Ngb-pt-0723-vol-08-text
Front
Body
གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་མྱུ་ལ། བོད་སྐད་དུ། རྡོ་རྗེ་ཕུར་པའི་རྩ་བ། དཔལ་རྡོ་རྗེ་ཁྲོས་བོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །དེ་བཞིན་རིམ་པ་ཇི་བཞིན་དུ། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྲོག་གི་གོ་རུ་ཤར་བ་དང་། །སྙིང་གི་གོ་རུ་བསྒོམ་པར་བྱ། །སྙིང་རྗེ་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེ་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣན་བ༷་ཧུ༷་ཧུ༷་ཕཊ། དི་བྷ་ཙཀྲ་ཧ་ན་ཧ་ན་ཧུ༷་ཕཊ། རྡོ་རྗེ་ཁྲོས་པ་ཡུམ་དང་བཅས་པའོ། །རྡོ་རྗེ་གཞོན་ནུ་རིགས་འཛིན་རྣམས། །སྲིད་པའི་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་འདོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེ་གང་འདུལ་བ། །སངས་རྒྱས་འཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཨོ་བཛྲ་ཀྲོ་དྷ་ཧུ༷་ཀ་ར་ཧུ༷། གར་རྫ་གར་རྫ་ཧུ༷་ཕཊ། ཁྲོ་བོ་ཆེན་པོ་ཧུ༷་ཀ་ར། ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པའི་འཕྲ་མེན་མ་ཕག་གི་མགོ་ཅན་དང་། རྨིགས་བུའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧུ༷། ཧ་ན་ཧ་ན་ཧུ༷་ཕཊ། ཁྲོ་བོ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་རྣམ་སྙེམས་མ། སྤྲུལ་པའི་འཕྲ་མེན་མ་སྟག་གི་མགོ་ཅན་དང་། བྱ་རྒོད་ཀྱི་མགོན་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ནི་ལ་དཎྜཧུ༷་ཕཊ། ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང་། ཡུམ་རྡོ་རྗེ་སྡེར་མོ། །སྤྲུལ་པའི་འཕྲ་མེན་མ་གཡག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཡ་བཱན་ཏ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཧུ༷་ཕཊ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། ཡུམ་རྡོ་རྗེ་དུར་ཁྲོད་ཀྱི་བདག་མོ། །སྤྲུལ་པའི་འཕྲ་མེན་མ་ཤ་བའི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཨུརུ་ཨ་ཙ་ལ་ཧུ༷། བན་དྷ་བན་དྷ་ཧུ༷་ཕཊ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་། །ཡུམ་རྡོ་རྗེ་ག་་ཁུང་མ། སྤྲུལ་པའི་འཕྲ་མེན་མ་གཟིག་གི་མགོ་ཅན་དང་། ཁུའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཧ་ཡ་རྒི་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་ག་་མོ། །སྤྲུལ་པའི་འཕྲ་མེན་མ་བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཨ་པ་རྭ་ཛི་ཏ་ཧུ༷། ཏིཇི་ཏི་ཇི་ཧུ༷་ཕཊ། ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པའི་འཕྲ་མེན་མ་སྤྱང་ཀིའི་མགོ་ཅན་དང་། ཁྲའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཨསྐྲོ་ཏ་ཀུན་ཌ་ལི་ཧུ༷། ཚིན་དྷ་ཚིན་དྷ་ཧུ༷་ཕཊ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུད་འབྱིན་མ། སྤྲུལ་པའི་འཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛྲ་ཡ་ཧུ༷། བིན་དྷ་བིན་དྷ་ཧུ༷་ཕཊ། ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་ཆེན། སྤྲུལ་པའི་འཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང་། ཟེར་མོའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་མ་ཧྭ་བ་ལ་ཧུ༷། སྒྲོ་ཊ་སྤྲོ་ཊ་ཧུ༷་ཕཊ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་དང་། ཡུམ་རྡོ་རྗེ་སྐུལ་བྱེད་མ། སྤྲུལ་པའི་འཕྲ་མེན་མ་དོམ་གྱི་མགོ་ཅན་དང་། བྱི་བའི་མགོ་ཅན་གྱིས་གཏམ་པའོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་མཧྭ་ཀྲོ་དྷ་ཡ་ཧུ༷་ཕཊ། རྡོ་རྗེ་འདུས་པའི་སྲས་མཆོག་གོ །ཨོ་བུད་དྷ་ཀི་ལི་ཀི་ལ་ཡ་བི་ད་ཡ་བིང་བིང་ཧུ༷་ཕཊ། ཨོ་རད་ན་ཀི་ལི་ཀི་ལ་ཡ་ན་མ་ས་མན་ཏ་ཧིང་ཧིང་ཧུ༷་ཕཊ། ཨོ་པདྨ་ཀི་ལི་ཀི་ལ་ཡ། སུ་རུ་སུ་རུ་ཧུ༷་ཕཊ། ཨོ་ཀརྨ་ཀི་ལི་ཀི་ལ་ཡ་མྱ་ར་ཡ་མྱ་ཡ་ར་ཧུ༷་ཕཊ། སྒོ་བཞི་ཡི་སྲས་མཆོག་གོ །སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླངས་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀི་ལ་ཡ་ཡི་དངོས་གྲུབ་གསོལ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། ཁྲ་ན་མུ་ཁའི་དུས་ལ་བབ། །བདག་ཉིད་ཆེན་མོ་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། ཁྱོད་ཀྱི་འཕྲིན་ལས་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། ཁམས་གསུམ་རྒྱལ་བའི་གདུང་འཚོབ་པའི། །རིགས་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་དུ་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོ་ལ༷་ཧུ༷་ལ༷་སྟ༷་བྷ་ནན། མོ་ཧ་ག་ཡ་བྷ་ག་བན། ཤི་ཀྲི་བི་ཀྲི། བཛྲ་ཧྭ༷་ཀ་ར་ཧྭ༷་ཧུ༷་ཕཊ་ཕཊ།བཛྲ་ཀི་ལི་ཀི་ལ་ཡ་ཛ༷༷ཧུ༷་བ༷་ཧོ། སརྦ་བིསྣྲུ་ན། བཛྲ་ཀི་ལ་ཡ། ཧུ༷་ཕཊ། བཛྲ་ཧུ༷་ཀ་ར་ཧུ༷་ཨ། དངོས་གྲུབ་བར་ཆོད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་བྱེད་པ་རྣམས། །ཟུངས་ཤིག་སྣངས་ཤིག་རྣམ་པར་ཆིངས། །རྟོགས་ཤིག་སྲོག་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྱོར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟེར་བར་གྱི། །ང་ཡིས་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཧུ༷་པ་ར་སྟིད་ཏན་སྣྲིན་དྷ་སྨིན་དྷ་ཧུ༷་ཕཊ། བིན་དྷ་བིན་དྷ་ཧུ༷་ཕཊ། གྲོ་ཎྜ་གྲོ་ཎྜ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། བན་དྷ་བན་དྷ་ཧུ༷་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧུ༷་ཕཊ། ཧ་ས་ཡ་ར་ཧ་ཏ་ན་ཧུ༷་ཕཊ། ཤི་ཀྲིན་ཨ་ནང་པ་ཧུ༷་ཕཊ།ཛུ་ལ་པ་ཡ་ཛུ་ལ་པ་ཡ་ཧུ༷་ཕཊ། ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ་ཧུ༷་ཕཊ། བིན་དྷ་ཡ་བིན་དྷ་ཡ་ཧུ༷་ཕཊ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་འཕྲིན་ལས་མྱུར་དུ་མརྫོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཏ་མ་ཏ་བཛྲ། ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏ་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་རྭ་ཛི་ཏེ། མ་ར་ས་ན་པྲ་མ་ར་ད་ནི་ཡེ་ཧཱུཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུས་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུཾ༷་མ་མ་པ་ཤི་ཀུ་མྲ །མ་ཏམ་ཉ་ཀ་ར་ཨི་ནན། དྷ་ཏི་མ་མ་ཉ་ཀརྨ་ཤི་ཀྲ་ཀ་ར་ཡ། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨ་ན་ཡ་ཧུ༷་ཕཊ། ཏ་ཐ་ཡ་ཏ་ཐ་ཡ་ཧུ༷་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་ག་། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེད་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། ཁྲོ་མོ་འབར་བའི་ག་་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་རླག་པར་འགྱུར། །སྡིག་ཅན་གཞན་ལྟ་མོས་ཅི་དགོས། ཁ་ཐམ། ཁ་ཐམ། ཁ་ཐམ།ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། བཛྲ་ཡཀྟ་ཀྲོ་དྷ། ཁུ་ཧི་ཁུ་ཧི། ཧ་ཧ་ཧ། ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨ་བི་ར་ཙའི་དུས་ལ་བབ་བོ ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཞེས་ཉི་ཤུ་རྩ་གཅིག་བཟླས། གནག་པ་དེ་ཁོ་ན་ལའོ། །ཀི་ལི་ཀི་ལ་ཡ། ཞེས་ལན་བཅོ་བརྒྱད་དཀར་ནག་གི་མཚམས་སུའོ། །ཧྭ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། ཅེས་ཤས་ཙམ་བཟླས་སོ། །རྡོ་རྗེ་ཕུར་པའི་རྩ་བ་རྫོགས་སོ།། །།ཕུར་པ་གསང་བསྒྲུབ་ཀྱི་བརྒྱུད་པ་ནི། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྡོ་རྗེ་གཞོན་ནུས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། ཏན་ཏྲ་སྡེ་བཅོ་བརྒྱད་ལ། རྡོ་རྗེ་ཕུར་པའི་ཏན་ཏྲ་རིགས་ལྔའི་སངས་རྒྱས་ལ་བཤད། དེས་སྡུད་པའི་གསང་བདག་ཕྱག་ན་རྡོ་རྗེ་ལ་བཤད། དེས་རྒྱལ་པོ་ཛ་ལ་བཤད། དེས་ཐྲི་ན་ལེན་ཏྲའི་གཙུག་ལག་ཁང་དུ་སྦས་པའོ། །དེ་ནས་པརྙི་ཏ་མི་བྱེད་སེང་གེས་རྙེད་ནས།དེས་ད་ན་སང་ཀྲི་ཏ་ལ་བཤད། དེས་ད་ན་ཨུ་པ་ལ་བཤད། དེས་པདྨ་སམ་བྷ་བ་ལ་བཤད། དེས་བལ་པོ་བ་སུ་དྷ་ར་ལ་བཤད། དེས་སྒྲེགས་པ་སངས་རྒྱས་ཡེ་ཤེས་ལ་གཏད། དེས་སའི་གཏེར་དུ་སྦས་ཏེ། ཡོན་ཏན་རྒྱ་མཚོ་སྐྱེ་བ་རྒྱུད་པ་གཅིག་གིས་རྙེད་པར་འགྱུར་རོ། །ཨི་ཐི།། །།རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་མྱུ་ཏནྟྲ་ཁཎྜ། བོང་སད་དུ། རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོ་བོས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་ཆེར་