Ngb-pt-0724-vol-08-text
Front
Body
རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་མྱུ་ཏནྟྲ་ཁཎྜ། བོང་སད་དུ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་འབར་བ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །སྲོག་གི་སྒོ་རུ་ཤར་བ་དང་། སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །སྙིང་རྗེ་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་ཉིད་ཡིན་ཏེ། །ཕུར་པའི་རྡོ་རྗེ་དེ་ཉིད་དེ། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བི་ན་བ༷་ཧུ༷་ཕཊ། དིསྟ་ཙཀྲ་ཧ་ན་ཧ་ན་ཧྭ༷་ཕཊ། རྡོ་རྗེ་གཤོན་ནུའི་རིགས་འཛིན་རྣམས། ཁྲོ་བོ་རྡོ་རྗེ་སྒྲུབ་པར་མཛོད། ཁྲོ་བོ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རྡོ་རྗེའི་དེ་ཉིད་རང་བཞིན་ལས། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་གཏེར་དུ་བདག་བསྐྱེད་ཅིག །ཐབས་ཀྱིས་སྦྱོད་པས་སེམས་ཅན་དོན། །བྱམས་དང་སྙིང་རྗེ་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་པར་མཛད། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཨོ་བཛྲ་ཀྲོ་དྷ་ཧྭ༷་ཀ་ར་ཧུ༷། གརྫ་གརྫ་ཧུ༷་ཕཊ། ཨོ་བཛྲ་དི་པ་ཡ་ཏི་ཧཱུཾ། ཨོ་བཛྲ་ཨུ་ཡ་ཀ་མུ་ཁ་ཧུ༷། ཨོ་བཛྲ་ཨུ་ཤ་ཀ་མུ་ཁ་ཧུ༷། འདི་ནི་ཁྲོ་བོ་ཆེན་པོ་ཧུ༷་མཛད་དང་། །རྡོ་རྗེ་ལྷ་མོ་སྒྲ་འབྱིན་དང་། །སྤྲུལ་པའི་ལྷ་མོ་འཕྲ་མེན་དང་། །ཕག་གི་མགོ་ཅན་དང་། རྩངས་པའི་མགོ་ཅན་དང་། ཨོ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧྭ༷། ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ལྭ་པྱེ་ཧུ༷། ཨོ་བཛྲ་བྱུ་སྣྲ་མུ་ཁི་ཧུ༷། ཨོ་བཛྲ་ཀྲོ་དྷ་ས་མུ་བུ་ཧུ༷། འདི་ནི་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ལྷ་མོ་སྒེག་མོ་དང་། སྤྲུལ་པའི་འཕྲ་མེན་མ་སྟག་གི་མགོ་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་ནོ། །ཨོ་བཛྲ་མི་་ཐ་དཎྜཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ཏི་ཏྭ་རུ་ཧྭ༷། ཨ་བཛྲ་ཧྭ་ན་མུ་ཁ་ཧུ༷། འདི་ནི་ཁྲོ་བོ་དབྱུག་སྔོན་འཆང་བ་དང་། ལྷ་མོ་རྡོ་རྗེ་སྡེར་མོ་ཅན་དང་།སྤྲུལ་པའི་འཕྲ་མིན་མ་གཡག་མགོ་ཅན་དང་། བྱ་རོག་མགོ་ཅན་ནོ། །ཨོ་ཡ་མུན་ཏ་ཀ་བཛྲ་ཀྲོ་དྷ་ཧུ༷་པ་ཙ་པ་ཙ་ཧུ༷། ཨོ་བཛྲ་ཀྲོ་དྷི་སྨ་ཤཱ་ན་པ་ཏི་ཧུ༷། ཨོ་བཛྲ་ཧ་རི་ནི་མུ་ཁ་ཧུ༷། ཨོ་བཛྲ་སྐྲུ་ལུ་ཀ་མུ་ཁ་ཧུ༷། འདི་ནི་ཁྲོ་བོ་གཤིནརྗེམཐར་བྱེད་དང་། །ལྷ་མོ་དུར་ཁྲོད་བདག་མོ་དང་། །སྤྲུལ་པའི་ལྷ་མོ་འཕྲ་མེན་མ་རི་དགས་ཀྱི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཨུརུ་ཨ་ཙ་ལ་ཧུ༷། བན་དྷ་བན་དྷ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་མུ་ཧ་ལ་ཧུ༷། ཨོ་བཛྲ་པྲེ་ཏ་མུ་ཁ་ཧུ༷། འདི་ནི་ཁྲོ་བོ་མི་གཡོ་མགོན་པོ་དང་། རྡོ་རྗེ་ལྷ་མོ་གཏུན་ཁུང་མ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་གཟིག་གི་མགོ་ཅན་དང་། ཁྲའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨོ་བཛྲ་ཀྲོ་དྷི་ཛ་ཡ་ཏི་ཧུ༷། ཨོ་བཛྲ་ཀྲོ་དྷི་བ་ར་མུ་ཁ་ཧུ༷། ཨོ་བཛྲ་ཀྲོ་ཏ་མུ་ཁི་ཧུ༷། འདི་ནི་ཁྲོ་བོ་རྟ་མགྲིན་དང་། རྡོ་རྗེ་ལྷ་མོ་ག་་མོ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་བྱི་ལའི་མགོ་ཅན་དང་།པུ་ཤུ་ཀྱི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཨ་པ་རྭ་ཛི་ཏ་ཧྭ༷། ཏིཁྱི་ཏིཁྱི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ས་བྱ་ཏི་ཧུ༷། ཨོ་བཛྲ་སྲི་ཀ་ལ་མུ་ཁི་ཧུ༷། ཨོ་བཛྲ་པརྩི་ར་ན་མུ་ཁི་ཧྭ༷། འདི་ནི་ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་། རྡོ་རྗེ་ལྷ་མོ་མདའ་སྙེགས་མ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་སྤྱང་ཀིའི་མགོ་ཅན་དང་། ཁྲའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜལི་ཧུ༷། ཚིན་དྷ་ཚིན་དྷ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷ་སི་བྱ་མ་ཏི་ཧུ༷། ཨོ་བཛྲ་སིང་ཧ་མུ་ཁ་ཧུ༷། ཨོ་བཛྲ་ཏི་ཏི་ལ་མུ་ཁ་ཧུ༷། འདི་ནི་ཁྲོ་བོ་བདུད་རྩི་འཁྱིལ་བ་དང་། རྡོ་རྗེ་ལྷ་མོ་མཛད་སྒྲ་མ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧུ༷། བིན་དྷ་བིན་དྷ་ཧུ༷། ཨོ་བཛྲ་ཀྲོ་དྷི་མུ་ར་ཡ་ཧུ༷། ཨོ་བཛྲ་རྭ་ཀྟ་ས་མུ་ཁ་ཧུ༷། ཨོ་ན་ཀུ་ལ་མུ་ཁ་ཧུ༷། འདི་ནི་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། རྡོ་རྗེ་ལྷ་མོ་གསོད་བྱེད་མ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང་། སྲེ་མོའི་མགོ་ཅན་དང་། ཨོ་བཛྲ་ཀྲོ་དྷ་མ་ཧྭ་བ་ལ་ཧུ༷། ཕཊ་ཧུ༷་ཕཊ། ཨོ༷་བཛྲ་ཀྲོ་དྷི་མུཁྲེམ༷་ཧུ༷། ཨོ་བཛྲ་རཀྟ་ས་མུ་ཁ་ཧུ༷། ཨོ་བཛྲ་ཀྲུ་ཤི་ཀ་མུ་ཁ་ཧུ༷། འདི་ནི་ཁྲོ་བོ་སྟོབས་པོ་ཆེ་དང་། རྡོ་རྗེ་ལྷ་མོ་རིགས་བྱེད་མ་དང་། སྤྲུལ་པའི་ལྷ་མོ་འཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་ནོ། །ཨོ་བཛྲ་ཡཀྟ་ས་ད་ར་ཧུ༷་ཛ། ཨོ་བཛྲ་སྟི་ར་བེ་ཧུ༷་ཧུ༷། ཨོ་བཛྲ་ཨ་མྲི་ཏ་ཧུ༷་བ༷། ཨོ་བཛྲ་མ་ར་ནི་ཧུ༷་ཧོ། འདི་ནི་ཤར་དུ་པུ་ཤུད་ཀྱི་མགོ་ཅན།ལྷོར་བྱ་རོག་གི་མགོ་ཅན། ནུབ་ཏུ་སྲིན་བྱའི་མགོ་ཅན། བྱང་དུ་ཁྲའི་མགོ་ཅན། འཁོར་བའི་ཕུར་པ་བསྒྲུབ་པའི་དོན་དུ། དབང་དང་བྱིན་བརླབ་ཞུསླ་པའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། །ཡེ་ཤེས་ཁྲོ་བོ་གཤེགས་པ་ནས། །རྟགས་དང་མཚན་མ་བསྟན་པ་དང་། །ཕུར་པའི་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕོ་ཉ་ཆེན་པོའི་དུས་ལ་བབ། །བདག་ཉིད་ཆེན་པོའི་དུས་ལ་བབ། །ས་བདག་ཆེན་པོའི་དུས་ལ་བབ། ཁྱི་ཡི་གདོང་ཅན་དུས་ལ་བབ། །བསྒྲལ་བར་བྱ་བའི་དུས་ལ་བབ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །དུས་གསུམ་སངས་རྒྱས་སྲས་བཞིན་དུ། །རིགས་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བགུག་ནས། །མངོན་སྤྱོད་ཚུལ་གྱིས་བསྒྲལ་བ་དང་། །ལུས་ངག་ཕྱེ་མར་མཛད་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོ་ལ༷་ཧུ༷་ལ༷་སྟ༷་བྷ་ནི། མོ་ཧ༷་སྒྱུ་ཏ་ཡ་བྷ་ག་བ་ན་ཧྲི། ཀྲི་བྲི་བི་ཀྲི་བཛྲ་ཧུ༷་ཀྭ་ར་ཧུ༷། བཛྲ་ཀི་ལི་ཀི་ལ་ཛ༷༷ཧུ༷་བ༷་ཧོ།སབོ་བིསྣྲིན། བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། བགེགས་བྱེད་པ་ཡི་བདུད་རྣམས་དང་། །སྡུག་བསྔལ་སེལ་ལ་མཉམ་སྦྱོར་བ། །ཆེ་གེ་མོ་ཞེས་བྱ་བའི་བདུད། །ཟུང་ཞིག་རྡུངས་ཤིག་རྣམ་པར་ཆིངས། །གཏོགས་ཤིང་གྲོགས་དང་དབྱེ་བར་གྱིས། རིང་ནས་ཁུག་ལ་སྨྲ་རུ་ཆུག །ཕོབ་ཅིག་རྣམ་པར་གཟིར་བར་གྱི། །བདག་གི་དབང་དུ་བྱས་གྱུར་ནས། །བསྒོ་བའི་བཀའ་ཉན་གུས་པར་གྱི། །ཧུ༷་པ་ར་བི་དྷ་ར་ཚིན་དྷ་ཚིན་དྷ་ཧུ༷་ཕཊ། བིན་དྷ་བིན་དྷ་ཧུ༷་ཕཊ། གྲི་ཎྜ་གྲི་ཎྜ་ཧུ༷་ཕཊ། བརྙ་བསྟོ་ཧུ༷་ཕཊ། ཏྲ་ས་ཡ་ཧུ༷་ཕཊ། ཧ་ས་ཡ། ཡར་ཧྲི་དཎྜཧུ༷་ཕཊ། ཤི་སྣྲ་ཨ་ན་ཡ་ཧུ༷་ཕཊ། ཛུ་ལ་པ་ཡ་ཛུ་ལ་པ་ཡ་ཧུ༷་ཕཊ། ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ་ཧུ༷་ཕཊ། བིན་དྷ་ཡ། བིན་དྷ་ཡ་ཧུ༷་ཕཊ། ཕོ་ཉ་བྲལ་དང་མངག་པའི་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །མངོན་སྤྱོད་ཇི་ལྟར་ངེས་པ་དང་། །མངོན་སྤྱོད་བྱིན་བརླབས་དེ་བཞིན་མརྫོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ མ་ཐ་མ་ཐ་བཛྲ ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཊ་ཀ་ཊ་ཡེ། ཛ་ཡེ། བི་ཛ་ཡེ། ཨ་ཇ་ཏེ། ཨ་པ་རྭ་ཛིན་ཏེ། མ་ར་སེ་བྱ་པྲ་མ་ར་དྷ་ནི་ཧུ༷་ཕཊ། རྡོ་རྗེ་གསང་བའི་བཀའ་ལུང་གིས། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །མགོ་ནི་ཚལ་པ་བརྒྱ་རུ་གྱིས། །ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧུ༷་མ་མ་བ་ཤ༷་ཀུ་སྲ གདུག་ཅིང་སྡང་སེམས་ལྡན་པ་རྣམས། །སོང་ཞིག་ལྷ་མིན་གང་ཡང་རུང་། །ང་ལ་བར་ཆད་བྱེད་པའི་བདུད། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །སརྦ་ཨ་ན་ཡ་ཧྭ༷་ཕཊ། ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་ཡིས་སྙིང་བསྲེགས་ནས། །ལུས་སེམས་རྡུལ་བཞིན་བརླག་པར་མཛོད། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། ཁ་ཏ༷་ཁ་ཏ༷་ཁ་ཏ༷། ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། བཛྲ་ཡ་ཀྟ་ཀྲོ་དྷ་ཁ་ཁ་ཁུ་ཧི་ཁུ་ཧི། ཧ་ཧ་ཧ་ཧུ༷་ཧུ༷་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་མཐུར་འགྱུར་རོ། །བརྣག་པ་དེ་ཁོ་ན་ཉིད་དོ། །ཀི་ལ་ཡ་ལན་ཉི་ཤུ་རྩ་གཅིག་བཟླས་སོ། །ཀི་ལ་ཡ་ལན་བཅོ་བརྒྱད་བརྗོད་ནས་དཀར་ནག་གི་མཚམས་སུའོ། །ཧུ༷་ཧུ༷་ཧུ༷། ཧོ་ཧོ་ཧོ། ཕཊ་ཕཊ་ཕཊ། འདི་བརྗོད་པར་བྱའོ། །རྡོ་རྗེ་ཕུར་པ་རྩ་བའི་དུམ་བུ་སློབ་དཔོན་པདྨ་འབྱུང་གནས་དངོས་ཀྱི་རྒྱ་དཔེ་དང་མཐུན་པར། དཔལ་ས་སྐྱ་པརྙི་ཏས། གཡས་རུའི་སའི་ཆ་ཤངས་ཀྱི་སྲེག་ཞིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོརྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་མྱུ་ལ་ཙིསྟ་ནཱ་མ་ཏནྟྲ། བོད་སྐད་དུ། རྡོ་རྗེ་ཕུར་པ་རྩ་བ་ཐུགས་ཀྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་པའི་དུས་གཅིག་ན།