Ngb-pt-0654-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། མནྟྲ་པ྅་སརྦ་ཙཀྲ་ཏརྙ། བོད་སྐད་དུ། གསང་སྔགས་སྔགས་ལྔ་ཐམས་ཅད་འཁྲུལ་འཁོར་རྒྱ་སྡེབས་པའི་རྒྱུད། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལ་ཕྱག་་ངགི་ང་སེངང་མིངངཞིཇིའཚལ་ལ། །འད་སྐད་བདག་ ས་ཐས་པ་དུས་གཅག་ན། བཅམ་ལྡན་འདས་ མས་ཉད་ཀྱ་ནམ་མཁའ་འག་ ན་གྱ་གནས། སངས་རྒྱས་ཀྱ་ ང་ཁམས་རྣམ་པར་དག་པ་ན། འ ག་རྟེན་ལས་འདས་པའི་འཁོར། གཟུགས་དང་སྤྲོས་པ་མི་མངའ་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འཇིག་རྟེན་པའི་འཁོར་ལྷ་དང་། །ལྷ་མ་ཡིན་དང་། ནམ་ངདྲི་་་ཏེངསེཅི་དེངཚེདེང་མཁའ་ལྡང་དང་། ་ཟ་དང་། རླུད་ལྷ་དང་། འབྱུང་པ་དང་། ར་ལངས་སགས་ ། གདུག་པའ་ མས་དང་ལྡན་པ་དུ་མ་དང་ཐབས་ ག་ཏུ་བཞུགས་ས། ། འ་ ་ འ་དུས་ན་བཅམ་ལྡན་འདས་ཀྱིས་ཟབ་མོ་རྣམ་པར་མི་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཁོར་རྣམས་བྱིན་གྱིས་བརླབས་ནས་སེམས་ཅན་གྱི་དོན་བྱེད་དུ་བཅུག་པས། ནག་པོའི་ཕྱོགས་ཀྱི་བདུད་དང་མུ་སྟེགས་པའི་སྡེ་པས་བར་དུ་བཅད་ཅིང་འགྲོ་བའི་དོན་བྱེད་དུ་མ་སྟེར་བ་ལས། འཁོར་རྣམས་ཀྱི་ནང་ནས། གསང་སྔགས་དང་རིག་སྔགས་ཀུན་གྱི་བདག་པོར་དབང་བསྐུར་བའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།བཅོམ་ལྡན་འདས་ལ་ཞུས་པ། ཀྱེ་ཧོ་བཅོམ་ལྡན་འདས་ལགས། དམ་པའི་བསྟན་ལ་མི་གནས་ཤིང་། །སེམས་ཅན་རྣམས་ལ་འཚེ་བྱེད་པའི། །བདུད་ཀྱི་ཚོགས་དང་མུ་སྟེགས་ཏེ། །ནག་པོའི་ཕྱོགས་ལ་དགའ་བ་རྣམས། །འཕྲིན་ལས་དྲག་པོས་བསྒྲུལ་པའི་ཕྱིར། །གསང་སྔགས་ལྔ་དང་འཁྲུལ་འཁོར་ལ། །ཐམས་ཅད་རྒྱས་སྡེབས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟབ་མོ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་བཞེངས་ཏེ། གདུག་པ་ཚར་གཅོད་པའི་ཏིང་ངེ་འཛིན་ལ་བཞུགས་སོ། །ལེགས་སོ་ལེགས་སོ་ཀུན་དགའ་བོ། །འགྲོ་བ་རྣམས་ཀྱི་དོན་སླད་དུ། །སྔགས་དོན་ཞུས་པ་ངས་བཤད་ཀྱིས། །རབ་ཏུ་ཉོན་ལ་ཟུང་ཞེས་སོ། །གླེང་གཞི་དང་ཞུས་པ་གནང་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྙོ་ཉ། ཊ་ཋ་ཌ་རྟེ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྟ། ཨ་ཨུ། ཨི་སྙི། ཨུ་ཨུ། རེ་རྡི། ལི་སྙི། ཨེ་ཡི། ཨོ་ཨོ། ཨ༷་ཨ། སྡེ་ཚན་ལྔ་དང་འཕྲུལ་ཡིག་དགུ། །ཨ་ཡི་ཡི་གེ་བཅུ་དྲུག་ལ། །འཁོར་འདས་སྣང་སྲིད་ལྷུན་གྱིས་གྲུབ། །སེམས་ཉིད་གནས་ལུགས་མཚོན་པའི་དཔེ། །ཆོས་ཉིད་རྣལ་མ་བལ་འདྲ་ལ། །སྒྲུབ་བས་འགྲུབ་བ་སྐལ་བ་འདྲ། བཤིག་པས་འཇིག་པ་བཟློག་འདྲའོ། ཤེས་རབ་ཡི་གེ་བཅུ་དྲུག་དང་། །ཐབས་ཡིག་སུམ་ཅུ་རྩ་བཞི་ལ། །གཉིས་མེད་ལྔ་བཅུ་ཐམ་པར་གནས། །འཁོར་འདས་སྣང་སྟོང་ཕོ་དང་མོ། །རྡོ་རྗེ་པདྨ་གདགས་དང་སྲིབས། །སྒྲ་དང་དབྱངས་ཀྱི་ཡི་གེ་སྟེ། །དོན་རྟགས་སྣང་ཚུལ་ལྔ་ཚན་བཅུ། །འབྱུང་བ་ལྔ་དང་ཕུང་པོ་ལྔ། །ཡེ་ཤེས་ལྔ་དང་རིགས་ལྔ་དང་། །ཡི་གེ་ལྔ་དང་སྒྲ་ལྔ་དང་། །གདོན་ལྔ་ནད་ལྔ་ཉོན་མོངས་ལྔ། །དམག་ཚན་ལྔ་སྟེ་རེ་རེའོ། །ནུས་པ་ལྔ་ཡི་སྐྱེ་མཆེད་ཀྱིས། །གསང་སྔགས་གཟུང་སྔགས་རིགས་སྔགས་དང་། །དྲག་པོའི་སྔགས་དང་ངན་སྔགས་ཀྱིས། །ཕྱི་ནང་སྔགས་རིགས་ལྔ་རུ་འཆར། །དེ་ལ་སྡེབས་པའི་འཕྲུལ་ཐེམས་ཀྱང་། །ཕྱེ་བས་ཡན་ལག་བསམ་མི་ཁྱབ། །རྣམ་པ་ཡི་གེ་ངོ་བོ་ལྷ། །རང་བཞིན་སྟོང་པ་ནུས་པ་ཆེ། །ལས་ནི་ཕན་གནོད་སྣ་ཚོགས་ཏེ། །ཡོན་ཏན་དགོས་འདོད་སྣ་ཚོགས་པ། །རིན་ཆེན་གཏེར་བཞིན་ཟད་མི་ཤེས། །ཆོས་དབྱིངས་རྒྱན་དུ་རོལ་པ་འཆར། །ཐ་སྙད་སྣ་ཚོགས་ཡང་དག་སྟོང་། །སྟོང་པ་ཉིད་ལས་སྣ་ཚོགས་འཆར། ཁྲར་ཡང་དབྱེར་མེད་ཉག་གཅིག་ཀློང་། །ཀུན་གྱི་དངོས་གཞི་ཀུན་ཏུ་རྒྱས། །རང་ཤར་ཕྱོགས་སུ་ལྷུང་བ་མེད། །དམ་པའི་དོན་དུ་བཤད་པ་ཡི། །བསྟན་པ་འཛིན་སྐྱོང་བསྲུང་དང་གསུམ། །གཅིག་ལ་གཅིག་རྟེན་གཅིག་གི་ངང་། །རྒྱལ་པོ་བློན་པོ་དམངས་རྣམས་བཞིན། །སྡོང་བུ་འབྲས་བུ་ཚེར་མ་འདྲ། །དོན་གཅིག་ནུས་པ་སྣང་ཚུལ་གསུམ། །ཆོས་ཉིད་དང་དུ་དབྱེར་མེད་མཉམ། །བྱིས་པ་རྣམས་ཀྱིས་སོ་སོར་རྟགས། །བཟང་ངན་ཐ་སྙད་བཟུང་རྩོད་པ། །མུན་པ་བཞིན་དུ་གོ་མི་འབྱེད། །འཁྲུལ་པས་ནོར་པའི་རྫོང་ལ་ཞེན། །རྣམ་པར་བྱང་བའི་དོན་མ་རྙེད། །དེ་བས་དབྱེར་མེད་ངང་ལ་ཞོག །རྩ་བ་ཆོས་ཉིད་དོན་རྟགས་ཀྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཀའ་སྩལ་པ། །ཐེམས་སྡེབས་རྣམ་པ་གཉིས་སུ་བཤད། །འབྱུང་བའི་སྡེབས་དང་སྔགས་སྡེབས་སོ། །འབྱུང་བའི་སྡེབས་ལ་རྣམ་པ་གཉིས། །མཐུན་པ་གྲོགས་སུ་སྡེབ་པ་དང་། །མིན་མཐུན་གཅོད་དུ་སྡེབ་པའོ། །ས་ཡི་ཡི་གེ་འབྱུང་བ་ལྔ། །ཆུ་དང་སྡེབས་ན་གྲོགས་སུ་འགྱུར། །གཟས་པ་སྒྲོལ་ན་རླུད་གི་མིང་། །ས་ཡིས་འཇོམས་པས་འདི་ཉིད་སྡེབ། །ཀ་ཁ་ག་བྷ་ང་། ཆུ་ཡི་ཡི་གེ་འབྱུང་བ་ལྔ། །པ་དང་སྡེབས་ན་གྲོགས་སུ་འགྱུར། །གཟས་པ་སྒྲོལ་ན་མེ་ཡི་མིང་། །ཆུ་ཡིས་འཇོམས་པས་འདི་ཉིད་སྡེག །ཙ་ཚ་ཛ་རྟོ་ཉ། མེ་ཡི་ཡི་གེ་འབྱུང་བ་ལྔ། །རླུད་དང་སྡེབས་ན་གྲོགས་སུ་འགྱུར། །གཟས་པ་སྒྲོལ་ན་ས་ཡི་མིང་ མེ་ཡིས་འཇོམས་པས་འདི་ཉིད་སྡེབ། །ཊ་ཋ་ཌ་རྟེ་ཎ། རླུད་གི་ཡི་གེ་འབྱུང་བ་ལྔ། །མེ་དང་སྡེབས་ན་གྲོགས་སུ་འགྱུར། །གཟས་པ་སྒྲོལ་ན་ཆུ་ཡི་མིང་། །རླུད་གིས་འཇོམས་པ་འདི་ཉིད་སྡེབ། །ཏ་ཐ་ད་དྷ་ན། ནམ་མཁའི་ཡི་གེ་འབྱུང་བ་ལྔ། །ནམ་མཁའི་ཡི་གེ་ཀུན་གྱི་སྒྲོགས། །ཀུན་ཀྱང་ནམ་མཁའི་གྲོགས་སུ་འགྱུར། །པ་ཕ་བ་བྷ་མ། ཀ་ཙ་ཊ་ཏ་པ་ལྔ་ཡིས། །ཀྟ་རྙོ་རྟེ་དྷ་བྷ་ལྔ་འཇོམས། །ཁ་ཚ་ཋ་ཐ་ཕ་ལྔ་ཡིས། །ག་ཛ་ཌ་ད་བ་ལྔ་འཇོམས། །ཀ་ཙ་ཊ་ཏ་པ་ལྔ་འཇོམས། །བྷ་རྙོ་རྟེ་དྷ་བྷ་ལྔ་ཡིས། །ཁ་ཚ་ཋ་ཐ་ཕ་ལྔ་འཇོམས། །ང་ཉ་ཎ་ན་མ་ལྔ་ནི། །ཀུན་གྱི་གྲོགས་ཡིན་འཐུན་པར་སྡེབ། །ཀ་ཙ་ཊ་པ་ལྔ་དང་། །ཁ་ཚ་ཋ་ཐ་ཕ་ལྔ་གྲོགས། །བྷ་རྟོ་རྟེ་དྷ་བྷ་དང་། ག་ཛ་ཌ་ད་བ་ལྔ་གྲོགས། །ཡི་དམ་རང་ཉིད་དགྲ་བགེགས་སྲོག །ལྷ་ཡི་སྔགས་དང་བདག་གི་མིང་། །གྲོགས་སུ་གྱུར་ན་ཚེགས་མེད་འགྲུབ། །བཏང་སྙོམས་གྱུར་ན་མི་འགྲུབ་ལ། །ཐ་མལ་གྱུར་ན་འབད་རྩོལ་མེད། །ལྷ་ཡི་དགྲར་ནི་བདག་གྱུར་ནའོ། །ལྷ་ཉིད་བདག་གི་དགྲར་གྱུར་ན། །ཡི་དམ་འགྲུབ་ནས་རང་ཉིད་འཆི། །ཡི་དམ་སྔགས་སོགས་སྤང་བར་བྱ། །ཡང་ན་རང་ཉིད་མིང་སྤང་ངོ་། །འདི་དོན་ཤེས་པས་མྱུར་དུ་འགྲུབ། །རང་གི་སྲོག་དང་དགྲ་བགེགས་སྲོག །གཟས་པ་མེ་ན་ཆུ་ཡི་སྡེབ། །གཟས་པ་རླུད་ན་ས་ཡིག་སྡེག །གཟས་པ་ས་ན་མ་ཡིག་སྡེག །བདག་དང་གཟས་པ་སྲོག་གཅིག་ན། །བདག་གི་གྲོགས་དང་ཁོ་གྲོགས་གཅིག །བདག་གི་དགྲ་དང་ཁོ་དགྲ་གཅིག །གཅིག་པ་ནང་ལ་གཤེད་འབེབས་ན། །འབྱུང་བ་ལྔ་ལྡན་ཕུང་འདེད་ཀྱིས། །བདག་ཉིད་མཁར་དུ་འཇུག་པ་དང་། །ཁོ་ཡི་གཤེད་དུ་དབབ་པར་བྱ། །དཔེར་ན་ས་ནང་ཕྲད་གྱུར་ན། །བདག་ཉིད་ས་ཡིས་ནམ་མཁའ་འཕུལ་ནམ་མཁའ་རླུད་འཕུལ་རླུང་གིས་ཆུ། །ཆུ་ཡིས་མེ་ཕུལ་མེ་ཡིས་ས་གཤེད་དུ་དབབ། །ཀ་ང་བྷ་ཁ་ག་ཀ །ཆུ་གཉིས་འཕྲད་ན་འདི་ལྟར་སྡེག །བདག་ཉིད་ཆུ་ཡིས་ནམ་མཁའ་ཕུལ། །ནམ་མཁས་མེ་ཕུལ་མེ་ཡིས་ས། །ས་ཡིས་རླུད་ཕུལ་ཆུ་ཡི་གཤེད། ཁ་ང་ག་ཀ་བྷ་ཁ། མེ་ནང་ཕྲད་ན་འདི་ལྷར་སྡེབ། །བདག་ཉིད་མེ་ཡིས་ནམ་མཁའ་ཕུལ། །ནམ་མཁའ་ས་ཕུལ་ས་ཡིས་རླུད་། །རླུད་གིས་ཆུ་ཕུལ་ཆུ་ཡིས་ནི། །གཟས་པ་མེ་ཡི་གཤེད་དུ་འབེབས། །ག་ང་ཀ་བྷ་ཁ་ག །རླུད་གཉིས་ཕྲད་ན་འདི་ལྟར་སྡེབ། །བདག་གི་རླུད་གིས་ནམ་མཁའ་ཕུལ། །ནམ་མཁས་ཆུ་འཕུལ་ཆུ་ཡིས་མེ། །མེ་ཡིས་ས་ཕུལ་ས་ཡིས་ནི། །གཟས་པ་རླུད་གི་གཤེད་དུ་དབབ། །ཀྟ་ང་ཁ་ག་ཀ་བྷ། ནམ་མཁའ་ནང་དུ་གྱུར་པ་ན། །མ་པ་ཕ་བ་བྷ་མ། ང་ཉ་ཎ་མ། རང་ཉིད་འབྱུང་ལྔའི་གོ་རྒྱན་ལ། །ནམ་མཁའ་ལས་བྱུང་འཁོར་ལོ་ཡིས། །ནམ་མཁའི་ལུས་ཅན་གསད་པར་བྱ། །གཞན་ཡང་བདག་དང་གཟས་པ་གཉིས། །ཁོ་ཉིད་བདག་གི་དགྲར་གྱུར་རམ། །ཁོ་རང་བདག་གི་གྲོགས་གྱུར་ཀྱང་། །འཕུལ་འདེད་ལྔ་ཡི་སྦྱོར་བ་ཡིས། །བདག་ཉིད་བཙན་པོའི་མཁར་དུ་གཞུག །ཁོ་ཡི་སྲོག་ལ་གཤེད་དུ་འབེབས། །དེ་ཡང་བདག་གི་གྲོགས་འགྲོ་དང་། །ཁོ་ཡི་གཤེད་དུ་འགྲོ་བ་སྡེབ། །སྔགས་ཀྱི་ཨོ་ཙ་དང་པོ་དང་། །བདག་གི་མིང་ཡིག་དང་པོ་དང་། །འབྱུང་ལྔ་ཡི་སྤུ་གྲི་དང་། །གཟས་པའི་སྲོག་ཏུ་སྡེབ་པར་བྱ། །བདག་ཉིད་ཁོ་ཡི་གཤེད་གྱུར་ན། །སྦྱོར་བ་རྐྱང་བས་ངེས་པར་འཇོམས། །ཡི་དམ་རང་ཉིད་དགྲ་བགེགས་སྲོག །འཕྲོད་པའི་དགྲ་གྲོགས་མ་ཤེས་ན། །མུན་ཁུང་རྫས་འཚོལ་ཇི་བཞིན་ནོ། །འདོད་པའི་དོན་དང་འཕྲད་མི་འགྱུར། །དེས་ན་ཉེན་དང་བཅས་པ་སྟེ། །སྔགས་སོགས་རང་གི་དགྲར་གྱུར་ནས། །དབྱངས་གྲར་གྱུར་ན་སྲོག་ལ་འོང་། །སྒྲ་ཡིག་དགྲ་གྱུར་ལུས་ལ་གཅོད། །འདི་ཡི་དོན་ཤེས་སྡེབས་གྱུར་ན། །བདག་ཉིད་ཚངས་པའི་ལུས་ཐོབ་སྟེ། །འཆི་མེད་རྡོ་རྗེའི་སྲོག་དང་ལྡན། །འགལ་བའི་སྟེང་དུ་རྡོ་རྗེ་ཐོག །དྲག་ལ་མྱུར་བ་འབབ་སྟེ་འཇོམས། །གཞན་ཡང་མཐུན་སྡེབས་འགལ་སྡེབས་རྣམས། །ཕན་གནོད་ཀུན་ལ་གནས་སྐབས་ཀྱིས། །གང་དགོས་སྡེབ་པར་ཤེས་པར་བྱ། །སྒྲ་ཡིག་སྲོག་གཤེད་ཀྱི་ལེའུ་སྟེ་གསུམ་པའོ།། །།སྒྲ་དང་དབྱངས་ཀྱི་ཡི་གེ་ལས། །དམག་དང་མཚོན་ཆར་སྡེབས་བྱས་ནས། །གཟས་པའི་གཤེད་དུ་འབེབས་པར་བཤད། །དམོད་པ་དྲག་སྔགས་སྦྱོར་བའམ། །སྐོར་བ་འཁོར་ལོའི་རིམ་པ་ལ། །མཐུན་པ་སྡེབས་ལ་མི་མཐུན་སྤྱོད། །དམག་ལ་མཚོན་བསྐུར་སྲོག་ལ་འབབ། །འབྱུང་བ་ས་ཡི་འཁྲུལ་འཁོར་གྱིས། །རླུད་གི་སྟོབས་འཇོམས་འདི་ཡིན་ནོ། །འཆི་བདག་ལྟོ་རུ་མུ་ཁྱུད་གསུམ། །ལེ་ཚེ་བཅུ་བདུན་འཁྲུལ་སྔགས་དགོད། །དམག་དང་མཚོན་ཡང་སྤེལ་ལ་བྲི། །ཡ་མ་མེ་དུ་སྟེ་ར་ཛ། ས་དོ་རུ་ན་ཡོ་ནི་ར་ཡ་ ་ང ནི། །དེ་དག་འཁྲུལ་འཁོར་རྩ་བའོ། །དམག་དང་མཚོན་ཆ་སྐབས་ཀྱིས་བསྒྱུར། །བཙོན་ཁང་བཞི་དུ་མིང་རུས་བྲི། །འབྱུང་བ་གང་སྡེབ་ཡི་གེ་དང་། །སྔགས་ཀྱི་སྐྲུ་གྲི་བྲིས་བྱས་ལ། །གཉིས་བྱས་ཁ་སྦྱོར་རྩང་ལ་རྒྱང་། །གུར་ཕུབ་རྫས་སོགས་མར་ངོ་ལ། །ཉིན་བཞིར་གསང་སྔགས་འདི་དག་དྲང་། ཨཱོཾཀ་ཙ་ཊ་ཏ་པ་ལས། ཡ་མ་རྭ་ཛ་ས་དོ་མེ་ཡ་ཆེ་གེ་མོ་་་་་་གོཔྲ་མ་ཡ་ཧཱུཾ༷་ཕཊ། ཉི་མ་དང་པོའི་ཁྲི་འཛབ་དེ་ལྔ2ར་ལགས། །གཉིས་པ་ལ་སོགས་དེ་ལྟར་ཤེས་པར་བྱ། །ནང་ནུབ་མཚན་མོ་དམག་ཚོགས་ཐམས་ཅད་དྲིལ། །དེ་བཞིན་མཐུན་དང་མི་མཐུན་འབྱུང་ཀུན་སྡེབ། །དེ་ནི་ས་ཡིས་རླུང་འཇོམས་འཁོར་ལོའོ། །དེ་ལྟར་ཐམས་ཅད་གོང་གི་ཤེས་བྱ་སྟེ། །ཆུ་ཡིས་མེ་གསད་འཁོར་ལོ་ནི། །བྲི་དང་ཤོམ་སྦྱོར་དུས་ཚོད་གོང་བཞིན་ལ། །ཉིན་བཞིར་དྲག་སྔགས་འདི་དག་གོང་བཞིན་བཟླས། །སྙིཁ་ཚ་ཋ་ཐ་ཕ་ཝ་ཤ །ཡ་མ་རྭ་ཛ་ས་དོ་མེ་ཡ། །བྱུ།སྙི།བྱུཔྲ་མ་ཡ་ཧཱུཾ༷་ཕཊ། །ཉི་མ་དང་པོའི་ཁྲི་འཛབ་དེ་ལྟར་ཡིན། །གཉིས་པ་ལ་སོགས་དེ་ལྟར་ཤེས་པར་བྱ། །ནང་ནུབ་མཚན་མོ་དམག་ཚོགས་ཐམས་ཅད་དྲིལ། །དང་པོའི་སྐབས་དང་སྦྱར་བར་བྱ། །མེ་ཡིས་འཇོམས་འཁོར་ལོ་ནི། ་༑མ་སྦྱོར་ལས་རིམས་གོང་དང་འདྲ། །ཉིན་བཞིར་དྲག་སྔགས་འདི་དག་དྲང་། །སྩོ་ག་ཛ་ཌ་བ་ར་ཤ །ཡ་མ་ར་་ང ་ས་དོ་མེ་ཡ། །་་།སྩོ་།སྐྱི་་་མ་ཡ་ཧཱུཾ༷་ཕཊ། ཉི་མ་དང་པོའི་ཁྲི་འཛབ་དེ་ལྟར་ཡིན། །གཉིས་པ་ལ་སོགས་གོང་གིས་ཤེས་བར་བྱ། །རླུད་གིས་ཆུ་འཇོམས་འཁོར་ལོ་ནི། ་༑མ་སྦྱོར་ལ་སོགས་གོང་ལྟར་ལགས། །ཉིན་བཞིར་དྲག་སྔགས་འདི་ལྟར་བཟླས། །་་བྷ་ཛྲ་རྟེ་དྷ་བྷ་ཡ། ཡ་མ་ར་ཙཛ་ས་དོ་མེཡ། །་་།་་།་་ པྲ་མ་ལ་ཧཱུཾ༷་ཕཊ། ཉི་མ་དང་པོའི་ཁྲི་འཛབ་དེ་ལྟར་ཡིན། །གཉིས་པ་ལ་སོགས་ཐམས་ཅད་དེ་ལྟར་རོ། །ནམ་མཁའི་འཁོར་ལོས་ནམ་མཁའ་འཇོམས་འདོད་ན། །བྲི་བ་ལ་སོགས་ཐམས་ཅད་གོང་ལྟར་རོ། །ཉིན་བཞིར་གསང་སྔགས་འདི་དག་དྲང་། །སྩོ་ང་ཉ་ཎ་ན་མ་ཧ་ཀྟ། ཡ་མ་ར་ཙཛ་སདོམེཡ། སྩོསྩོསྩོཔྲམཡཧཱུཾ༷་ཕཊ། ཉི་མ་དང་པོའི་ཁྲི་འཛབ་དེ་ལྟར་ཡིན། །གཉིས་པ་ལ་སོགས་གོང་ལྟར་ཤེས་པར་བྱ། །ནང་ནུབ་མཚན་མོ་དམག་ཚོགས་ཐམས་ཅད་དྲིལ། །མཐུན་དང་མི་མཐུན་སྡེ་སྡེབས་ལ། །རང་གཤེད་རང་ལ་དབབ་པར་བྱ། །གཞན་ཡང་འཇོམས་སྦྱོར་བ་ཡང་། །འབྱུང་བ་ལྔ་ལྡན་འཕུལ་འདེད་ཀྱིས། །ལས་རྣམས་ཐམས་ཅད་མྱུར་དུ་འགྲུབ། །སྒྲ་དང་དབྱངས་ཀྱི་ཡི་གེ་ལས། །མཐུན་པའི་གྲོགས་དང་མི་མཐུན་གཅོད་ཀྱི་བྱེ་བྲག་ལས་འབྱུང་བ་རང་གཤེད་དབབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དོན་རྟགས་སྣང་ཚུལ་འདི་བཀའ་སྩལ་ཏོ་ །ཀ་ཅ་ཊ་ཏ་པ་ལ་ས་ཨི་སྙི། ཏ་ཡི་ཡི་གེ་ས༷་སྐྲི་ཏའི་སྒྲ། །འབྱུང་བ་ས་ཡི་རང་བཞིན་གཏི་མུག་ཡིན། །གཟུགས་ཀྱི་ཕུང་པོ་དེ་བཞིན་གཤེགས་པའི་རིགས། །མེ་ལོང་ཡེ་ཤེས་བད་ཀན་ཀླུ་ཡི་གདོན། ཁ་ཚ་ཋ་ཐ་ཕ་ཝ་ཤ་ཨུ་སྤུ་རྣམས། གླང་པོའི་ཡི་གེ་རཀྟ་སྲིན་པོའི་སྒྲ། །འབྱུང་བ་ཆུ་ཡི་རང་བཞིན་འདོད་ཆགས་ཡིན། །ཚོར་བའི་ཕུང་པོ་རིན་ཆེན་རིགས། །མཉམ་ཉིད་ཡེ་ཤེས་ཁྲག་ནད་མ་མོའི་གདོན། །ག་ཛ་ཌ་ད་བ་ར་ཥ་ཨེ་ཨེ་རྣམས། ཤིང་རྟའི་ཡི་གེ་ཡསྒ་གནོད་སྒྱིན་སྒྲ། །འབྱུང་བ་མེ་ཡི་རང་བཞིན་ཞེ་སྡང་ཡིན། །འདུ་ཤེས་ཕུང་པོ་རྣམ་དག་པདྨའི་རིགས། །སོ་སོར་ཀུན་རྟོགས་ཡེ་ཤེས་མཁྲིས་ནད་བཙན། །བྷ་རྙོ་རྟེ་དྷ་བྷ་ཡ་ཨོ་ཨོ་རྣམས། ཞིབ་ཅན་ཡི་གེ་ནཱ་ག་ཀྟ་ཡི་སྒྲ། །འབྱུང་བ་རླུད་གི་ཡི་གེ་ཕྲག་དོག་ཡིན། །འདུ་བྱེད་ཕུང་པོ་རྣམ་དག་ལས་ཀྱི་རིགས། །བྱ་བ་ནན་ཏན་རླུང་ནད་ལྷ། །ང་ཉ་ཎ་ན་མ་ཧ་ཀྟ་ཨ༷་ཨ༷༷ མི་རེང་ཡི་གེ་ཨ་སུ་ལྷ་མིན་སྒྲ། །འབྱུང་བ་ནམ་མཁའི་རང་བཞིན་ང་རྒྱལ་ཡིན། །རྣམ་ཤེས་ཕུང་པོ་རྡོ་རྗེའི་རིགས། །ཆོས་དབྱིངས་ཡེ་ཤེས་འདུས་པ་ཧཱུཾ༷་ལ། །རི་རྡི་ལི་སྙི་མེ་ཆུ་ས་རླུང་འཁྲུགས་པ་ཡིན། །མ་ནིང་ཡི་གེ་གཉིས་སུ་མེད་པའི་དོན། །དེ་ལྟར་ཡི་གེ་སྒྲ་དང་འབྱུང་བ་ལྔ། །ཕུང་པོ་བདེ་གཤེགས་རིགས་དང་དག་པ་ཡེ་ཤེས་ལྔ། །མ་དག་ཉོན་མོངས་ལྔ་དང་འཁྲུག་བྱེད་ནད་བཞི་ལྔ། །གནོད་པའི་གདོན་རིགས་ལྔ་སྟེ་དེ་ལྟར་དོན་གྱིས་ན། །དག་དང་མ་དག་གཉིས་ཀའི་རང་བཞིན་ལས། །སྣང་སྟོང་འཁོར་འདས་ཀུན་གྱི་རང་བཞིན་ཡིན། །སྐྱེ་བ་མེད་པའི་དོན་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་ཡི་གེ་ཤར། །ཡི་གེའི་ནུས་པ་འབྱུང་བ་ནི། །ཀ་ནི་སྟོབས་ཆེན་ལས་གྲུབ་ཡིན། ཁ་ནི་དྲག་པོའི་སྔགས་བདག་འདུལ། །ག་ཞེས་བཀྲ་ཤིས་མཆོག་ལྡན་བདེ། །ང་ཞེས་དབང་སྡུད་ལྷུན་གྱིས་འབར། །ཙ་ཞེས་མཚན་མའི་ཆོ་འཕྲུལ་མྱུར། །ཚ་ཞེས་འཇོམས་བྱེད་སྲོག་དང་ལྡན། །ཛ་ཞེས་རྣམ་ཤེས་མཐུ་སྟོབས་འགུགས། །ཉ་ཞེས་གསལ་བའི་ཐིག་ལེར་ལྡན། །ཏ་ཞེས་དགོས་འདོད་འཕེལ་ཆེན་བདེ། །ཐ་ཞེས་མིང་རྔ་རྣམ་ཤེས་སྙིང་། །ད་ཞེས་ཐབས་ལྡན་འདུས་པའི་བཅུད། །ན་ཞེས་ཐབས་ཀྱིས་འདུས་བྱེད་འགུགས། །བཟློག་པ་མྱུར་དྲག་འདུས་པའི་སྒྲ། །པ་ཞེས་མ་ཆགས་ཤེས་རབ་ཐབས། །ཕ་ཞེས་ཐམས་ཅད་རྩ་བར་འདུས། །བ་ཞེས་ལོག་རྟོག་རྒྱུད་སྒྲོལ་འཇོམས། །མ་ཞེས་དབྱིངས་ལྡན་ཡིད་འདུས་ཡུམ། །ཡ་ཞེས་བསྐྱོད་ནུས་སྟོབས་ཀྱིས་སྒྲོལ། །ཝ་ཞེས་ཀུན་འདུས་ཐབས་འདྲེན་གསལ། །ར་ཞེས་བརླག་བྱེད་སྲེག་ཅིང་སྨིན། །ལ་ཞེས་རྗེས་སུ་དཀར་ཞིང་འབོད། ཁྲ་ཞེས་སྙོགས་བྱེད་རྟུམ་ཞེས་བྱམས། །ས་ཞེས་བརྟན་བྱེད་སྲོག་རྩས་ལེན། །ཧ་ཞེས་སྟོབས་དྲག་མྱུར་དུ་སྨིན། །ཨ་ཞེས་རྩ་བའི་སྟོབས་ཆེན་བརྟན། །ཨི་ཞེས་འགུགས་བྱེད་འདྲེན་འཕུལ་བསྟིམ། །ཨུ་ཞེས་རང་དབང་མེད་འཕྲོག་སྡུད། །ཨེ་ཞེས་དྲག་པོས་མྱུར་དུ་སྒྲོལ། །ཨོ་ཞེས་སྟོབས་ལྡན་གཞན་འཇོམས་སོ། །ཡ་ཝ་ར་སྟགས་མཐུན་པར་བསྐྱེད། །ཧ་སྟགས་རིང་ལ་དྲག་པོར་སྒྲོལ། །འ་སྟགས་རིང་ལ་འབྱམ་པར་འདུལ། །ཡི་གེའི་དོན་བཤད་ཚད་མ་ཡིན། །ཀུན་ལ་སྦྱར་ཞིང་གདགས་ཤེས་བཤད། །དོན་རྟགས་སྣང་ཚུལ་དང་ནུས་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གསང་སྔགས་ཐེམས་ཀྱི་སྦྱོར་བ་འདི་གསུངས་སོ། །ཉོན་ཅིག་གསང་མཆོག་རིགས་ཀྱི་བུ། །སྔགས་རིགས་ལྔ་རུ་བསྟན་པ་ལ། །དོན་བསྡུས་འཕྲུལ་ཐེམས་རྐྱང་པར་བསྟན། །ཐེམས་ལ་མན་ངག་སྡེ་ལྔར་བསྟན། །རྩ་བ་ལྔ་ཡི་སྡེབས་ཐབས་དང་། །དོན་གྲུབ་སྙེན་པའི་སྡེབས་ཐབས་དང་། །དྲག་པོ་སྔགས་སྡེབས་གསད་པ་དང་། །ཕྲ་མེན་རྐྱང་པའི་སྡེབས་ཐབས་དང་། །གཤེད་མ་རྐྱེན་གྱི་སྡེབས་ལྔར་བཤད། །ལྷ་ཡི་སྡེབས་ལ་གཉིས་སུ་བསྟན། །ཏིང་འཛིན་སྡེབས་དང་སྔགས་སྡེབས་གཉིས། །ཏིང་ངེ་འཛིན་ནི་འདི་ལྟར་སྡེབ། ཁུན་གྱི་ཡི་དམ་ནར་མའམ། །བློ་བུར་ཐུག་ཕྲད་གང་རུང་ལ། །འཇིག་རྟེན་འདས་དང་མ་འདས་པའི། །བསྒྲུབ་སྡེ་ལྔ་ཡི་སྡེ་བརྒྱད་ལ། །སྐུ་གསུང་ཐུགས་སམ་འཕྲིན་ལས་བཞིའི། །རིགས་དང་གོ་རིམས་མ་ནོར་བར། །རྩ་བ་བསྐྱེད་ལ་ཡན་ལག་སྒོམ། །ཐ་མི་དད་པ་ཀུན་གྱི་དངོས། །བདེ་གཤེགས་གཅིག་འགྲུབ་ཀུན་གྱི་ངང་། །གང་རུང་ཅིག་ཏུ་བསྒོམ་བྱ་སྟེ། །སྔགས་སྡེབས་རིམ་པ་རིན་ཆེན་འཕྲེང་། །སྦྲེལ་ཏེ་བཟླས་པ་ཐབས་ཀྱི་མཆོག །ཆུ་དང་འོ་མ་འདྲེས་པའམ། །སྐྱོགས་འཕྲན་གཅིག་ཏུ་སྡོམ་པའི་ཚུལ། །ནུས་པ་དྲིལ་ནས་བྱིན་གྱིས་རློབ། །དེ་ལ་བཟླས་ཐབས་ཆེན་པོ་བཞི། །འཇམ་རིང་ལྕམ་དྲལ་སྦྲུལ་འཇུག་དང་། །དྲག་པོ་ཁོང་སྡེབས་བཞི་བཞིར་བཤད་དོ། །འཇམ་རིང་རང་ཐད་རྐྱང་པར་འདྲེན། །ཆོ་ག་རྫོགས་པའི་རིམ་པར་བསྒྲུབ། །ལྕམ་དྲལ་གཙོ་སྔགས་གིང་སྔགས་ལ། །གསུམ་ཆ་སུམ་གཉིས་འབྲོས་འདེད་བསྒྲུབ། །སྦྲུལ་འཇུག་རིམས་ཀྱིས་ལྷ་བསྙེན་ནས། །དེ་ལ་གིང་གི་བོད་རྦད་གསད། །ཁད་ཀྱི་སྦྱར་ལ་རིམ་པར་བསྒྲུབ། །ཁོང་སྡེབས་གཙོ་བོའི་བསྙེན་སྔགས་ལ། །ཡན་ལག་འཁོར་གྱི་བསྙེན་པའི་སྔགས། །མཐོ་དམན་རིམ་པར་དྲིལ་སྦྲེལ་བ། །སྒྲོལབའི་ལས་མཁན་བོད་རྦད་དང་། །གསད་སྦྲེལ་དྲིལ་ལ་འཁོར་བསྡེབས་སྒྲུབ། །བཟླས་ཐབས་ཀུན་གྱི་མཆོག་ཏུ་གྱུར། །བཀྲ་ཤིས་ཚན་ཆེ་ཁ་རྣོ་དང་། །ཡོན་ཏན་ཀུན་ལྡན་ཀུན་གྱི་མཆོག །སྔགས་ཀྱི་བཟླས་ལུགས་བཞི་པོ་ལ། །དེ་ལྟར་ཡོན་ཏན་རིམས་བཞིན་འབྱུང་། །རྩ་བ་ལྷ་ཡི་སྡེབས་ཆེན་ཡིན། །དོན་གྲུབ་བསྙེན་པའི་སྡེབས་དག་ལ། །སྔོན་དུ་སྡེབས་དང་ཐད་ཁར་སྡེབས། །རྗེས་ལ་སྡེབས་ཐབས་བཤད་པར་བྱ། །འཇིག་རྟེན་འདས་དང་མ་འདས་པ། །རྒྱལ་ཆེན་བཞི་ནས་ཐེ་བྲང་བར། །དང་པོ་ཁུགས་སུ་གཞུག་པར་བྱ། །དེ་ནས་གང་ཡིན་བསྙེན་པར་བྱ། །བསྙེན་ནས་གྲུབ་པ་ཐོབ་པར་བྱ། །དེ་ནས་དབང་དུ་བསྡུ་བར་བྱ། །དེ་ནས་དམ་བསྲེ་དངོས་གྲུབ་བླང་། །དེ་ནས་རང་ལ་གཉིས་མེད་གཟུད། །དེ་ནས་ལས་ལ་བྲན་བཞིན་བཀོལ། །དེ་ལྟར་སྡེབས་ཤེས་དངོས་གྲུབ་ཐོབ། །དང་པོ་ཁུགས་སུ་གཞུག་པ་ནི། །ཨོ༷་གསུམ་ཨ་དང་ས་མ་ཡ། །ལི་མགོར་མཇུག་ཏུ་མུ་ཁ་ཡེ། །ནན་ཛ་ཧྲི་གཉིས་སྦྱར་བར་བྱ། །དེ་འོག་བསྙེན་པ་དངོས་ལ་འཇུག །ཧཱུཾ༷་དང་ཛ་གཉིས་མཇུག་ཏུ་སྦྱར། །བསྙེན་མགོར་ཨོ་དང་ཧྲི་ཛ་ལ། །མཇུག་ཏུ་།་ནེ་སིདྷི་ཨི། །ཀ་པ་ཡེ་དང་ཛ་གཉིས་ནི། །བསྡེབས་ན་ལྷ་དེ་འགྲུབ་པར་ངེས། །ཨུ་ནེ་ཨུམ་རྩེག་ཨུ་ནི་གསུམ། །ཀླད་ནོན་མཇུག་ཏུ་ས་མ་ཡ། །ཨུ་གསུམ་ཛ་གསུམ་མཐའ་སྒྱུར་དུ། །བསྡེབས་ནས་དབང་དུ་འདུ་བར་ངེས། །དེས་ཀྱང་དབང་དུ་མ་འདུས་ལ། །ཧ་ར་གཉིས་དང་ས་མ་ཡ། །ཛ་གསུམ་རེ་༢་ལི་སྙི་སྡེབ། །རང་དབང་མེད་པར་དབང་དུ་འདུ། །སྲོག་གི་སྙིང་པོའི་མཐའ་རྒྱ་སྲ །ས་མ་ཡ་བཛྲ་ཨ་སྐྲོ་ཐ། །ཨུ་ཙ་སིརྙི་ཧ་ར་ཁ་ད་བྲི་ནི། །བི་རྩ་མ་ཡ་ཧཱུཾ༷་ཕཊ་ཨ། །དེ་ཡིས་དམ་བསྲེ་དངོས་གྲུབ་ཐོབ། །དེ་ནས་སྲོག་སྙིང་ཀླད་གནོན་དུ། །ཨི་གསུམ་ཧྲི་ཏི་ཨདྨ་ཀོ་དྷ་བཛྲ་ཧ༷། །རང་དང་གཉིས་སུ་མེད་པར་འགྱུར། །སྔོན་དུ་འགྲོ་བའི་རྒྱ་སྡེབས་ཡིན། །གང་ཡིན་བསྒྲུབ་པའི་ལྷ་མཆོག་དང་། །རང་དང་མཉམ་པར་མངོན་དུ་འགྱུར། །མ་གྲུབ་དམ་ཉམས་གྲིབ་ཡོད་པས། །བསྙེན་སྔགས་ཀླད་དུ་ས་མ་ཡ། །མཇུག་ཏུ་བཤགས་བའི་རྒྱལ་པོ་སྡེབ། །འདུས་བྱས་ཚོགས་ནི་ཅི་ནུས་བསག །ལྡན་ན་སེམས་ཀྱི་ཆོས་ཉིད་སྒོམ། །དེ་ཡིས་ཐེ་ཚོམ་མེད་པར་འགྲུབ། །དཔེར་ན་རྐྱེན་ཚང་འབྲས་བུ་འདྲ། །ལས་ཀྱི་དབང་མི་ལྡན་ཡང་འགྲུབ། །དེ་ནས་ལས་ཀྱི་བཀོལ་ཐབས་བཞི། །ལས་མི་བྱེད་ཅིང་འཁུ་བཟློག་ན། །སྲོག་སྔགས་སླད་དུ་དབང་བསྡུའི་སྔགས། །ཧ་ར་གཉིས་དང་ས་མ་ཡ། །མཐའ་སྒྱུར་ཏྲིག་ནན་དུན་དུན་ནན། །དེ་ནས་དབང་བསྡུ་བཞིན་དུ་བཏང་། །སོ་པ་ཨ་མྲི་ཏ་བཛྲ་སྟེ། དེས་ནི་རྒྱལ་པོ་འབངས་འཁོལ་འད། །རང་དབང་མེད་པར་བཅུ་ནས་བཏོང་། །ལས་རྣམས་བྱེད་ཀྱང་ཚན་ཆུང་ན། །ཀླད་བཅུ་ཧཱུཾ༷་གསུམ་ཨུ་ནེ་དྲུག །སྟམ་བྷ་ཡ་ཞེས་སྡེབས་དྲངས་ནས། །མཇུག་ཏུ་རཀྟ་ཀ་པ་ཡེ། །ས་ལ་མྱགས་དང་ཀྱི་སོ་ཡེ། །དེ་ལ་གསད་སྔགས་གང་རུང་སྦྱར། །ལས་རྣམས་བྱེད་ཀྱང་རྣོ་ཆུང་ན། །ཀླད་དུ་ཨ་ནེ་གསུམ་བརྩེགས་ཨུ་ནེ་དྲུག །བཛྲ་ཀྲོ་དྷ་ཡེ་དང་སྲོག་སྔགས་དང་། །རིགས་གསུམ་ཤག་ཏི་རྦད་དང་ནི། །ཐུམས་རིལ་མྱ་ར་ཡ་རྦད། །སྡེབས་པས་རལ་གྲི་ལྟ་བུར་གཅོད། །ཟོར་ཐུན་སླད་དུ་ཐུམ་རིལ་ལི་ལི། །སྲོག་སྙིང་མཇུག་ཏུ་ཏྲིག་ཤག་སྲོག་ཁྱེར་སྨྱོ། །ཏྲ༷་མྱགས་ཀ་པ་ཡེ་སྨྱོ། སྡེབས་པས་གང་ལབ་རྒྱབ་ཀྱང་འཇོམས། །རྩ་བ་ལྷའི་སྡེབས་དང་དོན་གྲུབ་བསྙེན་པའི་རྒྱ་སྡེབས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དྲག་པོ་སྔགས་སྡེབས་བཀའ་སྩལ་པ། བསྲུང་གཟིར་བཟློག་པའི་གནས་སྐབས་སུ། །དྲག་པོའི་ངན་སྔགས་སྡེབས་པ་ནི། །རྣམ་པ་དགུ་དང་ལྡན་པར་བྱ། །སྔགས་ཀྱི་སོ་པ་བཏང་བ་དང་། །ཀླད་གནོན་རྒྱལ་པོ་བློན་པོ་དང་། །རྒྱབ་རི་དམག་མི་སྲ་བྱེད་གོ །རྣོ་བ་མཚོན་ཆ་ངར་བླུད་ཐར། །བཀོས་འདེབས་དཔའ་བོ་ལོག་གནོན་དགུས། །གང་ལ་བྱ་བའི་ལུས་སྲོག་རྣམས། །གནམ་ཐོགས་འབབ་པ་བཞིན་དུ་འཇོམས། །དེ་དག་དོན་གྱི་ངོས་བཟུང་བ། །སྔགས་ཀྱི་སོ་པ་བཏང་བ་ནི། །ཧུ་གསུམ་ཨུ་ནེ་དྲུག་དང་ནི། །ཨུ་གསུམ་ཨ་ནེ་དྲུག་དང་ཡ་ཨ་ཧྲི་མ་ཨེ་ཏི། ཁམས་གསུམ་དྲེགས་པ་ཕོ་མོ་ཡི། །ལོ་ཀ་འདས་དང་མ་འདས་པའི། །གནས་སྐབས་གང་ལ་ཅི་སྡེབས་དང་། །སོ་པ་མཚན་དྲུག་ཀུན་ཏུ་རྒྱུག །ཀླད་གནོན་རྒྱལ་པོ་ལྟ་བུ་ནི། །ཡེ་ཤེས་དབྱིངས་སུ་སྡེབས་པ་དང་། །ཡེ་ཤེས་ཀྱང་དུ་སྡེབས་པའོ། །ལྷ་རྣམས་དབྱིངས་སུ་སྡེབས་པ་ནི། །སྐུ་གསུང་ཐུགས་སུ་བསྡེབ་པ་དང་། །ཡོན་ཏན་འཕྲིན་ལས་ལྔ་བསྡེབ་པ། །འཇམ་དཔལ་པདྨ་ཡང་དག་དང་། །བདུད་རྩི་ཕུར་བུ་ལྔ་རུ་སྡེབ། །ཡང་ན་རིགས་གསུམ་མགོན་པོར་སྡེབ། །གཞན་ཡང་གཉེན་པོར་གྱུར་པ་ཡི། །ཡེ་ཤེས་ལྷ་རྣམས་དབྱིངས་སུ་སྡེབ། །ཡེ་ཤེས་རྐྱང་པར་བསྡེབ་པ་ནི། །རང་རང་གང་བྱེད་ཡི་དམ་ལྷ། །སྐུ་གསུང་ཐུགས་ཀྱི་སྔགས་རྣམས་དྲིལ། །རྒྱལ་པོ་ལྟ་བུར་སྡེབ་པར་བྱ། །ལོངས་སྤྱོད་རྫོགས་པའི་ཁྲོ་བོ་རྣམས། །དེ་ལྟར་སྡེབ་པར་བྱ་བ་ཡང་། །མགོ་ཅན་མགོ་བོ་བཅད་པ་དང་། །མགོ་མེད་མགོ་བོ་གདགས་པ་དང་། །སྲོག་སྙིང་ཀ་བ་གཟུགས་པ་དང་། །ཡི་གེའི་འབྱུང་འཇུག་བྱས་ལ་སྡེབ། །རྒྱལ་སྲིད་ལྡན་པའི་རྒྱལ་པོ་ཡི། །འབངས་རྣམས་རང་བཞིན་ཆམ་ལ་འབེབས། །དེ་ཕྱིར་རྒྱལ་པོ་ལྟ་བུར་སྡེབ། །བློན་པོ་སྐྱེས་བུར་བཏང་བ་ནི། །ཀླད་གནོན་རྒྱལ་པོའི་སྐབས་སྦྱར་ལ། །རྩ་བའི་སྔགས་ཀྱི་ཕྲ་མེན་བཏང་། །ཡང་ན་གང་བྱེད་ལས་མཁན་སྡེབ། །དེ་ཡང་ཨུ་ནེ་དྲུག་དང་ཨུ་གསུམ་གྱིས། །དྲག་ཏུ་འཕུལ་ཞིང་བཙུན་པར་བྱེད། །རྒྱལ་པོ་རྐྱང་བའི་བློན་པོར་དེ་ལྟར་རོ། །ཡེ་ཤེས་དབྱིངས་སུ་སྡེབ་པ་ལ། །བློན་པོ་ལྷ་སྲིན་སྡེ་བརྒྱད་ཀྱི། །གསང་སྲོག་ཡི་གེ་འབྲུ་རེ་བ། །ཀུན་གྱི་ཁྱད་པར་དྲིལ་ལ་གཞུག །སྡེ་བརྒྱད་ཕྱི་ཡི་བློན་པོ་ཡིན། །རྡོ་རྗེ་རྨེ་འཐབ་སྐབས་དག་ཏུ། །རྒྱལ་བློན་སྔགས་བཟློག་དམག་མི་དང་། །མཚོན་ཆ་དཀྲུག་པ་སྡེབས་བྱས་ན། །རྡོ་རྗེ་འཆང་གི་སྙིང་ཡང་འཇིག །རྒྱབ་རི་དམག་མི་ལྷ་བུ་ནི། །ཡང་སྙིང་སྔགས་རྐང་བཅུ་གཉིས་སམ། །སྡེ་བརྒྱད་སྔགས་དང་དུག་ལྔའི་སྔགས། །སྒྲ་ཡིག་དབྱངས་ཡིག་གང་འདོགས་པ། །སྐབས་དང་སྦྱར་ཞིང་སྡེབ་པར་བྱ། །རྒྱབ་རི་དམག་མི་ལྟ་བུར་འགྱུར། །དམག་མི་རྣམས་ཀྱི་སླད་དུ་ནི། །ཨ་གསུམ་ཨི་གསུམ་ཨེ་ཨོ་ཨ༷་ཨ༷༷ རི་གསུམ་ལི་གསུམ་ལྟ་བུ་རྣམས། །དམག་མི་ཀུན་གྱི་གོ་ཆར་འགྲོ། །རྣོ་བའི་མཚོན་ཆ་གང་ཞེ་ན། །རང་རང་དྲག་སྔགས་སྤུ་གྲི་སྟེ། །སྤྱི་རུ་འཐོམ་པ་རྣམ་བཞི་སྡེབ། །བར་དུ་བསྒྲུབ་བྱའི་མཚམས་སྦྱོར་སྡེབ། །ངར་སླུད་ཐར་བྱ་གང་ཞེ་ན། །བཱ་ར་ཡ་རྦད། མྱགས་ཐུམ་རིལ་རྦད། རཀ་ཏ་ཐིམ་ཙིཀྟ་ཁད་ཏྲིག་མྱགས་རྦད་སོད། ཀུན་གྱི་ངར་དང་ཐར་ཡིན་པས། །གང་བྱེད་མཚོན་ཆའི་ཞབས་སུ་སྡེབ། །མཐའ་རུ་སྐོས་འདེབས་གང་ཞེ་ན། །ཨུ་ནན་དྲུག་དང་སྟམ་བྷ་ཡ། །ཀ་པ་ཡེ་བཛྲ་ཡཀྟ། རཀྟ་ཨུ་གསུམ་དུན་གསུམ་ཧྲིང་ཧྲིང་པ་ར་ས་དུ་མུན་པ་ས་མ་ཡ་ཐུམ་རིལ། དྲེགས་པ་རྡུང་བཏག་གཟིར་མནན་ནས། །མཁའ་འགྲོ་ཟས་ཁ་ཀོས་འདེབས་པས། །ཀུན་ལ་སྡེབ་པར་ཤེས་པར་བྱ། །ཆེ་མཆོག་དྲག་སྔགས་གཏོར་མའམ། །རང་རང་གཙོ་བོའི་སྔགས་བཟློག་ལ། །མཚོན་ཆར་བཏགས་ནས་སྡེབ་པ་ནི། །དཔའ་བོ་ལོག་འཐེན་གཡུལ་བཟློག་ཡིན། །ཅེས་སོ། །དྲག་པོ་སྔགས་སྡེབས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་གཤེད་མའི་རྐྱེན་སྡེབས་འདི་གསུངས་སོ། །ལྔ་བརྒྱ་ཐ་མའི་སྙིགས་མ་ལ། །བན་དགྲ་ནག་པོ་ནང་རྒྱས་བྱེད། །རང་གཤེད་རང་ལ་འབེབས་པར་ནི། །གནད་ཀྱི་མན་ངག་རྣམ་པ་གསུམ། །རང་གནད་གཤེད་དུ་དབབ་པ་དང་། །འབྱུང་བ་གཤེད་དུ་དབབ་པ་དང་། །རྟེན་པའི་གཤེད་དུ་དབབ་པ་སྟེ། །དེ་ཡང་དོན་གྱི་ངོ་བོ་ནི། །རྣམ་པ་ཙམ་ལ་སོ་སོར་སྣང་། །དེ་དག་ངེས་པར་བཤད་བྱ་བ། །རང་གནད་གཤེད་དུ་དབབ་པ་ནི། །བསྒྲུབ་བྱའི་ལུས་ཀྱི་གནས་བཞི་མྲ །འཐོམ་པ་རྣམ་བཞི་གཤེད་དུ་དབབ། །ཀླད་པ་གཏི་མུག་རྨོངས་པའི་གནས། །བྱོལ་སོང་རྒྱལ་པོ་འཐོམ་པའི་གཤེད། །རང་གཤེད་རང་ལ་དབབ་པ་ཡིན། །ཀླད་རྩ་ཀུན་གཅད་མྱོས་པར་བྱེད། །མྱོགས་མུན་ཁས་ཐིབས་ཧཱུཾ༷་ལི་དུན་རུ་་་ཁྲག་ཆེ་གེ་མོ་ཀླད་ཁྲག་མྱོགས་མྱ་ར་ཡ་རྦད། མགྲིན་པ་ང་རྒྱལ་དྲེགས་པའི་གནས། །ལྷ་མིན་དབང་པོ་གསོད་པའི་གཤེད། །རང་གཤེད་རང་ལ་ཕབ་པ་ཡིན། །མགྲིན་རྩ་དབུགས་ལམ་ངག་རྒྱུན་གཅོད། །ཤག་ཏྲི་ཨ་དེ་བ་ཏྲི་ཧེ་དུན་ཁྲག་མྱོགས་མུ་ར་ཡ་རྦད། སྙིང་ཁར་ཞེ་སྡང་གཏུམ་པའི་གནས། །མི་རྒོད་ཤན་པ་སྲོག་གི་གཤེད། །རང་གཤེད་རང་ལ་ཕབ་པ་ཡིས། །དངས་མའི་རྩ་དང་སྲོག་རྟེན་གཅད། །ཙཎྜ་ར་ཁྲག་ཧ་ཧ་ས་ཏུ་ཧུ་ཏི་ཁས་སྙིང་ཁྲག་མྱོགས་མྱ་ར་ཡ་རྦད། ལྟེ་བར་འདོད་ཆགས་ཞེན་པའི་གནས། །དམྱལ་བའི་རྒྱལ་པོ་གསོད་པའི་གཤེད། །རང་གཤེད་རང་ལ་ཕབ་པ་ཡིས། །སྲིད་པའི་ལྟེ་བ་གཅད་ནས་ཀྱང་། །འཁོར་བ་རླུཎྜ་གི་ཀ་བ་སྒྱེལ། །ར་ག་ཧཱུཾ༷་སྟི་མོན་ཏ་་བ་ཁས་ལྟེ་ཁྲག་མྱོགས་མྱ་ར་ཡ་རྦད། དེ་དག་གདོད་ནས་རང་རང་ལ། །གནས་པས་རང་གཤེད་རང་གནད་ཡིན། །གཞན་ཡང་རྣམ་ཤེས་ཚོགས་བརྒྱད་ནི། །ཉོན་མོངས་དྲུག་དང་གཟུང་འཛིན་གཉིས། །དེ་ལས་དྲེགས་པ་བརྒྱད་ལངས་ཏེ། །དངོས་དང་བག་ཆགས་ཚུལ་གཉིས་ཀྱིས། །འབྱུང་བ་བཞི་དང་དབུགས་ཀྱི་རྒྱུན། །ལུས་ངག་ཡིད་ཀྱི་རྩ་རྣམས་གཅོད། །ཀུན་བཞིར་ཞེ་སྡང་གཤིན་རྗེ་ལངས། །ཡ་ལས་གྲུབ་སྟེ་ཤ་དང་ས། །མེ་ཡི་མཚོན་ཆས་སྲོག་རྩ་གཅོད། །ཡིད་ལས་ང་རྒྱལ་བཙན་དུ་ལངས། །ར་ཏྲི་ལས་གྲུབ་དབུགས་ཀྱི་རྩ། །མྱགས་ཀྱི་མཚོན་ཆས་གཅོད་པར་བྱེད། །ལུས་ལ་འདོད་ཆགས་མ་མོ་ལངས། །མ་ལས་གྲུབ་སྟེ་ཁྲག་དང་ཆུ། །ར་ཡི་མཚོན་ཆས་རྩ་སྲོག་གཅོད། །རྣ་བར་ཐེ་ཚོམ་སྲིན་པོ་ལངས། །རཀྟ་ལས་གྲུབ་ལུས་ཀྱི་རྩ། །རྦད་ཀྱི་མཚོན་ཆས་གཅོད་པར་བྱེད། །མིག་ལས་གཏི་མུག་བདུད་དུ་ལངས། །དུན་ལས་གྲུབ་སྟེ་མེ་དང་དྲོད། །ཐུམ་གྱི་མཚོན་ཆས་རྩ་སྲོག་གཅོད། །སྣ་ལས་ཕྲག་དོག་རྒྱལ་པོ་ལངས། །རྩ་ལས་གྲུབ་སྟེ་དབུགས་རང་རླུད་། །རིལགྱིམཚོན ཆསསྲོགརྩགཅོད། །ལྕེ་ལས་བཟུང་བ་ས་བདག་ལངས། །ན་མུན་ལས་གྲུབ་ཡིད་ཀྱི་རྩེ། །རྦད་ཀྱི་མཚོན་ཆས་སྲོང་རྩ་གཅོད། །ཉོན་མོངས་ཅན་གྱི་ཡིད་ལས་ནི། །འཛིན་པ་ལས་ནི་སྨུ་རུ་ལངས། །ལ་ཏྲི་ལས་གྲུབ་ལུས་ཀྱི་རྩ། །ཡ་ཡི་མཚོན་ཆས་སྲོག་རྩ་གཅོད། །དུག་ལྔ་ལ་སོགས་སྲོག་དང་གཟུང་ལ། །སྡེ་བརྒྱད་གཤེད་དུ་ལངས་པ་ཡིན། །དེ་ནི་མན་ངག་ལྡན་པས་སྡེབ། །འབྱུང་བ་གཤེད་དུ་དབབ་ནི། །མེ་གཤེད་ཆུ་སྟེ་ཆུ་གཤེད་རླུད་། །རླུ་་གཤེད་ས་སྟེ་ས་གཤེད་མེ། །བདག་གི་སྲོག་དང་གཟས་པའི་སྲོག །དྲག་ཞན་བརྩིས་ལ་གཤེད་དུ་དབབ། །གཞན་ཡང་བསྒྲུབ་བྱ་ཕ་རོལ་གྱིས། །བརྟེན་པ་བདུད་དུ་དབབ་པ་ཡིན། །ཁོ་ཡི་ལྷ་དང་ཡུལ་གྱི་གནས། །ཀླད་ཀྱི་རྒོད་དང་གཅོད་པའི་མཚོན། །བསྡེབས་ལ་རང་གཤེད་རང་ལ་དབབ། །བདག་གི་ལྷ་ཡི་ཀླད་མནན་ལ། །གཅོད་པའི་མཚོན་གྱི་སྐབས་ཕྱེ་ལ། ཁོ་བོས་བསྒྲུབས་པའི་ལས་མཁན་སྔགས། །ཡིག་འབྲུ་འཕྲལ་མཚོན་ཆར་དབབ། །དེ་ཡང་བསྒྲུབ་བྱའི་རྣམ་རྟོག་ལ། །རྟེན་ནས་དྲེགས་པའི་ནུས་འགྲུབ། །ཁོ་བོའི་མིང་གིས་བརྡ་སྦྱར་ནས། །དྲེགས་པའི་སྲོག་ལ་བཅད་ག་ས་ན། །ཞག་གྲངས་གསུམ་ནས་ཁོ་ཉིད་འཆི། །ཅི་བྱས་རང་གི་གཤེད་དུ་དབབ། །སྟོང་གསུམ་རྣལ་འབྱོར་སྨོད་བོར་ཡང་། །དེ་དོན་ལྡན་པས་སྡེབས་གྱུར་ན། །སངས་རྒྱས་ཉིད་ཀྱིས་མི་བཟློག་སྟེ། །འབྱུང་བས་བཏུས་པས་སྨོས་ཅི་དགོས། །རང་གཤེད་རང་ལ་དབབ་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་འཕྲ་མེན་གྱི་རྐྱང་སྡེབས་འདི་གསུངས་སོ། །སྔགས་ཀྱི་འཕྲ་མེན་དུ༷་དུ་འབྲེལ། །རིན་ཆེན་དབང་གི་དྲ་བ་འདྲ། །དགོས་འདོད་ཐམས་ཅད་ཡིད་བཞིན་འབྱུང་། །འཕྲ་མེན་རྐྱང་སྡེབས་འདི་ལྟ་སྟེ། །དང་པོ་རང་རང་ནུས་པ་ཅན། །ཆོལ་བུར་ཀུན་ནས་བསྡུ་བ་ཡིན། །ཡ་ཐ་རྒྱལ་བ་ཞི་ཁྲོ་ནས། །མ་ཐ་ཐེ་བྲང་བུ་མོ་ཡི། །བར་གྱི་སྲོག་སྔགས་ཐམས་ཅད་ལ། །འདི་ལྟར་ཡང་དག་ཤེས་པར་བྱ། །རྐྱང་སྡེབས་རྣམ་པ་གསུམ་དུ་བྱུང་། ཁེས་པ་འཕྲོད་སྡེབས་རྐྱང་སྡེབས་དང་། །ལ་སོགས་མཐའ་བསྒྱུར་རྐྱང་སྡེབས་དང་། །བཟློག་དཀྲུག་གནད་ཀྱི་རྐྱང་སྡེབས་སོ། ཁེས་པ་སྡེབས་པ་འདི་ལྟ་སྟེ། །ལྷ་སྲིན་དྲེགས་པའི་སྲོག་སྙིང་ལ། །གང་ཡིན་ལས་ལ་ཐོག་མེད་སྡེབ། །རྣམ་ཤེས་ཡི་གེ་འབྲུ་རེ་ལ། །བརྡ་ཡི་མིང་བཅས་དེ་བཞིན་གཟིར། །ལས་ལ་གཏོང་བའི་སྲོག་ཀྱང་འདིའོ། །གཞན་ཡང་སྔགས་ཀྱི་སྦྱོར་བ་ལ། །ཡི་གེ་འབྲུ་རེ་གང་མང་བ། །རང་རང་ནུས་པ་བཤད་བཞིན་འབྱུང་། །ཡན་ལག་དག་ཀྱང་དེ་བཞིན་བཤད། །ཨ་ནི་འཕྱོ་བའི་སྔགས་ཡིན་ཏེ། །སྲོག་སྔགས་འབྲུ་བཞི་ཞི་དལ་དང་། །ཚན་ཆེ་འཕྱོ་བའི་སྔགས་སུ་འགྱུར། །གསུམ་བརྩེགས་བསྡེབས་ན་རབ་ཏུ་འཕྱོ། །ཨ༷༷ཨ༷༷ཨ༷༷ཙ་ཚ་ཙ་ཚ་ཙ་ཚ། ཞེས་པས་དྲངས་ན་ཤིན་ཏུ་འཕྱོ། །འགྲོ་དོན་བྱེད་དུ་འདི་སྡེབས་ན། །ལོག་ལྟ་དུས་མ་ཡིན་པར་འཕྱོ། །བདག་འཁོར་རབ་ཏུ་བཀྲ་ཤིས་འབྱུང་། །ཆོས་ཉིད་དྲག་པོ་སྒྲུབ་འདོད་ན། །ཨེ་ནི་དྲག་པོའི་ཡི་གེ་སྟེ། །གསུམ་རྩེག་དྲང་ན་རབ་ཏུ་དྲག །ཨེ་ནི་གསུམ་རྩེག་ཙ་ཚ་གསུམ། །སྲོག་སྙིང་རྣམས་ཀྱི་འབུར་དྲངས་ལ། །རབ་ཏུ་ཤིན་ཏུ་དྲག་པོ་སྟེ། །དུས་གསུམ་བདེ་གཤེགས་མྱུར་དུ་ཁྲོས། །རླུད་ནག་དྲག་པོས་མཚོན་བསྐྱོད་དོ། །གང་ལ་བྱས་པ་དྲག་པོར་འགྲུབ། །འབྲས་བུ་རྣོ་མྱུར་ཐོབ་འདོད་ན། །ཡ་ནི་གཡོ་བའི་ཡི་གེ་སྟེ། །རབ་འབྲིང་ཐ་མས་མྱུར་དྲངས་ན། །གཡོ་ཞིང་བསྐྱོད་པའི་ལས་བྱེད་དེ། །ལྷ་སྲིན་མྱུར་དུ་སྲོག་ལ་དབབ། །འབྲས་བུ་མྱུར་དུ་སྲེག་འདོད་ན། །ར༷་ཞེས་ཚ་ཞིང་སྲེག་པར་བྱེད། །རབ་འབྲིང་ཐ་མས་མྱུར་དྲངས་ན། །དབུས་ཀྱི་རི་བོ་སྲེག་བྱེད་དེ། །གཤིན་རྗེ་བདུད་དང་སྲིན་པོའི་སྲོག །མྱུར་དུ་རབ་ཏུ་སྲེག་པར་འགྱུར། །ཡོན་ཏན་ཀུན་ལྡན་ཐོབ་འདོད་ན། །སུ༷་ནི་ལྕི་ཞིང་གནོན་པར་འགྱུར། །རབ་ཏུ་ཤིན་ཏུ་རབ་འབྲིང་གསུམ། །སྲོག་སྙིང་དྲངས་ན་རབ་ཏུ་འགྲུབ། །སྔགས་སུ་དྲག་པ་ཀུན་ལའོ། །ཚན་ཆེན་བརྟན་མི་གཡོ་འདོད་ན། །ལ༷་ནི་བརྟན་པའི་ཡི་གེ་སྟེ། །རབ་ཏུ་ཤིན་ཏུ་རབ་འབྲིང་གསུམ། །སྲོག་སྙིང་དྲངས་ན་ཤིན་ཏུ་བརྟན། །འབྱུང་བ་རླུང་ཡང་གནོན་པར་འགྱུར། །བྱིངས་ཆེ་གཏིང་འགྲུབ་བརླབས་འདོད་ན། །བ༷་ནི་བྱིངས་ཆེ་བྱིན་བརླབས་འབྱུང་། ཁྲེན་ཏུ་རབ་ཏུ་རབ་འབྲིང་གསུམ། །སྲོག་སྔགས་དྲངས་ན་བྱིན་བརླབས་ཆེ། །མི་སླུ་བ་ཡི་རང་བཞིན་ཅན། །དེ་དག་ཀུན་ལ་ཤེས་པར་བྱ། །གཞན་ཡང་རྣལ་བཟློག་དཀྲུག་པ་དང་། །དྲིལ་གཏོར་གནད་ཀྱི་རྒྱས་སྡེབས་བཤད། །ཨ་ཨེ་ཡ༷་ར༷་སུ༷་ལེ་བ༷། རྣལ་མ་དེ་བཞིན་ཡང་དག་དྲང་། །རྟགས་འོང་ལས་མི་བྱེད་ན་ནི། །ལ༷་ར༷་མས་ཡར་གཅིག་པོར་དཀྲུག །རྟགས་བུལ་མྱུར་དུ་མི་སྟོན་ན། །ཨེ་ར༷་གཅིག་པོར་ཡས་མར་དཀྲུག །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཡི་དམ་གཅིག་པ་ནང་རྒྱས་སམ། །རྟགས་འོང་དགྲ་བོ་མ་སྒྲོལ་ན། །ཨེ་ཨ་བ༷་དཀྲུགས་དབུས་ཞེས་དཀྲུག །ལྷ་སྲིན་དྲེགས་པ་མཐའ་དག་གི །མནན་སྲེག་ཟོར་གྱི་ལས་རྣམས་ལ། །ལ༷་བ༷། གསད་དུས་གཟིར་དཀྲུགས་མས་ཡར་དཀྲུག །མཚན་རྟགས་མགོར་ནས་མ་གྲུབ་ན། །བ༷་ལ༷་མས་ཡར་བཟློག་པ་ལ། །ལས་ཀྱི་ཤམ་བུ་དཀྲུག་ལ་གདགས། །ཏྲིག་ནན་དུན་དུན་ནན་ཞེས་པ། །སྒྲ་ཡིག་བཏུད་ལ་སྤུ་གྲིར་བཏང་། །མི་ལུབུ་མི་བཟློག་སྟོབས་མྱུར་འགྲུབ། །སྡེ་བརྒྱད་གང་ཡང་རུང་བ་ལ། །ཨ་ཡིས་དྲང་བའི་སྲོག་སྔགས་བརྒྱ། །དེ་བཞིན་ཨེ་སོགས་དྲུག་གིས་ཀྱང་། །རེ་རེ་དྲངས་པ་བརྒྱ་བརྒྱ་སྟེ། །བདུན་བརྒྱ་དྲངས་པས་བསྙེན་པོའོ། །ཨ་རྦད་ཨེ་རྦད་དེ་ལྟར་བདུན། །ཨ་ཨེ་ཡ༷་ར༷་དེ་ལྟར་བདུན། །དེ་ཡི་མཐའ་རུ་བཟླས་སྔགས་སྟོན། །དྲག་སྔགས་དང་ནི་སྐྲུ་གྲིར་དྲིལ། །དགྲ་བོ་རཀྟ་ཁ་རག་ཁྲག་མྱ་ར་ཡ། ཨུ་ཀཁོ་ཡ་ཐུ༷་རྦད་རིལ་ཞེས་སྐྲུ་གྲིར་སྡེབ། །གཏོར་མ་བདུན་བརྒྱ་དྲིལ་བ་ནི། །སུམ་བརྒྱ་དག་གི་སྟོང་ཚད་ཀྱིས། །དགྲ་བགེགས་སྲོག་ལུས་རྡུལ་ཕྲན་འགྱུར། །དེ་དག་བསྲུང་བཟློག་གནད་ཀྱི་སྡེབས། །འཇིག་རྟེན་འདས་དང་མ་འདས་པའི། །སྔགས་སུ་དྲག་པ་ཀུན་ལ་སྡེབ། །འདི་རྣམས་གང་ལ་གང་བྱས་ཀྱང་། །འགྲུབ་པར་ཐེ་ཚོམ་གདོན་མི་ཟ། །ལ་སོགས་མཐའ་སྒྱུར་རྐྱང་སྡེབས་ཀྱང་། །གང་ཡིན་སྲོག་སྔགས་ཁ་བསྒྱུར་དུ། །འདི་དག་ཀུན་ཡང་གདགས་པར་བྱ། །གང་ཡིན་བསྒྲུབ་པའི་ལྷ་སྲིན་དེ། །འཇམ་དང་དྲུངས་དང་ཚན་ཆེ་དང་། །བཀྲ་ཤིས་འཁོར་ལ་བྱམས་བདེ་དང་། །དགྲ་དང་གནོད་བྱེད་ཞི་བར་བྱེད། །ཞི་རྒྱས་དབང་དྲག་ལ་སོགས་པ། །ཞི་དང་སྟོང་ན་མཐུ་ཆེ་ཞི། །གཅིག་འཕེལ་ལྷ་འདུ་སྤྲུལ་སྐུ་འཆི། །གཞན་ཡང་ཚེ་རིང་ལོངས་སྤྱོད་འཕེལ། །ས་ནད་དུས་མིན་འཆི་བ་བཟློག། །གླང་ཐབས་མི་བཟད་ཞི་བ་དང་། །བསྐྲད་དང་བསྒྲལ་དང་བསྲེག་དང་བྱ། །ཁྲག་སྒྱུག་ལྟས་ངན་ལ་སོགས་དང་། །སེར་བ་དབབ་བཅད་གང་འདོད་པ། །རང་བཞིན་རང་རང་མཚན་ཉིད་དེ། །སྔགས་སྡེབ་སྣ་ཚོགས་བསྒྱུར་བར་བཤད། །འཕྲ་མེན་རྐྱང་སྡེབས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་འཁྲུལ་འཁོར་འདི་གསུངས་སོ། །ལུང་དང་མཐུན་པའི་བསྒྲུབ་གནས་སུ། །བསོད་ནམ༷ས་ཚོགས་བསག་སྒྲིབ་པ་སྦྱང་། །རྫས་དང་ཡོ་བྱད་འཚོགས་བྱས་ལ། །ཡར་ངོའི་ཚེས་དུས་བཟང་པོ་ལ། །འཇམ་དཔལ་ཞི་བའི་སྐུར་བསྒོམ་སྟེ། །དམར་སེར་རལ་གྲི་པོ་ཏི་ཅན། །མི་རྟོག་པ་ཡི་ངང་ལས་བསྐྱེད། །ཨོ་ལྷ་གི་ཤཱ་རི་མུ༷། ཐུགས་ཁར་མུ༷་ལས་བསྐྱེད་བྱས་ནས། །འཕྲོ་འདུ་དང་བཅས་འབུམ་ཚོ་གཅིག །སྔོན་དུ་འགྲོ་བའི་བསྙེན་པ་སྟེ། །ཡེ་ཤེས་སྒྲིབ་སྦྱོང་འཁོར་ལོར་བཤད། །དེ་ནས་སྡུ་ཛ་མཆོད་བྱས་ལ། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད། །ཡིད་ལ་གསལ་བར་རབ་བསྒོམས་ལ། །བསྙེན་པའི་རྒྱལ་པོ་འདི་དག་བཟླས། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མརྙ་ཀ་ཧ་ན་མ་ཐ་བྷརྫི་ཧཱུཾ༷་ཕཊ། སུམ་འབུམ་དག་གིས་ལས་རྣམས་འགྲུབ། །དེ་བཞིན་མཆོད་ཅིང་གསོལ་བས་ནི། །དྲག་པོའི་བསྙེན་པ་འདི་དག་བཟླས། །ཡ་མ་མེ་ཏ་སྟེ། ཡསྟེ་ཏ། མེ་མ་ར་ནི་ཛ་ཡ་ར་ནི་ཡོན་རུ་དོས་ཛ། འདི་ལ་ཡིག་འབྲུ་ཉི་ཤུ་གཉིས། །གཙོ་བོ་ཡབ་ཡུམ་གཉིས་དང་ནི། །གཤེན་བཞི་ཡབ་ཡུམ་བཞི་སྟེ་བརྒྱད། །མཐར་བྱེ་དགུ་སྟེ་བཅུ་དགུ་ཡི། །སྤྱི་སྙིང་གཅིག་ཏུ་དྲིལ་བར་འདོད། །ཁི་ཞེས་མིའི་སྙིང་། ཛ་ནི་འགུག་བྱེད་ལྕགས་ཀྱུ་ཡིན། །ཙ་ནི་ལས་རྣམས་ཀུན་གྱི་མཐའ། །མ་ལུས་དབང་དུ་སྡུད་པའོ། །འདས་དང་མ་འདས་ཀུན་གྱི་སྲོག །ཁོ་བོ་བསྙེན་པ་དམ་པའོ། །ཟླ་གཅིག་ཏུ་ནི་དྲང་བའི་མཆོག །དེ་ནས་བསྒྲུབ་པ་བྱ་བ་ནི། །ཏིང་འཛིན་རྣམ་གསུམ་འཕྲོ་འདུ་ལས། །ཁྲོ་བོའི་དཀྱིལ་འཁོར་རབ་བསྐྱེད་ལ། །ཆོ་ག་ཡན་ལག་རྫོགས་པར་བྱ། །སྙིང་པོ་འདི་རབ་ཏུ་འབད། །དེ་ཡང་ཉིན་མཚན་ཕྱེ་ལ་བཟླས། །ཡ་མ་མེ་ཏསྟེ །ར་ཛ་ས་དོ་རུ་ན་ཡོ་ནི། ར་ཡ་ཛ་ནི། འདི་ལ་ཡིག་འབྲུ་བཅུ་བདུན་ཡོད། །ཡ་མརྙ་ཀ་པེ་ཏ་ལི། །ཨེ་ཀ་ཛ་ཏི་གཤེད་པོ་བཞི། །ཕྱོགས་སྐྱོང་བཅུ་དང་བཅུ་བདུན་གྱི། །སྲོག་ཏུ་ཡང་དག་ཤེས་པར་བྱ། །དེ་ཉིད་བཟློག་པ་མཚན་མོ་བཟླས། །ཡ་མ་སྟེ་ཏ་མེ་ར་ནི་ཛ་མ། ར་ནི་ཡོ་ན། རུ་ཏོ་ས་ཛ། སྒོ་མེད་ལྕགས་མཁར་བཅུ་བདུན་ན། །འཆི་བདག་བཅུ་བདུན་གནས་པ་ཡི། །ཉིན་མོ་ཕོ་སྲོག་བཅུ་བདུན་ལ། །མཚན་མོ་མོ་སྲོག་བཅུ་བདུན་ཡིན། །མོན་དང་རྒྱ་གར་ཨ་ཙ་ར། །བོན་པོ་ཞིབ་ཅན་དགེ་ལེགས་འབྱུང་། །འཆི་བདག་གྲུབ་པས་བསྒྲུབ་ཆེན་བརྩམ། །རྫས་དང་ཏིང་འཛིན་གོང་ལྟར་ལ། །རྡུལ་ཚོན་དཀྱིལ་འཁོར་བརྩམས་ལ་བསྒྲུབ། །ཡ་མ་རྭ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ན་ཡོད་ཡ། ཡ་ད་ཡོ་ནི་ར་ཡ་སྟེ་ཡ། ཡསྟེ་ཡ་ཛ་ནི་ར་མ་ཡ། །བཞི་སྙིང་གཅིག་ཏུ་དྲིལ་པའོ། །མཚན་མོའི་གསང་སྔགས་འདི་དག་གོ །ཡ་མ་ར་ནི་ཙ་མ་སྟེ་ཡ། ཡ་སྟེ་ཡ་ར་ནི་ཡོད་ཡ། ཡ་ད་ཡོ་ན། རུ་དོ་མེ་ཡ། ཡ་མེ་དོ་ས་ཙ་ར་མ་ཡ། ཡིག་འབྲུ་སུམ་ཅུ་སོ་གཉིས་ཡོད། །འཆི་བདག་ལས་ཀྱི་གཤིན་རྗེ་ཡི། །ལྕགས་མཁར་སྒོ་མེད་བཅུ་བདུན་ན། །ལས་ཀྱི་ཕོ་ཉ་བཀའ་སྡོད་པ། །སྲོག་ཟན་སུམ་ཅུ་རྩ་གཉིས་ཡོད། །དྲག་ཏུ་གནས་ནས་བསྐུལ་བའི་སྲོག །དེ་དག་རྩ་བ་བཅུ་བདུན་ཏེ། །འགྱུར་མེད་གསུམ་གསུམ་དོན་དུ་ནི། །མཆོག་གི་གསང་སྔགས་དྲང་བར་བྱ། །ཇི་བཞིན་འཁྲུལ་བཞིན་ཇི་བཞིན་འཁོར། །འཁྲུལ་འཁོར་ཞེས་ནི་དེ་ལ་བྱ། །འཇིག་རྟེན་འདས་དང་མ་འདས་པའི། །སྲོག་གི་སྙིང་པོ་རབ་ཏུ་འཁྲུལ། །གཟས་པའི་སྲོག་ལ་རབ་ཏུ་འཁོར། །ཞབྲུལ་འཁོར་ཞེས་ནི་དེ་ལ་བྱ། །འགྲོ་ཀུན་ལུས་ལ་རང་བཞིན་དུ། །རྩ་དང་རླུང་གི་ཚུལ་དུ་གནས། །དེ་ཕྱིར་གནས་པའི་འཁོར་ལོ་བྱ། །འཇིག་རྟེན་འཁོར་བའི་མཚན་ཉིད་ནི། །མི་འབྱུང་དགུ་འབྱུང་ཕྱིར་དང་ནི། །མི་སྲིད་དགུ་སྲིད་ཕྱིར་གྱིས་ན། །སྲིད་པའི་འཁོར་ལོ་ཞེས་བྱའོ། །དཔག་ཚད་བརྒྱ་ཁྲིའི་ཕ་རོལ་ནས། །འབྱུང་བ་བཞི་ཡི་འོག་རོལ་ན། །རྒྱ་མཚོ་གླིང་གི་བར་ཤེད་ན། །འཆི་བདག་ཉི་མའི་འོད་ཟེར་ཅན། །ནག་པོ་འཆར་ཀ་ཞེས་ཀྱང་བྱ། །བྱེ་བ་དགུ་ཁྲི་ཞེས་ཀྱང་བྱ། །ཆོས་ཀྱི་རྒྱལ་པོ་ཞེས་ཀྱང་བྱ། །ཨ་བ་གླང་མགོ་ཞེས་ཀྱང་བྱ། །བདེ་གཤེགས་སྤྲུལ་པའི་ངོ་བོ་ཉིད། །འཇམ་དཔལ་ཉིད་ལས་མ་གཡོས་ཏེ། །གདུལ་བྱའི་དོན་དུ་དམྱལ་བའི་ལུས། །མཐིང་ནག་གཟུགས་ཐུང་གསུས་པོ་ཆེ། །ལྷུ་ཟུག་ཐུང་ལ་རབ་ཏུ་སྦོམ། །མིག་ནི་དམར་ལ་ཟླུམ་པོ་ལོག །དྲི་མི་ཞིམ་ལ་བརྡ་མི་འཕྲོད། །རབ་ཏུ་ག་་པའི་གཟུགས་ཅན་གཅིག །སྲིད་པ་གསུམ་པོ་ལྟོ་ན་འཆང་། །དགེ་སྡིག་གཉིས་ཀྱི་བྱ་ར་བྱེད། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བོ། །འགྲོ་བ་ཀུན་གྱི་དུས་མཐའ་སྲ །སྲོག་ལ་དབང་བྱེད་འཆི་བདག་བྱེད། །རིག་སྔགས་འཁྲུལ་འཁོར་སྐུ་ལ་གནས། །དུས་མ་ཡིན་པར་སྲོག་ལ་འབེབས། །དེས་ན་སྤྲུལ་པའི་འཁོར་ལོ་ཡིན། །བདེ་གཤེགས་ཕྱག་མཚན་འཁོར་ལོ་དང་། །གཤེད་བཞི་འཁོར་བཅས་ཕྱག་རྒྱ་སྲ །མཚོན་ཆ་འཁོར་ལོ་སོ་མངས་ཐོགས། །གང་ལ་དམིགས་པ་མྱུར་དུ་གཅོད། །དེ་ཕྱིར་གཅོད་པའི་འཁོར་ལོ་བྱ། །བསྙེན་བསྒྲུབ་ལས་ཀྱི་ཁྲིགས་པ་དང་། །འཁྲུལ་འཁོར་གྱི་ངེས་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་འཕྲིན་ལས་དྲག་པོ་བསྐོར་བ་འདི་གསུངས་སོ། །དུར་ཁྲོད་ལ་སོགས་དབེན་གནས་སུ། །སྔོན་དུ་འགྲོ་བའི་ལས་རྫོགས་ནས། །གསད་པའི་འཁོར་ལོ་བསྐོར་བར་བྱ། །སྲིད་པ་གསུམ་དུ་གནས་པ་ན། །འཁོར་ལོ་རིམ་པ་གསུམ་དུ་བསྐོར། །འཆི་བདག་ནག་པོའི་ལྟོ་བ་ན། །ས་གཞི་རྡུལ་ཚོན་དཀྱིལ་འཁོར་དང་། །ཕུང་ཤིག་རོ་རས་འཁོར་ལོ་དང་། །དམོད་མོ་ག་འུའི་འཁོར་ལོ་གསུམ། །གོ་རིམས་བཞིན་དུ་རིམ་པར་བསྐོར། །ས་བཞི་རྡུལ་ཚོན་དཀྱིལ་འཁོར་ནི། །རྒྱ་ཆེན་ས་ཡི་དཀྱིལ་འཁོར་ཏེ། །འདོམ་གང་མདའ་གང་རབ་འབྲིང་ཚད། །ཁྲག་ཆེན་ཆག་ཆག་བཏབ་ནས་ཀྱང་། །བ་སུ་ཏ་ཡི་ཐིག་སྐུད་བྱས། །ཐལ་ཆེན་དག་གམ་དཀར་རྩི་ཡིས། །ཐིག་བཞི་བཏབ་པའི་ལེ་ཚེ་དགུ། །ཚང་ཐིག་ཟུར་ཐིག་བཞི་བཏབ་སྟེ། །རིམ་པ་ལྔ་རུ་བསྐོ་བར་བྱ། །ཕྱི་རོལ་བཅུ་གཉིས་བརྩེགས་པ་ལ། །མུ་ཁྱུད་གཉིས་དང་ཡང་དག་ལྡན། ཁུ་ཆད་བཞི་དང་སྒོ་བཞི་དང་། །འདོད་ཡོན་ཕ་གུ་དྲ་ཕྱེད་དང་། །ད་རུ་ཁ་ཡིས་རབ་མཛེས་ཏེ། །རྟ་བབས་རྒྱན་དང་ལྡན་པ་འབྱུང་། །ཁྱམས་བྱས་རྡོ་རྗེ་རབས་བསྐོར། །མེ་རི་ཕྱི་རིམ་གྲུ་ཆད་ལྡན། །དབུས་ཀྱི་ལེ་ཚེ་ནག་པོ་དགུ །ཕྱི་རོལ་སྔོན་པོ་བཅུ་གཉིས་ལ། །འཁྲུལ་འཁོར་ཡི་གེ་བཅུ་བདུན་དགོད། །ཡ་མ་མེ་ད་ཁྲེ་ར་ཛ་ས་དོ་རུ་ན་ཡོ་ན་༄༅ རི་ཡ་ཛ་ནི། བཙོན་ཁང་བཞི་རུ་ལིང་ག་གཞུག །དེ་ཡི་ཕྱི་རིམ་བཅུ་གཉིས་ལ། །སྐུ་གསུང་ཐུགས་དང་ལྡན་ཕྱིར་དུ། །ཨོ་ཧྲིསྒྲོ༷༷བི་ཀྲི་ཏ་ན་ན་ཧཱུཾ༷་ཕཊ། ཨུ་ཀཁོ་ཡ་གཉིས་ཧཱུཾ༷་ཕཊ། མིང་དང་རུས་དང་སྤེལ་ལ་དགོད། །ཕྱི་རིམ་མུ་ཁྱུད་གཉིས་པོ་ལ། །ཀ་ལི་སུམ་ཅུ་རྩ་བཞིས་བསྐོར། །ཕྱི་རིམ་ཨ་ལི་བཅུ་དྲུག་དགོད། ཁ་གནོན་སྟོབས་ཀྱི་འཁོར་ལོ་སྟེ། །དོན་ཆེན་གསུམ་དང་ལྡན་པར་གསུངས། །ཚོན་རྩི་སྣ་ལྔས་མ་ནོར་བྲི། །ས་གཞི་རྡུལ་ཚོན་དཀྱིལ་འཁོར་རོ། །དེ་སྟེངས་ཕུང་ཤིག་འཁོར་ལོ་ནི། །དུར་ཁྲོད་རོ་རས་ཁྲུ་གང་ལ། །རྐྱལ་འདུལ་ལེགས་པར་བྱས་ནས་ནི། །མཚོན་ཆའི་འཁྲུལ་འཁོར་བྲི་བར་བྱ། །སྣ་ཚ་དུག་ཁྲག་སྣ་ཚོགས་ཀྱིས། །གཤེད་པོ་བཞི་ཡི་ལྟོ་བ་སྲ །ཐིག་སྐོར་གསུམ་དང་ལྡན་པར་བྱ། །དབུས་སུ་ལེ་ཚེ་དགུ་པོ་ལ། །ཐིག་སྐོར་དང་པོ་དག་ཏུ་དགོད། །དེ་ལ་ཡི་གེ་དགོད་པ་ནི། །ལེ་ཚེ་ལྔ་དང་བཅུ་གཉིས་ལ། །གསང་སྔགས་འདི་དག་དགོད་པར་བྱ། །ཡ་མ་མེ་ཏ་སྟེ། ར་ཛ་ས་དོ་རུ་ན་ཡོ་ནི་ར་ཡ་ཙ་ནི། དེ་དག་འཁྲུལ་འཁོར་རྩ་བའོ། །ཐིག་སྐོར་དང་པོ་དག་ལ་ནི། །རེ་མིག་བཅུ་གཉིས་དག་ལ་ཡང་། །ཧྲིརྨྱི་བཅུ་དང་ཨུ་ཀཁེ་བཅུ། །སྤེལ་ལ་རིམ་པར་དགོད་པར་བྱ། །ཕྱི་རིམ་གཉིས་སུ་བསྐོར་བ་ལ། །ཀྭ་ལི་དང་ནི་ཨུ་ལིས་བསྐོར། །དབུས་ཀྱི་གྲྭ་བཞིར་བཙོན་ཁང་བཞི། །མིང་དང་རུས་དང་སྤུ་གྲི་བྲི། །དེ་ལྟར་ཐབས་དང་ཤེས་རབ་ཚུལ། །ཕོ་འཁོར་མོ་འཁོར་གཉིས་སུ་བྲི། །དེ་ཡང་ཕོ་ཡི་ཕོ་ཡིག་ནི། །ཡ་མེ་དོ་ས་ཛ་ར་མ་ཡ། དེ་ལ་སོགས་ཏེ་གཞན་མ་གསུམ། །དེ་ལྟར་རྣམ་པར་ཤེས་པར་བྱ། །ཉིན་མོ་ཐབས་ཡིག་ཕོ་བསྐོར་གཡས། །ཉི་མ་བཞི་རུ་ཤེས་པར་བྱ། །དེ་ནས་མོ་ཡི་མོ་ཡིག་ནི། །ཡ་མ་ར་ཛ་ས་དོ་མེ་ཡ། དེ་ལ་སོགས་ཏེ་གཞན་མ་གསུམ། །དེ་ལྟར་བསྣོལ་མར་ཤེས་པར་བྱ། །མཚན་མོ་ཤེས་རབ་མོ་བསྐོར་གཡོན། །མཚན་མོ་བཞི་རུ་ཤེས་པར་བྱ། །བྲི་དང་བཟླས་བར་ཤེས་པར་བྱ། །དེ་ལྟར་སྟེང་འོག་ཁ་སྦྱར་ལ། །མདའ་བརྒྱད་ཁ་ལ་བསྒྲམ་པར་བྱ། །དེ་སྟེངས་སྨོད་པའི་ག་འུ་ནི། མོན་ནམ་རབས་ཆད་ཐོད་པ་ལ། །སོག་ལེས་ལྟག་པའི་ངོས་ནས་གཤག །དེ་ལྟར་ཕོ་ཐོད་མོ་ཐོད་གཉིས། །སོ་སོར་བྲིས་ལ་ཁ་སྦྱར་ཏེ། །འཆི་བདག་ཡབ་ཡུམ་ལྟོ་བ་སྲ །ཐིག་བསྐོར་གསུམ་དང་ལྡན་པར་བྱ། །ལེ་ཚེ་ལྔ་དང་བཅུ་གཉིས་ལ། །འཁྲུལ་འཁོར་ཡི་གེ་བཅུ་བདུན་དགོད། །བཙོན་ཁང་བཞི་རུ་གཟས་པ་བྲི། །ཧྲིརྨྱི་བཅུ་དང་ཨུ་ཀཁོ་བཅུ། །སྤེལ་ལ་མཐའ་རུ་བྲི་བར་བྱ། །སྟེང་འོག་ཕོ་མོ་ཁ་སྦྱར་ལ། །ཡི་གེ་བསྣོལ་དང་བཟློག་པ་ནི། །རོ་རས་བཞིན་དུ་ཤེས་པར་བྱ། །སྔོ་དམར་བྱད་ཐག་དྲུ་བ་སྲ །བཅུག་ལ་རོ་རས་སྟེང་དུ་གདགས། །ཐོད་པ་རྐྱང་པ་གཅིག་ལ་འང་། །རེ་མིག་བཅུ་བདུན་སྔགས་བྲིས་ལ། །གཟས་པ་ལྷ་དང་དབྲལ་བའི་ཕྱིར། །གཅོད་པ་ནམ་མཁའི་འཁོར་ལོ་ཏེ། །ཀུན་གྱི་སྟེང་ནས་དབབ་པར་བྱ། །རྡུལ་ཚོན་ཟུར་གྱི་གྲུ་གསུམ་བཞིར། །ཁྲག་དུག་ཉུངས་ཀར་ཕུར་བུ་དང་། །ཧོ༷་ལ་སོགས་པ་བཞི་ཡང་དགོད། །ཕྱི་རིམ་མཚོན་ཆ་སྣ་ཚོགས་བསྐོར། །དར་རས་ནག་པོའི་ཡོལ་བས་བཅད། །ཡོ་བྱད་རྫས་སོགས་མར་ངོ་ལ། །ཉི་མ་བཞི་རུ་འཁོར་ལོ་བསྐོར། །ཐོན་ནས་འཆི་བདག་གནས་སུ་བསྐྱལ། །འཁོར་ལོ་བཅའ་བཞི་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་འཁོར་ལོ་བསྐོར་བ་འདི་གསུངས་སོ། །འཁོར་ལོ་བྲི་དང་ཤོམས་རྫོགས་ནས། །རྣམ་པ་ཡི་གེ་ཡིན་མོད་ཀྱང་། །ངོ་བོ་ལྷ་ཡི་རང་བཞིན་པས། །རང་ཉིད་ཡ་མརྙ་ཀར་བསྒོམ། །ཐུགས་ལས་ཡི་གེ་ཡ་འཕྲོས་པས། །འཁོར་ལོའི་དབུས་ཀྱི་ཡ་ལ་ཕོག །ཡ་མ་རྭ་ཛསྣྲ་ཛ་ཞེས། ལས་ཀྱི་གཤིན་རྗེ་ནག་པོར་བསྒོམ། །ཧཱུཾ༷་ཡ་མརྙ་ཀྲི་ཏ་ཙཀྱུ་པྲ་བེ་ཤ་ཕཊ། ཅེས་པས་སྤྱན་དབྱེ། ཡ་མན་ཙ་ཀྲི་གྲ་ཧ་བེ་ཤ །ཞེས་པས་སྙན་དབྱེ། རྣིར་ཡ༷་སྒྱུ༷་བྲུ༷། ཞེས་པས་ཤངས་གསལ་བར་འགྱུར། །ཧ་ཧ་པྲ་བེ་ཤ་ཁ་ཧི།ཞེས་ཞལ་དབྱེ། ཏྲི་པོ་པྲ་སྟེ་ཤ་བཛྲ་ཨ༷་གུ་ཤ་ལ༷། ཞེས་པས་ལྗགས་འདྲིལ་མཆེ་བ་གཙིགས་སོ། །མརྫི་བ་སི་ལ། ཞེས་པས་ལངས་པར་བསམ་མོ། །དེ་ནས་རང་རྒྱུད་པ་གནས་ནས་དགུག་པ་ནི། །བདག་ཉིད་ཡ་མརྙ་ཀའི་བེ་ཅོན་ཕྱག་རྒྱས་གཤེགས་ཏེ། རྒྱ་མཚོའི་གཏིང་ན་གནས་པ་ཡི། །འཆི་བདག་ཆོས་ཀྱི་རྒྱལ་པོ་སྟེ། །ཡ་མརྙ་ཀའི་ཐུགས་ཁ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུས་དགུག །འཁོར་ལོ་དེ་ལ་གཉིས་མེད་བསྟིམ། །ཡམམེ་ཏ་སྟེ་ར་ཛ་དོ་རུ་ན་ཡོ་ནི་ར་ཡ་ཙ་ནི། ཏྲི་སྣ་ཛ་ཡ་རི་ཧཱུཾ༷་ཛ། ཞེས་བོས་ལ། ཛ་མ་རི་ཧཱུཾ༷་ས་མ་ཡ། ཡ་མ་སྨྲར་ཨ་ཏི་ཏྲི་ཤུ་ས་མ་ཡ། ཨ་ཞེས་པས་བསྟིམ་མོ། །དེ་ནས་རྩ་བའི་གཞི་སྙིང་ཉི་ཤུ་གཉིས། །བརྒྱ་རྩ་དག་གདིས་དབང་དུ་བསྡུ། །དེ་དག་ཤ་ཁྲག་ཕུད་ཀྱིས་མཆོད། །ཧཱུཾ༷། འཆི་བདག་གཤིན་རྗེ་ཕོ་མོའི་ཚོགས། །ལས་ཀྱི་གཤིན་རྗེ་འཁོར་བཅས་ལ། །མ་ཧྭ་རཀྟའི་ཨསྙེ༷་དང་། །ཚིལ་ཆེན་དུད་པའི་སྤོས་མཆོག་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །བདུད་རྩི་ཀུན་ཁུའི་དྲི་ཆབ་དང་། །ཚིལ་ཆེན་སྣང་བའི་མར་མེ་དང་། །འཆི་མེད་བདུད་རྩིའི་ཤ་ཆེན་བཤོས། །དཔའ་བོ་འཁོར་དང་བཅས་ལ་འབུལ། །དགྲ་བགེགས་བསྒྲལ་བའི་འཕྲིན་ལས་མཛོད། །ཨོ་ཧཱུཾ༷་ཧྲི་ཀ་ལ་མ་ཏ་ཧ་ན། ཡིཧྲི་ སྤྱི་ཁུ་ཁ་ཧི་ཏི། ཨོཧྲི་ ་ཀ་ར་ལ་བྷརྙ་ཧ། ཨོ་ཧཱུཾ༷་ཏྲ༷་བི་ཤཱ་ཏ་ག་ཏ༷། ཨོ་ཛི་ཛི། ཨོ་ཧཱུཾ༷་ཁ་ཀ་ཁ་ཀ །ཞེས་པས་དབུལ་ལོ། །ཧོ། གཤིན་རྗེ་ཁྱོད་ཀྱི་ལྟོ་བ་ན། །སྲིད་པ་གསུམ་པོ་ཡོད་པས་ན། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །དགྲ་བོ་ཆེ་གེ་མོ་འདི་ཁྱོད་ལ་གཏད། །མ་བཏང་ཅིག་ཤོར་ར་རེ། །ཞེས་པས་གཉེར་དུ་གཏད་དོ། །དེ་ནས་འཁོར་ལོ་བསྐོར་བ་ནི། །བདག་ཉིད་ཡ་མརྙ་ཀར་གསལ། །འཁོར་ལོ་སྲིད་པའི་གྲོང་ཁྱེར་ཏེ། །བསྒྲུབ་བྱ་གནས་པའི་ཁྱམས་ཁང་ཡིན། །མཚོནཆརངགཅོདཆེནཔོསྟེ། །འཆི་བདག་ཆེན་པོའི་ལྟོ་བར་བསྒོམ། །ཉི་མ་དང་པོའི་སྔགས་འདི་ནི། །ཡ་མེ་དོ་ས་ཛ་ར་མ་ཡ། དགྲ་བོའི་སྲོག་རྩ་ཨ་མུ་ཀ༷་པྲ་མ་ཡ་ཧཱུཾ༷་ཕཊ། ཉིན་གྱི་ཁྲི་འཛབ་དེ་ལ་བྱ། །ནུས་པ་མེ་རླུད་དག་གི་ངར། །རྣམ་པ་ཡི་གེའི་ངོ་བོ་ནི། །ཡ་མ་ར་ཛ་འཁོར་བཅས་ཀྱིས། །ཀླད་རྩ་གཅོད་ཅིང་འཁོར་ལོ་བསྐོར། །མཚོན་ཆའི་ཆར་ཆེན་འབེབས་པར་བསམ། །ཡ་མ་རྭ་ཛ་ས་དོ་མེ་ཡ། །དགྲ་བོའི་ཀླད་ཁྲག་མྱོགས་བཱ་ར་ཡ་རྦད། །མཚན་མོ་དང་པོའི་ཁྲི་འཛབ་དེ་ལྟར་བྱ། །གང་ནུབ་མཚམས་སུ་ཐུན་གྱིས་བྲབ། །ཉི་མ་གཉིས་པ་དག་ལ་ནི། །ཡ་ད་ཡོ་ན་རུ་དོ་མེ་ཡ། དགྲ་བོའི་སྲོག་རྩ་ཨ་མུ་ཀ༷ །མུར་ཙ་ཡ་ཧཱུཾ༷་ཕཊ། མྱོས་བྱེད་འབར་བ་འཁོར་བཅས་ཀྱིས། །མཚོན་ཆས་མགྲིན་རྩ་བརྒྱད་པར་བསམ། །ཉི་མ་གཉིས་པའི་ཁྲི་འཛབ་བོ། །ཡ་མེ་ཏོ་རུ་ན་ཡོ་ད་ཡ། དགྲ་བོའི་སྲོག་རྩ་མགྲིན་ཁྲག་མྱོགས་རྦད་ཡ། མཚན་མོ་གཉིས་པའི་ཁྲི་འཛབ་དེ་ལྟར་དྲང་། །ནང་ནུབ་ཐུན་གཉིས་གོང་བཞིན་ལ། །ཉི་མ་གསུམ་པ་དག་ལ་ནི། །ཡ་སྟེ་ཡ་ར་ནི་ཡོད་ཡ། དགྲ་བོའི་སྲོག་རྩ་ཨ་མུ་ཀ༷་རཀྟ་ཙ་ར་ཡ་ཧཱུཾ༷་ཕཊ། ཨརུ་དམར་པོ་འཁོར་བཅས་ཀྱིས། །མཚོན་ཆས་ལྟེ་རྩ་བཅད་པར་བསམ། །ཉི་མ་གསུམ་པའི་ཁྲི་འཛབ་དེ་ལ་བྱ། །ཡ་ད་ཡོ་ནི་ར་ཡ་སྟེ་ཡ། དགྲ་བོ་ལྟེ་ཁྲག་མྱོགས་རྦད་ཡ། །མཚན་མོ་གསུམ་པའི་ཁྲི་འཛབ་དེ་ལ་བྱ། །ནང་ནུབ་མཚམས་སུ་ཐུན་གྱིས་བྲབ། །ཉི་མ་བཞི་པ་དག་ལ་ཡང་། །ཡ་མ་ར་ནི་ཙ་ཡ་སྟེ་ཡ། དགྲ་བོའི་སྲོག་རྩ་ཨ་མུ་ཀ༷་མུ་ར་ཡ་ཧཱུཾ༷་ཕཊ། རལ་བ་ཚར་དགུ་འཁོར་བཅས་ཀྱིས། །ལག་ན་མཚོན་ཆའི་འཁོར་ལོ་བསྐོར། །སྙིང་གི་དཀྱིལ་ནས་སྲོག་རྩ་གཅོད། །ཉི་མ་བཞི་པའི་ཁྲི་འཛབ་དེ་ལ་བྱ། །ཡ་སྟེ་ཡ་ཙ་ནི་ར་མ་ཡ། དགྲ་བོའི་སྙིང་ཁྲག་མྱོགས་རྦད་ཡ། །མཚན་མོ་བཞི་པའི་ཁྲི་འཛབ་དེ་ལ་བྱ། །ནང་ནུབ་མཚམས་སུ་ཐུན་གྱིས་བྲབ། །དང་པོས་ཀླད་པ་འཁོར་པར་བྱེད། །གཉིས་པས་ཡིད་ནི་འཁྲུག་པར་བྱེད། །གསུམ་པས་ཁྲག་ཏུ་སྒྱུག་པར་བྱེད། །བཞི་པས་གསོད་པར་གདོན་མི་ཟ། །འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ལྷའི་རྒྱལ་པོས་འདུས་པའི་འཁོར་ལ་བཀའ་སྩལ་བ། ཉོན་ཅིག་གསང་མཆོག་རིགས་ཀྱི་བུ། །གསང་སྔགས་དྲག་པོའི་འཁོར་ལོ་ལ། །བསྐོར་ཐབས་གཉིས་དང་བགྲང་ཐབས་གསུམ། །ཕྱེ་བས་བསམ་གྱིས་མི་ཁྱབ་སྟེ། །བསྡུས་པ་འདི་ལ་མི་འདའ་འོ། །བསྐོར་ཐབས་འཁྲུལ་འཁོར་ལྕགས་འདྲ་དང་། །གནམ་བསྐོར་ཐོག་འདྲ་གཉིས་སུ་བསྐོར། །འཁོར་ལོ་ཕྱི་ནང་དགུ་རུ་བསྐོར། །གནམ་བསྐོར་བཅུ་བདུན་འཁོར་ལོ་ལ། །གཅོད་བཞི་རྟགས་ལ་ཉིན་བཞིར་བསྐོར། །མཚན་བཞི་བཅུ་བདུན་བཟློག་པ་ལ། །གཅོད་བཞིས་ཁ་བསྒྱུར་མཚན་བཞིར་བསྐོར། །འཁོར་ལོ་རྣམ་གྲངས་བསྡུ་ན་གསུམ། །གནས་པ་ཆོས་ཉིད་འཁོར་ལོ་དང་། །དེ་ལས་བྱུང་བའི་འཁོར་ལོ་དང་། །སྤྲུལ་པ་ལས་ཀྱི་འཁོར་ལེའོ། །རྣམ་པ་གསུམ་དུ་བཤད་པ་ལས། །གནས་པ་ཆོས་ཉིད་འཁོར་ལོ་ནི། །སྣང་སྲིད་སྣོད་བཅ་ཐམས་ཅད་དང་། །འཁོར་བ་མྱ་ངན་འདས་པ་ཡིས། །རྣམ་པར་རྟོག་པ་གཟུང་འཛིན་དང་། །ང་རྒྱལ་ཉོན་མོངས་ཐམས་ཅད་དང་། །ཟུག་རྔུ་སྒྲིབ་པ་ཀུན་བཅོམ་པས། །གཟུང་འཛིན་མགོ་མ་མ་ལུས་པ། །ཆོས་ཉིད་དང་དུ་ཆོས་ཉིད་ཤར། །དེ་ལྟ་བུ་ཡི་ཆོས་ཉིད་ལ། །གནས་པ་དོན་གྱི་འཁོར་ལོ་བྱ། །དེ་ལས་བྱུང་བའི་འཁོར་ལོ་ནི། །ཆོས་ཉིད་རྣལ་མའི་བྱིན་བརླབས་དང་། །ཆོས་ཉིད་ངོ་བོའི་བྱིན་བརླབས་ཀྱིས། །ཐེག་པ་གསུམ་དང་གསང་སྔགས་ཀྱིས། །བསྙེན་དང་བསྒྲུབ་པ་མང་དུ་བསྟན། །བློ་བུར་བག་ཆགས་རིམས་ཀྱིས་གཅོད། །ཆོས་ཉིད་ངང་ལས་མ་གཡོས་པས། །དེ་ལས་བྱུང་བའི་འཁོར་ལོ་བྱ། །སྤྲུལ་པ་ལས་ཀྱི་འཁོར་ལོ་ལ། །དབྱེ་ན་རྣམ་པ་གཉིས་སུ་བསྟན། །བསྐོར་ན་འཁོར་བའི་འཁོར་ལོ་དང་། །བསྐོར་ཡང་ཕན་མེད་འཁོར་ལེའོ། །བསྐོར་ཡང་ཕན་མེད་འཁོར་ལོ་ནི། །བསྙེན་པ་ཚད་དུ་མ་སྐྱོལ་ན། །འཁོར་ལོ་བསྐོར་ཡང་ཕན་མེད་དོ། །མ་བསྐོར་འཁོར་བའི་འཁོར་ལོ་ནི། །བསྙེན་པ་ན་དུ་སྐྱོལ་བ་ན། །གཅད་བྱ་གང་ཡང་འཇོམ་པའོ། །མི་འཁོར་འཁོར་བའི་འཁོར་ལོ་དང་། །བསྐོར་བའི་འཁོར་ལོ་གཉིས་པ་ལ། །ཞི་དང་རྒྱས་དང་དབང་དང་ནི། །དྲག་པོ་ལས་ཀྱི་འཁོར་ལོའོ། །སྤྲོས་ན་ལས་བཅུའི་འཁོར་ལོ་སྟེ། །བསྡུ་ན་ཕོ་འཁོར་མོ་འཁོར་རོ། །འཁོར་ལོ་བསྐོར་ཐབས་དང་རྣམ་གྲངས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་འཁོར་ལོ་ཐུན་དང་འབྲེལ་བ་འདི་གསུངས་སོ། །འཁོར་ལོ་ཉིན་མཚན་བསྐོར་བ་ཡི། །ནང་ནུབ་སྐབས་སུ་འདི་ལྟར་བརྡེག །དཀྱིལ་འཁོར་གྲུ་བཞི་འབྲུབ་ཁུང་བཞིར། ཁུ་རྐྱེན་དྲུག་གི་ལིང་ག་ལ། །དུག་སྣ་ཚང་བའི་ཐུན་ཅིག་ལ། །དྲགས་སྔགས་འདི་ཡིས་བསྔགས་ཤིང་བརྡེག །ཡ་མ་རྭ་ཡ་ཁྲག་ཐིབས་རྦད། ཡ་མ་རྭ་ཛ་མུགས་ཐིབས་རྦད། ཡ་མ་རྭ་ཛ་ཐུམས་རིལ་རྦད། ཡ་མ་རྭ་ཛ་གླིང་དུ་རྦད། ཡ་མ་རྭ་ཛ་མྱགས་ཚལ་པ་བི་པ་བུབ་ཐུམ་སྙིང་མགོ་ཆོད། ཁོས་ཚལ་པ་སྙིང་རྩ་རོ་བ༷་རིལ་རྦད། དུག་ཐུན་བརྡེག་སྣོད་རག་ཕོར་དུ། །ར་དུག་རེ་ལྕག་སྤྱང་དུག་དང་། །ཐལ་ནུར་བཙན་དུག་སྦྱིན་མོང་སྦྱང་། ཁྲར་ལྷོ་མཚམས་ཀྱི་གཟུགས་ལ་བྲབ། །ཁྲག་སྣ་ཚོགས་ཚད་ཡོད་ན་རབ། །ར་ཁྲག་མི་ཁྲག་ཁྱི་ཁྲག་དང་། །ཕག་པའི་ཁྲག་ལ་འདི་ཡིས་ནི། །ཟངས་ཕོར་ནང་དུ་སྔགས་ལ་བརྡེག །ཡ་མ་རྭ་ཛ་སྙིང་རྩ་འདོད་པ་ཁུ༷་ཐུ༷་རིལ་རྦད། སྙིང་ཁྲག་རཀྟ་བ༷་རིལ་རྦད། ཡ་མ་རྭ་ཛ་སྙིང་ལ་ཙ་ཙ་ནན། ཐྲོག་སྲོག་མུགས་མུགས་དགྲ་བོ་ཐུ༷་རིལ་རྦད། ལྷོ་ནུབ་མཚམས་ཀྱི་གཟུགས་ལ་བྲབ། །ཉུངས་ཀར་ཉུངས་ནག་སྐྱེ་ཚེ་དང་། །ཏིལ་ནག་དག་ལ་ལྕགས་ཕོར་དུ། སྔགས་ལ་ནུབ་བྱང་གཟུགས་ལ་བྲབ། །ཡ་མ་རྭ་ཛ་ཆེ་གེ་མོ་ཧྲིརྫི་ཡ་མརྙ་ཀ་སྙིང་ཁར་ཀ་བ༷་རིལ་ཡ་མ་རྭ་ཛ་བློ་རྩ་ལ་རོ་མེ་བ༷་རིལ་རྦད། ཡ་མ་རྭ་ཛ་བློ་བ༷་རིལ་རྩ་རྟུལ་སྙིང་རྩ་རོ་ཏི་ཏ་རོ་བ༷། སྙིང་ལ་རྒྱུད་རྩི་ཞུམ་སྙིང་རྩ་བྲལ་ཡ་སྲོག་བྲལ། དེ་བ་རྭ་ཛ་སྙིང་ལ་རྦད་སྙིང་རཀྟ་ཁྲུམས། སྙིང་༄༅ རོལ་བེ་རིལ་རྦད། ཐུན་གསུམ་ལས་ཀྱི་ཤམ་བུ་ཡི། །ཉི་མ་བཞི་པའི་འཁོར་ལོ་ཡིས བར་མཚམས་དག་ཏུ་ལིང་ག་ལ། །བསྔགས་ཤིང་བརྡེག་པར་བྱ་བའོ། །ལིང་ཁ་སྒྲོལ་བའི་ལྕགས་ཕུརལ། །བསྔགས༷ ལ་བྱང་ཤར་གཟུགས་ལ་བརྡེག །ཡ་མ་རྭཛ་བཛྲ་ཀི་ལ་ཀི་ལི་ཡ་ཧཱུཾ༷་ཕཊ། ལིང་གའི་སྙིང་ཁར་དྲིལ་བྱས་ལ། །བསྒྲུབ་པ་ཐོན་པའི་ནུབ་མོ་གདབ། །གཞན་ཡང་མཚོན་ཆའི་ཆར་པ་དབབ། །ལིངགའི་ཐེད་རོ་ཧོ་ལ་སྲེག །ཐལ་བ་རླང་པོའི་ཁ་ལ་ཕྱར། །འཁོར་ལོ་འཆི་བདགགནསསུ་བསྐྱལ། །འཁོར་ལོ་ཐུན་དང་འབྲལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས། འཁོར་རྣམས་ཀྱི་ནང་ནས་གསང་བའི་བདག་པོ་ཕྱག་ན་རྡོརྗེལ་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །བསྐལ་པའི་དཔེ་ནི་རྒྱུ་སྐར་ལྟ་བུ་སྟེ། རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་། སངས་རྒྱས་ཀྱི་ཤེས་རབ་སྔོན་དུ་ཕྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་ཚེ། འབྱུང་བ་ལྔ་ཡང་ལྔ་ཉིད་ཞི་ཁྲོར་སྣང་བའི་སྐུ་ཞེས་བྱ་བ་ལོངས་སྦྱོད་རྫོགས་པའི་སྐུར་སྟོན་ཅིང་། ཐེག་པ་བླ་ན་མེད་པའི་གསང་སྔགས་རྫོགས་པར་གྱུར་པའི་ཚེ། །ངའི་བསྟན་པ་དར་བ་ཉིད་ཀྱིས་ནུབ་པར་འགྱུར་གྱིས། དེའི་ཚེ་ང་དང་འདྲ་བའི་གཟུགས་སུ་སྟོན་པ། ངའི་འཁོར་སྡེ་བཞིའི་ཆ་བྱད་ཅན་གྱིས། ངའི་བསྟན་པ་བཤིག་པར་འགྱུར་གྱིས། འཁོར་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། །ལྷ་མ་སྲིན་སྡེ་བརྒྱད་རྣམས་དང་། ཁམས་གསུམ་ན་སྤྱོད་པ་རྣམས་ངངང་ངསྤེཞིཅེ་རྗེཛིདེ་དེ་རྗེསྙི་ཀྱིགྲིཀྱས་ངའ་བསྟན་པ་སྲུངས་ཤག །བསྟན་པ་སྐྱངས་ཤག །བསྟན་པ་ ལ་ ག ། ས་བཀའ་སྩལ་པ་དང་། རྡ་ ་འ ན་པ་ ས་བཅམ་ལྡན་འདས་ལ་བ་་ ་རྡ་ ་ ང་པར་གཏད་ནས། ལུབར་རྣམས་ ས་མ ན་ཅིངཅེ་་ཀྱེ་ངང་ཞེ་་ངངསྟེ་་་་སྡེངག ག་ཏུ་འད་སྐད་ ས་གསལ་ཏ། ། ་བཅམ་ལྡན་འདས་ཀྱས་གསུངས་པ་ལྟར་བགྱའ། ། ས་དམ་བཅས་ས། །བཅམ་ལྡན་འདས་ཀྱས་གསུངས་པ་ལ་ཡ་རང་ ་མངན་པར་བསྟད་ད། །འཁྲུལ་འཁར་རྒྱ་ བས་ཀྱ་རྒྱུད་ལས། རྒྱུད་གཏད་ཅིང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།རྒྱ་སྡེབས་ཐམས་ཅད་ཀྱི་རྒྱུད་ཀྱི་རྒྱལ་པོ། སྔགས་ལྔ་འཁྲུལ་འཁོར་ཞེས་བྱ་བ་རྫོགས་སོ།། །།བི་རོ་ཙ་ནས་བསྒྱུར་བའོ།། །།