Ngb-pt-0674-vol-07-text
Front
Body
འཁོར་དང་། ནུབ་ནས་ཀླུའི་འཁོར་དང་། བྱང་ནས་གནོད་སྦྱིན་གྱི་འཁོར་དང་། དེ་དག་ཀུན་གྱི་འཁོར་ན་ཡང་ཕྱིའི་འཁོར་དང་། །ནང་གི་འཁོར་དང་། གསང་བའི་འཁོར་དང་སྟབས་ཅིག་སྟེ། གཞན་ཡང་མཐུ་སྟོབས་ཀྱི་བདག་པོ་ལག་ན་རྡོ་རྗེ་འཛིན་པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་དེའི་དུས་ན་གནོད་སྤྱིན་ཕོ་མོ་དེ་དག་གིས། སེམས་ཅན་སྐྱེས་འགུལ་ཐམས་ཅད་ལ། ཤ་ལ་ཟ་བ་དང་། ཁྲག་ལ་འཐུང་བ་དང་། དུས་མ་ཡིན་པར་གསོད་པ་དང་། རྣམ་པར་འཚེ་བ་ནི་བྱེད། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་བདེ་བ་སྣ་ཚོགས་བཏང་བའི་སྐྱོན་གྱིས། མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ནས་ཞལ་གྱི་འཛུམ་པ་ཕྱུང་ནས། འདི་སྐད་ཅེས་གསོལ་ཏོ། །ཧེ་ཧེ་དཔའ་བོ་འཇིགས་བྱེད་ཆེ། །ངོ་མཚར་རྨད་བྱུང་ཁྱད་པར་ཆེ། །ཐམས་ཅད་འདུལ་བའི་སྟོབས་པོ་ཆེ། །གནོད་སྤྱིན་ཕོ་མོ་དྲེགས་པ་ཆེ། །སྟོན་པའི་འཁོར་དུ་འདུས་ནས་ཀྱང་། །ཐམས་ཅད་བསྒྲལ་པའི་ལས་བྱ་སྟེ། །མ་རིགས་མི་མཚལ་ཚུལ་བཞིན་དུ། །སྟོན་པའི་ཐུགས་རྗེས་གདུལ་དུ་གསོལ། །ཞེས་གསུངས་ཏེ་རང་གི་གནས་སུ་འཁོར་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདསགཤིན རྗེགཤེད་པོས་ཁམས་གསུམ་དབང་དུ་བསྡུས། །སྲིད་གསུམ་ཟིལ་གྱིས་མནན། སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་ནག་ཏུ་གཏིབས་ཏེ། ཐུགས་ཡེ་ཤེས་ཀྱི་ཉི་ཟེར་གྱི་རྩེ་ལ་ལྕགས་ཀྱུའི་ཚོགས་དང་། ཞགས་པའི་ཚོགས་དང་ལྕགས་སྒྲོག་གི་ཚོགས་དང་། དྲིལ་བུའི་ཚོགས་བསམ་གྱིས་མི་ཁྱབ་པ་འབྲོས་ཏེ། ཧཱུཾ༷་ཧཱུཾ༷་དང་། ཕཊ་ཕཊ་དང་། ཧ་ལ་ཧ་ལ་དང་། ཛ་ཧཱུཾ༷་བ༷་ཧོ། ཨེ་ཨ་ར་ལི་ཧྲིང་ཛ།ཞེས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ཙམ་གྱི་སྒྲ་བསྒྲགས་ནས་དབང་དུ་བསྡུས་ནས། གནོད་སྤྱིན་ཕོ་མོ་དེ་དག་བྲེད། རབ་ཏུ་བྲེད། ཀུན་ཏུ་རབ་ཏུ་བྲེད། འདར། རབ་ཏུ་འདར། ཀུན་ཏུ་རབ་ཏུ་འདར། སྔངས་། རབ་ཏུ་སྔངས། ཀུན་ཏུ་རབ་ཏུ་སྔངས་ནས། བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། བདག་ཅག་གནོད་སྤྱིན་གདུག་པ་རྣམས། །སྣང་སྲིད་སྲོག་ཆགས་མ་ལུས་ཀུན། །གསད་གཅད་རྣམ་པར་འཚེ་བྱེད་དང་། །འཇིག་རྟེན་ཁམས་རྣམས་མི་བདེ་བ། །བདག་ཅག་རྣམས་ཀྱི་རང་ལས་ལགས། །དཔའ་བོ་ཆེན་པོ་ཅི་ལ་སྐྱོན། །འདི་འདྲ་ཤིན་ཏུ་མི་ལེགས་ན། །གཙོ་བོ་ཆེན་པོ་ཁྱོད་ཉིད་ནི། །ཐུགས་རྗེ་ཆེན་པོའི་མངའ་བདག་ན། །འདི་འདྲའི་ཆོ་འབྲུལ་ཅི་ལ་སྟོན། །གདུག་པའི་གསུང་སྒྲ་ཅི་ལ་སྒྲོག །ཐུགས་ཀྱི་སྤྲུལ་པ་ཅི་ལ་འགྱེད། །དཔའ་བོ་ཆེན་པོས་བདག་ཅག་ལ། །བཀའ་དབབ་མི་འཚལ་འབངས་སུ་མཆི། །འབངས་ལ་ལས་དང་ཟས་དང་སྐོམ། །ཅི་བགྱི་བཀའ་རྣམས་ཉན་པར་བགྱིའོ། །ཞེས་གསུངས་ནས། ཤར་ཕྱོགས་ནས་སྲིན་པོ་མ་རུ་ཅེའི་འཁོར་སྲིན་པོ་དང་བཅས་ནས། རང་རྟགས་སྲོག་གི་སྙིང་པོ་ཕུལ་བ་ནི། །ཨོ་རྣལ་མ་རྣལ་ཏེ་གསོད་ལ་རྔམ། །གཤོགས་ལ་མེར་དཀྲིས་ལ་ཆུམ། །ཐུ་བིས་ཐུ། ལྕགས་ཀྱི་སྐྲ། དགྲ་བོ་ནི་མྱ་ར་ཡ་ཧཱུཾ༷་ཕཊ། ལྷོ་ཕྱོགས་ནས་གཤིན་རྗེ་མ་རུ་ཙེས་འཁོར་གཤིན་རྗེ་མ་རུ་ཙེ་དང་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། རང་རྟགས་སྲོག་གི་སྙིང་པོ་ཕུལ་བས། ཨོ་ཏྲི་ལིང་ཤང་ཀ་དུ། དྲི་ཟ་ཡསྒ་རྦད་པུ་ཕྱེ་མ་ཁ་འདར། རུ་རུ་པྲ་པྲ་དུ༷་དུ༷་ཤིག་ཤིག །དགྲ་བོ་སྨྱུ་ར་ལྭ་ཞེས་ཕུལ་ལོ། །ནུབ་ཕྱོགས་ན་བདུད་མ་རུ་ཙེ། །འཁོར་བདུད་དང་ཆས་ཏེ་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། རང་རྟགས་སྲོག་གི་སྙིང་པོ་འདི་ཕུལ་ལོ། །བདུད་བྲ་མ་ཡ། བདུད་མྱ་ར་ཡ། སྙིང་མགོ་ཆོད། དུ་རུ་དུ་མྲ ཧར་ཏི་ཧར་ཏི། དགྲ་བོའི་སྙིང་ལ་ཛ། ནག་པོ་ཏི་པ་ཙ་པྲ་ཡི། དགྲ་བོ་སྙིང་ལ་པ་ཙ་བ༷་རིལ་རྦད། ནཱ་ག་ཀྲོ་དྷི་ཤྭ་རི་སྙིང་ལ་པ་ཙ་ལ་ཏྲག་མ་སྒཀུ་ཤིག །དགྲ་བོའི་སྙིང་ལ་ཁ་ར༷་ཁའི། ནག་པོ་ཤ་ཏི་པ་བ༷་རིལ་རྦདནག་པོ་ཧེར་ཧེམ་བ༷་རིལ་རྦད། ནཱ་ག་སྙིང་མགོ་ཆོད། ཁ་ལ་ཟོ་སྙིང་མགོ་ཆོད། ཙ་ལ་རོག་པ་དགྲ་བོའི་སྙིང་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཧུར་བེ་ར་བ༷་རིལ་རྦད། ཧུ་ཡ་ཧུ་ཡ། དགྲ་སྙིང་ལ་དུ་ར་དུ་ར། གློ་ཙ་བ༷་རིལ་རྦདཡང་ན་སྙོས་ཤིང་ལྐུགས་སུ་ཆུག །ཡང་ན་མྱོས་ཤིང་འབོག་ཏུ་ཆུག །ཡང་ན་ཙ་ལ་བདུན་རྒྱུད་ཆོད། ཅེས་ཕུལ་ལོ། །བྱང་ནས་གནོད་སྦྱིན་མ་རུ་ཙེ། །འཁོར་གནོད་སྦྱིན་དང་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས། །རང་རྟགས་སྲོག་གི་སྙིང་པོ་ཕུལ་པ་ནི། ན་མོ་རཏྣ་ཏྲ་ཡ་ཡུ། ན་མོ་བི་གྲ་མ་ནི་པྱེ་ཧ་མ་ཧ་རྭ་ཛ་པྱེ་ཧ། ན་མོ་རཏྣ་ཀུ་པ་ར་པྱེ་ཧ། གུ་ཡ་ཀ་ཏེ། པ་ཏེ་ཏུ་པ་ན། ཏ་ཀུ་པ་ར་མའི་རྟ་ཤ་མི། ཨ་ནུ་རུ་པ་སུ་རུ་པ་ན་ཏ། ཀུ་པ་ར་ཙནྟྲ་ཙ་ཁ༷། ཧེ་མོ་ཁ་ས་ཀ་ན་ཏ། ཀུ་པ་ར་ན་ཙནྟྲ་ཙ་ཁ༷། ཧེ་མོ་ཁ་ས་ཀ་ན་ཏ། ཀུ་པ་ར་ན་གྱེ་མ་ཀན་ཀུ་ཧ། ཀ་ཙ་ལ་ཀ་ཙ་ལ་པ་ཙ་པ་ཙ་སུ་ལུ་སུ་ལུ་སྲུཧྭ། ཞེས་རང་རྟགས་སྲོག་གི་སྙིང་པོ་འདི་ཕུལ་ལོ། །དེ་ནས་འཁོར་གནོད་སྦྱིན་མོ་གདུག་པས་ཀྱང་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ་འདིའོ། །ཏྲག་རཀྟ་ཁ་མུན་ཏྲ། མུ་རུ་ལུ་མུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། རག་མོ་ཏེ་ཀུམ་ཛ་ཛ་ཁ་ལ་མ་ཏི་སྨྱོ། རུ་ལུ་རུ་ལུ་མ་ཧི་སྨྱོ། ཞེས་ཕུལ་ལོ། །དེ་ནས་འཁོར་བལ་མོ་གདུག་པས་ཀྱང་རང་རྟགས་སྲོག་གི་སྙིང་པོ་ཕུལ་ལོ། ཨོ་ཁྱི་ཁྲིད་ར་ཁྲིད་རོལ་ཁྲག་ས་མཐུང་། ཀང་ཀང་ཀེང་ཀེང་ཀྱིང་ཀྱིང་། ཤ་ཟ་བའི་སྙིང་འབྱིན་པའི། ཁྲག་འཐུང་བའི། དབུགས་འཕྲོག་པའི། སྲོག་གཅོད་པའི། ཤ་ཟ་བའི་ཅིསྟི་མེ་རོ་ཤ །ཏང་པར་ལ་ཏོང་། ཤ་ལ་ཀྱིང་ཀྱིང་ཀྲ་ཧེ་པྲ་ཧེ་ཧཱུཾ༷་ཕཊ་ཕཊ། དེ་བཞིན་དཀྱིལ་འཁོར་གྱི་ལྷ་སྲིན་གྱིས་རང་རྟགས་སྲོག་གི་སྙིང་པོ་འདི་ཕུལ་ལོ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས།ཟོར་བ་དམར་ནག་གྱི་རྒྱུད་ལས། བཅས་ཀ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གནོད་སྦྱིན་དེ་དག་གིས། །རང་རང་སྒྲུབ་པཚུལབཞིནཕུལ། །མཚནལྡན་དུར་ཁྲོད་ལྟ་བུའམ། །དམར་ནག་རྒྱ་སྐྱེགས་ཁ་དོག་འདྲ། །དེ་ལྟ་བུ་ཡི་གནས་དག་ཏུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །འཁོར་ལོ་རྩིབས་བཞི་བྲི་བར་བྱ། །མཐའ་མ་རྡོ་རྗེ་ར་བས་བསྐོར། །གྲུ་ཆད་སྒོ་ཁྱུད་ལྡན་པར་བྲི། །དབུས་ཀྱི་མཐིང་ནག་གྲུ་གསུམ་ལ། །ཡ་མན་ཏ་ཀ་ཡབ་ཡུམ་དགོད། ཁྲར་གྱི་འཁོར་ལོ་ལ་སྲིན་པོ་མ་རུ་ཙེ་དགོད། ལྷོ་ཡི་འཁོར་ལོ་ལ་གཤིན་རྗེ་མ་རུ་ཙེ་དགོད། ནུབ་ཀྱི་འཁོར་ལོ་ལ་བདུད་མ་རུ་ཙེ་དགོད། བྱང་གི་འཁོར་ལོ་ལ་གནོད་སྤྱིན་མ་རུ་ཙེ་དགོང་སྒོ་བཞིར་བསེ་ཡི་སྐྱེས་བུ་བཞི་དགོད། གྲུ་ཆད་བཞི་ལ་བསེ་མོ་བཞི་དགོད། དེ་ལྟ་ལྷ་རྣམས་དགོད་པར་བྱ་བ་ཡང་། །གྲོ་ག་ཞིང་རས་ལྟ་བུ་ལ། །རང་རང་སྙིང་པོ་བྲིས་ནས་ཀྱང་། །རྩང་ལ་བཏགས་ཏེ་རེ་རེ་དགོད། །མཚན་ངན་བརྙ་དུམ་མངས་སུ། །བདུད་རྩི་རཀྟའི་གཏོར་མ་དང་། །དམ་རྫས་སྩལ་ལ་ཤར་དུ་དགོད། །དུག་ཤིང་སྣ་ཚོགས་ཧོམ་བྱས་ལ། །ལྷོ་ཕྱོགས་འཁོར་ལོ་དག་ལ་དགོད། །ཕུར་བུ་བཅུ་གཉིས་སྦམས་བྱས་ལ། །ནུབ་ཕྱོགས་འཁོར་ལོ་དག་ལ་དགོད། །བྱང་དུ་དབྱེ་བ་ལས་ཀྱི་ཐུན། །མྱོས་པར་བྱ་ཕྱིར་དུག་སྣ་ཚོགས། ཁྲར་ལྷོའི་འབྲུབ་ཁུང་གྲུ་གསུམ་དུ། །མཐའ་མ་གཙང་དམར་འབུམ་གྱིས་བསྐོར། །མགར་བ་ཨ་ལའི་གཟུགས་བྱས་ལ། །འབྲུབ་ཁུང་ནང་དུ་སྤྱི་ཚུགས་བཞག །གྲོ་ག་ཤིང་ཤུན་དག་ལ་ཡང་། །མི་ཁྲག་ར་ཁྲག་ཁྱི་ཁྲག་གིས། །ལོ་ཟླ་ཡན་ཆད་བྲི་བར་བྱ། །འབྲུག་ཁུང་བཅུག་ལ་གྲགས་སོ་བརྡེག །རྩང་རེ་མགུལ་དུ་རེ་རེ་བརྡེག །དང་པོ་མགར་བ་ཨ་ལག་གིས། །སྐྲ་དང་དྲི་དང་བདུད་རྩི་དང་། གྲོག་མཁར་ས་དང་ཤིང་ལོ་ལ། །མི་ཁྱི་ར་ཡི་ཁྲག་གིས་སྦྲུ། །མིང་དང་རུས་བྲིས་ཁོང་པར་གཞུག །བུད་མེད་ཞབས་མར་གྲིལ་བྱས་ཏེ། །དཀར་པོ་གཉའ་ནག་སྐྱེ་རུ་གདགས། །ལྷ་བསྙེན་བྱ་ཞིང་མགོ་མཇུག་ཏུ། །དམིགས་པ་ཉིད་ཀྱང་རང་ལ་བཅའ། །ནང་ནུབ་ཉིན་གུང་མཚན་གུང་དུ། །ཕོ་ཉ་མངག་ཅིང་དགུག་པར་བྱ། །ཞག་གྲངས་དུ་བྱེད་བསྙེན་པར་བྱ། །སུམ་འབུམ་ཉིས་འབུམ་བསྙེན་པ་རྫོགས་པ་དང་། །དཀར་པོ་གཉའ་ནག་དགྲ་བཟློག་བྱ། །དམིགས་པ་ར་ལ་བཅའ་སྟེ་བསྒྲལ། །གཡང་གཞི་བཤུས་ཏེ་སྙིང་ཕྱུང་ལ། །སྙིང་གི་ནང་དུ་ལིང་ག་གཞུག །གཡང་གཞིའི་ཁུང་གྲིལ་ག་ས་པ་ལ། །གྲག་སོ་དག་ལ་སྔགས་ཤིང་བརྡེག །ཐོན་ནས་ཕུར་བུ་བཞེངས་གསོལ་ལ། །གཞུང་ནས་འབྱུང་བ་བཞིན་དུ་གདབ། །དེ་དག་ར་ཡི་ཁར་བཅུག་ནས། །བདག་ཉིད་གཤིན་རྗེར་བསྒོམས་པ་དེས། །གྲག་སོ་མང་དུ་བཟླས་ཤིང་གདབ། །བཟླས་པའི་བསྙེན་པ་རྫོགས་པ་དང་། །ཚོན་སྐུད་སྣ་ལྔའི་བྱད་ཐག་གིས། །ར་ཡི་ཁ་བཅིང་སྔགས་བཏབ་ལ། །ཟམ་རྔུར་སྟོང་ལམ་ཆེན་པོའམ། །མཁར་པོ་ཆེ་ཡི་ཐེམ་རྩར་མནན། །མགར་བ་ཨ་ལག་ཕུང་བར་བྱེད། །ཟོར་བ་དམར་ནག་གིས་རྒྱུད་ལས། མཆེད་ལྔ་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྲིན་པོ་མ་རུ་ཙེ་རང་གིས་སྒྲུབ་པ་འདི་གསུངས་སོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་དམར་པོ་གསུམ་གྱིས་བསྐོར། །དེ་བཞིན་གྲུ་ཆད་བཞི་ཡིས་མཛེས། །དབུས་སུ་འཇམ་དཔལ་ཡབ་ཡུམ་དགོད། །མདུན་དུ་སྲིན་པོ་མ་རུ་ཙེ། །གྲུ་ཆད་བཞི་ལ་ལང་ཀ་སྲིན་པོ་མཆེད་བཞི་དགོད། །གཡས་ཀྱི་ཟླ་གམ་སྟེང་དུ་ཡབ་ཡུམ་གཏོར་མ་དགོད། །གཡོན་གྱི་ཟླ་གམ་སྟེང་དུ་སྨན་དང་རཀྟ་བཞག །མདུན་གྱི་ཟླ་གམ་སྟེང་དུ་སྙིང་སྣའི་གཏོར་མ་བཞག །ཤར་ལྷོའི་གྲུ་ཆད་སྟེང་དུ་རུས་པའི་གཏོར་མ་བཞག །ལྷོ་ནུབ་གྲུ་ཆད་སྟེང་དུ་དུག་གི་ཧོམ་ནག་བཞག །ནུབ་བྱང་གྲུ་ཆད་སྟེང་དུ་དྲག་པོའི་ཕུར་ཐུན་བཞག །བྱང་ཤར་གྲུ་ཆད་སྟེང་དུ་དབྱེ་བའི་དུག་ཐུན་བཞག །མགར་བ་ཨ་ལའི་གཟུགས་བྱས་སྔོན་དམར་བྱད་དུ་གཞུག །བུད་མེད་ཞབ་མས་གྲིལ་བྱས་གཉའ་ནག་སྐྱེ་རུ་གདགས། །དམིགས་པ་ར་ལ་བཅས་ལ་མགར་བ་རལ་བསྟིམ། །དྲག་པོའི་སྔགས་འདིས་རྟག་ཏུ་སྒྲུབ། །ཨོ་ཤི་མཉུ་ཡ་མ་རྭ་ཛ་མམ་ཨེ་ཀ་ཛུ་ཞི་ནི་ཛ། ཨོ་རྣལ་མ་རྣལ་ཏེ་གསོད་ལ་རྔམ། གཤོགས་ལ་མེར། དཔྲིས་ལ་ཆུམ། ཐུ་བསི་ཐུ་ལྕགས་ཀྱི་སྐྲ། དགྲ་བོ་ནི་མུ་ར་ཡ་ཧཱུཾ༷་ཕཊ། ཅེས་པ་རྟག་ཏུ་དྲང་བར་བྱ། །བདུན་འབུམ་གྲངས་ནི་ཚང་འགྱུར་ན། །མོན་དང་བཙུན་ཆེན་ཨ་ཙ་ར། །འོད་དང་སྒྲ་དང་དུག་ཆོམ་དང་། །གནས་ཁང་ཆེམ་སྒྲ་ཟེར་ཞིང་འོང་། །ལང་ཀ་སྲིན་པོར་དམིགསཔགཅིག །རཡིཙིསྟ་འབྱིན་ཙམ་ན། །ཨོ་ནི་ཤ་གུ་རུ་ནི་ཤ་ཀུ་སྲཁ་སོབ་ཏི་ཡ༷་རུ་ཏི་ཡ༷། སེན་མྱེན་ཡ༷། སེན་ཡ༷་སྙིང་ཚལ་པ་རྦད། ནུབ་བྱང་ཕུར་བུ་སྙིང་ལ་གདབ། །ཕུར་པ་སྙིང་ལ་ཐེམས་ཙམ་ན། །རི་རབ་འོག་ཏུ་བརླག་པར་བསམ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཛ་ལ་མ་ལ་ཀ་ར་ཡ།ཨོ་ཛ་ལ་ཛ་ལ་པྲ་ཛ་ལཔྲ་ཛ་ལ། པུ་ཏ་པུ་ཏ། སརྦ་ནཱ་ག་ཏ་ནཱ་ག་ནི། ས་ར་ས་ར། བྱི་ས་ར་བྱི་ས་ར་སརྦ་དུ་་ཧྲི་ཏ་ཡ། ཤོ་ད་ཡ་ཧཱུཾ༷་ཧཱུཾ༷་ཕཊ་གྲྭཧྭ། ཨན་ད་ར་སན་ད་ཙན་ད་ར་ཀན་ད་ར་གྲྭཧྭ། ན་མ་ས་མན་ཏ་བི་ཤོ་ཏ་ཡ་བིང་ཧཱུཾ༷་ཕཊ། ཕུར་ཐུནརབ་ཏུ་ཁྲོས་ཏེ་གདབ། །དུག་བླུག་ནང་དུ་བཅུག་ནས་ཀྱང་། །མྱོས་པ་དུག་ཐུན་སྔགས་གདབ་ཅིང་། །ལྷ་ལྔ་དག་དང་སྦྲེལ་བར་བྱ། །ཨོ་ཡ་མ་རྭ་ཛ་ཀླུ་ལིངས་ས༷་ཀུ་ཏ་ནན། ཡོ་ལྕགས་ས༷་ཀུ་ཏ་ཀོ་ཧཱུཾ༷་ཕཊ། ཅེས་ཁྲོས་ཏེ་ལྟ་ལྷ་དང་དབྲལ། ལྷོ་ནུབ་ཧོམ་ནག་དག་ཏུ་དྲག་པོའི་སྔགས་འདིས་བསྲེག །ཏྲ་ག་རསྒ་ཁ་མུན་ཏྲ་མུ་རུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། རབ་མོ་ཏེ་ཀུ༷་ཛ་ཛ་ཁ་ལ་མ་ཏི་སྨྱོ། རུ་ལུ་རུ་ལུ་མ་ཧི་སྨྱོ། རབ་ཏུ་ཁྲོས་ཏེ་སྲིན་མོ་གདུག་པའི་སྔགས་ཀྱིས་བསྲེག །འབྲུབ་ཁུང་ནང་དུ་རང་ཏུ་ཁྲོས་ཏེ་མནན། ལིང་གའི་མཚན་མ་ར་ཡི་ཐོད་པར་གཞུག །ཧྲིསྒྱི་བཞིས་བསྐོར་སྔགས་བཟློས། ལྷ་ཁང་ཐེམ་རྩར་མནན། མགར་བ་ཨ་ལག་རབ་ཏུ་བརླག་པར་བཤད། ཟོར་བ་དམར་ནག་གི་རྒྱུད་ལས། སྲིན་པོ་མ་རུ་ཙེ་སྒྲུབ་པའི་ཐབས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེནསགཤིནརྗེམརུཙེ། །རང་གི་སྒྲུབ་ཐབས་འདི་གསུངས་སོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །ཟླ་གམ་གསུམ་གྱིས་བསྐོར་བ་བྲི། །འཁོར་ལོ་བཞི་ལྡན་གྲུ་ཆད་བཞི། །སྒོ་རྣམས་སྒོ་ཁྱུད་ལྕགས་རི་མོ། །དབུས་སུ་འཇམ་དཔལ་ཡབ་ཡུམ་དགོད། །མདུན་དུ་གཤིན་རྗེ་མ་རུ་ཙེ། །འཁོར་ལོ་བཞི་ལ་གཤིན་རྗེ་དགོད། །སྒོ་བཞིར་བསེ་མོ་བཞི་ཡང་དགོད། །གཡས་ཀྱི་ཟླ་གམ་སྟེང་དུ་ཡབ་ཡུམ་གཏོར་མ་དགོད། །གཡོན་གྱི་ཟླ་གམ་སྟེང་དུ་གཤེད་ཀྱི་གཏོར་མ་དགོད། །མདུན་གྱི་ཟླ་གམ་སྟེང་དུ་གཤིན་རྗེའི་བླ་རྡོ་བཟུང་། ཁུ་ཆད་བཞི་ལ་གསད་པའི་ཐུན་བཞི་བྱ། །མགར་བ་ཨ་ལག་གཟུགས་བྱས་ལ། །གཤེད་བཞིས་གསད་པའི་ཕུར་གཏན་བྱ། །ཉི་མ་བཞི་པའི་སྔགས་ཀྱིས་གཟེར། །ཞེས་རྟག་ཏུ་རྒྱུད་སྔགས་འདི་དྲང་ངོ་། །ཨོ་མཉུ་ཤི་ཡ་མ་རྭ་ཛ་མ་མ་ཀ་ཨེ་ཀ་ཛུ་གི་དྲི་ཛ་ཛ། ཨོ་ཏྲི་ལིང་ཤང་ཀ་དུ་ཏྲི་ཟ་ཡསྒ་རྦད་པུ་ཕྱེ་མ་ཁ་འདར། །རུ་རུ་པྲ་པྲ་དུ༷་དུ༷་ཤིག་ཤིག་དགྲ་བོ་མ་ར་ཡ། བདུན་འབུམ་གྲངས་ནི་ཚང་འགྱུར་ན། །མོན་དང་བཙད་པོ་ཨ་ཙ་ར། །འོད་དང་སྒྲ་དང་ཏུག་ཆོམ་དང་། །དེ་དག་གཤིན་རྗེ་གྲུབ་པའི་རྟགས། །དེ་ལྟར་བྱུང་ན་གསད་ལས་བྱ། །ཉི་མ་དང་པོ་དག་ལ་ཡང་། །ཡ་མ་རྭ་ཛའི་ལས་བྱ་སྟེ། །དུག་དང་སྒྲོ་ཡིས་ལྷ་ལྔ་དབྲལ། །ཉི་མ་ནི་རྩེར་ཤར་བ་དང་། །དཀྱིལ་འཁོར་ཤར་དུ་ར་གཞག་ལ། །དྲག་པོ་གསད་པའི་སྔགས་བཟླས་ཏེ། །བདགཉིདགཤིནརྗེའིཐུགས་ཀ་ནས། །སྔོ་ནག་གསལའཚེརཡགཅིགབསམ། །ཡི་གེ་ཡ་ཡི་མཐའ་མ་སྲ །དྲག་སྔགས་ཡི་གེ་འབྲུ་བདུན་པོ། །དྲག་པོ་མེ་འབར་འདྲ་བ་བསམ། །གསད་པ་ལས་ཀྱི་སྔགས་འདི་བཟླས། །ཨོ་་ཧྲེསྒྱེ་བི་ཀྲི་ཏྭ་ན་ན། ཆེ་གེ་མོ་ཤ་གྱི༷་ནཱ་ཤ་ཡ་ཧཱུཾ༷་ཕཊ། ཡ་མ་རྭ་ཛ་ས་ཏྲ་མེ་ཡ། ཆེ་གེ་མོ་ཨ་མུ་ཀ༷་པྲ་མ་ཡ་ཧཱུཾ༷་ཕཊ། དྲག་པོ་སྔགས་ཅིང་རང་ལ་བསྟིམ། །ཞེས་བརྗོད་པས་འོད་ཟེར་བདག་ལ་ཕོག་པས། རང་དབང་མེད་པར་བསྐུལ་ནས། །དེས་གཤིན་རྗེ་མ་རུ་ཙེ་བསྐུལ། དེས་གཤེད་པ་མ་རུ་ཙེ་བསྐུལ། དེས་ཕྱོགས་སྐྱོང་གི་གཤིན་རྗེ་བསྐུལ་དེ་མ་མོ་དང་། མཁའ་འགྲོ་དང་། གིང་ཕོ་མོ་ལ་སོགས་པ་རང་དབང་མེད་པར་བསྐུར་ནས། དེས་གཟས་པ་པོ་བཀུག་ནས་ར་ལ་བསྟིམ། ར་ཉིད་གཟས་བ་པོར་གྱུར། རང་ཉིད་ཀྱི་སྤྱི་བོར་དྲག་པོ་སྔགས་ནས་བརྒྱབ་པས། ཚངས་པའི་རྩ་གཅད་པས་མགོ་འཁོར་བར་བསམ་མོ། །ཡང་ཉི་མ་རྩེ་ལ་ཤར་ནས། ཡང་བདག་གི་ཐུགས་ཁའི་ཡ་ལས་དྲག་སྔགས་འབྲུ་བདུན་མེ་འབར་བ་དང་འདྲ་བར་བསམ་མོ། །ཡི་་ཐོརྙོ་བི་ཀྲི་ཏྭ་ན་ན། ཆེ་གེ་ཞིག་ཤ་ཏྲུ༷་ནཱ་ཤ་ཡ་ཧཱུཾ༷་ཕཊ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཆེ་གེ་མོ་ཨ་མུ་ཀ༷་མུར་ཙ་ཡ་ཧཱུཾ༷་ཕཊ། ཅེས་ར་དཀྱིལ་འཁོར་གྱི་ལྷོར་བཞག་ལ། གཤེད་མྱོས་བྱེད་འབར་བའི་དྲག་སྔགས་དེས། ཉི་མ་གཉིས་པ་ལ་ལྟེ་བ་ཁུང་གི་ལིསྐོ་འམ་མིཛོ་བྱས་ལ་གྲགས་སོ་གསིབས་པས། འོད་ཟེར་བདག་ལ་ཕོག་པས་རང་དབང་མེད་པར་བསྐུལནས། དེསགཤིནརྗེམརུཙེ་བསྐུལ། དེས་མྱོས་བྱེད་འབར་བ་བསྐུལ། དེས་མ་མོ་མཁའ་འགྲོ་དང་གིང་བདུད་ཐམས་ཅད་རང་དབང་མེད་པར་བསྐུལ་ཏེ། དེས་གཟས་པ་པོ་བཀུག་ནས་ར་ལ་བསྟིམ་པས། ར་ཉིད་གཟས་པ་པོར་གྱུར་ཏེ། ར་ཉིད་ཀྱི་ལྟེ་བར་གྲགས་སོ་སྔགས་ནས་བརྒྱབ་པས། ལུས་རྒྱལ་ཞིང་ཞབྲུགས་པར་བསམ་མོ། །དེ་ནས་ཉི་མ་གསུམ་པ་ལ། ར་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་བཞག་ལ། ཐུགས་ཀའི་ཡ་ནག་པོའི་ཐ་མ་དྲག་སྔགས་འབྲུ་བདུན་གྱིས་བསྐོར་བར་བསམས་ལདྲག་སྔགས་འདི་དྲག་པོ་ལ་བསྔགས་ཤིང་མགྲིན་པའི་མིང་བྱང་ལ་བརྒྱབ་སྟེ། ཨོ་ཧྲིཁྱི་བི་ཀྲི་ཏྭ་ནན་ཤ་སྐྲུ༷་ནཱ་ཤ་ཡ་ཧཱུཾ༷་ཕཊ་ཡ་ད་ཡོ་ནི་ར་ཡ་སྒེ་ཡ། ཆེ་གེ་མོ་ཨ་མུ་ཀ༷་རཀྟ་ཙ་ར་ཡ་ཧཱུཾ༷་ཕཊ། གཤེད་ཨ་རུ་མ་རུ་ཅེའི་ལས་ཏེའོད་ཟེར་བདག་ལ་ཕོག་པས་རང་དབང་མེད་པར་བསྐུལ་ནས། དེས་གཤེད་མ་རུ་ཙེ་བསྐུལ་ནས། དེས་ཨརུ་མ་རུ་བསྐུལ། དེས་མ་མོ་མཁའ་འགྲོ་གིང་བདུད་ཕོ་མོ་བསྐུལ། དེས་གཟས་པ་པོ་བཀུག་ནས་ར་ལ་བསྟིམ་པས། ར་ཉིད་གཟས་པ་པོར་གྱུར་ཏེ། ར་ཉིད་ཀྱི་མགྲིན་པར་དྲག་པོ་དྲག་པོ་བརྒྱབ་པས། ཁྲག་ལྷུག་གིས་སོང་བར་བསམ་མོ། །དེ་ནས་ཉི་མ་བཞི་པ་ལ་གཤེད་རལ་པ་ཚར་དགུའི་ལས་བྱས་ཏེ། ར་ཉིད་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བཞུག་ལ། །ཉི་མ་རི་རྩེ་ལ་ཤར་ཙམ་ན་བརྩམས་ཏེ། ཐུགས་ཀའི་ཡ་ནག་པོའི་མཐའ་མ་དྲག་སྔགས་འབྲུ་བདུན་གྱིས་བསྐོར་བར་བསམ། དྲག་སྔགས་འདི་དྲག་པོ་བསྔགས་ཤིང་སྙིང་ཁའི་མིང་བྱང་ལ་བརྒྱབ་པས། །ཨོ་ཧྲིཁྱི་བི་ཀྲི་ཏྭ་ན་ན། ཤ་གྱི༷་ཤ་ཡ་ཧཱུཾ༷་ཕཊ། ཡསྟེ་ཡ་ཅ་ནི་ར་མ་ཡ། ཆེ་གེ་མོ་མུ་ཀ༷་མྱ་ར་ཡ་ཧཱུཾ༷་ཕཊ། གཤེད་རལ་པ་ཚར་དགུའི་ལས་ཏེ། འོད་ཟེར་བདག་ལ་ཕོག་པས་རང་དབང་མེད་པར་བསྐུལ།དེས་གཤེད་རལ་པ་ཚར་དགུ་བསྐུལ། དེས་མ་མོ་མཁའ་འགྲོ་གིང་བདུན་ཕོ་མོ་བསྐུལ། དེས་གཟས་པ་པོ་བཀུག་སྟེ་ར་ལ་བསྟིམ་པས། ར་ཉིད་གཟས་པ་བོར་གྱུར་ཏེ། ར་ཉིད་ཀྱི་སྙིང་ཁ་གྲགས་སོ་ལ་བསྔགས་ནས་བརྒྱབ་པས་སྲོག་ཕྱིར་ཐུལ་གྱིས་བྱུང་བར་སྒོམ་མོ། །དེ་ལྟར་གཤེད་བཞིའི་ལས་བྱས་ཏེ། ར་ཡི་སྙིང་ཕྱུང་པ་གས་པ་བཤུས་ལ། ལིང་ག་སྙིང་གི་ནང་དུ་གཞུག །དུར་ཁྲོད་ལྟ་བུར་རབ་ཏུ་གནན། ཟོར་བ་དམར་ནག་གི་རྒྱུད་ལས། གཤིན་རྗེ་མ་རུ་ཙེ་རང་གི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་བདུད་མ་རུ་ཙེས་རང་གི་སྒྲུབ་ཐབས་འདི་གསུངས་སོ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་ལ། །གྲུ་ཆད་བཞི་དང་ལྡན་པར་བྱ། །མེ་རི་ཐོད་འཕྲེང་དེ་བཞིན་བཏང་། །འཇམ་དཔལ་ཡབ་ཡུམ་དབུས་སུ་དགོད། །ལྕགས་མས་ནག་པོའི་ཕུར་པ་ལ། །བདུད་པོར་དམིགས་ཏེ་མདུན་དུ་དགོད། ཁྲུ་ཆད་བཞི་ལ་བདུད་བཞི་དགོད། །རབས་ཆད་ནག་པོའི་ཐོད་པ་སྲ །སྣ་ཚོགས་སྙིང་སྦྱར་དབུས་སུ་དགོད། །ཐོད་པ་ནག་པོ་དུག་གིས་བཀང་། །རེ་བ་ནག་པོས་ཐོད་པ་གྲིལ། །མིང་རུས་བྲིས་ཏེ་ཐོད་པར་གཞུག །བྱང་ཤར་འབྲུབ་ཁུང་ནང་དུ་གཞུག །མཐའ་མ་ཚེར་མ་སྣ་ཚོགས་བསྐོར། །མངོན་དུ་དྲག་པོའི་སྔགས་འདིས་སྒྲུབ། །ཨོ་ཤི་མཉུ་ཡ་མ་རྭ་ཛ་མ་མ་ཨེ་ཀ་ཛུ་ཞི་ནི་ཛ་ཛ། ཨོ་བདུད་པྲ་མ་ཡ་བདུད་པྲ་མ་ཡ། སྙིང་མགོ་ཆོད་དུ་རུ་དུ་མྲ ཧར་ཏི་ཧར་ཏི། དགྲ་བོའི་སྙིང་ལ་ཛ། ནག་པོ་ཏི་པ་ཙ་པའི། དགྲ་བོའི་སྙིང་ལ་པ་ཙའི། དགྲ་བོའི་སྙིང་ལ་པ་ཙ་བམ་རིལ་རྦད། ནཱ་ག་ཀྲོ་དྷི་ཤྭ་རི་སྙིང་ལ་བ་ཙ་ལ། དགྲ་བོའི་སྙིང་ལ་ཁ་རམ་ཁའི། ནག་པོ་ཤ་པ་ཏི་བ་བམ་རིལ་རྦད། ནག་བོ་ཧ་ར་ཧ་ར་བ༷་རིལ་རྦད། ནཱ་ག་སྙིང་མགོ་ཆོད། ཁ་ལ་ཟོ་སྙིང་མགོ་ཆོད། །ཙ་ལ་རོག་པ་དགྲ་བོའི་སྙིང་ལ་ཛ་ཛ། དགྲ་བོའི་སྙིང་ལ་ཧུ་ར་བེ་ར་བ༷་རིལ་རྦད། ཧུ་ཡ་ཧུ་ཡ་དགྲ་བོའི་སྙིང་ལ་དུ་ར་དུ་ར། གློ་ཙ་བ༷་རིལ་རྦདཡང་ན་མྱོས་ཤིང་ལྐུགས་སུ་ཆུག །ཡང་ན་སྨྱོ་ཞིང་འབོག་ཏུ་ཆུག །ཡང་ན་རྩ་བ་བདུན་རྒྱུད་ཆོད། །བདུན་འབུམ་གྲངས་ནི་ཚངས་འགྱུར་ན། །གཡག་དང་བྱ་རོག་སྟག་གཟིག་དང་། །བ་གླང་ཆུ་ཆེན་དྲུག་པ་དང་། །རྟ་པ་ཞིབ་ཅན་མི་རེང་སྐྱ་བཤར་སྟོན། །དེ་ལྟར་བྱུང་ན་ལས་འགྲུབ་སྟེ། །དཀར་པོ་གཉའ་ནག་དམིགས་པ་བཅའ། །མགར་པ་ཨ་ལའི་ལྷུ་བཅུ་གཉིས། །མགོ་དང་བཅུ་གསུམ་གཟུགས་བྲིས་ལ། །ར་ལ་བཏགས་ཏེ་གྲགས་སོ་པ། །རྩ་བའི་སྔགས་ཏེ་འབུམ་དུ་བཟླས། །ཞེ་སྡང་དྲག་པོ་ར་བསྒྲལ་ལ། །ར་སྙིང་དུག་གི་ཐོད་པར་གཞུག །བདུད་མོ་གདུག་པའི་དྲག་སྔགས་འདི། །དུག་ཐུན་ནང་དུ་འབུམ་དུ་བཟླས། །སྒག་རཀྟ་ཁ་མུན་ཏྲ་མུ་ལུ་རུ་ལུ་ཧཱུཾ༷་སྨྱོ་ཧཱུཾ༷། རག་མོ་ཏེ་ཀུ་མ་ཛ་ཛ་ཁ་ལ་མ་ཏི་སྨྱོ། རུ་ལུ་རུ་ལུ་མ་ཧིང་སྨྱོ། མ་མ་མ་ལས་ལ་ཡ༷། གྲོ་ལོ་རྣོ་ཚེ་གྲམ་གཡས་ལ་ཡ། ཏི་སྣ་རྦད་སྣ་ཐུམ་རི་ལི་ལི། མ་ཏི་ཏི་ཏ་རྦད་ན་ཐུམ་རི་ལི་ལི། ཤ་ཏི་ཏ་རྦད་ན་ཐུམ་རི་ལི་ལི། ཁ་ཚུམས་ནི་ཡ་ཏི་ཏ་རྦད་ན་ཐུམ་རི་ལི་ལི། ཡ་སྒ་ནི་ཡ་ནི་རྦད་ན་ཐུམ་རི་ལི་ལི། དགྲ་བོ་ནི་ཡ་ཏི་རྦད་ན་ཐུམ་རི་ལི་ལི། ཞེས་ནི་དྲག་པོ་དུག་ལ་བསྟིམ། །དུག་ནི་ཐོད་པར་བཅས་པ་དེ། །ནུབ་ཕྱོགས་ཆུ་མིག་ལྐུག་པའམ། །བྲག་དང་ཆུ་འཐབ་བར་དུ་མནན། མགར་བ་ཨ་ལ་ཕུང་བར་འགྱུར། ཟོར་བ་དམར་ནག་གི་རྒྱུད་ལས། བདུད་མ་རུ་ཙེ་རང་ཉིད་སྒྲུབ་པའི་ཐབས་ཏེ་ལེའུ་སྟེ་ལྔ་བའོ།། །།དེ་ནས་གནོད་སྤྱིན་མ་རུ་ཙེ་རང་གི་སྒྲུབ་ཐབས་འདི་གསུངས་སོ། །དཀྱིལ་འཁོར་ལ་གང་གྲུ་བཞི་ལ། །དུག་དང་ཁྲག་གིས་ཆག་ཆག་གདབ། །མཐིང་ནག་གྲུ་གསུམ་ཟླ་གམ་གསུམ། །མུ་ཁྱུད་ཟླུམ་པོ་ཐོད་འཕྲེང་བཏང་། ཁུ།་ཆད་བཞི་ཡིས་རྣམ་པར་མཛེས། །དབུས་སུ་འཇམ་དཔལ་ཡབ་ཡུམ་དགོད། །མདུན་དུ་གནོད་སྦྱིན་མ་རུ་ཙེ། །གྲུ་ཆད་བཞི་ལ་གནོད་སྦྱིན་བཞི། །མཆོག་གི་ཕུར་པ་བཞི་ལ་དགོད། །བསེ་འམ་ཟངས་གཞོང་ནང་དག་ཏུ། །སྨན་དང་དམ་རྫས་རྒྱས་པར་དགྲམ། །གཏོར་མ་ཆེན་པོ་དབུས་སུ་བཞག །སྤྱན་གཟིགས་གཏོརམ་ཤར་དུ་བཞག །སྐྱ་རེངས་ཤར་ནས་སྨོད་བཙུགས་གཏད། །དཀར་པོ་གཉའ་ནག་སྐྱེ་རུ་ཡང་། །གང་ལ་དམིགས་པའི་མིག་རུས་གདགས། །ར་ལ་གཤིན་རྗེའི་ཁྲམ་ཡིག་བྲིས། །སྐྲུ་ལ་གཤིན་རྗེའི་སྨོད་བདུད་བྱ། །ཕུར་བཞི་དག་ལ་བརྒྱངས་ཏེ་བཞག །ཡང་ན་བླ་བཞི་བསྐམས་ནས་ཀྱང་། །སྙིང་ཁེར་རྩང་གིས་བརྒྱབ་ལ་བཞག །མངོན་དུ་དྲག་པོའི་སྔགས་འདིས་གྲུབ། །ཨོ་ཤི་མསྐྲུ་ཡ་མ་རྭ་ཛ་མ་མ་ཨེ་ཀ་ཛུ་རྟི་དྲི་ཛ་ཛ། ན་མོ་རཏྣ་ཏྲ་ཡུ་ཡ། ན་མོ་བེ་བྲ་མ་ཁི་པྱེ་ཧ། མ་ཧྭ་རྭ་ཛ་ཕྱེ་ཧ། ན་མོ་རཏྣ་ཀྲ་ཀུ་པྱེ་ཧྭ། གུ་རྒྱ་ཡ་ག་ཏི་བ་ཏེ་དུ་བ་ཡ་ན་ཀུ་བ་རི་ཏའི་ཤ་མིའི། ཨ་ནུ་རུ་པ་སུ་རུ་པ་ན་ཏ། ཀུ་པ་ར་ཙརྙ་ཙ་ཁམ་ཧེ་མོ་ཁ་ཀ་ན་ཏ། ཀུ་པ་ར་ན་ཧེ་མ་ཀན་ཀུ་ཧ་ཀ་ཙ་ལ་ཀ་ཙ་ལ། པ་ཙ་པ་ཙ། པུ་ལུ་པུ་ལུ་གྲྭཧྭ། བདུན་འབུམ་དག་ཀྱང་རྫོགས་འགྱུར་ན། །གནོད་སྤྱིན་སྐུ་དག་སྟོན་པ་དང་། །ལྷ་ཁང་མཆོད་རྟེན་ལྟ་བུ་འམ། །འབག་དང་བཙུན་པ་ལྟ་བུ་འམ། །བོན་དང་བརྙེ་བཙན་པོར་སྟོན། །དེ་ལྷར་བྱུང་ན་ར་བསྒྲལ་ཏེ། །སྙིང་ཕྱུང་མགོ་གཅད་ཁ་རུ་བཞུག །ཡང་ན་ར་ཡི་ཁ་མིག་བཙེམས་ལ། །གོམ་གསུམ་བྱང་ཐང་ར་མཐོང་གཏང་། །ལས་རྣམས་ཐམས་ཅད་རྫོགས་པར་བཤད། །སྙིང་ལ་དྲག་པོའི་སྔགས་འདིས་བརྡེག །ཙི་བི་རི་ཙཀྲ་པ་ན་ས་མ་ཡ། ཨ་མྲི་ཏི་བཱ་ར་ཡ་ཨ༷་གུ་ཤ་ཛ། ནཱ་ག་མུ་རྭ་ཡ་ཛ། ཚལ་པ་ཨ་དྲི་ཏྲི་མྱ་ར་ལ། ཨ༷་གུ་ཤ་ཛ། ཤུ་ཤུ་རག་ཤ་ཚལ་པ་ཨ་དྲི་ཏྲི་སྙི་ར་ཡ་ཡ༷་གུ་ཤ་ཛ་ཛ། ཨ་བེ་ཤ་ཡ་ཚལ་པ་ཨ་དྲི་ཏྲི་མུ་ར་ཡ་ཨ༷་གུ་ཤ་ཛ། དེ་ནས་བདུད་པའི་ཕྱག་རྒྱ་སོར་མོ་རྣམས་ནང་དུ་བསྣོལ་ལ་