Ngb-pt-0682-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ་པདྨ་དེ་བ་སརྦ་ཀེ་ཏུ་ཧྲི་ཧ་ཡ་གྲི་ཏནྟྲ་ཨེ་མ་ཧོ་ནཱ་མ། །བོད་སྐད་དུ། པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་ཟིཚ་ངགི་ངཅི་ང་་ང་་མེ་དྲིཞི་བ། །འཕགས་པ་སྤྱན་རས་ག གས་དབང་ཕྱུག་ལ་ཕྱག་འ ལ་ལ། །འད་སྐད་བདག་ ་ཐས་པའ་དུས་ག ག་ན། བཅམ་ལྡན་འདས་ར་བ་པ་ཏ་ལའ་རྩ་མ་ན། ། ་ཏག་ ་ མ་པ་སྣ་ཚོགས་པས་བརྒྱན་པོ། །འཛམ་བུ་ནཱ་དའི་གསེར་གྱི་མདོག་དང་འདྲ་བ། །རིན་པོ་ཆེ་ཀུན་ཏུ་འབར་བའི་ས་ཕྱོགས་ན། །དམ་ཚིག་གིས་མཆོད་པ་སྣ་ཚོགས་བཤམས་ནས་བཞུགས་ཏེདེངཚེ་་་་་་་དེབིལིཡེཤེཇིརྟེང་སྤྱིཏེར་། ། འ་ ་འཁར་ན་ཁྲ་བ་དང་། །ཁྲ་མ་དང་། མ་མ་དང་། མཁའ་འགྲ་དང་། མ་ཧྭ་ཀ་ལ་དང་། ་ ་ཀ་ ་དང་། ་ ས་པ་དང་། །འ ག་ ན་པའ་གནད་ ན་དང་། །ག ་སྐྱང་གི་ངངཙངང་་ངམིངངབྱེང་་ ་གནད་སྦྱན་བརྒྱད་རགས་མ་དང་བཅས་པ་དང་། །ག ང་རགས་ཀྱ་མགན་པ་བདུན་ཅུ་རྩ་གཉས་དང་། ། ་དང་མ་མ་ཡན་པ་ ་བ་ཁྲག་ཁྲག་བརྒྱ་སྟང་དུ་མས་བཅམ་སྟིང་་ཅིསྟི་་་་་ཏེ་གེལྡན་འདས་ལ་བ ་སྟང་དུ་བྱས། །བླ་མར་བྱས། །ར་མར་བྱས། །མཆད་ ང་། །བཀུར་ ་བྱས་ཏ་ཡངས་སུ་བསྐར་ནས་མདུན་དུ་བྱས་པ་ལ་ཆས་སྟན་ ། །ཐག་མར་ད ་བ། །བར་དུ་དགེ་བ། །དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་གསལ་བ། །ཡོངས་སུ་ཞི་བ། གསང་བས་ཀྱང་ཆེས་གསང་བ་འབའ་ཞིག་ཡང་དག་པར་རབ་ཏུ་སྟོན་ཏོ། །པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བ་ལས། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྲོ་བོ་ཆེན་པོ་འཇིགས་སུ་རུང་བ་ཉིད་དུ་སྐུ་སྤྲུལ་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཉིད་ཀྱི་སྐུ་ལ་རྫོགས་པ་བྱས་ནས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞི་བ་དང་། རྒྱས་པ་དང་། །དབང་དུ་སྡུ་བ་དང་། ཚརབཅད་པར་བགྱི་བའི་དེ་ཁོ་ན་ཉིད་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །ལེགས་སོ་ལེགས་སོ་རྟ་གདོང་ཞལ། །ཁྱེད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །སྣང་སྲིད་འབྱུང་བ་ཐམས་ཅད་ཀྱང་། །གཞལ་ཡས་ཁང་གི་རང་བཞིན་ཏེ། །བདེ་གཤེགས་ལྷ་ཚོགས་ཐམས་ཅད་ཀྱང་། །དབང་ཆེན་སྐུ་ལ་ཡེ་ནས་རྫོགས། །འཕྲིན་ལས་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ། །དེ་བཞིན་ཉིད་ཀྱི་ངང་དུ་རྫོགས། །ཞེས་གསུངས་ནས། བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །སྐུ་རྡོ་རྗེ། གསུང་རྡོ་རྗེ། །ཐུགས་རྡོ་རྗེ་ལས་འདི་དག་བྱུང་ངོ་། །གསང་བ་ཆེན་པོ་དམ་ཚིག་ཅེས་བྱའོ། །ཛ་ཧཱུཾ༷་བ༷་ཧོ། དགུག་པ་དང་། གཞུག་པ་དྲང་། །བསྟིམ་པ་དང་། དགེས་པ་ཆེན་པོའི་དམ་ཚིག་གོ །ཨོ་ཨ་ཧཱུཾ༷། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གོ །ཨོ་ཨུ་ཧཱུཾ༷་ཧ༷་ཧྲི། དབང་རབ་ཏུ་རྫོགས་པའི་དམ་ཚིག་གོ །ཧ་ཡ་གྲི་བ་ཧྲི་གབ། པདྨ་ཏ་ཀྲིད་ཧྲི་གབ། པདྨ་བན་དྷ་ཧྲི་གབ། ཙན་དྷ་རག་ཤ་ཧྲི་གབ། ཧུ་ལུ་ཧུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། བསྲུང་བ་ཆེན་པོའི་དམ་ཚིག་གོ །ཨོ་༄༅། ཁུ་ལུ་ཧུ་ལུ་ཧཱུཾ༷་ཕཊ། །ཨེ་ཨ་ར་ལི་ཧྲི། ཁམས་གསུམ་དབང་དུ་སྡུད་པའི་དམ་ཚིག་ཆེན་པོའོ། །ཨོ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧཱུཾ༷། ཁུ་ལུ་ཧུ་ལུ་ཧཱུཾ༷་ཕཊ། རྩ་བའི་ངསྔ་གས་ཀྱི་དམ་ཚིག་ཆེན་པོའོ། །པདྨ་ཀྲོ་དྷི་ཤ་རི་བཛྲ་ཀི་ལ་ཡ། མ་ཧྭ་ཡཀྟ་ཀ་ལ་རུ་པ་ཀརྨ་ར༷་ར༷་ཛ་ལ་ར༷་ཧཱུཾ༷་ཕཊ། །བདེ་གཤེགས་ཐམས་ཅད་འདུས་པའི་དམ་ཚིག་ཆེན་པོའོ། །ཨོ་ན་ག་དུ་ཙན་ཏེ་ཙན་ཏེ་མི་ལི་མི་ལི་བྷན་དྷ་བྷན་དྷ་ན་ག་ནི་གྲྭཧྭ། །ཀླུ་གཟིར་བའི་དམ་ཚིག་ཆེན་པོའོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཙན་དྷ་མི་རི་ལི་ཙན་དྷ་ཙན་དྷི་ནཱ་ག་བྷན་དྷ་ཡ་ཕཊ་ཕཊ༷། ཕུར་པ་གདབ་བའི་དམ་ཚིག་ཆེན་པོའོ། །ཨོ་བཛྲ་མ་ཧྭ་ཤུ་རྒྱ་ཏ་རྙོ་ན་སུ་བྷ་ཝ་ཨུ་ད་མ་ཀོ྅ཧ༷། །དེ་བཞིན་ཉིད་ཀྱི་དམ་ཚིག་ཆེན་པོའོ། །ཨོ་དྷརྨ་དྷ་དུ་སྭ་བྷ་བ་ཨུད་མ་ཀོ྅ཧ༷། ཀུན་ཏུ་སྣང་གི་དམ་ཚིག་ཆེན་པོའོ། །ཨོ༷་བཛྲ་ཙིལྟི་ཧཱུཾ། ཁུའི་དམ་ཚིག་ཆེན་པོའོ། །ཨེ་ཡ་རྭ་ཀེ་ར༷་སྒྱུ༷། གཞལ་ཡས་ཁང་གི་དམ་ཚིག་ཆེན་པོའོ། །ཧཱུཾ༷་ཁ་དགེ་ལྔའོ། །ཨོ་བཛྲ་རྙུ་པེ་ཨུ་ཧཱུཾ༷། །ཨོ་བཛྲ་པྲསྤྲོ་ཨུ་ཧཱུཾ༷། །ཨུ་ལོ་ཀེ །བྷ་རྙེ་ནེ་ཝི་བྱེ། །ཨོ་བཛྲ་ཤསྡ་ཨ་ཧཱུཾ༷། ཨོ་གུ་རུ་སརྦ་ཏ་ཐུ་ག་ཏ་པུ་ཙ་སུ་བྷ་པ་ཨུ་ད་མ་ཀོ྅ཧི། །མཆོད་པ་འབུལ་བའི་དམ་ཚིག་ཆེན་པོའོ། །ཨོ༷་ཨེ་གྱེ་ཧི་བཛྲ་ཀྲོདྷ་ཧ་ཡ་གྲི་བ་མུ་ཏྲ་ཧཱུཾ༷་སརྦ་ཊ་ཀི་ནི་ཧྭ་བ་ལིང་ཏ་ཨི་དམ་རྙུ་པ༷། པྲསྤྲོ ཨ་ལོ་ཀེ །བྷ་རྙེ། ནེ་ཝི་བྱེ། མ་ཧྭ་ས་མ་ཡ། རཀྟ་ཙིསྟ་གོ་རོ་ཙ་ན། །བསུ་ར་མ་ཐ་བྷ༷་ཐ། ན་ན་ཝ་ཏེ། ས༷་སྒྱུ༷། ར༷་གྲིཏྣ་ཧྲི་ཙ་ན་ཁུ་ཧི་ཁུ་ཧི། གཏོར་མ་ཆེན་པོའི་དམ་ཚིག་ཆེན་པོའོ། །མ་ཧྭ་པ྅་ཨ་མྲི་ཏ་ཁུ་ཧི། །བདུད་རྩི་ཆེན་པོའི་དམ་ཚིག་ཆེན་པོའོ། །སརྦ་སིརྙི་ཨུ་ཡུ་པད་དྷི་ན་མི་ཏ་སིརྙི་པུ་ཏྲ་སི་རྙི་ཧཱུཾ༷་ཧཱུཾ༷། དངོས་གྲུབ་ཆེན་པོའི་དམ་ཚིག་གོ །ཙ་ཀྲ་ཨོ་སྒྱུ༷། །ཙཀྲ་ཧཱུཾ༷་བྲུ༷། ཙ་ཀྲ་ཏྭ༷་བྲུ༷། ཙཀྲ་ཧྲི་བྲུ༷། ཙཀྲ་ཧ་བྲུ༷། ཧཱུཾ༷་ཧཱུཾ༷་ཧཱུཾ༷། བྲོ་བརྡུངས་པའི་དམ་ཚིག་གོ ཁུ་ལུ་ཆེ་གེ་མོ་ཨུ་བེ་ཤ་ཡ། གཟིར་བའི་དམ་ཚིག་གོ །ཆེ་གེ་མོའི་ལ༷་ལ༷་སྟ༷་བྷ་ཡ་སྟ༷་པ་ཡ། ནག་རག་ཤ་ས་མ་ཡ། རག་ཤ་སྟ༷་པ་ཡ་ནན། མནན་པའི་དམ་ཚིག་གོ །ཨག་དྲ་ཡེ་ཛ་ལ་ར༷་ཁ་ཧི། སྦྱིན་སྲེག་གི་དམ་ཚིག་གོ །པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བ་ལས། །གསང་བའི་སྔགས་ཀྱི་དམ་ཚིག་ཆེན་པོའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་འདི་དག་བྱུང་ངོ་། ། ཧཱུཾ༷་དབང་གི་རྒྱལ་པོ་ཁྲོ་བོ་རྟ་མཆོག་དཔལ། །འཕྲིན་ལས་མྱུར་མགྱོགས་གར་ཡང་ཐོགས་པ་མེད། །དྲག་ཤུལ་སྲིན་པོ་འདུལ་བའི་དོན་སླད་དུ། །རྟ་མགྲིན་དབང་གི་དཀྱིལ་འཁོར་མ་ལུས་ཀུན། །རྟ་གདོང་ཞལ་གྱི་ཕྱག་རྒྱ་སྤྱན་འདྲེན་ན། །དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་སོལ། །ཕྲི་པདྨ་བཛྲ་མུ་ཁ་ཡོ་གི་ཤྭ་རི་ཧ་ཡ་གྲི་བ་ཨེ་གྱེ་ཧི་ཧྲི་ཧྲི། ཧཱུཾ༷། གདུལ་བྱ་དྲག་པོ་ཐོད་རུས་གཞལ་ཡས་སུ། །ཏི་ར་གསར་རྙིང་རོ་གདན་བཤམས་པ་ལ། །རྟ་མགྲིན་དབང་གི་དཀྱིལ་འཁོར་མ་ལུས་ཀུན། །རྔམ་བརྗིད་འགྱིངས་པ་ཚུལ་གྱིས་བཞུགས་སུ་གསོལ། །ཧཱུཾ༷་དབང་དྲག་འཇོམས་མཛད་སྲིན་པོ་འདུལ་བའི་ལྷ། །རྟ་མགྲིན་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །བརྐྱང་བསྐུམ་སྲིན་པོའི་ཚུལ་གྱིས་ཕྱག་འཚལ་ན། །ཐུགས་རྗེ་མཆོག་གིས་བདག་ལ་དགོངས་སུ་གསོལ། །ཧཱུཾ༷་བདེ་བར་གཤེགས་སོ་བཅོམ་ལྡན་འདས། །བདེ་བར་གཤེགས་སོ་ཁྲོ་རྒྱལ་གཙོ། །བདེ་བར་གཤེགས་སོ་ཨ་ར་ལི། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱི། །སྲིད་པའི་རྒྱ་མཚོ་མཐའ་དག་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཧཱུཾ༷་ལྷ་ཡི་རོལ་མོ་གླུ་བྲོ་རོལ་མོ་གར་གྱི་ཚོགས། །དགའ་ལྡན་གར་གྱི་ལོངས་སྤྱོད་བསོད་ནམས་གྲུབ་པའི་རྟགས། མཐུན་པར་སྣང་བའི་སྤྱོད་ཡུལ་དག་པ་ལ། །མཛེས་པར་བསྒྱུར་བའི་གར་དང་ཚངས་པའི་དབྱངས་ཀྱི་གླུ། །མི་གནས་རོལ་མོའི་བྲོ་དང་ཐུགས་དམ་བསྐུལ་བའི་མཆོག །སྤྲུལ་པ་མཆོག་གི་རྐྱེན་དུ་འཚམས་པའི་ཕྱིར། །བདེ་གཤེགས་འདུས་པའི་ཚོགས་ལ་འབུལ་ལགས་ན། །ཀུན་ཏུ་བཟང་པོའི་ངང་དུབཞེས་སུ་གསོལ། །མཚན་དང་ལྡན་པའི་བན་དྷ་མྲ །འབྲུ་བཅུད་དང་ནི་ཛ་གད་བཅས། །ར༷་ཡ༷་ཁ༷་གི་ཡིག་འབྲུ་ཡིས། །མེད་པར་སྟོང་པར་རབ་སྦྱངས་ཏེ། །དམ་ཚིག་ཡེ་ཤེ་བཀུག་བྱས་ནས། །གཉིས་མེད་འདྲེས་ནས་ཡིག་འབྲུ་གསུམ། །དུས་གསུམ་བདེ་གཤེགས་མཆོད་པའི་རྫས། །དེ་ཕྱིར་རང་བྱུང་བདུད་རྩིའི་སྔགས། །རང་ལ་མཆོད་ཅིང་རང་ལ་གསོལ། །ཐོད་རུས་མེ་ལྟར་འབར་བའི་གཞལ་ཡས་ནས། །རྟ་མགྲིན་དབང་གི་དཀྱིལའཁོར་མ་ལུས་པ། །དུག་ལྔ་སྨན་དུ་བསྒྱུར་བའི་མཆོད་པ་འབུལ། །འཕྲིན་ལས་མྱུར་མགྱོགས་སིརྙི་སྩལ་དུ་གསོལ། །ཡབ་ཡུམ་གཉིས་མེད་དགྱེས་པར་སྦྱོར་བའི་རྫས། །དབང་པོ་དབྱེར་མེད་བདེ་བ་ཆེན་པོ་ཡི། །བྱང་ཆུབ་སེམས་ཀྱི་མཆོད་པ་དམ་པ་འདི། །གཉིས་སུ་མེད་པའི་ཚུལ་གྱིས་བདག་འབུལ་ན། །བླང་དོར་མེད་དཔའི་ངང་དུ་བཞེས་སུ་གསོལ། །སྲིད་པའི་གཅོང་སྙིང་ཟད་པར་བསྒྲལ་བའི་ཕྱིར། །ཁམས་གསུམ་ནད་རྣམས་གསོ་བ་གཉེན་པོའི་རྫས། །བདུད་རྩི་ཆེན་པོ་པརྩི་ཨ་མྲི་ཏ། བླ་མེད་སྨན་པའི་ཚོགས་ལ་འབུལ་ལགས་ན། །འགྲོ་བའི་རིམས་ནད་བཅད་ཕྱིར་བཞེས་སུ་གསོལ། །ཉོན་མོངས་མ་རིག་ལས་ཀྱིས་འཁྲུལ་པ་དག །འཇིག་རྟེན་སྐྱེ་ཤི་རྩད་ནས་བཅད་པའི་ཕྱིར། །དུང་ཆེན་དམར་གྱིས་བཀང་བའི་རྫས་རྣམས་འདི། གཉིས་སུ་མེད་པའི་ཚུལ་གྱི་འབུལ་ལགས་ན། །བླང་དོར་མེད་པའི་ངང་དུ་བཞེས་སུ་གསོལ། །ཡིད་ལ་གདུང་བའི་རིགས་མ་འབྲེལ་བའི་རྫས། །ཡབ་ཡུམ་གཉིས་མེད་ཐབས་དང་ཤེས་རབ་ཡེ་འབྲེལ་ཡང་། །ཟླ་ཁམ་འདུ་འབྲལ་མེད་པའི་མཆོད་པ་འདི། །གཉིས་སུ་མེད་པའི་ཚུལ་གྱིས་བདག་འབུལ་ན། །བླང་དོར་མེད་པའི་ངང་དུ་བཞེས་སུ་གསོལ། །རང་རྒྱུད་བཤིག་པའི་ཕུང་པོ་གདོས་པ་ཅན། །བདག་མེད་རྒྱལ་བའི་ཞིང་དུ་སྦྱོར་བའི་ཕྱིར། །ཞིང་ཆེན་རྫས་ཀྱི་མཆོད་པ་དམ་པ་འདི། །གཉིས་སུ་མེད་པའི་ཚུལ་གྱིས་བདག་འབུལ་ན། །བླང་དོར་མེད་པའི་ངང་དུ་བཞེས་སུ་གསོལ། །ལག་པ་གཡས་པའི་སོར་མོ་ལ། །ཡབ་ཀྱི་དཔའ་བོ་འབྲུ་ལྔ་བཀོད། །ལག་པ་གཡོན་པའི་སོར་མོ་ལ། །ཡུམ་གྱི་དཔའ་མོ་འབྲུ་ལྔ་བཀོད། །ཡབ་ཡུམ་གཉིས་མེད་སྦྱོར་བ་ལས། །རིགས་ལྔའི་ཕྱག་རྒྱ་འབྱུང་བའི་རྒྱུ། །གཡོན་པ་རྡོ་རྗེ་ཁུ་ཚུར་དུ། །གཡས་པའི་འཛུབ་མོ་བཀུག་ནས་ནི། །སྙིང་ཁར་བཞག་སྟེ་བསྒོམ་པ་ན། །རྣམ་སྣང་དཔལ་གྱི་ཕྱག་རྒྱའོ། །གཡས་པའི་ཐལ་མོ་སྙིང་ཁར་བརྐྱང་། །གཡོན་པའི་ཐལ་མོ་ས་ལ་གཏུགས། །མི་འཁྲུགས་པ་ཡི་ཕྱག་རྒྱའོ། །གཡས་པའི་ཐལ་མོ་སྙིང་ཁར་བརྐྱང་། །གཡོན་པའི་ཐལ་མོ་གན་རྐྱལ་གནས། །སྤྱིན་པའི་ཚུལ་གྱིས་སྟོན་པ་ནི། །རིན་ཆེན་འབྱུང་བའི་ཕྱག་རྒྱའོ། །ལག་པ་གཡས་པས་གཡོན་མནན་ནས། །སྙིང་ཁར་བཞག་སྟེ་སྒོམ་པ་ནི། །འོད་དཔག་མེད་པའི་ཕྱག་རྒྱའོ། །གཡོན་པའི་ཐལ་མོ་སྙིང་ཁར་བརྐྱང་། །གཡས་པ་སྐྱོབ་པ་ལྟར་བྱེད་པ། །གདོན་མི་ཟ་བའི་ཕྱག་རྒྱའོ། །ལག་གཉིས་རྡོ་རྗེ་བསྡམས་ནས་ནི། །མཛུབ་གཉིས་ལྕགས་ཀྱུ་ལྟར་བཀུག་སྟེ། །འགུགས་ཤིང་འདྲེན་པ་ལྟར་བྱེད་པ། །རིག་བྱེད་ལྕགས་ཀྱུའི་ཕྱག་རྒྱའོ། །ལག་གཉིས་རྡོ་རྗེ་བསྡམས་ནས་ནི། །གུང་མོ་མཐེ་ཆུང་རྩེ་སྤྲད་པ། །མཛུབ་གཉིས་ལྕགས་ཀྱུ་ལྟར་བཀུག་སྟེ། །མཐེ་བོང་ཕྲལ་ནས་སྒྲེང་བ་ནི། །རྟ་གདོང་ཞལ་གྱི་ཕྱག་རྒྱའོ། །ལག་གཉིས་རྒྱབ་སྦྱར་སྲིན་ལག་སྦྲེལ། །མཐེ་བོང་གུང་མོ་སོ་སོར་སྦྱར། །ལུ་གུ་རྒྱུད་ཀྱི་ཕྱག་རྒྱའོ། །ལག་གཉིས་མཐེ་བོང་སྦྲེལ་པ་ལས། །ལྷག་མ་ཤིང་ལོ་ལྟར་བརྐྱང་སྟེ། །ལྟ་ཟུར་གཡོས་གཡོན་རྐྱངས་པ་ནི། །རྣམ་རྒྱལ་གཤོག་པའི་ཕྱག་རྒྱའོ། །ལག་གཉིས་མཐེ་བོང་སྦྲེལ་ནས་ནི། །གཡས་པའི་སོར་མོ་བསྐུམ་བྱས་ནས། །གཡོན་པ་བརྐྱང་སྟེ་ཐུར་དུ་གཟུགས། །བརྐྱང་བསྐུམ་པ་ཡི་ཕྱག་རྒྱའོ། །ལག་པ་གཡས་གཡོན་ཐལ་མོ་སྦྱར། །རྩ་བསྣོལ་བུག་བུག་ལྟར་བྱས་ལ། །དམ་ཚིག་སྦྱོར་བའི་ཕྱག་རྒྱའོ། །ལག་པ་གཡས་གཡོན་གར་བསྒྱུར་ཞིང་། །ཁ་ནས་སྔགས་དང་ཚིག་ཟློས་པ། །གླུ་བྲོ་གར་གྱི་ཕྱག་རྒྱའོ། །ལག་པ་གཡས་པའི་སེར་མོ་བརྐྱང་། །གཡོན་པའི་སེར་མོ་ཕྱེད་གླེབ་སྦྱར། །སྤྱི་བོར་བཞག་སྟེ་ཕྱག་བྱས་པ། །སྤྱི་གཙུག་རྒྱལ་བའི་ཕྱག་རྒྱའོ། །རྐང་པ་གཡས་བསྐུམ་གཡོན་བགྲང་ནས། །ལག་པ་ཐལ་སྦྱར་ཕྱག་བྱས་པ། །བརྐྱང་བསྐུམ་སྲིན་པོའི་ཕྱག་རྒྱའོ། །ལག་པ་གཡས་གཡོན་སྙིང་ཁར་བསྣོལ། །མིག་གཉིས་གཙུམས་ནས་ཕྱག་བྱས་པ། །མི་གཡོ་བསམ་གཏན་ཕྱག་རྒྱའོ། །གཡས་པའི་ཐལ་མོ་སྙིང་ཁར་སྦྱར། །གཡོན་པའི་ཐལ་མོ་སྙིང་ཁར་སྒྲིམ། །མ་མོ་འཛུམ་པའི་ཕྱག་རྒྱའོ། །གཞོགས་གཡས་ས་ལ་བསྟན་ནས་ནི། །ལག་གཉིས་ས་ལ་བསྡེབས་པ་ནི། །ཀླུ་ཕྲུག་ཁྲོས་པའི་ཕྱག་རྒྱའོ། །རྐང་གཉིས་ལོང་བུ་སྦྱར་ནས་ནི། །ལག་གཉིས་ཐལ་སྦྱར་ཙོག་པུར་འདུག །དྲང་སྲོང་ཙོག་པུའི་ཕྱག་རྒྱའོ། །ལག་པ་གཡས་པའི་ཐལ་མོ་ལ། །མདངས་ཆེན་ཕྱུང་ནས་ལྟས་པ་ནི། །ལྷ་མོ་མདངས་ཀྱི་ཕྱག་རྒྱའོ། །ལག་པ་ཐལ་མོ་ལུས་བ་་ནས། །གུས་པའི་སེམས་ཀྱིས་བསྐོར་བ་ནི། །ཐལ་སྦྱར་མ་ཡི་ཕྱག་རྒྱའོ། ། ཧཱུཾ༷།དུས་མཐའི་བསྐལ་པ་མེ་ལྟར་འབར་བའི་ཀློང་རུམ་ནས། །ཟ་བྱེད་ལེ་བརྒན་འབར་བའི་སྐུ། །དབང་གི་འཕྲིན་ལས་རྟ་གདོང་ལྗང་ཁུ་ནི། །འོད་ཀྱི་གཟི་བརྗིད་ནམ་མཁའ་མདངས་སུ་ཆེ། །སྦྱན་གྱི་གཟིགས་སྟངས་འཕྲིན་ལས་རྣམ་པ་བཞི། །སྡང་མིག་ལྟ་ཞིང་སྤྱན་དམར་ཟློག་པས་ནི། ང་མེད་བདག་ཏུ་ལྟ་བའི་ཁྲོ་བོ་ཀུན། །ཕྱོགས་མེད་ཟིལ་གྱིས་གནོན་པར་ཐུགས་དམ་བསྐུལ། །ཟུར་མིག་ཕྱེད་ཀྱིས་གཟི་མ་དངས་རབ་བསྟན་པས། །གསང་བ་ཡུམ་གྱི་ཚོགས་རྣམས་མ་ལུས་ཀུན། །གདུང་བའི་སེམས་ཀྱིས་སྐུ་ལ་འཁྲིལ་བ་ཡིས། །ཟླ་ཁམ་འདུ་འཕྲོའི་མཆོད་པ་འབུལ་བ་དང་། །ས་ནི་གནས་སུ་ལིང་ཀ་བཏབ་པའི་ཕྱིར། །ཐོགས་མེད་ཟིལ་གྱིས་མནན་པར་ཐུགས་དམ་བསྐུལ། །ངན་སོང་ཡོངས་སུ་སྦྱོར་བའི་གཟིགས་སྟབས་ཀྱིས། །ལོག་འདྲེན་གཏན་སྲིད་འ་ས་པའི་ཡི་དགས་དང་། །གཏི་མུག་ཡོངས་སུ་རྨོངས་པའི་བྱོལ་སོང་དང་། །སྡུག་བསྔལ་བཟོད་པར་དཀའ་བའི་དམྱལ་ཚོགས་གསུམ། །ཐར་ལམ་ཡང་དག་དབྱིངས་སུ་དྲང་བའི་ཕྱིར། །འཁོར་བའི་གཡུལ་ལས་བཟློག་པའི་ཐུགས་དམ་བསྐུལ། །དགྱེས་པའི་གཟི་མདངས་ཞི་བའི་གཟིགས་ལྟབས་ནི། །སྲིད་གསུམ་རབ་འབྱམས་འཇིག་རྟེན་མ་ལུས་ཀུན། །མཉམ་ཉིད་དབྱིངས་སུ་ཟིལ་གྱིས་མནན་བའི་ཕྱིར། །ཞེ་སྡང་ཁྲོ་གཏུམ་ཞི་བར་ཐུགས་དམ་བསྐུལ། །ཁྲོ་རྒྱལ་སྤྱན་གྱི་བག་ཆགས་མ་ལུས་ཀུན། །ལོག་པར་ལྟ་བའི་ལིང་ཏོག་མ་ལུས་བསལ་བའི་ཕྱིར། །པདྨ་སྤྱན་གྱིས་བྱིན་རླབས་བསྐྱེད་པར་བསྐུལ། །ཁྲོ་རྒྱལ་སྙན་གྱི་རྡོ་རྗེ་ཁོང་སེང་་ལས། །གསང་བ་མ་འགགས་ཆོས་ཀྱི་སྒྲ་དབྱངས་ཀྱིས། །དམིགས་པ་མ་ཆགས་ཆོས་ཀྱི་སྒྲ་ལ་སོགས། །སྒྲ་ཡིས་ཇི་བཞིན་གོ་བར་ཐུགས་དམ་བསྐུལ། །གཞན་གྱི་སྙན་དང་ཐུན་མོང་མ་ལགས་ཏེ། །ཐུགས་རྗེའི་སྙན་གྱིས་ཉམ་ཐག་ཀུན་ལ་གསན། །ཡེ་ཤེས་སྙན་གྱིས་ཁམས་གསུམ་ལ་ལེར་གནས། །ཐབས་ཀྱི་སྙན་གྱིས་བསྐུལ་བའི་དབྱངས་ལ་གསན། །ཕྱི་ནང་གསང་བའི་སྙན་སྙུང་རྫོགས་པ་ཡི། །ཇི་སྲིད་གདུལ་དཀའ་འདུལ་བར་ཐུགས་དམ་བསྐུལ། །ཁྲོ་རྒྱལ་འབར་བའི་ཤངས་ཀྱི་ཀློང་རུམ་ནས། །དུག་ལྔ་གསོད་བའི་ཚོན་ལྔ་ཡེ་ཤེས་སྐུ། །ཁམས་གསུམ་སྒྲོལ་བའི་འཕྲིན་ལས་བཅོ༷ལ་བ་ནི། །ཨ་འདོད་ཆགས་དབང་སྒྱུར་དྲི་མེད་པདྨའི་སྐུ། །ཆགས་པའི་སྐྱོན་རྣམས་སྦྱངས་པར་ཐུགས་དམ་བསྐུལ། །ཧཱུཾ༷་ཞེ་སྡང་དབང་བསྒྱུར་སྐྱེ་མེད་རྡོ་རྗེའི་སྐུ། །དུག་ལྔའི་ཕུང་པོ་བཤིག་པར་ཐུགས་དམ་བསྐུལ། །ཨོ། །གཏི་མུག་དབང་སྒྱུར་ཡེ་ཤེས་འཁོར་ལོའི་སྐུ། །མ་རིག་རྨོངས་པ་བསལ་བ་ཐུགས་དམ་བསྐུལ། །སྭ་ང་རྒྱས་དབང་སྒྱུར་ཡིད་བཞིན་༷ནོར་བུའི་སྐུ། །དྲག་པོ་ཟུག་རྔུ་འཇོམས་པར་ཐུགས་དམ་བསྐུལ། །ཧ། །ཕྲག་དོག་དབང་སྒྱུར་བདེ་ཆེན་གར་གྱི་སྐུ། །སྐྱེ་ཤི་རྩད་ནས་གཅོད་པའི་ཐུགས་དམ་བསྐུལ། །ཁྲོ་རྒྱལ་རྔམ་པའི་ཞལ་གྱི་ཀློང་རུམ་ནས། །ཧོ་ལྔ་འབྲེལ་བའི་སྤྱིན་སྲེག་ཆེན་པོ་མཛད། །ཟ་བྱེད་ཁྲོ་བོའི་དཀྱིལ་འཁོར་མ་ལུས་ཀུན། །དུག་ལྔ་གསོ་བའི་མགྲོན་དུ་སྤྱན་འདྲེན་གྱིས། །རྒྱུད་དྲུག་གཏོར་མར་བཞེས་པར་ཐུགས་དམ་བསྐུལ། །པདྨ་ལེ་བརྒན་ཅིར་ཡང་ འགྱུར་བའི་ལྗགས། །ཟླ་ ཁམ་འཕྲོ་འདུ་དབྱིངས་སུ་འགྱུར་བའི་གསུང་ ། །དྲི་མེད་རྒྱལ་བའི་གསུང་རབ་བདུད་རྩིའི་ཆར། །བདེ་ཆེན་ཆུ་རྒྱུན་འབབ་ པར་ཐུགས་དམ་བསྐུལ། །ཐུགས་ནི་ཁྲོ་རྒྱ་འབར་བར་བསྐྱེད་པའི་ལྷ། །ཕྲ་མོའི་ཏིང་འཛིན་ཡེ་ཤེས་ཧེ་རུ་ཀ །རྡུལ་གཅིག་སྟེང་ན་རྡུལ་སྙེད་སྐུ་སྤྲུལ་ཞིང་། །ཆོས་ཀྱི་དབྱིངས་ཀྱིས་བསྡུས་པའི་འཇིག་རྟེན་ན། །མ་རིག་རྨོངས་པའི་གདོས་པའི་མཁའ་འགྲོ་དང་། །རྣལ་འབྱོར་དམ་ལ་གནས་པའི་སྒྲུབ་པ་པོ། །ཐོག་མ་མེད་པའི་དུས་ནས་འཁོར་བའི་རྒྱུད། །གཟུགས་འཛིན་རྐྱེན་གྱི་བག་ཆགས་མ་ལུས་ཀུན། །གཏན་ནས་སྦྱང་བར་ཐུགས་དམ་ཆེན་པོ་བསྐུལ། །སྐུ་ཡི་ཁྲོ་རྒྱལ་རྔམ་བརྗིད་འགྱིངས་པའི་ལྷ། །ཐོད་སྦྲུལ་མེ་ལྟར་འབར་བའི་ཧཱུཾ༷་སྒྲ་ཅན། །ཞལ་ཆེན་ཐིག་ལེ་ཐལ་ཆེན་ཚོམ་བུས་བརྒྱན། །སྤྲུལ་བ་རྒྱ་མཚོ་སྐར་ལྟར་འཁྲིགས་པའི་སྤྲིན་ཚོགས་ལ། །དུག་གསུམ་རྟོགས་ པ་རྨོངས་ པའི་ སེམས་ ཅན་རྣམས། །གདུག་ པ་མ་ལུས་ འདུལ་ བར་ཐུགས་ དམ་ བསྐུལ། །ཧཱུཾ༷། །ཐུགས་ དམ་དབང་ གིས་ ལོག་ འདྲེན་སྟབ་ པའི་ཕྱིར། །དབུ་རྒྱན་ ཚོགས་ཀྱི་ཐུགས་ དམ་ནི། །དབང་རྣམས་རྫོགས་པའི་འཕྲིན་ལས་མཛོད། །རྟ་མཆོག་རོལ་པའི་ཐུགས་དམ་ནི། །སྲིན་པོ་འདུལ་བའི་འཕྲིན་ལས་མཛོད། །ཡེ་ཤེས་སེམས་དཔའི་ཐུགས་དམ་ནི། །མཁྱེན་རབ་གསལ་བའི་འཕྲིན་ལས་མཛོད། །ཕྱག་མཚན་ཚོགས་ཀྱི་ཐུགས་དམ་ནི། །འགྲོ་བ་འདུལ་བའི་ཕྲིན་ལས་མཛོད། །གཤོག་པ་ཚོགས་ཀྱི་ཐུགས་དམ་ནི། །ཀླུ་རྣམས་འདུལ་བའི་འཕྲིན་ལས་མཛོད། །ཐོད་སྦྲུལ་ཚོགས་ཀྱི་ཐུགས་དམ་ནི། །གདུག་པ་འདུལ་བའི་འཕྲིན་ལས་མཛོད། །ཞབས་ཀྱི་ཚོགས་ཀྱི་ཐུགས་དམ་ནི། །གཟིར་མནན་བསྐྲད་པའི་འཕྲིན་ལས་མཛོད། །ཁྲོ་གཉེར་ཚོགས་ཀྱི་ཐུགས་དམ་ནི། །ཚེ་གནས་གནས་པའི་འཕྲིན་ལས་མཛོད། །དཔལ་ཆེན་ཚོགས་ཀྱི་ཐུགས་དམ་ནི། །ལྷུན་གྱི་གྲུབ་པའི་འཕྲིན་ལས་མཛོད། །ཨོ་གུ་གྱེ་སིརྙི། །ཡོ་གི་ནི་ཧྲེ་ཧྲི་སྨྱོ་སྨྱོ། ཁ་ཁ་ལེ་ལེ་བྷ་ན་སིརྙ་ཙྭ་ན་སིརྙི། ཏ་ན་སིརྙི། །ཀརྨ་སིརྙ་སྨྱོ། །རཀྟ་སིད་དྷི་སྨྱོ། །ཡཀྟ་སིརྙི་སྦྱོ། །ཨ་ལ་ལ་སྨྱོ། །ཞེས་བཀའ་སྩལ་ཏེ། །པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བ་ལས། །མཉེས་པའི་མཆོད་པ་དང་བཅོལ་བའི་འཕྲིན་ལས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་འདི་དག་བྱུང་ངོ་། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། ལུས་ཀྱི་ཆོས་ནི་གནས་པ་ཡིན། །དབུས་ནི་ཟླ་ཁམས་ཨེ་ཡི་དཀྱིལ། །རྩིབས་བརྒྱད་འཁོར་ལོ་མཐའ་བསྐོར་ལོ། །རྡོ་རྗེའི་རྩིབས་ལ་མེ་རི་འབར། ཁུ།་ལྗང་ཐོད་པས་པརྩི་འཁྲིགས། །ལྷ་རྣམས་ཐོད་པས་རབ་ཏུ་གང་། །སྒོ་བཞི་ཀ་བརྒྱད་བ་ཡུ་མཛེས། །འདོད་ཡོན་པ་གུ་དྲ་ཕྱེད་མདའ། །གདུགས་དང་རི་དགས་སྒོ་བརྒྱན་མཛེས། །རིགས་དང་ཡུམ་དང་སེམས་དཔའ་སྒོ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་འབར། །འདོམ་གང་གྲུ་བཞིར་ཡང་དག་གནས་ །རཀྟའི་བྱུག་པས་ཀུན་ཏུ་ཁྱབ། །རྩ་ཐིག་བདུད་རྩི་མཚོན་གྱི་མཆོག །སྙིང་ནི་ཕོ་བྲང་ཀ་བརྒྱད་ཀ། །ཡན་ལག་སྒོ་བ་ཆེན་པོ་བཞི། །སོ་སེན་བ་སྐྲུ་ད་རས་བརྒྱན། །ལུས་ཀྱི་དྲོད་ནི་མེ་རི་འབར། །སྨ་ར་བ་སྐྲུ་ཀུ་ཤའི་གདན། །མགོ་བུམ་སྐྲ་ཡི་ཁ་བརྒྱན་ཅན། །རྣ་བ་ པདྨའི་དར་དབྱངས་ཅན། །ཀླད་པ་བྱང་སེམས་རྫས་དང་ལྡན། །དབང་པོ་གསེར་སོགས་རིན་ཆེན་ལྔ། །སོ་ནི་མུ་ཏིག་འཕྲེང་བ་སྟེ། །ཕུང་པོ་ལྔ་ནི་སངས་རྒྱས་ལྔ། །འབྱུང་བ་ལྔ་ནི་ཡུམ་ལྔའོ། །སྐྱེ་མཆེད་དྲུག་གི་སེམས་དཔའ་དྲུག །སྣ་ཚོགས་སེམས་ནི་ངོ་བོར་གནས། །སེམས་ཉིད་སངས་རྒྱས་ལྷུན་གྱིས་གྲུབ །ཆོས་སྐུའི་རང་བཞིན་ཆེན་པོར་གནས། །མ་འགགས་ལོངས་སྤྱོད་རྫོགས་པའི་སྐུ། །ཕྱོགས་བཅུའི་འོད་ཟེར་སྤྲུལ་པའི་སྐུ། །སྐུ་གསུམ་འབྲས་བུ་ལྷུན་གྱི་གྲུབ། །ཅེས་བཀའ་སྩལ་ཏོ། །པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བ་ལསདཀྱིལ་འཁོར་ཆེན་པོར་གྲུབ་པའི་ལེའུ་སྟེ་བཞི་པའོ།། །།ཐོབ་དང་མ་ཐོབ་ཐོབ་ཆེན་པོ། །ཐོབ་ཀྱང་མི་གནས་དོར་བར་བྱ། །ཐོབ་པ་ལ་ནི་བསྐུར་མི་བྱ། །བམ་གསང་ཤེས་རབ་རིན་པོ་ཆེ། །སྒྲ་ཐོས་མཆི་མ་དགའ་བ་སྐྱེ། །དང་པ་ཤེས་རབ་སྙིང་བརྩེར་ལྡན། །བརྩོན་གྲུས་བདུད་ཀྱིས་མི་འཕྲོག་པར། །དཀྱིལ་འཁོར་རྫས་དང་ཡང་དག་ལྡན། །མེ་ལོང་བརྡ་ལྡན་ཀ་པ་ལ། །དམ་ཚིག་ཡེ་ཤེས་རྫོགས་པར་བསྐྱེད། །ཛ་ཧཱུཾ༷་བ༷་ཧོ། །ཨོ་ཨུ་ཧཱུཾ༷། །ཨོ་ཧཱུཾ༷་ཧྭ༷་ཧྲི་ཨ། སྒྲོལ་མ་ལ་སོགས་ལྷ་མོས་སུ། །ཡབ་ཡུམ་སྙོམས་འཇུག་བྱང་སེམས་ཀྱིས། །འཁོར་ལོ་བཞི་གང་བདེ་ཉམས་དྲན། །ཆོས་རྣམས་ཆུ་ཟླ་གཟུགས་བརྙན་དང་། །འཇའ་ཚོན་བྲག་ཆ་སྨིག་རྒྱུ་བརྟག །རིགས་ཀྱི་བུ་ཡིས་ཡང་དག་བཟུང་། །ཞེས་བཀའ་སྩལ་ཏོ། །པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བ་ལས། །དབང་བཞི་བསྐུར་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྐུ་གསུངས་ཐུགས་རྡོ་རྗེ་ལས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ། །རྟ་མཆོག་ཁྲོ་བོའི་ཚོགས་ཆེན་པོ། །ངན་སོང་ལམ་རྣམས་བརླག་པ་དང་། །འགྲོ་དྲུག་གཡེང་ས་བཅད་པ་དང་། །སྔགས་ཀྱི་བར་ཆད་གདུལ་བ་དང་ ། །གདུག་པའི་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཁྲོ་ཆེན་འབར་བའི་བྲོ་རྡུངས་ཤིག །དེ་ནས་ཐུགས་རྗེའི་སྟོབས་ཆེན་པོས། །ཡིག་འབྲུ་གནས་སུ་བཀོད་བྱས་ཏེ། །ཁྲོ་བོའི་ཆེ་བ་ཧཱུཾ༷་བརྗོད་པས། །རྡོ་རྗེ་འབར་བའི་ས་གཞི་ལ། །དུག་གསུམ་བདལ་བའི་དཀྱིལ་འཁོར་དུ། །རྟ་མཆོག་རོལ་པའི་བྲོ་བརྡུངས་པས། །ཁྲོ་བོའི་སྤྲིན་གྱི་རྟ་བྲོ་སྟེ། །ཚོམ་བུ་འབུམ་གྱི་ཕྱོགས་ཕྱོགས་ནས། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམས། །རྟ་བྲོ་འཁོར་གཅིག་དང་པོ་ལ། །ཁྲོ་བོའི་བདུད་འདུལ་རོལ་པའི་བྲོ། །ཞེ་སྡང་རུས་པའི་རི་རབ་འཇོམས། །རྟ་བྲོ་ཁོར་གཅིག་བར་པ་ལ། །གཟི་ལྡན་མཛེས་མཆོག་ཡུམ་གྱི་བྲོ། །འདོད་ཆགས་ཁྲག་གི་རྒྱ་མཚོ་སྐེམས། །རྟ་བྲོ་ཁོར་གསུམ་ཐ་མ་ལ། །སྤྲུལ་པས་གདུག་པ་འདུལ་བའི་བྲོ། །གཏི་མུག་རྐང་རྣམ་སྦུབས་ནས་འདྲེན། །ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཧཱུཾ༷་ཧཱུཾ༷་ཧཱུཾ༷། ངན་སོང་གསུམ་གྱི་ཕུང་པོ་ལ། །དཔའ་བོ་འབྲུ་ལྔ་འཕྲ་བཀོད་པས། །རྒྱུད་དྲུག་འབྲོས་ཁུང་གཅོད་པའི་རྒྱ། །ལུས་ངག་སེམས་ཀྱི་ས་གཞི་ལ། །ཡིད་འབྲུ་འཁྲུག་པའི་བྲོ་བརྡུངས་པས། །དུག་གསུམ་རྡུལ་ཕྲན་བཞིན་དུ་འཇིག །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་ད་སྦྲུལ་ཅིག །ཚོན་ལྔ་རྒྱས་པའི་དཀྱིལ་འཁོར་དུ། །ཁམས་གསུམ་འཁོར་བའི་བྲོ་བརྡུངས་པས། །འཁོར་ལོས་སྒྱུར་བའི་རྒྱལ་པོར་བཤད། །ཐིག་ལེ་གསང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ལས་ཀྱི་བྲོ་བརྡུངས་པས། །དབང་ཕྱུག་གར་གྱི་རྒྱལ་པོར་འགྱུར། །ཧེ་ཚོགས་འདུས་པའི་དཀྱིལ་འཁོར་དུ། །དཔྲལ་བ་རྡོ་རྗེ་བྲོ་བརྡུངས་པས། །དགྲ་བོའི་ཀླད་པའི་རྒྱ་སྲུབས་ལགས། །མ་ཚོགས་འདུས་པའི་དཀྱིལ་འཁོར་དུ། །རྐང་པ་ཕུར་པའི་བྲོ་བརྡུངས་པས། །བགེགས་དང་འབྱུང་པོའི་སྙིང་ལ་བརྡུང་། །འཕྲ་མེན་འདུས་པའི་དཀྱིལ་འཁོར་དུ། །རྨིག་པ་ལྕགས་ཀྱི་བྲོ་བརྡུངས་པས། །དམ་སྲིན་རྣམས་ཀྱི་སྙིང་ལ་བརྡུང་། །གྱིང་ཆེན་འདུས་པའི་དཀྱིལ་འཁོར་དུ། །འཁོར་ལོ་མཚོན་ཆའི་བྲོ་བརྡུངས་པས། །སྲིན་པོ་བདུད་ཀྱི་སྙིང་ལ་བརྡུང་། །ཕོ་ཉ་འདུས་པའི་དཀྱིལ་འཁོར་དུ། །སྒམ་པ་རྒྱབ་ཀྱི་བྲོ་བརྡུངས་པས། །རྒྱབ་ཉལ་རྐུན་པོའི་སྙིང་ལ་བརྡུངས། །ཚོགས་དཔོན་འདུས་པའི་དཀྱིལ་འཁོར་དུ། །ཡུངས་ཀ་ར་སེར་བའི་བརྡུངས་པས། །དམ་ཚིག་ཉམས་ པའི་སྙིང་ལ་བརྡུང་ ། །ཙཀྲ་ཨོ་བྲུ༷། ཙཀྲ་ཧཱུཾ༷་བྲུ༷། །ཙཀྲ་ཏྲ༷་བྲུ༷། ཙཀྲ་ཧྲི་བྲུ༷། ཙ་ཀྲ་ཨ་བྲུ༷། ཧཱུཾ༷་ཧཱུཾ༷་ཧཱུཾ༷། དེ་ནས་ཡང་འཁོར་བའི་རྒྱུད་དག་ལ། །ལས་དང་ཉོན་མོངས་སྦྱ་ང་བའི་ཕྱིར། །ཐུགས་རྗེ་ཤུགས་ཀྱིས་འཇོམས་ པ་ཞེས་བྱ་བའི་བདུད་འདུལ་རོལ་བའི་བྲོ་བརྡུངས་པ་འདི་ལྷ་སྟེ། ཧཱུཾ༷། །ཞིང་བཅུ་བསྒྲལ་བའི་ཕུང་པོ་ལ། །གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང་། །དབང་མཆོག་རྟ་སྐད་ཙེ་རེ་རེ། ཁྲོས་པའི་འབྲུག་སྒྲ་འུ་རུ་སྲ །དཔལ་གྱི་རྔམ་སྒྲ་དི་རི་རི། །རོལ་བའི་རྟ་བྲོ་ཆེམས་སེ་ཆེམས། །གསང་བའི་སྒྱུགས་པ་ཀྱུ་རུ་རུཀ། །བསྐལ་བའི་གློག་འགྱུ་ལྗིབས་སེ་ལྗིབས། །རྡོ་རྗེ་ཐོག་འབེབས་ལམ་སེ་ལམས། །ཧཱུཾ༷་གིས་དབང་རྒྱུད་ཞིང་ཁམས་གཡོ། །ཕཊ་ཀྱི་ཁྲོ་སྤྲུལ་ལོ་ག་ཁྱབ། །ར༷་གྱིས་མེ་འབར་སྟོང་ཁམས་བསྲེག །གཅན་གཟན་མུན་པ་སྤྲིན་ལྟར་གཏིབས། །ཀང་ཀ་འདབ་ཆགས་སྐར་ལྟར་ཞབྲུག །སྔོན་གྱི་ཐུགས་དམ་བསྐང་བའི་ཕྱིར། །ཀུན་ཏུ་བཟང་པོའི་མཁའ་དབྱིངས་སུ། །ཁམས་གསུམ་ཡོངས་སྒྲོལ་མཛད་པའི་ཕྱིར། །རུས་པའི་ཕུ་ང་པོ་རི་རབ་ལ། །གཅན་གཟན་མཆེ་བའི་བྲོ་བརྡུངས་པས། །བདག་ལྟའི་ཞེ་སྡང་ཕུང་པོ་བཅོམ། །རཀྟའི་རྒྱ་མཚོ་འཁྱིལ་བ་ལ། །མ་ཚོགས་འདུས་པའི་བློ་བརྡུངས་པས། །འདོད་ཆགས་དངོས་པོ་རྩད་ནས་གཅོད། ཁྲ་ཆེན་ཕུང་པོ་སྐུངས་པ་ལ། །འདབ་གཤོག་རྒྱས་པའི་བྲོ་བརྡུངས་པས། །དའོ་སྙམ་པའི་ང་རྒྱལ་འཇོམས། །དབང་པོ་འ་ཡན་ལག་ཚོགས་པ་ལ། །སྡེར་ཆགས་འདུས་པའི་བྲོ་བརྡུངས་པས། །གཞན་དུ་རྟོག་པའི་ཕྲག་དོག་འཇོམས། དབུལ་འབྱིན་རྐང་སྣུམ་ཆེན་པོ་ལ། །རྡོ་རྗེ་ཆུ་ཡིས་བྲོ་བརྡུངས་པས། །གཏི་དམུག་རྨོངས་པའི་ངོ་བོ་འཇོམས། །།སྐུ་གསུམ་ཐུགས་ཀྱི་དཀྱིལ་འཁོར་དུ། །དུག་གསུམ་འཇོམས་པའི་བྲོ་བརྡུངས་པས། །སྔོན་གྱི་ཐུགས་དམ་ཆེན་པོ་སྐོངས། །མ་བདུན་མཁའ་འགྲོའི་དཀྱིལ་འཁོར་དུ། །སྟན་འགན་རོལ་བའི་བྲོ་བརྡུངས་པས། །རྣལ་འབྱོར་རྐང་པའི་ཆོ་ག་རྫོགས། །དབང་ཆེན་གར་གྱི་དཀྱིལ་འཁོར་དུ། །བདུད་བཞི་འདུལ་བའི་བྲོ་བརྡུངས་པས། །ཁམས་གསུམ་བསྒྲལ་བའི་ཆོ་ག་རྫོགས། །ཕྱག་བརྙན་འཚོགས་པའི་དཀྱིལ་འཁོར་དུ། །བཀའ་ལས་འདས་པའི་བྲོ་བརྡུངས། ཏུ་ཏྲ་མནན་པའི་ཆོ་ག་རྫོགས། །སུམ་བྷ་ནི་ཧ་ལ་ཧ་ལ་ཧཱུཾ༷་ཕཊ། སྟི་ཏ་ཡ་སྟི་སྟ་ཡ། ནི་ཀ་རྒྱུག་ཤ། མ་ར༷་ཁ་ཧི་མ་ར༷་ཁ་ཧི། དེ་ནས་ཡང་ཁྲོ་བོ་ཆེན་པོས་འབྲས་བུརི་ཕུང་པོ་ལྔ་གཞོམ་པའི་ཞོ་རལ། །དམ་ལ་མི་གནས་པའི་མ་མོ་དང་མཁའ་འགྲོ་མ་དབང་དུ་བསྡུ་བའི་ཕྱིར། །མ་མོ་འཁྲུག་པའི་བྲོ་ཆེན་པོའི་བརྡུངས་པ་འདི་ལྟ་སྟེ། ། ཧཱུཾ༷ །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །ཐམས་ཅད་གཟུགས་བརྙན་བཞིན་དུ་གསལ། །གསལ་བའི་དོན་དང་འགལ་བྱེད་ཀུན། །མ་མོ་འཁྲུག་པའི་ས་གཞི་ལ། །ཁྲོ་བོ་དཀའ་ཐུབ་སྨྱོན་བའི་བྲོ། །བརྡུངས་པས་སྲིད་གསུམ་ཟིལ་གྱིས་གནོན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་མཉམ་པར་རྟོག་པ་ལ། །མཉམ་པའི་དོན་ལ་འགལ་བྱེད་ཀུན། །མ་མོ་ཞབྲུག་པའི་ས་གཞི་ལ། །ཁྲོ་བོ་དཀའ་ཐུབ་སྨྱོན་པའི་བྲོ། །བརྡུངས་པས་དུག་གསུམ་ཕུང་པོ་བརླག །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །མཚན་ཉིད་མེད་པར་རྟོགས་པ་ལ། །རྟོག་པའི་དོན་དང་འགལ་བྱེད་ཀུན། །མ་མོ་འཁྲུག་པའི་ས་གཞི་ལ། །ཁྲོ་བོ་དཀའ་ཐུབ་སྨྱོན་པའི་བྲོ། །བརྡུངས་པས་ཁམས་གསུམ་དབང་དུ་སྡུད། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས། །ཐམས་ཅད་ལྷུན་གྱིས་གྲུབ་པའི་སྐུ། །གྲུབ་པའི་དོན་དང་འགལ་བྱེད་ཀུན། །མ་མོ་འཁྲུག་པའི་ས་གཞི་ལ། །ཁྲོ་བོ་དཀའ་ཐུབ་སྨྱོན་པའི་བྲོ། །བརྡུངས་པས་དམྱལ་ཁམས་ཟས་སུ་ཟ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དབང་དུ་འདུས་པ་ལ། །དབང་དང་འགལ་བྱེད་ཆེན་པོའི་ཚོགས། །མ་མོ་འཁྲུག་པའི་ས་གཞི་ལ། །ཁྲོ་བོ་དཀའ་ཐུབ་སྨྱོན་པའི་བྲོ། །བརྡུངས་པས་འཁོར་བའི་ཆུ་བོ་སྒྲོལ། །སུམ་བྷ་ནི་ཧ་ལ་ཧ་ལ་ཧཱུཾ༷་ཕཊ། །དེ་ནས་ཡང་ཁྲོ་བོ་ཆེན་པོས་མྱ་ངན་ལས་འདས་པའི་རྟོགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོ་ཉི་མའི་འོད་དང་འདྲ་བ་དེས་གཞོམ་པའི་ཕྱིར། །ཡེ་ཤེས་ལྔས་བརྒྱན་པའི་བྲོ་ཆེན་པོ་བརྡུངས་པ་འདི་ལྟ་སྟེ། །ཧཱུཾ༷་ཀུན་ཏུ་བཟང་པོའི་མཁའ་དབྱིངས་སུ། །བདེ་མཆོག་རོལ་པའི་བྲོ་བརྡུངས་པས། །རྒྱལ་བ་སྟོང་གི་དཀྱིལ་འཁོར་དུ། །ཁྲོ་བོ་སྤྲིན་གྱི་རྟ་བྲོ་སྟེ། །ཚོམ་བུ་འབུམ་གྱི་ཕྱོགས་ཕྱོགས་ནས། །རོལ་བའི་རྟ་བྲོ་ཆེམས་སེ་ཆེམས། །རྟ་བྲོ་ཁོ་ར་གཅིག་དང་པོ་ལ། ཁོ་བོ་སྤྲིན་གྱི་བྲོ་བརྡུངས་པས། །དུས་གསུམ་རྒྱལ་བ་རོལ་བ་མཛད། །རྟ་བྲོ་ཁོར་གཉིས་བར་བ་ལ། །བཀྲ་ཤིས་ལྷ་མོ་དབང་བསྡུས་ནས། །རིགས་ཀྱི་ཡུམ་ལ་རོལ་བ་མཛད། །རྟ་བྲོ་ཁོར་གསུམ་ཐ་མ་ལ། །མ་སྲིད་རྒྱ་མཚོ་འཁོར་བསྡུས་ནས། །འཕྲ་མེན་ཀུན་ལ་རོལ་བ་མཛད། །སྣང་ལ་པདྨ་རོལ་པའི་བྲོ། །ཆགས་པ་མེད་པའི་ཚུལ་གྱིས་བརྡུངས། །དེ་ནས་ཤེར་རབ་ཐབས་ཀྱི་བྲོ། །བྷ་གའི་དཀྱིལ་དུ་ལིང་ཀས་བརྡུང་། །དེ་ནས་དབང་པོ་ཡུམ་གྱི་བྲོ། །ལྷ་མོ་བརྒྱད་ལ་ཐབས་ཀྱིས་རོལ། །དེ་ནས་གདུལ་བྱ་དབང་གི་བྲོ། །རྟ་མགྲིན་རྒྱལ་པོའི་འཁོར་ལ་བརྡུང་། །དེ་ནས་མོས་པ་བསྐྱེད་པའི་བྲོ། །མ་སྲིང་རྒྱ་མཚོའི་ཚོགས་ལ་བརྡུང་། །དེ་ནས་སྡུད་བྱེད་ཐབས་ཀྱི་བྲི། །ཕྱོགས་བཅུའི་རྣལ་འབྱོར་མ་ལུས་སྡུས། །ལས་ལ་བོར་བ་གནས་ཀྱི་བྲོ། ་།ད་དྲུག་རྣམ་ཤེས་དབྱིངས་སུ་སྡུད། །ལ་ལ་རྡོ་རྗེ་པདྨའི་བྲོ། །ཕྱག་རྒྱ་ཆེན་པོར་རྒྱས་འདེབས་པའོ། །ལ་ལ་ཡེ་ཤེས་རོལ་པའི་བྲོ། །མ་སྐྱེས་དབྱིགས་ལ་ཡེ་ཤེས་རོལ། །འདི་ནི་སྐུ་གསུང་ཐུགས་ཀྱི་བྲོ། །པདྨ་གསང་བའི་ཐུགས་དམ་སྐོངས། །དེ་ནས་ཡང་ཁྲོ་བོ་ཆེན་པོས་མི་མཐུན་པའི་ཕྱོགས་འཆི་བདག་གཤིན་རྗེ་ལ་སོགས་པ་དབང་དུ་བསྡུ་བ་དང་། །བདུད་བཞི་གཞོམ་པའི་ལང་ཀ་མནན་པའི་བྲོ་ཆེན་པོ་འདི་ལྟ་སྟེ། །ཧཱུཾ༷། །དུར་ཁྲོད་གསང་ཆེན་ད༷ཀྱིལ་འཁོར་དུ། །ལང་ཀ་ཆེན་པོང་བསྒྲལ་བ་ལ། །ཁམས་གསུམ་མ་ལུས་དབང་དུ་སྡུད། །དབང་དྲག་འཇོམས་པའི་དཀྱིལ་འཁོར་དུ། །རྟ་བྲོ་ཁོར་གསུམ་ཆེམས་སེ་ཆེམས། །རྟ་བྲོ་ཁོར་གཅིག་དང་པོ་ལ། །ཧོ་ཁུང་ནག་པོ་གྲུ་གསུམ་དུ། །བདུད་དང་སྲིན་པོ་མ་ལུས་ཀུན། །ཞབས་ཀྱི་འོག་ཏུ་རྡུལ་ཕྲན་བཞིན། །རྟ་བྲོ་ཁོར་གཉིས་བར་པ་ལ། །བར་སྣང་ཁམས་ཀྱི་གནོད་སྦྱིན་མོ། །ཞབས་ཀྱི་འོག་ཏུ་རྡུལ་ཕྲན་བཞིན། །རྟ་བྲོ་ཁོར་གསུམ་ཐ་མ་ལ། །འབྱུང་པོའི་ཚོགས་དང་དགྲ་དང་བགེགས། །བཀའ་ལས་འདའ་བའི་དམ་ཉམས་ཀུན། །འོག་ཏུ་རྡུལ་ཕྲན་བཞིན་དུ་བརླག །བྲོ་ནི་གཟིརམནན་དྲག་པོ་སྟེ། །གླུ་ནི་མ་སྲིད་དབང་དུ་སྡུད། །ཚིག་ནི་དམ་ལས་འདའ་འཁོར་བརྗོད། །དུར་ཁྲོད་བརྒྱད་ཀྱི་དཀྱིལ་འཁོར་དུ། །ཁྲོ་བོ་ཆེན་པོའི་བྲོ་བརྡུངས་པས། །སྟོང་གསུམ་ཁོར་ཡུག་འཇིག་པ་སྐད། །རབ་འབྱམས་སྲིད་པ་མཐའ་ནས་གཡོ། །ཁྲོ་བོ་ཆེན་པོའི་བྲོ་བརྡུངས་པས། །སྲིད་པ་གནམ་ས་འགྱུར་བ་བཞིན། །ཉི་ཟླ་གཟའ་སྐར་ཐལ་བར་བརླག །འཔྲ་མེན་མང་པོའི་བྲོ་བརྡུངས་པས། །རི་རབ་མང་པོ་ཉིལ་ལ་ཁད། །འཇིག་རྟེན་ཀུན་ཀྱང་འགུལ་ཅིང་ལྡེག །ཕོ་ཉ་མང་པོ་བྲོ་བརྡུངས་པས། །གནམ་ལྕགས་དྲག་པོ་མང་པོ་ལྟུང་། །བར་སྣང་ཀུན་ཀྱང་མེ་ལྟར་འབར། །རྣལ་འབྱོར་ལྕམ་དྲལ་བྲོ་བརྡུངས་པས། །བསྐལ་པའི་འབྲུག་སྒྲ་ཆེན་པོ་ལྟར། ཁམས་གསུམ་མ་ལུས་གཡོ་ཞིང་འགུལ། །འདི་ནི་དཔལ་གྱི་བྲོ་ཆེན་པོ། །དཔལ་ཆེན་ཐུགས་དམ་བསྐང་བའི་ཕྱིར། །ཁྲོ་བོ་གྲུབ་ནས་རྟ་བྲོ་བསྐོར། །བདུད་རྣམས་འདུལ་བའི་གཉེན་པོའི་བྲོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་བྲོ། །བདེ་མཆོག་ ལོངས་སྤྱོད་གྲུབ་ པའི་བྲོ། །ལས་རྣམས་གྲུབ་ པར་བྱེད་ པའི་བྲོ། །དངོས་གྲུབ་ ཆེན་པོ་ ལེན་ པའི་བྲོ། །མ་མོ་མཁའ་འགྲོ་རྟེན་ པའི་བྲོ། །དྲེགས་ པ་ཕོ་མོ་འཁོར་བའི་བྲོ། །གདུག་་་མ་ལུས་ འདུལ་བའི་པྲོ། །རྣལ་འབྱོར་གསུང་གི་དཀྱིལ་འཁོར་དུ། །ལྟ་སྒོམ་སྤྱོད་པ་གླུ་དང་བྲོ། །གླུ་བྲོ་དམ་ཚིག་མཆོག་ཏུ་བསྔགས། །རྒྱུན་མི་བཅད་པར་རྟེན་ཅིང་སྒྲུབ། །པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བའི་ལས། །བྲོ་ཆེན་པོ་བརྡུངས་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བ། ཁྲེས་རབ་སྙིང་རྗེར་ལྡན་པ་ཡི། །ཐབས་དང་ཤེས་རབ་གཉིས་མེད་ལས། །བདེན་པ་གཉིས་ལས་ཚོགས་གཉིས་བསག །བསྐྱེད་དང་རྫོགས་པའི་རིམ་པ་སྒོམ། །དམ་ཚིག་བླ་མ་མགོ་ལྟར་བཀུར། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་ལ། །ཚོགས་གསུམ་རྒྱུན་དུ་དབུལ་བར་བྱ། །གདོས་པ་ཅན་གྱི་རུ་དྲ་དེ། །རྟོགས་བྲལ་ཆུ་ཟླ་ལྟ་བུའོ། །རང་བཞིན་མེད་པ་ཆོས་ཀྱི་སྐུ། །སྣང་བ་མ་འགགས་སྤྲུལ་པའི་སྐུ། །གཉིས་སུ་མེད་པ་ལོངས་སྐུའོ། །སྐུ་གསུམ་དབྱེར་མེད་མཐོང་བ་ནི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །གང་ཞིག་སྣང་བ་འགེགས་བྱེད་པ། །སྟོང་པ་འབའ་ཞིག་ལྷུར་བླངས་ནས། །ལས་དང་འབྲས་བུ་སྤོང་བྱེད་པ། །དེ་ནི་བྱིས་པའི་རང་བཞིན་ཅན། །མནར་མེད་པ་ནི་སྤྱི་གཙུག་འགྲོ །སྟོང་ཉིད་དོན་དང་མི་ལྡན་པར། །སྣང་བའི་མཐའ་ལ་མངོན་ཞེན་བྱ། །འབད་པ་རྣམས་ཀྱིས་བཅིངས་གྱུར་ཏེ། །ངན་སོང་གསུམ་དུ་རྟག་ཏུ་འཁོར། །གཉིས་མེད་ཟུང་འཇུག་མཐོང་བ་ནི། །ཡང་དག་དོན་གྱི་ལྟ་བའོ། །སྤྲུལ་པའི་འཁོར་ལོ་ལྟེ་བ་ནས། །ར༷་ལས་བྱུང་བའི་འོད་ཟེར་གྱིས། །རླུང་གི་སྒོར་དྲངས་མར་བརྡུངས་ཏེ། །སླར་ཐིམ་འོད་ཀྱི་འབྱུང་འཇུག་གི །སྡིག་སྒྲིབ་བག་ཆགས་བསྲེག་པར་བྱའོ། །ཆོས་ཀྱི་འཁོར་ལོའི་ལྟེ་བ་ནས། །འོད་ཟེར་ལྔ་ལྡན་ཧཱུཾ༷་ལས་མི། །འཇའ་ཚོན་ལྟ་བུའི་འོད་བྱུང་ནས། །པྱི་ནང་འགྲོ་འོང་དབུགས་དང་བསྟུན། །གསང་བ་བདེ་སྐྱོང་འཁོར་ལོ་ནི། །ཡབ་ཀྱི་གསང་བར་ཨོ་དང་ལྡན། །ཡུམ་གྱི་གསང་བར་ཨ་ལས་ནི། །རང་གི་མདོག་ཅན་མུ༷་དུ་གྱུར། །ཨོ༷་དང་མུ༷་གཉིས་ལྡན་བྱས་ཏེ། །རྩ་བའི་སྔགས་དང་བྱང་ཆུབ་སེམས། །གཉིས་སུ་མེད་པའི་རང་བཞིན་ལས། །མགལ་མེ་ལྟ་བུར་འཁོར་ནས་ཀྱང་ ། །དཀྱིལ་འཁོར་ལྟར་སྣང་འཕྲེང་བཞིན་དབུལ། །སྙིང་རྗེ་ཆེན་པོས་སེམས་ཅན་བསྐྱང་ ། །རང་ལུས་ མི་གཙང་སྦུ་བ་ལྟར། །བདུད་རྩི་མི་དམིགས་རྒྱ་ཡིས་ གདབ། །སངས་རྒྱས་སེམས་ཅན་མཉམ་པ་ལ། །དུས་གསུམ་མཉམ་ཉིད་སྐྱེ་བ་མེད། །ཅིར་ཡང་མ་ཡིན་ངོ་བོ་ཉིད། །དེ་བཞིན་ལྷ་ཡི་རྟོག་པ་ཡང་། །གྲུབ་པ་མ་ཡིན་ཆོས་ཀྱི་སྐུ། །ཆུ་ཟླ་ལྟ་བུར་ལོངས་སྐུ་སྟེ། །འོད་ཟེར་འབྱུང་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་ཟུང་དུ་འཇུག །གསང་བའི་དཀྱིལ་འཁོར་ཕྱིར་མི་སྟོན། །དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ། །ལོག་ལྟ་ལེ་ལོ་ཆེ་བ་དང་། །གསང་བ་མི་ཐུབ་ཕྱིར་ལ་དོར། །པདྨའི་ལྷ་ཐ་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བ་ལས། །གསང་བ་ལས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་འདི་དག་བྱུང་སྟེ། །ཕྱི་དང་ནང་གི་འབྱུང་བ་ལྔ། ཁེས་རབ་ཡུམ་གྱིས་ཐུགས་དམ་བསྐུལ། །ཕུང་པོ་ལྔ་ཡི་བདག་ཉིད་འདི། །བདེ་གཤེགས་རིགས་ལྔའི་ཚོགས་སུ་བསྟིམ། །ཁམས་དང་སྐྱེ་མཆེད་བཅུ་གཉིས་སོགས། །རྟ་མཆོག་འབར་བའི་ཚོགས་སུ་བསྟིམ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། །ཡེ་ཤེས་སེམས་དཔའི་ཚོགས་སུ་བསྟིམ། །དབང་པོ་ལྔ་ཡི་འཁོར་བཅས་འདི། །སྤྲུལ་པ་རྒྱ་མཚོའི་ཚོགས་སུ་བསྟིམ། །གཟུགས་སྒྲ་ལ་སོགས་འདོད་ཡོན་ལྔ། །ཁམས་གསུམ་རྣམ་རྒྱལ་ཚོགས་སུ་བསྟིམ། །ཉོན་མོངས་ལྔ་ཡིས་འཁོར་བཅས་འདི། །ཁྲོ་རྒྱལ་འབར་བའི་ཚོགས་སུ་བསྟིམ། །ཁོང་པ་དུར་ཁྲོད་གཞལ་ཡས་ཁང་། །བདེ་གཤེགས་འདུས་པའི་གནས་སུ་བསྟིམ། །གློ་སྙིང་རྒྱ་ལོང་ལ་སོགས་སྣོད་བཅུད་འདི། །སྒོ་བསྲུང་འཁོར་དང་བཅས་ལ་བསྟིམ། །པགས་ཆེན་སྡུག་བསྔལ་གསོབ་ཀྱི་ཚོགས། །ཁྲོ་རྒྱལ་ཞིང་གི་ན་བཟང་བསྟིམ། །ཚངས་པ་བསྒྲལ་བའི་ཕུང་པོ་ཡིས བདེ་གཤེགས་སྤྱན་གྱི་ཐུགས་དམ་བསྐང་། །བརྒྱ་བྱིན་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་ཞལ་གྱི་ཐུགས་དམ་བསྐང་། བདུད་ཀྱི་རྒྱལ་པོ་བརྒྱལ་བ་ཡིས། །དཔལ་ཆེན་མཆེ་བའི་ཐུགས་དམ་བསྐང་། །མཧྭ་དེ་བ་བསྒྲལ་བ་ཡིས། །དཔལ་ཆེན་སྙན་གྱི་ཐུགས་དམ་བསྐང་། །ཉི་ཟླ་བཟའ་སྐར་བསྒྲལ་བ་ལ། །དཔལ་ཆེན་ཤངས་ཀྱི་ཐུགས་དམ་བསྐང་། །སྲིན་པོ་བསྒྲལ་བའི་ཕུང་པོ་ཡིས། །རྟ་མཆོག་ལྗང་ཁུའི་ཐུགས་དམ་བསྐང་། །གཤིན་རྗེ་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་མཛོད་པུའི་ཐུགས་དམ་བསྐང་། །གླང་ཆེན་བསྒྲལ་བའི་ཕུང་པོ་ཡིས། །དཔལ་ཆེན་གཤོག་པའི་ཐུགས་དམ་བསྐང་། །ཉན་ཐོས་ཕོ་མོ་བསྒྲལ་བ་ལ། །ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐང་། །དུར་ཁྲོད་སྤྱོད་ཡུལ་ཅི་འདྲ་བར། །ཏི་ར་གསར་རྙིང་ཞིང་ཆེན་ཚོགས། །ཀེང་རུས་སྤུངས་པའི་རི་རབ་ལ། །དཔལ་ཆེན་ཞབས་ཀྱི་ཐུགས་དམ་བསྐང་། །ཉོན་མོངས་ལྔ་དང་བཅས་པའི་ཕུང་པོ་ལྔ། །སྡུག་བསྔལ་ནད་དང་བཅས་པའི་པུང་པོ་ལྔ། །འདོད་ཆགས་རྐྱེན་དང་བཅས་པའི་དབང་པོ་ལྔ། །སྐུ་ལྔ་ཆོས་ལྔ་དབྱེར་མེད་ཡེ་ཤེས་ལྔ། །ཀུན་ཏུ་བཟག་མོའི་མཁའ་དབྱིངས་བདེ་བ་ལ། །མཉམ་པ་ཉིད་ཀྱི་མཆོད་པ་ཆེན་པོ་འབུལ། །ཨ་ཨ་ཧཱུཾ༷། །ས་མ་ཡ། ས་མ་ཡ། ཧ་ཧ་ཧེ། ཧ་ཧ་ཧེ། །མ་ཏ་ཁ། མ་ཏ་ཁ །ཀ་རུག་ཤ །ཀ་རུག་ཤ །མ་ལེ། མུ་ལ་ལེ། ཁ་ཧི། ཏ་ལེ་ཏུ་ལེ་ཁ་ཧི། ཀྲོདྷི་ཤྭ་རི་ཨ་ལ་ལ་ཧོ། །མ་ཀུ་ཏ་དང་གུ་གུལ་དང་། ཁེང་ཀུན་རཀྟ་་གསུམ་དང་དུག །ཐལ་ཆེན་ཐོག་ལྕགས་དུག་བྱའི་མདོངས། །འབྲུ་གསུམ་སྡེར་མོ་ཁྲ་དང་གླག་རིན་ཆེན་ཤིང་། །ཕོ་མོ་གང་བསྲུང་ཁྲོ་ཚོ་རེ། །བྱོལ་སོང་བརྒྱད་དང་ཉི་ཤུ་གཅིག །སྡེ་བརྒྱད་གང་ཡང་འདའ་མི་ནུས། །དྲག་པོའི་ལས་ལ་མཆོག་ཏུ་ཤིས། །རྡོ་རྗེ་ལྟ་བུའི་སྦྱོར་བའོ། །པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་པ་ལས། ཁྲེས་རབ་ཆེན་པོའི་རྟོགས་པས་བདག་བསྒྲལ་བ་དང་། སྙིང་རྗེ་ཆེན་པོ་རྟོགས་པའི་གཞན་བསྒྲལ་བ་དང་། །བསྲུང་བ་རྫས་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཁྲོ་བོ་ཆེན་པོ་རྟ་མགྲིན་གྱིས་ཐམས་ཅད་ཟིལ་གྱི་མནན་པའི་སྟོབས་ཆེ་གསུམ་གྱིས་ཐམས་ཅད་དབང་དུ་བསྡུས་ནས། །ཕྱོགས་བཅུའི་ལྷ་མོ་རྣམས་ལ་ལྷག་པའི་མཆོད་པ་ཕུལ་ནས། །རྡོ་རྗེ་འཛིན་པ་རྣམས་ཀྱི་དམ་ཚིག་ལ་བཀོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་ཆེན་པོ་ལ་བསྟོད་པ། །བདེ་གཤེགས་ཐམས་ཅད་འདུས་པའི་ལྷ་ཚོགས་ནི། །དབང་གི་བདག་ཉིད་དཔལ་འབར་ཁྲོ་རྒྱལ་མཆོག །རྟ་སྐད་གསུམ་གྱིས་བགེགས་འདུལ་མཁའ་འགྲོ་སྡུད། །དྲག་པོའི་མཚོན་གྱིས་ཞིང་བཅུ་སྒྲོལ་བར་མཛད། །ཆགས་པ་དམ་པས་ཆགས་པ་དབྱིངས་སུ་སྟོབ། །ཐུགས་རྗེས་སེམས་ཅན་མི་གཏོང་གཉིས་མེད་སྒྲོལ། །སྒྱུ་འཕྲུལ་ཆུ་ཟླ་ལྟ་བུའི་ཐུགས་རྗེ་ཡིས། །འཇིག་རྟེན་དབང་པོ་ཉི་ཟླ་ལྷར་སྣང་གསལ། །གཏུམ་ཆེན་མེ་ལྟར་འབར་བའི་སྐུ་མངའ་བ། །རྟ་མགྲིན་འདུས་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པས་འཁོར་རྣམས་ངོ་མཚར་སྐྱེས་ནས། །བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ལ་མངོན་པར་བསྟོད་དོ། །པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བ་ལས། །བསྟོད་པའི་ལེའུ་སྟེ་དགུ་པའོ།། །།པདྨའི་ལྷ་ཐམས་ཅད་འདུས་པ་དཔལ་རྟ་མགྲིན་གྱི་རྒྱུད་ངོ་མཚར་རྨད་དུ་བྱུང་བ་ཞེས་བྱ་བ་རྫོགས་སོ།། །།སློབ་དཔོན་པདྨས་རྒྱལ་པོ་ཁྲི་སྲིང་ལྡེ་བཙན་ལ་གནང་བའོ། །ཨོ་ན་ཐུགས་གཏེར་གྱི་བདག་པོ། །མན་ངག་ལྕང་ར་བ་ནས་བརྒྱུད་པ་དགེ །། །། རྒྱ་གར་སྐད་དུ། རཀྟ་ཨསྒ་ནེ་མ་ཧྭ་ཏནྟྲ། བོད་སྐད་དུ། ཀྲོདྷ་ཁྲག་འཐུང་རོལ་པའི་རྒྱུད་ཆེན་པོ། །བཅོམ་ལྡན་འདས་དབང་སྡུད་ཀྱི་རྒྱལ་པོ་པདྨ་ཧེ་རུ་ཀ་ལ་ཕྱག་