Ngb-pt-0666-vol-07-text
Front
Body
བརྡལ་དུ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཤི་བཛྲ་ཡསྒ་ར་ག་རཀྟ་རྭ་ཛ་ཏནྟྲ་རྭ་ཛ། བོད་སྐད་དུ། དཔལ་རྡོ་རྗེ་གནོད་སྦྱིན་དམར་པོ་མར་ཁྲག་སྒྱུག་གི་རྒྱུད་ཀྱི་རྒྱལ་པོ། དཔལ་ཕྱག་ན་རྡོ་རྗེ་དྲེགས་པ་འདུལ་བའི་གཙོ་བོ་དྲག་པོ་སྒྲོལ་བྱེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རི་རབ་བུམ་པ་རྣམ་རྒྱལ་གྱི། ཁང་བཟང་བྱང་ཕྱོགས་གནོད་སྦྱིན་གནས། །རྣམ་ཐོས་སྲས་ཀྱི་ཕོ་བྲང་སྟེ། །གཙུབ་འགྱུར་གནོད་སྦྱིན་འཁྲུགས་པ་ཡི། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །གཤིན་རྗེ་དམར་པོ་རལ་པ་ཅན། །ལྷ་མོ་དུད་འགྲོ་སྲིན་མོ་ཀུན། །ཁྲམ་ལ་བཏབ་ཅིང་ཚེ་སྲོག་ཟ། །དེ་ནས་འཕགས་པ་ཀུན་དགའ་ཡིས། །བམ་ཆེན་གདན་ལ་སྐུ་བཞེངས་ནས། །དྲག་པོ་སྒྲོལ་ལ་འདི་སྐད་གསོལ། །གནོད་སྦྱིན་ག་་པོ་སྙིང་ཟན་འདི། ཁམས་གསུམ་ཕུང་བའི་ལས་བྱེད་པས། །བསྒྲལ་ལམ་དབང་བསྐུར་ལས་ལ་མངག །ཅེས་གསོལ་པས། དྲག་པོ་སྒྲོལ་བས་བཀའ་སྩལ་པ། །གནོད་སྤྱིན་ག་་ཁྲོ་དྲག་ཤུལ་ཅན། །འདི་ལ་དཔའ་རྩལ་མཐུ་ཡོད་པས། །བསྟན་པ་བསྲུང་བའི་དུས་ལ་བབ། །ཅེས་གསུངས་སོ། །དེ་ནས་འཁོར་དུ་འདུས་པ་ཡི། །དམ་ཚིག་ཆེན་པོ་འདི་ལྟར་ན། །གནོད་སྦྱིན་ག་་པ་གཙུབ་པ་དང་། །གསད་ཅིང་རོ་ལངས་བསྐོར་བ་དང་། །མ་གྲུབ་སྤོགས་དང་ཤིས་བསྟན། །ལས་ཀྱི་ཐུས་ཀ་བསྡུ་བ་དང་། །ལས་ཀྱི་དངོས་གྲུབ་བུམ་པའི་ག་འུ་ཡི། །ལས་རིམ་རྫོགས་པ་བསམ་པར་མཛོད། །ཅེས་གསོལ་ཏེ། འཁོར་དུ་འཁོད་ནས་གནས་སོ། །གནོད་སྦྱིན་དམར་པོ་མར་ཁྲག་སྒྱུག་ལས་སྐབས་དང་པོའོ།། །།དེ་ནས་སྒྲོལ་བདག་མ་རུ་ཙེ། །གསང་བའི་སྒྲུབ་པ་བཤད་བྱ་བ། །རོ་ཤའི་ཡུལ་ལམ་གནས་ཚལ་ལམ། །རི་རྩེ་དང་དུར་ཁྲོད་ཀྱི་གླིང་གི་རྒྱལ་པོར་སྒྲུབ་པ་བྱ། །དུར་ཁྲོད་ས་དང་རོ་བསྲེགས་པ་དང་གྲི་རྒོད་ས་དག་ལས། མཎྜལ་བྱས་ལ་ཁྲག་གིས་བྱུགས་ལ། དཔལ་དང་གནོད་སྤྱིན་གཏོར་མ་རབ་བཤམས་ལ། །རི་ལུ་ལ་གནས་འབྲུ་མཆོག་ལ། །གནོད་སྦྱིན་གཏོར་མ་བྱ་བར་བཤད། །ཙ་ར་དཀར་པོ་གཉའ་ནག་དང་། །གཡུལ་དུ་བསད་པའི་གྲི་རྒོད་ཤ །སྒྲོལ་གིང་དཔའ་བོའི་དམ་རྫས་བྱ། །ལྷ་ལས་གྱུར་པའི་བདུད་རྩི་དབུལ། །གཅན་གཟན་དར་མའི་ཐོད་པ་ལ། །གནོད་སྦྱིན་འགྲིམ་པའི་ངན་སྔགས་བྲི། །རོ་རས་མཁར་ནག་བོང་ནག་གིས། །རྡོག་མ་བཅིངས་ལ་ཚོན་སྐུད་ཀྱིས་བཅིང་། །བླ་རྡོ་གསང་བའི་རྟེན་དུ་བྱ། །སྒྲོལ་གིང་གནས་སུ་བྱིན་བརླབས་ཏེ། །བཅངས་ནས་ལུས་དང་གྲིབ་མའི་ཚུལ། །གེགས་ཀྱི་ལས་མི་བྱེད་པ་ན། །སྒྲོལ་གིང་བདག་པོ་བསྲེག་པར་འཀྱུར། །དམ་ཚིག་ཉམས་ན་སྒྲུབ་དཀའ་སྟེ། ལྷ་སྐྱེངས་ལས་ལ་གྲུབ་པ་མེད། །གྲབ་ཅ། དེ་ནས་དམ་ཚིག་ལུས་བསྲུང་བ། །ཏིང་འཛིན་གསུམ་ལས་ཡེ་ཤེས་ལས། །བསྐྱེད་དང་སྤྱན་དྲང་འཕྲིན་ལས་བཅོལ། །མཆོད་ཅིང་རྒྱུན་གྱི་སྙིང་པོ་བཟླས། །སྒྲོལ་བའི་སྙིང་ལ་འཁོར་ལོ་བསམ། །དབུ་གཡས་དང་གཡོན་གསལ་བར་བསམ། །བཟླས་ན་སྲོག་བསྐུལ་ལས་ལ་འགྲོའོ། །བྱུང་ན་བླ་མཚོ་དགུག་པ་ནི། ཁྲ་ཏྲུ༷་སྲོག་གི་རླུད་ཡིན་ཏེ། །སྲོག་རྩ་དྲག་པོ་དྲང་བར་བྱའོ། །འོད་ཟེར་ནག་པོས་དྲང་བ་ནི། །རོ་ལམ་ཞེས་ནི་དེ་ལ་བྱ། །བླ་རྟགས་བྱུང་ན་གསད་པ་ཙམ། །རྟགས་ཀྱི་ངེས་པའི་ཚད་མ་བཟུང་། །ཕོ་རྟགས་བྱུང་ནས་གསད་ཁྲམ་བརྡེག །ལས་འཁོར་ན་འཁོར་ལོ་དཀྲུག་ཅིང་གསད། །ལས་མི་བྱེད་ན་འཁོར་ལོ་བཟློག །སྒྲོལ་གིང་ཨ་ར་ལ་གཏད་པར་བྱ། །གནོད་སྤྱིན་མ་ར་ཁྲག་སྒྱུག་ལས། སྒྲུབ་པའི་ལེའུ་སྟེ་སྐབས་གཉིས་པའོ།། །།དེ་ནས་གནོད་སྦྱིན་དང་མ་མོ་ཡི། །དྲག་སྔགས་ངེས་པར་བཤད་པར་བྱ། །ཨོ་རུ་རུ་་་རསྒ་ཤལ་ཀྱི་ཀྱང་རོ་ལ་མུག་ཏི་སྙིང་ཁ་རག་སྨྱོ། མ་ཧྭ་དེ་བ་ཙིཏི་ཛ་ས་མ་ཛ་ཛ། དགྲ་བོའི་སྲོག་ལ་མྱ་ར་ཡ་ཧཱུཾ༷་ཕཊ། བ༷་ཧ༷་ཧ་དགྲ་བོ་སྟམ་པར་སྲུང་། ཧྲི་ཧ་ཧཱུཾ༷་བཛྲ་ཧ་ན་དགྲ་བོ་ཨ་བི་རྭ་ཛ་ཧུ༷་ཕཊ། ཧྲི་ནི་ཤ་ར་ན་ཕཊ། བླཁུག་སྲོག་ཁྱེར་ལ་སྨྱོ། ཨེ་ཏ་ཀི་རྭ་ཛ་བཛྲ་ཏི་སྟ་ཧུ༷་ཕཊ། ཧུ༷་སྙིང་ལ་ཟ་བ་ཙིན་ད་མུ་ར་ཡ་ཕཊ། བཛྲ་ཧ་ན་ཧན་ཧོབདཙཀྲཧཱུཾ༷་ཕཊ། སུ་ཀིབ་ཡ་སོད་མརན་གྲྭཧྭ། ཨོ་མ་མ་དུག་སྨྱོ། དགྲ་བོ་ནི་བ༷རོལ་རོལ། གཟེརམུ་ཏྲིམ་ཧེད། རག་མོ་ཡག་མོ་ཐུམ་རི་ལི་རི་ལི་སྙིང་འབྱིན་ཏྲིག་ཧོན་ཕྱུང་ནི་ཤ་ཀུ་རུ་ཁ་སོ་བ་ཏི་ཡ༷་སེན་མེན་ཡ༷། ཆེ་གེ་མོ་ཤིག་པྲ་བེ་ཤ་ཡ༷རུཏྲི་ཡ༷་སྙིངརྩ་ཆོདསྲོག །པྲིག་པྲིག་ཤ༷་ཤེ་ཁྱེར་སྨྱོ། ཁུ་ལེ་ཟ་ཁུལེ་ཟ། སྙིང་ལ་རྦུད། ལྕེ་ངརམ་སོད། མ་ཙིཏི་རསྒ་ནི་མྱ་ར་ཡ་རྦད། རསྒ་ཡསྒ་ཡསྒ་ནི་བཱ་ར་ཡ་རྦད། ག་ཏ་ག་ཏ་དགྲ་བོ་ནི་སྙི་ར་ཡ་རྦད། ཨོ་དུ་རུཔ་ཏྲག་ག་ག་ཤ་ཤ་ལ་ཀྱི་ཀྱང་རོལ་མུག་ཏི་སྙིང་ཁ་རག་མ་རུ་ཙེཙ་ཙིརྟི་ཕྱུང་། སྲོག་ལམྱལ་ཏིར༷་ཡ༷་ཁ༷་རྦད། ཙཀྲ་མྱ་ར་ཡ་རྦད་རྦད། སྒག་རསྒ་ཡསྒ་རེ་མ་ཏྲི་སྙིང་ཁ་རག་ཙ་ཁྲག་ཙིསྟ་ཕྱུང་། སྲོག་ལ་མྱལ་ཏི་ར༷ ཡ༷་ཁ༷་ལ༷་རྦད། ཙཀྲ་སྨྱུར་ཡ་རྦད་བོད། ཞག་གྲངས་གསུམལས་གྲངས་མངས་ན། །རང་སྲོག་གཅོད་པའི་སྔགས་སུ་རིག །ཨོ་ཏི་ཨ་རེ་ཤཏྲན་སྙིང་གཏི་མུག །རོ་ལ་ཀྱང་ཀྱི་ཤ་ཤ་རག་ཏྲག་རུ་རུ་སྲོག་བྲེངབྲེང་ཛ་ཛུ། བཛྲ་མ་ཧྭ་དེ་བཙིཏི་ཛ་ལ་སྨྱོ་སྨྱོ། གནོད་སྦྱིན་མ་ར་ཁྲགསྒྱུག་ལས། དྲག་སྔགས་བསྟན་པའི་སྐབས་ཏེ་གསུམ་པའོ།། །།གནོད་སྦྱིན་དམརཔོ་གསདཔའི་ལས་བཤད་པ། །བདུད་ཆདཟག་པའི་རྫས་ལ་ལིང་ག་བཅལ་ཕུང་སའི་འབྲུབ་ཁུང་ནང་དུ་གན་སྐྱལ་མནན། །སྟེང་དུ་ཝ་ཐོད་ནང་དུ་ལིང་ག་བཞག །སྔོན་དམར་སྐུད་པས་སྦྲེལ་ལ་མནན་པའི་རྟེན་བྱའོ། །སྒྲུབ་སྔགས་རྫོགས་ནས་བླ་དགུག་ནན་ཏན་བྱའོ། །བླ་རྟགས་བྱུང་ནས་གསང་སྔགས་དྲག་ཏུ་བརྡེག །གྲིབ་སོ་བྱུང་ནས་རོ་ལངས་དྲག་སྔགས་བརྡེག །དུས་དྲུག་བྲབ་སྔགས་ཕུང་སྤྲུགས་བརྡེག་པ་གཅེས། །ཁྲག་དུག་ཉུངས་ཀར་ཕུར་པས་བསྣན་ཅིང་གསད། །ལུས་སྲོག་ཕྱེད་ནས་ར་བསྒྲལ་གཏང་རག་བཏང་ངོ་། །གནོད་སྦྱིན་མ་ར་ཁྲག་སྒྱུག་ལས། གསད་པའི་ལས་སྐབས་བཞི་པའོ།། །ཁུ་ཀཁུ། །བསད་པའི་ལས་འགོར་འབྱིན་འཁོར་ལོ་བཅའ། །དཔའ་བོ་གྲིར་གསད་རལ་པ་འཁོར་ལོ་བྲི། །ཕོ་མོ་གནད་གཅོད་ལྟོ་བར་འཁོར་ལོ་དགོད། །ཐོད་པའི་ཨེག་ཙེར་འཁོར་ལོ་ཟུར་ལ་འགྲམ། །གཅེར་བུ་ཤ་མེད་འཇིགས་པ་དགྲ་ལ་བསྟན། །གནོད་སྤྱིན་གཞོན་ཚུལ་སྒེག་པོ་རང་ལ་བསྟན། །སྙིང་འབྱིན་པ་ཡི་དྲག་སྔགས་ཞག་གསུམ་བཟླས། །མོ་རྟགས་ཉེ་ཞིང་དམིགས་པ་མ་སོད་ན། །འཁོར་ལོ་ཁ་སྦྱར་འཇིགས་མ་དགྲ་ལ་བསྟན། །ལྷ་མོ་བརྒྱན་ལྡན་བསྒེག་མོ་རང་ལ་བསྟན། །ཞག་གསུམ་བྱས་ལ་བཙན་བདུད་སྲང་དུ་ནི། །དུར་ཁྲོད་གནས་སུ་གནན་ཅིང་གསང་ཁྲམ་རོ་ལངས་བདེག །རྟགས་འདྲེས་འཁོར་ལོ་ཕོ་མོ་ཉིན་མཚན་བརྣོལ། །སྐྲུ་གྲི་རེག་ཆོད་གསད་པའི་ལས་འདོད་ཡིན། །གནོན་སྦྱིན་མ་ར་ཁྲག་སྒྱུག་ལས། །མ་རུ་ཙེ་ཁྲག་སྒྱུག་སྙིང་འབྱིན་གྱི་ལེའུ་སྟེ་སྐབས་ལྔ་པའོ།། །།དེ་ནས་རྟགས་དང་མཚན་མ་འབྱུང་བ་ནི། །རྒྱ་གར་མོན་དང་བཙུན་པ་བཙད་ཕོ་བྱུང་ན་ཕོ་ཡི་ལས་ལ་སྦྱར། །བུད་མེད་མོན་མོ་བཙུན་མ་ཆུང་མ་དང་སྲིན་མོ་དག །བྱུང་ན་མོན་མོའི་ལས་ལ་སྦྱར་ལ་བཞག །རྡོ་རྗེ་སློབ་དཔོན་བྱུང་ན་བསྐང་། །བུད་མེད་ཡུགས་མོ་བྱུང་ན་བཤགས། །མཛེ་ཅན་བྱུང་ན་དམ་རྫས་གཏོར། །ཇག་དང་ར་མདའ་ཁུ་ལོག་བྱང་ན། །གནོད་སྦྱིན་འཁྲུགས་པས་ལྷ་བསྙེན་བྱ། །སྨྱོན་པ་བྱུང་ནས་བདག་ཉིད་གནོད་ཅིང་དངས་པ་ན། །འཁུ་ལྡོག་ཡིན་པས་སྲོག་བཅུའོ། །དེ་ནས་ནོར་བུ་སྒྲུབ་པ་ན། །ག་འུར་ལྔ་ཚན་ལྔ་བཤམས་ཏེ། །རིན་པོ་ཆེ་དང་དྲིས་ལྡན་པ། །འཁོར་ལོ་རྫོགས་པ་བང་མཇོད་སྤ། །དགོས་འདོད་འབྱུང་བར་ཐེ་ཚོམ་མེད། །ན་མོ་རཏྣ་ཏྲ་ཡུ་ཡ། ན་མོ་བི་བྲ་ན་པྱེ་ཧཱུཾ༷་ཡ་ཧ་ར་ཛ་གྱེ་ཧཱུཾ༷་ན་མོ་ཏ་ཀུ་བེ་ར་པྱེ་ཧཱུཾ༷། རཏྣ་སིདྷི་པྲཁོ་ཀུ་རུ་སིདྷ་ཧཱུཾ༷་ས་ཧྭ་སྲུཧྭ། མ་ར་ཁྲག་སྒྱུག་ལས། རྟགས་དང་དངོས་གྲུབ་ཀྱི་ལེའུ་སྟེ་དྲུག་པའོ།། །།དྲག་པོ་མར་ཁྲག་སྒྱུག་གིས། །གསད་པའི་ལ་དོར་སྐྲུ་གྲི་སྟེ། །བཀའ་གཅོད་ལས་ཀྱི་ཐུགས་ཀའི་རྒྱུད། །རྡོ་རྗེ་མི་ཤིགས་སྐུ་ཡི་རྒྱུད། །གནོད་སྦྱིན་ཁྲོས་པ་ལོངས་སྤྱོད་རྫོགས། །ཀར་མ་ཤི་ཧེ་རུར་བཤད། །མ་ར་ཁྲག་སྒྱུག་སྤྲུལ་པ་ཡིས། །འགྲོ་བའི་རྩ་སྦུབས་ལས་ཀྱི་གཅོད། །གསང་བའི་རྒྱུ་རྒྱལ་ཐུགས་ཀ་ཡི། །ཙིསྟ་དམར་འབྱིན་རོ་ལངས་རྒྱུད། །འདི་ལས་གསང་བའི་ངེས་དོན་མེད། །དཔལ་འཇིགས་བྱེད་གཤིན་རྗེ་དམར་པོ་མར་ཁྲག་སྒྱུག་གི་ལས་རྫོགས་སོ།། །།ས་མ་ཡ་ན་ར་ཁན། མར་ཁྲག་སྐྱུག་གི་ལས་ལ་སྒྲུབ་ལུགས་གཉིས།རྒྱུད་ལེའུ་བདུན་བདུན་ཡོད་དོ། །འདི་གཤིན་རྗེ་གནོད་སྤྱིན་དུ་སྒྲུབ་པ་ཡིན་ནོ། །གཅིག་ནི་གཤིན་རྗེ་སྲིན་པོར་སྒྲུབ་པ་ཡིན་ནོ། །ལར་ན་དྲག་སྔགས་ཀྱི་ལ་དོར་བ་གཤིན་རྗེ་དམར་པོ་ཁྲག་སྐྱུག་ཡིན་ནོ། །ཞེས་བླ་མ་ཁྲག་མཐུང་ནག་པོ་གསུང་། །ལེའུ་བདུན་པ་རྫོགས་སོ།། །། རྒྱ་གར་སྐད་དུ། ཡཀྟ་གིང་ཀ་ར་རྭ་ག་རཀྟ་ཏན་ཏྲ། བོད་སྐད་དུ། གནོད་སྤྱིན་གིང་དམར་པོ་སྒྲོལ་བ་སྲིན་པོའི་རྒྱུད།