Ngb-pt-0722-vol-08-text
Front
Body
རྒྱ་གར་སྐད་དུ། ཤི་བཛྲ་ཨ་མྲི་ཏ། མ་ཧྭ་སུ་ཁ། སརྦ་ཏ་ཐུ་ག་ཏ། ཀྭ་ཡ་ལྷུསྐ་ཙིཀྟ་བཛྲ། བཛྲ་མ་ཧྭ་ཏནྟྲ་ནཱ་མ། བོད་སྐད་དུ། དཔལ་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བའི་ཡང་གསང་བ། རྡོ་རྗེའི་ཡང་རྡོ་རྗེ་བདུད་རྩིའི་རྒྱལ་པོ་ཆེན་པོའི་རྒྱུད་ཅེས་བྱ་བའོ། །དཔལ་བདུད་རྩི་བདེ་བ་ཆེན་པོའི་བདག་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་་་་ཀྱི་སྐུ་དང་། གསུང་དང་། ཐུགས་གསང་བའི་ཡང་གསང་བ། རྡོ་རྗེའི་རྡོ་རྗེ་ཡུམ་གྱི་མཁའ་པརློའི་དབྱིངས་ན། རྡོ་རྗེ་བདུད་རྩི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོས་བརྒྱན་ཏེ་བཞུགས་སོ། །བཅོམ་ལྡན་འདས་མ་མ་ཀ་རི་བཅས་ཡང་དག་རྣམ་པར་རོལ་འགྱུར་བ་ཡི། ལྷ་ཡི་གསང་བ་དེ་ཉིད་བརྗོད་མེད་ཤིན་ཏུ་ལྡན་པའི་རྣམ་པར་བརྒྱན། །རྡོ་རྗེ་བདུད་རྩི་རྒྱུད་འདི་ལས་ཐོག་མར་ལྷའི་དེ་ཉིད་འབྱུང་བར་འགྱུར། །རྡོ་རྗེ་བདུད་རྩི་བཤད་པ་ཐམས་ཅད་མཆོག་འདི་བདེ་བ་ཆེན་པོ་སྟེ། །འདི་ནི་བཅོམ་ལྡན་བདུད་རྩི་རྡོ་རྗེ་བདེ་བ་ཆེན་པོ་འགྲུབ་པ་ཡིན། །བརྗོད་མེད་རྟོག་བྲལ་ཟབ་མོའི་དོན་ཆེན་འདི་ནི་དབང་པོ་རྣམས་མི་དམིགས། །རྡོ་རྗེ་བདུད་རྩི་བཤད་པ་རྒྱུད་མཆོག་རེ་ཞི་དང་རྣམ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་རྡོ་རྗེ་བདུད་རྩི་མཆོག་འདི་ཏིང་འཛིན་ཡུལ། །ཆགས་པས་བདེ་བས་བརྒྱན་གྲགས་ཏེ། །གསང་བཞི་ཡུམ་ནི་མྱ་མ་ཀི །རྒྱུད་རྣམས་ཀུན་ལས་སྦས་པའི་ཡེ་ཤེས་བདུད་རྩི་མཆོག་གི་མཆོག །དེ་ཉིད་བདག་གིས་བཤད་པར་བྱ་སྟེ་ཟབ་མོའི་གླིང་གཙུམ་པ་དེ། །རྣལ་འབྱོར་དམ་ཚིག་བདེ་ལས་རོལ་པའི་གླུ་ཚིག་འདི་རྣམས་བརྗོད། །མྱུར་བའི་གྲུབ་མཆོག་ལྷ་ཡི་དེ་ཉིད་བདུད་རྩི་ངེས་པའི་རྒྱུ། །བྱང་ཆུབ་སེམས་ཀྱི་བདུད་རྩི་འབྱུང་བས་འགྲོ་བ་ཀུན་ལ་སྐྱབས་ཆེན་སྐྱོབ། །བསྒྲུབ་པའི་ཡོན་ཏན་འདི་བཤད་པས་ཐམས་ཅད་འགྲུབ་པར་འགྱུར། །དབང་པོ་ཀུན་ཀྱང་འདིར་འདུས་སོ། །མཉམ་པ་ཉིད་ཀྱི་ཚིག་གི་སྡེར་བཅས་བདུད་རྣམས་སྦྱོར་ཞིང་འདུལ་བའི་མཆོག །སེམས་ཅན་ཀུན་ལ་ཕན་པའི་དོན་ཆེན་རྣལ་འབྱོར་གྲུབ་པའི་བདུད་རྩི་ཡིན། འཁོར་བཅས་མྱུར་དུ་འགྲོལ་བའི་རྣལ་འབྱོར་གྱིས་ཡེ་ཤེས་ཉིད་བྱུང་བ་ཡང་། ཡེ་ཤེས་ཆེན་པོ་དངོས་གྲུབ་བསྒྲུབ་པ་འདི་ནི་ཁམས་གསུམ་ཀུན་ལས་རབ་ཏུ་བསྔགས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཆེན་པོ་འདི་ནི་བརྟན་པའི་མཆོག །རྡོ་རྗེ་པདྨ་མཉམ་པར་སྦྱར་བའི་ཡེ་ཤེས་བདུད་རྩི་འབྱུང་གནས་ཏེ། མྱ་མ་ཀི་ཉིད་དབྱིངས་ལ་རྩུམ་ནན་ཏེ་པདྨ་རྡོ་རྗེ་རྩུ་པ་ཏ།འདིས་ནི་རྡོ་རྗེའི་རྡོ་རྗེ་བདུད་རྩི་མཆོག་ལྡན་བདེ་བ་ཆེན་པོ་ཡིན། །དེ་ནས་མཉེས་འགྱུར་ལྷ་མོའི་དབྱིངས་བཅས་པདྨ་ལ་ཡང་རྩུམ་པ་ཏེ། །གསང་བའི་དཀྱིལ་འཁོར་པདྨ་ལས་ནི་རྡོ་རྗེ་བདུད་རྩི་འབྱུང་། །དེ་འདྲའི་བསྒྲུབ་མཆོག་ལས། དཀྱིལ་འཁོར་མཆོད་པ་དམ་པས་རྒྱན་མཆོད་པ། །དམ་པ་བྱས་དེ་ཉིད་ལས་ནི་དངོས་གྲུབ་མཆོག་ཏུ་འགྱུར། །དེ་ལྟར་བཤད་པའི་དོན་ལས་བདེ་མཆོག་དེ་ཉིད་ཐོབ་པ་སྟེ། །དེ་ཕྱིར་བཅོམ་ལྡན་རྡོ་རྗེའི་རྡོ་རྗེ་བདུད་རྩི་བདེ་བའི་མཆོག་ཅེས་གྲགས། །བཅུ་གསུམ་པ་ཕུལ་བ་ཡི་ཡོན་ཏན་མཆོག་སྟེ་རབ་དགའི་དོན་མཆོག་འདི་རྙེད་དོ། །ལུས་ངག་ཡིད་གསུམ་སྦྱང་དཀའ་འཁོར་བའི་རྒྱ་མཚོ་སྒྲོལ་བར་བྱེད། །བདེ་བ་ཆེན་པོ་རབ་ཏུ་སྦྱོར་བ་འདི་ནི་མ་མ་ཀི་ཡི་སྦྱོར་བ་ཡིན། །གྲུ་གསུམ་ཆོས་ཀྱི་དཀྱིལ་འཁོར་ཡེ་ནས་བྲིས་པ་གསང་བའི་པདྨ་མུ་མ་ཀི །པདྨ་འདབ་བརྒྱད་སྙིང་པོ་ཟེ་འབྲུས་འཁྱོལ་བའི་སྤྱོད་ཡུལ་ལ། །དེ་དབུས་རིགས་ལྔའི་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་རྣམ་པར་བསྒོམ། །སྐུ་མདོག་སྔོ་བསངས་ཞལ་བཟངས་དབུས་མཐིང་གཡས་ནི་གསལ། །གཡོན་གྱི་ཞལ་དམར་རིན་ཆེན་ལ་སོགས་མཆོག་རྒྱན་ལྡན། །འབར་བའི་འཕྲང་བས་སྐུ་བརྒྱན་དྲི་དང་བྱུག་པ་མཆོག་ལ་སོགས། །སྐུ་གསུང་ཐུགས་ཀྱིས་རྡོ་རྗེ་ཕྱག་གིས་བྱེད་པ་དངོས་གྲུབ་པདྨ་སྤྱིན། །དཀྱིལ་འཁོར་ཕྱི་རིམསབཞིནབཀོདདེ། །སྒོབབཞིནཡངརྟོགའགྲེལ་སྒྲོལ་སྒོ་བཞི། ཁྲར་ཕྱོགས་ཁྲོ་གཉེར་ཅན་ཏེ་ལྷོ་ཕྱོགས་འཇིགས་བྱེད་དམ་པས་བརྒྱན། །ནུབ་ཏུ་རྟ་མཆོག་གཟུགས་ཏེ་བྱང་ཕྱོགས་དེད་དཔོན་ཆེན་པོ་བཞུགས། །རིགས་པའི་རྒྱལ་མོ་བཞི་ནི་པདྨའི་འདབ་མ་བརྒྱད་ལ་ལེགས་བྲིས་ནས། །དེ་བ་ཞི་བྱེད་རབ་སྨྲ་ཟླ་བ་ཉི་མའི་དཀྱིལ་འཁོར་ལ། །ཟླ་བ་དང་ནི་ཡི་ཆེས་སེམས་འཕྲོ་དགེ་བ་དགོད་པར་བྱ། །རིགས་མ་བརྒྱད་ཀྱང་ལེགས་བསྒོམས་སྣ་ཚོགས་གཟུགས་ནི་རྣམ་ཤེས་རྒྱལ་བྱེད་མ། །ཞལ་གསུམ་ཕྱག་དྲུག་ཕྱོགས་ཀུན་གསལ་བྱེད་རྣམ་པར་རྒྱལ་བྱེད་འགྱུར་བྱེད་ཡིན། །དབང་གི་ལྷ་མོ་བཞི་ནི་བདུག་པ་མེ་ཏོག་སྤོས་ལ་སོགས། །གླུ་དང་གར་དང་ཉེ་བའི་མཆོད་པ་རྣམས་ཀྱིས་སྟོན་རྟོགས་རྣལ་འབྱོར་མ། །གསང་བའི་འཁོར་ལོ་དངོས་གྲུབ་ཐམས་ཅད་འདུས་པས་བདུད་རྩི་བདེ་ཆེན་པོ། །མ་དང་བུ་མོ་སྲིང་མོ་ལ་སོགས་བསྒྲུབ་པའི་གནས་མཆོག་དམ་པ་ནི། །སྦས་པ་བདུད་རྩི་གཞལ་མེད་ཁང་རེ་གསང་བའི་དཀྱིལ་འཁོར་མཆོད་པའི་མཆོག །གཟུགས་མཆོག་བདུད་རྩི་བུམ་འཛིན་དངོས་གྲུབ་དམ་པ་འབྱུང་གནས་པའང་། །སིང་མོ་ནད་མེད་འགྱུར་ཏེ་བུ་མོས་དུག་གསུམ་ནད་ལས་གྲོལ་བར་འགྱུར། །སྟོང་ཉིད་སྦྱོར་མཆོག་དོན་ཡོད་དངོས་གྲུབ་དཀྱིལ་འཁོར་རབ་གསལ་བ། །པདྨའི་ཁ་ནས་རྡོ་རྗེ་ལྕེས་ལེན་དངོས་གྲུབ་མཆོག་དེ་འདྲའི་རོལ་བ་མྱུར་བའི་དངོས་གྲུབ་རྡོ་རྗེ་བདུད་རྩི་བདེན་ཆེན་པོ། །རྟག་པ་ཀུན་སྡུད་ཐམས་ཅད་རོལ་པས་འདོད་པས་དགའ་དང་འཁྲིལ་ལ་སོགས། རྡོ་རྗེ་དཀྱིལ་མོ་བསྣོལ་ཏེ་ཕྱག་རྒྱ་བཞི་བརྐྱང་མཉམ་པའི་ཏིང་ངེ་འཛིན། །བསྡམས་དང་བཅིངས་དང་མཉམ་པར་སྦྱར་བའི་ཕྱག་རྒྱ་བསྒྲུབ་པའི་ཕྱག་རྒྱ་ནི། ཁྲ་ཆེན་ཁྲག་ཆེན་རྡོ་རྗེ་དྲེ་ཆུ་དང་དེ་བཞིན་དྲི་ཆེན་བྱང་ཆུབ་སེམས། །རྡོ་རྗེ་བདུད་རྩི་མཆོད་རྟེན་མཆོད་པས་བསྒྲུབ་པ་ཉིན་གཅིག་བཞིན་དུ་བྱ། །བདག་ཉིད་ཆེན་པོ་ཇི་ལྟར་འདོད་པ་བཞིན་འགྲུབ་པས་རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །ཅེས་པའི་དངོས་གྲུབ་སྣ་ཚོགས་འབྱུང་བ་འདི་ནི་འགྲུབ་པ་དམ་པ་ཡིན་པར་བཤད། །ཞེས་འགྲས་རྡོ་དང་གསོད་དང་དབང་དུ་བྱེད་དང་དབྱེ་དང་དབྲལ་བ་གཟའ་བ་དང་། །བྱ་བ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་པས་བདུད་རྩི་བདེ་ཆེན་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུངས་དང་། ཐུགས་ཀྱི་གསང་བའི་གསང་བ། རྡོ་རྗེའི་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། གསང་བའི་དཀྱིལ་འཁོར་མངོན་དུ་བསྟན་པའི་ལེའུ་སྟེ་དང་པོའོ།། །།ཡུམ་མཆོག་མ་བཱ་ཀི་ནི་ཡངས་པའི་པདྨ་མཉེས་པ་སྟེ། །དབང་པོ་དྲུག་དང་གནས་དྲུག་ཙུམ་པ་ན་སྟེ་འཕྲེང་བ་བསྟན། །གནས་བཅུ་དྲུག་ཀྱང་གཙུག་གི་སྒྲས་ནི་དགའ་དང་བདེ་བས་གསུངས་ཏེ་དང་བའི་ཡིད། །དགའ་བའི་གད་མོ་བསྙེན་དང་རྡོ་རྗེ་རྡོ་རྗེ་བཅིངས་པའི་འཁོར་ལོ་ཆེ། །འདོད་ཅིང་ཆགས་པས་ཞེན་པའི་དངོས་པོས་རྡོ་རྗེ་པདྨར་གནས་ནས་ནི། །སྙན་ཅིང་དང་བའི་དབྱངས་བླངས་ཁུ་བྱུག་སྒྲ་ལྟར་དད་པ་བསྐྱེད་པར་བྱ། །རྒྱལ་བྱེད་ལྷ་མོ་མ་མ་ཀི་ལ་རྡོ་རྗེ་བདུད་རྩི་བདེ་མཆོག་གནས། །ལག་གཉིས་སེན་མོས་གནས་དྲུག་དཔུང་ལ་སོགས་བྲུད་པས་བླངས་པར་བྱ། །བླངས་ནས་སྟེང་འོག་བར་གནས་བསྟན་པ་ནི་མ་བཞིན་རྣམ་པར་བལྟས་ནས་ནི། །དབྱིངས་ཀྱི་པདྨ་ཙུམ་པ་ལ་སྟེ་དགའ་བའི་ཚིག་དང་དབྱངས་ཀྱིས་བླང་། །ལེགས་སོ་ལེགས་སོ་མ་མ་ཀི་ནི་པདྨ་རྒྱ་ཆེར་བཟང་། །རབ་ཏུ་དགའ་བའི་ཆགས་པས་མཉེས་པར་འགྱུར་བས་གཉིས་ཀ་བདེ་བ་སྟེ། །གང་འདོད་དམ་པ་སྦྱིན་པ་བཤད་པའི་ལུང་ནི་བདེ་བས་བརྒྱན། །དེ་ཕྱིར་ཡུམ་མཆོག་མ་མ་ཀི་ནི་རྒྱན་དབྱངས་འདི་བདེ་བའི་མཆོག་ཏུ་གསུངས། །བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་དེ་ཉིད་བདག་སྟེ་རྣམ་པར་བརྒྱན་པས་བསྤྱིངས། །ཟབ་མོ་ཟབ་མོར་སྒྲོལ་བའི་ཡེ་ཤེས་དབྱིངས་སུ་ལྡན། །བརྗོད་པས་ཟོས་པར་གྱུར་བའི་དབང་པོ་དབང་པོ་བཞིན་ཏེ་དེ་ཉིད་སྤྱིན་པར་བྱའོ། །དམ་པ་མངོན་དུ་སྦྱངས་པ་འདི་ནི་མཆོག་གི་དོན་ཆེན་ཡིན་པར་བསྟན། །འདི་ནི་རྡོ་རྗེ་བདུད་རྩི་ཆེན་པོ་ཡང་དག་གནས། །རྣལ་འབྱོར་རྣམ་པར་སྦྱོར་བ་མ་མ་ཀི་ནི་ཡེ་ཤེས་ཟག་པར་ལྡན། ་༑ན་ཏུ་ཕྲ་ཞིང་བསྟན་པའི་ཡེ་ཤེས་རིག་པ་ཆེན་པོའི་གཟུགས་ཅན་ཡིན། །དེ་ལྟར་བཤད་པའི་ཚིག་དོན་སངས་རྒྱས་བྱང་ཆུབ་བསྒྲུབ་པའི་མཆོག་ཏུ་བསྟན། །རྟག་དང་མི་རྟག་བརྗོད་མེད་ཟག་བྲལ་ཡེ་ནས་རྣམ་པར་སྤངས་པ་སྟེ། །ཡོད་དང་མེད་པའི་དབང་པོར་བཅས་པའི་ཡེ་ནས་དབང་པོ་མེད་པར་བསྟན། འབྱུང་བ་ཀུན་གྱི་རང་བཞིན་མ་མཐོང་རྣལ་འབྱོར་ལམ་གྱིས་མཐོང་ཞིང་རིག །རྣལ་འབྱོར་བསྒྲུབ་པ་གཉིས་སུ་འདུས་ཏེ་ཕྱི་དང་ནང་དུ་ངེས། །གཟུགས་དང་ཕུང་པོ་འབྱུང་བར་སྣང་བ་ཀུན་རྫོབ་ཡིན་ཏེ་ཕྱི་ཡི་རྒྱ། །གཟུགས་ལ་སོགས་པ་སྣ་ཚོགས་བཀྲ་བར་སྣང་བ་ཁམས་གསུམ་ཆགས་པའི་རྒྱུ། །ཐམས་ཅད་ཡོད་པར་རྟོག་པས་འཛིན་པས་རྣམ་ཤེས་བཀྲ་བས་དམ་པོར་བཅིངས། །གང་གིས་སེམས་ཅན་རང་བཞིན་རྣམ་པར་རིག་པ་དེ་ཟག་དང་བདག་མེད་རྟོགས། །སངས་རྒྱས་སོ་སོར་ཡེ་ནས་གནས་པརརིག་པ་མི་རྣམས་གྲུབ་པའི་མཆོག་ཏུ་ངེས། །སེམས་དང་བསམ་པའི་དེ་ཉིད་རྣམ་པར་རིག་པ་དེ་ནི་ཡེ་ཤེས་དམ་པ་ཡིན་པར་གསུངས། །དོན་དུ་གྲུབ་པ་རྣམས་ལ་ཆོས་ཀྱི་ཆོས་ཉིད་དོན་དམ་འབྱུང་བར་འགྱུར། །གལ་ཏེ་སངས་རྒྱས་མང་པོ་ཡོད་པར་མཐོང་བ་དེ་ནི་སངས་མི་རྒྱ། །མང་པོ་རང་བཞིན་གཅིག་ཏུ་འདུས་པར་རྟོགས་པ་ཐར་པའི་ལམ་བླ་མ་ལུང་གིས། །ཐོབ་པར་གྱུར་པས་བདག་གི་རྣམ་པར་གནས། །བྷ་གའི་དབྱིངས་ཉིད་ནམ་མཁའི་དབྱིངས་ཉིད་ཡིན་པས་རྒྱན་ལྔ་ཡེ་ནས་ཚང་པར་གནས། །པདྨ་འདབ་བརྒྱད་དཀར་པོ་གེ་སར་ཟེ་བའི་སྙིང་པོས་བརྒྱན་པར་མཛེས། །དེ་དབུད་སྟོང་པའི་རྡོ་རྗེ་ཡང་དག་བདུད་རྩི་རྣམ་པར་བརྒྱན། །དུས་དང་དུས་མིན་རྣམ་པར་མ་གྲོལ་བ་ནི་ཐིག་ལེ་ཙམ་ཡང་སྤངས། །དུས་མིན་འཆི་ལས་གྲོལ་ཏེ་ཐིག་ལེ་ཙམ་གྱིས་གྲུབ་པར་འགྱུར། །དེ་ཉིད་རྟག་ཏུ་འབྱུང་བ་དེ་ནི་རྡོ་རྗེ་བདུད་རྩི་དཀར་པོའི་གཟུགས། །ཐམས་ཅད་འབྱུང་བས་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གནས། མཉམ་པས་འགྲུབ་པར་འགྱུར་བའི་མཐོང་དང་སྟོབས་ལས་གྲུབ་པའི་མཆོག །སྐལ་ལྡན་བདེ་བའི་རིག་བཀང་པས་ཁྱབ་པར་བགྲང་སྟེ་གནས་བས་གནས། །སེམས་སྦྱོང་དོན་རིག་སྨྲ་མཁས་ལེན་དང་འཛིན་པ་མེད་པས་གྲོལ། །འགྲོ་དང་རྩེ་དང་དེ་བཞིན་ཐམས་ང་་བེད་པས་རྣལ་འབྱོར་གནས་དང་བཅས། །དག་པས་བརྒྱན་པའི་མི་ནི་ཉལ་ཡང་རྨི་ལམ་ཡང་དག་མཐོང་ཞིང་སྟོན། །རྒོད་དང་རུ་ལ་སོགས་པ་རྟག་ཏུ་ངེས་པའི་ཡིད་འཕྲོག་ཉོན་མོངས་བྱེད་པའི་རྒྱུ། །བཟང་མོར་སྨྲ་དང་མཛེས་པར་བརྒྱན་པས་འདོད་པས་སྤྱོད་པའི་གཟུགས། །ར་རོ་མྱོས་པའི་གཟུགས་དང་རྨོངས་པའི་ཆགས་པས་འཁོར་བར་གནས། །དང་པོར་སྣང་བའི་གཟུགས་མེད་སྐྱེས་པ་བུད་མེད་མ་ནིང་ལ་སོགས་མེད། །སྣ་ཚོགས་གཟུགས་ནི་ངེས་དོན་གཅིག་གིས་འགྲུབ་ སྟེ་སྦྲུལ་གྱི་མགོ་ནི་ནོར་བུ་བཞིན། །ཁྱབ་དང་ཁྱབ་པར་གནས་པ་དེ་ནི་དེ་བཞིན་ཉིད་མཆོག་བསྒོམས་པས་འགྲུབ། །མ་མ་ཀི་ནི་ཐམས་ཅད་འགྲུབ་པའི་འབྱུང་གནས་ཡིན་པས་ཀུན་ལ་བསྔགས། །མྱུར་དང་ཉེ་རེག་སྤྱོད་པ་བགྲང་འཕྲེང་ལ་སོགས་ཡོ་བྱད་མི་དགོས་ཏེ། །དབྱིངས་ཀྱི་པཟློ་མཉེས་པར་མཆོད་པས་མངོན་སངས་རྒྱས། །སྣ་ཚོགས་དངོས་གྲུབ་རྙེད་པས་དེ་ཕྱིར་རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །རྟག་ཏུ་བྷ་གའི་དབྱིངས་སུ་རྡོ་རྗེ་མཆོག་གི་བདེ་བས་རབ་བརྒྱན་པའོ། །སུམ་ཅུ་་རྩ་གཉིས་རྩ་སྟེ་སྡེ་དཔོན་གང་རྩ། །དེ་བས་སྣོད་དགུ་གནས་པ་བུད་མེད་སྒོ་ནི་རྟག་ཏུ་དཀྱིལ་འཁོར་གནས། །སྒོ་དགུའི་མཆོད་པ་གནས་པས་བསྒྲུབ་པའི་རིག་པས་མཆོད་པ་གཅེས། །རྣལ་འབྱོར་དེས་པར་བཤད་པའི་འདི་ནི་ཡང་དག་གསང་བ་བསྒྲུབ་པའི་མཆོག །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་སྣ་ཚོགས་འབྱུང་བར་འགྱུར། །མཆོག་ཏུ་གསང་བར་གསུངས་པ་དི་ནི་རྣལ་འབྱོར་དམ་པ་རྣམས་ཀྱི་ཡུལ། །མངོན་སུམ་སྣང་བཞིན་རང་བཞིན་གསང་བ་ཀུན་གྱིས་ཡུལ་མེན་མི་གནས་མ་མ་ཀི །མཉམ་པ་དེ་ཉིད་ཆོ་ས་པས་རྡོ་རྗེ་བདུད་རྩི་བདེ་ཆེན་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རབ་ཏུ་གསང་བའི་ཡང་དག་གསང་བ་རྡོ་རྗེའི་རྡོ་རྗེ་དཔལ་བདེ་བ་ཆེན་པོའི་རྒྱུད་ལས། རྣལ་འབྱོར་གྱི་ཡེ་ཤེས་ཀྱི་དེ་ཁ་་ན་ཉིད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ལྷ་མོ་རབ་ཏུ་མཉེས་པ་དེ་ནི་རིན་ཆེན་སྣ་ཚོགས་རྣམ་པར་འབྱུང་འགྱུར་ཏེ། འདི་ལྟར་སེམས་པའི་དབྱིངས་ནི་སྣ་ཚོགས་དབྱངས་སྒྲོགས་པ། །གསོན་ཅིག་གསོན་ཅིག་རྡོ་རྗེ་ཆེན་པོ་ཉེ་བའི་མཆོག་འདི་ཀུན་མཁྱེན་གསོན། །བཅོམ་ལྡན་རྡོ་རྗེ་ཆེན་པོ་ཚུར་སྤྱོན་དབྱངས་ཀྱི་དོན་འདི་རྣམ་པར་གསོན། །ཀ་ཁ་ལི་དང་དར་རབ་སྙན་དབྱངས་ཀྱི་སྒྲ་ནི་ཚིགས་སུ་བཅད་དོ། །སྣ་ཚོགས་གཟུགས་འཛིན་སྒྲ་ལས་གཅེས་པའི་དོན་ནི་དྲུག་འབྱུང་སྟེ། །སྙན་པའི་དབྱངས་སྒྲ་མང་པོ་ཤིན་ཏུ་དག་དང་བདེ་བ་སྙེད་པར་རོལ། །སངས་རྒྱས་བྱང་ཆུབ་དེ་ཉིད་དམ་པ་གྲུབ་པས་རྡོ་རྗེ་བདུད་རྩི་བདེ་ཆེན་པོ། །ཐེ་ཚོམ་ཐམས་ཅད་གཅོད་པའི་གསང་བ་དེ་ཉིད་དཀྱིལ་འཁོར་རྣམ་པར་འབྱུང་། །དེ་བཞིན་ཉིད་དག་བདག་བསྟན་པས་ཡེ་ཤེས་རྡོ་རྗེས་བྱ་བ་ཐབས་ཅད་བྱེད། །མཆོག་ཏུ་ཡབ་ཡུམ་གཉིས་ཀ་དགྱེས་པའི་གྲུབ་པར་འགྱུར། །ཆགས་པའི་བདེ་བས་བཅོམ་ལྡན་བདུད་རྩི་རྡོ་རྗེ་འབྱུང་གནས་མཆོག །རྣལ་འབྱོར་རྡོ་རྗེའི་ཐེག་པ་ཐམས་ཅད་སྒྲོར་ཞིང་ཁྱབ་པར་གནས། །དམ་པ་འོན་ཀྱང་རྟོགས་པ་སྦྱང་ཕྱིར་ཕྱག་རྒྱའི་རོལ་པས་རྣམ་པར་རོལ་པར་བཤད། །ཕྱག་རྒྱའི་མཆོག་ནི་རྣལ་འབྱོར་དམ་པ་ཡིན་པས་ཀུན་གྱི་ཡུལ་མིན་གསང་། །སྙིང་པོའི་དོན་ནི་ལྷ་ཉིད་ལྡན་པས་ཁྱབ་པར་ལྡན་ཞིང་འབྱུང་། །དོན་འདི་རྣམ་པར་སྦྱངས་བ་་ལྷ་ཡི་རང་བཞིན་རྟོགས་ཤིང་ངེས་པར་འགྲུབ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ། །མ་མ་ཀི་ཉིད་མངོན་སུམ་གྱུར་ན་ཕྱག་རྒྱའི་སྙིང་པོ་འབྱུང་གནས་དམ་པ་ཡིན། །ཕྱག་རྒྱའི་དོན་ཉིད་གསུམ་དུ་བསྡུས་ཏེ་ལུས་ངག་ཡིད་ལས་རྣམ་པར་འབྱུང་། །ལུས་ཀྱི་ཕྱག་རྒྱ་ལག་པ་བསྐྱོད་དང་ངག་གི་ཕྱག་རྒྱ་སྔགས་ཚིགས་ཡིན། །སེམས་ཀྱི་ཕྱག་རྒྱ་ཏིང་འཛིན་ཡིན་ཏེ་མངོན་སུམ་ཁྱབ་པར་གནས། །རྡོ་རྗེ་བདུད་རྩི་ཆེན་པོའི་རྒྱུད་འདིས་ཕྱག་རྒྱ་རྣམ་པར་གསལ། །རྣལ་འབྱོར་ཕྱག་རྒྱ་དང་པོའི་ཡེ་ཤེས་ཡིན་པས་མཚན་མའི་ཕྱག་རྒྱ་བྲིས་པ་མེད། །མངོན་སུམ་ཕྱག་རྒྱ་གཟུགས་རྣམས་ཡིན་པས་བཟང་པོའི་ལྷས་ནི་རྣམ་པར་བརྒྱན། །དབྱིངས་ཀྱི་པདྨ་མཆོད་པའི་མཆོག་རེ་དབང་པོ་ཐམས་ཅད་དེ་བཞིན་གསལ། །རྡོ་རྗེ་པདྨ་མཉམ་པར་གཞག་པས་སྦྱར་བས་གཅེས་པ་ཐམས་ཅད་ཟབ་པའི་མཆོག །ཇི་ལྟར་དཔག་བསམ་ཤིང་ཆེན་ལས་ནི་མེ་ཏོག་ཡལ་ག་ལོ་འབྲས་སྡོང་། །རྩ་བ་གང་ཡིན་ཟིན་པ་ལས་དགོངས་པ་མེད་འབྱུང་ཞིང་། །རེ་བ་ཀུན་རྫོགས་དེ་ལས་འབྱུང་སྟེ། ཕྱག་རྒྱའི་དོན་ནི་ཐམས་ཅད་འབྱུང་བའི་རྒྱུ་དེ་མ་དང་འདྲའོ། །རིག་པ་མཆོག་གི་གནས་ནི་བདེ་བའི་དབྱིངས་ནི་ཁྱབ་པར་གནས། །དེ་ཕྱིར་བཅོམ་ལྡན་བདེ་བ་ཆེན་པོ་ཡིན། མ་མ་ཀི་ལ་རྡོ་རྗེས་བལྟས་པས་གསང་སྔགས་མཚན་མ་ཐམས་ཅད་འབྱུང་། །དང་པོར་ཨོ་སྦྱོར་རྣམ་སྣང་ལ་སོགས་བདུད་རྩི་བདེ་ཆེན་དང་། །ས་བོན་བཞི་ཡིས་མཉམ་སྦྱར་བས། །ས་ལ་སོགས་པ་བྱེད་པར་འགྱུར། །དེ་ཡང་རྣམ་པར་སྣང་མཛད་སྦྱིན་པས་གནས་པ་འབྲུ་བཞི་རྣམ་པར་གནས། །བཞི་པ་རྣམ་པར་བརྒྱན་པས་མ་མ་ཀི་ནི་སྙིང་པོའི་མཆོག །བརྒྱད་པ་གཡོ་བ་བྱེད་པའི་དབུས་སུ་བརྒྱད་བརྒྱད་ཀྱིས་ཀྱང་རྣམ་པར་བརྒྱན། །པདྨ་བརྒྱད་རྣམས་ལ་ནི་མཆོད་པའི་ཕྱིར་ལྷ་མོ་རྣམས་དང་སྙིང་པོ་དགོད། །སྣོད་བཞི་དང་ནི་སྙིང་པོ་དགོད་པ་མ་མ་ཀི་དབྱིངས་མཆོག་ལ། །ཟེ་བ་རྣམས་ལ་སྔགས་ཀྱི་ས་བོན་རྣམས་དང་སྙིང་པོ་བྲི་བར་བྱའོ། །སྟོང་པའི་དོན་ལས་ལྷ་ཉིད་འབྱུང་སྟེ་རྣམ་སྣང་ལསོགས་ཀུན། །ས་ཧ་འབྱུང་བས་ཀུན་ཏུ་བརྒྱན་པས་འགྲུབ་པ་ཐམས་ཅད་རབ་ཏུ་རྩལ། །སྒོ་བཞི་དག་པར་བཀོད་པས་མེ་ཏོག་བདུག་པ་ལ་སོགས་བཞི། །རྣམ་སྣང་མཛད་དང་ས་ཧ་ལས་ནི་མ་ནིང་ལ་སོགས་བཞིརྣམས་བརྒྱད། །བརྒྱན་པའི་མཆོད་པ་ཐམས་ཅད་གནས་པས་གསང་བའི་དཀྱིལ་འཁོར་མ་མ་ཀི །འདིས་ན་རྡོ་རྗེའི་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཡིན། །དེ་བ༷ཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་།གསུང་དང་། ཐུགས་གསང་བའི་ཡང་གསང་བ་རྡོ་རྗེའི་ཡང་རྡོ་རྗེ་དཔལ་བདེ་བ་ཆེན་པོའི་རྒྱུད་ལས། སྔགས་༷དང་ཕྱག་རྒྱ་དབྱུང་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཧོ་གྱི་ལས་ཀྱི་ཆོ་ག་རྣམས་ཀྱང་རིམ་པར་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་སུ་བསྒྲུབ་པར་རྣལ་འབྱོར་ཆོ་གའི་རྒྱུད་ལས་རྣམ་པར་འབྱུང་བ་རྫོགས་པ་ཧོ་གྱི་རྣམ་གྲགས་སྟོན། ཞི་བ་རྒྱས་པའི་ལས་དང་དེ་བཞིན་དབང་དང་མངོན་སྤྱོད་དང་ནི། ཞེས་འགྲས་གསདདངབསྐྲད་དང་སྤོ་བའི་སྔགས་དང་ཕྱག་རྒྱ་ལ་སོགས་ཀུན། །རྡོ་རྗེ་བདུད་རྩི་རྒྱུད་འདིཉིད་ལས་བྱེད་པའི་ལམ་རྣམས་ཐམས་ཅད་གསུངས། །རྡོ་རྗེ་སེམས་དཔའ་བྱམས་པའི་ཁྲོའི་ལ་ནི་ཁྱབ་པར་གཉིས་རྫོགས་ཏེ། །ཐམས་ཅད་བརྒྱན་པའི་དཀྱིལ་འཁོར་སྤྱོད་པས་རབ་ཏུ་བརྒྱན་ཅིང་བཞུགས་པར་འགྱུར། ཁམས་གསུམ་རྣམ་པར་རྒྱལ་བའི་བརྐྱང་བསྐུམ་གནས་པར་འབྱུང་པོ་གནོན། །གཡས་བརྐྱང་གཡོན་བསྐུམ་ས་ནན་དྲུག་ཆེན་འཇོམས་པར་ངེས་པར་གནས། །སྔགས་རྣམས་སྦྱང་བའི་དོན་དུ་གཟིར་གནོན་ཆེན་པོས་ས་གཞི་གནོན། །དེ་ལྟའི་སྦྱོར་བས་ལུས་སྤྲུལ་ལ་སོགས་བགེགས་རྣམས་ལ་སོགས་གཟིར། །ཐོག་མར་བླ་མ་ལ་ནི་ཕྱག་བྱས་ཏེ། །དེ་ནས་བདག་མོ་ཆེན་མོ་སྤྱན་དྲངས་ཏེ། །ཚུར་བྱོན་པ་ཡི་ལྷ་མོ་ཆེན་མོ་འཇིག་རྟེན་མ་ལུས་ཀུན་སྒྲོལ་མ། །སེམས་ཅན་ཐམས་ཅད་རིན་ཆེན་བརྒྱན་ཅིང་རྒྱས་པ་ཉིད་དུ་བརྗོད། །རིན་ཆེན་རྫོགས་པའི་དབྱངས་ལ་སོགས་པས་རྡོ་རྗེ་སེམས་དཔའ་རབ་ཏུ་མཆོད། །འདི་ནི་མཆོད་ཡོན་ལས་དང་ཧོ་གྱི་ལས་ལ་སོགས་པས་བསྒྲུབ་པའི་གྲུབ་པ་བླང་། ཧི་ཧི་ཧི་ཧ་ས་ཧ། དྲི་ཆེན་དྲི་ཆུ་ཁྲག་དང་སེམས་ཀྱི་ཆུ་རེ་དཀྱིལ་འཁོར་ས་རྣམས་སྦྱང་། ཁྲ་ཆེན་བདུག་པ་དམ་པས་ཐམས་ཅད་བསང་ཞིང་བདུག་པ་ཆོ་ག་བྱ། །དེ་ནས་ཞུགས་སྤར་ཏེ། རིག་དང་གཏུམ་དང་དམ་པའི་ན་དའི་རིགས། །བྲམ་ཟེ་རྗེའུ་རིགས་རིགས་ངན་དམངས་རིགས་རྒྱལ་པོའི་རིགས། །དྲི་དང་བདུག་པ་མར་མེ་ལ་སོགས་ཀུན་བརྒྱན་མཆོད་པར་བྱེད། །ལྔ་འམ་ལྔ་ཡི་ཧྲི་བསྒོམ་བྷ་གའི་དབྱིངས་སུ་འབུམ་བསྒོམས་དཀྱིལ་འཁོར་དགོད། །སྤྱན་དང་ན་བཟའ་དཀར་དང་ཡིད་འཕྲོག་ལ་སོགསརྣམས་འབྱུང་བ། །བྷ་གའི་དབྱིངས་ཉིད་མེ་ཏོག་ལ་སོགས་ཡེ་ནས་ཁྱབ་པར་གནས། །དེ་ལྟར་གནས་པས་གསང་སྔགས་ཧོ༷་ཀུན་ཚད་མར་གསུངས་པ་ཡིན། །ཞི་བའི་ཧོ༷་ཁུང་ཟླུམ་པོར་བྱས་ཏེ་ཁྲུ་ཚད་ཙམ་གྱིས་ཐིག་གིས་དྲང་། །ཟབ་སུ་ཁྲུ་ཕྱེ་བརྐོས་ཏེ་ཐམས་ཅད་དཀར་པོའི་ཚོན་གྱིས་བྲིས། །ངོས་སུ་བཀྲ་ཤིས་ལེགས་དགོད་སྟེང་དུ་འཁོར་ལོ་འབྲི་བར་བྱ། །རྒྱས་པ་ཁྲུ་དོ་ཚད་དེ་གཏིང་དུཁྲུ་གང་བརྐོ་བར་བྱའོ། །ཀུན༷་ཏུ་གྲུབ་བཞི་མཉམ་ལ་ར་བྱི་སེར་པོའི་ཚོན་རྣམས་བཏང་། །མངོ༷ན་སྤྱོད་གྲུ་གསུམ་ཚད་དེ་སོར་ནི་ཉི་ཤུ་གཉིས་ཀྱི་ཚད་དུ་བྱ། །ཟབ་སུ་དེ་ཡི་ཕྱེད་དེ་ཀུན་ཏུ་འབར་བས་འཁྱིལ་བའི་རྣམ་པར་བྲི། །ཟླ་གམ་དབང་གི་ཧོདུ་གསུངས་ཏེ་ཁྲུ་གང་ལས་ནི་ཕྱེད་མ་བཅད་པའི་ཚད་དུ་བྱ། །ཧོ་ཁུང་ཟླུམ་པོ་ལས་ཕྱེད་མར་བཅད་པ་བཞིན་དུ་བསྟན། །སྔགས་པ་བྱང་དུ་ཁ་བལྟས་ཞི་བ་ལས་ཀྱི་འདུག་སྟངས་ཡིན། །རྒྱས་པར་ཤར་དུ་བལྟས་དེ་མངོན་སྤྱོད་ནུབ་ཏུ་བལྟས་པར་རྣམ་པར་བསྤྱིངས། །དབང་ནི་ནུབ་ཏུ་བལྟས་ཏེ་སྤྱན་དྲངས་བཞུགས་གསོལ་བའང་དེ་བཞིན་ནོ། །མངོན་སྤྱོད་ནག་པོར་བྱས་ཏེ་དབང་ལ་སོགས་ཏེ་མཚན་ལྔས་གྲིས། །ཏིལ་དང་སྲན་མ་འོ་མ་མར་དང་སྦྱར་རྩིར་བཅས། །བདུད་རྩི་ལྔ་ལས་རྣམ་པར་བསྒོམ་པ་བཞིན་པ་ཡིན་ཏེ་རྒྱས་པའང་དེ་བཞིན་ནོ། །ཐམས་ཅད་ཏིང་འཛིན་ལས་ཏེ་ལོ་མ་ཅན་གྱི་ཤིང་ནི་དྲི་དང་ལྡན། །ཟས་དང་བཏུང་བའི་གཏོར་མ་འབྱུང་པོ་སྦྱིན། །བསྒྲུབ་པ་ཧེ་རུ་ཀའི་ཕྱག་རྒྱས་གཏོར་མ་ཐམས་ཅད་སྦྱིན་པར་བྱ། །རྣལ་འབྱོར་པས་ནི་རྟག་ཏུ་ཇི་ལྟར་འདོད་པའི་ལས་བྱ་གྲུབ་པ་སྟེ། །ཞི་བ་སྔ་དྲོ་བྱ་སྟེ་དབྱར་གྱི་དུས་ཏེ་སྔ་དྲོ་ཧོ༷་ཡང་བྱ།རྒྱས་པ་སྟོན་ཀ་ཉི་མ་གུང་། །མངོན་སྤྱོད་ལས་ནི་དཔྱིད་ཀྱི་དུས་ཏེ་བྱ་བ་སྟེ། །དགུན་ད༷ང་དབང་ནི་ནམ་གྱི་ཕྱི་དྲོའོ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །སྔ་དྲོ་ཞི་བའི་དུས་ཏེ་ཕྱི་དྲོ་དེ་བཞིན་རྒྱས་པའི་དུས། །ནམ་ཕྱེད་མངོན་སྤྱོད་དུས་ཏེ་དགུན་དང་དབང་ནི་ཕྱི་དྲོ་པདྨ་དབྱིངས་ཀྱི་དུས། །ཧོ་ཁུང་དབུས་སུ་ལྷ་ཉིད་བཞུགས་པས་ཁྲོ་བོ་ཆེན་པོ་ཧུ༷་མཛད་དེ། །བཞིས་དགྲད་ཞལ་གདངས་ཕྱག་རྒྱ་སྐྱང་སྟེ་བསྲེག་རྫས་མཆོད་ཡོན་དེ་ལ་དབུལ། །མཆོད་ཡོན་མཚན་མ་ཅན་རྣམས་དབུལ། །མངོན་སུམ་ལྷ་ཉིད་འབྱུང་། ཐོག་མར་སྤྱན་དྲངས་མེ་ཡི་ལྷ་རྣམས་མ་ལུས་ཐམས་ཅད་མཆོད། ཁྲོ་བོ་འབར་བའི་འཕྲེང་བས་འཁྱིལ་པས་སངས་རྒྱས་བྱང་ཆུབ་འགྲུབ་པའི་མཆོག །ཨོ། ཚུར་གཤེགས་ཕར་ཕྱིན་མེ་ཡི་མཆོག་སྟེ་དངོས་གྲུབ་སྦྱིན་པར་མཛོད། ཁམས་གསུ༷མ་བདག་པོ་དྲག་པོ་ཚངས་པའི་བྱི་རྒྱུ་ལ་སོགས་ཕྱག་བྱ་སྟེ། །མཆོད་ཡོན་ལ་སོགས་རྫས་ལྔ་འདི་དག་རྡོ་རྗེ་བླངས་ནས་ནི། །ཧུ༷་ཧུ༷་ཕཊ་ཕཊགྲྭ་ཧྭ། མཆོད་ཡོན་ཐོག་མར་ཕུལ་ཏེ་དེ་ནས་མེ་ཏོག་ལྷ་བཤོས་དབུལ། །ཨོ། འབར་བ་རབ་ཏུ་ཤེས་པས་མེ་ཏོག་དྲི་དག་རབ་ཏུ་སྦྱང་། །བདག་ལ་ཕན་ཕྱིར་མེ་ཏོག་ལ་སོགས་སོ་སོར་བཞེས་པར་མཛད་དེ། །ཨོ། འབར་བ་རབ་ཏུ་བཞེན་པས་ངན་འགྲོ་འཇིག་རྟེན་སྐྱོབས་ཆེན་རབ་ཏུ་སྐྱོབས། །ལྷ་ཡི་མིག་ཐོབ་བྱེད་པས་ཏིང་འཛིན་མར་མེ་བཞེད་པ་རབ་ཏུ་དབུལ། །མར་མེའི་སྔགས་ལ། ཨོ། འབར་ཙན་དན་རབ་སྦྱངས་པས་ག་པུར་ལ་སོགས། དྲི་ཞིམ་བདུག་པ་པ྅་བདག་ལ་ཕན་ཕྱིར་སེམས་གསལ་བྱེད་པ་ཕོག་ལ་སོགས་པ་འདི་བཞེས་གཤེགས། །བདུག་པའི་སྔགས་ལ། ཨོ་སྣ་ཚོགས་དྲི་ཞིམ་འབྱུང་བ་ག་པུར་ལ་སོགས་ཡེ་ཤེས་བརྒྱན། །ཧུ༷། དབྱངས་ཀྱི་རྣམ་པར་རོལ་པར་འབྱུང་བའི་དྲི་མཆོག་འདི་ནི་སོ་སོར་བཞེས་ཤིག །དྲིའི་སྔགས་ལ། ཨོ་ཐོག་མ་མཆོད་པའི་ཆོ་གས་མེ་ལྷ་ལ་སོགས་མ་ལུས་མཉེས་བྱས་ཏེ། དེ་ནས་རིག་པ་འབྱུང་བའི་སྔགས་བརྗོད་རང་གི་ལྷ་ཡི་རིག་སྔགས་གདོན། །དབྱངས་དང་གར་ལ་སོགས་པ་རྒྱན་གྱིས་མཆོད་བྱས་ཡིད་ཀྱིས་བརྗོད་པར་བྱ། །རིག་པའི་མཆོད་ཡོན་དབུལ་བ་གྲངས་ཀྱི་སྦྱོར་བས་མཉིས་འགྱུར་ཏེ། །སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་འདི་ནི་དངོས་གྲུབ་མཆོག་སྟེ་ཅི་འདོད་ཐོབ། །དེ་ནས་ལྷ་རྣམས་གཤེགས་སུ་གསོལ་ཏེ་བླ་མ་ལ་ཡང་མཆོད་པ་བྱ། །ཨོ། མེའི་བསྒྲུབ་བྱའི་ལས་ཀྱིས་སེམས་ཅན་ཐམས་ཅད་བདེ་བར་འགྱུར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྟན་པ་འདི་ནི་ལྷ་རྣམས་ཐམས་ཅད་སྐྱོང་བར་བྱེད་པ། དེ་ཉིད་བདེ་བ་ཡིན་པས་ཞི་བའི་ལས་མཛད་པ། ས་བདག་ཆེན་མོ་གཤེགས་སུ་གསོལ། ཐམས་ཅད་བཀྲ་ཤིས་གསལ་འབར་སྣང་བ་བསྒྲུབ་པ་དམ་པ་བསྒྲུབ་པའི་ལས་ཡིན་ཏེ། །མཉམ་པའི༷་བསོད་ནམས་འབྲས་བུ་སྔགས་དང་ཕྱག་རྒྱའི་ཚོག༷ས་མཆོག་དམ་པ་འབྱུང་། །ཨ་ཨུ། ཨི་སྙི།ཨུ་སྤུ། རི་རྡི། ལེ་སྙི། ཨེ་ཡི། ཨོ་ཨོ། ཨ་ཧུ༷་གྲྭ་ཧྭ། འདིས་ན་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་བདེ་ཆེན་པོ། ཕྱི་ནང་གི་ཧོ་གྱི་ཆོ་ག་བསྟན་པའི་ལེའུ་སྟེ་བཞི་པའོ།། །།ཧོ་གྱི་ཆོ་ག་རྣམ་པར་བཤད། །ཨ་ཛ་ན་ཡང་བཤད་བྱ་སྟེ། །ཚིལ་ཆེན་མེ་ལས་ཀ་པ་ལ། །ཆགས་པའི་པེ་མགོ་བླངས་ལ་སྐུ། །འུག་པའི་མགོ་བསྲེགས་སྟེ། ཁྲག་ཆེན་གྱིས་ནི་རྣམས་སྦྲུས་ནས། །ནུབ་མོ་ཞིབ་ཏུ་བཏགས་ཏེ་རུས་ཆེན་ཕྱེ་མ་ཞིབ་མོར་བྱ། །བྱ་རྒོད་གཤོག་པའི་རུས་ཆེན་བུ་ཅན་དག་གིས་བླང་། །མངོན་གསུ་།་རྣལ་འབྱོར་གྱིས་ནི་དབང་དུ་བྱེད་པ་ཨ་ཛུ་ན། ཨ༷ ་ཛུ་ན་ཡི་སྦྱོར་བས་གྲུབ་པ་རྡོ་རྗེ་བདུད་རྩི་ཉིད་དུ་འདུས། །མར་གྱི་བཅུ་ལ་ནི་བསྒྲུབས་པས་ནཱ་གའི་དབྱིངས་ཉིད་དུ། །ཞི་བ་རྒྱས་པ་དབང་གི་ཆོ་གའི་ལས་རྣམས་དང་། །སྣ་ཚོགས་བགེགས་དང་དྲག་པོའི་ལས་ཧོ་གྱི་ཆོ་ག་དང་། །སྣ་ཚོགས་དུག་གིས་ཉེན་དང་བཞི་པ་རྟག་པ་རིགས་སྣ་ཚོགས་ལ་ཐམས་ཅད་ལེགས་པར་བྱེད་པས་ལྷ་མ་སྦྱོར་བ་བདེ་བ་གཉིས་ཀ་མེད། །རྒྱལ་པོ་སྒོར་ནི་མཆོད་རྟེན་སྙེད་དེ་དགྲ་རྣམས་མིག་གིས་མཐོང་བས་བདུལ་བར་བྱེད། །ལངས་པའི་བགེགས་རྣམས་འདུལ་བ་བདུད་རྩི་ཨ་ཛུ་ན། །ཨོ། ལུས་ཀྱི་གཟུགས་ནི་ཡངས་པའི་མིག་ཅན་དྲི་ཆེན་ཆུ་དང་གཉིས་ཀའི་ཁྲག །ཞལ་གསུམ་ཕྱག་དྲུག་ཁྲོས་པས་བརྒྱན་པའི་ཆ་ལུགས་ཡུམ་ཆེན་མ་མ་ཀི །ཧྲིང་ཧྲིང་ཧུ༷་ཨོ་ཨུ་ཧ༷་ཧ་སྲུ་ཧྭ། ཞལ་བཟངས་དབུས་མཐིང་གཡས་ནི་དཀར་ཞིང་གསལ་བའི་མཆོག་ལྔ་སྟེ། །གཡོན་དམར་རིག་པའི་ཕྱག་རྒྱ་རལ་གྲི་འཁོར་ལོ་རྣམས། །ཞགས་པ་ལྕགས་ཀྱུ་དྲིལ་བུ་སྣ་ཚོགས་སྒྲ་འབྱུང་གཡོན་གྱི་ཕྱག་ན་བསྣམས། །ཡུམ་མཆོག་གསང་བའི་དབྱིངས་སུ་ཨ་ཛུ་ནའི་བསྒྲུབས་པ་སྣ་ཚོགས་འབྱུང་། གུར་ཀུམ་རིལ་ལུ་བ་གན་གཞག་པའི་རྗེས་ལ་རྡོ་རྗེ་པདྨ་ལྡན་པར་བྱའོ། ཨོ་ དང་སུ་ལ་སོགས་པའི་སྙིང་པོ་འཕྲོ་འདུ་སྣ་ཚོགས་འབྱུང་། །ཕཊ་ཀྱིས་སྤྲིན་ཚོགས་འབྱུང་སྤྲོས་ལས་དྲང་བཞིན་བསྒོམ་ཞིང་བསྡུ། །བདུད་རྩི་ཁྱད་པར་གནས་པའི་བྷ་གའི་དབྱིངས་ནི་སྒོ་ཕྱེ་སྟེ། །སྔགས་ཀྱི་མཚན་མ་བཟླས་པས་ཐིག་ལེ་འབྲས་བུ་དཔལ་འབར་གནག །རྒྱལ་པོ་ལ་སོགས་དབང་དུ་འགྱུར་ཞིང་བུད་མེ་ཐམས་ཅད་དབང་དུ་འགྱུར་མི་རྣམས་ཐམས་ཅད་བྷ་གའི་དུད་པའི་བྷ་ག་དབྱིངས་ཀྱི་རྒྱན་ཏེ་ཨ་ཛུ་ན། །རྒྱལ་པོ་སྒོར་ཕྱིན་མཆོད་རྟེན་སྙེད་ཅིང་དགྲ་རྣམས་མཐོང་བར་ཟད་བྱེད་ཅིང་། །དྷ་རུ་རའི་འབྲས་བུ་བཟང་ཨ་ཕྲི་ཏར་སྦྱང་བ་ནི། ཁྲོབོཆེནཔོགཤིནརྗེགཤེད་ནི་ཁྲོས་པའི་གཟུགས་བསྒོམས་བཟླས་བརྗོད་བྱ། ཁྲ་ཆེན་བདུད་རྩིར་བསྒོམས་ཏེ་བསྔགས་པའི་ཆང་དང་ཆུ་དག་གང་བླུད་པ། །མྱོས་དང་འཁྱམས་དང་རྟག་ཏུ་འཆི་བའི་མི་རྣམས་ལྷག་མ་མེད་པར་འགྱུར། །ཨོ༷་དྷི་སྟིང་བི་ཀྲི་ཏ་ན། མ་སརྦ་ཏྲ༷་བ་ཤ་ཡ། མ་ར་ཡ་ཧུ༷་ཧུ༷་ཕཊ་ཕཊ། དགའ་བའི་དབྱིངས་སུ་གོ་རོ་ཙ་ན་སྙིང་པོ་འབྲུ་བྲིས་ཏེ། །ཙན་དན་བྷ་གར་གཞག་པས་མཉམ་པར་བསྒོམས་པའི་ས། །བདེ་བ་ཆེན་པོ་རྙེད་དེ་ཐམས་ཅད་བྲན་བཞིན་འདུ་བར་འགྱུར། །དྲི་ཆེན་རྡོ་རྗེ་ཆུ་ལས་དགྲ་ཡི་གཟུགས་བྱས་ཤ༷་ཆེན་པོག་གིས་བདུག །དགྲའི་སྐྲས་དཀྲིས་རུས་ཆེན་ཕྱེ་མས་བསྐུ་ནས་དབང་དུ་བསྡུས་ཏེ། །དགྲའི་སྒོར་སྦས་ན་ཞག་བདུན་ནུབ་མོ་ངེས་པར་འཆི་བར་འགྱུར། །དྲི་ཆེན་རྡོ་རྗེ་ཆུ་དང་ཤ་ཆེན་ཁྲག་གིས་དྲག་དབང་ཧོ་བྱས་ཏེ། །དུར་ཁྲོད་ལྷ་ཡི་གནས་དང་ཤིང་གཅིག་བཞི་མདོ་འམ། །ནམ་ཕྱེད་ཧོ་བྱས་མེ་ཡི་དཀྱིལ་འཁོར་རྣམ་པར་བྲིས་ནས་ནི། ཁྲོ་བོ་ཆེན་པོ་གཤེན་རྗེ་གཤེད་ལ་ཐལ་ཆེན་པོ་ཡི་དངུལ་ལ་སོགས་མཆོད་ཟིན་ན། །དགྲ་མཐར་བཅས་པ་མྱུར་དུ་འཆི་བ་མི་རྣམས་མངོན་པར་འབྱུང་བར་འགྱུར། །འདིས་ན་རྡོ་རྗེའི་བདུད་རྩི་བདེ་བ་ཆེན་པོ་ཡིན། །ལས་ཐམས་ཅད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་བདུད་རྩི་ཆེན་པོའི་རྒྱུད་ལས། རྡོ་རྗེ་ཧུ༷་མཛད་སྒྲུབ་པའི་ཐབས་མཉམ་པའི་དབྱིངས་ནས་དཀྱིལ་འཁོར་ལ་སོགས་ཆོ་ག་རིམ་པར་བཤད། དཀྱིལ་འཁོར་དཀྱིལ་འཁོར་ཞེས་མཛད་ཅེས་བྱ། ཁམས་གསུམ་དཀྱིལ་འཁོར་སྒོ་རྣམས་འབྱུང་། ཁུ་བཞི་ཐིག་བཞི་ཁྲུ་དོ་ཚད་རྣམས་རྒྱས་པར་འགྱུར། །ཟླ་བའི་དཀྱིལ་འཁོར་དབུས་སུ་ངེས་པའི་ལྷ་རྣམས་འོད་ཟེར་འཕྲོ་བས་འཁྲིགས། །རྡོ་རྗེ་ཧུ༷་མཛད་ཞལ་གསུམ་ཕྱག་དྲུག་ཡངས་ཤིང་མཛེས་པའི་སྐུ་མངའ་བ། །རྒྱན་རྣམས་ཀུན་གྱིས་བརྒྱན་པའི་ཕྱག་དྲུག་ཕྱག་ནི་གསལ། །རིགས་བཞིས་བརྒྱན་པ་ཨུ་མ་ལི་ནུ་མ་གནས་དང་གན་རྒྱལ་གཉིས། །གནོད་སྟོབས་བཞད་དང་ཁྲོ་བས་སྣ་ཚོགས་འབྱུང་བའི་ཞལ་ནི་ཁྲོ་གཉེར་མཆེ་བ་གཙིགས། །གཡས་ཀྱིས་ཐབས་ཀྱི་མདའ་ཐོགས་གཡོན་གྱིས་ཤེས་རབ་གཞུ་འཛིན་དྲག་ཏུ་འགེངས། །ཕྱག་བཞི་ལེགས་པར་བརྒྱན་པའི་ཕྱག་རྒྱ་འཁོར་ལོ་རྣམས་ནི་བརྗིད། །སྒོ་སྐྱོང་ལྕགས་ཀྱུ་ལ་སོགས་རིགས་ཀུན་ཡང་ཞལ་གསུམ་ཕྱག་དྲུག་སྟེ། །མེ་ཏོག་བདུག་པ་དང་ནི་མར་མེ་དྲི་དག་རྣམ་པར་བརྒྱན། །སྒེག་མོ་ཟླུ་དང་གར་དང་འཕྲེང་བ་ཞལ་གསུམ་ཕྱག་དྲུག་རྒྱན་མཆོག་མཛེས། །གླིང་བུ་པི་ཝང་ལ་སོགས་སྙན་པའི་རོལ་མོ་སྒྲ་སྙན་སྣ་ཚོགས། །རྔ་ཡི་སྒྲ་ནི་འཕྲེང་བ་ལ་སོགས་དྲེ་ཤུལ་དྲ་བ་དཀྱིལ་འཁོར་མཛེས། །རྡོ་རྗེ་བདུད་རྩི་རྒྱུད་ལས་བཟང་བའི་སྒྲུབ་ཐབས་འཕྲེང་འབྱུང་བ། །སྐལ་བཟང་ལ་སོགས་ཞལ་གཅིག་ཕྱག་གཉིས་ཕྱག་རྒྱ་མཛེས། །གྲུབ་པ་རྒྱན་རྣམས་ཀུན་གྱིས་བརྒྱན་ཏེ་བརྟུལ་ཞུགས་མཆོག་ལྡན་པ། །རྡོ་རྗེ་དྲིལ་དང་བགྲང་འཕྲེང་ལ་སོགས་དེ་བཞིན་སྔགས་དང་ཕྱག་རྒྱ་ལྡན། །ཆང་དང་བ་་བ་ལ་སོགས་ཁ་ཟས་རོ་ལྡན་བཟང་པོའི་གཏོར་མ་བཤམས། །མར་གྱི་བཅུ་བཞི་ལ་ནི་དཀྱིལ་འཁོར་ཆོ་ག་བསྒྲུབས་ན་དམ་པ་འགྲུབ། །ཏིང་འཛིན་གསལ་བའི་འབད་པ་དྲག་པོས་ཅི་འདོད་དངོས་གྲུབ་མཆོག་ཀྱང་འགྲུབ། །སྔགས་པས་རྡོ་རྗེ་ཧུ༷་མཛད་སྙིང་པོའི་ཡི་གེ་ཧུ༷་མཛད་ཅིག་པ་བསྒོམ་ཞིང་སྤྲོ་བའོ། །ཐོག་མར་རྡོ་རྗེ་སློབ་དཔོན་མཆོད་དེ་དེ་ནས་དག་ཀྱང་རྒྱལ་པོ་མཆོད། །མ་དང་ཆུང་མ་བུ་མོ་ལ་སོགས་མཛེས་བརྒྱན་པ། །བདག་ཉིད་ངེས་པར་སྦྱོར་བའི་བསྒྲུབ་པ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོག །དེ་ལྟར་རྟོགས་པའི་བསྒྲུབ་པས་ཁམས་གསུམ་དཀྱིལ་འཁོར་སྒོ་རྣམས་འབྱེད། །དེ་ནས་རྡོ་རྗེ་བདུད་རྩི་རོལ་པས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་མཐོང་། །བདུད་རྩི་ལྔས་རྣམ་པར་སྦྱངས་བས། །ངན་འགྲོ་ཐམས་ཅད་རྣམ་པར་གྲོལ། །རྡོ་རྗེ་པ་ཟློ་མཉམ་པར་སྦྱོར། །རྡོ་རྗེ་ཧུ༷་མཛད་དཀྱིལ་འཁོར་འགྲུབ། །དེ་ལྟ་བའི་རྣལ་འབྱོར་བྱང་ཆུབ་སེམས་ཀྱིས་བསྒྲིབས། །རོལ་པའི་དཀྱིལ་འཁོར་རིག་པའི་རོལ་བས་སྒྲ་ཆེན་བསྒྲགས། །བྷ་གའི་དབྱིངས་སུ་དཔའ་བོ་དེ་ཉིད་ཀྱང་ནི་ཡང་དག་བརྒྱན་ཅིང་གནས། །པདྨ་ལ་ནི་རྡོ་རྗེ་ཙུམ་པ་ན་སྟེ་དཀར་པོའི་གཟུགས་བཟང་བྱང་ཆུབ་སེམས། །དབྱིངས་ནས་བྱེད་པའི་རྡོ་རྗེ་དབང་གི་ཕྱག་རྒྱ་བླངས་ཤིང་མཆེད། །དཔའ་བོ་རྡོ་རྗེ་ལྕེས་བླངས་དངོས་གྲུབ་དམ་པའི་གཏོར་མ་བྱའོ། །རིག་པ་ཆེན་པོ་ཙུམ་པ་ན་སྟེ་རྡོ་རྗེ་དངོས་གྲུབ་དམ་པ་སྦྱིན། དཀར་བའི་གཟུགས་ཆེན་སེམས་ཀྱི་སངས་རྒྱས་བྱང་ཆུབ་མཆོག་ཀྱང་འགྲུབ། །དེ་ནས་རྡོ་རྗེའི་རྡོ་རྗེ་བདུད་རྩི་ཆེན་པོས་རྣམ་པར་བསྤྱིངས། །རྡོ་རྗེ་ཧཱུཾ༷་མཛད་སྒྲུབ་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ཕྱིར་ཡུམ་མཆོག་མ་མ་ཀི་ནི་དགའ་བའི་མཆོག་བྱས་རྣམ་པར་གནས། །ཐལ་མོ་སྦྱར་ཏེ་ཕྱག་རྒྱ་གུས་པའི་ཚུལ་གྱིས་གར་དབྱངས་འདི་ལ་མཆོད། །འབྱུང་བ་ཆེན་པོ་ལྔ་ནི་ཐམས་ཅད་ཀུན་ཏུ་ཁྱབ། །ཐམས་ཅད་ཕྱག་རྒྱའི་ཚོགས་ཀྱིས་བརྒྱན་པས་རྡོ་རྗེའི་དབང་ལ་བདག་ཕྱག་འཚལ་ལོ། །དབྱར་དུས་ཁུ་བྱུག་སྒྲ་བསྒྲགས་ཐམས་ཅད་སེམས་དང་བདེ་བ་བཞིན། །དབྱིངས་མཆོག་མི་འགྱུར་བདེ་ཆེན་བདུད་རྩི་བདག་ཕྱག་འཚལ་ལོ། །ཐམས་ཅད་ཀུན་གྱི་བདག་ཉིད་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་ཀུན་ཏུ་ཁྱབ། །དང་པོ་ཚོགས་ཀྱི་མཆོག་འདིར་རྡོ་རྗེ་བདུད་རྩི་བདག་ཕྱག་འཚལ། ཁམས་གསུམ་མ་ལུས་པར་ནི་རྡོ་རྗེ་བདུད་རྩི་ཁྱབ་དབང་སྡུད། །རིག་པ་ཉི་ཤུ་རྩ་བཞིས་མཆོག་ཏུ་དགའ་བའི་ཆགས་པས་བདུད་རྩིར་སྒྲོགས། །ཟག་བཞིན་དབྱིངས་སུ་སྦས་པས་རྡོ་རྗེ་བདག་ཕྱག་འཚལ། །ནི་ལི་ཏི་ལི་ས་ལས་ས་བཅུ་པ་ན་ས་མ་ཏ་ཐུ་ག་ཏ། བཛྲ་མ་ཧྭ་ཨ་ནུ་ར། ཨུ་ཨི་སྭ་ཤ་ར་མ་སུད་ཨ་ཛེ་ན། ཧི་ཨུ་དུ་ཀ་ཧ་པྱང་ས་ར་ཨན་ཛུ་ལ། སྣ་ཚོགས་གར་དང་དབྱངས་དང་རྡོ་རྗེ་མཆོག་བདེ་བས་རྟག་ཏུ་རོལ། །མཆོག་དགའ་བའི་བདག་ཉིད་ཏིང་འཛིན་རིག་པ་རྣམ་པར་དག །འཕེལ་འདི་སང་ཀྲི་དྷའི་གར་གྱི་མཚན་ཉིད་བཞི་ནི་མཁའ་དབྱིངས་ཁྱབ་པར་སྤྲུལ་ཅིང་རོལ་པ་བདེ། །ཚིག་དོན་རྒྱ་ཆེ་དམ་པའི་རིམ་པར་བཤམས་པས་རྣམ་པར་ཀླུབས། །འབྲུག་གིས་ཁྱབ་པར་གར་གྱི་རེག་པའི་བདེ་བས་རྣམ་པར་བསྤྱིངས། །རྣལ་འབྱོར་གར་གྱི་གོམ་པས་ཕྱོགས་བཅུར་ཁྱབ་ཅིང་གནོན་བྱེད་དོ། །གར་གྱི་མཆོག་ནི་ལྷ་མོ་མ་མ་ཀི་ཉིད་པདྨ་ཡངས་པ་བདེ། །རྡོ་རྗེ་བཅིངས་པས་རྡོ་རྗེ་ལ་ནི་ཙུམ་པ་འཛིན། །དེ་བས་བཅོམ་ལྡན་འདས་རྡོ་རྗེ་ཙུམ་པ་ན་སྟེ་མ་མ་ཀི །ལྷ་མོ་པདྨ་བཀྲམ་པས་འདིར་ནི་མཆོད་པས་ཀུན་ཏུ་ཁྱབ། །བརྟན་བཞིན་མི་གཡོ་རིག་པས་རྫོགས་པས་བདུད་རྩི་ཏིང་ངེ་འཛིན། །བདུད་རྩི་ཐིག་ལེའི་གཟུགས་ནི་དོན་དམ་རྟོགས་པའི་ཏིང་འཛིན་བརྟན། །མཁའ་དབྱིངས་ཟླ་བས་ཁྱབ་པའི་དེ་ཉིད་སྟོང་པའི་རང་བཞིན་བརྒྱན། །རྡོ་རྗེ་སེམས་དོན་བླང་དུ་མེད་པས་ཟབ་མོ་མི་ཟད་དེའི་དབྱིངས། །ལྷ་མོའི་ལྟ་བ་འཁྱིལ་བའི་དཀྱིལ་འཁོར་བསྟན་པའི་སྤྱོད་ཡུལ་བདེ། །བྷ་གར་ལིང་ག་རྣམ་པ་དེ་ཉིད་ཟག་བཅས་བྱང་ཆུབ་སེམས། །ཡེ་ཤེས་ཕུང་པོ་ཟག་མེད་དེས་ནི་སེམས་ཅན་འཁོར་བ་རྣམ་པར་སྦྱོར། །སངས་རྒྱས་རྡོ་རྗེ་འཛིན་པས་ཚངས་པ་བིཁྱི་ལྷ་ཆེན་བཅས། །ནམ་མཁའ་མེ་རླུད་ཆུ་ལ་སོགས་པ་མ་ལུས་ཐམས་ཅད་ནི། ཁམས་སུམ་སྣ་ཚོགས་བཀྲ་ཞིང་གསལ་བ་ཐམས་ཅད་མ་ལུས་པ་ཐམས་ཅད་མ་ལུས་དབྱིངས་སུ་སྡུད། །རྟག་པའི་ཏིང་ངེ་འཛིན་དངོས་གྲུབ་བསྒོམས་པས་ཐམས་ཅད་མ་ལུས་སྦྱོར། །དེ་བཞིན་གཤེགས་དང་བྱང་ཆུབ་ཚངས་པ་ལྷ་ཆེན་དབང་བཅས་པའི་རྣམས། །ཡེ་ཤེས་ཏིང་འཛིན་མཆོད་དེར་ཐམས་ཅད་འདུས་པར་འགྱུར། །སྐྱེས་དང་འཇིག་དང་གཡོ་དང་མི་གཡོ་བའི་གནས་ནི་ཐམས་ཅད་ཀྱང་། །རང་འབྱུང་གཅིག་པུའི་ལྷ་ནི་མུན་པ་ཀུན་དབང་སེལ། །ཐམས་ཅད་མཁྱེན་པའི་རིག་པས་མ་ལུས་ཞི་བྱེད་དབང་དུ་སྡུད། །མེ་ཏོག་སྦྱོར་བས་ཁྱབ་པའི་སྐྱེས་བུ་ཐམས་ཅད་རྒྱས་པར་བྱེད། །སངས་རྒྱས་བྱང་ཆུབ་ཡང་དག་གྲུབ་པས་འབྱིན་པས་རྒྱུ་འབྲས་སྦྱོར། །རང་་བྱུང་ལ༡་ཉིད་རབ་ཏུ་བརྗོད་མེད་དེ་ཕྱིར་རང་འབྱུང་མངོན་སངས་རྒྱས། །རྡོ་རྗེ་འཛིན་པའི་ལུང་གིས་ལྷ་དབང་ཚངས་དང་ཁྱབ་འཇུག་བདེ་བ་ཉན། །གསང་བ་སྦས་པའི་དོན་རྣམས་མི་སྒྲགས་བཤད་དུ་མེད་པས་དབྱིངས། །སྤྲོ་ཐུང་སེམས་ངན་དམ་ཚིག་མེད་པས་ཐམས་ཅད་ཆུད་ཟོས་ཏེ། །སློབ་དཔོན་ཞལ་མི་ལྟ་བ་འདི་བས་བསྙད་པ་དང་གྲུབ་པ་སྤངས། །དཀྱིལ་འཁོར་ཞུགས་དང་དབང་བསྐུར་རྡོ་རྗེ་བསྟན་ཆོས་སློབ་པ་དང་། །ཡངས་པའི་བློ་ལྡན་བསླབ་པའི་བཤད་འདི་ཉན་པ་འདི་ནི་སྣོད་ལྡན་དམ་པ་སྟེ། །རིག་ནས་རིག་དང་རིག་པའི་གཞུང་བཞིན་བྱ། །སློབ་དང་སློབ་དཔོན་ཚད་མས་མངོན་པར་དབང་བསྐུར་ན། །ཕུན་སུམ་ཚོགས་པ་དེས་ནི་ཐམས་ཅད་ཐོབ་ཅིང་འགྲུབ་པ་དམ་པ་ཡིན། །བྱ་བའི་རྡོ་རྗེ་ལ་ནི་དེས་ཀྱང་ཙུབ་པ་དབུས་བྱས་ཏེ། །རྡོ་རྗེ་པདྨར་ལྡན་བྱས་ཏེ། རྡོ་རྗེ་༄༅ མར་ལས་བརྒྱད་ཀྱིས་བསྒྲུབས། །སེར་སྐྱ་མདུང་ཅན་དྲག་མོ་བདུད་འདུལ་བརྒྱད་ཀྱང་དྲན་པར་རྣམ་པར་བསྒོམ། །གསང་སྔགས་བཟླས་བརྗོད་ཏིང་འཛིན་ངེས་པའི་གར་དང་དབྱངས་ཀྱིས་རྣམ་པར་གྲོལ། །འཇིགས་བྱེད་མཆེ་བ་བསྣོལ་བས་གསང་སྔགས་དོན་གྱིས་བརྒྱན། ཁྲ་ཆེན་ཁྲག་དང་བཅས་པས་ཟ་བྱེད་དཔལ་ཆེན་ཁྲག་འཐུང་བདག་ཕྱག་འཚལ་ལོ། །བསྒྲུབ་པ་རྣམས་ལ་ཕན་ཕྱིར་གསང་སྔགས་བཟླས་བརྗོད་རབ་ཏུ་བཤད། །གཉིས་པ་དང་ནི་གསུམ་པ་བདུན་པའི་དོན་ནི་བཞི་བར་འདུས། །བདུན་པ་གསུམ་པར་འདུས་ཏེ་གཉིས་གཉིས་ཚིག་གིས་རབ་ཏུ་སྦྱར། །དེ་དག་ཀུན་ལ་ཕཊ་ཀྱིས་ཁྱབ་པར་རྣམ་པར་བརྒྱན། །དྲུག་པ་བཞིར་འདུས་གཉིས་པ་བདུན་རེ་རེ་ཉིད་མིང་གིས་བསྟན། །བཅུ་གསུམ་རྣམ་པར་རྫོགས་པ་སྦྱར་བའི་མཐའ་སྲུ་ཧྭའི་གསང་སྔགས་འབྱུང་། །དངོས་པོ་རྣམ་པར་སྣང་མཛད་བཞག་སྟེ་རྩ་བའི་སྙིང་པོ་ཧེ་རུ་ཀ །འདི་ནི་གསང་སྔགས་རྒྱལ་པོ་ཡིན་པས་དོན་ཅིག་མ་མ་ཀི །གསང་སྔགས་བཟླས་པ་འདིས་ནི་ཁམས་གསུམ་སྐད་ཅིག་གིས་དབང་དུ་འགྱུར། །ཟ་བྱེད་ཆེན་པོས་འཇིག་རྟེན་མ་ལུས་ཡུད་ཙམ་མངོན་ཟད་བྱས། །འདོད་པ་ཐམས་ཅད་དཔལ་ཆེན་ཁྲག་འཐུང་མཉམ་པར་འབྱུང་། །འདིས་ནི་བཅོམ་ལྡན་འདས་བདུད་རྩི་རྡོ་རྗེ་ཆེན་པོ་དཔལ་ཧེ་རུ་ཀ །བསྒྲུབ་པའི་རྒྱུ་བྱང་ཆུབ་སེམས་བསྟན་པའི་ཧེ་རུ་ཀ་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་བའི་གཟུགས་ཆེན་བཤད་པར་བྱའོ། །རྡོ་རྗེ་ཞལ་གསུམ་ཕྱག་དྲུག་ནག་པོ་འོད་ཟེར་རྣམ་པར་འཕྲོག །གཏུམ་ཆེན་དམར་བའི་སྤྱན་བཟློག་འཕྲེང་བ་རྣམ་པར་འཁྱིལ། །བརྐྱང་བསྐུམ་ཞབས་ཀྱིས་ཚོགས་བདག་མནན་ཏེ་དགྲ་སྟ་ཕྱག་ན་བསྣམ། །བེ་ཅོན་ཞགས་པ་དང་ནི་རྡོ་རྗེ་འཛིན་པས་གཡོན་གྱི་ཕྱག་ནི་སྡིགས་མཛུབ་ཅན། །ལོག་འདྲེན་ཐམས་ཅད་གནོན་པའི་སྡིགས་མཛུབ་དང་ནི་རལ་གྲི་བསྣམས། །རིམ་མ་བརྒྱད་སྒོ་སྐྱོང་དཀྱིལ་འཁོར་ལ་སོགས་རྒྱ་ཆེན་བརྒྱན། །གསང་བའི་པདྨ་འདབ་བརྒྱད་ལ་ལྷ་མོ་བརྒྱད་ཀྱང་འབྱུང་བར་གསལ། །བདུད་རྩི་བདུད་རྩིའི་རང་བཞིན་དོན་ནི་བདུད་རྩི་བདུད་རྩིའི་ཕྱག་རྒྱས་བླང་། །བདག་མེད་གཟུགས་མཆོག་ཆུད་མི་ཟ་བའི་སྒྲུབ་ཐབས་འདི་ནི་མཆོག་འཛིན་བདེ་ཆེན་ཡིན། །ཞལ་གསུམ་ཕྱག་དྲུག་ཡན་ལག་ཕྱག་ཆ་ཐམས་ཅད་འཛིན། །སྣ་ཚོགས་གཟུགས་དང་མཆོག་གཟུགས་མངའ་བ་འདི་ནི་གར་གྱིས་ཐབས་ཆེན་ལྡན། །རྒོད་དང་རྩེ་ལ་སོགས་པ་འབྱུང་བ་ཡང་དག་གསང་སྔགས་རྒྱལ་པོ་བརྗོད་པ་མེད། །རྣམ་སྣང་ཆེན་པོ་ཚོགས་འདི་ཡང་ནི་སྦྱིན་པ་ཡོངས་སུ་རྒྱས་པ་ཆེན་པོར་འགྱུར། །དང་པོར་གཉིས་པ་སྣང་བ་ཐམས་ཅད་སྟོང་པ་ཆེན་པོའི་དབྱིངས་ཀྱིས་ཡང་དག་བསྡུས། །སྟོང་པའི་སྟོང་པས་མིང་གིས་མཐའ་ཡས་འདསཔའིགྲྭཧྭའིཐབསཀྱང་རྣམ་པར་སྦྱངས། །མཆོག་ཏུ་རྣལ་འབྱོར་བདེ་མཆོག་བསྟན་པས་བདུད་རྩི་ཡང་དག་བསྟན། །རྣལ་འབྱོར་བདུད་རྩིའི་བདུད་རྩི་བསྒྲུབ་པས་དེ་ཕྱིར་ཨ་སྐྲོ་ཏ་ནི་ཀུན་ཌ་ལི། །བསྒྲུབ་པ་དེ་ཉིད་ཡུན་མེད་དོན་མེད་དོན་ཆེན་ཐམས་ཅད་དངོས་གྲུབ་འབྱུང་། །མི་བྱ་བའི་སྤྱོད་པ་དངོསལ་མབརྗོད་བསྒོམས་ན་རྡོ་རྗེ་བདུད་རྩི་རྣམ་པར་འཁྱིལ། ཁམས་གསུམ་ཐམས་ཅད་སྤྱོད་དང་མི་སྤྱོད་དེའི་ལག་པའི་མཐིལ་དུའབྱུང་། །དུས་མེད་རྟག་པའི་ཏིང་འཛིན་གནས་པའི་དབྱིངས་དང་བདུད་རྩི་འཁྱིལ། །བདུད་རྩི་དེས་ནི་མཉམ་པར་ལས་རྣམས་ཐམས་ཅད་འགྲུབ་པའི་མཆོག །འདིས་ན་བཅོམ་ལྡན་རྡོ་རྗེའི་རྡོ་རྗེ་བདུད་རྩི་བདེ་ཆེན་ཡིན། །སྲིད་པའི་ཆོས་དང་བུ་དྷའི་རིགས་ཐམས་ཅད་ཀུན་ཀྱང་། དཔལ་བདུད་རྩི་ཆེན་པོའི་རྒྱུད་ལས། བདེ་བ་ཆེན་པོ་བདུད་རྩིའི་འཕྲེངབའི་ཏིང་འཛིན་ལས། ཐམས་ཅད་བདུད་རྩི་འཁྱིལ་བར་མ་གྱུར་པ་གཅིག་ཀྱང་མེད་པས། བདུད་རྩིའི་རྒྱུད་བར་བསྟནཔའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡངབདུད་རྩི་རྒྱུད་མཆོག་འདི་ལས་འབྱུང་བ་ནི། །དཔལ་རོ་ལངས་ཆེན་པོ་བསྒྲུབ་པ་བཤད་པར་བྱ། མར་གྱི་བཅུ་བཞི་ལ་ནི་གཞི་མདོ་དང་ནི་མཚན་ཅིག་ཤིངགཅིག །དྲུངདང་དུར་ཁྲོད་དང་ནིནགས་གསེབརིབོའི་རྩེ་མོ་དག །ཁྱད་པར་དམ་པའི་གནས་མཆོག་གསང་བ་འདི་ཉིད་དུ། །གཅེས་པའི་སྒྲུབ་ཐབས་ཐམས་ཅད་དང་ནི་རོལངས་སྒྲུབ་པ་ལ་སོགས་དང། །མཚན་ནི་སྣ་ཚོགས་རྫོགས་པར་འབྱུང་བ་ནི་སྒོ་རེ་བདུད་རྩི་མཆོག་གི་མཆོག །རྟོགས་པ་ལེགས་པའི་མཚན་ལྡན་རྨད་བྱུང་བ་ནི་ཤི་བའི་རོ། །སུམ་ཅུ་རྩ་གཉིས་མཚན་ལྡན་ཉི་ཤུ་རྩ་ལྔ་ལོན་པའི་བུད་མེད་མཆོག །འབྱུང་བའི་ཚེ་ན་སུ་ཏྲ་བཅས་ཏེ་ཤི་བའི་ཤ་ནི་བསྒྲུབ་པའི་རྒྱུད། །ཉིན་པར་སྨན་དང་སྔགས་ཀྱིས་བཟླས་ཏེ་བཀྲུས་པའི་དྲི་མ་དང་། །ག་པུར་ཙན་དན་ལ་སོགས་བཏགས་པ་འདི་ནི་ཨ་བྱི་ལས་ནི། མེ་ཏོག་འདབ་མ་ལ་སོགས་པ་གཏོར་མ་སྤྱིན་པར་བྱ། ཚིལ་ཆེན་ཁ་རུ་བླུགས་ཤིང་ཉུངས་ཀར་བུད་མེད་དེའི་ལྷོ་རུ་གཏོག་པར་བྱ། ཧེ་རུ་ཀའི་བསྒྲུབ་པ་ཚུལ་བཞིན་དཀྱིལ་འཁོར་དམ་པ་བྲིས། ཟླ་གམ་ཐོད་པ་བྲི་ཞིང་མ་ཊ༷་གཞུ་ནི་ཐོད་པའི་དབང་གི་དབྱིབས་ཐོད་པ་ཁྲག་དང་བཅས་པ་བརྒྱད་ཀྱིས་རིགས་མ་བརྒྱད་འགྲུབ། ཀུན་ཀྱང་ཐོད་ཁྲག་རློན་པ་དང་ནི་རྨུ་རྒོད་རྒྱལ་མཚན་འཛིན། ཁྲོས་པའི་ཞལ་གསུམ་འཇིགས་བྱེད་ཕྱག་དྲུག་གཟུགས་དང་འཇིགས་བྱེད་ཕྱག་ན་རལ་གྲི་བསྣམས། །སྒོ་སྐྱོང་བཞི་དག་དཀྱིལ་འཁོར་ཚུལ་དུ་རབ་ཏུ་བསྙེམས་པས་བརྒྱན། །གླང་ཆེན་སྣ་དང་གླང་སྣ་དང་ནི་གདོངས་བཟངས་གཏེར་གདོང་ཅན། །ཞགས་པ་ལྕགས་ཀྱུ་ལ་སོགས་འཛིན་དང་ཁྲོས་པའི་གཟུགས་དང་འཇིགས་བྱེད་བརྒྱན། །མེ་ཏོག་བདུག་པ་ལ་སོགས་ཞལ་གཅིག་ཕྱག་ཀྱང་གཉིས། རིག་པའི་མཆོག་རྣམས་དཀྱིལ་འཁོར་མཆོད་ཕྱིར་རྣམ་པར་དག་དེ། དོན་རྣམས་ཐམས་ཅད་འགྲུབ་ཕྱིར་གཟུགས་ཆེན་དེ་ལས་མཆོད་པའི་ལྷ་བྱུང་། དུང་ཆེན་འཕྲེང་བས་བརྒྱན་དང་ཐོད་འཕྲེང་སྤྱི་ཚུགས་རྣམ་པར་བརྒྱན། །གཉིས་དོན་བཤད་པ་ཉིད་ཀྱིས་ཤི་བའི་ཡིད་ཀྱང་དངོས་སུ་སྦྱོར། །གསང་སྔགས་ཐམས་ཅད་གཟི་ལྡན་ཀུན་ལ་འཕགས་ཀྱིས་མཚོན་པར་བྱ། །དཀྱིལ་འཁོར་མར་མེ་ལ་སོགས་དང་ནི་ཀུན་ལ་ཕཊ་ཀྱི་རྣམ་པར་བསང་། །དཔལ་ཆེན་ཁྲག་འཐུང་སྔགས་ཀྱིས་བསྙེན་པ་སྔགས་ཀྱི་མཆོག །ཁྲོས་པ་འདེགས་པར་བྱ་བ་འབྲུག་སྒྲ་ལྟ་བུར་རོ་ལངས་སྨྲ་བར་འགྱུར། །འཇིགས་བྱེ་དོན་དུ་ཁྲག་འཐུང་སྨུ་དང་གསང་སྔགས་བཟླས། །རོ་དེ་ལངས་ནས་འགྲུབ་པའི་བཀའ་བཞིན་ཉན་ཅིང་འཇུག་པར་འགྱུར། །དཔའ་བོ་ཆེན་པོ་ཅི་བགྱི་རྡོ་རྗེ་ཅི་བགྱི་སྩོལ་ལས་རྣམས་བགྱིས། ཨ་ཛ་ན་དང་རོ་ལངས་བསྒྲུབ་པ་དང་མི་དགོས་སྐྱེ་མེད་སྤྱོད་པ་རྣམས། བསྒྲུབ་པ་ཅི་འདོད་ཐམས་ཅད་བྱིན་གཅིག་དངོས་གྲུབ་ལས་རྣམས་བྱའོ། །དེ་ནས་བསྒྲུབ་ཅིང་འདོད་པ་ཐམས་ཅད་མྱུར་དུ་གྲུབ་པར་བརྒྱན། །དེ་འདྲའི་བསྒྲུབ་པ་ཐམས་ཅད་མ་མ་ཀིའི་དབྱིངས་སུ་རྫོགས། །རོ་ལངས་ལ་སོགས་རྡོ་རྗེ་བདུད་རྩི་རྣམ་པར་སྤངས། །སྐུ་གསུང་ཐུགས་ཀྱིས་བསྒྲུབ་པ་བདེ་བའི་མཆོག །རི་ཤིན་ཏུ་བསྟན། འདིས་ན་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། དཔལ་རོ་ལངས་སྒྲུབ་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།བཅོམ་ལྡན་འདས་རྡོ་རྗེའི་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་གནས། །རྡོ་རྗེ་པདྨ་ཉམ་སྦྱོར་བས། བདེ་བའི་མཆོག་ནི་ཀུན་ཏུ་གནས། བཤད་ཀུན་ལྟ་སྤྱོད་འགྱོད་དང་རྣལ་འབྱོར་ལ། ཕྱི་ཡི་དཀའ་ཐུབ་མེད་སོགས་རྣམ་པར་གསལ། །ཏིང་འཛིན་མཆོག་དང་ལྡན་ན་ཀུན་འགྲུབ་མ་མ་ཀི་ཡི་འདི་སྐད་ཞུས། །བཅོམ་ལྡན་འདས་ཟབ་མོའི་རྡོ་རྗེ་བྱང་ཆུབ་སེམས་ཀྱིས་སེམས་ཅན་ཀུན་གྱིས་སྙིང་ལ་ཁྱབ། །རྣམ་གྲངས་དེ་ལྟར་བཤད་པའི་ཉེ་བའི་སྒྲུབ་ཐབས་ཀུན་ཀྱང་ཐོབ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་རྡོ་རྗེ་བདུད་རྩི་བདེ་ཆེན་མདོ། །དགའ་བའི་ཡིད་གུས་པའི་གདངས་དང་མིག་མཛེས་པའི་བརྟུལ་ཞུགས་ཀྱིས། །བདུན་དུ་བཤད་པ་དེ་ཉིད་ལས་ནི་བདུད་རྩི་དཀར་པོའི་གཟུགས་ཆེན་འབྱུང་། །རྟག་ཏུ་བདུད་རྩིས་བརྒྱན་ཅིང་རྣམ་པར་ཟ་བྱེད་མ། །གཅིག་པུས་བདག་ཉིད་ཆེན་པོར་འགྱུར་བའི་རྫས་ཡིན་མ་མ་ཀི །དངོས་པོར་སེམས་འདི་བསྒྲུབ་པས་ཡེ་ཤེས་བསྒྲུབ་པའི་མཆོག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་གྲུབ་པའི་ཁྲག་ཆེན་ཡིན། །གཞོན་ནུ་འཇིགས་པའི་དུས་སུ་སྦྱར་བའི་ཁྲག་ཆེན་སེམས་དང་བཅས། །གཅེས་པའི་དངོས་པོ་ཐམས་ཅད་འགྲུབ་པའི་ཁྲག་ཆེན་ཡིན་ནོ་མ་མ་ཀི །དྲག་པོ་ཤི་བའི་ཤ་ནི་རྟག་བཟའ་ཤ་ཆེན་དབང་ལ་ཤིས། །མདུང་གི་གསང་རྨ་བྱུང་ཤི་བའི་ཤ་ནི་དུམ་བུ་དུམ་བུ་བཅད་དེ་བླང་། །དེ་ནི་རྟག་ཟོས་ཟབ་མོ་བསྟན་དང་ཚེ་རིང་ནད་མེད་ཐམས་ཅད་འགྲུབ། །ངེས་པའི་གར་བྱེད་དེ་ནི་སངས་རྒྱས་བྱང་ཆུབ་འགྲུབ་པའི་མཆོག །རྡོ་རྗེ་སེམས་དཔའ་སེམས་དཔའི་ཚེ་དང་འདོད་པ་ཀུན་གྱི་འབྲས་བུ་ཐོབ་པར་འགྱུར། །སྐྱེས་མཆོག་བདག་ཉིད་རྡོ་རྗེ་བདུད་རྩི་ཆུ་ནི་རྟག་བཟའ་འོ། ཁྲ་ཆེན་ཕྱེ་མ་ཞིབ་མོ་དང་ནི་ཁྲག་གིས་སྦྲུའོ། །དགོས་པ་ཚད་མེད་འགྲུབ་དང་རེ་བ་ཀུན་རྫོགས་དེ་ལས་འགྲུབ་པར་འགྱུར། །དུས་གསུམ་རྟག་ཏུ་རྣལ་འབྱོར་པས་རྡོ་རྗེ་ཆུ་བཏུང་སྨན་རྣམས་བཟའ། །ཉིན་ཅིག་བཞིན་དུ་བཟའ་ཞིང་བསྒྲུབ་པ་གྲུབ་མཆོག་མ་མ་ཀི །མི་རྒས་མི་འཆི་ནང་རྣམས་སྦྱོང་བྱེད་མ་ལུས་ཆོམ་ང།་མན་གྱི་ཡོན་ཏན་སྐྱེ། །སྣ་ཚོགས་ནད་རྣམས་དང་ནི་ལུས་སེམས་ཀུན་གྱི་སྒྲིབ་པ་སྦྱོང་། །སྐལ་ལྡན་གང་ཞིག་འདིར་མོས་ལུས་ཀྱང་གཟི་ལྡན་རྒྱལ་པོ་དྲུང་དུ་རྒྱལ་ངར་སྨྲ། །འདོད་པ་ཐམས་ཅད་དེ་བཞིན་འགྲུབ་དང་ཕ་ཛོལ་ལུས་རྣམས་དབང་དུ་འགྱུར། །ཐམས་ཅད་མཁྱེན་པའི་ཚུལ་ནི་སེམས་ཅན་ཀུན་གྱི་རང་བཞིན་རབ་ཏུ་སྦྱོང་། །འདོད་ཆགས་ཞེ་སྡང་ལ་སོགས་རྙེད་དང་ཕྲག་དོག་རྣམ་པར་སྤངས། །དེ་འདྲའི་བསྒྲུབ་པ་གྲུབ་མཆོག་བདུད་རྩི་བདེ་བ་མཆོག་གི་དཔལ། །བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། བདུད་རྩི་རྣམ་ལྔའི་ཡོན་ཏན་དང་། འབྲས་བུ་རྣམ་པ་གསང་བའི་ཡུམ་བཤདཔའི་དོན་ལས། ལེའུ་གསང་བ་བཅུ་གཅིག་པའོ།། །།དེ་ནས་རྒྱུད་ཀྱི་དོན་བསྡུས་ཏེ། ཡུམ་གྱི་དབྱིངས་དང་གསང་བའི་མཁའ་ལས་བསྡུས་ཏེ་གཏད། །དེ་ནས་རྡོ་རྗེའི་རྡོ་རྗེ་བདུད་རྩི་རྒྱུད་མཆོག་འདི་ལས། དོན་ཆེནབསྟན་པའི་རིམ་པར་བཤད་པ། རྡོ་རྗེ་ཐེག་ཆེན་ཡི་གེ་མེད་པའི་དོན་ནི་ལྷ་མོ་མཆོག་ལ་རྫོགས། ཁེན་ཏུ་ཆགས་པའི་སྦྱོར་བ་དེ་ལས་གགས་ཆེན་བཤད་པར་འབྱུང་བར་འགྱུར། །ངེས་པའི་དོན་རྣམས་བཤད་པ་ཡངས་པའི་པདྨ་མ་མ་ཀི །གསང་ཆེན་དམ་པ་འདི་ནི་བདག་ཉིད་ཆེན་པོ་རྟག་ཏུ་གནས། །བྱང་ཆུབ་སེམས་དཔའ་ཡེ་ཤེས་གཟུགས་མཆོག་སྟོང་པའི་ཡི་གེ་མེད། །རྡོ་རྗེ་གཙུག་ན་ནོར་བུ་དང་རིག་པ་ཆེན་པོ་དེ་ཉིད་ཡིན། །སྦས་པའི་གཟུགས་ཆེནལྷ་རྣམས་བསྟན་ཏེ་འདི་ནི་བུ་ལ་ཡང་བཤད་མི་བྱ། ཁྲེན་རུ་གསང་སྦས་བླ་མའི་བཀའ་དང་ལུང་བཞིན་བསྟན་པའི་བཀའ། །དམ་པར་ངེས་པའི་ལུང་འདི་གསང་བར་བྱེད་དེ་གསང་མཆོག་དེ་ལས་འབྱུང་། །རྡོ་རྗེ་བདུད་རྩི་བདེ་ཆེན་པོ་སྒྲུབ་་འི་ཐབས་མཆོག་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐལ་ལྡན་འགྲོ་བ་རྣམས་ལ་ཞི་དང་ཡེ་ཤེས་རྙེད་དེ་འདུས་པར་འགྱུར། །རྡོ་རྗེ་བདུད་རྩིའི་རྒྱུད་འདི་མངོན་པར་དབང་སྒྱུར་བསྒྲུབ་པ་རྣམས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་སོགས་དེ་ལ་མངོན་པར་འདུད། །སྐལ་ཆེན་བླ་མ་ནི་དུས་གསུམ་ཕྱག་བྱ་དད་པས་ཡོན་ཡང་འབུལ། །ཕྱོགས་བཞིའི་སེམས་ཅན་དང་ནི་སྒོ་འབྱེདའོད་ཟེར་གཏོང་། །འདིས་ན་བཅོམ་ལྡན་འདས་རྡོ་རྗེའི་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ཡིན། །དེ་བཞིན་གཤེགས་པ་ཀུན་རྡོ་རྗེ་སྐུ་གསུང་ཐུགས་བདེ་བ་ཆེན་པོའི། རྡོ་རྗེ་བདུད་རྩི་རྒྱུད་འདི་ཐམས་ཅད་འདུས་པས་གོ་བའི་ཡུལ་རྣམས་བདེ། །ཟབ་མོའི་གཟུགས་མཆོག་དེ་ཉིད་དབྱིངས་སུ་སྦས་པས་བརྒྱན་བར་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རབ་ཏུ་གསང་བའི་ཡང་གསུང་བ། གསང་མཆོག་དམ་པའི་རྡོ་རྗེའི་བདུད་རྩི་བདེ་བ་ཆེན་པོའི་རྒྱུད་ལས། རང་བཞིན་གྱི་བདུད་རྩི་བསྡུས་ནས་སྣོད་དང་གཏད་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྫོགས་སོ།། །།རྒྱུད་འདི་པུ་རངས་ཀྱི་ཡུལ་ལྔ་ལིང་གཙུག་ལག་ཁང་དུ། །རྒྱ་གར་གྱི་མཁན་པོ་ནི་ལ་གར་པ་དང་། ཨ་ནན་ཏ་ཤི་གསྟོ་དང་། སུ་ཧ་ན་ཙྭ་ན་དང་། ཞུ་ཆེན་གྱི་ལོ་སྣྲོ་བ་སྐད་སྒྱུར་མཁན་ལང་ཤེས་རབ་རིན་པོ་ཆེས་བསྒྱུར་ཏེ།གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་མྱུ་ལ། བོད་སྐད་དུ། རྡོ་རྗེ་ཕུར་པའི་རྩ་བ། དཔལ་རྡོ་རྗེ་ཁྲོས་བོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །དེ་བཞིན་