞིན་བསྒྲུབས་གྱུར་ན། །གདོན་མི་ཟ་སྟེ་ཐེ་ཙོམ་མེད། །དེས་ཀྱང་འགྲུབ་པར་མ་གྱུར་ན། །དམ་ཚིག་གཏད་མེད་ཞིག་མེད་པས། །ནུབ་མཐུ་ལས་འཕྲོ་མེད་འགྱུར་བས། །གཏན་ནས་ཕྲོ་བཅད་དགེ་བ་ལ། །བརྩོན་འགྲུས་བསྐྱེད་ལ་འབད་རྩོལ་བྱ། །སྒོམ་བསྒྲུབ་ཡང་དག་དོན་ལ་འབད། །དེ་ལྟར་འབད་པ་བྱས་གྱུར་ན། །ཐུན་མོང་མཆོག་གི་དངོས་གྲུབ་ཐོབ། །རྡོ་རྗེ་ཕུར་པ་ནག་པོ་མདུང་རྩེ་གསུམ་པའི་རྒྱུད་ལས། སྤྱན་དྲང་བ་དང་། མཆོད་པ་དང་། བསྙེན་བསྒྲུབ་ཀྱི་དོན་གྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གཞུང་གི་དོན་བསྟན་པ། །ནག་པོ་མདུང་རྩེ་གསུམ་ཞེས་པ། །གསད་དང་དབབ་དང་སྦམ་དང་གསུམ། །མདུང་རྩེ་གསུམ་ཞེས་དེ་ལ་བྱ། །དང་ལ་གསད་པའི་མདུང་རྩེ་གསུམ་བསྟན། །བསད་ཐབས་རྣམ་པ་གསུམ་ཡོད་དེ། །གསུམ་པོ་ཡ་ཡང་དགུ་ཡོད་དོ། །གདབ་གསལ་དགོངས་པ་གསད་པ་དང་། །ཐུན་ཟོར་ལས་ཀྱིས་བསད་པ་དང་། །མནན་གཏད་རྫས་ཀྱིས་བསད་པ་དང་། །རབ་ལ་མདོ་ཙམ་སྨོས་པས་ཆོག །འབྲིང་ལ་ཐ་མའི་དོན་དུ་བཤད། །གདབ་པ་བསད་པ་ཇི་ལྟར་བསད། །གསལ་བས་བསད་པ་མ་འཚལ་ན། །དགོངས་པས་བསད་པ་མ་འཚལ་ན། །དཔལ་ལྡན་རྡོ་རྗེས་བསྟན་དུ་གསོལ། །ཐུན་དང་ཟོར་དང་ལུས་དང་གསུམ། །དཔལ་ཆེན་དཔའ་བོས་བཤད་དུ་གསོལ། །མནན་པ་གཏད་པ་རྫས་ཀྱིས་བསད། །གང་ལྟར་མནན་པ་ཇི་ལྟར་གཏད། །རྫས་ཀྱིས་བསད་པ་བཤད་དུ་གསོལ། ཁྲག་འཐུང་ཆེན་པོ་འདི་ལྟར་མཛོད། །གདབ་པའི་གནས་ནི་གཅིག་དངགསུམ། །ལྔ་དང་བརྒྱད་དང་བཅུ་གཅིག་དང་། །བཅོ་ལྔ་ཉི་ཤུ་གཅིག་ཏུ་གདབ། །གཅིག་ཏུ་གསང་བ་ཙིཉི་ལ། །གསུམ་ན་ལུས་ངག་ཡིད་གསུམ་ལ། །ལྔ་ནས་ཡན་ལག་རྣམ་ལྔ་ལ། །ཡང་ན་དབང་པོ་ལྔ་ལའོ། །བརྒྱད་པ་གདབ་ན་དཀར་ནག་མཚམས། །སྐྲ་མཚམས་དོན་གསང་རྟགས་གསང་གསུམ། །དཔུང་མགོ་གཉིས་དང་དཔྱི་མགོ་གཉིས། །བརྒྱད་དུ་གདབ་པར་ཤེས་པར་བྱ། །བཅུ་གཅིག་གདབ་པ་མིག་གཉིས་དང་། །གསེར་སྒོ་གཉིས་དང་ན་ངས་གཉིས། །ཁམ་ཏའི་ཁྱིལ་དང་ཙིསྟའི་གཡས། །གཡས་དང་གཡོན་དང་དཀྱིལ་དང་གསུམ། །བཅུ་དྲུག་མདོ་རུ་གདབ་པར་བྱ། །བཅོ་ལྔ་གདབ་བ་བདུད་ཁུང་དང་། །ལག་མཐིལ་རྐང་མཐིལ་གཡས་གཡོན་བཞི། །བརླ་དཀྱིལ་བྱིན་དཀྱིལ་གཡས་གཡོན་བཞི། །གྲུ་མོ་གཉིས་དང་མཆན་ཁུང་གཉིས། །བདུན་རྒྱབ་དག་ཏུ་གདབ་པར་བྱ། །ཉི་ཤུ་རྩ་གཅིག་དབང་སྒོ་བདུན། །ཙིསྟའི་སྟེང་འོག་དཀྱིལ་དང་གསུམ། །ཡན་ལག་ལྔ་དང་ལུས་ངག་ཡིད། །སྐུ་ལྟེབས་གཡས་གཡོན་ལྷེ་ནར་གདབ། །ཡང་ན་དགེ་སྡིག་ཆ་མཉམ་ཕྱིར། །སྤྱི་བོ་རྐང་མཐིལ་གཉིས་སུ་གདབ། །མན་ངག་དེ་ལྟར་མ་ཤེས་ན། །བཏབ་ཀྱང་