Ngb-pt-0687-vol-07-text
Front
Body
དོ། །གཙོ་བོ་ཡབ་ཡུམ་ཆོས་ཉིད་ལ་གནས་ཏེ། །ལྕམ་དྲལ་གཉིས་བསྟན་པའི་སྲུངས་མར་བཞག་གོ །དཔལ་རྟ་མགྲིན་གསང་བའི་འཕྲིན་ལས། །དྲག་སྔགས་གཅིག་པའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པའོ།། །།ས་མ་ཡ། རྒྱ་རྒྱ་རྒྱ། སྦས་རྒྱ། གཏེར་རྒྱ། ཟབ་རྒྱ། གཉན་རྒྱ། དཔལ་རྟ་མགྲིན་ཡང་གསང་སྤུ་གྲིའི་རྒྱུད་སྟོང་ཕྲག་ལྔ་བའི་ནང་ནས། །དྲག་སྔགས་རྣམ་ཐོག་གསང་བ་འདུས་པ་བཞེས་བྱ་བའི་རྒྱུད་རྫོགས་སོ། ་རྐོན་ཏུ་གསང་བའི་རྒྱུད་མཆོག་འདི། །མན་ངག་ལས་ཚོགས་ཐེམས་དང་བྱས། །ལྷོ་བྲག་རྣམ་སྐས་བྲག་ལ་སྦས། །ཕྱི་མའི་དུས་ན་བློ་གྲོས་ཅན། །ཐུགས་ཀྱི་སྲས་དང་འཕྲད་པར་་།ག །ཁྱི་ཡི་ལོ་ལ་རཏྣ་གླིང་པས་རྙེད། །ཡུན་དུ་གསང་ནས་ལུག་ལོ་སྟག་ཟླ་ལ། །གཡུ་མཚོའི་མགུལ་དུ་་།ག་སེར་དངོས་ལ་ཞུས། ། ་། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། པདྨ་ལས་རྫུས་ཏེ་སྐྱེ་བ་ལས། །སྐྱེ་བ་གཞན་གྱི་མིང་མེད་པ། །སྐྱེས་ནས་འཆི་བ་མེད་པ། ཚེ་དཔག་ཏུ་མེད་པ། སངས་རྒྱས་སྣང་བ་མཐའ་ཡས་འོད་དཔག་མེད་བཞུགས་སོ། །སངས་རྒྱས་དེས་འགྲོ་བ་སེམས་ཅན་གྱི་དོན་དགོངས་ནས། འགྲོ་བ་རིགས་དྲུག་ཐམས་ཅད་འདུལ་བ་ལ་དགོངས་ཏེ། སྤྱན་རས་གཟིགས་ཐུགས་རྗེ་ཆེ་པོར་སྤྲུལ་ལོ། །འགྲོ་བའི་དོན་དུ་ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་པདྨའི་སྡོང་པོ་ལས་སྤྲུལ་ལོ། །དེ་ཡང་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་རི་པོ་ཊ་ལའི་ནུབ་ཕྱོགས་ན། བྲག་ཕུག་མ་ར་ཏི་གར་ཚེའི་རིགས་འཛིན་བསྒྲུབས་པས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞལ་གཟིགས། བདུད་རྩིའི་བུམ་པ་གང་གིས་དབང་བསྐུར་ཏེ། ཚེའི་རིགས་འཛིན་ཐོབ་ནས། སྐུ་སྐྱེ་ཤི་མེད་པར་གྱུར་ཏོ། དེའི་ཚེ་དེའི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ལ། ཡང་སྤྲུལ་པདྨ་འབྱུང་གནས་ཀྱིས། ཐུག་རྗེ་ཆེན་པོ་ཡི་དམ་ལྷའི་ལུང་ཞུས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཐམས་ཅད་མཁྱེན་པ། ཐུགས་རྗེ་དང་ལྡན་པ། ཐུགས་རྗེའི་བདག་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་བསྒྲུབ་པའི་ཐབས་བཀའ་སྩལ་དུ་གསོལ། ཞེས་ཞུས་སོ། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། ཡང་སྤྲུལ་པདྨ་འབྱུང་གནས་ལ་བཀའ་སྩལ་པ། ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡི་གེ་དྲུག་པའོ། །ཨོ་ཨུ༷༷ཧུ༷་སྙི༷༷ སྐུ་གསུང་ཐུགས་ཀྱི་ཡང་སྙིང་དང་བཅས་པའོ། །ཡི་གེ་འབྲུ་གསུམ་སྐུ་གསུང་ཐུགས་ཀྱི་གནད་དང་ལྡན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིན་ཏེ། ཨོ་ལོངས་སྤྱོད་རྫོགས་པའི་སྐུརིགས་ལྔ་ཡེ་ཤེས་ལྔ་དང་ལྡན། ཨུ་སྤྲུལ་པའི་སྤྲུལ་པ། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། ཧུ༷་ཆོས་སྐུ་འགྱུར་བ་མེད། མ་བཅོསརངབཞིནལྷུནགྱིསགྲུབ། ཡི་གེ་འབྲུ་གསུམ་སངས་རྒྱས་ཐམསཅད་ཀྱི་སྐུ་གསུང་ཐུག་ཀྱི་ངོ་བོར་རྫོགས་སོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་ཏེ། ཨཱོཾ་སྐུའི་སྙིང་པོ་སངས་རྒྱས་ཐམསཅད་ཀྱི་སྐུ་གྲུབ་པར་བྱེད། ཨུ་གསུང་གི་སྙིང་པོ་སངས་རྒྱས་ཐམས་ཅད་ཀྱི་གསུང་གྲུབ་པར་བྱེད། ཧུ༷་ཐུགས་ཀྱི་སྙིང་པོ་སངས་རྒྱས་ཐམསཅད་ཀྱི་ཐུགས་གྲུབ་པར་བྱེད་དོ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྙིང་པོ་ཡང་ཡིན་ཏེ། ཨོ་གྱིས་ལུས་ཀྱི་སྒྲིབ་པ་སྦྱོང་། ཨུ་ཡིས་ངག་གི་སྒྲིབ་པ་སྦྱོང་། ཧུ༷་གིས་ཡིད་ཀྱི་སྒྲིབ་པ་སྦྱོང་། ལུས་ངག་ཡིད་ཡི་གེ་འབྲུ་གསུམ་སྐུ་གསུང་ཐུགས་ཀྱི་གནད་ཡོད་པས། སྤྱི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འགྲུབ་པརའགྱུར་ལ། སྒོས་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་པས། བྱིན་རླབས་རྒྱུན་དུ་འབྱུང་བའི་གནད་ཡིན་ནོ། སྙི༷༷ནི་ཐུགས་རྗེ་ཆེ་པོའི་ཡང་སྙིང་ཡིན་པས། ཐུགས་རྗེ་སྲོག་གི་ས་བོན་སྙི༷༷ གནས་པས། བསྐྱེད་པའི་ས་བོན་ཡིན། ཡང་སྙིང་འགུགས་པའི་ལྕགས་ཀྱུ་ཡིན་པས། ཐུགས་རྗེ་ཆེ་པོ་ལ་མི་འབྱོན་པའི་དབང་མེད་པས་མྱུར་དུ་མི་འགྲུབ་མི་སྲིད་པའི་གནད་ཡིན་ནོ། །ཐུགས་རྗེ་ཆེན་པོའི་ཉེ་བའི་སྙིང་པོ་ཡིན་པས། ཐུག་རྗེ་ཆེན་པོས་གང་ཟློས་པ་ལ་ཐུགས་བརྩེ་བས་རྩེ་གཅིག་ཏུ་རྒྱུན་ཆད་མེད་པར་དགོངས་པ་ཡིན་ནོ། །གཞི་སྙིང་པོ་གནད་ཀྱི་ལེའུ་སྟེ་གཉིས་པའོ།། །།ཡི་གེ་དྲུག་པ་ཐུགས་རྗེ་ཆེན་པོའི་ཡང་སྙིང་ཡིན་པས། སྙིང་པོ་གཞན་ཡང་མི་འདྲ་སྟེ། འགྲོ་དྲུག་གཡང་ས་གཅོད་པ་ཡིན་ནོ། །ཉོན་མོངས་པ་དྲུག་གཙོ་བོར་བྱས་པས་འགྲོ་བ་རིགས་དྲུག་ཏུ་སྐྱེ་སྟེ། ང་རྒྱལ་གྱི་འབྲས་བུ་ལྷར་སྐྱེ། ང་རྒྱལ་གྱི་ཡལ་ག་ཁོང་ཁྲོས་ལྷ་མ་ཡིན་དུ་སྐྱེ། འདོད་ཆགས་ཀྱི་འབྲས་བུ་མིར་སྐྱེ། གཏི་མུག་གི་འབྲས་བུ་བྱོལ་སོང་དུ་སྐྱེ། སེར་སྣའི་འབྲས་བུ་ཡི་དགས་སུ་སྐྱེ། ཞེ་སྡང་གི་འབྲས་བུ་དམྱལ་བར་སྐྱེའོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་གཡང་ས་གཅོད་པ་ཡང་། ཨོ་མ་ཁི་པརླེ་ཧུ༷།ཞེས་པའི་ཡི་གེ་དྲུག་པ་འདི་ཡིན་ཏེ། ཨོ་གྱིས་ལྷ་ལྟུང་བའི་སྡུག་བསྔལ་ཞི་ནས། ང་རྒྱལ་རང་སར་གྲོལ་ནས་ལྷ་ལྟུང་བའི་གཡང་ས་ཆོད། མས་ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞི་ནས། ཁོང་ཁྲོ་རང་སར་གྲོལ་ཏེ།ལྷ་མ་ཡིན་དུ་སྐྱེ་བའི་གཡང་ས་ཆོད། ཁིས་མིའི་སྡུག་བསྔལ་ཞི་ནས། འདོད་ཆགས་རང་སར་གྲོལ་ཏེ་མིར་སྐྱེ་བའི་གཡང་ས་ཆོད། པད་ཀྱི་བྱོལ་སོང་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཞི་ནས། གཏི་མུག་རང་སར་གྲོལ་ནས་བྱོལ་སོང་དུ་སྐྱེ་བའི་གཡང་ས་ཆོད། མེས་ཡི་དགས་ཀྱི་སྡུག་བསྔལ་ཞི་ནས། སེར་སྣ་རང་སར་གྲོལ་ཏེ་ཡི་དྭགས་སུ་སྐྱེ་བའི་གཡང་ས་ཆོད། ཧུ༷་གིས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ཞི་ནས། ཞེ་སྡང་རང་སར་གྲོལ་ཏེ་དམྱལ་བར་སྐྱེ་བའི་གཡང་ས་ཆོད་དོ། །ཡི་གེ་འབྲུ་དྲུག་གིས་འཁོར་བའི་གཡང་ས་ཆོད་ནས། འཁོར་བ་གནས་སྟོངས་པ་ཡིན་ནོ། །འགྲོ་དྲུག་གཡང་ས་གཅོད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་ཡི་གེ་འབྲུ་དྲུག་ཆེན་པོར་གསལ། ལྷ་ལ་བགྲེས་ཤིང་རྒུད་པ་མེད་པས། རྣལ་འབྱོར་པའི་ལུས་ན་ཚ་མེད་པས། རྒས་ཤིང་རྒུད་པ་མེད་པས་ཕུང་པོའི་བདུད་ཆོམས། སྣང་བ་ཡི་དམ་ལྷ་ཐུགས་རྗེ་ཆེན་པོའི་ངོ་བོར་མཐོང་དེ་རྨི་ལམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པར་མཐོང་། དེ་ལ་ཆགས་ཤིང་ཞེན་པ་མེད་པས་ལྷའི་བུའི་བདུད་ཆོམས། ཕ་དང་། མ་དང་། བུ་ཚ་དང་། གྲོགས་དང་། གཉེན་དང་། རྫས་དང་། ཡོ་བྱད་ལ་སོགས་པར་འཁྲུལ་སྣང་སྒྱུ་མར་ཤེས་ནས་ཆགས་པ་ཆོད། དགྲ་དང་སེམས་ཀྱི་འཁྲུལ་པར་ཤེས །ཞེ་སྡང་ཞི་ནས་སྙིང་རྗེ་སྐྱེས་པས་ཉོན་མོངས་པའི་བདུད་ཆོམས། སེམས་ལ་སྐྱེ་འཆི་མེད་པའི་གདེང་རྙེད་པས། ཁམས་གསུམ་འཁོར་བར་སྐྱེ་དོགས་མེད་པས། རིག་པ་ཆོས་སྐུར་བཙན་ས་ཟིན་པས་འཆི་བདག་གི་བདུད་ཆོམས་སོ། །འཇིགས་པའི་བདུད་བཞི་འཇོམས་པའི་ལེའུ་སྟེ་ལྔ་པའོ།། །།དེ་ལྟར་འགྲོ་བ་རིགས་དྲུག་གི་གཡང་ས་ཆོད། གསང་བའི་དགྲ་གསུམ་གསོད། འཇིགས་པའི་བདུད་བཞི་ཆོམས། །འཁོར་བའི་གདོས་ཐག་ཆོད། དུས་དེ་ཙམ་ན་རྣལ་འབྱོར་པ་དེ་ལུས་མིར་འདུག་ཀྱང་སེམས་སངས་རྒྱས་པ་ཡིན་ནོ། །དེ་ལ་ཐུགས་རྗེ་ཆེན་པོའི་ཆོས་འདི། ཆོས་གཞན་པས་ཁྱད་པར་དུ་འཕགས་ཏེ། གཞན་གྱི་ལྟ་བ་ལ་གྲུབ་མཐའ་ཕྱོགས་འཛིན་གྱི་འདོད་པ་ཡོད། །ཐུགས་རྗེ་ཆེན་པོའི་ལྟ་བ་ལ་གྲུབ་མཐའི་ལྟོས་ཆོས་མེད། ཕྱོགས་མེད་རང་སར་གྲོལ་བས་ལྟ་བའི་གནད་དང་ལྡན་ཏེ། ལྟ་བ་གཞན་ལས་ཁྱད་པར་དུ་འཕགས་སོ། །ཐུགས་རྗེ་ཆེན་པོའི་བསྒོམ་པ་གཞན་ལས་ཁྱད་པར་དུ་འཕགས་ཏེ། །གཞན་གྱི་བསྒོམ་པ་ལ་མཉམ་བཞག་རྗེས་ཐོབ་སྒོམ་བྱེད་ཀྱི་རྩོལ་བ་ཡོད། ཐུགས་རྗེ་ཆེན་པོའི་བསྒོམ་པ་ལ་སྟོང་གསལ་རང་བྱུང་རང་ལ་གནས་པས། ཉམས་དང་རྟགས་ཀྱིས་ལྟོས་ཆོས་མེད། བསྒོམ་བྱ་དང་སྒོམ་བྱེད་མེད་པས་རང་སར་གྲོལ་བས། བསྒོམ་པའི་གནད་དང་ལྡན་ཏེ་གཞན་ལས་ཁྱད་པར་འཕགས་སོ། །ཐུགས་རྗེ་ཆེན་པོའི་སྤྱོད་པ་གཞན་ལས་ཁྱད་པར་དུ་འཕགས་སྟེ། གཞན་གྱི་སྤྱོད་པ་ལ་ཞེ་འདོད་སྤོང་ལེན་གྱི་རྩོལ་བ་ཡོད། ཐུགས་རྗེ་ཆེན་པོའི་སྤྱོད་པ་ལ་བྱེད་སྤྱོད་མ་འགགས་ཤུགས་ལ་སྤྱོད་པས་རྐྱེན་སྣང་བདེ་སྡུག་རང་སར་གྲོལ་བས། སྤྱོད་པ་གནད་དང་ལྡན་ཏེ་སྤྱོད་པ་གཞན་ལས་ཁྱད་དུ་འཕགས་སོ། །ཐུགས་རྗེ་ཆེན་པོའི་འབྲས་བུ་གའན་ལས་ཁྱད་དུ་འཕགས་ཏེ། གཞན་གྱི་འབྲས་བུ་ལ་སངས་རྒྱས་ལོགས་ནས་འདོད་པའི་བསྒྲུབ་བྱ་ཡོད། །ཐུགས་རྗེ་ཆེན་པོའི་འབྲས་བུ་ལ། རང་སེམས་རྟོགས་ན་འབྲས་བུ་སངས་རྒྱས་པས། སེམས་སྐྱེ་འགག་མ ་པ་ཡེ་ནས་ཆོས་སྐུ་ཡིན་པས། འབྲས་བུ་གཞན་ལས་ཁྱད་པར་དུ་འཕགས་སོ། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་ཁྱད་དུ་འཕགས་པའི་ལེའུ་སྟེ་དྲུག་པའོ།། །།ཐུགས་རྗེ་ཆེན་པོའི་དམ་ཚིག་གཞན་ལས་ཁྱད་པར་འཕག་ཏེ། གཞན་ལ་དམ་ཚིག་བསྲུང་མཚམས་ཀྱི་རྩོལ་བ་ཡོད་དེ། ཐུག་རྗེ་ཆེན་པོ་ལ་དམ་ཚིག་བསྲུང་མཚམས་མེད་དེ། ཡེ་བསྲུངས་ཡེ་དག་ཆེན་པོ་ལ། རང་སེམས་དྲི་མ་མེད་པ་གསལ་དག་ཆེན་པོ་ལ་དམ་ཚིག་བསྲུང་མཚམས་མེད་དེ། དམ་ཚིག་གཞན་ལས་ཁྱད་པར་འཕགས་སོ། །ཐུགས་རྗེ་ཆེན་པོའི་དབང་སྐུར་གཞན་ལས་ཁྱད་པར་དུ་འཕགས་ཏེ། གཞན་ལ་དབང་བསྐུར་བྱ་དང་སྐུར་བྱེད་དབང་ཐོབ་བྱའི་འདོད་པ་ཡོད། ཐུག་རྗེ་ཆེན་པོའི་དབང་རིག་པའི་རྒྱལ་པོ་རང་དབང་ཐོབ་པར་བསྐུར་བས། ཡེ་དབང་ཆེན་པོ་ཡེ་ནས་བསྐུར་བས་དབང་བསྐུར་གཞན་ལས་ཁྱད་པར་དུ་འཕགས་སོ། ཐུགས་རྗེ་ཆེན་པོའི་འཕྲིན་ལས་གཞན་ལས་ཁྱད་པར་དུ་འཕགས་ཏེ། གཞན་ལ་ཞི་རྒྱས་དབང་དྲག་འཕྲིན་ལས་རྣམ་བཞིའི་འདོད་པ་ཡོད། ཐུགས་རྗེ་ཆེན་པོའི་འཕྲིན་ལས་ལ། །དུག་ལྔ་དུག་གསུམ་གནས་སུ་ཞི། །རང་བྱུང་ཡེ་ཤེས་མ་རྩལ་ཁོང་ནས་རྒྱས། །རྣམ་རྟོག་ཕྲ་རགས་མ་འགགས་དབང་དུ་འདུས །བདག་འཛིན་དགྲ་བོ་མ་བཏུལ་རང་སར་གསོད། །འཕྲིན་ལས་རྣམ་བཞི་གཞན་ལས་ཁྱད་པར་འཕགས། །དམ་ཚིག་དབང་བསྐུར་འཕྲིན་ལས་གསུམ་གྱི་ལེའུ་སྟེ་བདུན་པའོ།། །།ཐུགས་རྗེ་ཆེན་པོའི་ཆོས་སྤྱོད་གཞན་ལ་ཁྱད་པར་འཕགས་ཏེ། གཞན་ལས་ཆོས་སྤྱོད་སྒྲིབ་སྦྱོང་གི་རྩོལ་བ་ཡོད། ཐུགས་རྗེ་ཆེན་པོའི་ཆོས་སྤྱོད་ལ་སྨྲ་བརྗོད་ཐམས་ཅད་ཆོས་ཀྱི་སྒྲ་ཡིན་པས། ཀློག་འདོན་ཁ་ཏོན་རང་སར་གྲོལ། །འདོད་ཡོན་མ་སྤངས་ཡེ་ཤེས་རོལ་པ་ཡིན་པས་མཆོད་པ་རང་སར་གྲོལ། སྣང་བ་ཐམས་ཅད་ཞིང་ཁམ་དག་པར་ཤེས་པས། དཀྱིལ་འཁོར་མཎྜ་ཚ་ཚ་རང་སར་གྲོལ། ཆོས་ཉིད་སྟོང་གསལ་ཡེ་ནས་གསལ་བས་མར་མེ་རང་སར་གྲོལ། །རིག་པ་རང་དབང་རང་ལ་བསྐོར་བས་བསྐོར་བ་རང་སར་གྲོལ། །རང་བྱུང་ཆོས་སྐུ་ཡེ་ནས་ཡོད་པས་སྐུ་གདུང་མཆོད་རྟེན་རང་སར་གྲོལ། །ཅིར་སྣང་འཛིན་ཆགས་མེད་པར་གཏོང་བས་གཏོར་མ་རང་སར་གྲོལ། །རང་སེམས་སངས་རྒྱས་སུ་རྟོགས་པས། །ཡོན་ཏན་རང་ལ་ཤར་བས་མཆོད་བསྟོད་རང་སར་གྲོལ། གང་ཡང་འདོད་པ་མེད་པས་བྱས་ཆོས་ཐམས་ཅད་རང་སར་གྲོལ། །ཆོས་སྤྱོད་གཞན་ལས་ཁྱད་དུ་འཕགས་སོ། །ཆོས་སྤྱོད་ཞན་ལས་ཁྱད་དུ་འཕགས་པའི་ལེའུ་སྟེ་བརྒྱད་པའོ།། །།ཐུགས་རྗེ་ཆེན་པོའི་བྱང་ཆུབ་སེམས་དཔའི་མཛད་སྦྱོད་ཀྱི་ཆོས་ཡིན་པས། ལྟ་བ་གདེང་དང་ལྡན་ཡང་གཏོང་བ་ཕྱལ་བར་མི་གཏོང་བའི་གནད་ཡིན། སྒོམ་དུ་ཅི་ཡང་མེད་ཀྱང་ཉམས་ཀྱི་རྩིས་ཟིན་པའི་གནད་ཡིན། སྤྱོད་དུ་ཅི་ཡང་མེད་ཀྱང་འགྲོ་འདུལ་ཐབས་ཀྱི་སྤྱོད་པའི་གནད་ཡིན། འབྲས་བུ་ལ་རེ་དོགས་མེད་ཀྱང་རང་སེམས་ཆོས་སྐུར་བསྟན་པར་བྱེད་པ་གནད་ཡིན། དམ་ཚིག་བསྲུང་མཚམས་མེད་ཀྱང་། རང་སེམས་གཙང་སར་འདོན་པ་གནད་ཡིན། དབང་བསྐུར་ལ་བསྐུར་ཐོབ་མེད་ཀྱང་། རིག་པ་ངོ་ཤེས་ནས་རང་དབང་ཐོབ་པའི་བྱེད་པ་གནད་ཡིན། འཕྲིན་ལས་ལ་བྱས་རྩོལ་མེད་ཀྱང་། བྱེད་སྤྱོད་འགྲོ་དོན་བྱེད་པ་གང་ལ་གང་འདུལ་བྱེད་པ་གནད་ཡིན། ཐུན་མོང་ཆོས་སྤྱོད་ལ་རྩོལ་བ་འདོད་པས་ཆིང་ཡང་ཐབས་ཀྱི་ཡན་ལག་ཡིན་པས། གང་ཡང་མི་འགེགས་པར་བྱེད་པས་གནད་ཡིན་ནོ། ཧྲིལ་གྱི་དྲིལ་བས་ཐུགས་རྗེ་ཆེན་པོའི་ཆོས་ལ། ཐབས་ཤེས་རབ་གཉིས་མེད། དབྱིངས་ཡེ་ཤེས་གཉིས་མེད། དོན་དམ་དང་ཀུན་རྫོབ་གཉིས་མེད། བསྐྱེད་རིམ་དང་རྫོག་རིམ་གཉིས་མེད། གཉིས་མེད་ཙམ་དུ་འཛིན་པ་ཡང་མེད། །འཛིན་མེད་ཕྱོགས་མེད། ཕྱོགས་སུ་མ་ལྷུང་། རྒྱར་མ་ཆད། གཉིས་འཛིན་གྱི་མཐའ་ལས་གྲོལ་བ་ནི་ཐུགས་རྗེ་ཆེན་པོའི་དགོངས་པའི་གནད་ཡིན་ནོ། །སྐལ་ལྡན་རྣམས་ཀྱིས་གོ་བར་གྱིས། གདམས་པ་གནད་ཀྱི་ལེའུ་སྟེ་དགུ་པའོ།། །།ཐུགས་རྗེ་ཆེན་པོའི་རྣལ་འེབྱོར་པས། ཆོས་ཐམསཅད་ཆོས་ཉིད་མཉམ་པ་རིས་མེད་དུ་རྟོགས་པར་བྱས་ལ།ཆོས་གང་ལ་ཡང་སྐུར་པ་མི་གདབ། ཁམས་གསུམ་གྱི་སེམས་ཅན་སྙིང་རྗེ་མཉམ་པ་རིགས་མེད་དུ་བསྒོམས་ལ། ང་བདག་གི་འཛིན་པས་མི་གཟུང་། སྡུག་བསྔལ་ལ་བློ་ཡིས་མི་གཟུང་། བྱེད་མཁན་གྱི་རང་ངོ་བརྟགཉོན་མོངས་པ་ཐོད་རྒལ་དུ་མི་གཏོང་། རང་སར་ཡལ་དུ་གཞུག །ལྟ་བའི་བདུད་ཕྱོགས་རིག་ཡིན་པས། ཕྱོགས་འཛིན་གྱི་མཐའ་དང་ཕྲོལ། སྒོམ་པའི་བདུད་སེམས་འཛིན་གྱི་བློ་བསྒོམ་ཡིན་པས། རིག་པ་གསལ་སྟོང་ངང་ལ་སྡོད། སྤྱོད་པའི་བདུད་ཚུལ་འཆོས་ཡིན་པས། ཆོས་བརྒྱད་མགོ་སྙོམས། འབྲས་བུའི་བདུད་རེ་དོགས་ཡིན་པས། སངས་རྒྱས་སེམས་སུ་རྟོགས། དཀའ་ཐུབ་ཀྱི་བདུད་འདོད་པ་ཡིན་པས། འགྲོ་དོན་ ང་རྗེས་ཟིན་པར་གྱིས། ཉམས་མྱོང་གི་བདུད་བསྒོམ་ལ་ཆགས་པ་ཡིན་པས། སེམས་ལ་རྟེན་མ་ཆ་ཅིག་ཉམས་ལེན་གྱི་བདུད་ལེ་ལོ་དང་སྙོམས་ལས་ཡིན་པས། །བརྩོན་འགྲུས་བསྒྲིམས་པས་ཆོས་ཉིད་ངང་ལས་སྦྱོངས། བྱིན་རླབས་ཀྱི་བདུད་ཐེ་ཚོམ་དང་བླ་མ་ལ་ཡིད་མ་ཆེས་པ་ཡིན་ནོ། །མོས་གུས་གྱིས། གསོལ་བ་ཐོབ། །ཐེ་ཚོམ་གྱི་སྒྲོག་ཁྲོལ། ཆོས་ཀྱིས་བདུད་ཉམས་ལེན་དྲེད་ནས་ཐ་མལ་དུ་ཤོར་བ་ཡིན། ལས་དང་པོའི་དུས་སུ་སྲངས་སུ་ཆུག་ཅིག །སྤྱིན་པ་ཆུད་ཟོས་སུ་འཇུག་པའི་བདུད་འབྲས་བུ་ལོངས་སྤྱོད་ཐོབ་ཏུ་རེ་བ་ཡིན་པས། དམིག་མེད་པ་རྒྱ་ཡིས་ཐོབ། ཚུལ་ཁྲིམས་ཆུད་ཟོས་སུ་འཇུག་པའི་བདུད་ཚུལ་འཆོས་ཡིན་པས། རྒྱུ་མེད་རང་སེམས་གཙང་མར། བཟོད་པ་ཆུད་ཟོས་སུ་འཇུག་པའི་བདུད་འཁོར་བའི་སྡུག་བསྔལ་དང་དུ་ལེན་པ་ཡིན་པས། སྡུག་བསྔལ་ལ་བློ་བཟློག་ལ་མ་ཆགས། བརྩོན་འགྲུས་ཆུད་ཟོས་སུ་འཇུག་པའི་བདུད་སྡོད་བྱ་ལོང་ཡོད་སྙམ་པ་ཡིན་པས། མི་རྟག་པ་སྔོན་ལ་བསམས་པ་ཆོས་ཉིད་ཡིད་ཀྱི་དོན་བསྒོམ་བསམ་གཏན་ཆུད་ཟོས་སུ་འཇུག་པའི་བདུད་བྱིང་རྒོད་སེམས་ཀྱི་གཡེང་བ་ཡིན་པས། སེམས་ཆོས་ཉིད་ཀློང་དུ་གློད། ཤེས་རབ་ཆུད་ཟོས་སུ་འཇུག་པའི་བདུད་མ་རིག་པ་རང་ངོ་མ་ཤེས་པ་ཡིན་པས། སེམས་ཉིད་རིག་པར་ཆོས་སྐུར་ངོས་གཟུང་། མི་ལུས་ཆུད་ཟོས་སུ་འཇུག་པའི་བདུད་ཆོས་མ་དྲན་པ་ཡིན་ནོ། །ཆོས་མེད་མི་ཚེ་སྟོང་ལོག་ཡིན་ནོ། །མདོ་དོན་དུ་ཆོས་ལ་དྲིལ་ཅིག །བདུད་དང་བྲལ་བའི་ལེའུ་སྟེ་བཅུ་པའོ།། །།ཐུགས་རྗེ་ཆེན་པོ་ཉམས་སུ་ལེན་པའི་རྣལ་འབྱོར་པས། སེམས་བག་ཆགས་མ་བྲལ་གྱི་བར་འཁོར་བ་དང་དབྱེར་མི་ཕྱེད་པས་སེམས་སྟོང་པར་རྟོགས། འཁོར་བ་ཆོས་ཉིད་ཀྱི་སྐྱེ་མེད་དུ་མ་རྟོགས་བར་དུ། རིགས་དྲུག་གི་ལམ་མི་འགགས་པས། སེམས་ངོ་བོ་སྐྱེ་མེད་དུ་རྟོགས། གཉིས་སྣང་གི་རྟོག་པ་རང་སར་མ་གྲོལ་བར་དུ། བདག་གཞན་གྱི་གཟུང་འཛིན་མི་འཛད་པས་གང་ཡང་རང་སར་གྲོལ་དུ་ཆུག །ཚོགས་དྲུག་ཆོས་ཉིད་རང་སར་མ་ཤེས་ན། སེམས་འཛིན་གྱི་ས་མི་ཆོད་པས་སྣང་བ་རང་སར་གྲོལ་དུ་ཆུག །འཁོར་བ་ལ་སྐྱོ་བ་མ་སྐྱེས་བར་དུ་ཆོས་མི་འོང་བས། བྱས་པ་དོན་མེད་མ་བྱེད། ཆོས་ཉིད་ཀྱི་དོན་སྦྱོངས། འཇིག་རྟེན་ཆོས་བརྒྱད་དང་མ་བྲལ་བར་དུ་འཁོར་བ་དང་བློ་མི་ཕྲེལ་བས། འཇིག་རྟེན་འདི་ཡིས་ཁེ་གྲགས་ཐམས་ཅད་དགོས་མེད་དུ་ཤེས་པར་གྱིས།ཆོས་མིང་མེད་བློ་འདས་ཚིག་ལས་འདས་པ་གཅིག་ཏུ་མ་གོ་བར་དུ་ཆོས་ཚིག་དང་ཡི་གེ་ལ་ཟད་པ་མི་འོང་བས། ཆོས་ཚིག་དང་དཔེ་ཕྱིར་མ་འབྲེང་། བྱ་མེད་བློ་འདས་སུ་གོ་བར་བགྱིས། གདམས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། སློབ་དཔོན་པདྨ་འབྱུང་གནས་ཀྱི་དོན་རྒྱུད་དུ་གསུངས་པ། རྡོ་རྗེ་རྩེ་མོའི་རྒྱུད་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་དང་། ལྷ་སྲས་ཁྲི་སྲོང་ལྡེ་བཙན་ལ་གསང་