Ngb-pt-0663-vol-07-text
Front
Body
བདེན་པས་མི་འདུལ་ཞིང་། །དགེ་འདུན་བཙུན་པས་མི་ཉན་ཏེ། །ལྔ་བརྒྱ་སྙིགས་མ་བྱུང་བའི་ཚེ། །གོས་ངན་དུག་ཧྲུལ་གོན་པ་དང་། །གནས་ངན་མཁར་སྤེ་བརྩིག་པ་དང་། །ལས་ངན་མཚམས་མེད་བྱེད་པ་དང་། །ཟས་ངན་ལྕི་བ་ཟ་བའི་དུས། །དམ་ཚིག་ཉམས་པ་མང་བའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ང་ནི་རྒྱལ་བ་ཀུན་གྱི་སྐུ་ཡིན་པས། །ཀུན་གྱི་ཡེ་ཤེས་ང་ཡིན་པས། །ང་ནི་དུས་གསུམ་སྔོན་དུ་འབྱུང་། །ང་ནི་དུས་གསུམ་ད་ལྟར་གནས། །རིགས་འཛིན་གཞན་གྱི་དངོས་གྲུབ་རྣམས། །ཡལ་ནས་བསྒྲུབ་ཏུ་མི་འདོད་ཚེ། །ང་ཡི་དངོས་གྲུབ་བླ་ན་མེད། །ང་ཡི་བསྟན་པ་འཕེལ་བར་བྱེད། །ང་ནི་ཁྲོ་བོའི་རྒྱལ་པོ་སྟེ། །འཇིགས་བྱེད་ཁྲོ་བོའི་གཟུགས་ཅན་ནི། །མི་འགྱུར་མི་ཤིགས་སྐུ་ཡི་མཆོག །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད། །ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས། །མཐིང་ནག་གྱད་ཀྱི་འཇིགས་ཚུལ་ཅན། །གཡས་ཀྱི་དང་པོ་ཞིང་དབྱུག་སྟེ། །གཡས་ཀྱི་བར་པ་དགྲ་སྟའོ། །གཡས་ཀྱི་ཐ་མ་རལ་གྲི་སྟེ། །གཡོན་གྱི་དང་པོ་སྡིགས་མཛུབ་ཅན། །གཡོན་གྱི་བར་པ་མདུང་ཐུང་ཅན། །གཡོན་གྱི་ཐ་མ་ཐོད་ཁྲག་བསྣམས། །ཞལ་གདངས་མཆེ་གཙིགས་སྤྱན་དགུ་བགྲེད། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །ཞིང་ཆེན་གཡང་གཞི་ཡ་བ་ཀོར། །སྟག་གི་པགས་པའི་ཤམ་ཐབས་ཅན། །མི་མགོ་སྟོང་གི་འཕྲེང་བ་དང་། །རིགས་བཞི་སྦྲུལ་གྱི་རྒྱན་དུ་བྱས། །ཐལ་ཆེན་རཀྟ་ཞག་གི་མཚན། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །མ་ཧེས་གཤིན་རྗེ་བརྫིས་པ་ལ། །གྱད་ཀྱི་དོར་སྟབས་བརྗིད་པའི་ཚུལ། །ང་ཡི་སྐུ་ཡི་རང་བཞིན་ཏེ། །གང་ཞིག་དེ་ལ་རྟག་ནུས་ཞིང་། །རྟག་ཏུ་འགྲིས་པར་ལྟ་ནུས་ན། །ང་ཉིད་ཡིན་ཏེ་དེ་ཉིད་མཐོང་། །ང་ཡི་གཟུགས་སུ་གྱུར་པར་བྱོས། །སྣང་བ་སྐུ་ཡི་བདག་ཉིད་དང་། །སྣང་མེད་ཆོས་སྐུ་སྟོང་བདག་མེད། །ཐབས་ཀྱི་རོལ་པ་ཤར་བ་ཡིན། །གཉིས་མེད་སྐུ་འཁྲིལ་གནས་པ་ཡང་། །མཁའ་འགྲོ་སྒྱུ་མ་བདེ་བའི་ངང་། །རབ་ཏུ་མི་བཟད་གསུམ་མོ་ཆེ། །ཀྲོ་དྷི་ཤྭ་རི་གསང་བའི་ཡུམ། །མི་གནས་མྱ་ངན་འདས་པའོ། །དེ་ཉིད་ཁྲོ་བོའི་རྒྱལ་པོ་ང་། །གཤིན་རྗེ་གཤེད་ཅེས་བྱ་བ་ཡིན། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་ཉིད་རྒྱ། །དགོངས་སྤྱོད་འཁོར་ལོ་འདུས་པ་སྟེ། །གནས་པའི་འཁོར་ལོ་སེམས་སུ་འདུས། །སེམས་ལས་སེམས་བྱུང་ཆོས་ཀྱི་སྐུ། །སྲིད་པའི་འཁོར་ལོ་ལུས་ལ་འདུས། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །སྤྲུལ་པའི་འཁོར་ལོ་རྐང་ལ་འདུས། །གོམ་པར་བགྲོད་པ་འགྲོ་དྲུག་གནས། །གཅོད་པའི་འཁོར་ལོ་མཚོན་ཆེན་འདུས། །འཕྲིན་ལས་རྣམ་བཞིར་དངོས་པོར་གཅོད། །ཞི་རྒྱས་གཉིས་ནི་གསོ་བའི་ལས། །དབང་དྲག་གཉིས་ནི་གསད་པའི་ལས། །འཕྲིན་ལས་རིམ་པ་རྩ་བ་ལས། །ཡན་ལག་སྦྱོར་བ་དེ་ཡི་གྲངས། །ལས་ཀྱི་རིམ་པ་བཤད་པ་དང་། །བརྒྱ་ཕྲག་བརྒྱད་དང་སྟོང་ཕྲག་བཅུ། །འཇིགས་བྱེད་ཁྲོ་བོའི་སྐུ་ལ་སོགས། །འཇིགས་པའི་བདུད་བཞི་གཏན་ནས་བཅོམ། །སྐུ་གྱུར་ཕུང་པོ་བདུད་དང་བཅོམ། །རང་རིག་ཡེ་ཤེས་ཉོན་མོངས་འཇོམས། །སྐྱེ་འཆི་མེད་པས་འཆི་བདག་བཅོམ། །གཉེན་པོ་མེད་དེ་ལྷ་བདུད་བཅོམ། །ང་བདག་འཕོས་པས་གསང་བ་དགྲ་བསད། །ཆགས་སྡང་འཕོས་པས་ནང་དགྲ་བསད། །གཟུང་འཛིན་འཕོས་པས་ཕྱི་དགྲ་བསད། །འགྲོ་དྲུག་སྣང་བ་རང་གི་སེམས། །སེམས་ཉིད་ནམ་མཁའི་ངོ་བོ་ཉིད། །ནམ་མཁའ་མཐའ་བྲལ་ཅིར་མི་གནས། །ལུས་རྣམས་ལེན་པའི་གཡང་ས་ཆོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །དེ་ཉིད་ལ་ནི་སྐད་ཅིག་ཙམ། །རྣལ་འབྱོར་དད་པའི་ཤུགས་བསྐྱེད་ཀྱང་། །དེ་ཉིད་འཇམ་པའི་དབྱངས་སུ་ཡང་། །མྱུར་དུ་བླ་མེད་ཡང་དག་བཤད། །དེ་ལ་དེ་ཡི་དཀྱིལ་འཁོར་ནི། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ལས། །འབྱུང་བ་རྣམ་དག་ཡེ་ཀློང་དུ། །དཀྱིལ་འཁོར་ལྷུན་རྫོགས་ཡེ་ཤེས་ཏེ། །རང་བཞིན་ངོ་བོ་ཐུགས་རྗེའི་ལྷ། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་མཆོད། །དག་པའི་ཞིང་ཉིད་ཡེ་ཤེས་སོ། །མཉམ་པའི་ངང་ལ་རྡོ་རྗེ་སྐུ། །སྲིད་གསུམ་གདུག་པ་བསྒྲལ་བའི་ཕྱིར། །ཡུམ་གྱི་པརློ་དཀྱིལ་འཁོར་ནས། །བྱང་ཆུབ་སེམས་ལས་ཁྲོ་བོའི་སྐུ། །གདུག་པ་བཏུལ་ནས་བརྗིད་པར་གནས། །ཡེ་ཤེས་ཆེན་པོའིརངབཞིན གྱིས། །འབྲསབུ་རང་བྱུང་རང་ལ་ཐིམ། །སྣང་མེད་ཆོས་སྐུའི་ཡེ་ཤེས་ཉིད། །རྟག་ཆད་མཐའ་ལས་གྲོལ་བ་ཡི། །སྐུ་རྒྱན་ཅིག་པའི་དཀྱིལ་འཁོར་དེ། །དང་བའི་མཚོ་ལ་སྐར་ཚོགས་བཞིན། །དབྱེར་མེད་མ་འདྲེས་གཅིག་གི་ངང་། །རྫོགས་པའི་དཀྱིལ་འཁོར་ང་ཉིད་དོ། །དེ་ལ་དེ་ཡི་རིམ་པ་ནི། །བསྙེན་པའི་དཀྱིལ་འཁོར་བྲིས་པ་དག །དུར་ཁྲོད་ས་ལ་རབ་ཏུ་བརྩིག །དཀའ་ཐུབ་ལྡན་པའི་འདོམ་ཕྱེད་ཡིན། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །ཐོད་པ་སྣ་ཚོགས་འཕྲེང་བ་ལ། །རྡོ་རྗེ་རྭ་བ་མེ་རི་འབར། ཁུ་ཆར་སྒོ་བཞི་བར་ཁྱམ་ལྡན། ཁུ་གསུམ་མཐིང་ནག་ཟླ་ཁམ་དམར། །སྒོ་ཁྱུད་དྲ་བ་ཕྱེད་ལ་སོགས། །དྲག་པོའི་རྒྱན་རྣམས་རྫོགས་པར་གནས། །སྐུ་ཡི་གཟུགས་དང་ཕུར་རྫས་ལ། །རྟེན་དེ་དངོས་གྲུབ་ལས་རྣམས་འགྲུབ། །སྐུ་ནི་ནམ་མཁའི་དཀྱིལ་ཡངས་སྦྱིན། །གསུང་ནི་འགག་མེད་བརྗོད་བྲལ་ཉིད། །ཐུགས་ནི་བསམ་འདས་བརྗོད་དང་བྲལ། །ཡོན་ཏན་ནོར་བུ་རིན་ཆེན་འཆང་ལས་ལ་ཐོགས་པ་མེད་པར་གྲུབ། །དེ་ལ་དེ་ཡི་འཕྲིན་ལས་ནི། །དུར་ཁྲོད་རྒྱུ་ལ་འཚི་བདག་བྲི། །སྤྱན་དབྱེ་ལ་སོགས་ཆོ་ག་བྱ། །འཆི་བདག་གཤིན་རྗེ་གདུག་པ་ཅན། །ཁྲོ་བོའི་ཚུལ་འཆང་རྐན་སྒྲ་སྡེབས། །ལྕགས་སྡེར་སྔོན་པོ་དགྲ་སྙིང་འབྱིན། ཁ་གདངས་མཆེ་བ་གཙིགས་པའོ། །ལག་ན་དབྱུག་པ་ནག་པོ་ཐོགས། །དེ་འདྲའི་གཟུགས་ནི་བྲི་དང་བསམ། །དངོས་ནི་བྱེ་བ་གུ་རིངས་སོ། །ག་་མོ་དུག་ཧྲུལ་གོས་གྱོན་མ། །འཆི་བདག་ཡབ་ཡུམ་དེ་གཉིས་ནི། །འཁོར་ལོ་ཕོ་སྐོར་མོ་སྐོར་ཏེ། །ཞབས་འོག་ནས་ནི་ལས་བྱེད་འགྱུར། །ཕོ་ཐོད་མོ་ཐོད་སྟེང་དང་འོག །བསྙེན་པའི་དཀྱིལ་འཁོར་སྟེང་དུ་སྟེ། །སྐུ་དང་ཐུགས་ཀྱི་མཐུ་བསྡུ་ཞིང་། །དྲག་པོ་རྫས་ཀྱི་ངར་བླུད་ན། །མྱུར་དུ་གཅོད་པར་ཡང་དག་བཤད། །འཇིག་བྱེད་ཡ་མན་ཏ་ཀ་དང་། །སྟག་མདའ་དམར་མོ་འཇིགས་མ་དང་། །ཡ་མ་རྭ་ཛ་ལ་སོགས་ཏེ། །ཚེ་བདག་ནག་པོའི་ཐུན་རྣམས་སོ། །ཁྲག་དུག་ཉུངས་ཀར་ཕུར་པ་སྟེ། ཁ་ཐུན་ལ་སོགས་མནན་པའི་གྲོགས། །ཉིན་བཞི་ལས་ཀྱི་འཁོར་ལོ་སྟེ། །ཞིང་བཅུ་སྲེག་པའི་ཉིད་མ་ཡིན། །ལས་རྣམས་ཀུན་གྱི་མཐའ་རྒྱ་སྲ །སྔགས་རྣམས་བཟློག་དང་གཤིན་རྗེ་གཟེར། །ལས་ཀྱི་ཐུན་རྣམས་རྫོགས་པར་བྱ། །དུར་ཁྲོད་ཆེན་པོ་སྐྱ་ཡི་བར། ཁྲན་མར་རི་དང་ཆུ་གླིང་དང་། །རྐང་གཅིག་ཤིང་དང་བྲག་གནས་རི། །དེར་ནི་དྲག་པོ་བསྒྲུབས་ན་འགྲུབ། །དེ་ནས་ཁྲོ་བོའི་རྒྱལ་པོ་ཡིས། །གསང་སྔགས་འཕྲེང་བ་བཤད་པར་བྱ། །སྐུ་དང་གསུང་ཐུགས་ཡོན་ཏན་ལས། །བཞི་ལྔ་ཉེ་བར་བསྙེན་པ་དང་། །སྒྲུབ་དང་ལས་ལ་སྤྱོར་བ་ཡིན། །ཨོ་ཨ་ཀྲོ་ཏེ་ཀ་མན་ཏ་ཀ་ཧ་ན་མ་ཐུ་བྷརྫི་ཧཱུཾ༷་ཕཊ། སྐུའི་སྙིང་པོའོ། །ཨོ་ཀྭ་ལ་དུ་པ་ཧཱུཾ༷་ཕཊ་ཨ། གསུང་གིའོ། །ཡི་ཧྲིསྒྱི་བི་ཀྲི་ཏྭ་ན་ན་ཧཱུཾ༷་ཕཊ། ཨོ་ཡ་མ་མེ་ཏ་སྟེ་ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཙ་ནི་ཧཱུཾ༷་ཛ་ཛ། འཕྲིན་ལས་སོ། །ཨོསམམཉུཤིམུཀྲཡམཏ་ཀ་པ་ཙ་ཏེ་རེ་ནི་ཧཱུཾ༷་ནི་ཧཱུཾ༷་ཛ། ཡོན་ཏན་གྱིའོ། །ཨོ་ཨུ༔ཧཱུཾ༷། དེ་ཉིད་པའོ། །ཀྭ་ཡ་ལྷུ་ཀ་ཙིསྟ་ས་མ་ཡ་ཧཱུཾ༷་ཛ་ཛ། མཚན་མ་གསུམ་གྱིས་དགུག་པའོ། །ཡ་མ་སྙིང་ཤ་ཤ་ཛུ་ཛུ་དུན་སྦྱོ། ཡ་མ་སྙིང་དུ་པ་ཤ །ཡ་མ་ཨུ་ཀཁོ་ཡ་ཧཱུཾ༷་ཛུ་ཛུ། གཤིན་རྗེ་དབང་དུ་བསྡུ་བའོ། །ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ་ཡ་ཏ་ཡོ་ནི་ར་ཡ་སྟེ་ཡ་ཙ་ནི་ར་མ་ཡ། འཁོར་ལོ་རྩ་བའི་སྔགས་སོ། །པྲམ་ཡ། རཀྟ་ཙ་ཏ་ཡ། མུར་ཙ་ཡ། མ་ར་ཡ། ནི་ཤ་ཀུ་རུ་ནི་རྦད་ཡ་ཧཱུཾ༷་ཕཊ། གཅོད་བཞི་སྐྲུ་གྲི་ཁོ་ནའོ། །ཨོ་་ཧྲེཁོ༷བི་ཀྲི་ཏྭ་ན་ན་ཙ་ས་ར་ཏ་ཀ་ལ་པྲ་མ་ཡ་ཧཱུཾ༷་ཕཊ། ཨོ་ཤི་དུ་མན་ཙིཀྟ་པ་ཙ་ཏ་ན་ན་ཧཱུཾ༷་ཡ་མ་རཀྟ་ཙ་ར་ཡ་ཧཱུཾ༷་ཕཊ། ཨོ་དྷ་དེ་བླ་ཙི་ཏ་ཏི་ཀྟ་མུ་ཙ་ཡ་ཧཱུཾ༷་ཕཊ། ཨོ་ཡ་མན་དྷི་བ་ཧཱུཾ༷་ཙིན་དྷ་མུ་ར་ཡ་དྲི་ཧཱུཾ༷་ཕཊ། བསད་པ་ཁོ་ན་གནད་གཅོད་མའི་གཟེར་རོ། །ཡ་མ་སྙིང་། ཡ་མ་ཁྲག །ཚལ་པ་བ༷་རི་ལ། བཱ་ར་ཡ་དྭ་པ་དུམ་བུ་ཧཱུཾ༷་ཕཊ། ལིང་ག་རང་གནད་ཀྱི་གཤིན་རྗེས་མདངས་འཕྲོག་པ་དག་གོ །ཨོ་ནི་མ་ར། མ་ར་དུ། མ་ར་སྙིང་། ཡ་མ་ཁྲག །ཚལ་པ་བ༷་རིལ། ད༷་པ་དུ༷་བུ་ཧཱུཾ༷་ཕཊ། ཕུར་ཐུན་སྔགས་སོ། །ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ་མ་རྭ་ཛ་སྙིང་ལ་ཁུག་ཐུམ་རིལ་རྦད་ཡ། ཡ་མ་རྭ་ཛ་སྙིང་ལ་ཁུག་ཐུམ་རིལ་རྦད། ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ་མ་རྭ་ཛ་སྙིང་ཏོ་མེ་ཡ། ཡ་མ་རྭ་ཛ་སྙིང་ཏོ་རུ་མེ་བ༷་རིལ་རྦད། ཡ་མ་རྭ་ཛ་སྙིང་ལ་ཁུག །རོ་ཤ་སྙིང་བ༷་རིལ་རྦད། ཁྲག་ཐུན་ནོ། །ཡ་མ་རྭ་ཛ་ཁྲག་ཐིབས་རྦད། ཡ་མ་རྭ་ཛ་མུགས་ཐིབས་རྦད། ཡ་མ་རྭ་ཛ་དུབ་རིལ་རྦད། ཡ་མ་རྭ་ཛ་ཀླིང་དུ་རྦད། ཡ་མ་རྭ་ཛ་མྱགས་བྱིང་ནཱ་ར་ཡ་འུབྲ་ཐུས་སྙིང་མགོ་ཆོད། ཁ་ལ་ཟོ་ཚལ་པ་སྙིང་ཙ་རོ་མེ་བ༷་རིལ་རྦད། འདི་དག་ནི་དུག་ཐུན་གྱི་སྔགས་སོ། །ཡ་མ་རྭ་ཛ་ཧྲི་སྟི་ཡ་ཏ་ཀྲི་སྙིང་ལ་བ༷་རིལ་རྦད། ཡ་མ་རྭ་ཛ་ཀློ་ཙ་ལ་རོ་བ༷་རིལ་རྦད། ཡ་མ་ར་ཛ་ཀློ་རྩ་མཆིན་རྩ་རུས་རྒྱུ་རྩ་ཁ་སྙིང་རྩ་པྲ་མ་ཡ། འདི་དག་ནི་ཉུངས་ཀར་གྱི་ཐུན་སྔགས་སོ། །བྱ་ཙ་ཡེ། ལིང་ཀ་ཡེ། འབྲི་ཏ་ཡ། ཕོ་བི་ཐོག་འདྲའོ། །ཙི་ཏ་ཡེ། བྱི་ཙ་ཡེ། ཧ་ས་ཡེ་མོ་ཐོག་འདྲའོ། །ཨོ་ཤི་མཉུ་ཡ་མ་ར། ཡ་མ་ཏ་ཀ །ཨེ་ཀ་ཛུ་གི་ཛ་ཛ། ཙི་ཏ་ཁར་རྦད། གཤམ་དུ་ཙིསྟ་གུག་ལིང་རྦད། དགྲ་བོ་སྤོ་ཛ། ཨོ་ཤི་མན་ཡ་མ་ར་ཛ་པེ་ཏ་ལི་ཀྲོ་དྷི་ཤྭ་རི་སྙིང་ཁ་རག་ས་མ་ཡ་ཐུམ་རིལ་རྦད། ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཁྲག་ལ་ཏོ་རུ་མེ་ཡ། དགྲ་བོའི་ཀླད་པ་ལ་ལ་ཧ་རེ་ཧོ་རོ། བ༷་རིལ་རྦད། ཡ་མ་རྭ་ཛ་ས་མེ་ཡ། ཡ་མན་ཏོ་རུ་སྟེ་ཡ། སྙིང་མགོ་ཆོད་ཤ་ཆེ་གེ་མོ་ཀློ་སྙིང་སྦྱིད་བཱ་ར་ཡ་རྦད་ཡ། ཡབ་ཡུམ་གྱིས་གདབ་པའི་ཡང་སྙིང་ངོ་། །ཨོ་ཡ་མན་ཏ་ཀ་ཧྲི་སྟི་ཀི་ལ་དུ་བ་ཡ་མ་རྭ་ཛ་ཧྲི་ཀྲགས་ཐུམ་རིལ་རྩ་རྦད་སྲོག་ལིང་ཐུན་སྨྱོ། སྐུ་གསུང་ཐུགས་ཀྱི་ཡི་གེ་མཆོག་ཏུ་བཤད་པའི་ཐུན་སྔགས་སོ། །ཨོ་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཧྲི་ཏི་ཀྭ་ལ་རྭ་བ་མ་གཤམ་སྲོག་ནན་ཁྱེར་སྨྱོ་རྩ་ཆོད་མྱགས་སྲོག་ལ་ཐུན་རྦད། ཐུགས་ཀྱི་ཐུན་སྔགས་དམ་པའོ། །ཡ་མ་རྭ་ཛ་མོན་ཏ་ནག་པོ་ཀ་པ་ཡེ། ཀྲི་ཏ་ཡེ་ལ་ཧྲི་ཏ་ཡེ།མྱགས་སྲོག་ལ་ཐུན་མུགས་རྩ་ལ་མྱོགས་རྦད། ལས་ཀྱི་གཤིན་རྗེ་ཁྲི་དྲུག་སྟོང་གི་ཐུན་ནོ། །ཧྲིསྟི་ཡ་མན་ཏ་ཀ་ཙིསྟ་བྲེང་ཤ༷་ཀ་ལ་རྭ་པ་ཨ་ནེ་ཨ་ནེ། ཨུ་ནེ་ཨུ་ནེ། དུ་ནེ་དུ་ནེ། ཡ་ནེ་ཡ་ནེ། མ་མ་ཤ་ཆུམ་སྲོག་ལ་ཐུམ་རིལ་རྦད། ཤ་ཁྲག་ལ་རྔམ་པགསང་བ་སྤྱི་འབྲབ་ཅེས་བྱའི་ཐུན་ནོ། །ཡ་མ་ཏ་ལི་ཐུན་ཏྲིང་སྲོག་ལ་ཐུན་སྨྱོ། ཡ་མ་ཏ་ཀའི་འོ། །ཨརུ་རག་ཤ་མོན་ཏརུ་ཐུམ་ཙིསྟ་དུན་ཏི་སྲོག་ལ་མྱ་ར་ཡ་ཐུན་སྨྱོ། སྟག་མ་དམར་པོའོ། །ཨེ་ཀ་ཧེ་དུ་ན་ཡ་མ་ཙ་སྙིང་ལ་དུན་ཏི་སྨྱུ་ར་ཡ་ཐུན་སྨྱོ། ཚེ་བདག་ནག་པོའི་འོ། །ཡ་མ་རྭ་ཛ་ཤི་སྲོག་ལ་ཏིང་ཐུན་སྨྱོ། ཡ་མ་རྭ་ཇོའི་ཐུན་ནོ། །ཧྲིསྟི་ཡ་དུ་ནི་བཛྲ་དྷི་ཙ་སྲོག་ལ་ཐུན་རྦད། ཧྲིལྟི་ཀྲིཏ་བུ་ཏ་སྲོག་ལ་ཐུན་རྦད། ཧྲིསྟི་རཏྣ་གར་པ་སྲོག་ལ་ལིང་ཐུན་རྦད། ཧྲིསྟི་པདྨ་ཏ་ཀྲིད་སྲོག་ལ་ལིང་ཐུན་རྦད། ཧྲིལྟི་ཀརྨ་རཀ་ཤ་སྲོག་ལ་ཐུནརྦད། ཧྲིསྟི་ར་ག་བཛྲ་སྲོག་ལ་ཐུམ་རིལ་ཙིསྟ་རྦད། ཧྲིལྟི་ཡ་མ་སྲོག་ལིང་ཐུན་རྩ་བྲེང་ཐུན་རྦད། ཧྲིསྙི་གྲ་ན་བཛྲ་ར་ཙ་སྲོག་ལ་ཐུན་རྦད། ཧྲིལྟི་ད་ཙ་བ་བཛྲ་སྦུ་ན་ཧྲི་བཱ་ར་ཡ་ཐུན་རྦད། ཁྲོ་བོ་གཟེར་སྔགས་ལས་ཀྱི་ཐུན་སྔགས་སོ། །ཨ་མུ་ཀ་སྙིང་བ༷་རིལ་རྦད་ཡ། ཨ་མུ་ཀ་ཁ་ཏོ་ས་ལ་མུ་ཏྲ་རྦད་ཡ། ཨ་མུ་ཀ་མུ་སྟ་ནན་ཁྲམ་ཏི་རྦད་ཡ། ཨ་མུ་ཀ་ཁྲག་ཏི་རྦད་ཡ། ཡ་མ་རྭ་ཛ་ས་ཏོ་མེ་ཡ་སྨྱོ་རུ་ལུ་རུ་ལུ་ཆེ་གེ་མོ་ཧཱུཾ༷་ཕཊ། བ༷་རི་ལི་ལི་རག་མོ་ཁ་རག་ཆེ་གེ་མོ་རྦད་རྦད་ནན། །དུམ་བུར་དུམ་བུར་ཆེ་གེ་མོ་ཚལ་པ་ཚལ་པ་ཏི་སྟ་རྦད་ནན། ཐུམ་རི་ལི་ལི་ཆེ་གེ་མོ་མུ་ར་ཡ་ནན། སྙིང་གཤོགས་ཁ་ལ་མུ་ལོ་ཙ་ཐུན་ནན་ཆེ་གེ་མོ་ནཱ་ཤ་ཡ་མྱ་ར་ཡ་ཕོས་པ་ཤིག་ཡ་མ་ར་ནན། ས་ཏི་རུ་རུ་གོང་ཀྲ་ར་ཙ་ནན། ཆེ་གེ་མོ་མྱ་ར་ཡ་ཙིསྟ་པྲ་བེ་ཤ་ཡ་ཕཊ། ཨོ་ཨ་ཀྲོ་ཏེ་ཀ་ཡ་མན་ཏཀམཉུཤིཀྭལརྭཔཆེ་གེ་མོ་ནན། ཀྟ་ཡ་ནན། བན་དྷ་བ༷་རྦད། རུ་ལུ་རུ་ལུ་ཧཱུཾ༷་ཛ། རུ་ལུ་ཚལ་པ་བིག་ནན། ཡ་ནི་ཏོ་ཤ་རུ་ནི་ནན། ཆེ་གེ་མོ་ནཱ་ར་ཡ་ནན། མཐའ་སྡུད་དང་མནན་པའི་ཐུན་སྔགས་སོ། །ཨོ་ཤཱ་མཉུ་ཡ་རྭ་ཛ་མ་མ་ཨེ་ཀ་ཛུ་ཏ་ཛ་ཛ། ཏྲག་རཀ་ཤ་ཁ་མུན་ཏྲ་མུན་ཙི་སྙིང་ཁ་རག་མ་སྨྱོ། པ་རག་སྨྱོ། པ་ར་ཤ །རུ་ལུ་རུ་ལུ་སྨྱོ། ཨེ་ཀས་ཁ་ལ་མ་ཏི་སྨྱོ། སྙིང་རྩ་ཕྲོག་རྩ་ལ་རྦད། མ་མ་སྙིང་ཁ་རག་ཏ་ཐུན་སྨྱོ། དགྲ་བོ་ནི་ནཱ་ར་ཡ་ཛ་ཛ། ཆེ་གེ་མོ་དུ་ནཱ་ར་ཡ། མ་ར་དུ། ཡ་མ་སྙིང་། ཡ་མ་ཁྲག །ཡ་མ་སྲ ཡ་མ་རྦད། ཚལ་པ་ཚལ་པ་བམ་རིལ་དུམ་པུ་དུམ་པ། ཆེ་གེ་མོ་མུ་ར་ཡ་ཧཱུཾ༷་ཕཊ། ཆེ་གེ་མོ་ཙིསྟ་ཁ་རག་ཧཱུཾ༷་ཕཊ། ཆེ་གེ་མོ་མུ་ཤ་ཡ་ཧཱུཾ༷་ཕཊ། མྱ་ར་ཡ་ཐུན་ཡ། ཐམས་ཅད་རེག་ཆོད་ཀྱི་དྲག་སྔགས་ཅེས་བྱའོ། །ཨེ་ཨེ་ཨེ། ཨ་ཀྲོ་ཏེ་ཀ་ཡ་མ་ཡེ། ཀྭ་ལ་དུ་པ་ཀ་པ་ཡེ། ཧྲིསྟི་ཨ་པ་ཡེ། ཡ་མ་ཏ་ཀ་དྷི་ཀྲི་ཏ། ཀ་ལི་ཀྲོ་དྷ་ཨ་ནེ་ཨུ་ནེ། དུ་ནེ་བྱ་ཙ་ཡེ། དུ་རུ་ཡེ་ཙི་ཏ་ཡེ། ཧ་ལ་ཡ་ཡེ་མ་ཡ་མ་ཀྲི་ཏ། ཡ་མ་ཀྲོ་དྷ་ཡ་མ་མོན་ཏ། ཡ་མ་རཀྟ། ཡ་མ་བྱི་ཤ །ཙི་ཧུ་སྟི། མོན་ཏ་ཤི་ཙ་ཡ། ཨ་མུ་ཀ་ཙིསྟ་བྲེང་ཤག་མྱགས་ཐུན་སྨྱོ། ཐུམ་རིལ་ཁྲག་ལ་མྱགས་སྦྱོ། དུན་ཏིང་ཧྲིལ་ཤག་ཧལ་ཡམ་བཞིན་ནོར་བུ་ཁྱོད་ལ་འདུད། །གདུག་པ་འདུལ་བྱེད་གསུང་སྒྲ་ཅན། །སྔགས་མཆོག་མངའ་བདག་ཁྱོད་ལ་འདུད། །མི་རྟོག་རྡོ་རྗེ་ཐུགས་ལ་འདུད། །མ་ལུས་སྒྲོལ་འདུད་ཁྱོད་ཕྱག་འཚལ། །ཅེས་བསྟོད་དོ། །འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་འཁྲུལ་འཁོར་ནག་པོའི་རྒྱུད་ལས། ཁྲོ་བོའི་རྒྱལ་པོ་ཞལ་གསུམ་པའི་རྟོག་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།རྫོགས་སོ།། །།གཤིན་རྗེ་འཁྲུལ་འཁོར་ནག་པོའི་རྒྱུད་ཕྱི་མ་ཡང་སྙིང་ཞེས་བྱའོ། །འཁྲུལ་འཁོར་གསང་བའི་རྒྱུད་བཅུ་གཉིས་བཞུགས་པ་ལ་འདིར་ཁྲོ་བོ་ཞལ་གསུམ་པ་འཁོར་ལོ་ཐུན་བསྡེབས་ཀྱི་རྟོགཔ་བསྒྱུར་བའོ།། །།་། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་གཤིན་རྗེ་གཤེད། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །སངས་རྒྱས་འཕྲིན་ལས་བརྣག་པའི་བཅུད། །འཇམ་དབྱངས་ཁྲོ་བོ་ཆེན་པོ་ཡིས། །ཡ་མ་ལག་ན་རྡོ་རྗེ་དང་། །ཡེ་ཤེས་ཁྲོ་ཚོགས་འཁོར་གཞན་ལ། །གཤེད་ཆེན་འཁོར་ལོ་བཀའ་སྩལ་ཏོ། །ལྔ་བརྒྱ་པའི་སྙིགས་མ་བྱུང་བའི་ཚེ། །དཀོན་མཆོག་བསྟན་པའི་སྐུ་དགྲ་ལ། །གསེད་བདག་འཁོར་ལོ་ནག་པོ་བསྐོར། །འཆི་བདག་ཉིད་དང་གཤེད་པོ་བཞི། །སྒྲུབ་དང་གཅོད་པའི་འཁོར་ལོ་སྟེ། །བསད་པ་དྲག་པོ་བདུད་ཀྱི་ཚིག །ནག་པོ་དུས་དང་གཟའ་སྐར་ལ། །རྫས་དང་དམིགས་པ་རྟེན་བཅས་ཏེ། །དང་པོ་ཆོས་ཉིད་དམིགས་མེད་ལས། །སྙིང་རྗེའི་ངང་ལས་ཡི་གེ་ཧཱུཾ༷། །ཙཀྲ་བྲུ༷་ཞེས་རབ་གྲགས་པས། །ཡེ་ཤེས་ལྷུན་གྲུབ་གཞལ་ཡས་ཁང་། །གྲུ་གསུམ་ཀྲི་སྣ་ཟླ་ཁམ་དབང་། །ཐོད་མཁར་བཞི་དང་ལྡན་པའི་གནས། །ཡི་དྭགས་མ་ཧེ་ཁྲི་སྟེངས་སུ། །གཅིག་པུ་དཔའ་བོ་ཉིད་ཀྱི་སྐུ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་བེ་ཅོན་གཤིན་རྗེ་གཟིར། །གཡོན་པ་སྡིགས་མཛུབ་ཞབས་པས་གཟིར། །མེ་དཔུང་ཀློང་ནས་འོད་ཟེར་འཁྲུག །ཀུན་དང་མི་བཟད་བྲན་དུ་འཁོལ། །ཛ་ཏི་ཡབ་དང་གཉིས་མེད་འཁྲིལ། །སྦྱོར་བའི་འོད་ཟེར་ས་བོན་ལས། །སྲོག་གི་གཤེད་ཆེན་མ་རུངས་བཞི། །མི་བཟད་རྔམ་པའི་བདག་པོ་བཞི། །སྨུག་ནག་སེར་ནག་དམར་ནག་དང་། །ལྗང་ནག་བེ་ཅོན་འཁོར་ལོ་འཛིན། །འོད་དང་འོད་ཟེར་རབ་ཏུ་འཁྲུག །དྲི་ཟ་གཤིན་རྗེ་གནོད་སྦྱིན་ཀླུ། །གདན་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །འཇིགས་བྱེད་ཆེན་པོ་གཤིན་རྗེ་གཤེད། །ཆོས་སྐུ་རྒྱན་ཅིག་དཀྱིལ་འཁོར་དེ། །སྤྲིན་མེད་མཁའ་ལ་གཞན་ཚོན་བཞིན། །མ་འདྲེས་གཅིག་གི་ངང་དུ་རྫོགས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་མཆོད། །གསང་སྔགས་ཡི་གེའི་རིམ་པ་ཡང་། །སྐུ་ཡིས་རྟེན་ལ་གསུང་གི་སྒྲུབ། །འཕྲིན་ལས་སྙིང་པོ་ལས་ལ་སྦྱར། །ཕོ་ཐོད་མོ་ཐོད་སྟེང་དང་འོག །མེ་རླུད་ལས་ཀྱི་འཁོར་ལོ་ནི། །དུག་ཁྲག བྲིས ལ གཤིན རྗེ བསྟིམ། །ཡོན་ཏན་རྫོགས་པ་དབུ་རུ་བཞག །དཔའ་བོ་རྩ་བའི་འབྲུ་ལྔ་ལ། །སྲོག་དང་འགུགས་པའི་ཡི་གེ་སྦྱར། །སྲོག་དང་མཚོན་ཆ་བསྣོལ་བར་བྱ། །བསྙེན་སྒྲུབ་ལས་ཀྱི་རིམ་པ་ལ། །འོད་ཟེར་བརྒྱད་དང་བརྣན་པ་ཡི། །རྐྱེན་དགུས་ཕུལ་ལ་རྫས་དགུས་འཕང་། །གནད་དགུ་འཇོམས་པ་གཟེར་དགུ་བརྡབ། །ལས་ཀྱི་གཤིན་རྗེ་སྲིན་པོ་བདུད། ཁུ་སྐར་གྲལ་ན་གནས་པས་ན། །སྟ་སྐོར་གཅིག་དང་རྟ་སྐོར་གཉིས། །སྟ་སྐོར་གསུམ་ལ་གདོན་མི་ཟ། །སྐུ་གསུང་ཐུགས་ཀྱི་ཐུན་རྣམས་ནི། །སྐུ་དང་ཡིག་འབྲུ་མཚོན་ཆར་བསྟིམ། །འཆི་བདག་ཉིད་དང་གཤེད་པོ་བཞི། །གདུག་པའི་དབལ་དང་དམིགས་པའི་རྟེན། །འཁོར་ལོ་ཞེས་ནི་དེ་ལ་བྱ། །གསང་བའི་ཡི་གེ་འབྲུ་བདུན་པ། །དུག་ལྔ་སྐྱེ་བའི་སེམས་ཅན་ལ། །ལུས་ལ་རང་བཞིན་གནས་པས་བསྐོར། །འཁོར་ལོ་ཞེས་ནི་དེ་ལ་བྱ། །བདག་དགའ་འཆི་བདག་གསལ་བྱས་ནས། །གསང་སྔགས་བཟླས་པའི་འོད་ཟེར་དག །གདུག་པའི་མཚོན་ཆ་རང་གཤེད་བྱེད། །སྤྱི་གཙུགས་མགྲིན་པ་ལྟེ་བ་དང་། །སྙིང་ཁ་ལ་སོགས་གནས་བཞི་སྲ །རྒྱུད་མི་འཆད་པར་འཁོར་བས་ན། །འཁོར་ལོ་ཞེས་ནི་དེ་ལ་བྱ། །མགོ་འཁོར་ཡིད་འཁྲུག་ཁྲག་སྒྱུག་ཅིང་། །སྲོག་གི་དྭངས་སྙིགས་འབྱེད་པས་ན། །འཁོར་ལོ་ཞེས་ནི་དེ་ལ་བྱ། །ཡེ་གྲོལ་ལྷུན་གྲུབ་ལྟ་བའི་གནད། །ངང་གནས་ཤུགས་འབྱུང་སྤྱོད་པའི་གནད། །རྟོགས་པ་མ་ཡེངས་སྒོམ་པའི་གནད། །སྤངས་ཐོབ་མེད་པར་འབྲས་བུ་གནད། །རྟེན་འབྲེལ་རྒྱུ་དག་རྫས་ཀྱི་གནད། །བསྙེན་བསྒྲུབ་མཐའ་འབྱུང་འཕྲིན་ལས་གནད། །རང་བདུད་མཚོན་ཆས་འཇོམས་པས་གནད། །ཏོ་ལོག་སྲིད་པ་རང་འཇོམས་གནད། །སྒོམ་དགུ་གསང་ལམ་སྲོག་གི་གནད། །འཇོམས་པའི་གསང་སྔགས་འདི་ལྟ་སྟེ། །མཚོན་ཆའི་རྒྱལ་པོ་རྣོ་དབལ་ཡིན། །ཧཱུཾ༷། སྐྲུ་གྲི་བྲག་དང་རལ་གྲི་དང་། །བྱང་མར་རྨུ་རྒྱལ་ཏྲི་ཤཱ་ལ། ་༑ད་དྷི་པདྨ་འཁོར་ལོར་སྦྱར། །གནད་འཇོམས་སྦྱོར་བ་དང་པོ་ཡིན། །བྱང་མར་རྨུ་རྒྱལ་ཏྲི་ཤུ་ལ། ་༑ད་དྷི་ཞགས་པ་ཕུར་པ་དང་། །བུམ་པ་རྒྱ་ཁྲམ་འཁོར་ལོར་སྦྱར། །གནད་འཇོམས་སྦྱོར་བ་གཉིས་པ་ཡིན། ་༑ད་དྷི་ཞགས་པ་ཕུར་པ་དང་། །བུམ་པ་བེ་ཅོན་ཁྲམ་ཤིང་དང་། །སྐྲུ་གྲི་རྡོ་རྗེ་འཁོར་ལོར་སྦྱར། །གནད་འཇོམས་སྦྱོར་བ་གསུམ་པ་ཡིན། །བུམ་པ་བེ་ཅོན་ཁྲམ་ཤིང་དང་། །སྐྲུ་གྲི་བྲག་དང་རལ་གྲི་དང་། །བྱང་མར་རིན་ཆེན་འཁོར་ལོར་སྦྱར། །གནན་འཇོམས་འགུག་པའི་ཉི་མ་བཞིན། །དེ་དག་ཡས་སུ་འབྲུ་བསྡེབས་བ། །རྣམ་པ་ཡི་གེ་ངོ་བོ་ལྷ། །རང་བཞིན་སྟོང་པ་ནུས་པ་མེད། །དམར་པོ་བདུད་འཇོམས་ཆོས་རྒྱལ་དང་། །ཕྱ་སངས་སྟག་མགོ་དམིགས་པ་དང་། །ཡ་བ་ཏི་དང་ཨུབྱ་དམར། །འཆི་བདག་གདུག་པ་ཉིད་ལ་གཏད། །ཉི་མ་དང་པོར་ཤེས་པར་བྱ། །མགོ་དགུ་མིག་དམར་བྲག་ཀྱོན་དང་། །དམར་པོ་བདུད་འཇོམས་ཆོས་ཀྱི་རྒྱལ། །ཕྱ་སངས་རལ་པ་ཚར་དགུ་དང་། །འཆི་བདག་སྦྱར་བ་གཉིས་པ་ཡིན། །ཡ་བ་ཏི་དང་གླང་མགོ་དང་། །དུད་ཁ་མགོ་དགུ་མིག་དམར་དང་། །ཀོང་རྩེ་དམར་པོ་ཡ་མ་ར། །འཆི་བདག་མཐར་སྦྱར་གསུམ་པ་ཡིན། །ཕྱ་སངས་སྟག་མགོ་དམིགས་པ་དང་། །ཡ་བ་ཏི་དང་གླང་མགོ་དང་། །དུད་ཁ་མགོ་དགུ་ཉོས་བྱེད་འབར། །འཆི་བདག་ལ་རྟད་བཞི་པ་སྟེ། །གནད་དགུ་འཇོམས་པ་དེ་ཁོ་ན། །གཞན་ཡང་སྔགས་ཀྱི་འཁྲུལ་འཁོར་ནི། །ཡ་མ་ར་ཛ་ས་ཏོ་མེ་ཡ་ཡ་་་་་མེ་ཏོ་རུ་ཎ་ཡོ་་ཏ་ཡ་་་། ཡ་་་ཏ་ཡོ་་་་ནི་ར་ཡ་་་སྟེ་ཡ་་་།་ ཡ་་སྟེ་ཡ་་་ཛ་ནི་ར་མ་་ཡ་་།་ རུ་སྤྲད་་གོབྲུལ་་སྐཐོར་ཉི་མ་་བནི། །སྤྱི་ཡི་ ་སྐརོར་ཝོ་ར་ཡ་་ང་དག་སྤྱ་ད་། །བྱི་་་བོ་༢དྲོས་་ནེས་་དཔ་་ང་བོ་བཤད། ་།དེ་ད་།་བནི་སྙིང་ཀྲིཔ ་པ་་བ་སྟེ། །ལས་ཀྱི་བསྙེན་པར་བཤད་པ་སྟེ། །ནང་གི་འཁྲུལ་འཁོར་ཡིན་པར་འདོད། །ཡ་མ་ར་ནི་ཛ་ཡསྟེ་ཡ། ཡསྟེ་ཡ་ར་ནི་ཡོ་ཏ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་མེ་ཏོ་ས་ཙ་ར་མ་ཡ། དེ་དག་གསང་བའི་འཁྲུལ་འཁོར་ཏེ། །གཡས་ནས་སྐོར་བ་ཐམས་ཅད་ལ། །ཏ་ལམ་ནག་པོའི་འདྲོས་ཞེས་པར། །འཇིགས་བྱེད་རྒྱལ་པོ་ཡ་མས་བཤད། །ཡ་མ་མེ་ཏ་ཀྟ། ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡེ་ཛ་ནི། ཡ་མེ་སྟེ་མ། ཏོ་རུ་ན་ཡོ་ནི་ར་ཡ་སྣྲོ་ནི་ར་ཙ་ས། ཡ་ཏ་སྟེ་མ་མེ། ཡོ་ནི་ར་ཡ་ཙ་ནི་ར་ཙ་ས་ཏོ་རུ་ན། ཡ་སྟེ་མ་མེ་ཏེ། ཡ་ཙ་ནི་ར་ཛ་ས་ཏོ་རུ་ན་ཡོ་ནི་ར། ཡ་ཙ་ནི་ར་ཛ་ས་ཏོ་རུ་ན་ཡོ་ནིར། འཁྱིལ་བ་སྦྲུལ་གྱི་འགྲོས་སྟངས་ནི། །མཆོག་ཏུ་གུགས་ཞིང་མིག་ཏུ་འཇུག །དེ་ལས་ཏ་ལམ་འདྲོས་ཐབས་ནི། །སྲུང་བའི་ཙ་ཀྲར་དཔའ་བོས་བཤད། །རེ་རེ་དག་ལ་བཞི་བཞི་སྲ །ལྕགས་སྤྱང་འཕར་བ་གླག་མོ་དང་། །ལྕེ་སྦྱང་རོ་ལ་རྔམ་ལྟར་བཟླས། །དྲག་པོ་རུས་སྦལ་ཙེག་ནི་འགྲོས། །རྡོལ་པ་ནག་པོ་ཐུགས་ཕྲད་གསད། །ར་ཙ་ས་ཏོ་རུ་ན་ཡོ་ཏ་ཡ། ར་ཙ་ཡ་ར་ནི་ཡོ་ཏེ་ཡ། ཏོ་རུ་ནི་ཡོ་ནི་ར་ཡ་ཁྲེ་ཡ། ཏོ་ས་ཛ་ར་ནི་ཙ་ཡ་ཤེ་ཡ། ཡོ་ནི་ར་ཡ་ཙ་ནི་ར་མ་ཡ། ཡོ་ན་རུ་ཏོ་ས་ཙ་ར་མ་ཡ། ཡ་ཙ་ནི་ར་ཛ་ས་ཏོ་མེ་ཡ། །ཡ་ར་ནི་ཡོ་ན་རུ་ཏོ་མེ་ཡེ། གནད་དགུ་འཇོམས་པ་དྲག་པོའི་འབྲུ། །གཟེར་དགུ་འདེབས་པ་ཆུ་སྲིན་འགྲོས། །འཛིན་དང་གསོད་པ་བརྣག་པའི་ལུང་། །མགོ་མང་འབུར་འགྲོའི་འབྲུ་སྡེབས་པ། །མ་ཡ་ར་མ་ཛ་ར་ས་ཙ་ཏོ་ས་མེ་ཏོ་ར་མ་ཡ། མེ་ཡ་ཏ། མེ་ཏ་ཡ། མེ་ཏོ་རུ་ན་རུ་ཡོ་ནི་ཏ་ཡོ། ཏ་ཡ་སྟེ་ཏ་ཡ་ཡོ། ཏ་ནི་ཡོ་ནི་ཡ་རསྟེ་ཡ། ཁྲེ་ཡ་མ་སྟེ་ཡ་ཡ། སྟེ་ཙ་ཡ་ནི་ཙ་ར་ནི་མར། འཕྲེང་སྔགས་བཅུ་ཚོ་དྲུག་ཡིན་ཏེ། །གཤེད་རྒྱལ་འགུགས་དང་ལས་ལ་སྦྱོར། །སྐྲུ་གྲིའི་རྗེས་སྦྱོར་ལ་ཕྱེད་དེ། །ཨུ་མི་ཏ་དང་འདྲ་བ་ཡིས། །གྲོང་ཁྱེར་ཟད་པ་དྲུག་པ་ཡིན། །ཡ་མ་རྭ་ཛ་ས་ཏོ་མེ། མ་ར་ཙ་ས་ཏོ་མེ། མ་ར་ས་ཏོ་མེ་ཡ། ར་ཙ་ས་ཏོ་མེ་ཡ་མ། ཛ་ས་ཏོ་མེ་ཡམ་རྭ་ཛ། ཏོ་མེ་ཡ་མ་ར་ཙ་ས མེ་མ་མ་ར་ཙ་ས་ཏོ། ཡ་མེ་ཏོ་རུ་ན་ཡོ་ཏ། མེ་ཏོ་རུ་ན་ཡོ་ཏ་ཡ། ཏོ་རུ་ན་ཡོ་ཏ་ཡ་མེ། རུ་ན་ཡོ་ཏ་ཡ་མེ་ཏོ། ན་ཡོ་ཏ་ཡ་མེ་ཏོ་སྲ ཡོ་ཏ་ཡ་མེ་ཏོ་རུ་ན། ཏ་ཡ་མེ་ཏོ་རུ་ན་ཡོ། ཡ་ཏ་ཡོ་ནི་ར་ཡ་སྟེ། ཏ་ཡོ་ནི་ར་ཡ་སྟེ་ཡ། ཡོ་ནི་ར་ཡ་སྒེ་ཡ་ཏ། ནི་ར་ཡ་སྟེ་ཡ་ཏ་ཡོ། ར་ཡ་སྟེ་ཡ་ཏ་ཡོ་ནི། ཡ་སྟེ་ཡ་ར་ཡོ་ནི་ར། སྟེ་ཡ་ཏ་ཡོ་ནི་ར་ཡ། ཡ་སྟེ་ཡ་ཙ་ནི་ར་མ། སྟེ་ཡ་ཙ་ནི་ར་མ་ཡ། ཡ་ཙ་ནི་ར་མ་ཡ་ཁྲེཙ་ནི་ར་མ་ཡ་སྟེ་ཡ། ནི་ར་མ་ཡ་སྟེ་ཡ་ཙ། ར་མ་ཡ་སྟེ་ཡ་ཙ་ནི། མ་ཡ་ཁྲེ་ཡ་ཙ་ནི་ར། དེ་བཞིན་རིམ་པར་སྦྱར་བ་ནི། ཁྲ༷་ཙ་པརྫི་འདྲོས། །དྲག་སྔགས་བཅུ་གཉིས་བརྒྱད་ཡིན་ཏེ། །རུ་ཁུགས་ཆེན་པོའི་ལས་ཞེས་བྱ། །རྡོ་་རྗེ་ཡཀྟ་ངར་བླུད་པའི། །སྟག་མོ་མཆོངས་པའི་ཚུལ་སྟབས་ནི། །ཡ་མ་ཏ་ལྟོ་རྨ། ཡ་ཏ་་ཡ་་ར། ནི་ཛ་ར་ས་ཙ་རུ་ནི་ཎ། ཡེ་མེ་སྟེ་མ་ཏ། ར་ཡ་་ཡ་ཏོ་ཙ་རུ་ནི་ཎ་ཛ་ན་ས་ར། ཡ་ཏ་མ་མེ་སྟེ། ཏོ་ཡ་ར་ཡོ་ཛ་ནི་ས་ར་ཅ་ཎ་ནི།ཡ་སྟེ་མེ་ཏ་མ་ཡོ་ར་ཏོ་ཡ་རུ་ཙ་ན་ནི་ནི་ཛ་རས། གཡས་སུ་བསྒྲོད་པ་མགོ་ཡིས་བསྒྱུར། །གནོད་སྤྱིན་སྲིན་པོས་ངར་བླུད་པའི། །དྲག་པོ་འབྲུ་ཐུས་བདུད་ཀྱི་ཚིག །དྲག་པོ་གཤེད་ཀྱི་མཚོན་ཆ་སྟེ། །ཐར་པའི་ཐར་པས་མ་ལུས་འཇོམས། །ཡ་མ་མེ་ཏ་སྟེ། ཡ་མེ་ཏ་སྟེ་མ། ཡ་ཏ་སྟེ་མ་མེ། ཡེ་སྟེ་མ་མེ་ཏ། སྟེ་ཏེ་མེ་མ་ཡ། ཏ་མེ་མ་སྟེ་ཡ། མེ་མ་སྟེ་ཏ་ཡ། མ་ཁྲེ་ཏ་མེ་ཡ། འབྲུ་འགྲོ་མགོ་ལྔ་སྔགས་ཀྱི་འདྲོས། །རྡོ་རྗེ་ངར་བླུད་ཨུར་མོའི་ཐོད། །ཐབས་དང་ཤེས་རབ་ཉིན་དང་མཚན། །དབུས་ཀྱི་སྟག་ཆེན་འཛུ་ཧཱུཾ༷་ཀྱི། །གཤེད་བཞིས་བསད་པའི་སྦྱོར་བ་ཡིན། །ཐོག་མར་འབྲུ་གཉིས་ངོར་བྱས་ལ། །རྟེན་དྲུག་གནས་ལས་གདོན་བྱ་བ། །ར་ཙ་ས་ཏོ་མེ་ཡ། ཏོ་རུ་ན་ཡོ་ཏ་ཡ། ཡོ་ནི་ར་ཡ་སྟེ་ཡ། ཡ་སྣྲོ་ནི་ར་མ་ཡ། འདོད་པ་མིང་སྦྱར་ཚོགས་དྲུག་འཇོམས། །ཙ་ས་ཏོ་མེ་ཡ། རུ་ན་ཡོ་ཏ་ཡ། ནི་ར་ཡ་སྟེ་ཡ། ཙ་ནི་ར་མ་ཡ། ཕུང་པོ་ལྔ་ཡི་རྟེན་བཅོམ་ནས། །བདེ་བ་ཡེ་ཤེས་ལྔ་རུ་སྦྱོར། །ཡ་མ་མེ་ཡ་མ། ཡ་མེ་ཏ་ཡ་མེ། ཡ་ཏ་སྟེ་ཡ་ཏ། ཡ་སྟེ་མ་ཡ་སྟེ །མཐའ་རུ་སྤུ་གྲི་འདོད་པར་གཞུག །ཆགས་སྡང་འཇོམས་པའི་འཁྲུལ་འཁོར་ཡིན། །ཡ་མ་མེ་ཏ་ཡ། ཡ་མེ་ཏ་སྟེ་ཡ། ཡ་ཏ་སྟེ་མ་ཡ། ཡ་སྟེ་མ་མ་ཡ། ཡ་ཁྲེ་མ་མེ་མ། འབྱུང་བ་གནད་འཛོམས་ཙཀྲ་ཡིན། །ཡ་མ་ར་ཡ། ཡ་མེ་ཏོ་ཡ། ཡ་ཏ་ཡོ་ཡ། ཡ་ཁྲེ་ཡ་ཡ། རྒྱུ་བཞི་ནད་དུ་བརླང་བ་ཡིན། །ར་མ་ཡ། ཏོ་མེ་ཡ། ཡོ་ཏ་ཡ། ཡ་ཁྲེ་ཡ། འཕེན་བྱེད་རྩ་བའི་འབྲུ་ལ་སྡུད། དུག་གསུམ་འཇོམས་པའི་འཁྲུལ་འཁོར་ཡིན། །ཡ་མ་ཡ། ཡ་མེ་སྟེ། ཡ་ཏ་མ། ཡ་སྟེ་མེ། འགྲོས་སྟངས་སྒོ་བཞིའི་ཙཀྲ་ཡིན། །ཤེས་པ་དྭངས་སྙིགས་འབྱེད་པའོ། །རྩ་བའི་འཁོར་ལོ་དེ་དག་ནི། །བཅུ་གཉིས་ཚུལ་གྱིས་ལས་བྱེད་དོ། །བརྒྱད་དང་བཅུ་གསུམ་ལ་སོགས་ཏེ། །ཕྱི་ནང་ལ་སོགས་དྲག་སྔགས་དང་། །སྟེང་འོག་ཁ་གནོན་འཁོར་ལོ་ལ། །དྲུག་ཅུ་རྩ་བརྒྱད་ཉི་མའི་གྲངས། །ལྷ་ཉིད་གནད་ལ་དབབ་པ་སྟེ། །བརྒྱ་སྦྱིན་དབང་པོ་ཉིད་ཀྱང་བརླག །སྐུ་གསུང་ཐུགས་དང་རང་གཤེད་ཀྱི། །ཐུན་གྱི་ཁ་གསོ་རྒྱུན་དུ་འབད། །རིགས་ཅན་རྡོ་རྗེ་རྣོན་པོ་ཉོན། །འགྲོས་སྟངས་བརྒྱད་དང་བཅུ་གཉིས་ཚུལ། །འོད་ཟེར་བརྒྱད་དང་ཕྱི་ནང་གསང་། །གནད་དགུ་ཟེར་དགུ་རྐྱེན་དགུ་རྟ། །རྩ་བ་ཡན་ལག་སྐྲུ་གྲི་སོ། །གསང་སྔགས་རྒྱལ་པོ་རྨད་དུ་བྱུང་། །རྣམ་བཞིའི་འཁོར་རྣམས་སྲུང་བའི་ཕྱིར། །རིགས་ཅན་རྡོ་རྗེ་རྣོན་པོས་ཟུང་། །ཞེས་གསུངས་པ་ལས། འཁོར་ཐམས་ཅད་རྗེས་སུ་ཡི་རང་སྟེ་བསྟོད་པ། སྣང་སྟོང་གཉིས་མེད་རོལ་པ་ཡི། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །སྔགས་མཆོག་མངའ་བདག་གསུང་སྒྲ་ཅན། །གདུག་པ་འདུལ་བྱེད་ཁྱོད་ལ་འདུད། །གསལ་ལ་རྟོག་མེད་མི་འགྱུར་བ། །མེ་རྟོག་རྡ་་རྗེ་ཐུགས་ལ་འདུད། །སྣ་ཚོགས་འབྱུང་བ་ཁྱོད་ལ་འདུད། །ཡིད་བཞིན་རྣ་ར་བུ་ཁྱོད་ལ་འདུད། །ཐེ་གས་མེད་ཡེ་ཤེས་ལས་གྲུབ་པའི། །མ་ལུས་སྒྲོ་ལ་བ་ཁྱོད་ལ་ཅེ་་་ངངཞི་ངརྗེགཤེ་་འི་་ཅིང་སྟེངའདུད། ། ས་བསྟད་ནས། ཀུན་དགངས་པ་ཆས་ཉད་ཀྱ་ངང་དུ་རྣལ་བ་བ ན་གནས་ས། །འཕགས་པ་འཇམ་དཔལ་གཤན་ ་ ད་འཁྲུལ་འཁར་ནག་པ ་སྔགས་རྒྱུད་ཁྲ་བ་ཞལ་ག ག་པའ་རྟག་པ་ ་ཉ་ཤུ་པའོ།། །།དཀའ་བ་གཅོད་པ་ཡང་སྙིང་གི་རྒྱུད་ཕྱི་མའི་ཡང་ཕྱི་མ་རྫོགས་སོ།། །།