Ngb-pt-0703-vol-08-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

བོད་སྐད་དུ། ཡང་དག་པའི་རྒྱུད་ཅེས་བྱ་བ། དཔལ་བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དཔའ་བོ་འདུལ་བ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཡང་དག་པ་ལས་ཡི་གེ་ཨ་ཞེས་གསུངས་པས། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་འཁོར་རྣམས་རང་བཞིན་དུ་བྱུང་ངོ་། བཀའ་ །།དེ་ནས་ཡང་དཔའ་་་གིངངཟིང་ཏེ་ངང་བ་མཆག་ ས་ཤཱ་རྒྱ་ཏའ་སྔགས་ཀྱས་ཐམས་ཅད་ ལ་གྱས་གནན་ ། འཁར་རྣམས་ལ་བཀའ་སྩལ་པ། བཀྲ་ཤས་བྱན་ཅན་གནས་རྣམས་སུ། །བླང་དང་སྦྱང་བ་རྟགས་ཐན་ཐིཞིརེམིབྲིཚོནལེཛེངངཛིང་ཞིནརིམིནི༷ནས། ། ག་བ ་ ་ ག་དགུ་པ་ ། ། ་ གས་མ ས་པར་བྱ་བ་དང་། །མ་ཧྭ་དམ་པའ་ཏང་འ ན་བྱ། ཁུ་ཡ་ས་བན་ལས་འབྱུང་བ། །རང་བ ་ མ་པ་ད གས་ནས་ ། །བྲུ་ལས་འདས་བརྒྱད་རྩིབས་དང་ལྡན། །ཞེ་སྡང་རྒྱུ་ཡི་ས་བོན་ཅན། །བཏོན་ནས་དེ་དང་སྟེང་འོག་ཅན། །ཧུ༷་མཛད་ལ་སོགས་རྣམ་པར་གྲགས། །ཙིཏི་ཧུ༷་དང་བཅས་པ་ཉིད། །རྒྱུ་ཡི་ས་བོན་ཡབ་ཡུམ་འཁྲི་་་། ་།ཀྱོ་་་ཉེ་་ཧཱུཾ་ལས་སངས་རྒྱས་རིགས། །སྤྱན་མས་ས་བོན་ཙན་དའོ། །རྡོ་རྗེ་ར་བ་བར་ཁྱམས་ཅན། ཁུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཀ་བ་བརྒྱད་མཆོག་ཁྱད་པར་ཅན། །སུབྱ་ཙན་ཏྲའི་སྟེང་དུ་དག །ཧུ༷་ལས་དཀར་པོ་རྩེ་ལྔ་གྲུབ། །རྒྱུ་ཡི་ས་བོན་རབ་བསམ་གསལ། །རྡོ་རྗེའི་རིགས་སུ་གྱུར་པ་ནི། །དབུས་དཀར་གཡས་མཐིང་གཡོན་པ་དམར། །བཛྲ་ཙཀྲ་རཏྣ་དང་། །པདྨ་ཚོན་ཆེན་ཡུམ་གྱི་རྒྱ། །མཉམ་པར་ཐབས་དང་ཤེས་རབ་ཏུ། །བུད་མེད་དབུས་སུ་འཁོར་རྣམས་རྒྱས། །ཀུན་གྱི་དབུགས་ཀྱི་འབྱུང་བ་ཡིན། །ཧཱུཾ་ཏྲེ་ཧྲི་ཨ་ཛ་དུ་བ༷། ཧུ༷་དང་མུ༷་བཛྲ་དྷིཀ །བཛྲ་བུ་སུ་སྭ་བྷ་ལྷུ་ཨུདྨ་ཀོ྅ཧ༷། ཡ༷་ར༷་བ༷་དང་ཡ༷་དང་སྲུ༷། སྦྱུ༷་དང་རྣམ་པ་ཡོངས་ཀྱིས་སོ། །ཧཱུཾ་མུ༷་བཟླས་པ་མཐར་ཕྱིན་ནས། །མིག་རྟེན་རི་མོ་མདུན་དུ་བཞུག །ཕྲིན་གདགས་བསོད་ནམས་ཚོགས་བསྐྱེད་ནས། །ཡབ་ཡུམ་གཉིས་མེད་ཁྱབ་པར་ལས། །ཐལ་ཆེན་ཁྲག་དང་ཞག་ཀྱང་དགོད། །ཉན་པ་ལ་སོགས་རྟགས་ཀྱི་མཆོག །ས་མ་ཡ་དང་དམ་རྫས་སྦྱིན། །ལྷ་དང་འདྲེས་པ་དམ་པའི་དམ། །དེ་ནས་བདག་པོའི་སྐུ་ལས། ཐམས་ཅད་ལྷ་དང་ལྷ་མོར་བྱིན་གྱིས་བརླབས་པའི་ཐབས་འདི་དག་བཀའ་སྩལ་ཏོ། །ཕྱི་ནང་གསང་བའི་དབང་དག་ནི། །ལེགས་པར་མཆོད་དེ་སྦྱིན་པར་བྱ། །སངས་རྒྱས་རྣམས་ཀྱི་མཛད་སྤྱོད་བཞིན། །གསང་བ་དོན་དུ་གཉེར་བའི་ཕྱིར། །སྲོག་ལུས་བུ་དང་བུ་མོ་དང་། །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །གནས་ཅི་ར་ན་མཆོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡང་དག་གྲུབ་པའི་རྒྱུད་ལས། རང་བཞིན་བསྟན་པའི་ལེའུ་སྟ་་ཉིས་པའོ་་ །།དེ་ནས་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཧེ་རུ་ཀ་སོགས་ལྷ་མོ་བརྒྱད། །ཡིག་འབྲུ་ལ་ནི་ཡང་དག་བསམ། །དེ་བཞིན་ཁམ་པོར་འོད་དང་བཅས། །ཞིང་ལ་སོགསཔདེབཞིནནོ། །བྲོགརའདུ་འཕྲོ་བྱས་ནས་སུ། །འབྲུ་བརྒྱད་པས་ནི་ཤེས་པ་སྦྱང་། །སྐུ་གསུང་ཐུགས་ཀྱི་གསང་བ་སྦྱིན། །བསྙེན་པ་མཐར་རུ་ཕྱིར་ནས་ནི། །ཐམས་ཅད་འདུས་ནས་མཉམ་པ་ཉིད། །ཐིག་ལེ་རབ་ཏུ་གསལ་བ་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡང་དག་བསྒྲུབ་པའི་རྒྱུད་ལས། ཁྲོ་བོ་སྟོན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྒྱུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཀའ་སྩལ་པ། རིམ་མམ་ཅིག་ཅར་འཇུག་པའི་གནས། །རི་རྩེ་ཆུ་འགྲམ་ས་གཞི་ལེགས། །བདུད་རྩི་བྱུག་པ་བྱས་ནས་ནི། །ཆོས་རྣམས་རང་བཞིན་རྣམས་དག་ལས། །ཡི་གེ་སོ་སོའི་ངོ་བོ་སྲ །དབང་བས་དོན་དེ་འཇུག་བརྟག་བྱ། །ཡི་གེ་བཀོད་པའི་འཇུག་སྤྱོད་པ་ནི། །སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཡི་རང་བཞིན་ཡེ་ཤེས་སོ། །དེ་ཡི་རང་བཞིན་འོད་གསལ་བ། །གསལ་ལ་དག་པ་དྲི་མ་མེད། །དེ་ལས་སྒྱུ་མའི་སྐུ་རྣམས་རྫོགས། །མཚན་དང་དཔེ་བྱད་རྣམ་དག་པ། །མེ་ལོང་ཡེ་ཤེས་ལས་གྲུབ་པ། །མཚན་མ་ལ་སོགས་སྦྱོར་བ་གང་། །རང་བཞིན་མེད་པའི་རང་བཞིན་གྱིས། །མཉམ་ཉིད་ལས་ནི་གྲུབ་པ་ཡིན། །ཡེ་ཤེས་དེ་ནི་འདིར་བཤད་དོ། །དེ་ནས་སྒྱུ་མ་ཡི་གནས་སུ། །ཐམས་ཅད་མཁའ་ལྟར་དག་པ་ཡིན། །བཀའ་ཡི་འཁོར་ལོ་སྦྱོར་བ་དང་། །ལྷ་ཡི་ཕོ་བྲང་སྒྱུ་མའི་སྐུ། །མཁའ་ལ་སོགས་པ་དུ་མའི་རྒྱ། །བྱ་བའི་རིག་པ་ཐམས་ཅད་དག །རངབཞིནམཉམཔཉིད་ཡིན་ནོ། །ཚོན་སྐུ་པདྨ་ལྷ་ཡི་རིགས། །སྐུ་གསུང་ཐུགས་སུ་བརླབ་པརབྱ། །དེབཞིན གཤེགསཔཐམས་ཅད་ཀྱི་རང་བཞིན་ཡང་དག་པ་བསྒྲུབ་པ་ལས། ཡེ་ཤེས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཉིད་ཀྱི་སྔགས་ཀྱི་བདག་པོ་ཆེན་པོའི་དོན་དང་ལྡན་པར་མཛད་པའི་ཕྱིར། འཁོར་ལ་བཀའ་སྩལ་པ།བགེགས་རྣམས་རབ་ཏུ་ཞི་བའི་ཕྱིར། །བསྙེན་པའི་ལས་ནི་ཡིན་པར་བཤད། །ཉེ་བར་བསྒྲུབ་པའི་ལས་ཡིན་ཏེ། །སྒྲུབ་པ་ཆེན་པོ་འགྲུབ་པར་གསུངས། །དབུ་ལ་རིགས་ལྔའི་རྒྱལ་བས་བརྒྱན། །སྐུ་གསུང་ཐུགས་ཀྱི་ལྷ་རྣམས་རྫོགས། །སྐྱེ་མཆེད་ལ་ནི་ལྷ་མོ་ཡང་། །བྱང༷་ཆུབ་སེམས་ལས་དཀྱིལ་འཁོར་བསྐྱེད། །ཉི་ཟླའི་དཀྱིལ་འཁོར་བརྩེགས་མ་ལ། །ཨ་ད༷ང་སྒ་ལ་སོགས་པ་ཡི། །སྒྲ་དང་དབྱངས་ཀྱི་ཡི་གེ་རྣམས། །ཉིས་འགྱུར་རིན་པ་རབ་ཏུ་དགོས། །རྙུ་པ་པྲཛི་ཨ་ལོ་ཀ་བྷན་དྷ། ཨཱོཾ་ཨ་ཧུ༷་དང་སྭ་ཧྭ་ལྔ། །ས་མ་ཡ་སྟམ་རབ་ཏུ་བསམ། །ཨ་ནུ་ར་ག་གཉིས་མེད་བདེ། །ཨཱོཾ་ཨ་དྷ་རི་ཤཙྭ་ན་སོགས། ཀ་ཁ་ག་ཀྟ་ང་། ཙ་ཚ་ཛ་རྙོ་ཉ། ཊ་ཋ་ཌ་དྷ་ཎ།ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ་ཀྟ་ཨུ། ཨ་ཨུ། ཨི་སྙི། ཨུ་ལྤུ། རི་སྡུ། ལི་སྙི། ཨེ་ཨེ། ཨོ་ཨོ། ཨུ༷་ཨ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡང་དག་བསྒྲུབ་པ་ལས། ཡི་གེ་འཕྲེང་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དཔལ་འཇིགས་བྱེད་ཆེན་པོ་དེ་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་རྣམས་ལུས་ངག་ཡིད་གསུམ་རྡོ་རྗེར་བྱིན་གྱིས་བརླབས་ནས།རང་བཞིན་འདི་ལྟ་བུ་བཀའ་༷སྩལ་པ། བར་དུ་གཅོད་པའི་བགེགས་རྣམས་གཞིལ། །བྱིན་བརླབས་དེ་ལས་བྱུང་བ་ཡི། །མཁའི་དཀྱིལ་དུ་བསྐྱེད་དང་རྫོགས། །བསྐྱེད་པས་དབྱིངས་ཀྱི་དཀྱིལ་འཁོར་