Ngb-pt-0655-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐདདུ། ཨརུམསྣྲུཤིབི་ཤ་སིརྙི་བཱ་ཡ༷་བེ་ཀརྨུ་ཙཀྲ་ཏནཏྲ་ནཱ་མ། བོད་སྐད་དུ། འཕགས་པ་འཇམདཔལ་གྱི་ལས་སྣ་ཚོགས་དངོས་གྲུབ་རླུད་ལས་བྱེད་འཁོརལོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སྔོན་འདས་པའི་དུས་མ་བྱུང་བའི་སྔོན་རོལ་ན། ཆོས་སྐུ་ཐིག་ལེ་ཉག་གཅིག་སྤྲོས་པ་ཐམས་ཅད་དང་བྲལ་ཞིང། རངབཞིན་གྱིས་རྣམ་པར་དག་པའི་ངང་ལས་མ་གཡོས་བཞིན་དུ། འཕགས་པ་འཇམ་དཔལ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས། ཉིད་ཀྱི་སྐུ་གསུང་ཐུགས་ལས་བྱུང་བའི་ཡོན་ཏན་སྤྲོས་པ་ནི། འཇམ་དཔལ་རྡོ་རྗེདང་། རིན་ཆེན་དང་། པདྨ་དང་། ཀརྨ་དང་། དེ་བཞིན་གཤེགས་པ་སྟེ། ཡེ་ཤེས་ལྔ་ལྡན་གྱི་འཁོར་ཚོམ་བུ་ཉི་ཤུ་རྩ་ལྔ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་འཁོར་མང་པོ་སྤྲུལ་ཞིང་། །ལོངས་སྤྱོད་ལྔ་ལྡན གྱི་འཁོར་གྱིས་བསྐོར་ནས། འཇམ་དཔལ་སྤྲོས་བྲལ་གྱིས་རྒྱས་བཏབ་ནས། མི་རྟོག་པའིཡེ་ཤེས་ཀྱི་དབྱིངས་སུ་གནས་སོ། །རླུ་་ལས་བྱེད་འཁོར་ལོའི་རྒྱུད་ལས། འདས་པ་སྔོན་བྱུང་གི་ལེའུ་སྟེ་དང་པོའོ།། །།སྐུའི་སྤྲུལ་པའི་གླེངགཞི་བསྟན་པ་ནི། དེའི་ཚེ་དེའི་དུས་ན་རི་རབ་ཀྱི་འོག །གསེར་གྱི་ས་གཞི་སྤྲིས་མ་ཆགས་པའི་འོག །ཆུའི་དཀྱིལ་འཁོར་གྱི་ཡང་འོག་རླུད་གི་དཀྱིལ་འཁོར་གྱིས་མས་བཏེག་པའི་སྟེང་། འབྱུང་བའི་རླུང་ལྔ་འ་ས་པའི་དཀྱིལ་དུ། འཇམ་དཔལ་ཏིང་ངེ་འཛིན་གྱི་ནུས་མཐུ་ལས་ལྕགས་ཀྱི་ཁང་པ་ལྔ་རུ་ཆགས། དེ་ལ་དབུས་ཀྱི་ཁང་པ་སྣང་ལ་རང་བཞིན་མེད་པ་མཐིང་ཁའི་དབུས་སུ། སྲིད་པ་ལས་ཀྱི་གཤིན་རྗེ་ཞེས་བྱ་བ། ལྷོ་ན་སྲིད་པ་གསུམ་གནས་པ། སྣང་ཞིང་སྲིད་པ་ལ་དབང་བསྒྱུར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པ་བེ་ཅོན་སྟ་གྲིས་འཁོར་བའི་རྣམ་རྟོག་འཇོམས་ཤིང་བདག་འཛིན་གཅོད་པ།གཡོན་པ་རེ་འདོད་སྐོང་ཞིང་ངན་སོང་སྦྱོང་བའི་རླུང་རྐྱལ་ཐོགས་པ། སྙིང་ཁ་ན་དོན་དམ་ཐུགས་ཀྱི་འཁོར་ལོ་གནས་པ། རལ་པ་མུན་ཛའི་ཅོད་པན་སྤྲིན་ལྟར་འཐིབས་པས་འགྲོ་དོན་ཕྱོགས་མེད་དུ་མཛད་པ། ཞལ་ནས་ཡ༷་ཧྲི་གི་སྒྲ་བརྗོད་པས། སྣང་སྲིད་ཀྱི་དྲེགས་པ་ཕོ་མོ་ཐམས་ཅད་བཀའ་ལ་ཉན་པ། དེའི་སྤྲུལ་པ་ཡུམ་རོ་ལངས་ག་་མོ་གཡོན་ནས་འཁྲིལ་བ། ཕྱག་གཡས་ཡབ་ཀྱི་ཐུགས་དམ་བསྐུལ་བའི་འཁོར་ལོ་བསྣམས་པ། གཡོན་པ་བསྒྲུབ་བྱ་འགུགས་པའི་ལྕགས་ཀྱུ་ཐོགས་པ། སྐུ་གསུམ་ཁ་ནས་འགྱེད་པ། ཧཱུཾ༷་སྒྲ་ཞལ་ནས་བརྗོད་པ། སྣང་སྲིད་ཀྱི་དྲེགས་པ་ཕོ་མོ་ཐམས་ཅད་དབང་དུ་སྡུད་པ། ཡབ་ཡུམ་གཉིས་སུ་མེད་པའི་སྲས་རླུད་ལྷ་ཆེན་པོས་སྐྱེ་འགྲོའི་རེ་བ་སྐོང་ཞིང་རླུང་ལ་དབང་སྒྱུར་བ། ཁྲ་བ་ལ་ཞོན་པ་རླུ་་གི་བ་དན་དང་སྟ་གྲི་ཐོགས་ནས་སྣང་སྲིད་ལ་དབང་སྒྱུར་རོ། །དེའི་ཡུམ་རྣ་ཉན་སྨྲ་མཁན་མས་གསང་སྔགས་ཐམས་ཅད་ཀྱི་ནུས་པ་འབྱིན་ནོ། །བུ་གཟོང་བུ་མཆུས་གང་ལྟར་བསྔགས་པའི་ལས་དེ་འགྲུབ་བོ། །གཞན་ཡང་སྣང་སྲིད་དྲེགས་ཚོགས་ཀྱིས་བསྐོར་ནས་གནས་སོ། །དེ་རྣམས་ཀྱི་རང་བཞིན་ཡང་ཅིར་སྣང་ལ་རྟགས་ན་ཅིར་ཡང་མ་གྲུབ་པའོ། །ལྕགས་མཁར་ཤར་ན་ནད་གདོན་ཞི་བྱེད་ཀྱི་འཁོར་ལོ་གནས་སོ། །ལྕགས་མཁར་ལྷོ་ན་ཚེ་ནོར་རྒྱས་ཕྱེད་ཀྱི་འཁོར་ལོ་གནས་སོ། །ལྕགས་མཁར་ནུབ་ན་ཁམས་གསུམ་དབང་སྡུད་ཀྱི་འཁོར་ལོ་གནས་སོ། །བྱང་ན་དགྲ་བགེགས་འདུལ་བྱེད་ཀྱི་འཁོར་ལོ་གནས་སོ། །དེ་ནས་གསང་བདག་གིས་ཆོ་འཕྲུལ་དེ་དག་གཟིགས་ནས། གསང་བདག་གིས་འཇམ་དཔལ་ལ་བཏུད་དེ་ཞུས་པ། ཨེ་མ་ཧོ་འཇིགས་བྱེད་ཆེན་པོ་ལགས། །ཆོ་འཕྲུལ་ཆེན་པོ་འདི་འདྲ་ནི། །རྒྱུ་རྐྱེན་ཇི་ལྟར་བུ་ལས་གྲུབ། །ཡོན་ཏན་འཕྲིན་ལས་གང་ལས་གྱུར། །བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །རླུང་ལས་བྱེད་འཁོར་ལོའི་རྒྱུད་ལས།གསང་བདག་གིས་གླེང་བསླངས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཕགས་པ་འཇམ་དཔལ་ཆོས་ཀྱི་དབྱིངས་ལས་རྣལ་སད་དེ། འབར་བ་གཤིན་རྗེའི་སྐུར་བསྟན་ནས། འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཆང་། །ཆོ་འཕྲུལ་སྒྱུ་ནི་ལས་ཀྱི་རླུང་། །ཆོ་འཕྲུལ་རྐྱེན་ནི་བདག་གིས་སོ། །ཡོན་ཏན་བརྗོད་ཀྱིས་མི་ལང་སྟེ། །འཕྲིན་ལས་སྣ་ཚོགས་འཁོར་ལོ་སྒྱུར། །བསྐལ་པ་སྟོང་དུ་འགྲོ་དོན་མཛད། །རླུང་ལས་གྲུབ་པའི་མཐུ་རྩལ་ཅན། །ཐོགས་པ་མེད་པར་ལོག་རྟོག་རྣམས། །གཅོད་པར་བྱེད་པའི་འཁོར་ལོ་ཡིན། །ཞེས་གསུངས་སོ། །དེ་ནས་རྡོ་རྗེ་འཆང་ཆེན་པོས། རྒྱུད་ཀྱི་དོན་རྒྱས་པར་ཞུས་པ། ཨེ་མ་ཧོ། སྤྲུལ་པའི་སྐུ་དེ་སྐུ་ཡི་མཆོག །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །འཕྲིན་ལས་སྣ་ཚོགས་འཁོར་ལོ་སྒྱུར། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །སྟོན་པའི་བསྟན་པ་དུས་གསུམ་དུ། །སྐྱོང་ཞིང་སྲུང་བར་བྱེད་པ་ལ། །ལྟ་སྤྱོད་འབྲས་བུ་དབང་དམ་ཚིག །ལྷ་སྔགས་འཕྲིན་ལས་ཁྱད་པར་དང་། །ངོ་བོ་ངེས་ཚིག་དབྱེ་བ་རྣམས། །འཇིགས་བྱེད་ཆེན་པོས་བཤད་དུ་གསོལ། །ཞེས་གསུངས་སོ། །འཇིགས་བྱེད་ཆེན་པོས་བཀའ་སྩལ་པ། །ཉོན་ཅིག་འཇིག་རྟེན་གསུམ་ལས་རྒྱལ། །ལས་བྱེད་རླུང་གི་འཁོར་ལོའི་རྒྱུད། །ལྟ་བའི་ཁྱད་པར་བསྟན་པ་ནི། །ཡོ་ག་རྣམ་པ་གསུམ་དུ་བསྟན། །གཟུགས་སྣང་སྒྲ་གྲགས་སེམས་རྟོག་ཀུན། །གཤེད་པོ་གཙོ་འཁོར་སྐུ་གསུང་ཐུགས། །ཀུན་རྫོབ་འཁོར་ལོ་ཐབས་སུ་ལྟ། །དོན་དམ་རང་བཞིན་མེད་པར་ལྟ། །ཐབས་དང་ཤེས་རབ་དབྱེར་མེད་དུ། །རྣལ་འབྱོར་མ་ཧྭ་ཡོ་གར་ལྟ། །གཤེད་པོ་སྐུ་འཁོར་ཀུན་རྫོབ་སྟེ། །དོན་དམ་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རང་རིག་ཡེ་ཤེས་གཉིས་མེད་དུ། ཁེན་ཏུ་རྫོགས་པ་རྣལའབྱོརལྟ། །གཤིནརྗེགཤེད་པོ་གཙོ་འཁོར་ཏེ། །རང་འབྱུང་ཡེ་ཤེས་རོལཔའི་སྐུ། །ལོངས་སྤྱོད་རང་ལ་རྫོགས་པའི་རྐྱེན། །ཡོན་ཏན་ཐམས་ཅད་འབྱུང་བའི་རྟེན། །རང་འབྱུང་ལྷུན་གྱིས་གྲུབ་པའི་སྐུ། །རྫོགས་པ་ཆེན་པོའི་རྣལ་འབྱོར་ལྟ། །ཀུན་རྫོབ་ལྟ་བའི་འཁོར་ལོ་བཞི། །དམིགས་པ་རྟེན་གྱི་འཁོར་ལོ་ནི། །རས་ཤོག་དག་ལ་བྲི་བའོ། །དམ་ཚིག་སེམས་དཔའི་འཁོར་ལོ་ནི། །མ་ཡེངས་ཏིང་འཛིན་བརྟན་པ་དང་། །སེམས་ཉིད་ལས་སུ་རུང་བའོ། །རང་བཞིན་གྲུབ་པའི་འཁོར་ལོ་རྣི། །ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན། །ལོངས་སྤྱོད་རྫོགས་པའི་སྐུར་སྣང་བའོ། །ལས་ལས་གྲུབ་པའི་འཁོར་ལོ་ནི། །ངར་འཛིན་ས་བོན་རྩུབ་མོ་ཡིས། །ཆོས་ཉིད་མ་རྟོགས་འཛིན་པས་སྒྲིབས། །ལས་རླུད་ལས་གྲུབ་དྲེགས་པ་ཅན། །ང་དང་བདག་ཏུ་འཛིན་པའོ། །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས། ལྟ་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།ཉོན་ཅིག་གདུལ་དཀའ་གདུལ་བ་པོ། །རླུ་་ཆེན་འཁོར་ལོའི་སྤྱོད་པ་ནི། །ཀུན་རྫོབ་ལྷ་ཡི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྣམ་པ་ལྔ། །ཁྱད་པར་ཐབས་ཀྱི་སྦྱོར་སྒྲོལ་རྣམས། །དོན་དམ་རང་བཞིན་མེད་པས་ན། །ཐབས་དང་ཤེས་རབ་གཉིས་མེད་སྦྱོང་། ཁེན་ཏུ་རྣལ་འབྱོར་སྤྱོད་པ་ནི། །ཀུན་རྫོབ་ལྷ་ཡི་འཁོར་ལོ་སྟེ། །དོན་དམ་རྣམ་དག་ཆོས་ཀྱི་དབྱིངས། །རིག་པའི་ཡེ་ཤེས་གཉིས་མེད་པས། །དབྱིངས་ལ་ཡེ་ཤས་རོལ་པར་སྤྱོད། །རྫོགས་པ་ཆེན་པོའི་སྤྱོད་པ་ནི། །ཀུན་རྫོབ་ལྔ་ཡི་འཁོར་ལོ་སྟེ། །རང་འབྱུང་ཡེ་ཤེས་གཉིས་མེད་པས། །མ་རྩལ་མཉམ་པ་ཉིད་དུ་གནས་། མ་ཆགས་དགག་བསྒྲུབ་མེད་པར་སྤྱོད། །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས། སྐྱོད་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །སྤྲོས་བྲལ་ཆོས་ཉིད་ལྟས་བྱས་ནས། །མ་ཆགས་དགག་བསྒྲུབ་མེད་པ་ཡིས། །འབྲས་བུ་རང་སྣང་དབྱེར་མེད་པའི། །བདེ་ཆེན་རླུད་གི་འཁོར་ལོ་ཐོག །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས། འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །རླུ་་འཁོར་དབང་ལ་གཉིས་ཡིན་ཏེ། །ཐུན་མོང་ཐུགས་རྗེའི་དབང་དང་ནི། །ཁྱད་པར་ཡེ་ཤེས་དབང་ཡིན་ནོ། །ཐུན་མོང་དབང་ལ་རྣམ་པ་བཞི། །དགྲ་བགེགས་ཞི་བྱེད་དབང་བསྐུར་ན། །ས་ཕྱོགས་ཟླ་བ་ཉ་ལྟ་བུར། །མཎྜལ་བྱི་དོར་བྱས་པ་ལ། །ཙན་དན་དག་གིས་ཆག་ཆག་གདབ། །ཏ་ལའི་ཤིང་ལ་དགྲ་བགེགས་གཟུགས། །མཎྜལ་ལ་གནས་ཏིང་འཛིན་བསྟིམ། །སྙིང་རྗེས་གཟུང་ལ་གསོལ་བ་གདབ། །དཀར་གཏོར་བྱིན་ལ་སྔགས་འདི་བཟླས། །ཨོ་ཧྲི༷༷སྐྱི༷༷བི་ཀྲི་ཏྭ་ན་ན་ཆེ་གེ་མོ་ཤརྙི་ཀུ་རུ་ཡེ་གྲྭཧྭ། དེ་རྗེས་ཞི་བྱེད་འཁོར་ལོ་བསྐོར། །ནད་གནོད་སྡིག་སྒྲིབ་ཞི་བར་འགྱུར། །བསོད་ནམས་རྒྱས་བསྐྱེད་དབང་བསྐུར་ན། །རིན་ཆེན་གསེར་ཡོད་ས་ཕྱོགས་སུ། །མཎྜལ་གུར་ཀུམ་ཆག་ཆག་གདབ། །རྡོ་རྗེ་ཚེ་ཡི་བུམ་པ་ལ། །ཏ་ལའི་བྱང་བུ་འདོད་གསོལ་གདབ། །མཎྜལ་ལ་གནས་དམིགས་པས་བསྟིམ། །ཡིད་བཞིན་གཏེར་གྱི་དགོངས་པ་ཡིས། །ཨོ་ཧྲི༷༷སྐྱི༷༷བི་ཀྲི་ཏྭ་ན་ན་བུ་ཏྲ་ཨུ་ཡུ་རྙོ་ན་ཚེ་ཨ་པར་ན་ཨ་སྦྱུ༷་སྲུཧྭ། རྗེས་ལ་འདོད་པའི་དངོས་གྲུབ་བླང་། །དེ་རྗེས་རྒྱས་པའི་འཁོར་ལོ་བསྐོར། །ཁམས་གསུམ་དབང་སྡུད་དབང་བསྐུར་ན། །ས་ཕྱོགས་པད་གླིང་དམར་པོ་མྲ །དཀྱིལ་འཁོར་སིན་རྙུ་ར་ཡིས་བྱུག །ས་དམར་ཟླ་ཁ༷་ལིང་ག་ལ། །བྱང་ཆུབ་ཆགས་པས་འདོད་པ་བྲི། །མཎྜལ་ལ་གནས་དམིགས་པས་བསྟིམ། །བསྟན་པ་ཐོབ་ནས་གསང་སྔགས་བཟླས། །ཁམས་གསུམ་དབང་སྡུད་དགོངགས་པ་ཡིས། །ཨོ་ཧྲིརྙི༷༷བི་ཀྲི་ཏྭ་ན་ན་ཆེ་གེ་མོ་པ་ཤ༷་ཀུ་རུ་ཁེ་ཛ་ཧྲིམ་ཧྲི། དེ་རྗེས་དབང་སྡུད་འཁོར་ལོ་བསྐོར། །དགྲ་བགེགས་ཚར་གཅོད་དབང་བསྐུར་ན། །ས་ཕྱོགས་ནག་པོ་གྲུ་གསུམ་དུ། །མརྙིལ་དུག་ཁྲག་ཆག་ཆག་གདབ། །ཞིང་རས་གཤེད་པོའི་གཟུགས་བྲིས་ལ། །མཎྜལ་སྟེང་དུ་དམིགས་པས་བསྟིམ། །སྟག་མོ་གྲུས་མའི་བསམ་པ་ཡིས། །གསང་སྔགས་བཟླས་ཤིང་བྱུག་པ་བྱ། །ཨོ་ཧྲིསྐྱི༷༷བི་ཀྲི་ཏྭ་ན་ན་ཡ་ཨ་ཧྲི། མ་ཨེ་ཏི་ཧུར་ཐུམས་རྦད། དེ་རྗེས་དྲག་པོའི་འཁོར་ལོ་བསྐོར། །དྲག་པོས་གཏུམ་པོ་ཚར་གཅོད་འགྱུར། །གང་མོས་དད་པས་གདུངས་པ་ལ། །ཐུན་མོང་སྙིང་རྗེས་སྐྱོབ་པར་ངེས། །ཁྱད་པར་ཡི་ཤེས་དབང་ལ་གསུམ། །ཕྱི་དང་ནང་དང་གསང་བའོ། །རིམ་པར་ཐབས་ཀྱིས་རྫོགས་པ་ནི། ཁེས་རབ་བློ་དང་ལྡན་པས་བསྐུར། །དེ་ལ་ཕྱི་ཡི་དབང་བསྐུར་ནི། །གསང་མཆོག་རླུད་གི་འཁོར་ལོ་ཡིས། །གཤིན་རྗེའི་ལྷ་ངོ་བསྟན་བྱ་སྟེ། །ཐུན་མོང་རྫས་ཀྱི་དབང་བསྐུར་ལ། །ཕྱིར་མི་ལྡོག་པར་བློ་བསྟན་བྱ། །ནང་དབང་ཆེན་པོ་བསྐུར་བ་ནི། །འཁོར་ལོའམ་ནི་སྣོད་ལྡན་དེའི། །ལུས་ངག་ཡིད་ནི་རྣམ་པ་གསུམ། །འཇམ་དཔལ་གཤིན་རྗེའི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་མཉམ་སྦྱོར་བ། །རང་དབང་ཐོབ་པར་བསྐུར་བར་བྱ། །ཨོ་ན་མ༔སརྦ་ཏ་ཐུ་ག་ཏ་ཤི་ཡ་མརྙ་ཀ་ཀྭ་ཡ་བཛྲ་སྭ་བྷ་བ་ཨཏཱ་ཀོ྅་ཧ༷། སྐུ་དང་དབྱེར་མེད་པའོ། །ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་ཤི་ཡ་མྱརྙ་ཀ་བཱ་ཀ་བཛྲ་སྭ་བྷ་བ་ཨུཏྣ་ཀོ྅་ཧ༷། གསུང་དང་དབྱེར་མེད་པའོ། །ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་ཤི་ཡ་མརྙ་ཀ་ཙིཏི་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། ཐུགས་དང་དབྱེར་མེད་པའོ། །ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་ཤི་ཡ་མརྙ་ཀ་ཨ་ནུ་ར་ག་རྙོ་ན་བཛྲ་སྭ་བྷ་ཝ་ཨཏྣ་ཀོ྅་ཧ༷། ཡོན་ཏན་དང་དབྱེར་མེད་པའོ། །ཨོ་ན་མ༷༷སརྦ་ཏ་ཐུ་ག་ཏ་ཤི་ཡ་མརྙ་ཀ་ཀརྨ་བཛྲ་སྭ་བྷ་བ་ཨཏྣ་ཀ྅་ཧ༷། འཕྲིན་ལས་དང་དབྱེར་མེད་པའོ། །ཡེ་ཤེས་ལྔ་རུ་དབང་བསྐུར་བ། ཨོ་མ་ཧ་ཨོ་སྭ་ཨོ་ཧྭཙྭ་ན་བཛྲ་སྭ་བྷ་བ་ཨུཏྣ་ཀོ྅་ཧ༷། ཞེས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ། །རིགས་ལྔ་ཡེ་ཤེས་དང་དགྱིར་མེད་པར་བསྐུར་རོ། །གསང་བའི་དབང་ཆེན་བསྐུར་བ་ནི། །བདག་ཉིད་ལྷ་ཡི་སྐུ་གསུང་ཐུགས། །རང་སེམས་སྙིང་པོར་ཤེས་བྱ་སྟེ། །སེམས་ཉིད་མ་བཅོས་ཀློང་གྱུར་༄༅ པ སེམས་ལ་རང་དབང་ཐོབ་པར་བསྐུར། །ཉི་ཟླ་གཉིས་པའི་མེ་ལོང་བཅས། །སྲིད་པའི་དཔེ་དང་གོ་འབྱེད་བདའ། །སེམས་ལ་དབང་བའི་དབང་རྟགས་སྦྱིན། །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས།དབང་གི་ཁྱད་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དམ་ཚིག་ཐུན་མོང་ཁྱད་པར་གཉིས། །བླ་མ་གཙུག་གི་ནོར་ལྟར་་བཀུར། །ངག་གི་ལས་སུ་གསང་སྔགས་བགྲང་། །གསང་ཚིག་གཞན་ལ་མི་སྨྲ་ཞིང་། །མཉམ་པའི་དོན་ལ་མ་ཡེངས་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གོ །ཁྱད་པར་དམ་ཚིག་འདི་དག་གོ །བདག་ཉིད་ལྷ་མཆོག་རྣམ་པ་ལས། །བདག་འཛིན་ཞེན་པ་སྤང་བྱ་སྟེ། །ལྟ་བ་སྤྱོད་པ་གཉིས་མེད་པའི། །སྣང་སྟོང་དབྱེར་མེད་འཁོར་ལོར་བསྟིམ། །སེམས་ཉིད་འདི་ལ་བདེ་ཆེན་བསྐོར། །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་བདུན་པའོ།། །།རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །ལྷ་ཡི་སྒྲུབ་ཐབས་ཁྱད་པར་ནི། ཁྲེས་རབ་ཏིང་འཛིན་སྟོབས་འཆང་བས། །ནོར་བུ་རིན་ཆེན་ཡོན་ཏན་བཞིན། །རང་ལས་བྱུང་ཞིང་རང་ལས་སྤྱོད། །ཐུན་མོང་ལྷ་ཡི་འཁོར་ལོ་ཡང་། །ཁྱད་པར་ཐབས་ཀྱི་རིམ་པ་ཡིན། །དངོས་གྲུབ་རྣམ་གསུམ་དུ་བཤད། །བསྐྱེད་རིམ་རྫོགས་རིམ་རྫོགས་ཆེན་གསུམ། །བསྐྱེད་པ་ཐབས་ཀྱི་བསྒྲུབ་པ་ནི། །རངབཞིནའཁོརལོདམིགས་པའི་རྟེན། །རྫས་ཀྱི་འཁོར་ལོ་ལ་རྟེན་ནས། །ཏིང་འཛིན་འཁོར་ལོ་རིམ་པས་བསྐྱེད། །བདག་ཉིད་ལྷ་ཡི་སྐུར་གསལ་ནས། །དམིགས་བྱ་རྡོ་རྗེར་འགྱུར་བ་སྟེ། །འཕྲིན་ལས་གདུལ་བྱའི་དོན་ལ་སྦྱར། །མི་བསྐྱེད་རྫོགས་པའི་ལྷ་སྒྲུབ་ནི། །ལས་དང་ཡེ་ཤེས་དམིགས་པའི་རྟེན། །རིས་སུ་བྲིས་པའི་འཁོར་ལོ་ཡང་། །སྙིང་པོ་ཚིག་ཙམ་དྲན་ཙམ་གྱིས། །ཆུ་ལ་ཆུ་བུར་ལྟ་བུའམ། །ཆུ་ཟླའི་ཚུལ་དུ་རྫོགས་པར་བསྐྱེད། །རྟག་ཏུ་དེར་གནས་རྣལ་འབྱོར་དེས། །འཕྲིན་ལས་གདུལ་བྱའི་དོན་དང་སྦྱར། །ཡེ་ནས་ལྷུན་གྱིས་གྲུབ་པ་ནི། །ཡོ་བྱད་ནོར་བུ་གཏེར་འཆང་བས། །སེམས་ཉིད་ལྷ་ཡི་སྐུ་གསུང་ཐུགས། །རང་ལས་བྱུང་ཞིང་བཙལ་དུ་མེད། །ཐིག་ལེ་ཉག་གཅིག་སྣང་བ་ལ། །བསམ་གྱིས་མི་ཁྱབ་གཅིག་གི་ངང་། །མི་སྟོང་འཛིན་པ་དངོས་གྲུབ་ཡིན། །རང་ལས་བྱུང་བར་ཤེས་པས་ན། །མཆོག་དང་ཐུན་མོང་གཉིས་ཀར་རྫོགས། །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས། ལྷ་སྒྲུབ་ཐབས་ཀྱི་རིམ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གསང་སྔགས་རིམ་པ་འདི་ལྟ་སྟེ། །ནོར་བུ་དགོས་འདོད་སྐོང་བ་ལྟར། །བཀུར་སྟི་རིམ་གྲོ་ཆེར་བྱས་ན། །ནོར་བུ་ཡོན་ཏན་རྒྱས་པར་འགྱུར། །གསང་སྔགས་འཛིན་པའི་སྐྱེས་བུས་ཀྱང་། །དབང་དང་དམ་ཚིག་ལྡན་བྱས་ཏེ། །གསང་སྔགས་འཁོར་ལོ་བསྐོར་བྱས་ན། །དངོས་གྲུབ་མྱུར་བ་ཉིད་དུ་འགྱུར། །གང་དམིགས་དེ་གྲུབ་གདོན་མི་ཟ། །ཨོ་ཨུ༷༷ཧཱུཾ༷། སྐུ་གསུང་ཐུགས་ཀྱི་སྙིང་པོའོ། །མུ༷། ཅིར་ཡང་འགྱུར་བ་གཙོ་བོ་ཐུགས་སྙིང་པོའོ། །ཨོ་ལྭ་གི་ཤྭ་རི་མུ༷། རྩིབས་དྲུག་སྟོང་ཉིད་རང་སྒྲའི་སྔགས། ་་མོ། ཐབས་ཤེས་རབ་གཉིས་སུ་མེད་པའི་རྩིབས་མཆན་དྲུག་གིའོ། །ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྙོ་ཉ། ཊ་ཋ་ཌ་རྟེ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ་ཤ །ཥ་ས་ཧ་སྐ ཨ་ཨུ། ཨི་སྙི། ཨུ་སྐྲུ། རི་༢། ལི་སྙི། ཨེ་ཨེ། ཨོ་ཨོ། ཨ༷་ཨུ༷༷ རྩ་བ་རིག་པའི་སྔགས་འཁོར་ལོ་ཐམས་ཅད་ཀྱི་མུ་ཁྱུད་ཕྱི་ནང་ལའོ། །དོན་དམ་ཐུགས་ཀྱི་འཁོར་ལོའི་སྔགས་དྲུག་ཅུ་རེ་དྲུག་པའོ། །ཕོ་འཁོར་ཡབ་ཀྱི་སྔགས་འདིའོ། །ཨོ་ཨུ༷༷ཧཱུཾ༷། གནས་གསུམ་དུ་བྲིའོ། །ཡ༷། སྲོག་འབྲུ་གཅིག་པ་སྙིང་ཁར་བྲི། །ཡ༷་ཡ༷་ཡ་ཏྲི། རླུད་ལྷའི་སྔགས་སོ། །མ༷་མ༷་མ་ཏྲི། རླུད་ལྷ་ཡུམ་གྱི་སྔགས་སོ། །ར་ཙ་སུ་རུ་སུ་རུ་བུའོ། །མ་མ་སྒག་སུ་ཏྲ་ཤཱ་ར་ཡ་ཕཊ། ཡབ་ཡུམ་སྲས་གསུམ་དྲིལ་བའོ། །དེའི་འཁོར་ཡུག་ལ་གོང་གི་ལྟར་གསལ་བྱེད་དབྱངས་ཡིག་བྲི། དེའི་ཕྱི་རིམ་སྔགས་འདི་ནི་ལས་ཀུན་བྱེད་པའི་དམ་པའོ། །ཨོ་ཤརྙི་ཀ་རི་ནི་བྲུ༷། ཨོ་ཀུ་སུ་མ་མ་ལི་སྟི་ཧཱུཾ༷་ཛ། ཨོ་བཛྲ་ཀུ་བ་ཛི་ཀ༷ །ཧཱུཾ༷་སྟེ་ཋ་ཋ་ཋ། ཨོ་གྲོ་ཀེ་མ་ཀྲི་ཏེ་ཆེ་མོ་ལས་མཐའ་བྲི། ཀ་ཀན་དྷ་ཡུ་ཀན་དྷ་ཡུ༷༷ཁ་ཁ་ཁ་ཧི་ཁ་ཧི། ག་གར་ཛ་ཡ་གར་ཛ་ཡ། །བྷ་བྷན་དྷ་ཡ་བྷན་དྷ་ཡ། ཙ་ཙལ་བཱ་ཙ་ལ་ཡ། ཚ་ཚན་དྷ་ཡ་ཚན་དྷ་ཡ། ཛ་ཛ༷་བྷ་ཡ་ཛ༷་བྷ་ལྭ། རྙོ་རྟོ་ད་ཡེ་རྙོ་ད་ཡ། ཊ་ཊ་ལ་ཡ་ཊ་ལ་ཡ། ཋ་ཋ་ག་ཡ་ཋ་ག་ཡ།ཌ་ཌ་མ་བྷ་ཡ་ཌ་མ་བྷ་ལ་ཡུ། རྟེ་རྟེ་ཀ་ཡ་རྟེ་ཀ་ཡ། ཎ་ཁེ་ཚུར་ཎ་ཡ་ཁེ་ཚུར་ཡ། ཏ་ཏ༷་པ་ཡ་ཏ༷་བ་ཡུ། ཐ་ཐ༷་པ་ཡ་ཐ༷་པ་ཡ། ད་ད་ར་ཡ་ད་ར་ཡ། དྷ་དྷ་ར་ར་ཡ་དྷ་ར་ཡུ། ན་ནཱ་ཤ་ཡུ་ནཱ་ཤ་ཡུ། པ་པན་དྷ་ལྭ་པ་ན་དྷ་ལྭ། ཕ་ཕནཏ་ཡ་ཕན་ཏ་ཡ། བ་བན་ད་ཡ་བན་དྷ་ཡ། བྷ་སྙེ༷་ད་ཡ་སྙེ་ད་ཡ། མ་མྱ་ར་ཡ་མུ་ར་ལྭ། ཡོ་ཏ་ཡ་ཡོ་ཏ་ཡ། ར་རོ་དྷ་ཡ་རོ་དྷ་ཡ། ལ་ལ༷་པ་ཡ་ལ༷་པ་ཡུ། ཝ་བྷ་ཡུ་ཝ་བྷ་ཡ། ཤཤོཤཡཤོཤཡུ། ཥ་ཥ་ན་ཡ་ཥ་ན་ཡུ། ས་སདྷཡ་ས་དྷ་ཡུ། ཧ་ཧ་ན་ཡ་ཧ་ན་ཡུ། ཀྟ་སྟོ་བྷ་ཡ་སྟོ་བྷ་ཡ། ཨ་མུ་ཀ༷་ཤ་ཡ་ཏྲིསྙི། ཤསྟི་ཀུ་རུ་ཚུསྤྲོ༷་ཀུ་སྲ ཀྟ༷་པ་ཀུ་སྲ ཀློ་བ་ཀུ་རུ་གྲྭཧྭ། ཕོ་མོ་གཉིས་ཀྱི་འཁོར་སྔགས་སོ། །རྩིབས་ལ་དབབ་བ་དྲག་པོའི་སྔགས། བཛྲ་སན་ཏྲི་ཡ། བཛྲ་མ་ཧྲི་ཏྲི་ཡ། བཛྲ་ཁ་ཏ་ཁ་ཏ་ཡ། བཛྲ་ཤག་ཀུ་སྲ བཛྲ་ཞུང་ཡ་ཞུང་ཡ། བཛྲ་ཏྲི་ཤ་མེ་ཁ་ཡ། བཛྲ་ཡ༷་ས་པ་ཡ་བཛྲ་བོང་བོང་ཡ། བཛྲ་ཏི་ར་ཏི་ར་ག་ཡ། བཛྲ་མ་ཞུང་ཡ་མ་ཞུད་ཡུ། བཛྲ་བཱ་ར་ཡ་ཏྲི་ཡ།བཛྲ་ཏྲི་མ་ཁི་ཡ། བཛྲ་ཙུ་ན་ཀྲོ་ཏ་ཡ། བཛྲ་མ་ར་ཎ་ཧྲི་ཡ། བཛྲ་བོང་བོང་ཡ བཛྲ་མ་ར་ནན་ཏྲི་ཡ། བཛྲ་ནན་ཏྲི་ཡ། བཛྲ་གྲི་ན་མེ་ཀ་ཡ། བཛྲ་ཀེ་མ་ཤེད་ཀྲེ་ཡ། བཛྲ་ཏྲི་མ་ནི་དུ་རུ་ཡ། བཛྲ་ནཱ་ཤ་ཡ་ཧཱུཾ༷་ཕཊ། རྩིབས་ལ་སྐྱོན་ལ་སྔགས་མཐའབསྒྱུར། གཤིནརྗེའིཞལ་ལ་སྔགས་འདི་བྲི། །ཨོ་བཛྲ་སྤྲ་མོ་ཧ་ཧ་ར། མར་ཧ་ཧ་ཨུ་ཀཁོ་ཡ། སརྦ་ཙུཚི་པྲ་མོ་ཧ་ཧཱུཾ༷་ཕཊ། གསང་གནས་འཁོར་ལོའི་རྩིབས་ལ་དྲག་སྔགས་འདི་སྐྱར་ལ་བྲི། བཛྲ་ག༷་ས་ཏ་ཡ། སྐ་ལ་སྐ་ལ་ཡ་ཏྲི་ཐར་ལི། དུ་ཀ༷་ཀ༷་བཱ་ར་ཡ། མོ་འཁོར་ཡུམ་གྱི་སྔགས་འདིའོ། །ཀ་པ་ཙི་ནི་གནས་སུ་བཀོད་དོ། །མ་སྲོག་འབྲུ་གཅིག་སྙིང་ཁར་བྲི། རྩིབས་སྔགས་ཡབ་དང་འདྲ། རྩིབས་ཀྱི་སྔགས་ཚན་བཅུག་ནི། ཨོ་བཛྲ་ཏ་ཤ་ཏ་ཀ་ཡ་ཧྲི་ཏྲི་མ་དེ་བ་ཛ། ཨོ་ཤ་མ་ཧ༷་ཏྲི་ཤ་ཏྲ༷། མང་དུ་ཨ་མ་ར་ཏ་ལད་ཏ་དྷ༷༷ཙལ་དུ་ནི། ཧནཱ་ན་ཏི། ན་ཏི་ཏ་ན་ལ་ན། ཨ་ཤ་ཧྲི། ཨ་ཏི་པ་ཀ་མ་ཧྭ། ཏྲི་པ་ཏི་ཏ་ཏྲི་ཀྲ༷་ཏྲ༷། ཧ༷་ཤ་ཏྲ།ཧ་ཧི་བྷ་ཧོ། ཡ༷་ཏེ་ཡ༷་ཏེ་པྲ་བ༷་ཧོ། ས་ཧོ་ཡ༷་ཤ་ཤོ །པྲ་ཏི་ཡ༷། ནཱ་ག་བྲ༷། ར་ར་ནི་དྲི་ཡ༷་ཧཱུཾ༷་ཕཊ། བི་ཤ་ཟར་ཏྲི་ཏིང་ར་ར་ས་ལ་དུ་བ༷་སྟི་ནི་རཙཛ་པྲ་མ་མ་ཏྲག་ཛ། ཧི་དུ་པྲ་བྷ་ར་པྲ་ཏ། ཞལ་ལ་བི་ན་ཡ་ཀ་ཙིསྟ་རྦད་ན་ན༷་བྲིའོ། །ཨོ་ནིར་ནི་ཕབ་བྱི་ལ་ཡ་ཀ །ཏྲི་པ་ཡུ་ན་ནན་ཡ། གསང་གནས་རྩིབས་ལ་སྐྱར་ཏེ་བྲི། །དེ་ནི་ལས་བཞིའི་སྙིང་པོ་བཤད། །ཧྲི༷༷དཀྱིལ་དུ་འབྲི་བའི་འབྲུ་གཅིག་པོ། དེའི་མཐར་ཨོ་ཨུ༷༷ཧྲི་ཧཱུཾ༷། སྔགས་འཆང་ཆེ་གེ་མོ་ནད་གདོན་རྣམ་རྟོག་ཐམས་ཅ༷ད་ཤརྙི་ཀུ་རུ་ཡེ་གྲྭཧྭ། ཕྱི་རིམ་ལྷ་གསུམ་ཁོག་པར་ཡང་། ཨོ་ཨུ༷༷ཧྲི་ཧཱུཾ༷། ནད་གདོན་རྣམ་རྟོག་ཐམས་ཅད་ཤརྙི་ཀུ་རུ་ཡེ་གྲྭཧྭ། ཡིག་དྲུག་རིག་མའི་ཁོག་པར་ཡང་། ཨོ་མ་ཁེ་པརླེ་ཧཱུཾ༷། ཆེ་གེ་མོའི་ནད་གདོན་རྣམ་རྟོག་ཤརྙི་ཀུ་རུ་ཡེ་སྲུཧྭ། རིག་སྔགས་འཛིན་མའི་ཁོག་པར་ཡང་། ཨོ་མ་ཁི་པབླེ་ཧཱུཾ༷་ཧྲི༔ སྔགས་འཆང་ཆེ་གེ་ལ་རྣམ་རྟོག་དང་ནད་གདོན་ཐམས་ཅད་ཤརྙི་ཀུ་རུ་གྲྭཧྭ། ནོར་བུ་འཛིན་པའི་ཁོག་པར་ཡང་། ཨོ་མ་ཁི་པཏྲེ་ཧཱུཾ༷། སྔགས་འཆང་ཆེ་གེ་མོའི་ནད་གདོན་རྣམ་རྟོག་ཐམས་ཅད་ཤརྙི་ཀུ་རུ་གྲྭཧྭ། གང་གནོད་ལྷ་འདྲེའི་ཁོག་པར་ཡང་། ཨོ་ཨུཿ་ཧཱུཾ༷་ཡ༷་ཡ༷་ཡ༷། དགྲ་བགེགས་ཆེ་གེའི་གདུག་རྩུབ་ཤིརྙི་ཀུ་རུ་གྲྭཧྭ། དེ་ཡི་ཕྱི་རིམ་རྩིབས་བརྒྱད་ལ། ཧྲི་ཧྲི་ཧྲི་ཧྲི་ཧྲི་ཧྲི་ཧྲི་ཧྲི། རྩིབས་མཆན་བརྒྱད་ལ་ལྷ་འདྲེ་ཆེ་གེ་མོའི་གནོད་པ་ཐམས་ཅད་ཤིརྙི་ཀུ་རུ་ཡེ་གྲྭཧྭ། རྩིབས་རྩེའི་མུ་ཁྱུད་ཁོར་ཡུག་ལ། ན་མོ་རཏྣ་ཏྲ་ཡ་ཡུ། ན་མ༷༷ཨརུ་ཙྭ་ན་ས༷་ཀ་ར།བི་རོ་ཙོ་ན་ཡེ། བུ་ཧ་རྭ་ཛ་ཡ། ཏ་ཐུ་ག་ཏྭ་ཡ། ཨརྟ་ཏེ་སམྱ་ཀླ༷་བུརྙ་ཡ། ན་མོ་སརྦ་ཏ་ཐུ་ག་ཏེ་བྷ༷༷ཨརྟ་ཏེ་བྷ་པྲ་ཙ་ལ། སམྱ་ཀླ༷་བུད་དྷི་བྷ༷༷ན་མ༷༷ཨརུ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧྭ་ས་ཏྭ་ཡ། མ་ཧྭ་ཀ་རུ་ཁི་ཀ་ཡ། ཏབྱ་ཐུ། ཨོ་དྷ་ར་དྷ་ར། དྷི་རི་དྷི་རི། རྙུ་རུ་རྙུ་སྲ ཨ་ཏི་ཏྲེ་བཱ་ཏྲེ་ཐ་ཏྲེ་ཙ་ལེ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། སུམ་པ་རེ་ཨི་ལི་མི་ལི། ཙི་ཏྲི་ཛ་ལ་མ་པ་ན་ཡེ། གཟུགས་འཛིན་ཆེ་གེ་མོའི་ནད་གདོན་རྣམ་རྟོག་དགྲ་བོ་ཐམས་ཅད་ཤསྟི་རུ་སྲུཧྭ། གཤིན་རྗེ་ཕོ་འཁོར་མོ་འཁོར་གྱི། །དྲེགས་པ་ལྷ་འདྲེའི་སྔགས་གཞུག་ཏུ། ཁྲརྙི་ཀུ་རུ་བཏགས་བྱས་ལ། །དེ་བཞིན་ཀུན་གྲུབ་ཤམ་བུར་ཡང་། །དབང་དྲག་སྤངས་ཏེ་ཤརྙིང་བྲི། །སྔགས་འཆང་ཆེ་གེ་མོའི་ནད་གདོན་རྣམ་རྟོག་དགྲ་བགེགས་ལོ་རྟོག་ཐམས་ཅད་ཤརྙིང་ཀུ་རུ་གྲྭཧྭ། ཞེས་རྩིབས་མཆན་དག་ལ་བྲི། །ཚེ་ནོར་བསོད་ནམས་རྒྱས་བྱེད་སྔགས། །ཡང་དག་བཤད་པ་འདི་དག་གོ །སྙི་ཛ་ཡ༷།དཀྱིལ་དུ་བྲི་བའི་འབྲུ་གསུམ་མོ། །དེའི་མཐའ་ནི་ཨ་ཧྲི་ཧཱུཾ༷། སྒྲུ༷་ནི་ཛ། ཛ༷་བྷ་ལེན་ཏྲ་ཡེ་སྣཧྭ། ཡ༷་བེ་ཡ༷་བེ་ཨུ་ཨུ་པུ་ཛིསྤྲུཁྱི་སིད་དྷི་ཧཱུཾ༷། ཕྱི་རིམ་ཚེ་དཔག་མེད་ནང་དུ། །སྙི་ཨོ་བཛྲ་ཨུ་ཡུ་ཁེ་ཧཱུཾ༷་སྒྱུ༷ཐྲོ་ཛ།སྔགས་འཆང་འདི་ཉིད་ལ། ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར་ཅིག །པུརྨྱི་ཀུ་རུ་ཡེ་གྲྭཧྭ། དེ་བཞིན་ཆུ་དབང་ཁོག་པར་ཡང་། ཨོ་ཛ་ལྷ་ལ་ཛ་ལེན་ཏྲ་ཡེ་གྲྭཧྭ། རཏྣ་སིད་དྷི་ཕ་ལ་ཧོ། སྔགས་འཆང་འདི་ཉིད་ལ། ནོར་བུ་གང་བའི་དངོས་གྲུབ་གསོལ་ཅིག །སྤྲུསྤྱོ་ཀུ་རུ་གྲྭཧྭ། དེ་བཞིན་རླུད་ལྷའི་ལྟོ་བར་ཡང་། ཙྭ་ན་ཡ༷་བ་ཡ༷་བེ་ཡེ་ཨུ་ཡུ་སིད་དྷི་ཧཱུཾ༷་ཨ། སྔགས་འཆང་འདི་ཉིད་ལ་ཡེ་ཤེས་རླུད་གི་སྲོག་བཟུང་སྟེ། ཚེ་དང་ཡེ་ཤེས་རྒྱས་པར་གྱུར་ཅིག །4སྒོ་ཀུ་རུ་ཡེ་གྲྭཧྭ། སྒྲུབ་བྱ་རང་གཟུགས་སྙིང་ཁར་ཡང་། ཧྲི་ཛ་ཡ༷་ནི་ཨུ་ཡུ་སིད་དྷི་ཕ་ལ་ཧྲི་ཧྲི་ཨུ་ཧཱུཾ༷་ཧཱུཾ༷། ཚེ་ནོར་རྒྱས་བྱེད་དངོས་གྲུབ་གསོལ་ཅིག་བྲིའོ། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། རྫ་བྷ་ལ་ཛ་ལེནྟྲ་ཡེ་གྲྭཧྭ། རྩིབས་མཆན་གོང་རས་བརྒྱད་པོ་ལ། ཨོ་ཀྭ་ཡ་སིརྙི་ཕ་ལ་ཧཱུཾ༷། ཨོ༷་བཱག་སིརྙི་ཕ་ལ་ཧཱུཾ༷། ཧཱུཾ༷་ཙིསྟ་སིརྙི་ཕ་ལ་ཧཱུཾ༷། ཨུ་ཡུ་ཁེ་སིརྙི་ཕ་ལ་ཧཱུཾ༷། སིད་དྷི་དྷ་ན༷་མེ་ཧེ་ཏེ་ཧེ་ཏ་ཧཱུཾ༷། ན་ན་ཁ་ཏེ་སིརྙི་ཧཱུཾ༷། སརྦ་སིད་དྷི་ཀུན་ཕ་ལ་ཧཱུཾ༷། སིད་དྷི་སིརྙི་ཧཱུཾ༷་ཧཱུཾ༷་ཨ་རྩིབས་རྩེ་མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ལྭ་ཡ། ཨོ་ན་མོ་བྷ་ག་བ་ཏེ། ཨ་བ་རི་མི་ཏ་ཨུ་ཡུར་ཙྭ་ན་སུ༷་སྟི་ནི། ཙིསྟ་ཏེ་ཛོ་རྭ་ཛ་ཡ། ཏ་ཐུ་ག་ཏ་ཡ། ཨརྟ་ཏེ་སམྱཀླ༷་བུད་དྷ་ཡ། ཏབྱ་ཐུ། ཨོ་པུ་རྨྱེ་པུ་རྨྱེ་མ་ཧྭ་པུརྨྱེ་ཨ་པ་ར་མི་ཏ་མ་ཧྭ་པུ་རྨྱེ་ཨ་ཡུ་པུ་རྨྱེ་ཙྭ་ན་སརྦ་དུ་པ་སིརྙི། ཨ་པ་ར་མི་ཏ་ཨ་ཡུ་ཁོ ཨོ་སརྦ་ས༷་ཀ་རི་པ་རི་ཤུད་དྷི་དྷརྨུ་སྡེ་ག་ག་ནས་མུརྐ་ཏེ་གྲྭ་བྷ་བ་བི་སུརྙེ་མ་ཧྭ་ན་ཡ་པ་རི་ཝ་རེ་ཡེ་གྲྭཧྭ། གཟུངས་འཛིན་ཆེ་གེ་མོའི་ཚེ་དང་དབང་ཕྱུག་བསོད་ནམས་ཡེ་ཤེས་འཕེལ་བར་གྱུར་ཅིག །སྤྲུརྨྱེ༷་ཀུ་རུ་གྲྭཧྭ། གཤིན་རྗེ་ཕོ་འཁོར་མོ་འཁོར་གྱི། །དྲེགས་པ་ལྷ་འདྲེའི་སྔགས་ཤམ་དུ། གཟུངས་འཛིན་ཆེ་གེ་མོའི་ཚེ་ནོར་སྤེལ། ཨ་ཡུ་པུ་རྨྱེ་སིད་དྷི་ཚུརྨྱེ༷་ཀུ་རུ་གྲྭཧྭ། དེ་བཞིན་ཀུན་གྲུབ་ཤམ་བུར་ཡང་། །དབང་དྲག་ཞི་བའི་སྔགས་སྤང་སྟེ། །་རྫི་ཀུ་རུ་སིད་དྷི་སིརྙི་མ་སིརྙི་ཧཱུཾ༷། སྔགས་འཆང་ཆེ་གེ་མོའི་ཚེ་དང་ལོངས་སྤྱོད་སྤེལ་ཅིག་བྲི་བར་བྱའོ། །བ་ཤདྷ་རུ་སྲུཧྭ། ལྷ་འདྲེ་མི་གསུམ་དབང་སྡུད་སྔགས། །ཡང་དག་པར་ནི་འདིར་བཤད་དོ། །ཧྲི་མ་ཧྲི། དཀྱིལ་དུ་བྲི་བའི་འབྲུ་གསུམ་མོ། །དེ་ཡི་མཐར་ནི་ཧ་ཡ་ཧྲི་བ་ཧ་རི་ནི་ས། སརྦ་ཙིཀྟ་ཧི་ཧི། ཕེ་ཕེ་བ་ཤང་ཀུ་རུ་སྲུཧྭ།ཕྱི་རིམ་དབང་ཆེན་ཁོག་པར་ཡང་། ཨོ་ཤརྙི་ཀ་རི་ཁི་སྒྱུ༷། ཨོ་ཀུ་སུ་མ་མ་ལི་སྟི་ཧཱུཾ༷་ཛ། ཨོ་བཛྲ་ཀུ་པ་ཛི་ཀ༷ །སྙེ་ཋ་ཋ་ཋ། ཨོ་གྲོ་ཀེ་མ་ཀྲི་དེ། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་པ་ཤསྐྱི་རུ་ཧཱུཾ༷། དེ་བཞིན་ཡུམ་གྱི་ལྷོ་བར་ཡང་། ཧ་རི་ནི་ས་ཙིསྟ་ཧྲི། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་བ་ཤབླུ་རུ་སིད་དྷི་ཧཱུཾ༷། དེ་བཞིན་འདོད་རྒྱལ་ཁོག་པར་ཡང་ཨོ་ཧྲི་ཨ་ཧཱུཾ༷། ཨ་པ་ར་ཛི་ཏ་ཧྲི། ཨུ་མ་རི་ཧྲི་ཧྲི་ཛོ་པ་རི་ཛོ་པ་རི་ཧྲེ་ཧྲི། ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཆེ་གེ་མོ་ཨ་ཀཁོ་ཡ་ཛ་ཛ། བ་ཤ༷་ཀ་རུ་ཧཱུཾ༷། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག །གང་སྒྲུབ་སྒྲུབ་བྱའི་སྙིང་ཁར་ཡང་། ཧ་རི་ནི་ས་པརློ་ཁེ་ཁི་བ་སུ་དྷ་མ་ཆེན་མོའི་ཡིད་དུང་དུང་ཙག་ཙག་ཛ། ལྷ་འདྲེ་མི་གསུམ་ཨ་ཀཁེ་ཡ་ཛ་ཛ། ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། ཧ་རི་ནི་ས་ར་ཙ་ཧྲེ་ཡེ་རྩིབས་མཆན་གོང་རས་བརྒྱད་པོ་ལ། །ལྷ་འདྲེ་མི་གསུམ་ཛ་ཞེས་བྲི། །རྩིབས་རྩེ་ཁོར་ཡུག་མུ་ཁྱུད་ལ། །ཨོ་ཨུཿཧཱུཾ༷་ཧྲི་མ་ཧ་རི་ནི་ས། ར་ཙ་ཧྲི་ཡ་ཧཱུཾ༷་ཛ། ཧ་རི་ནི་ས། གུ་ལུ་གུ་ལུ། མ་མ་ཧྲི་ཧྲིམ། མ་མ་ཙ་ཤི །མི་སྙིང་སྒུལ་ཧཱུཾ༷། མི་འགྲམ་ཆོག །ཧྲི་ཧྲི་སྡུས་སྡུས། མ་མ་ཁ་ཤི་བ༷་སྲུཧྭ། ཨེ་ཏྲིག་ནན། ཙིསྟ་རྦད་ནན། ཨ་བ་ཤ༷་ཀུ་རུ་ཧཱུཾ༷། ཁམས་གསུམ་དབང་དུ་སྡུས་ཤིག །བ་ཤ༷་ཀུ་རུ་སྲུཧྭ། གཤིན་རྗེ་ཕོ་འཁོར་མོ་འཁོར་གྱི། །དྲེགས་པ་ལྷ་འདྲེའི་སྔགས་ཤམ་དུ། །གཟུང་འཛིན་ཆེ་གེ་མོའི་དབང་དུ། །ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག །བ་ཤང་ཀུ་རུ་ཡེ་གྲྭཧྭ། དེ་བཞིན་ཀུན་གྲུབ་ཤམ་བུར་ཡང་། །ཞི་རྒྱས་དྲག་པོའི་སྔགས་སྤངས་ཏེ། ཀྟ་བ༷་ཀུ་སྲ ཀྟ༷་བ༷་ཀུ་སྲ སྨྱོ་བ༷་ཀུ་མྲ ཀུ་རུ་སིརྙི་སིད་དྷི་མ་ཧྭ་སིད་དྷི། པུ་ཙ་ས་ནི་ཏ། ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག་བྱ་བ་བྲི། ཛ་སྒྲུབ་བྱ་ཆེ་གེ་མོ་ཛ།རྩིབས་མཆན་ལ་བྲི་བར་བྱའོ། །གདུག་པ་དགྲ་བགེགས་ཚར་གཅོད་སྔགས། །ཡང་དག་པར་ནི་བཤད་པར་བྱ། །ཨེ་ཡ་ཡ༷། དཀྱིལ་དུ་བྲི་བའི་གསུམ་མོ། །དེ་མཐར་ཡ་ཏྲི་མ་ཏྲི་ར་ཙ་སྨྱུ་ར་ཡ། རླུད་ལྷ་ཕོ་མོ་བུ་གསུམ་ལྟོར། །གོང་དུ་བསྟན་པའི་སྔགས་གསུམ་དང་། །ཕྱེ་ཞིག་སོད་ཅིག་དཀྲུགས་ཤིག་བྲི། །ཆེ་གེ་མོ་འཁོར་དང་བཅས་ལ། ཧུམ་ཐུམས་ཛ་མྱ་ར་ཡ་རྦད། ཅེས་བྲིའོ། །ཆེ་གེ་མོའི་ལིང་གར་ཡང་མ་མ་ཏྲག་རུ་་་མྱ་ར་ཡ་ཕཊདྲི་ཛི། མིང་རུས་ཆ་གསུམ་དམ་ཉམས་འདི། །རླུང་ལྷ་ཕ་མ་བུ་གསུམ་དང་། །དྲེགས་པའི་མིང་ལ་སྟབས་སོ་བྲི། །ཕྱི་རིམ་འཁོར་ལོ་རྩིབས་བཅུ་ལ། །བཛྲ་སརྦ་དུ་། ཏྲིག་ནན། ཙིསྟ་རྦད་ནན། ཨེ་ཧུར་ཐུམས་ཛ། མུ་ར་ཡ་རྦད། ཡ་མ་ཡ། མ་མ་རུ་ལུ་མ། ཏི་རྟི་ཀ་ཐ་དུ་ཕྲག་དུ། དུན་ཏིང་དུ། དེ་བ་ཨ། དྷི་མ་ཧྲིང་། རག་ཤ་ར། རག་མོ་ར། རུ་ཏ་ཁི། ཡག་ཤ་ཀྟ། ཡག་མོ་ཀྟ༷། ར་ང་ང། ཡ༷་ཏྲི་ཙ། ཤུ་ལ༷་ཛ། མུན་མུན་པ། བཛྲ་སྭ་དུ་ཏྲི།ཧ་ཤང་ཏྲི་ཧྲི། རུ་ཏྲི་ཏྲི། ནཱ་ག་ཕུ། བ་ཡ༷་བི་ཡ༷ང་། བཛྲ་སརྦ་དུ་་ཏྲིག་ནན། ཙིཏི་རྦད་ནན། ཆེ་གེ་མོ་དྲི། གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲུ༷་ཧུར་ཐུམས་ཛ། བཱ་ར་ཡ་རྦད། རྩིབས་མཆན་གོང་རས་བཅུ་པོ་ལ། གནོད་བྱེད་དགྲ་བགེགས་ཏྲི་ཛ་ཛ། །སྡང་བྱ་དགྲ་བོ་དྲི་ཛ་ཛ། །ཞེས་པ་སྤེལ་ལ་བསྐོར་ཏེ་བྲི། །རྩིབས་རྩེ་མུ་ཁྱུད་ཁོར་ཡུག་ལ། །བཛྲ་སརྦ་དུ་་ཡ་མ་ཐ་དུ་དུ། ཨ་ར་ར་ནི་ཀྟ་ཀྟ། ཁ༷་ཙ་ཙ་པ་ཏི་ཏྲི་ཏྲི་ཕུ། ས་མ་ཡ་ཛ་ཛ་ ཨེ་ཨུ༷༷ཧཱུཾ༷། མ་ཧྭ་ག་ན་རཀྟ་པརྩི་ཨ་མྲི་ཏ་ཧཱུཾ༷་ཧྲི། མ་ཧྭ་བ་ལི་ཏ་ཁུ་ཧི་ཁུ་ཧི། པརྩི་ཨ་མྲི་ཏ་ཁུ་ཧི་ཁུ་ཧི། དགྲ་བགེགས་ཀྱི་ཤ་ཁྲག་མི་ས་ཁ་ཧི། ཀེ་ནི་རི་ཏི་ཁ་ཧི། སྟི་དྷ་ཡ་སྟི་དྷ་ཡ་ཧཱུཾ༷་ཕཊ། གནོད་བྱེད་དགྲ་བགེགས་ཁ་ར༷་ཁ་ཧི། །ཞེས་དྲི་དང་གཏོར་མ་སྦྱོང་བའི་སྔགས་སོ། །གཤིན་རྗེ་ཕོ་འཁོར་མོ་འཁོར་གྱི། །དྲེགས་པ་ལྷ་འདྲེའི་སྔགས་ཤམ་དུ། །དགྲ་བགེགས་ཆེ་གེ་མོ་འདི་གཏད་དོ། །ཕྱེ་དཀྲགས་སོད་ལ་ཐོང་། དྲི་ཛ་ཨ་མུ་ཀ༷ །པྲ་མ་ཡ་ཧཱུཾ༷་ཕཊ། དེ་བཞིན་ཀུན་གྲུབ་ཤམ་བུར་ཡང་། །ཞི་རྒྱས་དབང་གི་སྔགས་སྤངས་ཏེ། ཨ་མུ་ཀ༷ །གནོད་བྱེད་དགྲ་བགེགས་ནཱ་ཤ་ཡ། ཏྲ་ཏེ་མ་ར༷་ཀུ་རུ་ཙི་དུ་སོད་ཅིག་ཧུར་ཐུམས་གཏུབས། ཧ་ལ་བ་ཏི་ནན།འཁོར་བ་ཐུལ་ཤ་ཏྲུ༷། ཀྭ་བ་ཙི་རླག་རླག །བྲི་བར་བྱའོ་རྡོ་རྗེ་འཆང་། །དྲག་པོ་ལས་ཀྱི་འཁོར་ལོ་ཡིས། །དྲག་པོ་ལྷ་དང་དབྱེ་བའི་སྔགས། །ཨ་དྲི་དྲག་རཀྟ་རུ་ཏྲ་མུ་ར་ཡ་ཕྱེ། མ་མ་སྒག་རུ་མྱ་ར་ཡ་ཕཊ། ཡ༷་ཡ༷་ཡ་ཏྲི་ཕྱེ།མ༷་མ༷་མ་ཏྲི་ཕྱེ། ར་ཙ་སུ་རུ་སུ་རུ་ཕྱེ། དགྲ་བོ་ཆེ་གེ་མོ་དང་ཕྱེ། ཏྲི་འུར་ཏྲི་འུར་ཕྱེ། ཁ་འུར་ཁ་འུར་པ། ཕ་ཤག་ཕྱེ། ཁ་འུར་ཁ་འུར་པ་མ་ཤག་ཕྱེ། རཀ་ཤ་སི་ལི་དགྲ་བོ་ཆེ་གེ་མོ་འགོ་བའི་ལྷ་ལྔ་དང་ཕྱེ་ཕྲོལ་ཅིག །སྐྱོབ་པའི་ལྷ་དང་ཕྲོལ་ཅིག །མཐུན་པའི་གྲོགས་ཕྱེ་ཞིག །ཕྱེ་ཞིག་ཕྱེ་ཞིག །ལྟེ་བའི་ལྷ་གཉིས་རྩིབས་རྩེའི་བར། །ཀུན་ཆུད་པར་ནི་བྲི་བར་བྱ། །ཕོ་འཁོར་བྱ་རོག་རྩིབས་ལ་ནི། །ཨ་ནཱ་ག་དུ་ནི་ཛ་ཛ་ཤེ་ཡ་མ་དུ་ནི་ཐོ ཡ་ཀ་མ་ལ་ཏི་པ་ཙ་ཡ་ཛ། རྙོ་ན་རཀ་ཤ་དུ་ནེ་དུ་ཛ། མ་རཀློ་དུ་ནེ་དུ་ཛ། མོ་འཁོར་འུག་པའི་རྩིབས་ལྔ་ལ། །དགྲ་བོ་ཆེ་གེ་མོ་སྲོག་ལྷ་དང་ཕྱེ་ཞིག་ཤག་ཕྱེ་ཞིག །དགྲ་ལྷ་དང་ཕྱེ་ཤག་ཕྱེ། ཡུལ་ལྷ་དང་ཕྱེ་ཤག་ཕྱེ། ཞང་ལྷ་དང་ཕྱེ་ཤག་ཕྱེ། མ་ལྷ་དང་ཕྱེ་ཤག་ཕྱེ། མུ་ཁྱུད་ལྷ་འདྲེས་སྙིང་པོ་ལ། དཀྲུགས་ཕྱེ་སྨོད་མོ་བཏགས་པས་བསྐོར། རཀྟ་མུ་ཙུ་རུ་ལུ་སྨྱོ་ཁ་ལ་རཀ་ཐུན་སྨྱོ། བྱ་རོག་འུག་པའི་མཆུ་ལ་བྲི། ཁྲེས་རབ་བློ་དང་ལྡན་པ་ཡིན། །གསང་སྔགས་རིམ་པ་འདི་དག་རྣམས། །གང་དམིགས་ལ་སོགས་འཁྲུལ་ཞིང་སྦྱར། །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས། གསང་སྔགས་ཀྱི་ལེའུ་སྟེ་དགུ་པའོ།། །།ལག་ན་རྡོ་རྗེ་གསང་བའི་བདག །འཕྲིན་ལས་རིམ་པ་བསྟན་པ་ནི། །སྣོད་ཀྱི་འཇིག་རྟེན་རི་རྒྱལ་ལྷུན་པོ་དང་། །བབ་ཀྱི་སེམས་ཅན་འགྲོ་དྲུག་དམྱལ་འདྲ་རྣམས། །སྲིད་པ་རླུད་ལ་མ་རྟེན་གང་ཡང་མེད། །དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་དང་བཅས། །རླུང་ལས་མ་རྟེན་སངས་རྒྱས་བྱང་ཆུབ་མེད། །ལོ་ཀ་སྣང་སྲིད་དར་རྒུད་བཞུད་པ་རྣམས། །སྲིད་པ་རླུད་གིས་མི་འགྱུར་གང་ཡང་མེད། །དེ་ཕྱིར་རླུང་ལ་ལས་བཅོལ་ཁྱད་པར་འཕགས། །གཤེད་པོའི་ལྕགས་མཁར་དམིགས་པའི་སྟེང་། །ལས་བྱེད་རླུད་གི་འཁོར་ལོ་སྟེ། །འཁོར་ལོ་རྒྱུ་དང་དབྱིབས་དང་དང་། །བྲི་ཐབས་ཐུན་རྫས་རབ་གནས་དང་། །གང་དམིགས་དགུག་བསྟིམ་འཁོར་ལོ་བསྐོར། །གནས་དང་སྐོར་ཚོད་དུས་ཚོད་དང་། །བསྐུལ་དང་ལས་ཀྱི་མཐའ་སྒྱུར་རྣམས། །ཡང་དག་པར་ནི་འདིར་བཤད་དོ། །ཉོན་ཅིག་དཔལ་ལྡན་རྡོ་རྗེ་འཆང་། །དར་དཀར་གླང་ཆེན་བུད་མེད་ཤུན། །རོ་རས་དུག་ཆུས་བཀྲུས་པ་རྣམས། །ཙཀྲའི་རྒྱུ་རུ་ཤེས་པར་བྱ། །ཙན་དན་སྐྱེར་པ་སེང་ལྡེང་ལྕགས། །ཙ་གི་སྦུབས་སུ་དེ་བཞིན་རྒྱུ། །སྲོག་ཤིང་རྒྱུ་ཡང་དེ་བཞིན་ནོ། །འོ་མ་གུར་ཀུམ་སིན་རྙུ་ར། །གྲི་ཁྲག་དང་ནི་སེར་ཆུར་སྦྱར། །བྲི་བའི་རྒྱུ་ཡིན་རིག་པས་སྦྱར། །བྱུག་པའི་རྒྱུ་ཡང་དེ་དག་ཉིད། །ཟླུམ་པོ་གྲུ་བཞི་ཟླ་གམ་ཨེ། །འབྲུབ་ཁུང་དབྱིབས་ཀྱང་དེ་བཞིན་ནོ། །ཙཀྲའི་དབྱིབས་ཀྱང་དེ་དང་མཚུངས། །ཁྲུ་འདོམ་མཐོ་རྣམས་འཁོར་ལོའི་ཚད། །སྲིད་པ་དབང་ཆེན་ཡབ་ཡུམ་གཉིས། །ལྡེར་སོར་བཞེངས་སམ་ཡང་ན་བྲི། །དེ་དཀྱིལ་སྲོག་བྲི་ལེ་ཚེ་བཞི། །གླིང་གསུམ་དག་ལ་ལྷ་ཡི་གཟུགས། །རང་རང་སྔགས་དང་བཅས་པ་བྲི། །གླིང་བཞི་བསྒྲུབ་བྱའི་གཟུགས་སུ་བྲི། །མུ་ཁྱུད་ནང་མ་དབྱངས་ཡིག་བྲི། །དེ་ཡི་ཕྱི་རིམ་གསལ་བྱེད་དོ། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། །ལས་བཞི་གང་བྱེད་ཙཀྲ་འོ། །ཕྱི་རིམ་མུ་ཁྱུད་གཅིག་གི་བར། །དགོས་འདོད་འབྱུང་བའི་སྔགས་ཆེན་ནོ། །ཕྱི་རིམ་རྩིབས་ཆེན་ཉེར་གཅིག་ལ། །དྲེགས་པ་ཉར་གཅིག་སྙིང་པོ་བྲི། །ཞལ་དང་གསང་གནས་འཁོར་ལོ་ལ། །ཐམས་ཅད་འདུས་པའི་སྙིང་པོ་བྲི། །དེ་བཞིན་ཡུམ་གྱི་འཁོར་ལོ་ཡང་། །ཞལ་ལ་བི་ན་ཡ་ཀ་ཙིསྟ་བྲི །གསང་གནས་ཐམས་ཅད་འདུས་པ་བྲི། །བཅུ་དྲུག་རྩིབས་ལ་ཡུམ་སྔགས་དགོད། །གཞན་རྣམས་ཡབ་དང་འདྲ་བ་ལ། །ཡབ་ཡུམ་སྔགས་ཀྱི་མགོ་ཕྱོགས་ནི། །ཡབ་ཀྱི་ཕྱིར་བསྟན་ཡུམ་གྱི་ནང་། །ཡབ་ཡུམ་རྩིབས་སྔགས་མ་རྟོགས་པ། །གཅིག་ཐོག་གཅིག་ནི་འབབ་པར་བྱ། །དེ་ནས་ལས་བཞིའི་ཙིཀྲ་ནི། །ཡབ་ཡུམ་དབུ་ལ་གང་འདོད་སྦྱར། །དབུས་འགྱུར་མཐའ་མི་འགྱུར་བ་བྲི། །ཞི་བར་བསྐོར་ན་གླིང་གསུམ་ལ། །ནུབ་ཏུ་སྤྱན་རས་གཟིགས་དབང་བྲི། །རིགས་དྲུག་ལྷོར་བྲི་ནོར་འཛིན་བྱང་། ཁྲར་དུ་བསྒྲུབ་བྱ་དེ་ཉིད་བྲི། །རྒྱས་པར་བྱེད་ན་གླིང་གསུམ་ལ། །ནུབ་ཏུ་མགོན་པོ་ཚེ་དཔག་མེད། །ཆུ་བདག་ལྷོ་ལ་རླུད་ལྷ་བྱང་། ཁྲར་དུ་རང་ཉིད་ཐལ་སྦྱར་བྲི། །དབང་དུ་སྡུད་ན་གླིང་གསུམ་ལ། །དབང་ཆེན་ནུབ་ཏུ་ཟི་བར་བྱ། །འདོད་རྒྱལ་ལྷོ་ལ་ཕག་མོ་བྱང་། ཁྲར་དུ་དབང་སྡུད་བསྒྲུབ་བྱ་བྲི། །དྲག་པོ་ཚར་གཅོད་གླིང་གསུམ་གྱི། །ནུབ་ཏུ་རླུད་ལྷ་འཇིགས་པར་བྲི། །ལྷོ་རུ་གཟོང་མཆུ་སྲིང་མོ་བྱ། ཁྲར་དུ་བསྒྲུབ་བྱའི་ལིང་ག་བྲི། །གཞན་རྣམས་དོན་གྱིས་ཤེས་པར་བྱ། །སྔོན་འགྲོ་ལྷ་དབྱེའི་ཙཀྲ་ལ། །བྱ་རོག་འུག་པའི་གཟུགས་བྲིས་ལ། །རྩིབས་ལྔའི་འཁོར་ལོ་སྙིང་ཁར་བྲི། །ལྷ་དབྱེའི་སྔགས་རྣམས་རིམ་པས་དགོད། །ཐུན་རྫས་བསག་པའི་རིམ་པ་ཡང་། །སྤྱི་དང་བྱེ་བྲག་རྣམ་གཉིས་སོ། །མོན་དང་རྟ་ནག་བྱ་རོག་སྙིང་། །ར་དམར་ར་ཁམ་གཡུ་རུའི་སྙིང་། །ནལ་བུ་ལྕགས་ནག་བྱ་རྒོད་སྙིང་། །གཡག་རོག་གྲི་བོ་གཡག་དཀར་སྙིང་། །མི་དང་གླང་དམར་ཁྱི་དཀར་སྙིང་། །དེ་རྣམས་ཤ་ཁྲག་གཏོར་མར་གཟུགས། །ཀ་བཱ་ལའམ་རིན་ཆེན་སྣོད། །འབྲུ་ལྔའི་ཟན་དང་ཤ་ཁྲག་དང་། ་་སྣ་ཨ་མྲི་ཏ་ཕུད་དགོད། །གསེར་སྐྱེམས་མེད་དུ་མི་རུང་ངོ་། །ཁྱད་པར་དམ་རྫས་བསྟན་པ་ནི། །ཞི་ལ་དཀར་གསུམ་གཏོར་མ་བཤམ། །རྒྱས་ལ་མངར་གསུམ་གཏོར་མ་བཤམ། །དབང་ལ་དམར་གསུམ་གཏོར་མ་བཤམ། །དྲག་ལ་དུག་ཁྲག་གཏོར་མ་བཤམ། །ལྷ་དབྱེ་རྫས་དགོད་དུད་པས་བདུག །མི་མཐུན་དབྱེ་བའི་རྫས་བཤམ་མོ། །དམ་ལྡན་སྔགས་དང་ཁྲིམས་ལྡན་བཙུན། །སྤྱན་དྲངས་ཆོས་སྟོན་མཉེས་བྱས་ཏེ། །སྨོན་ལམ་དམིགས་དང་སྦྱར་ལ་གདབ། །ཞི་རྒྱས་དམིགས་པའི་ལྷ་དེ་དག །གཤིན་རྗེ་དྲེགས་པ་མ་ལུས་པ། །སྤྱན་དྲངས་མཆོད་ཅིང་བསྟོད་པ་བྱ། །ཙཀྲ་ལ་ནི་ཡང་དག་བསྟིམ། །སྤྱན་དབྱེ་དབང་བསྐུར་རབ་གནས་བྱ། །དེ་ནས་བསྒྲུབ་བྱ་དེ་ཉིད་ནི། །སྔགས་དང་ཕོ་ཉས་ཡང་ཡང་དགུག །དྲག་ཏུ་བཀུག་ལ་ལིང་གར་བསྟིམ། །ལིང་ག་ཙ་ཀྲའི་བར་དུ་གཞུག །ཙཀྲ་སྐོར་ཐབས་རྣམ་པ་གསུམ། །ཐུན་ཁྲག་རྫས་ཀྱིས་བྲབ་པ་དང་། །གསད་ཟློག་ཞི་བ་ཕྱིར་ལ་བསྐོར། །དེ་བཞིན་བསྲུང་གཟིར་ཕྱིར་ལ་བསྐོར། །དགུག་དང་དབང་རྒྱས་ནང་དུ་བསྐོར། །དབྱེ་དང་དཀྲུག་པ་གན་ལོག་བསྐོར། །སྔགས་ནི་ཀླག་ཐབས་འཁོར་བ་གཅེས། །རིག་པའི་བློ་གྲོས དེ བཞིན དཔག །གནས་ནི་སྤྱི་དང་བྱེ་བྲག་གཉིས། །སྤྱི་ནི་ལྷ་སྲིན་འདུས་པ་དང་། །སྒྲུབ་ཁང་གཉན་པོའི་རྩེ་ལ་བསྐོར། །བྱེ་བྲག་ཞི་རྒྱས་དབང་དང་གསུམ། །རང་ཉིད་གནས་པའི་ཁང་པར་བསྐོར། །དབྱེ་དཀྲུགས་བསད་པ་དུར་ཁྱེར་རམ། །རྩི་ཤིང་མི་སྐྱེ་ཡ་ངའི་གནས། །ལྷ་སྲིན་འཁྲག་པའི་ས་རུ་བསྐོར། །བསྲུང་བཟློག་དགྲ་བཟློག་ཁ་བསྟན་བསྐོར། །རིག་པ་བཟང་པོས་དཔག་པར་བྱ། །བསྐོར་ཚད་ནད་གདོན་དགྲ་བགེགས་ཞིང་། །ཞི་བའི་འཁོར་ལོ་མི་བསྐོར་བཞག །ཚེ་ནོར་རྒྱས་བྱེད་ཙ་ཀྲ་ནི། །བསོད་ནམས་མི་སྐྱེ་བར་དུ་བསྐོར། །ཁམས་གསུམ་དབང་སྡུད་ཙཀྲ་ནི། །གང་དམིགས་དབང་དུ་འདུས་པར་བཞག །དྲག་པོ་ཚར་གཅོད་ཙཀྲ་ནི། །ནམ་དགོས་དུས་སུ་བསྐོར་བྱ་ཞིང་། ་༑ལ་དུས་རྟེན་གྱི་འོག་ཏུ་མནན། །དུས་ཚོད་ལོ་ཟླ་བཟང་པོ་དང་། །ཚེས་དང་གཟའ་སྐར་བཟང་རྩིས་ལ། །དབང་དར་རྒྱས་པའི་ཙིཀྲ་བསྐོར། །དོན་དམ་ཐུགས་ཀྱི་ཙཀྲ་ནི། །ངས་མེད་རྒྱུན་པར་བསྐོར་བར་བྱ། །སྟོན་ཟླ་འབྲིང་པོའི་ཉ་སྟོང་ལ། །ཞི་བར་བྱེད་པའི་ཙཀྲ་བསྐོར། །ལོ་ཟླག་གཤེད་དང་ཚེས་གྲངས་བསྟུན། །གཟའ་སྐར་བདུད་དང་དགྲ་གཤེད་ལ། །དྲག་པོ་བསད་བཟློག་ཙཀྲ་བསྐོར། །འཇིག་དང་མི་མཐུན་ཚེས་གྲངས་ལ། །ལྷ་དབྱེ་དྲག་པོའི་ཙཀྲ་བསྐོར། །དེ་ཡང་རིག་པ་བཟང་པོས་བསྣུན། །ལོ་ཟད་ཟླ་ཟད་ཉི་མ་ནུབ། །ལིང་ག་བྲི་བའི་དུས་ཚོད་ཡིན། །ནམ་ཕྱེད་ཉི་ཕྱེད་གུང་གཉིས་ལ། །བསྐུལ་དང་དགུག་པའི་དུས་ཡིན་ནོ། །སྐྱ་རེངས་འཆར་བའི་དུས་ཚོད་དང་། །རླུང་ནག་ས་གཡོས་དུས་སུ་དབྱེ། །ཙཀྲ་བསྐུལ་བ་རབ་ཏུ་གཅེས། །གཤེད་པོ་ཡབ་ཡུམ་རླུད་ལྷ་གསུམ། །སྣང་སྲིད་དྲེགས་པ་བསྐུལ་བ་གཅེས། །རྐྱེན་དང་འཚམས་པར་རིག་པས་བསྐུལ། །ཞི་རྒྱས་ལྷ་ལ་གསོལ་བ་གདབ། །ཙཀྲའི་མཆོད་པ་རྒྱུན་མི་བཅད། །ཡང་ཡང་ཙཀྲའི་ལྷ་གསལ་གདབ། །དེ་བཞིན་སྔགས་ཀྱང་ཚར་རེ་བཟླས། །རང་ལུས་སྟོང་གསུམ་ཁམས་ཉུལ་ཡང་། །དམིགས་པས་སྐྱབས་སུ་འཁོར་ལོ་ལ། །གནག་པར་བཅའ་ཡོ་གསང་བའི་བདག །ཡེ་ཤེས་ལྷའམ་གང་ཡང་རུང་། །བསྙེན་བསྒྲུབ་ལས་ཀྱི་མཐའ་བསྒྱུར་ན། །ཙཀྲ་གླིང་བཞི་གླིང་གསུམ་ལ། །ཡི་དམ་ཡབ་ཡུམ་སྲས་བཅས་དགོད། །རང་རང་སྲོག་སྔགས་སྙིང་གོང་ནས། །ཞལ་གྱི་སྒོ་རུ་ཐོན་ནས་ནི། །རང་གཟུགས་སྒྲུབ་བྱའི་སྤྱི་བོར་བསྟིམ། །སྙིང་ལ་བསྐོར་ནས་རང་ལུས་གང་། །ངག་ཏུ་སྟོན་ནས་རང་གཟུགས་ཀྱི། །མཐའ་མ་ལན་གསུམ་འཁོར་བར་བྲི། །ཕྱི་རིམ་ཁ་བསྒྱུར་ཙཀྲའི་རྩིབས། །ལྷ་ཚོགས་གྲངས་མཉམ་རང་རང་སྔགས། །རྩིབས་རྩེའི་མུ་ཁྱུ་ཁོར་ཡུག་བར། །ལྷ་སྔགས་དྲིལ་བའི་ཞབས་དག་ཏུ། །གསང་མཚན་རྡོ་རྗེ་ཆེ་གེ་ལ། །ཡེ་ཤེས་ལྷ་ཚོགས་ཁྱེད་རྣམས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་གསོལ། །དེ་ཡིས་མཐའ་མ་འཁོར་བར་བྲི། །རབ་གནས་ལ་སོགས་གོང་གིས་འདྲེ། །ལྷ་བསྐྱེད་དམིགས་པ་དེ་བརྟན་བྱ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེས་འདྲེ་ཁ་བསྒྱུར་གང་འདོད་བྲི། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །གང་དམིགས་ལས་དེ་འགྲུབ་པར་འགྱུར། ཁྲེས་རབ་བློ་དང་ལྡན་པ་་གཅེས། །དཔེར་ན་དུས་གསུམ་སངས་རྒྱས་ལ། །དམིགས་མེད་སྤྲོས་བྲལ་མོས་བྱས་ན། །འབྲས་བུ་ཡང་དག་ཐོབ་པར་འགྱུར། །ལྷར་མཐོང་ལ་མོས་བྱས་ན། །དེ་ཡིས་དངོས་གྲུབ་ཐོབ་པར་འགྱུར། །འདྲེར་མཐོང་དེ་ལ་སེམས་གཏད་ན། །འབྲས་བུ་དེ་དང་སྐལ་བ་མཉམ། །བསམ་རྒྱུད་སེམས་སུ་རྟོགས་པ་ལ། །འཁོར་འདས་གཉིས་སུ་གྲུབ་པ་མེད། །དེ་ཕྱིར་འཕྲིན་ལས་སེམས་ལ་རྫོགས། །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས། །འཕྲིན་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཀྱེ་མ་རྡོ་རྗེ་འཆང་ཉོན་ཅིག །ཙཀྲའི་ངོ་བོ་བྱང་ཆུབ་སེམས། །སྐྱེ་འགག་མེད་པ་གཅིག་ལ་བྱ། །ཙཀྲའི་ངེས་ཚིག་བསྟན་པ་ནི། །འཁོར་ནི་དབྱིངས་སུ་གཅིག་པས་འཁོར། །ལོ་ནི་སྐྱེ་བ་མེད་པས་ལོ། །བྱང་ཆུབ་སེམས་སུ་གཅིག་པས་འཁོར། །ལོ་ནི་འགག་པ་མེད་པས་ལོ། །ཐམས་ཅད་གཅོད་ཕྱིར་ངེས་ཚིག་གོ །དབྱེ་ན་འཁོར་ལོ་རྣམ་པ་བཞི། །གནས་ཁྱབ་ཡེ་ཤེས་ཙཀྲ་དང་། །གསང་བ་བྱང་ཆུབ་ཙཀྲ་དང་། །ཚད་མེད་སྙིང་རྗེའི་ཙཀྲ་དང་། །མཚན་མ་རྫས་ཀྱི་ཙཀྲའོ། །ཙཀྲ་རྣམ་བཞི་དེ་ཉིད་ལ། །ཙཀྲའི་རྒྱུ་དང་བསྐོར་བའི་ཡུལ། །འཁོར་བའི་ཚད་དང་མ་འཁོར་སྐྱོན། །རྣམ་པ་བཞི་རུ་ཤེས་པར་བྱ། ཁྲེས་པའི་དགོས་ཆེད་བསྟན་པ་ཡང་། །ཙཀྲ་ཡེ་ཤེས་ལྔ་དངལྡན། །ཙཀྲ་སྐུ་གསུང་ཐུགས་དང་ལྡན། །ཙཀྲ་དངོས་པོར་སྣང་བས་སྐུ། །ཙཀྲ་རང་བཞིན་མེད་པས་གསུང་། །ཙཀྲ་དབྱེ་རུ་མེད་པས་ཐུགས། །དབྱེར་མེད་ཙཀྲ་དོན་ཆེན་འདིས། །འགྲོ་ཀུན་མྱ་ངན་འདས་པར་སྒྲོལ། །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས། ཙཀྲའི་དགོས་ཆེད་དང་ངོ་བོ་ཚིག་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་པོ་དང་། འདུས་པའི་འཁོར་རྣམས་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་པ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ནམ་མཁའི་་བདག་པོ་སྣ་ཚོགས་སྟོན། །ཚིག་བདེན་པ་དང་བདེན་པར་སྨྲ། །གཉིས་མེད་གཉིས་སུ་མེད་པར་སྟོན། །འཇམ་མགོན་ཆོས་སྐུ་ཉིད་ལ་བསྟོད། །བདག་ཅག་རྡོ་རྗེ་མཆོག་ཁྱོད་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཅེས་བསྟོད་ནས། རང་རང་གི་གནས་སུ་དེངས་ཏེ་མི་སྣང་བར་འགྱུར་རོ། །རླུད་ལས་བྱེད་འཁོར་ལོའི་རྒྱུད་ལས། རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།འཕགས་པ་འཇམ་དཔལ་དངོས་གྲུབ་སྣ་ཚོགས་འབྱུང་བ་རླུང་ལས་བྱེད་འཁོར་ལོའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ས༷་བྷ་བ་དང་། བོད་ཀྱི་ལོ་ཙ་བ་སྤ་གོར་བི་རོ་ཙ་ནས་བསྒྱུར་བ།། །།ཡང་གསང་ཐུགས་ཀྱི་མན་ངག་འདི། །རྒྱུད་མ་འཇོལ་བའི་རིག་པ་ཡིས། །སྤྱོད་པས་དངོས་གྲུབ་འབྱུང་བར་འགྱུར། །མཚན་བརྗོད་པ་ལ་བརྩོན་པ་ཡིས། །ལས་རྣམས་འགྲུབ་པར་གདོན་མི་ཟ། །ལྷག་པར་ངེས་པས་གནོད་མི་འགྱུར། །གཤིན་རྗེ་དྲེགས་པའི་སྣ་སྡུར་འཇོམས། །དེ་ཕྱིར་རྟག་ཏུ་མཚན་བརྗོད་དོ། ཁྱི། རྒྱ་རྒྱ་རྒྱ། །ཐམས་ཅད་འདུས་པའི་རླུད་རྒྱུད་འདི། །མེ་རི་འབར་བའི་དུར་ཁྲོད་དུ། །ཨོ་རྒྱན་པདྨ་བདག་ཉིད་ལ། །གསང་བའི་བདག་པོས་ཡང་དག་བཤད། །ལས་ཀྱི་མནར་བ་ཕྱི་མའི་དུས། །རྐྱེན་སྒྲུབ་མི་ཁོམ་པ་ཡི་དུས། །མཁས་བཙུན་བཟང་སྤང་བྱེད་པའི་དུས། །མན་ངག་འདི་ཉིད་དར་བར་ཤོག །རྒྱ་རྒྱ་རྒྱ། ས་མ་ཡ྅། འདི་ཆོས་དབང་གི་གཏེར་མ་ཡིན།། །། རྒྱ་གར་སྐད་དུ། སྣུ་ཏྲེ་བ་ཡ༷་ཀྭ་ལ་བྱ་ཀུ་ལ་ཏན་ཏྲ་ནཱ་མ། བོད་སྐད་དུ། འབྱུང་བ་རླུང་ནག་