Ngb-pt-0707-vol-08-text
Front
Body
རྒྱ་གར་སྐད་དུ། བར་པ་ཏ་མུ་ཏི་རི་ཏི་དཀའ། བ༷་རི་ཐོད་པ་མཁར། བོད་སྐད་དུ། ལྷ་མོ་གནས་མཁར། དཔལ་ཧེ་རུ་ཀ་འབྱུང་བའི་ནང་ནས་འབྱུང་བ། པདྨ་བྷན་དྷ་ལ་སྣོད་གསུམ་དུ་བསྟན་ཏེ། དུས་གསུམ་དང་སྦྱར་རོ། །སྔ་རབས་ནི་ཐལ་ཆེན་དང་ཐོད་པ་སྐམ་པོ་ལ་བྱའོ། །ད་ལྟར་བཞུགས་པ་ནི་བན་དྷ་རློན་པ་ལ་བྱའོ། །སླད་ཀྱིས་འབྱོན་པ་ནི་རུ་ཏྲ་ལ་བྱ་སྟེ། བན་དྷ་སྐྲ་དང་ཤ་ར་ར༷་ཅན་ལ་བྱའོ། །དེ་ལ་སྔ་རབས་འདས་པ་སྣ་ལ་བཤད་དེ། བཅོམ་ལྡན་འདས་དཔལ་ཆེན་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །ལྷ་མོ་གསུམ་པ། ཡུལ་ནི་རྒྱལ་ཀུ་ཀུ་ར་ཙའི་ཡུལ་ལོ། །རི་ནི་མི་རི་མེ་རི་འབར་ཞེས་བྱ། རི་བ༷་རི་བྱའོ། །རི་དེའི་རྩེ་ལ་སྟོན་པ་ནི་དཔལ་ཆེན་པོ་ཤི་ཧེ་རུ་ཀའོ། །འཁོར་ནི་ཀྲོ་དྷི་ཤྭ་རི་དང་། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ་དང་འཕྲ་མེན་མ་བཅུ་དྲུག་དང་། རྒྱ་མཚོ་ཅིག་འཚོགས་པ་ལས། འཁོར་རྒྱ་མཚོ་ཅིག་ལ་བཀའ་སྩལ་པ། དེ་ནས་འཁོར་ཚོགས་རྒྱ་མཚོ་རྣམས་ལ། སྟོན་པས་བཀའ་སྩལ་པ། ཤིན་ཏུ་རྣལ་འབྱོར་ལྷ་ཡི་ལྷ། ཡང་དག་དབང་ཕྱུག་དབང་ཕྱུག་ཆེ། །དེ་བཞིན་གཤེགས་པ་ཐེག་ཆེན་ཆེ། །ཉན་ཐོས་མདོ་སྡེ་བསམ་གཏན་གསུམ། །ཚུལ་དང་་་་་་་་་་སྤྱོད་པ་སོ་སོར་བསྟན། །དེ་བཞིན་སྤྱོད་ལམ་རྣམ་བཞི་ཡང་། །འཇིག་རྟེན་རིམ་པ་སོ་སོར་བསྟན། །ཀྲི་ཡ་ཨུ་པ་ཡོ་ག་གསུམ། །ཚུལ་དང་སྤྱོད་པ་སོ་སོར་བསྟན། །བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། །སྤྱོད་ལམ་རྣམ་བཞི་སོ་སོར་བསྟན། །དེ་ནས་དེ་བཞིན་སྤྱོད་ལམ་བཞི། །འཇིག་རྟེན་ཁམས་ནི་གསལ་བར་བསྟན། །རྒྱུ་དྲུག་གནས་པའི་སེམས་ཅན་རྣམས། །གནས་དང་ཟས་དང་གོས་དང་སྤྱོད། །འདི་བཞི་ཚང་བར་ཡོད་པ་ལས། །ཐམས་ཅད་མཁྱེན་པས་གཟིགས་པ་ཡིན། །བྱོལ་སོང་གཅིག་ལ་གཅིག་གསད་ནས། །དེ་དག་བཟང་བར་འཇིགས་པ་དང་། །འདོད་པའི་ཁམས་ན་གནས་པའི། །དབང་ཕྱུག་ཆེན་པོ་འཁོར་དང་བཅས་པས། །གནས་དང་ཡོ་བྱད་ལས་དང་ཚུལ། །སྤྱོད་ལམ་བཞི་པོ་འདི་བྱེད་དེ། །འདོད་ཁམས་འཇིགས་ཤིང་སྐྱེ་བའི་ལམ། །དངོས་པོ་ལྟ་ལ་ཆགས་ཞིང་འཁོར། །དེ་ནས་སྟོན་པས་འཁོར་རྣམས་ལ། །བཞད་པའི་ཞལ་ནི་འཛུམ་བསྟན་ནས། །གསང་བའི་ལུང་འདི་བཀའ་སྩལ་ཏོ། །ང་ནི་ཐམས་ཅད་མཁྱེན་པ་ཡིས། །སྒྲོད་ལམ་རྣམ་བཞི་འདི་བསྟན་ནོ། །སྐྱེ་ཤི་ལམ་གཉིས་དགག་པར་བྱའོ། །ཐུགས་རྗེ་གཟིགས་ནས་འགྲོ་དོན་དུ། །འགའ་ན་དང་ནི་སྟ་ནའི་གནས། །དེ་ཚེ་དགོས་པ་སྐུའི་བརྒྱན། །ཡོན་ཏན་རྨད་དུ་བསྟན་པ་ཡིན། །གྲི་མུར་ཧ་མ་ཏ་པ་ལ། །བཀྲ་ཤིས་དཔལ་ལྡན་ལྕང་ལོ་ཅན། །པན་ཙི་གུ་ལ་ལྕང་ལོ་ཅན། །བཀྲ་ཤིས་དཔལ་ལྡན་ལྕང་ལོ་ཅན། །དབྱངས་ཀྱི་ནང་ཡང་དཔལ་ལྡན་ལྕང་ལོ་ཅན། །མི་འགྱུར་སྲ་མཁྲེགས་རྡོ་རྗེ་ལྕང་ལོ་ཅན། །མ་ཏ་གངས་དཔལ་ལྡན་ལྕང་ལོ་ཅན། །ཨུ་ཡ་ལ་ལ་དཔལ་ལྡན་ལྕང་ལོ་ཅན། །ཁ་ས་ཁའི་དཔལ་ལྡན་ལྕང་ལོ་ཅན། །མི་ལ་དེ་བྱི་དཔལ་ལྡན་ལྕང་ལོ་ཅན། །ཕན་ཙི་གུ་ལ་ལྕང་ལོ་ཅན། །ཁུ་བ་སུ་མིའི་དཔལ་ལྡན་ལྕང་ལོ་ཅན། །བཀྲ་ཤིས་དོན་འབྱུང་དཔལ་ལྡན་ལྕང་ལོ་ཅན། །བདེ་གཤེགས་མཚན་ལྡན་དཔལ་ལྡན་ལྕང་ལོ་ཅན། །གཉའ་ན་མུར་ཏི་དཔལ་ལྡན་ལྕང་ལོ་ཅན། །གཙུག་ཕུད་དགེ་ཅུག་དཔལ་ལྡན་ལྕང་ལོ་ཅན། །ཡང་དག་དོན་ལྡན་དཔལ་ལྡན་ལྕང་ལོ་ཅན། །ཨ་པི་རུ་ཀ་དཔལ་ལྡན་ལྕང་ལོ་ཅན། །ཕུག་སྐྱིད་ཚེ་རིང་དཔལ་ལྡན་ལྕང་ལོ་ཅན། །གཉིས་མེད་དོན་ཐོབ་དཔལ་ལྡན་ལྕང་ལོ་ཅན། །བུ་ཏྲ་མང་འཕེལ་དཔལ་ལྡན་ལྕང་ལོ་ཅན། །ཀྲོ་ཏ་ཏ་གུ་ལི་དཔལ་ལྡན་ལྕང་ལོ་ཅན། །ཨེ་ཀེ་ཙ་ར་འཛ་ཏི་དཔལ་ལྡན་ལྕང་ལོ་ཅན། །སི་ཏི་པ་ལ་དངོས་གྲུབ་བདེར་གནས་དཔལ་ལྡན་ལྕང་ལོ་ཅན། །གཉིས་མེད་དོན་ཐོབ་དཔལ་ལྡན་ལྕང་ལོ་ཅན། །བུ་ཏྲ་མང་འཕེལ་དཔལ་ལྡན་ལྕང་ལོ་ཅན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་བཞི། །མཆོག་ཏུ་བསྒྲལ་བའི་ནི་ཉི་ཤུ་རྩ་བརྒྱད་དོ། །དེ་རྣམས་བཟང་བ་ཡིན་ནོ། །དེ་ལ་ཡང་ནང་གི་རི་མོ་ངན་པ་བཅུ་དྲུག་ཡོད་དོ། །ངན་པ་ལྔ་སྟེ་ཉི་ཤུ་རྩ་གཅིག་གོ །འདི་ཡན་ཆད་གླེང་གཞི་བསྟན་ཏོ། །འདི་མན་ཆད་ཁུངས་ཀྱི་བྱེ་གྲག་གི་གཏན་ཚིག་དང་། བ༷་གྱི་བཤད་པ་ཀུན་གྱི་བརྡ་དང་། རྒྱ་གར་སྐད་དུ་བསྟན་ཏོ། །ཀེངས་པ་ལ་ཙོ་ལ། ཁྲ་ཁལྭ འདའ་ན། དེ་དང་པོ་རུ་ཚེ་རིང་བ་དང་། ཐུང་བའི་ཁུངས་བསྟན་ཏེ། སྐྱེས་པ་པན་དྷ་ལྕང་ལོ་ཅན་ལ་མཚན་མ་རྣམ་པ་ལྔ་ཚོགས་པ་ཡོད་པ་ནི་སྐྲ་གནག་ཅིང་འཚེར་བའི་ལྕང་ལོ་འཇམ་པ་ནི། ཀེང་ཞེས་བྱའོ། །ཧུ༷་ཞེས་བྱ་སྟེ་སྨིན་མ་གནག་པ་ལ་སྟུག་པའོ། །ཁ་རྣ་བྱ་རྣ་བྱ་སྟེ་རྣ་བ་ཆེ་ལ་རིང་བའོ། །ཙ་ཀྲུ་ཞེས་བྱ་སྟེ་མིག་དཀར་ལ་ཟླུམ་པའོ། །ཁ་བུ་ཞེས་བྱ་སྟེ་མཁུར་ཚོས་རུས་པ་མཐོ་པའོ། །དེ་ལྡན་པའི་བན་དྷ་ནི། པན་ཙ་ཀུ་ལ་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ། སུ་འཆང་བ་དེ་ནི་བཙན་ཞིང་སྐྱིད་པར་འོང་ངོ་། །ཐྲི་མ་དང་ཞེས་བྱ་སྟེ། བོང་ཆེ་ལ་སྐྱེ་སྦོམ་པའི་བན་དྷ་ཅང་ལོ་ཅན་འདི་ནི་བཀྲ་ཤིས་ཤིང་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ། ཕྱུག་བཙན་གོང་མ་དང་འདྲའོ། །བ༷་ལུང་ཞེས་བྱ་སྟེ། ལྷག་པའི་རུས་མདུད་འབུར་འབུར་པོར་འཇུག་པ་ལ། ལུས་ལོགས་སུ་ཉེ་བར་འདུག་ལ། ཉེ་ན་རྒྱབ་ཏུ་ཉེ་སྟེ། བན་དྷ་འདུ་སུ་འཆང་བ་ཕྱུག་བཙན་པར་འོང་། མ་ཧྭ་བ་ལ་བཀྲ་ཤིས་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ་བཀྲེས་སོ། །པ་ལ་དཔྱད་ཅེས་བྱ་སྟེ་མཆོག་མའི་རུས་པ་འབུར་འབུར་འདུག །ཟུར་ཟུར་པོར་འདུག་པའི་བན་དྷ་འདི་དགྲ་བསད་ན། ན་ཤ་སྟམ་པ་ཡ་ཞེས་བྱ་སྟེ། སུ་འཆང་བ་མཐུ་ཆེ་སྟེ་ཁྲོ་བོ་བསྒྲུབ་པར་བཟང་ངོ་། །ཁ་རྣ་ཧ་ར་ཞེས་བྱ་སྟེ་རྣ་བའི་རྒྱུད་འཛིན་པའི་སྐྲ་དང་མཉམ་པ་རྣ་བའི་འཇུག་མས་ཁའི་ཐད་ཁར་ཕྱིན་པའི་བན་དྷ་ནི་ཚེ་རིང་ཕྱུག་པར་འོང་ངོ། །ར་སྨི་འབུ་ཞེས་བྱ་སྟེ། ཧྲི་ལ་ཕར་ཏེ་རྣ་བའི་ནང་ནས་སྤུ་རིང་པོ་ཡོད་པ་སྐྱེས་པའི་བན་དྷ་དེ་ནི་སདང་པོ་ནོན་པར་བྱེད་པའི་དང་། སྲིད་པ་ལ་དབང་བྱེད་པའི་བདག་པོསྟེ། བཀྲ་ཤིས་དཔལ་ལྡན་མཚན་ལྡན་ལྕངལོ་ཅནཞེས་བྱ་སྟེབཟང་ངོ་། །རྣབའིདྲུངནས་མཁུར་ཚོས་ཀྱིབར་དུ་རུས་རྒྱུད་མ་ཆད་པར་འབུར་འབུར་བྲེང་ངེ་འདུག་ན་བཟང་ངོ། །ཧུ༷ རི་པ་ཞེས་བྱ་སྟེ་སབཅུ་བདུན་ནོན་ཅིང་དབང་རྫོགས་པར་བྱེད་པའི་བན་དྷ་སྟེ་བཟངངོ། །ཏ་ཐུ་ཀྟཏ་ན་བན་དྷ་ཞེསབྱ་སྟེསོ་སུམཅུཡོད་པ་ལྕེ་རིང་བའིབན་དྷ་དེ་ནི། ས་མ་ཡའི་དམ་ཚིག་སྐོངས་པ་ཡིན་པས་དེ་བཞིན་གཤེགས་པའི་སྒྲུབ་པའི་བན་དྷ་ཡིན་ཏེ། བདེ་གཤེགས་སྒྲུབ་བྱེད་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ་བཟང། གཉའ་ན་ཞེསབྱ་སྟེཡེ་ཤེས་འབྱུང་བྱེད་རྫུ་འཕྲུལ་ཅན་ཞེས་ཏེ་ཡེ་ཤེས་འབྱུང་བྱེད་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ་བཟང་ངོ། །མུར་སྟི་འདུ་ཧི་ཞེས་བྱ་སྟེསྤྱིབོགཙུག་དྲང་པོར་གཉིསསྒྲིལ་མརབྱུང་བ་དེནི །རྒེ་གཙུག་ཀླུགཙུགསྟེ་ཀླུཡིན་པསཀླུ་སྒྲུབ་པར་བཟང་ངོ། །བཀྲ་ཤིས་ཕུད་ཡུལ་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ་བཟང་། བ་ར་ཧ་ཞེས་བྱ་སྟེ་སྤྱི་བོ་གཙུག་ཡོན་ནབར་ཆད་ཡོང་སྟེངན་ནོ། །བ་ལི་རྨ་ཞེས་ལྷག་པའི་རུས་པ་ཙོག་ཙོག་པོའིའོག་གནས་གཉའ་བ་ཤུར་པོ་གཉིས་ཡོད་ན། གཡའ་ཆུ་བ་བྲེང་བྲེང་འདུག་པ་ལ་སྲིད་པ་དབང་བྱེད་པའི་བན་དྷ་ཡིན་ཏེ། བཙན་ཞིང་ཀུན་ལ་དབང་བྱེད་པའི་བན་དྷལྕངལོ་ཀུན་ལ་དབང་བྱེད་བན་དྷ་ལྕང་ལོ་ཅན་ཞེས་བྱ་སྟེ་བཟང་ངོ། །ཨ་རུ་ཀ་ཞེས་བྱ་སྟེ་ལྟག་པའི་སྐྲུ་དྲང་པོ་བྱི་གཞུག་གམ། སྐྱེག་འཇུག་ལྟར་འདུག་པའི་བན་དྷ་ནི་བློ་རྣོ་བ་ཐོས་པ་འཛིན་པ་འགྲུབ་པ་ཡིན་པས་ལས་རྣམས་འགྲུབ་བྱེད་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ་བཟང་ངོ་། །ཀེ་ས་སྨི་ལི་འབར་ཞེས་བྱ་སྟེ་སྐྲ་ལི་བ་ནི་གྱེན་དུ་འཁྱིལ་བ་ནི་ཡེ་ཤེས་ལྔའི་དངོས་གྲུབ་ཐོབ་སྟེ་བཟང་། ཤི་ཁྲ་དང་ཞེས་བྱ་སྟེ། ཀུན་དྷ་ལི་ཞེས་ཀྱང་ཟེར་ཏེ། སྐྲ་གཡས་གྱེན་དུ་འཁྱིལ་བའི་བན་དྷ་ནི། ཁྲོ་བོ་འཁྱིལ་པ་སྟེ། ལས་དྲག་པོ་ཐམས་ཅད་འགྲུབ་པ་སྟེ་བཟང་ངོ་། ་་་་་ངག་དོན་ལྡན་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ་བཟང་ངོ་། །སྦྲ་མི་ཨེ་ཀ་བི་ར་ཞེས་བྱ་སྟེ། སྨིན་མའི་བར་ན་སྤུ་རིང་བ་ཅིག་སྐྱེས་པའི་བན་དྷ་དེ་ནི་ཚེ་རིང་དཔལ་ཆེན་ཕྱུག་པོར་འགྱུར་པ་དེ་འདོད་པའི་དོན་འགྲུབ་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ་བཟང་ངོ་། །དཔྲལ་བའི་དབྱེས་ན་འཛེར་པ་ཡོད་པའི་བན་དྷ་དེ་ནི། མི་མང་པོར་འགྱུར་ཏེ་ས་གཅིག་ནོན་པར་བཟང་རབ་བོ། །བ་ཏ་རོ་ཀེ་ཞེས་བྱ་སྟེ་དངོས་གྲུབ་བདེ་གནས་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ། བི་དྷ་དྷ་རི་ཙཀྱུ་ཞེས་བྱ་སྟེ་མིག་གཉིས་ཀྱི་བར་ཚོན་གང་ཡོད་པའི་བན་དྷ་དེ་ནི་བན་དྷའི་རྒྱལ་པོ་སྟེ། འགྲོ་བ་མང་པོའི་དོན་བྱེད་ནུས་པའི་ཅོང་ཅིང་ཡང་སྟོན་པས་གཉིས་མེད་དོན་ཐོབས་དཔལ་ལྡན་ལྕང་ལོ་ཅན་ཞེས་བྱ་སྟེ་བཟང་ངོ་། །སྐྲ་རིང་ཐུང་ཅན་ངན། མཆེ་བ་རྣོ་བ་ངན། སོ་རིང་ཞིང་ཐགས་ངན་པ་ངན། སྨིན་མ་ལོག་པ་ངན། ནང་གི་མདོག་ཀྱང་ལྔ་སྟེ། དཀར་པོ། སེར་པོ། དམར་པོ། ལྗང་ཀུ། དུམ་བུའི་གྲངས་ལ། གཅིག་པ། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། ནང་ལ་བྱ་རོག་རྗེས། སུམ་རྗེས་ནས་ཤོང་བ། སྲན་ཆུང་ཡུངས་ཀར་ཤོང་བ། སྲེག་པའི་རྗེས་བྱི་བའི་སོ་བོང་འཛིན་འདྲ་བ། ཏི་སྟེ་ཁུང་འདྲ་བ། ཕྱིང་པ་ལ་དུད་པས་བདུགས་པ་འདྲ་བ་དུད་པའི་མདོག །ཁབ་ལྕགས་རྣ་བ་ལྷན་པ་ནང་ཐག་ཐུང་ཅན་བམ་གྱི་རི་བོ་བཤད་པ་ལ་བརྡ་དང་། རྒྱ་གར་སྐད་འདི་ནས་མར། ཀརྨ་ཀ་ཙ་ཀྲུ་ཀ་ལ་མཐའ་་། མི་སྲི་ཁ་ཧུ༷་ཤི་མུར་ཏི། ཁེངས་པ་ལ་ཏི། ཚོངས་པ་སྟེ། ན་ཧོངས། འཛིན་ཛི་ཧ། ཏན་ཏ། གྲི་བ། བྲི་ཤ། ཁར་བྱེ་ལ། སུ་སུ་རུ་ཤ། བེ་ལ། སུ་ཤ །ན་ར་ཧ། ཚ་ར་མ་བ༷་རི་ཨ་ཀ །དབང་བ་རེ། བྲི་ཏུ་ཨ་གུང་། ཏི་རི་ས་ཏར། མ་ཏེ་མ། ཨ་ན་མོ། ཨི་ན་དེ། ཨུ་ཏ་རབ་དེ། བཛྲ་ག་ན། ས་ར་ས་ར་ཏ་ནེ། ཙིད་ཏ། ཧིད་དེ། ཨ་ཏ་རེ། ན་ག་ཙིསྟ།ཤོ་ག་པིར་པ་ཏ། ཨ་བཛེ་ན། གོ་རོ་ཙ་ན། ཨ་ཧྭས་ཏི། དེ་ནས་ཁྲོ་རྒྱལ་འཁ་ར་བཅས་ཀྱིས། །པདྨ་བན་དྷ་བཤད་པར་གསོལ། །དཔལ་ཆེན་པོས་བཀའ་སྩལ་པ། ཁྲོ་རྒྱལ་འཁོར་བཅས་ཁྱེད་ཉོན་ཅིག །དཔལ་དང་ལྡན་པའི་སྣོད་བརྟག་པ། །སྲུབས་གཅིག་པ་དང་སྲུབས་གཉིས་པ། །དུམ་བུ་བཞི་པ་ཡེ་ཤེས་འགྲུབ། །ལྔ་པས་བསམ་པ་ཐམས་ཅད་འགྲུབ། །མང་ན་ཐོད་པ་གང་བ་དག །བན་དྷ་དཔལ་དང་ལྡན་པ་ནི། །མ་གས་མ་ཆག་ཁྱད་པར་ཅན། །རྣམ་དག་ཆོས་ཉིད་སྣོད་ཀྱང་ཡིན། །མཁྱེན་རབ་ཡེ་ཤེས་དབྱིངས་ཀྱང་ཡིན། །ཆགས་པས་རཀྟ་དབྱིངས་ཀྱང་ཡིན། །དེ་དག་མ་ལུས་ཀུན་ཀྱང་ཡིན། །སྐུ་རྒྱན་རྫོགས་པའི་བན་དྷ་སྟེ། །ཆེ་བ་དོན་གྱི་བན་དྷ་སྟེ། །སྒྲུབ་པ་ལས་ཀྱི་བན་དྷ་སྟེ། །མཚན་མ་རྟགས་ཀྱི་བན་དྷ་དང་། །འབྲས་བུ་འོག་མིན་བན་དྷ་དང་། །བདེ་གཤེགས་གདུང་ཅན་བན་དྷ་དང་། །དེ་ལ་དཔལ་ལྡན་བན་དྷའི་དོན་ལྔས་བཤད་ནས་བསྟན་ཏོ། །ཐུགས་རྗེ་བྱམས་པ་ཆེན་པའི་དཔལ་དང་། །ལྟུང་བ་མི་མངའ་བའི་དཔལ་དང་། །ཡོན་ཏན་རྫོགས་པའི་དཔལ་དང་འཁོར་བའི་འདོད་པ་ཆེན་པོ་ལས་སྒྲོལ་བའི་དཔལ་དང་ལྡན་པའི་སྣོད་གཞག་པར་བྱའོ། །དེ་ལྟར་དཔལ་དང་ལྕང་ལོ་ཅན་ལ་དོན་བདུན་ནོ། །གཞག་པ་ལ་ཡང་། མི་གཡོ་བའི་ཆོས་ཉིད་དང་། མེ་འགྱུར་བའི་བདུད་རྩི་གཉིས་སོ། །སྣོད་ལ་དོན་བཞིས་བསྟན་ཏེ། རྟོགས་པ་གཞོམ་པས་ཐེ་ཚོམ་གྱི་མཚན་མ་བཅད་པ་དང་། །དོན་རྟོགས་ནས་དོན་གྲུབ་པ་དང་། ཡིན་ངེས་པ་དང་། དེ་ལྷ་བུ་ཡིན་པས་སྔགས་པའི་སྣོད་དུ་དཔལ་ཆེན་པོས་བྱིན་གྱིས་བརླབས་པ་ཡིན་ནོ། །རུས་སྦལ། བྲམ་ཟེ། རྒྱལ་རིགས། རྗེ་རིགས།དམངས་རིགས། འདི་རྣམས་བྱིན་གྱིས་བརླབས་པ་ཡང་དོན་བཞིས་བསྟན་ཏེ། དཔལ་ཆེན་པོའི་ར་ས་མ་ཏིའི་དགོངས་པས་བྱིན་གྱིས་བརླབས་པ་དང་། བཅིང་བ་ལག་གིས་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང་།གསང་བལིསྔགས་ཀྱི་ཡི་གེའི་འབྲས་བུས་བྱིན་གྱིས་བརླབས་དང་། ཁྲོ་བོ་དང་། ཁྲོ་མོ་དང་། འཕྲ་མེན་མ་ལ་དབང་བསྐུར་བའི་བྱིན་གྱིས་བརླབས་པ་དང་ངོ་། །དེའི་སྔགས་ཨ་མྲི་ཏ་ལ་བསྔགས་ཏེ་བན་དྷ་ལ་གཏོར་རོ། །ཕུར་བུ་ལ་བསྔགས་ཏེ་ཁ་འམ་རྣ་བའི་བུ་གར་གདབ་བོ། །ཨུད་དར་ཡ་མ་དི་རངས་གན། ཕྲ་མི་ད་ར་དང་། ཧ་ར་ཕཊ་སྲུ་ཧྭ། ལན་ཉི་ཤུ་རྩ་གཅིག་བར་དུ་བཟླས་ཏེ། བན་དྷ་སྐམ་པོ་སྔར་བཟླས་པ་ཡིན་པས་མདུན་དྲང་པོར་བསྐུར། བན་དྷ་ལོ་གཉིས་ལོན་པ་ལྕང་ལོ་ཅན་ད་ལྟར་བཞུགས་པ་ཡིན་པས་བདག་གི་གཡས་སུ་བསྒྱུར་རོ། །བུ་ཆུང་སྐད་བྱུང་བ་བུ་ཏྲ་ཁུ་ཤོམུ། ལོ་ལྔ་མན་ཆད་ཐོད་པ་སྐྲ་རིངས་ཆགས་པ་མན་ཆད་སླད་ཀྱིས་འབྱོན་པ་ཡིན་པས་ལྷག་པ་དང་རྒྱབ་ཏུ་བསྒྱུར་རོ། །དེ་ཡང་གོང་དུ་བསྒྲུབས་པའི་ཐབས་དམ་ཚིག་གི་རྫས་དང་། གསང་བའི་མིག་དང་། སྐྱོན་དང་། ཡོན་ཏན་དང་། གསང་བ་ཡིད་ཆེས་པའི་མན་ངག་བཞིས་བསྟན་ཏོ། །དེ་ཡང་གང་ཞེ་ན། ཡང་ཉིད་ཀྱི་ལུས་སྒྱུ་མའི་མཚན་ཉིད་དུ་ཡིད་ཆེས་པ་དང་། གང་བརྗོད་པ་ལས་འདས་པར་ཡིད་ཆེས་པ་དང་། སེམས་ཡེ་ནས་མ་སྐྱེས་པར་ཡིད་ཆེས་པ་དང་། བསྒྲུབས་རྫས་དོན་བན་དྷ་གཉིས་ཀྱང་བརྟགས་པ་དང་། བརྗོད་པ་ལས་འདས་པར་ལུང་གིས་ཡིད་ཆེས་པའོ། །དེ་ལྟར་མ་གྱུར་ན་སྐྱོན་བཞི་ལ། རང་གི་མཚན་ཉིད་དབང་དུ་མ་གྱུར་པ་དང་། དམ་རྫས་མཚན་ཉིད་བྱིན་གྱིས་མ་རློབས་པ་དང་། སྒྲུབ་པའི་ལུང་ངེས་པར་མ་ཐོབ་པ་དང་། སྒྲུབས་པ་ཆེན་པོའི་དབང་དམ་པའི་དྲོད་ཚད་མ་ཐོབ་པ་རྣམས་ཀྱིས་ཐས་ཟླས་དང་། ཐུགས་ཐུབ་དང་། རང་བྱན་དུ་ངར་ཙམ་ལ་བརྟེན་ནས་བྱས་ན།་བདག་ཉིད་དུས་མེན་པར་འཆི་ཞིང་། གློ་བུར་གྱི་བག་ཆགས་མང་ཞིང་། ངན་སོང་དང་ཡི་དགས་ཀྱི་གནས་སུ་་གྱུར་ཞིང་། ལྟུང་བའི་གནས་སུ་སྐྱེའོ། །དོན་ཡིད་ཆེས་པ་བཞི། བྱིན་གྱིས་བརླབང།་པ་བཞི། སྐྱོན་གྱིས་བར་ཆད་འབྱུང་བ་བཞི་སྟེ་བཅུ་གཉིས་ཀྱི་བྱིན་གྱིས་བརླབས་པ་བསྟན་ཏོ། །དེ་ལ་བན་དྷ་ཅང་ལོ་ཅན་གྱི་གནས་ནི། བརྟུལ་ཞུགས་ཁྲོས་པའི་གནས་ཡིན་ནོ། །སྣ་ཚོགས་སུ་ལྡན་པ་བརྟུལ་ཞུགས་ཀྱས་གནས་པས་ཡིན་ལ། ལྕང་ལོ་ཅན་གྱི་ཕོ་བྲང་གི་གནས་ཀྱང་ཡིན་ནོ། །དེ་ལ་བ༷་གྱི་རི་བོ་བཤད་པའི་གནས་ལུས་ལ་རུས་པའི་དུམ་བུ་དགུ་བརྒྱ་རྩ་དྲུག་ཡོད་དོ། ཁྲའི་ཉ་མགོ་ལྔ་བརྒྱས་འགའི་བརྡུས་སོ། །དོན་སྙིང་ལྔ་ནི། གླ་སྙིང་།།མཁལ་མ། མཆིན་པ། མཚེར་པ། མཁྲིས་པའོ། །ནང་ཁྲོལ་རྣམ་པ་དྲུག་ནི། ཕོ་བ། གྲོད་པ། རྒྱུ་མ། གཉའ་མ། ལོང་ཀ། སུལ་མང་དྲུག་གོ །དེ་ལ་དང་པོ་མིག་ཆགས་དེ་ནས་ལྟེ་བ་ལ་བསྡུས་སོ། །དེ་དག་ཀུད་འཇུག་ཤུན་པས་བསྡུས་སོ། ཁུན་པས་གཡོགས་ནས་བསྡུས་པ་སྟེ། དེ་བཤད་པར་བཀའ་སྩལ་ཏོ། །པདྨ་བན་དྷ་ལ་དོན་རྣམ་པ་བཞིས་སྟོན་ཏེ། མེ་ཏོག་པདྨ་དང་། དཀྱིལ་འཁོར་པདྨ་དང་། ནང་ཡུམ་གྱི་པདྨ་དང་། གསང་བ་པདྨ་བན་དྷ་ལྕང་ལོ་ཅན་ནོ། །པདྨའི་དབུས་ཟླུམ་པ་ལ་མཐའ་རྒྱས་པ་ལ་བྱའོ། །བན་དྷ་ནི་ལྕང་ལོ་ལ་བྱའོ། །པདྨ་ནི་ནང་གི་སྣོད་ལ་བྱའོ། །བན་དྷ་ནི་ཕྱིའི་ཡུལ་ལྕང་ལོ་ཅན་ལ་བྱའོ། །ལྷ་མོ་གནས་མཁར་གྱི་ལེའུ་རྫོགས་སཧོ།། །། རྒྱ་གར་སྐད་དུ། བཛྲ་བྷ་ར་ཧི་ཀུ་ཀུ་པ་ར་གུ་ཧ་ཏན་ཏྲ་ར་ཙ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕག་མོ་བྲམ་ཟེ་ལྕམ་དྲལ་གསང་བ་རྒྱུད་ཀྱི་རྒྱལ་པོ། ཕོ་ཐེམས་མོ་ཐེམས་ཞེས་བྱ་བ།