Ngb-pt-0705-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

གསུམ་སྒྲོལ་བའི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་གསང་བ་ཆེན་པོའི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་གུ་རྒྱ་ཀརྨ་ཏན་ཏྲ། བོད་སྐད་དུ། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེས་ཆོས་ཐམས་ཅད་སྐྱེ༷ ་འཇིག་མེད་པའི་སྐུར་ཕྱུང་སྟེ། ཉིད་ཀྱི་འཁོར་སྐྱེ་འཇིག་མེད་པ། རྟོག་པ་ཐམས་ཅད་འཇོམས་པའི་སྐུར་གྱུར་པའི་ཕྱིར། རང་ཉིད་མི་སྣང་བར་བྱས་ནས། ་ར།་མཁའ་ལས་སྒྲ་འདི་ཕྱུང་ངོ་། །ཨ་ཨུ། ཨེ་ཨོ། ཨོ་ཨོ། སྐྱེ་མེད་ཆོ་འཕྲུལ་དྲག་པོའི་སྐུས། །ནམ་མཁའི་ཁམས་ཀུན་གང་བར་འགྱུར། །ཞེས་པའི་སྒྲ་ཕྱུང་ངོ་། །ཉིད་ཀྱི་སྐུ་དཔལ་རྡོ་རྗེ་ཀུན་ཏུ་བཟང་པོའི་སྐུ་དང་། དཔལ་རིགས་ལྔ་ཧེ་རུ་ཀའི་སྐུ་དང་། དཔལ་རྡོ་རྗེ་གཞོན་ནུའི་སྐུ་དང་། ཡེ་ཤེས་རིག་པའི་སྐུ་དང་། གཏི་མུག་འཇོམས་པའི་སྐུ་དང་། ཞེ་སྡང་འཇོམས་པའི་སྐུ་དང་། ང་རྒྱལ་འཇོམས་པའི་སྐུ་དང་། འདོད་ཆགས་འཇོམས་པའི་སྐུ་དང་། ཕྲག་དོག་འཇོམས་པའི་སྐུ་དང་། གཟུགས་འཇོམས་པའི་སྐུ་དང་། ཚོར་བ་འཇོམས་པའི་སྐུ་དང་། འདུ་ཤེས་འཇོམས་པའི་སྐུ་དང་། འདུ་བྱེད་འཇོམས་པའི་སྐུ་དང་། རྣམ་པར་ཤེས་པ་འཇོམས་པའི་སྐུ་དང་། འཛིན་བྱེད་ཆེན་མོ་གཏི་མུག་འཛིན་པ་དང་། ཞེ་སྡང་འཛིན་པ་དང་། ང་རྒྱལ་འཛིན་པ་དང་། འདོད་ཆགས་འཛིན་པ་དང་། ཕྲག་དོག་འཛིན་པ་དང་། གཟུགས་འཛིན་པ་དང་། ཚོར་བ་འཛིན་པ་དང་། འདུ་ཤེས་འཛིན་པ་དང་། རྣམ་པར་ཤེས་པ་འཛིན་པའི་སྐུ་དང་། ཁྲོ་བོ་ཆེན་པོ་བཅུ་དང་། ཁྲོ་མོ་ཆེན་མོ་བཅུས། ཕྱོགས་བཅུའི་འཇིག་རྟེན་གཏམས་ནས་བཞུགས་སོ། །དེ་ལས་སྤྲུལ་པའི་སྐུ་གྲངས་མེད་པ་ཡང་བྱུང་བར་གྱུར་ཏོ། །དེ་ལ་རྡོ་རྗེ་ཀུན་ཏུ་བཟང་པོས་བསྒོ་བ། ཀྱེ་སྐྱེ་བ་མེད་པས་རྡོ་རྗེ་ལ། །འཇིག་པ་མེད་པའི་གཤོན་ནུའི་སྐུ། །འགྱུར་བ་མེད་པས་མཐིང་ནག་མདོག །ཐམས་ཅད་དབང་སྡུད་རྒྱས་འདེབས་འཁྲིལ། །གཡས་པ་ཐེག་དགུ་རྫོགས་རྟགས་ཀྱི་།། །དོན་མཚོན་ཉོན་མོངས་དགུ་ནི་འཇོམས་པར་མཛད། །གཡོན་པ་མེ་དཔུང་འབར་བ་ཡིས། ཁམས་གསུམ་བུད་ཤིང་བསྲེག་པར་མཛད། །བར་མ་རྩེ་ལྔ་རྩེ་གསུམ་གྱིས། །འཕབས་མཆོད་དུག་གསུམ་རྩད་ནས་གཅོད། །ཐ་གཉིས་བསྣམས་པའི་ཕྱག་མཚན་གྱིས། །མཚན་ཆེན་རི་རབ་ཕུར་བུ་དེས། །སྔོན་པོ་ལྕགས་ཀྱི་ཕུར་པ་བསྣམས། །སྟོང་གསུམ་འཇིག་རྟེན་ཁམས་འདི་ནི། །རྡོ་རྗེ་རི་རབ་ཕུར་བུ་འདྲིལ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པའི། །ཁྲོ་བོ་བཅུའི་སྐུར་བཞུགས་པ་ལ། །སྐུ་སྨད་ལྕགས་ཀྱི་ཕུར་གསུམ་བསྣམས། །འོག་ནི་རྡོ་རྗེ་གཏན་ནས་བླངས། །དཀར་ནག་མཚམས་སུ་བཏབ་པ་ཡིས། ཁམས་གསུམ་སྡུག་བསྔལ་རྩད་ནས་གཅོད། །རྣམ་པའི་མཐུ་དང་རྫུ་འཕྲུལ་འཕྲོག །ཧུ༷་གིས་ཐུགས་ཀྱི་དབྱིངས་ནས་བསྡུས། །ཕྱོགས་བཅུ་ཁྲོ་རྒྱལ་སྲས་སུ་བསྐྱེད། །ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི། །སྲས་ཏེ་རྡོ་རྗེ་གཞོན་ནུའི་སྐུ། །ཁམས་གསུམ་སྒྲོལ་བའི་ལས་མཛད་ཅིག །དེ་ནས་དཔལ་རྡོ༷ ་རྗེ་གཤོན་ནུ་དེས། །རང་གི་དཀྱིལ་འཁོར་ཐམས་ཅད་འོད་ཟེར་སྤྲོས། །སླར་ཧུ༷་གིས་བསྡུས་ནས། ཉིད་ཀྱི་སྐུ་གསུང་ཐུགས་ལ་འཐིམ་པར་མཛད་དོ། །དེ་ཉིད་ཀྱི་དུས་གསུམ་གྱི་སངས་རྒྱས་ཀྱི་ཆེ་བ་བསྡུ་བའི་ཕྱིར། ཨཱོཾ་ཨ༷་ཧུ༷་བཞི་གནས་བཞིར་བཀོད། དེ་ནས་སྤ་ར་ན་ཕཊ་ཅེས་འབྲུ་བཞི་སྤྲོས་ནས། ཆོས་ཀྱི་དབྱིངས་ན་བཞུགས་པ་ཡིས། །ལྷུན་གྱིས་གྲུབ་པའི་སངས་རྒྱས་ལ། །སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ་ནས། སླར་ས༷་ཧ་རཏྣ་ཧུ༷་གིས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་བ༷དག་གིས་གནས་དབྱིག་བསྡུས་ནས། དེ་ནས་དོན་མཛད་པར་དགོངས། ཡབ་ཡུམ་གཉིས་སུ༷་མེད་པ་ལས། ཐུགས་རྗེ་ཡེ་ཤེས་ཀྱི་སྲས། འཇོ་མས་བྱེད་དང་། འཛིན་བྱེད་ཀྱི་ཚོགས་ཐམས་ཅད་སྤྲོས་པ་ནི། འདི་ལྟ་སྟེ། ཨོ་བཛྲ་ཀྲོ་དྷ་ཧུ༷་ཧུ༷། ཀར་གར་རྫ་གར་རྫ་ཧུ༷་ཕཊ། ཅེས་བརྗོད་པ༷ས་སྟེང་གི་ཕྱོགས་སུ་སྤྲོས། ཨཱོཾ་བཛྲ་ཀྲོ་དྷ་ཧུ༷ །བི་ཛ་ཡ་ཧ་ན་ཧ་༷ན་ཧུ༷་ཕཊ། ཤར་དུ་བརྗོད། ཨཱོཾ་བཛྲ་ཀྲོ་དྷ་ཧུ༷། ཡ་མན་ཏ་ཀ་པ་ཙ་ཧུ༷་ཕཊ། ལྷོའི་ཕྱོགས་སུ་སྤྲུལ་པས། སྲིད་པའི་ཆོས་འཇོམས་བྱེད་ཆེན་པོ་ལྷོ་རུ་བརྗོད། ཨཱོཾ་བཛྲ་ཀྲོ་དྷ་ཧུ༷། ཧ་ཡ་སྒྲི་བ་ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ནུབ་ཏུ་འོ། །ཨཱོཾ་བཛྲ་ཀྲོ་དྷ་ཧུ༷། ཨ་མྲི་ཏ་ཀུན་ཌ་ལི་ཚིན་དྷ་ཚིན་དྷ་ཧུ༷་ཕཊ། བྱང་དུའོ། །ཨཱོཾ༷་ཀྲོ་དྷ་ཧུ༷། ནི་ལ་དན་ཌ་ད་ཧ་ད་ཧ་ཧུ༷་ཕཊ། ཤར་ལྷོར་རོ།༷།བཛྲ་ཀྲོ་དྷ་ཧུ༷། ཨརུ་ཨ་ཙ་ལ་བྷན་དྷ་བན་དྷ་ཧུ༷་ཕཊ། ལྷོ་ནུབ་ཏུའོ། །ཨཱོཾ་བཛྲ་་ཀྲོ་དྷ་ཧུ༷། ཨ་པ་ར་ཛི་ཏ་སྟིཛི་སྟིཛི་ཧུ༷་ཕཊ། ནུབ་བྱང་དུའོ། །ཨཱོཾ་བཛྲ་ཀྲོ་དྷ་ཧུ༷། ཏྲེ་ལོ་ཀྱ་བི་ཛ་ཡ་དྷིན་དྷ་སྟིན་དྷ་ཧུ༷་ཕཊ། བྱང་ཤར་དུའོ། །ཨོ་བཛྲ་ཀྲོ་དྷ་ཧུ༷། མ་ཧྭ་བ་ལ་ཕོ་ཏ་ཕོ་ཏ་ཧུ༷་ཕཊ། འོག་གི་ཕྱོགས་སུ་སྤྲོས། ཕྱོགས་བཅུར་སྤྲོས་པས་སྲིད་པའི་ཆོས་འཇོམས་བྱེད་ཆེན་པོ་ཁྲོ་བོ་བཅུ་དང་།རྟོགས་བྱེད་ཆེན་མོ་བཅུས། ཕྱོགས་བཅུ་རུ་སྐུ་མདོག་དང་ཕྱག་མཚན་དུ་ཆས་ནས། འདུལ་བའི་གདན་གྱི་སྟེང་འཐོན་ཏེ་བཞུགས་པ་ནི། འདི་ལྟ་སྟེ། སྟེང་གི་ཕྱོགས་ན་ཁྲོ་བོ་ཆེན་པོ་ཧུ༷་ཀ་ར། སྐུ་མདོག་སྔོ་སྐྱ་ཞལ་གསུམ་ཕྱག་དྲུག་པ། རྡོ་རྗེ་གཤོག་པས་ཁམས་གསུམ་དབང་དུ་སྡུད། །སྐུ་སྨད་ཞབས་དྲུག་བརྐྱང་བསྐུམ་གྱད་ཀྱི་དོར་སྟབས་ཀྱིས། །བགེགས་ཀྱི་རྒྱལ་པོ་ཉི་ཟླ་ཚངས་པའི་གདོན་ཚོགས་གནོན། །ཞལ་གསུམ་གཡས་པ་སེར་བ་གཡོན་དམར་བ། །དབུས་ནི་སྔོ་སྐྱ་སྐུ་དང་མཐུན་ཞིང་ཕྱག་རྒྱ་བཞི་དང་ལྡན། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་སྟེ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ལ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་བསྣམས། །སྒྲ་འབྱིན་སྲིད་པའི་ཆོས་ཀུན་འཛིན་དང་གཉིས་སུ་མེད་པར་བཞུགས། །སྤྲུལ་པའི་འཕྲ་མེན་ཕག་དང་སྨིག་པུ་གྲངས་མེད་འབྱིན། །ཕྱག་མཚན་དང་པོ་གཉིས་བན་དྷ་དང་རྡོ་རྗེ་འཁྲུག་ཅིང་གསོལ་བ། །བར་མ་གཉིས་སྤྲུལ་པའི་ཕྱག་མཚན་སྣ་ཚོགས་སྤྱི་མཐུན་ཏེ། །སྟེང་གི་ཕྱོགས་ན་བཞུགས་སོ། ཁྲར་གྱི་ཕྱོགས་ན་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། །སྐུ་མདོག་ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་པ་ཅན། །སྐུ་སྨད་ཞབས་དྲུག་བརྐྱང་བསྐུམ་གྱད་ཀྱི་འདོར་ཐབས་ཀྱིས། །བགེགས་ཀྱི་རྒྱལ་པོ་དྲི་ཟའི་གདོན་རྣམས་གནོན་པ། །ཞལ་གསུམ་གཡས་སྔོ་གཡོན་པ་ལྗང་སེར་དབུས་དཀར་པོ། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་སྟེ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་བསྣམས། །འཛིན་བྱེད་བསྙེམས་མ་ཉིད་དང་གཉིས་སུ་མེད་པར་བཞུགས། །ལྷོའི་ཕྱོགས་ཀྱི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་ནི། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་སྔོན་པོ་ལ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་པ་ཅན། །སྐུ་སྨད་ཞབས་དྲུག་བརྐྱང་བསྐུམ་གྱད་ཀྱི་འདོར་ཐབས་ཀྱིས། །བགེགས་ཀྱི་རྒྱལ་པོ་གཤིན་རྗེའི་གདོན་ཚོགས་གནོན། །ཞལ་གཡས་སྔོ་སྐྱ་གཡོན་པ་ལྗང་ནག་དབུས་སྔོན་པོ། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་སྟེ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་བསྣམས། །འཛིན་བྱེད་དུར་ཁྲོད་བདག་དང་གཉིས་མེད་བཞུགས། །ནུབ་ཀྱི་ཕྱོགས་ན་ཁྲོ་བོ་ཆེན་པོ་རྟ་མཆོག་དཔལ། ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་པོ་ལ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པ། །རྡོ་རྗེ་གཤོག་པས་ཁམས་གསུམ་དབང་དུ་སྡུད། །སྐུ་སྨད་ཞབས་དྲུག་བརྐྱང་བསྐུམ་གྱད་ཀྱི་འདོད་ཐབས་ཀྱིས། །བགེགས་ཀྱི་རྒྱལ་པོ་ཀླུ་ཡི་གདོན་ཚོགས་གནོན། །ཞལ་ནི་གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་སྟེ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་བསྣམས། །ཡུམ་ཆེན་གཏུམ་མོ་སྐུ་དང་གཉིས་མེད་བཞུགས། །བྱང་གི་ཕྱོགས་སུ་ཁྲོ་བོ་བདུད་རྩི་འཁྱིལ། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་ལྗང་ཀུ་ལ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་པ་ཅན། །སྐུ་སྨད་ཞབས་དྲུག་བརྐྱང་བསྐུམ་གྱད་ཀྱི་དོར་སྟབས་ཀྱིས། །བགེགས་ཀྱི་རྒྱལ་པོ་གནོད་སྤྱིན་གདོན་ཚོགས་གནོན། །ཞལ་ནི་གཡས་པ་སེར་ལ་གཡོན་དུད་ཁ། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་སྟེ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་བསྣམས། །འཛིན་བྱེད་རླུཎྜ་འབྱིན་གཉིས་སུ་མེད་པར་བཞུགས། །ཤར་ལྷོ་མཚམས་ཀྱི་ཁྲོ་བོ་དབྱུག་སྔོན་པོ། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་སྔོ་སྐྱ་ལ། །སྐུ་སྟོད་ཞལ་གསུམ་ཕྱགདྲུགརྡོརྗེགཤོགཔཅན། །སྐུ་སྨད་ཞབས་དྲུག་གྱད་ཀྱི་འདོར་ཐབས་ཀྱིས། །བགེགས་ཀྱི་རྒྱལ་པོ་མེ་ལྷའི་གདོན་ཚོགས་གནོན། །ཞལ་གསུམ་གཡས་དཀར་གཡོན་དམར་དབུས་སྔོ་ཞལ། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་སྟེ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་བསྣམས། །འཛིན་བྱེད་རྡོ་རྗེ་སྡེར་དང་གཉིས་མེད་བཞུགས། །ལྷོ་ནུབ་མཚམས་སུ་ཁྲོ་བོ་མི་གཡོ་མགོན། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་ལྗང་སྔོན་ལ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་པ་ཅན། །སྐུ་སྨད་ཞབས་དྲུག་བརྐྱང་བསྐུམ་གྱད་ཀྱི་འདོར་ཐབས་ཀྱིས། །བགེགས་ཀྱི་རྒྱལ་པོ་སྲིན་པོའི་གདོན་གྱི་ཚོགས་རྣམས་གནོན། །ཞལ་གསུམ་གཡས་པ་ལྗང་ནག་གཡོན་སྨུག་དབུས་ལྗང་སྔོན། །ཕྱག་མཚན་རི་རབ་ཕུར་བུ་ནི། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱི་ཕུར་བུ་ཟུར་གསུམ་བསྣམས། །འཛིན་བྱེད་གཏུན་ཁུང་མ་དང་གཉིས་མེད་བཞུགས། །ནུབ་བྱང་མཚམས་སུ་ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་སྐྱ་ལ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་པ་ཅན། །སྐུ་སྨད་ཞབས་དྲུག་བརྐྱང་བསྐུམ་གྱེད་ཀྱི་འདོར་ཐབས་ཀྱིས། །བགེགས་ཀྱི་རྒྱལ་པོ་༷་ལེན་གདོན་གྱི་ཚོགས་རྣམས་གནོན། །ཞལ་ནས་གཡས་སེར་གཡོན་ལྗང་དབུས་དམར་སྐྱ། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་སྟེ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱ་ཕུར་པ་ཟུར་གསུམ་བསྣམས། །འཛིན་བྱེད་མདའ་བྱེད་མདའ་བསྙེམས་མ་དང་གཉིས་མེད་བཞུགས། །བྱང་ཤར་མཚམས་ཀྱི་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་པར་རྒྱལ། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་སེར་པོ་ལ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་པ་ཅན། །སྐུ་སྨད་ཞབས་དྲུག་བརྐྱང་བསྐུམ་འདོར་ཐབས་ཀྱིས། །བགེགས་ཀྱི་རྒྱལ་པོ་དབང་ལྡན་གདོན་གྱི་ཚོགས་རྣམས་གནོན། །ཞལ་གསུམ་གཡས་དཀར་གཡོན་དམར་དབུས་སེར་ཞལ། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་སྟེ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་བསྣམས། །ཡུམ་ཆེན་གསོད་སྐྱེན་མ་དང་གཉིས་མེད་བཞུགས། །འོག་གི་ཕྱོགས་སུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་པ་ཅན། །སྐུ་སྨད་ཞབས་དྲུག་གྱད་ཀྱི་འདོར་ཐབས་ཀྱིས། །བགེགས་ཀྱི་རྒྱལ་པོ་ས་བདག་གདོན་གྱི་ཚོགས་རྣམས་གནོན། །ཞལ་ནི་གཡས་པ་ལྗང་ནག་གཡོན་དམར་ནག །དབུས་ནི་དུད་ཁ་སྐུ་དང་མཐུན། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་སྟེ། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱི་ཕུར་བ་ཟུར་གསུམ་བསྣམས། །ཡུམ་ཆེན་སྐུལ་བྱེད་མ་དང་གཉིས་སུ་མེད་པར་བཞུགས། །ཞེས་གསུངས་སོ། །རྡོ་རྗེ་གསང་བ་ལས་ཀྱིས་རྒྱུད་ལས། ཁྲོ་རྒྱལ་བཞུགས་ཚུལ་གྱི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་དེས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཆེ་བ་བསྡུས་པའི་ཕྱིར། རང་གི་དཀྱིལ་འཁོར་ཕྱོགས་བཅུ་ནས་ཧུ༷་གསུམ་གྱིས། བ༷སྐལ་པའི་མེ་འབར་བ། གྲུ་གསུམ་མཐིང་ནག་འབར་བ། ཟླ་གམ་དབང་གི་ཚུལ་དང་། ཟླུམ་པོ་ཞི་བའི་ཚུལ་དང་།རྒྱས་པ་གྲུ་བཞིའི་དཀྱིལ་འཁོར་བསྡུས་ཏེ། དཔལ་རྡོ་རྗེ་གཞོན་ནུ་ཉིད་ཀྱི་སྐུ་གསུང་ཐུགས་ལས། ཨཱོཾ་ཨ༷་ཧུ༷་ཧུ༷་སྒྲ་སྒྲོགས་པས་ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ཀུན་ཁྱབ་པས། ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀུན་མཉེས་ཏེ། ཧུ༷་གིས་བསྡུས་ཏེ་རང་རང་གིས་དཀྱིལ་་ཁོར་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ཕྱག་རྒྱ་བཞི་དང་ལྡན་པར་གྱུར་ཏོ། །ཉིད་ཀྱི་དབུ་ནི་རིགས་ལྔས་བརྒྱན། །རིགས་ལྔ་ཕྱག་རྒྱ་བཞི་དང་ལྡན། །ཡེ་ཤེས་ཀྱི་སྲས་ཁྲོ་བོ་བཅུ་རྣམས་ཀྱང་། །རང་རང་གི་སྐུ་ནི་རྒྱན་ཆས་རྫོགས་པར་བཞུགས་སོ། །དེ་ནས་དཔལ་རྡོ་རྗེ་གཞོན་ནུས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཆོས་སྐུ་སྐྱེ་བ་མེད་པ་ལས། །སྐྱེ་བའི་ཆོ་འཕྲུལ་སྒྲ་བྱུང་བ། །ཨ་ཨ་ལ་སོགས་སྒྲ་ཡིས་ནི། །ཆོས་ཀྱི་དབྱིངས་ནམ་མཁའི་ཁམས་ཀུན་ཏུ་གྲགས་པའི་སྒྲ་དེའི། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱིས། །ཁམས་གསུམ་འཁོར་བ་འཇོམས་པ་དང་། །སྲིད་པ་འཇོམས་པའི་བདག་པོ་སྲ །བདག་གིས་དཀྱིལ་འཁོར་བྱུང་བ་སྟེ། །ཁམས་གསུམ་སྒྲོལ་བའི་དབང་བསྐུར་བ། །སྐུ་མདོག་ཕྱག་མཚན་ཡན་ཆད་ཀྱང་། །ཁྲོ་བོ་སྒྲོལ་བར་དབང་བསྐུར་ཅིག །འཇོམས་བྱེད་ཡེ་ཤེས་ཁྲོ་བོ་བཅུ་རྣམས་དང་། །འཛིན་བྱེད་ཁྲོ་མོ་ཆོས་དབྱིངས་བཅུ་རྣམས་ལ། །གཉིས་སུ་མེད་པའི་བྱིན་གྱི་བརླབས་ཀྱི་ནི། །རྡོ་རྗེ་འཕྲུལ་ཆེན་སྤྲུལ་པ་འཇིག་བྱེད་དང་། །གསོད་བྱེད་འབྱིན་པར་བྱེད་པའི་ཁྲོ་མོ་རྣམས་ལ་དབང་བསྐུར་ཅིག །རྡོ་རྗེ་འཕྲ་མེན་རྡོ་རྗེ་འཇིགས་བྱེད་ལ། །ཕྱོགས་བཅུའི་འཇིག་རྟེན་འདུལ་བར་དབང་བསྐུར་ཅིག །དུས་གསུམ་སངས་རྒྱས་ལྷུན་གྱིས་གྲུབ་པ་ཡིས། །ཕྱག་རྒྱ་བཞི་དང་ལྡན་པའི་གནས་སུ་ནི། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ། །འཕྲིན་ལས་ལྔ་ཡིས་སངས་རྒྱས་དོན་མཛད་བཞིན། །སངས་རྒྱས་ཆེ་བའི་ཡོན་ཏན་ལྔ་པོ་འདིས། །ཁམས་གསུམ་འཁོར་བ་སྒྲོལ་བའི་དབང་བསྐུར་ཅིག །ཅེས་དུས་གསུམ་ལྷུན་གྱིས་གྲུབ་པའི་སངས་རྦང་་ལ་དབང་ནོས་སོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། ཁྲོ་རྒྱལ་སྒྲོལ་བ་དབང་ནོས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཆོས་ཀྱི་དབྱིངས་དང་།ནམ་མཁའི་ཁམས་ན་མོའི་སངས་རྒྱས་ཐམས་ཅད་འདུས་རྟོ། གྲུ་གསུམ་མཐེང་ནག་བསྐལ་པའི་མེ་འབར་བའི་གནས་དེར། དཔལ་རྡོ་རྗེ་གཞོན་ནུ་ལ། དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ཡིས། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །རྒྱལ་བ་རིགས་ལྔ་བྱིན་བརླབས་ནི། །ཁམས་གསུམ་སྒྲོལ་བའི་དབང་འབྱིན་ནོ། །འཇོམས་བྱེད་ཁྲོ་མོ་བཅུ་རྣམས་དང་། །འཛིན་བྱེད་ཁྲོ་མོ་བཅུ་རྣམས་ལ། །ཕྱག་རྒྱ་བཞི་ཡི་འབྲུ་བཀོད་ནས། །ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །འདོད་པའི་ཁམས་དང་གཟུགས་ཀྱི་ཁམས། །ཁམས་གསུམ་སྲིད་པའི་ཆོས་འདི་ནི། །ཕྱག་མཚན་རྡོ་རྗེ་རི་རབ་ཏུ། །བྱིན་གྱིས་བརླབས་ཏེ་དབང་ཡང་བསྐུར། །ཡེ་ཤེས་ཁྲོ་བོ་ལྷ་བཀོད་ནས། །ཁམས་གསུམ་སྒྲོལ་བའི་དབང་ཡང་བསྐུར། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། ཁམས་གསུམ་སྒྲོལ་བའི་དབང་བསྐུར་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །ཁྲོ་རྒྱལ་འབར་བའི་དཀྱིལ་འཁོར་དུ། །ཐམས་ཅད་ལ་གསུང་དྲ༷ ག་པོའི་འཕྲིན་ལས་ཀྱི་དབང་བསྐུར་བ་འདི་གསུངས་སོ། །ཀྱེ་དཔལ་ཆེན་རྡོ་རྗེ་གཤོན་ནུ་དང་། །ཡེ་ཤེས་ཁྲོ་བོ་བཅུ་རྣམས་དང་། །ཆོས་དབྱིངས་ཁྲོ་མོ་བཅུ་རྣམས་དང་། །སྤྲུལ་པ་འཕྲ་མེན་ཚོགས་རྣམས་ཀྱིས། །ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིག་ནན་བ༷་ཧུ༷་ཧུ༷་ཕཊ། དྲག་པོའི་ཀུསུང་སྒྲ་འདི་ཟློ༷ས་ཤིག །འདི་ཡིས་ཁམས་གསུམ་སྒྲོལ་བར་བྱེད། །དེ་ཡང་ཇི་ལྟར་སྒྲོལ་ཞེ་ན། །དྲག་པོ་སྒྲ་འདི་བཤད་པར་བྱ། །མ་སྐྱེས་པ་ཡི་སྙིང་པོ་ཨ། །ཆོ་འཕྲུལ་འབྱུང་བ་ཨོ་རུ་སྣང་། །ཡན་ལག་རྫོགས་པ་ཨཱོཾ་དུ་སྣང་། །ཨཱོཾ་ནི་སྐུ་ཡི་སྙིང་པོ་སྟེ། །བདེ་བར་གཤེགས་པ་སྐུའི་སྙིང་པོར་བཤད། །བཛྲ་ན་ནི་རྡོ་རྗེ་སྟེ། །རྡོ་རྗེའིརངབཞིནསྐྱེའཇིགམེད། །རྡོ་རྗེ་ཁྲོ་བོ་ཁྲོ་མོ་རྣམས། །སྐྱེ་འཇིག་མེད་པའི་སྐུ་ཡིས་ནི། །ཀི་ལི་ཀི་ལ་ཕྱག་ན་བསྣམས། །ཀི་ལི་ཀི་ལ་ཡ་ཞེས་པ། །རྡོ་རྗེ་རི་རབ་ཕུར་པ་སྟེ། །ཡ་ནི་ཆགས་མེད་བྱང་ཆུབ་སེམས། །ཐུགས་རྗེས་འགྲོ་བ་སེམས་ཅན་གྱི། །དོན་ལ་ཆགས་པ་མེད་པར་མཛོད། །སརྦ་ན་ནི་ཐམས་ཅད་དེ། །འཁོར་བའི་ཆོས་དང་མྱ་ངན་འདས། །སྣང་སྲིད་སྣོད་བཅུད་ཐམས་ཅད་ཡིན། །བིག་ནན་ན་ནི་བག་ཆགས་ཏེ། །རྣམ་པར་རྟོག་པའི་བག་ཆགས་ཀུན། །བ༷་ནི་དབང་གི་སྙིང་པོ་སྟེ། །བག་ཆགས་ཐམས་ཅད་དབང་བསྡུས་ནས། །ཧུ༷་ནི་བསྡུས་པའི་སྙིང་པོ་སྟེ། །ཧུ༷་གཉིས་ཡང་ནས་ཡང་དུའོ། །ཐུགས་ནི་གསང་བའི་དབྱིངས་རུམ་དུ། །གཉིས་སུ་མེད་པའི་སྦྱོར་བ་ཡིས། །ཡེ་ཤེས་སེམས་དཔའི་སྲས་བསྐྱེད་པ། །ཡེ་ཤེས་ཁྲོ་བཅུ་སྐུ་ལྟར་བསྐྱེད། །ཕཊ་ཅེས་བྱ་བ་སྤྲོས་པ་སྟེ། །ཆོས་དབྱིངས་ནམ་མཁའི་ཁམས་སྤྲོས་པས། །ལྷུན་གྱིས་གྲུབ་པའི་སངས་རྒྱས་རྣམས། །སྲས་དང་སྐྲུན་དུ་དེ་བཞིན་ངམ། །ཁམས་གསུམ་སྒྲོལ་བའི་སྐུ་འབྱུང་སྙམས། །དེ་ལས་ཆེ་བ་རྣམ་པ་ལྔས། །འགྲོ་བའི་དོན་དབང་དེ་ལ་བསྐུར། །དེས་ནི་ཁམས་གསུམ་སྒྲོལ་བར་བྱེད། །ཅེས་དཔལ་ཆེན་རྡོ་རྗེ་འཁོར་ཚོགས་ལ་དྲག་པོ་གསུང་སྒྲ་ཕོག་སྟེ་དབང་བསྐུར་རོ། །དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེས། དཔལ་རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་ལ། བསྒོ་བའི་གསུང་འདི་གསུངས་སོ། །ཀྱེ་བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཁམས་གསུམ་མ་ལུས་རྒྱས་འདེབས་དང་། །འཇོམས་བྱེད་འཛིན་བྱེད་གསོད་བྱེད་ཚོགས། །དུས་གསུམ་སངས་རྒྱ་ཐམས་ཅད་ཀྱིས། །ཁམས་གསུམ་སྒྲོལ་བའི་དབང་བསྐུར་ནས། །ཆོ་ ག་ལྔ་དང་བསྙེན་བསྒྲུབ་བཞིས། །རང་ལུས་རྡོ་རྗེ་གོ་ཆ་བགོས། །སངས་རྒྱས་ཆེ་བ་ཐོབ་བྱས་ལ་། ཁམས་གསུམ་སྒྲོལ་བའི་ལས་གྱིས་ཤིག །བསྙེན་བསྒྲུབ་ཆོ་ག་གང་ཞེ་ན། །ཏིང་འཛིན་རྣམ་གསུམ་གསལ་བ་ནི། །རྡོ་རྗེ་ཆོ་ག་དང་པོ་སྟེ། །བདག་སྐུ་ལྷ་རུ་ཤེས་པ་སྟེ། །བསྙེན་པ་རུ་ནི་ཤེས་པར་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །ཡེ་ནས་ལྷ་རུ་གསལ་བ་ནི། །རྡོ་རྗེ་ཆོ་ག་གཉིས་པ་སྟེ། །ཉེ་བའི་བསྙེན་པར་ཤེས་པར་བྱ། །ཕུང་པོ་ཁམས་དང་སྐྱེ་མཆེད་དེ། །ཐབས་དང་ཤེས་རབ་གཉིས་མེད་པའི། །མཁའ་ལ་འཕྲོ་འདུས་ལྷར་གསལ་བ་ནི། །རྡོ་རྗེ་ཆོ་ག་གསུམ་པ་སྟེ། །མཁའ་ལས་དཀྱིལ་འཁོར་རྫོགས་སྟོན་པས། །རྡོ་རྗེ་ཆོ་ག་བཞི་པ་སྟེ། །བསྒྲུབ་པ་རུ་ནི་ཤེས་པར་བྱ། །དཀྱིལ་འཁོར་རྫོགས་པའི་ལྷ་རྣམས་ལ། །ཕྱག་རྒྱ་ཆེན་པོ་བཞི་བཞིར་ལྡན། །རྡོ་རྗེ་ཆོ་ག་ལྔ་པ་སྟེ། །སྒྲུབ་པ་ཆེན་པོ་ང་ཡིས་བཤད། །སྒྲུབ་པ་ཆེན་པོ་དེ་ཡིས་ནི། །དུས་གསུམ་སངས་རྒྱས་རྒྱས་ལྷུན་གྲུབ་ལ། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །རེ་རེ་ལ་ནི་ལྔ་ལྔ་སྟེ། །གང་གིས་འདུལ་བའི་དུས་ཙམ་ན། །ཐུགས་ནི་མི་རྟོག་དོན་མཛད་བཞིན། །རྡོ་རྗེ་ཚོགས་ཀྱི་དོན་མཇོད་ཅིག །འཕྲིན་ལས་རྣམ་བཞི་རྫོགས་པར་གྱིས་། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་ཀུན་ཏུ་བཟང་པོ་དེས། ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །ཉིད་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བསྒྱུར་ཏེ། །ཉིད་ཀྱི་འཁོར་ལ་དབང་འདི་བསྐུར་ཏེ་བསྒོའོ། །ཧུ༷་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་འདིར། །རྡོ་རྗེ་སྲིན་པོ་འཇོམས་བྱེད་ཁྲོ་བོ་བཅུ། །རྡོ་རྗེ་སྲིན་མོ་འཛིན་བྱེད་ཁྲོ་མོ་བཅུ། །འཇིགས་བྱེད་ཟ་ཚོགས་མགྱོགས་བྱེད་འགུགས་པའི་ཚོགས། ཁྲར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་མཚམས་ནས། །སྤྲུལ་པ་བྱེ་བ་མང་པོའི་ཚོགས་ཀྱིས་ནི། །སྐུ་ནི་སྣ་ཚོགས་ཆོས་ཉིད་སངས་རྒྱས་སྐུ། །ཞལ་གསུམ་ཕྱག་དྲུག་རྡོ་རྗེ་གཤོག་ཅན་གྱིས། །རྡོ་རྗེ་གཤོག་པས་ཁམས་གསུམ་དབང་དུ་སྡུད། །ཕྱག་མཚན་རྡོ་རྗེ་རི་རབ་ཕུར་བུ་ནི། །སྐུ་སྟོད་ཞལ་གསུམ་ཕྱག་དྲུག་ཁྲོ་བོ་བཅུའི་གཟུགས་ཅན་ལ། །སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་ནི། །རྩེ་མོ་དྲག་པོ་ཟུར་གསུམ་ཕཊ་ནག་གིས། །ཁམས་གསུམ་སྒྲོལ་ལ་དུག་གསུམ་རྩད་ནས་ཆོས། །རྡོ་རྗེ་རི་རབ་ཕུར་བ་དྲིལ་བ་ཡིས། །སྟོང་གསུམ་འཇིག་རྟེན་ཁམས་ནི་བརྡར་ཐག་གཅོད། །འོག་གི་རྡོ་རྗེ་གཏན་ལ་བླངས་པ་ཡིས། །དམྱལ་བའི་འཇིག་རྟེན་གཏན་ནས་ལེན། །སྒྲོལ་ཅིག་ཁམས་གསུམ་མ་ལུས་སྒྲོལ། ཁམས་གསུམ་འཁོར་བ་སྒྲོལ་བའི་དབང་བསྐུར་རོ། །སྲིད་གསུམ་གདུག་པ་སྒྲོལ་བའི་དབང་བསྐུར་རོ། །དུག་གསུམ་རྩད་ནས་ཆོད་ཅིག་དབང་བསྐུར་རོ། །དུག་ལྔ་སྟོངས་པར་མཛོད་ཅིག་དབང་བསྐུར་རོ། །གཟུང་འཛིན་རྣམ་རྟོག་སྒྲོལ་ཅིག་དབང་བསྐུར་རོ། །ཞེས་འཁོར་བ་སྒྲོལ་བའི་དབང་བསྐུར་རོ། །རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལས། །བསྒྲུབ་པ་གསུམ་གྱི་ལེའུ་སྟེ་བཞི་པའོ།། །།རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་རྫོགས་