Ngb-pt-0649-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

གཅིག་པའོ།། །།གཤིན་རྗེ་ཆར་ཀ་ནག་པོ་ཤ་པོ་རུ་འཛིངས་ཀྱི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་སྐད་དུ། སརྦ་སྦྱིད་དྷ་ར་ཛ་ལ་མ་ཧྭ་རྭ་ཛ་ཏནྟྲ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ། བཅོམ་ལྡན་འདས་དཔལ་མི་ཕམ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོད་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཐམས་ཅད་ཀྱི་སྐུ་དང་།གསུང་དང་། ཐུགས་ཀྱི་བདག་ཉིད་དཔལ་ཆེན་པོ་སྐུ་བརྗིད་པའི་སྟོབས་དང་ལྡན་པ། གཞན་འཇིགས་པའི་གཟུགས་འཇོམས་པ། གསུང་དྲག་པོའི་མདངས་ངར་གྱིས། གཞན་གདུག་པའི་ཚོགས་འཇོམས་༄༅། ཁེང་། སྒྲ་སྐདསྣ་ཚོགས་དུ་མ་གསུང་བ། ཐུགས་མཉམ་པ་ཡེ་ཤེས་ཀྱིས། དྲན་རྟོག་ཕྱིན་ཅི་ལོག་ཐམས་ཅད་དབྱིངས་རྣམ་པར་དག་པའི་ངང་དུ་སྡུད་པའི་བདག་ཉིད་ཅན་དེ། གསང་བའི་གནས་ཁམས་གསུམ་ཡུམ་མཆོག་མའི་བྷ་གའི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། ཉོན་མོངས་པའི་དྲི་མས་མ་གོས་པའི་མ་ཆགས་པདྨས་མཚན་ཅིང་ཡུམ་བཞིའི་བྷ་གའི་འཕྲིན་ལས་བཞིའི་དཀྱིལ་འཁོར། སྐུ་ཡེ་ཤེས་གྲུབ་པར་བྱེད་པའི་ཡི་གེའི་འཕྲོ་འདུ་ལས་གྲུབ་པའི་གཞལ་ཡས་ཁང་། ཡེ་ཤེས་རང་བཞིནཕྱི་ནང་ཀུན་ཏུ་གསལ་བའི་བདག་ཉིད་ཅན་དབུས་འབར་བའི་རྩིབས་བཞི་པ། རྒྱན་རྣམ་པ་སྣ་ཚོགས་པ་དུ་མས་སྤྲས་ཤིང་བརྒྱན་པ།སྒོ་བཞི་ན་འབར་བའི་རྒྱལ་མཚན་རྣམ་པ་བཞི་ལས་རྒྱལ་བའི་རྟགས་བཙུགས་པ། ཉོན་མོངས་པའི་དྲི་མས་མ་གོས་པའི་སྟེང་། ཐབས་དང་ཤེས་རབ་གསལ་བའི་གནས་ན་སྐུ་རབ་ཏུ་བརྗིད་ཅིང་འབར་བའི་ཆ་ལུགས་སུ་བཞུགས་སོ། །དེའི་ཚེ་འཁོར་དེར་འདུས་པའི་གཙོ་མོ་ནི་སེམས་ཅན་ཐམས་ཅད་ཡང་དག་པའི་ངང་དུ་སྡུད་ཅིང་ཆོས་ཉིད་ཀྱི་སྒྲ་སྒྲོགས་པའི་སྟག་སྲིན་མོ་དང་། མ་རིག་པའི་མུན་པ་སེལ་ཅིང་ཡེ་ཤེས་ཀྱི་སྣང་བ་སྟོན་པའི་བམ་སྲིན་མོ་དང་། སེམས་ཅན་ཐམས་ཅད་ཀྱི་ཀུན་རྟོག་གི་ལས་དང་། ཉོན་མོངས་ཐམས་ཅད་འཇོམས་པའི་རྐོང་སྲིན་མོ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཉིད་ཀྱི་ངོ་བོ་ཡང་དག་པ་སྟོན་པར་བྱེད་པའི་འབྲོག་སྲིན་མོ་དང་། གཞནཡང་དེ་དག་ངང་ཚུལ་འཐུན་པའི་མ་མོ། ཧ་ཧ་ཧི་ཧིའིསྒྲ་སྒྲོགས་ཤིང་ཤ་ཁྲག་ལ་རོལ་ཅིང་སྤྱོད་པ་མང་པོ་དང་། གཞན་ཡང་དེ་དག་གི་འཁོར་ན་མཆེ་བ་ཅན་གྱི་ཚོགས་སྟག་དང་། དོམ་དང་། དྲེག་དང། སེངགེ་དང་། གཟིག་དང་། སྤྱང་ཁུ་དང་། ཝ་དང་། ཟེར་མོ་ལ་སོགས་ཏེ། བགས་འདྲལ་ཞིང་ཤ་ཟབ་མང་པོ་དང་། གཞན་ཡང་གཤོག་པ་ཅན་གྱི་ཚོགས་སྙིང་དང་རྒྱུ་མ་འདྲེན་ཅིང་ཟ་བ། ནང་གྲོལ་ཐམས་ཅདཟབར་བྱེད་པ། ཁྲ་དང་། བྱ་རྒོད་དང་། འུག་པ་དང་། སྲིན་བྱ་དང་། ཝ་དང་། སྐྱེ་ག་དང་། བུང་བ་དང་། ཀང་ཀ་ལ་སོགས་པ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའིཚེ་ལྷ་མོ་རྡོ་རྗེ་བྱ་བ་མོནི་བཅོམལྡན་འདས་ཀྱི་སྤྱན་སྔ་ན་རྒྱན་པ་སྣ་ཚོགས་པས་མཛེས་ཤིང་མིག་ཟིམ་པའི་ཚུལ་གྱིས་ཉི་མའི་གདན་ལ་སྤོགས་པ་ཅན་དུ་གནས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་མི་ཕམ་ཧེ་རུ་ཀསལྷ་མོ་རྡོ་རྗེ་བྱ་བ་མོ་གཟིགས་ཏེ། ཉིད་ཀྱི་སྐུ་གསུང་ཐུགས་རྡོརྗེ་ལས་འདི་གསུངས་སོ། །ཨེ་མ་ཧོ། དབྱིངས་ཉིད་རྣམ་དག་རང་བཞིན་ལས། །སྐུ་གསུམ་ཡེ་ཤེས་ཡོན་ཏན་ནི། །འགྲོ་རྣམས་ཀུན་ལ་སོ་སོའི་སྣང་། །དེ་ཉིད་དོན་དམ་བདེན་པའི་དབྱིངས། །ཞེས་གསུངསསོ། །དེབཞིནཉིདལདམིགས་ཏེ་ཅང་མི་གསུངབར་བཞུགས་སོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་འཇོམས་བྱེད་འབར་བ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྷ་མོ་རྡོ་རྗེབྱ་༄༅ བ་མོས་བཅོམ་ལྡན་འདས་ལ་མཆོད་པའི་བྱེ་བྲག་མང་པོས་མཆོད་དེ། ལུས་ངག་ཡིད་གསུམ་གྱིས་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་བདེ་བ་ཆེ། །འགྲོ་རྣམས་ཀུན་གྱི་དོན་གྱི་ཕྱིར། །སྔོན་གྱི་ཐུགས་རྗེ་ཆེན་པོ་ཡིས། །ཐམས་ཅད་ཀུན་ལ་ཁྱབ་པར་མཛོད། །ཅེས་གསོལ་པས། བཅོམ་ལྡན་འདས་ཐུགས་རྗེས་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། ང་ནི་ཐུགས་རྗེའི་རང་བཞིན་གྱིས། །ཟག་མེད་སྐུ་ཡི་རང་བཞིན་གྱིས། །སེམས་ཅན་ཀུན་ལ་ཁྱབ་པ་ནི། །ནམ་མཁའི་མཐའ་ཡིས་སྒྲུན་དུ་མེད། །ཅེས་གསུངས་སོ། །དེ་ནས་ཡང་ལྷ་མོ་བྱ་བ་མོས། །ཟག་མེད་ཐུགས་རྗེའི་ངོ་བོ་ལས། །བརྗིད་པའི་སྐུ་མཆོག་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་མི་ཟད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ། ང་ནི་མ་བཅོས་དབྱིངས་ཉིད་ལས། །སྔོན་གྱི་སྨོན་ལམ་ཐུགས་རྗེས་སྐུལ། །སོ་སོར་སྣང་བའི་ངོ་བོ་ལས མཛེས་པའི་སྐུ་མཆོག་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཡུམ་མཆོག་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ། ཁམས་གསུམཡུམམཆོག བྷགརབདལ། །འཕྲིན་ལས་བཞི་ཡི་དཀྱིལ་འཁོར་མཆོག །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཡེ་ཤེས་ཕྱོགས་བཞི་སྒོ་ཁྱུད་ལྡན། །སྒོ་ཁང་ཁྱམས་དང་རྟ་བབ་དང་། །ཀ་གདུང་དྲལ་དྲབ་ཀར་ཁུང་དང་། །བླ་རི་འཕན་དང་ཟ་ར་ཚགས། །ལྡང་ལྡིང་ཧར་ཧུར་འཕྲེང་བ་དང་། །རྒྱལ་མཚན་འདོད་ཡོན་ཀ་ར་སེ། །ཡེ་ཤེས་ལྔ་ཡི་འོད་ཟེར་ནི། །འབར་དང་འཕྲོ་དང་འདུ་བའོ། །ཞེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། གླེང་བསླང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ལྷ་མོ་རྡོ་རྗེ་བྱ་བ་མོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེའི་བདག །དོན་དམ་དབྱིངས་ལ་གནས་པ་ཡི། །འགྲོ་བ་ཀུན་ལ་བརྩེ་དགོངས་པ། །མགོན་པོ་ཁྱོད་ལ་བདག་ཞུ་འཚལ། །བསྙེན་བསྒྲུབ་ལས་ཀྱི་དངོས་གྲུབ་མཆོག །ཐོབ་གཞི་རྐྱེན་འགྱུར་བདག་ལ་གསུངས། །དེ་སྐད་གསོལ་པས་བཅོམ་ལྡན་འདས། །མི་ཕམ་རྒྱལ་པོ་ཧེ་རུ་ཀས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །བསྙེན་བསྒྲུབ་ལས་སྒྲུབ་སློབ་དཔོན་ནི། །བླ་མ་མཉེས་བྱས་དབང་མཆོག་ཐོབ། །ཐོས་མང་བཀའ་ལ་ཐོགས་མེད་དང་། །དཔའ་བརྟན་རྟོགས་མེད་སྟོབས་དང་ལྡན། །བརྩོན་འགྲུས་ལྡན་ཞིང་སྙིང་རྗེ་ཆེ། །དགོན་པར་དགའ་ཞིང་གཡེང་བ་སྤོང་། །གཞན་ལ་བྱམས་པར་སྤྱོད་པ་ལས། །བླང་དོར་མེད་པའི་རྣལ་འབྱོར་པས། །མཚན་ལྡན་བཀྲ་ཤིས་གནས་མཆོག་བཙལ། །གངས་དཀར་རྩེའམ་བྲག་ཁུང་ནགས་ཕུག་གམ། །སྤང་རི་ཟླུམ་པོའི་འགུལ་དག་ནི།བསྙེན་ཅིང་བསྒྲུབ་པའི་གནས་མཆོག་ཡིན། །དུར་ཁྲོད་མ་མོ་འདུ་བའི་གནས། །བྲག་དམར་བྲག་ཕུག་ཁ་གནམ་བལྟ། །ཆུ་གླིང་ལྷ་འདྲེ་རྒྱུན་སྲང་ཕུག །ངམ་གྲོག་ཁང་སྟོང་གནོད་སྦྱིན་གནས། །ལས་རྣམས་གྲུབ་པས་རབ་ཏུ་ཤིས། །དེ་འདྲའི་མཚན་ལྡན་རྙེད་པ་དང་། །དད་ལྡན་བླ་མ་ལ་གུས་ཤིང་། །དངོས་གྲུབ་འདོད་ཕྱིར་ལུས་སྲོག་ལ། །ཕངས་མེད་སེམས་ཀྱིས་གཏོང་བ་དང་། །རྟ་དང་གླང་པོ་འབྱོར་བའི་ཡོན། །བླ་མའི་དགོངས་པ་སྐོང་བྱེད་པ། །དད་ལྡན་བུ་མཆོག་དེ་ཡི་ཕྱིར། །རྫས་དང་གཏོར་མ་ཚིག་བདེན་པས། །བདག་པོ་གཉིས་ལས་བསླང་བར་བྱ། །དེ་ནས་དཀྱིལ་འཁོར་བཟང་པོར་བྱ། །གྲུ་བཞི་བར་ནས་ཁྲུག་གང་ཚད། །གྲུ་བཞི་མཉམ་ཞིང་ལེགས་པར་བྱ། །མཐོ་རྣམས་བཙུགས་ཏེ་ཕྱི་མཚམས་གཅད། །ཆོས་སྐྱོང་གཏོར་མ་རྒྱས་པར་བཏང་། །མཚན་ལྡན་གཟུངས་མས་བཀལ་བ་ཡི། །ཐིག་སྐུད་སྐྱོན་མེད་གཉིས་ཀྱི་ཚད། །ཆོ་ག་རྣམས་ནི་རྫོགས་བྱས་ལ། །ཐིག་གདབ་པ་ཡི་སྦྱོར་བ་བྱ། །དཀྱིལ་འཁོར་རབ་མཛེས་རྩིབས་བཞི་པ། །སྒོ་དང་སྒོ་ཁྱུད་བར་ཁྱམས་དང་། །རྟ་བབས་ཀ་གདུག་འདོད་ཡོན་དང་། །ཆོས་ཀྱི་འཁོར་ལོ་མེ་རི་དང་། །རྡོ་རྗེའི་ར་བའི་ཆ་རྣམས་ནི། །མ་བཅད་གསལ་བར་གདབ་པར་བྱ། །དམ་ཚིག་ཐིག་དང་དེ་བཞིན་ནོ། །དེནསཚོན གྱིསབྲིབནི། །དཀར་སེར་དམར་ལྗང་ཁ་དོག་ལྔས། ཁྲེན་ཏུ་མཛེས་ཤིང་དོད་པར་བྲི། །དེ་ལ་དགོད་པའི་རྫས་རྣམས་ནི། །བཞི་ཡི་དབུས་སུ་ཐོད་པ་ནི། །བདུད་རྩི་ལྔ་དང་སྨན་ལྔ་དང་། །རིན་ཆེན་ལྔ་ཡིས་བསྐང་ལ་བཞག །མཚན་ལྡན་བུམ་པ་བཞི་ནང་དུ། །དམ་རྫས་ངེས་པའི་ཁྲག་བཅས་གཞག །སྒོ་བཞིར་རང་གི་ཕྱག་འཚལ་དགོད། །ཞིང་ཆེན་བླ་རེ་ཡོལ་བ་དང་། །ཞིང་ཕྲན་འཕན་དང་གདུགས་སུ་བྱ། །བ་སུ་ཏ་ཡི་རྒྱན་རྣམས་དང་། །རཀྟའི་ཨརྒ༷་ཚིལ་ཆེན་སྤོས། །དབང་པོ་མེ་ཏོག་ཞུ་རྐང་ཕྲིང་། །དྲི་ཆབ་བདུད་རྩི་རྣམ་པ་ལྔ། །དོན་སྙིང་སྣ་ལྔ་གཏོར་མ་དང་། །ལྟག་སྤྲོད་ལྔ་དང་རྐང་རྐང་གླིང་བུ་དང་། །དཀྱིལ་འཁོར་མཉེས་ཕྱིར་བསོག་པར་བྱ། །དེ་ནས་བླ་མ་དམ་པ་དེས། །དཀྱིལ་འཁོར་ཉིད་ལ་འཇུག་པར་བྱ། །རྣམ་གསུམ་ཏིང་འཛིན་བདག་གནས་ལ། །དཀྱིལ་འཁོར་དམ་པ་བྱིན་གྱིས་བརླབས། །དེ་དབུས་སྔགས་ཀྱི་བདག་པོ་ནི། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །དཀར་ནག་དམར་ནག་མཐིང་ནག་ཞལ། །དགོད་དང་གཤེ་དང་འཇིགས་པ་སྟོན། །རྡོ་རྗེ་ཁ་ཊ་རྡེའུ་ཆུང་གཡས། །པདྨ་རྒྱུ་ཞགས་སྡིགས་མཛུབ་གཡོན། །ཞིང་ཆེན་སྟག་དང་གླང་ཆེན་ཤུན། །སྣབས་དང་ཤམ་ཐབས་ཡ་བ་ཀོར། །ཐོད་པ་སྐམ་རློན་འཕྲེང་བ་དང་། །སྦྲུལ་ནག་སྟོངགིལྷུཚིགས་བརྒྱན། །གཡོན་ན་ཁམས་གསུམཡུམམཆོགམ། །མཐིང་སྐྱ་སྔོ་དམར་ཆགས་དང་ལྡན། །གཡས་དྲིལ་ཡབ་འཁྱུད་གཉིས་མེད་སྐུ། །ཞིང་གདན་མེ་རི་ཀློང་ན་བཞུགས། །དེ་ཡི་ཐུགས་ཀྱི་སྙིང་པོ་ནི། །བསྐྱེད་དང་བཟླས་པ་གཉིས་ཀའོ། །ཨོ་ཤི་ཧེ་རུ་ཀ་མ་ཧྭ་ཀྲོ་དྷི་ཤཱ་རིས་མ་ཡ་རུ་ལུ་རུ་ལུ་ཧཱུཾ༷་ཕཊ། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། །མ་ལས་ར་ཀ་མེ་ཞེས་བརྗོད་པས། །ཁྲམ་ཁ་སྟོང་གི་དབང་མོ་ཆེ། ཁྲར་གྱི་སྟག་སྲིན་ཟོར་བ་གདོང་། །སྐུ་མདོག་དཀར་ནག་འབར་བ་ལ། །གཡས་ན་རྡོ་རྗེ་ཟོར་བ་ཐོགས། །གཡོན་པ་དུག་ཁྲག་སྨུག་པོའི་ཚུལ། །སྣ་ནས་འབྲུག་གི་སྒྲ་སྒྲོགས་པའོ། །ལྷོ་ཡི་འཁོར་ལོའི་རྩིབས་སྟེངས་སུ། །ར་ལས་རུ་རུ་ཞེས་བརྗོད་པས། །རི་རབ་གླིང་བཞི་དབང་མོ་ཆེ། །ལྷོ་ཡི་བ༷་སྲིན་དྲེད་མོའི་གདོང་། །སེར་ནག་འབར་བའི་སྐུ་མདོག་ལ། །གཡས་ན་རིན་ཆེན་ཟོར་བ་ཐོགས། །གཡོན་ན་དུང་ཁྲག་བགྲད་པའི་ཚུལ། །སྣ་ནས་གློག་གི་འོད་འཁྱུད་པའོ། །ནུབ་ཀྱི་འཁོར་ལོའི་རྩིབས་སྟེངས་སུ། །ཙ་ལས་ཙམ་མོ་ཞེས་བརྗོད་པས། །ས་གཞི་འདེགས་པའི་དབང་མོ་ཆེན། །ནུབ་ཀྱི་རྐང་སྲིན་བ་གླང་གདོང་། །དམར་ནག་འབར་བའི་སྐུ་མདོག་ལ། །གཡས་ན་པདྨའི་ཟོར་བ་ཐོགས། །གཡོན་ན་དུང་ཁྲག་འགྱིང་བའི་ཚུལ། །སྣ་ནས་མེ་འོད་འཕྲོ་འདུ་འབར་བའོ། །བྱང་གི་འཁོར་ལོའི་རྩིབས་སྟེངས་སུ། ཁྲ་ལས་ཤ་མ་ཞེས་བརྗོད་པས། །རྒྱ་མཚོ་གཏིང་གི་དབང་མོ་ཆེ། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །ལྗང་ནག་འབར་བའི་སྐུ་མདོག་ལ། །གཡས་ན་རྒྱ་ཁྲམ་ཟོར་བ་ཐོགས། །གཡོན་ན་དུང་ཁྲག་འཚིར་བའི་ཚུལ། །སྣ་ནས་བུ་ཡུག་འ་་པའོ། ཁྲར་སྒོར་ཨེ་གུ་ཤ་ཛ་ལས། །དཀར་མོ་ལྕགས་ཀྱུ་བསྣམས་པའོ། །ལྷོ་སྒོར་པ་ཤ་ཧཱུཾ༷་ཞེས་པ་ལས། །སེར་མོ་ཞགས་པ་བསྣམས་པའོ། ཁུབ་ཏུ་པོ་ཏ་བ༷་ཞེས་པ་ལས། །དམར་མོ་ལྕགས་སྒྲོགས་བསྣམས་པའོ། །བྱང་སྒོར་གན་དྷི་ཧོ་ཞེས་པ་ལས། །ལྗང་ཁུ་དྲིལ་བུ་བསྣམས་པའོ། །དཀྱིལ་འཁོར་དེ་དག་ཐམས་ཅད་ལ། །རང་རང་མགོ་ཡི་ཤམ་བུ་དང་། །སྦྲུལ་དང་ཞག་གི་ཟོ་རིས་དང་། །རལ་པ་རཀྟའི་ཐིག་ལེ་དང་། །རྒྱན་རྣམས་ཐམས་ཅད་རྫོགས་པའོ། །དེ་ལ་མཆོད་བསྟོད་ཆོ་ག་ནི། །ཚོགས་དང་བཟླས་པ་ཡན་ཆད་བྱའོ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལསགནས་དང་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ལྷ་མོ་རྡོ་རྗེ་བྱ་བ་མོས། རབ་ཏུ་མཛེས་པའི་མདངས་ཕྱུང་ནས་བལྟས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འགྲོ་བའི་མགོན། །ཉིད་ཀྱིས་གསུངས་པའི་དེར། །བསྙེན་བསྒྲུབ་ལས་ཀྱི་དངོས་གྲུབ་མཆོག །ཐོབ་ཕྱིར་དབང་བསྐུར་ཐབས་རྣམས་ཀུན། །རྫོགས་པར་བདག་ལ་བཀའ་དྲིན་གསུངས། །དེ་སྐད་ལྷ་མོས་གསོལ་གསན་ནས། །མ་འོངས་འགྲོ་ལ་ཐུགས་བརྩེའི་ཕྱིར། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །རྡོ་རྗེ་སློབ་དཔོན་ཁྱད་པར་ཅན། །དབང་ཐོབདམཚིགལྡན་པ་དེས། །དར་སོགས་དུར་ཁྲོད་ཆས་གོན་ལ། །སྐལ་དང་ལྡན་པའི་དད་ཅན་དེ། །ཞིང་ལྤགས་གཡང་གཞིས་དབང་པོ་བསྡམ། །ཐུགས་ཁའི་ཡི་གེ་འོད་ཟེར་གྱིས། །ཡེ་ཤེས་དཀྱིལ་འཁོར་སྦྱན་དྲངས་ལ། །དེ་ཡི་སྙིང་ཁར་བཅུག་ནས་ནི། །བདུད་རྩི་རྣམ་པ་ལྔ་ཡི་ཆུས། །མནའ་ཡི་རྡོ་རྗེ་སྤྱིན་པར་བྱ། །བཀའ་ཡི་ཚིག་ཏུ་འདི་སྐད་བསྒོ། །ཉོན་དང་དད་མོས་རིགས་ཀྱི་བུ། །དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀའི། །མ་མོར་བཅས་པའི་དཀྱིལ་འཁོར་ཅིག །ཁྱོད་ཀྱི་སྙིང་ལ་ཞུགས་འགྱུར་གྱིས། །ཁྱོད་ཀྱི་དབང་རྣམས་མ་ཐོབ་པའི། །དྲུང་དུ་བརྗོད་པར་མ་བྱེད་ཅིག །ཁྱོད་ཀྱིས་བརྗོད་པར་གྱུར་ན་ནི། །སྙིང་ལ་ཞུགས་པའི་དཀྱིལ་འཁོར་དེ། །དེ་ཉིད་དུ་ན་བཞུད་པར་འགྱུར། །ཨོ་པ྅་ཨ་མྲི་ཏ་ན་རག་ཀན་ཧཱུཾ༷། དུས་འདི་ནས་བཟུང་ཐམས་ཅད་དུ། །དཔལ་ཆེན་ཁྲག་འཐུང་ང་ཡིན་གྱིས། །བུ་ཁྱོད་ལུས་ངག་ཡིད་གསུམ་གྱིས། །ང་ལ་མཉམ་ཞིང་སྤྱས་མ་བྱེད། །གང་ཞིག་ང་ལ་བྱས་པ་ན། །ཁྱོད་ཀྱིས་ཉོན་མོངས་མ་སྤོངས་པས། །དུས་མེད་པར་ནི་སྲོག་ཟད་ནས། །རྡོ་རྗེ་དམྱལ་བར་འཚོད་པར་ངེས། །དང་པོར་སློབ་མ་དམ་བཅས་ལ། །སེམས་བསྐྱེད་བཤགས་དང་སྡོམ་པ་བཟུང་། །དེ་ནས་བླ་མ་དམ་པ་དེས། །དད་ལྡན་སློབ་མ་དེ་བཟུང་ལ། །ཞིང་ལྤགས་ཡོལ་བའི་ཕྱི་རོལ་ནས། །དབང་པོ་མེ་ཏོག་འཐོར་དུ་གཞུག །གང་ལ་དེ་ཕོག་གཟུང་བར་བྱ། །དེ་ནས་བླ་མ་དམ་པ་དེས། །བཀའཡི ཚིགཏུའདིསྐདབསྒོ། །སྔོན་གྱི་འཚོ་བྱེད་གཤོན་ནུ་ཡིས། །གསེར་སོགས་རིན་ཆེན་ཐུར་མ་དེས། །མིག་གི་རབ་རིབ་གསལ་བ་བཞིན། །ཁྱོད་ཀྱི་མ་རིག་མུན་པ་བསལ། །ཨོ་ཀྲོ་དྷ་ཙྭ་ན་ཙཀྟ་པྲ་བེ་ཤ་ཕཊ། དེ་སྐད་བརྗོད་ལ་གཞུང་བཞིན་དགྲོལ། །དེ་རྗེས་ལྷ་དང་དཀྱིལ་འཁོར་གྱི། །དོན་རྣམས་མ་ལུས་བསྟན་པར་བྱ། །དེ་ནས་དད་ལྡན་བུ་མཆོག་དེས། །བླ་མའི་ཞབས་ལ་ཕྱག་བྱས་ལ། །གསེར་ལ་སོགིས་པའི་རིན་ཆེན་དང་། །རྟ་དང་གླང་པོ་ནོར་རྣམས་དང་། །བུ་དང་ཆུང་མ་དགོས་པའི་ཚོགས། །ཕངས་མེད་སེམས་ཀྱིས་དབུལ་བྱས་ལ། །སློབ་དཔོན་དམ་པ་དགོངས་སུ་གསོལ། །ལས་རྣམས་ཀུན་ལ་ཐོགས་མེད་ཕྱིར། །དུར་ཁྲོད་རྫས་ཀྱི་དབང་མཆོག་རྣམས། །དི་རིང་བདག་ལ་གནང་བར་ཞུ། །དེ་ནས་སློབ་དཔོན་དམ་པ་དེས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ནས། །དུར་ཁྲོད་དབང་མཆོག་རྫོགས་པར་བྱ། །དེ་ནས་དད་ལྡན་བུ་མཆོག་དེས། །ཁྲུས་བྱས་གོས་མཛེས་རྒྱན་ལ་བཞག །དེ་ནས་རྣལ་འབྱོར་ལྡན་བྱས་ལ། །ཐོག་མར་བུམ་པའི་དབང་བསྐུར་ཏེ། །བཀའ་ཡི་ཚིག་ཏུ་འདི་སྐད་བསྒོ། །ཡེ་ཤེས་ལྔ་ནི་ཡོངས་རྫོགས་ཤིང་། །བདུད་རྩི་རྣམ་པ་ལྔ་བསྐང་བའི། །ཉོན་མོངས་ལྔ་སྦྱོང་བུམ་པ་འདིས། །དི་རིང་ཁྱོད་ལ་དབང་བསྐུར་རོ། །ཨོ་བཛྲ་ཀྲོ་དྷ་ཀ་ལ་ཀྟ་མར་སེ་ཨ་སྟི་ཁོསྒྲོ་ཧཱུཾ༷། དེ་སྐད་བརྗོད་ལ་བུམ་ཆུ་བླུད། །བུམ་པའི་དབངམཆོགཐོབཔའོ། །དེ་ནས་ཁ་ཊ༷་ཁ་རྩེ་གསུམ་པ་བྱིན་ཏེ། བཀའ་ཡི་ཚིག་ཏུ་འདི་སྐད་བསྒོ། །འདི་ནི་ཁྲག་འཐུང་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས། །དུས་གསུམ་འཇོམས་པའི་ཕྱག་མཚན་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོ་བཛྲ་ཁ་ཁ་ཊ༷་ཀ་མུ་ཏྲ་མྱ་ར་ན་ཨ་སྟི་ཁི྅་ཧཱུཾ༷། ཁ་ཊ༷་ཕྱག་མཚན་དབང་ཐོབ་པའོ། །དེ་ནས་ཐོད་པའི་འཕྲེང་བ་བྱིན། །བཀའ་ཡི་ཚིག་ཏུ་འདི་སྐད་བསྒོ། །འདི་ནི་ཁྲག་འཐུང་ཐམས་ཅད་ཀྱིས། །གདུག་པ་ཟིལ་གྱིས་གནོན་པའི་རྒྱན། །ཐོད་པ་སྐམ་རློན་འཕྲེང་བ་འདིས། །དི་རིང་ཁྱོད་ལ་དབང་བསྐུར་རོ། །ཨོ་བཛྲ་ཀ་བཱ་ལ་བག་ཤ་ཨ་སྟི་ཁེ྅་ཧཱུཾ༷། མགོ་ལ་བསྐོན་ཞིང་འཕྲེང་བར་གདགས། །ཐོད་པའི་དབུ་རྒྱན་དབང་ཐོབ་པའོ། །དེ་ནས་བྷན་དྷ་སྟག་སྤྲོད་ཀྱི་རྔ་བྱིན་ཏེ། བཀའ་ཡི་ཚིག་ཏུ་འདི་སྐད་བསྒོ། །འདི་ནི་ཁྲག་འཐུང་ཐམས་ཅད་ཀྱི། །ཤེས་རབ་དབྱིངས་ཀྱི་སྒྲ་སྒྲོགས་པས། །ཐམས་ཅད་དབང་དུ་སྡུད་པའི་རྔ། །དི་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོ་བཛྲ་དྷརྨ་རུ་བ་བ་ཏི་བཛྲ་ཀྲོ་དྷི་ཤཱ་རི་ཨ་སྟི་ཁེ྅་ཧཱུཾ༷། གསང་བའི་རྔའི་དབང་ཐོབ་པའོ། །དེ་ནས་བླ་མ་དང་དེས། །ལག་པ་གཡས་པ་སྤྱི་བོར་བཞག །འདི་ནི་ཁྲག་འཐུང་ཐམས་ཅད་ཀྱིས། །མ་འོངས་དུས་ན་ལུང་བསྟན་ཕྱིར། །རྡོ་རྗེ་ཁྲོ་བོ་ཆེ་གེ་མོ། །དེ་རིང་ང་ཡིས་བོད་པར་བྱ། །ཨོ་བཛྲ་ཀྲོ་དྷ་ན་མ་ཆེ་གེ་མོ་སརྦ་མརནཨསྟིཁི྅ཛཧཱུཾ༷། ལནགསུམ་བར་དུ་བོས་ནས་ནི། །རྣ་བ་གཡསཔརགཤིབསཏེབཟླས། །མིང་གི་དབང་མཆོག་ཐོབ་པའོ། །དེ་ནས་རལ་གྲི་སྤྱིན་པར་བྱ། །བཀའ་ཡི་ཚིག་ཏུ་འདི་སྐད་བསྒོ། །འདི་ནི་ཁྲག་འཐུང་ཐམས་ཅད་ཀྱི། ཁྲེས་རབ་རལ་གྲི་རང་བཞིན་གྱིས། །ཉོན་མོངས་དྲ་བ་གཅོད་མཛད་ཕྱིར། །དི་རིང་ཁྱོད་ལ་སྤྱིན་པར་བྱའོ། །ལས་ཀྱི་དབང་མཆོག་ཐོབ་པའོ། །དེ་བཞིན་དུར་ཁྲོད་རྫས་རྣམས་ཀུན། །ཐམས་ཅད་བསྐུར་དུ་རུང་བར་བཤད། །སྣོད་དང་ལྡན་ལ་དབང་མཆོག་ནི། །ཉམ་ང་མེད་པར་སྦྱིན་པར་བྱ། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །བསྙེན་བསྒྲུབ་ལས་ཀྱི་རིམ་པ་རྣམས། །ཉམས་སུ་བླངས་ཏེ་བསྒྲུབ་པར་གྱིས། །རང་གི་དོན་དུ་མ་ཡིན་པ། །དཀོན་མཆོག་སྤྱི་ཆེ་བླ་མའི་དགྲ། །ཆོས་འཁོར་དབེན་རིས་འཇོམས་པ་དང་། །སེམས་ཅན་ཀུན་ལ་འཚེ་བྱེད་ཅིང་། །སྔགས་འཆང་དངོས་གྲུབ་འཕྲོག་པ་ཡི། །བཀའ་གཅོག་དམ་དྲལ་སྡིག་ཅན་ལ། །གསད་དང་དབབ་པའི་ལས་རྣམས་ཀྱིས། །སྙིང་ལ་ནད་ཀྱི་བསྐལ་པ་ཕོབ། །ཞིང་ལ་ལོ་ནད་སེར་བ་ཕོབ། །གསད་དང་དབབ་པའི་ལས་རྣམས་ཀུན། །རྨོངས་བྱེད་སེམས་ཀྱིས་བརྩོན་པར་བྱོས། །དེས་དང་ཞབས་ལ་ཕྱག་འཚལ་ཏེ། །བདག་གི་བསྙེན་བསྒྲུབ་ལས་རྣམས་ཀུན། །དཀོན་མཆོག་འཇོམས་དང་བླ་མའི་དགྲ། །བཀའ་གཅོད་དབེན་རིས་རླག་པྱེད་དང་། །སྔགས་འཆང་ཉམས་ལེན་ཀུན་ལ་འཚེ། །དམ་ཉམས་སྡིག་ཅན་བསྒྲལ་ཞིང་བཟླ། །སྙིང་ལ་མཚོན་གྱི་བསྐལ་པ་དབབ། །ལོ་ལ་ཐོག་སེར་སྐྱིན་ཐང་དབབ། །བསྟན་པ་འཛིན་པའི་མི་རྣམས་ལ། །གསོ་སྤྱད་ལས་ལ་འབད་པར་གྱི། །དེ་དག་བདེ་བར་གཤེགས་པའི་བཀའ། །བདག་གིས་བརྟུལ་ཞུགས་སྤྱད་དེ་བསྒྲུབ། །ཚོགས་ཀྱི་མཆོད་པ་ཆེན་པོ་བྱ། །གཤེགས་བསྡུ་མཆོད་པ་རྫོགས་བྱས་ལ། །ཐིག་དང་ས་ཚོན་དབྱིངས་སུ་བསྡུ། །དེ་སྐད་བཅོམ་ལྡན་ང་ཉིད་ཀྱིས། །སེམས་ཅན་དོན་དུ་བཤད་པ་ཡིན། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། དབང་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་བྱ་བ་མོས། །རབ་ཏུ་མཛེས་པའི་མདངས་ཕྱུང་ནས། །ཕྱག་བྱས་མགོན་ལ་འདི་སྐད་གསོལ། །ཀྱེ་མ་བཅོམ་ལྡན་ཐབས་མཁས་བདག །བསྒྲལ་ཞིང་ཉམས་པའི་ཡུལ་ཕྱོགས་འདིར། །སེར་ཆེན་དབབ་ན་ཇི་ལྟར་དབབ། །འབེབས་པའི་ལས་མཁན་གང་གིས་བགྱི། །དབབ་པའི་ལས་ཐབས་དུ་ཞིག་མཆིས། །བསྙེན་བསྒྲུབ་རིམ་པ་ཇི་ལྟར་ལགས། །དཔའ་བོ་ཆེན་པོ་བཀའ་གསལ་གསུངས། །དེ་སྐད་ལྷ་མོས་གསོལ་གསན་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཉོན་ཅིག་རྡོ་རྗེ་བྱ་བ་མོ། །བསྟན་ལ་གནོད་བའི་ཞིང་ཁམས་སུ། །ཐོག་སེར་འབེབས་པར་འདོད་པ་དེ། །དངོས་པོ་བདུན་ནི་ཤེས་བྱས་ལ། །རྫས་ལ་སོགས་པའི་རྟེན་འབྲེལ་རྣམས། །ནུས་པ་ཡོད་ཕྱིར་བསོག་པ་དང་། །སྙིང་རྗེ་ཆེན་པོ་ལྡན་པས་དབབ། །དབབ་པའི་ཐབས་ནི་རྣམ་པ་གསུམ། །ཕྱི་དང་ནང་དང་གསང་བ་གསུམ། །བསྙེན་བསྒྲུབ་ལས་ཀྱི་རིམ་པ་ཡང་། །ཐམས་ཅད་དེ་བཞིན་ཤེས་པར་བྱ། །ལས་མཁན་དབང་བྱེད་གདོང་མོ་བཞི། །རི་རབ་གླིང་བཞི་དབང་སྒྱུར་ཞིང་། ་་ཁྲག་བཀྲག་མདངས་སྲོག་དབུགས་བདག །དེ་དགུ་དེ་ཡི་བསྙེན་པ་ལ། །དཀྱིལ་འཁོར་དེའི་གོང་དུ་ཞུགས་པའི་ས། །སྙིང་སྣ་བཞི་དང་ཁྲག་སྣ་བཞི། །གདོང་གཅིག་མ་ཡི་དོར་མ་དབང་། །གཞན་ཡང་སྙིང་ཁྲག་སྣ་ཚོགས་དང་། །དམ་རྫས་བདུད་རྩི་མཆོད་པ་ལ། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་ཚིག །དེ་བཀུག་དམ་ཚིག་བསྟིམ་པ་ལ། །བསྟོད་དེ་ཟིལ་མནན་འདིས་ཕྱག་འཚལ། །ནམ་མཁའ་སྟོང་པ་མངའ་མཛད་ཅིང་། །འཇིག་རྟེན་ཡོངས་ལ་དབང་སྒྱུར་མ། །མ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །གླིང་བཞི་ཀུན་ལ་མངའ་མཛད་མ། །ཀུན་འབྱམས་ཆེན་མོ་མཐུ་མོ་ཆེ། །དབང་སྒྱུར་ཉིད་ལ་ཕྱག་འཚལ་ལོ། །ས་གཞི་འདེབས་པའི་དབང་མོ་ཆེ། །སྣང་སྲིད་ཀུན་ལ་མངའ་མཛད་མ། །ཁྲོས་པའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱ་མཚོའི་གཏིང་ན་བཞུགས་ཤིང་ཀླུ་རྣམས་དབང་དུ་སྡུད། །ཀླུ་སྲིན་དབང་སྡུད་སྦྲུལ་གྱི་གདེངས་ཀ་ཅན། །ཀླུ་བདག་ཉིད་ལ་ཕྱག་འཚལ་ལོ། །མཆོད་པའི་གནས་ནི་ཧཱུཾ༷་གིས་བརླབ། །དམ་རྫས་ཚོགས་ཀྱི་གཏོར་མ་རྣམས། །བདུད་རྩིར་བྱིན་བརླབ་བསྙེན་པ་ཡིས། ཁྲར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། ཁྲར་གྱི་སྟག་སྲིན་ཟོར་བ་གདོང་། །ནམ་མཁའི་དཀྱིལ་ནས་འབྲུག་སྒྲོགས་མ། །འདིར་གཤེགས་མཆོད་པ་དམ་པ་བཞེས། །ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ལྷོ་ཡི་བ༷་སྲིན་དྲེད་མོ་གདོང་། །བར་སྣང་ཁམས་ནས་གློང་འབྱིན་མ། །འདིར་གཤེགས་མཆོད་པ་དམ་པ་བཞེས། །ནུབ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །ནུབ་ཀྱི་ཀོང་སྲིན་བ་གླང་གདོང་། །རི་རབ་རྩེ་ནས་ཐོག་འབེབས་མ། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །རྒྱ་མཚོའི་གཏིང་ནས་སེལ་འདྲིས་མ། །འདིར་གཤེགས་མཆོད་པ་དམ་པ་བཞེས། །དེ་སྐད་བརྗོད་དེ་གཏོར་མ་དེ། །རང་རང་སྔགས་བཅས་སྦྱིན་པར་བྱ། ་་ས་ཀར་གུ་གུལ་ལྡན་བྱས་ལ། །རཀློ་ཞེས་པའི་རྩ་སྔགས་བཞི། །བདུན་འབུམ་བྱེ་བ་ས་ཡའི་བར། །མཚན་མ་བྱུང་གི་བར་དུ་བཟླས། །མཚན་མ་བརྟན་པར་གྱུར་པ་དང་། །གཡོན་དུ་འབྲོག་སྲིན་ཆུ་སྲིན་གདོང་། །སྐུ་མདོག་ཕྱག་མཚན་གཞུང་བཞིན་བྲི། །རྡོ་རྗེ་ཁྲག་འཐུང་འབར་བ་ཡི། །དབུས་སམ་ཡང་ན་སླ་ཁབ་པའོ། །ཡི་དགས་གོས་ནི་གྲུ་བཞི་ལ། །འཁོར་ལོ་རྩིབས་བཞི་མུ་སྒོ་བཅས། །དབུས་སུ་ཧཱུཾ༷་དགོད་ཐུགས་ཀྱི་སྙིང་། །བསྙེན་བསྒྲུབ་ལས་ཀྱི་སྔགས་རྣམས་ནི། །འཁོར་ལོ་རྩིབས་དང་མུ་ཁྱུད་ལ། །དུག་དང་སྦྱར་བའི་ཁྲག་གིས་བྲི། །སེང་ལྡེང་ཕུར་པ་སོར་བརྒྱད་ལ། །རྒྱ་མདུད་སྟེང་དུ་ཡི་གེ་ཨོ། །ཐུགས་ཀྱི་སྙིང་པོས་བསྐོར་ལ་བཞག །ལོགས་ལ་སྲོག་གི་སྙིང་པོ་བཞི། །རང་གི་ཕྱོགས་ནི་མ་ནོར་བྲི། །ལྟེ་བར་ཡང་སྙིང་ལས་སྔགས་དཔལ། །དམིགས་པའི་མིང་དང་བཅས་པར་བྲི། །རང་གི་སྔགས་ལ་ཡང་སྙིང་གདགས། །བར་དུ་མིང་དང་བཅས་པ་ནི། །གསུང་དང་ཐུགས་ཀྱི་དཀྱིལ་འཁོར་ལ། །ཉིས་འབུམ་དུ་ནི་བཟླས་བྱ་སྟེ། །དེ་ནས་ཡང་སྙིང་ལས་སྔགས་ཀྱིས། །བར་དུ་མིང་དང་རབ་སྦྱར་ལ། །འབུམ་ཚོ་གཅིག་ནི་བཟླས་པར་བྱ། །སྐུ་ཡི་དཀྱིལ་འཁོར་བསྐུལ་བ་ཡིན། །ཕོ་ཉ་གསུམ་མམ་དྲུག་ཏུ་བསྐུལ། །དེ་ནས་ཕུར་པའི་གནན་གཟིར་ཏེ། །མཆོད་བྱེད་རྒྱལ་བའི་མགོ་ལ་གདག །འཁོར་ལོ་ཉུངས་ཀར་དྲིས་བྱས་ལ། །བསྲུན་པ་གཤོམ་ཕྱིར་འགྲམ་རྩར་རྦད། །ཐོད་པའི་ཁྲག་གཟེར་ཆེན་པོ་དེ། །གང་ཡིན་སྐྱེད་མོས་ཚལ་དུ་མནན། །དེ་ཡིས་རྟ་གཟེར་གཉིས་རྫོགས་པས། །ལས་རྣམས་གོང་བཞིན་འགྲུབ་པར་བྱེད། །ཅེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། དབང་བྱེད་གདོང་མོ་བཞི་བསྙེན་ཅིང་བསྒྲུབས་ནས་སེར་ཆེན་དབབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྡོ་རྗེ་བྱ་བ་མོས། །འགྲོ་བའི་མགོན་ལ་འདི་སྐད་གསོལ། །ཀྱེ་མ་བཅོམ་ལྡན་ཐུགས་རྗེའི་བདག །དབང་བྱེད་གདོང་མོ་ཐོག་སེར་བདག །ནང་དུ་བསྟན་པའི་ངོ་བོ་ལས། །གང་ཞིག་བསྒྲུབ་པ་ཇི་ལྟར་བགྱི། །བསྙེན་བསྒྲུབ་དཀྱིལ་འཁོར་བདག་ལ་གསུངས། །དེ་སྐད་ལྷ་མོས་གསོལ་གསན་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །དུར་ཁྲོད་ལ་སོགས་གནས་སུ་ནི། །དཀྱིལ་འཁོར་འདོམ་གང་གཞུང་བཞིན་བརྩིགས། །བདུད་རྩི་རཀྟས་ཆག་ཆག་གདབ། །ཐིག་དང་ཚོན་གྱིས་བྲིས་པ་ནི། །རྩིབས་བཞི་སྒོ་དང་ཁ་དོག་བཅས། །དེ་ལ་དགོད་པར་བྱ་བའི་རྫས། །བྲ་ནས་འབྲས་སྲན་འབྲུ་རྣམས་ལ། །དབྱིབས་དང་ཁ་དོག་སོ་སོར་བྱ། །སྙིང་སྣ་བཞི་དང་ཁྲག་སྣ་བཞི། །དབྱེའམ་ཡང་ན་མིང་བྱེ་སྟེ། །མཆོད་པའི་རྫས་ནི་ནག་པོའི་ཁྲག །བན་དྷ་མཚན་ལྡན་ལྕང་ལོ་ཅན། །རྒྱལ་པོ་གུ་གུལ་ནག་པོ་དང་། །བདུད་རྩི་རྣམ་ལྔའི་མཆོད་པ་དང་། །སྐེ་ཁ་འུག་པ་སྲིན་བྱ་ཁྲ། །གཤོག་པ་དང་རུ་གསོབ་ཀྱི་སྐེར། །དར་སྣ་ཁ་དོག་མཚོན་གང་བཞི། །བོད་པའི་གསང་སྔགས་བྲིས་ལ་གདགས། །ཙ་ར་མཐིང་ཀ་རྟ་རུ་གཟུགས། །དེ་ནས་རྣལ་འབྱོར་དབང་ལྡན་དེས། །དཀྱིལ་འཁོར་ཉིད་ལ་འཇུག་པར་བྱ། །དང་པོ་ཆོས་ཉིད་རྣམ་པར་དག །གཉིས་པ་སྙིང་རྗེ་རང་བཞིན་ལ། །གསུམ་པ་རྒྱུ་ཡི་རྣམ་པ་ཅན། །རང་ཉིད་མོས་པའི་ཡི་གེའོ། །རྒྱུ་རུ་གནས་པའི་དུས་ཉིད་ན། །འོད་ཟེར་འཕྲོ་འདུ་སྦྱོར་བ་ཡིས། །བསྲུང་བའི་གནས་ནི་བྱིན་གྱིས་བརླབས། །དེ་ནས་ཨ་འཕྲོས་བན་དྷ་ཡི། །གཞལ་ཡས་ཁང་ནི་རིམ་བཞིན་བརྩིག །དེ་ནས་ར་ལས་རཀྟ་ཡིས། །རྒྱ་མཚོ་འཁྲུག་པར་རབ་ཏུ་བརྟག །དེ་སྟེང་སྒྱུ༷་ལས་འཁོར་ལོ་ནི། །ཕྱོགས་བཞི་ཁ་དོག་རིམ་པ་དང་། །འབར་བའི་མེ་དང་བཅས་པར་བསམ། །དེ་ནང་རྒྱུ་ཡི་རྣམ་པ་ལས། །འོད་ཟེར་འཕྲོ་འདུའི་རིམ་པ་ཡིས། །རང་གི་ལྷ་ཉིད་གསལ་བར་བསྒོམ། །ཐུགས་ཁའི་ཡེ་ཤེས་སེམས་དཔའ་དང་། །ཡིག་འབྲུ་སྔགས་ཀྱི་འཕྲེང་བ་དང་། །འཁོར་ལོ་ཉི་ཟླའི་དཀྱིལ་འཁོར་ནི། །གསལ་བར་ཡིད་ཀྱིས་བསམ་པར་བྱ། །རང་གི་ཆོ་ག་རྫོགས་པ་དང་། །བསྟོད་པ་གང་གིས་ལྷ་ཉིད་བསྟོད། །དེ་ནས་བདག་གི་རིག་པ་ལས། །ཡི་གེ་མར་ཙ་ཤ་བཞི། ཁུར་ལྷོ་ནུབ་བྱང་ཕྱོགས་བཞི་སྲ །རིམ་པ་བཞིན་དུ་བྱུང་བ་ལས། །སྟག་སྲིན་བ༷་སྲིན་ཀོང་སྲིན་དང་། །འབྲོག་སྲིན་ཆེན་མོའི་གཟུགས་རྣམས་ནི། །དཀར་ནག་སེར་ནག་དམར་ནག་དང་། །ལྗང་ནག་ཆེན་མོ་མདོག་འཛིན་ཅིང་། །ཟོར་བ་ཁྲག་སྐམ་ལྕགས་ཀྱུ་དང་། ་་ས་ཀར་ཐོག་དང་སེར་བ་གཡས། །ཕོ་ལོག་གཟེར་ཐབས་གླང་ཐབས་དང་། །ལྷོག་པའི་ནད་རྣམས་གཡོན་པ་ན། །སྣ་ནས་འབྲུག་དང་གློག་འབྱུང་ཞིང་། །མེ་དང་ལྕགས་ཀྱི་བུ་ཡུག་འ་། ཁ་ནས་གནམ་ལྕགས་ཁྲག་སར་དང་། །བསེ་དང་དུང་གི་སེར་བ་འབེབས། །བགྲད་དང་རྒྱུག་དང་འཚིལ་དང་འགྱིང་། །ཁྲོས་པའི་ཚུལ་དུ་སྤྱན་བཟློག་ནས། །སྲིན་མོའི་ཚུལ་དུ་འཇིགས་པའི་གཟུགས། །གདུག་པ་སྦྲུལ་གྱིས་ལྷུ་ཚིགས་བརྒྱན། །སྐུ་སྟོད་རང་རང་གཡང་གཞིས་བརླབས། །སྐུ་སྨད་རཀྟའི་མཚོ་ན་གནས། །ཐུགས་ཁའི་ས་བོན་འབྲུ་བཞི་ལས། །རང་རེའི་སྔགས་ཀྱིས་བསྐོར་བར་བྱ། །ཨ་ལས་གྱུར་བའི་སྣོད་ནང་དུ། །མཆོད་པའི་རྫས་ནི་ཐམས་ཅད་ཀུན། །ཡབ་ཡུམ་དཀྱིལ་འཁོར་དེར་བརྟགས་ལ། །ཡིག་འབྲུ་ལྔ་ཡི་སྦྱོར་བ་ཡིས། །བདུད་རྩི་ལྔ་རུ་བྱིན་གྱིས་བརླབས། །རང་བཞིན་ལས་ཀྱི་མངའ་བདག་བཞི། །སྲིན་མོའི་ཚུལ་དུ་གདུང་བ་རྣམས། །རྡོ་རྗེ་འོད་ཀྱིས་ལྕགས་ཀྱུ་དང་། །རང་རང་བོད་པའི་སྔགས་ཀྱིས་དགུག །ཐོགས་པ་མེད་པའི་གཟུགས་དང་བཅས། །མདུན་གྱི་མཁའ་ལ་འོངས་པ་དེ། །ཞགས་པའི་ཕྱག་རྒྱས་དམ་བཅིངས་ཏེ། །རང་གི་སྔགས་ཀྱི་ཧཱུཾ༷་དང་བཅས། །བརྗོད་དེ་ནང་དུ་གཞུག་པར་བྱ། །སྲོག་གི་ཕྱག་རྒྱས་དམ་བསྡམས་ཏེ། །བ༷་བཅས་སྔགས་ཀྱིས་གཉིས་མེད་བསྟིམ། །དམ་ཚིག་དྲིལ་བུའི་ཕྱག་རྒྱ་ཡིས། །བརྟན་པར་བཞུགས་ཤིག་གསོལ་བ་གདབ། །བསྟོད་དེ་གཤོག་པས་ཟིལ་གྱིས་མནན། །ཕྱག་འཚལ་བ་དང་མཆོད་པ་དང་། །བཤགས་པའི་རིམ་པ་རྫོགས་པ་དང་། །བསྟོད་དེ་སྔགས་ཀྱིས་བཟླས་པ་བྱ། །མཚན་མ་རྫོགས་པའི་རྗེས་ཐོགས་ལ། །བསྒྲུབ་པའི་ལས་ལ་འཇུག་པ་ནི། །རབས་ཆད་ངེས་པའི་ཐོད་པ་དེ། །སླངས་ཏེ་བདུད་རྩིའི་ཆུ་ཡིས་བཀྲུ། །ནང་དུ་ཁྲག་གི་དཀྱིལ་འཁོར་ནི། །སྒོ་དང་མུ་ཁྱུད་བཅས་པར་བྲི། །དེ་དབུས་དཔལ་ཆེན་ས་བོན་ཧཱུཾ༷། །རྩིབས་བཞིར་མ་ར་ཙ་ཤ་བཞི། །མུ་ཁྱུད་རྩ་བའི་གསང་སྔགས་ནི། །དུག་ཆུས་བྲིས་སྐོར་ཡང་ན་རས། །ནང་དུ་ཉུངས་ཀར་ཁྲག་བཅས་དུག །བླུགས་ནས་རོ་རས་དག་གིས་གདབ། །སེང་ལྡེང་ཕུར་པ་ལེགས་བྱས་ལ། །དམིགས་མེད་སྐུ་གསུང་ཐུགས་སུ་བརླབ། །ལོགས་བཞིར་སྲོག་སྙིང་བཞི་བྲིས་ལ། །རྒྱ་མདུད་གཉིས་ལ་ཨོ་བཞི་སྙིང་། །ཟུར་ལོགས་ལས་ཀྱི་དུ་རུ་ཕྲོམ། །དམིགས་པའི་མིང་བཅས་བར་དུའོ། །ཚིལ་ཆེན་གྱིས་བྱུགས་སུམ་འབུམ་བཟླས། །ས་ཡི་དངོས་པོ་གཉིས་སུ་གཟེར། །གཅིག་ཏུ་ར་དུག་སྨན་ཁ་རྟ། །ཁྱི་ལུད་དུད་པ་ཡུལ་ལྷའོ། །དུར་ཁྲོད་རས་སམ་གཡམ་པ་ལས། །འཁོར་ལོ་རྡོ་རྗེ་རྒྱ་གྲམ་བྲི། །དུར་ཕྲོམ་བཟླས་པའི་ཁ་ཡང་བཅད། །མ་མ་བཛྲ་དུ་ཏ༷། རཀ་ཤ་ཀྲོ་དྷ་ལ༷་སྟ༷། སྔགས་ཀྱིས་བཟླས་པ་དྲག་ཏུ་བྱ། །རྡོ་རྗེ་འགྲོས་ཀྱི་མནན་པ་བྱའོ། །དེ་རྫོགས་ལས་ཀྱི་སྦྱོར་བ་བྱའོ། །ཞེས་གསུངས་སོ། ་།ད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། དབང་བྱེད་གདོང་མོ་བཞི་ཕྱི་ལྟར་བསྒྲུབ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་བྱ་བ་མོས། །རབ་ཏུ་དགའ་བའི་མདངས་ཕྱུང་ནས། །གསང་བའི་བདག་ལ་འདི་སྐད་གསོལ། །ཨེ་མ་བཅོམ་ལྡན་ཐུགས་རྗེ་གཙོ། །གོང་དུ་གསུངས་པའི་དཀྱིལ་འཁོར་ལས། །ཁྱད་པར་གསང་བའི་སྒྲུབ་པ་མཆོག །འགྲོ་ལ་རྩེ་དགོངས་བདག་ལ་གསུངས། །དེ་ནས་བཅོམ་ལྡན་གསང་བདག་གིས། །རྡོ་རྗེ་ལྷ་མོའི་ཚིག་གསན་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཁྱད་པར་གསང་བའི་བསྒྲུབ་པ་ནི། །ཙིཀྟ་གསང་བའི་དཀྱིལ་འཁོར་དུ། །གཡས་གཡོན་མདུན་རྒྱབ་ས་གཞི་ལ། །རྣམ་ཤེས་སྲོག་སྙིང་བཞི་ལ་འགྲོ་བསམས་ཏེ། །དེ་ལས་བསྐྱེད་པའི་མ་མོ་ནི། །མདུན་གྱི་རྩ་ལ་གནས་པ་སྟེ། །ཞེ་སྡང་ལས་གྲུབ་སྟག་གི་ཞལ། །དཀར་ནག་སྲིན་མོ་གཙུག་འདྲ་ལ། །གཡས་ན་གནམ་ལྕགས་གྲི་ཐོགས་ཤིང་། །གཡོན་པ་སྟག་གི་ཙིསྟ་ཟ། །གཡས་པའི་རྩ་ལ་གནས་པ་ནི། །ང་རྒྱལ་ལས་གྲུབ་དྲེད་ཀྱི་ཞལ། །སེར་ནག་འཇིགས་པའི་གཟུགས་འཛིན་ཅིང་། །གཡས་ན་གློག་གི་ཞགས་པ་ཐོགས །གཡོན་པ་དོམ་གྱི་ཙིསྟ་ཟ། །རྒྱབ་ཀྱི་རྩ་ལ་གནས་པ་ནི། །འདོད་ཆགས་ལས་གྲུབ་བན་གླང་ཞལ། །དམར་ནག་འགྱིང་བའི་གཟུགས་སུ་གནས། །གཡས་པ་ཐོག་གི་འཁོར་ལོ་བསྣམས། །གཡོན་པ་དང་གི་ཙིསྟ་ཟ། །གཡོན་པའི་རྩ་ལ་གཡས་པ་ནི། །ཕྲག་དོག་ལས་གྲུབ་ཆུ་སྲིན་ཞལ། །ལྗང་ནག་ཁྲོས་པའི་གཟུགས་འཛིན་ཅིང་། །གཡས་ན་སེར་བའི་འཕྲེང་བ་ཐོགས། །གཡོན་ན་ཉ་ཡི་སྙིང་ཟ་ཞིང་། །རྒྱན་རྣམས་གོང་གི་ཚུལ་བཞིན་དུ། ཁྲ་ཁྲག་དངས་མའི་སྙིང་པོས་བསྐྱེད། །ཙིསྟ་དཀྱིལ་འཁོར་རྫོགས་པ་དང་། །ཕྱོགས་བཞི་མཁའ་ལ་གནས་བཅས་པ། །ཆགས་སྡང་ཀླུ་སྲིན་ཚོགས་པའི་བུ། །འཇིག་རྟེན་ཕུང་བྱེད་དམ་ཅན་བཞི། །རྗེས་དྲན་སྲོག་གི་སྙིང་པོ་དགུ །བོད་ཚིག་གོང་མ་ལས་ཤེས་བྱ། །བསྟིམ་དང་ཟིལ་མནན་ཕྱག་བཙལ་ཡང་། །གོང་མ་ཉིད་ལས་ཤེས་པར་བྱ། །སྣ་ཚོགས་སྙིང་ངམ་རང་གི་སྙིང་། །ཇི་ཙམ་སྦྱོར་བའི་ཡོ་བྱད་ཀྱིས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ལ། །གཉིས་མེད་བསྟིམ་ལ་དེ་ལ་སྦྱིན། །རང་དབང་མེད་དགུག་སྙིང་པོ་ནི། །ཙིཏི་འམ་ཨེ་འདུས་འདིར་བསྔགས་ལ། །བསྙེན་པའི་སྔགས་ཏེ་དབྱེ་བར་བྱ། །མཚན་མ་མཐོང་བསྟན་བར་དུ་བཟླས། །གང་ཞིག་མཚན་མ་མཐོང་བ་དང་། །སྡོང་གཅིག་ནག་མོའི་སྙིང་སླངས་ཏེ། །ཞིང་རས་ཁ་དོག་བཞིར་བསྒྱུར་ལ། །རྗེས་དྲན་སྲོག་གི་སྙིང་པོ་བཞི། །རང་རང་ཁྲག་གིས་བྲིས་བྱས་ལ། །ཕྱོགས་བཞིར་ཁ་དོག་མ་ནོར་གདགས། །ནང་དུ་ཉུངས་ཀར་ནག་པོའི་ཁྲག །མ་མོའི་སྤྲུལ་པའི་རང་བཞིན་དང་། །གང་དམིགས་པ་ཡི་ཡུལ་དེར་བཞུགས། །མཆོག་ཕུར་གོང་མ་བཞིན་དུ་བྱ། །གཉའ་གནོན་ཕུར་པའི་རང་སྔགས་དང་། ཁོག་པར་རང་དབང་མེད་བསྔགས་པར། །དམིགས་པ་དེར་བཅུག་འབུམ་ཕྲག་གཅིག །བཟླས་ཏེ་གདབ་པ་གོང་མ་ལའོ། །དེ་ནས་སྔགས་ཀྱི་ཁོག་པ་དང་། །མཆོག་གིས་ལས་རྣམས་གཉིས་བར་དུ། །དམིགས་པ་དེར་བཅུག་འབུམ་ཕྲག་གཅིག །བཟླས་ཏེ་གང་ཡིན་གནས་སུ་གདབ། །འབུམ་ཕྲག་གཅིག་ནི་གཏོར་མ་ལ། །སྤྲོ་བསྡུ་ལས་བསྔགས་དམིགས་ལ་བཟླས། །གང་གི་གནས་དེར་འཕང་བར་བྱ། །འདི་ལ་རྣལ་འབྱོར་བསམ་གཏན་གཅེས། །དེ་མིན་གཞན་གྱི་བྱ་བ་མིན། །ཞེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། གདོང་མོ་བཞི་གསང་བར་བསྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྷ་མོ་བྱ་བ་མོས། །འགྲོ་བའི་མགོན་ལ་ཕྱག་བྱས་ནས། །དཀྱིལ་འཁོར་རྣམས་ཀྱི་དམ་རྫས་ལ། །ཐེ་ཚོམ་སྐྱེས་ནས་འདི་སྐད་གསོལ། །ཀྱེ་མ་བདེ་གཤེགས་ཐམས་ཅད་མཁྱེན། །དཀྱིལ་འཁོར་གསུམ་དུ་གསུངས་པ་དེའི། །དམ་ཚིག་རྣམས་ནི་ཇི་ལྟར་ལགས། །མཐུན་པའི་དམ་རྫས་གང་གིས་བགྱི། །དེ་སྐད་གསོལ་པའི་ཚིག་གསན་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཀླུ་སྲིན་ཚོགས་པའི་ཕུང་བྱེད་བུ། །དབང་དུ་སྡུད་ཕྱིར་དཀྱིལ་འཁོར་ནི། །ཕྱི་ནང་གསང་བར་གསུངས་པ་དེའི། །དམ་ཚིག་མཆོག་རྫས་ཤིན་ཏུ་གཅེས། །དང་པོ་དཀྱིལ་འཁོར་གཞུད་རྣམས་ཀྱིས། །དམ་ཚིག་གྲངས་ནི་བརྗོད་ལས་འདས། །འོན་ཀྱང་དམ་ཚིག་མདོ་ཙམ་བསྟན། །སྐུ་ཡི་དམ་ཚིག་བགྲུང་བྱ་བ། །རྡོ་རྗེ་སློབ་དཔོན་འཁོར་བཅས་དང་། །རྡོ་རྗེ་སྤུན་གྲོགས་འཁོར་བཅས་ལ། །སྐུ་སྨད་ལུས་ཀྱི་ལས་མི་བྱ། །རང་གིས་དང་པོར་བཅས་པ་ཡི། །ལྷ་ཡི་ཕྱག་རྟག་པར་བསྒོམ། །སེམས་ཅན་གཟུགས་སུ་སྣང་བ་ལ། །ལོག་པའི་ལུས་ཀྱི་སྤྱོད་པ་ཡང་། །འདི་ནི་སྐུ་ཡི་དམ་ཚིག་གོ །དེ་བཞིན་ངག་གི་ལས་མི་བྱ། །བསྙེན་བསྒྲུབ་ལས་ཀྱི་སྔགས་རྣམས་ནི། །སྐབས་ཀྱི་སྟོབས་ཀྱིས་ཤེས་བྱས་ལ། །གཞན་གྱིས་མི་གཅད་རྒྱུན་དུ་དྲང་། །འདི་ནི་གསུང་གི་དམ་ཚིག་གོ །དེ་བཞིན་གོང་དང་གོང་རྣམས་ལ། །ངན་སེམས་གནོད་སེམས་བཅས་པའི་སེམས། །སྐད་ཅིག་ཙམ་ཡང་བྱ་བ་མེན། །དམ་འདྲེས་པ་ཡི་མི་རྣམས་ལ། །བསྒོམ་ཐབས་བསྒྲུབ་པའི་རྫས་མཆོག་དང་། །མན་ངག་སྔགས་དང་ཕྱག་རྒྱ་རྣམས། །བྱིན་ན་རྡོ་རྗེ་དམྱལ་བར་སྐྱེ། །སྲོག་གཅོད་སྐུ་དང་མི་ཚངས་སྤྱོད། །རྫུན་དང་ཚིག་རྩུབ་འཁྱལ་པ་དང་། །ཉོན་མོངས་ལྔ་རྣམས་མི་སྤང་ངོ་། །བདུད་རྩི་ལྔ་རྣམས་རབ་ཏུ་བརྟེན། །གསུམ་དང་བཅོ་ལྔ་ཉི་ཤུ་ལྔ། །མ་ཡེངས་པ་ཡི་སེམས་ཀྱིས་བསྲུང་། །དེ་བསྲུངས་ཡོན་ཏན་བརྗོད་ལས་འདས། །དབབ་གཅད་ལས་རྣམས་གདོན་མི་ཟ། །གཞན་ཡང་རྫས་ཀྱི་དམ་ཚིག་ལ། །མཐུན་པའི་རྫས་རྣམས་བསོག་པ་ནི། །སྟག་དོམ་བ་གླང་ཉ་ཡི་སྙིང་། །ཁྲག་བཅས་གསང་བའི་མཆོད་པའོ། །མཐིང་ནག་ཤར་ཕྱོགས་མཚམས་ཀྱི་གདན། །ཁྲག་བཅས་འཁོར་བའི་རྒྱུ་དང་ལྡན། །དེ་བཞིན་དེ་ཡི་མདོག་འདྲ་ལ། །ལྕགས་ཀྱི་སྡེར་མོ་ཟངས་ཀྱི་མིག །ཐོང་ཁ་ཤམ་བུ་གསེར་གྱིས་བརྒྱན། ཁ་ནས་གསོད་པའི་མཚོན་ཆ་འབར། །ཙན་དན་དམར་པོ་རང་འབྱུང་བའོ། །མགྲིན་རིངས་སྐད་རིངས་སྣ་ཚོགས་མདོག །ལྟོ་བ་མཐིང་གི་བུམ་པ་འདྲ། །གཙུག་ནས་ནོར་བུ་རིན་ཆེན་འབར། །ས་འོག་ག་པུར་ལྡན་པ་སྟེ། །ཧ་ལ་ནག་པོ་འཇོམས་པའོ། །གདོང་གཅིག་མ་ཡི་རྣམ་ཤེས་སྣོད། །དེ་ཡི་ཙན་དན་རང་བྱུང་བ། །དབྱེ་ན་རང་གི་དམ་རྫས་ཡིན། །ཉིན་ཉལ་མཚན་ལྡང་སྤུ་རུ་ཅན། །འཛིན་ཤེས་གསོད་དགའ་སྡེར་མོ་ཅན། །གཅིག་པུ་ཉལ་བའི་འོ་དོད་འབོད། །ཕྱོགས་ཤེས་ལྟོ་བཀྲ་རྔ་མ་རིང་ ཐམས་ཅད་ལྡན་པའི་ཕྱི་ཡི་འོ། །ཆུ་དང་ས་དང་ཤིང་གི་མི། །བྱི་ལག་ཆ་ཤུགས་འཆང་སྙིང་། །གཞན་ཡང་སྙིང་ཁྲག་མང་པོ་དང་། ཁྲ་སྣ་ཚོགས་པའི་གཏོར་མ་སྦྱིན། །གང་ཡིན་དམིགས་པའི་རྫས་རྣམས་ནི། །རང་རང་ལས་ཀྱི་དུས་སུ་སྦྱོར། །རྣལ་འབྱོར་དམ་ཚིག་མི་ལྡན་ཞིང་། །མཐུན་པའི་རྗས་རྣམས་མ་བསོགས་ན། །འཇིགས་རྟེན་དབང་བྱེད་གདོང་མོ་བཞི། །བོས་ཀྱང་འོང་བར་མི་འགྱུར་རོ། །དེ་བས་དམ་ཚིག་ལ་གནས་བྱ། །ཞེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་པ་ལས། དམ་ཚིག་རྣམ་པར་བཀོད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་བྱ་བ་མོས། །རབ་ཏུ་དགའ་བའི་མདངས་ཕྱུང་ནས། །གཉིས་མེད་གཙོ་ལ་འདི་སྐད་གསོལ། །ཀྱེ་མ་བཅོམ་ལྡན་ལྟ་བའི་བདག །གོང་གསུངས་པ་ཡི་རིམ་པ་རྣམས། །སྤྱད་ཅིང་བསྒྲུབ་པ་ཇི་ལྟར་བལྟ། །གཉིས་མེད་བདག་པོས་བདག་ལ་གསུངས། །དེ་སྐད་ལྷ་མོས་གསུངས་གསན་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཉོན་ཅིག་ལྷ་མོ་བདེ་བ་ཆེ། །དཀྱིལ་འཁོར་འདིར་ཞུགས་རྣལ་འབྱོར་པས། །དང་པོ་སེམས་ཀྱི་ངོ་བོ་ཉིད་ནི། །རང་བཞིན་གནས་པ་ཆོས་ཀྱི་དབྱིངས། །གཉིས་མེད་བདལ་བ་ཆོས་ཀྱི་སྐུ། །གྲངས་སུ་གསོད་པ་ཡེ་ཤེས་ལ། །ཆོས་ཉིད་འཁོར་བ་མྱ་ངན་འདས། །མཐའ་བྲལ་གཉིས་མེད་ཡེ་ནས་དག །བདེ་ཆེན་ཀུན་བྱ་བ་ཆེན་པོ་ནི། །དཔག་ཅིང་གཞལ་དུ་ཡོད་མ་ཡིན། །དེ་བཞིན་ལོངས་སྤྱོད་ཆེན་པོ་ཡང་། །མེ་ལོང་ཆུ་ཟླའི་ངོ་བོ་བཞིན། །འབྲེལ་རྐྱེན་ལས་བྱུང་དངོས་མེད་ལྟར། །ཟག་མེད་ལས་ཀྱི་རྣམ་པར་བས། །དངོས་པོར་གྲུབ་པ་ཡོད་མ་ཡིན། །འདི་ཤེས་རྣལ་འབྱོར་བ་ཡིས་འགྲུག །གཞན་ཡང་སྤྱོད་པའི་ལྟ་བ་ནི། །སྤྱོད་ལམ་ཀུན་ཏུ་མ་ཡེངས་པར། །བདག་ཉིད་སྔགས་བདག་ཧེ་རུ་ཀ །གཡོན་ན་ཁམས་གསུམ་ཡུམ་མཆོག་མ། །གཡས་གཡོན་མདུན་རྒྱབ་ཕྱོགས་བཞི་སྲ །དབང་བྱེད་ལས་ཀྱི་གདོང་མོ་བཞི། །ཅི་བསྒོ་བ་ཡི་ལས་བྱེད་བལྟ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །རྩི་ཤིང་ནགས་ཚལ་ཐམས་ཅད་ཀུན། །དམ་ཅན་གནས་ཀྱི་རྒྱན་དུ་བལྟ། །འོག་གི་ཁྲག་གི་རྒྱ་མཚོར་འཁྱིལ། །ཀེང་རུས་བརྩིག་པར་བལྟམས་པ་ལ། །སྟེང་གི་ཞིང་ཆེན་གཡང་གཞི་ཀླུབས། །ཀ་གདུང་ཞིང་ཆེན་དྲལ་ཆམ་ཞིང་གིས་མཛེས། །བཅུད་ཀྱི་འཇིག་རྟེན་མ་མོའི་འཁོར། །རྒྱན་རྣམས་ཐམས་ཅད་རྫོགས་པར་བལྟ། །བཟའ་བཏུང་བཅས་དང་བགོ་བ་དང་། །ལོངས་སྤྱོད་ཚོགས་རྣམས་ཐམས་ཅད་ཀུན། །མཆོད་དང་རྟེན་པའི་རྫས་སུ་བལྟ། །དེ་ལྟར་རང་བཞིན་གཉིས་མེད་ལས། །གཉིས་སུ་བརྟགས་པའི་ཞབྲུས་སེམས་ཀྱིས། །དངོས་པོར་སྤྱོད་ལ་ཞེན་པ་ཡིས། །ཞེ་སྡང་འདི་ནི་གདུག་སེམས་ཅན། །རང་བཞིནམརྟོགསབསྟན་པ་བཤིག །གཉིས་མེད་མ་རྟོགས་ཆོས་འཁོར་འཇོམས། །འདི་ནི་འཁོར་བར་ལྟུང་བས་ན། ཐམས་ཅད་མཉམ་པའི་དང་ཉིད་དུ། །བལྟས་ཏེ་གཉིས་མེད་བསྒྲལ་བར་བྱའོ། །དེ་ལྟའི་ལས་ཤེས་སངས་རྒྱས་ཉིད། །དེ་མེད་ཞེ་སྡང་སྦྲུལ་ལྟ་བུས། །དྲག་པོའི་ལས་རྣམས་གང་བྱས་དང་། །རང་ཉིད་འཁོར་བའི་གཡང་སར་ལྟུང་། །དེ་བས་ལྟ་བ་ཚོགས་ལ་འབད། །ཅེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་པ་ལས། ལྟ་བ་དམིགས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་སྐད་གསུངས་པའི་མོད་ལ་ནི། །ནམ་མཁའ་ལ་ནི་སྤྲིན་ཡང་འཁྲུགས། །ས་གཞི་ལས་ནི་རླུད་ཡང་འ་ས། །རྒྱ་མཚོ་ལས་ནི་འོད་དང་འབར། །བར་སྣང་ལ་ནི་སྒྲ་ཡང་བྱུང་། །བུ་ཡུག་སེར་བའི་ཕྱོགས་དང་འཁྲུགས། །ཐོག་དང་མཚོན་ནི་ཆར་དུ་ཕབ། །རིམས་དང་དལ་གྱི་ན་བུ་གཏིབས། །འཇིག་རྟེན་གསུམ་ནི་ཕུང་ལ་ཁད། །དེ་ལྟ་བུ་ཡི་ཆོ་འཕྲུལ་གྱིས་གདུངས་པ་ཡིས། །སེམས་ཅན་རྣམས་ཀྱིས་སྨྲེ་ངག་འདི། །ཀྱི་ཧུད་སྡུག་བསྔལ་འདི་ལས་ནི། །སྐྱོབ་པར་ནུས་པ་སུ་ཞིག་མཆིས། །དེ་ལ་བདག་ཅག་སྐྱབས་སུ་མཆི། །དེ་སྐད་ལྷ་མོས་སྨྲས་ཐོས་པས། །འགྲོ་བའི་མགོན་ལ་འདི་སྐད་གསོལ། །ཀྱེ་མ་བཅོམ་ལྡན་ཐུགས་རྗེའི་བདག །ཁམས་གསུམ་ཕུང་འགྱུར་ཆོ་འཕྲུལ་འདི། །གདུག་པའི་སེམས་ཅན་གང་གིས་ལགས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །འདི་དག་གདུལ་བའི་འཕྲིན་ལས་མཛོད། །སེམས་ཅན་སྲུང་པའི་འཕྲིན་ལས་གསུངས། །དེ་སྐད་ལྟ་མོས་གསོལ་གསན་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཉོན་ཅིག་ལྷ་མོ་སྙིང་རྗེའི་བདག །འཇིག་རྟེན་གསུམ་ནི་ཕུང་བྱེད་པ། །ཕ་ནི་སྲིན་པོ་ཞེ་སྡང་བདག །མ་ནི་ཀླུ་མོ་འདོད་ཆགས་བདག །མ་མཛེས་ཡིད་ཀྱི་བུ་སྲིང་ལྔ། །མིང་པོ་ཁྱབ་འཇུག་ཆེན་པོ་ནི། །རོ་སྟོད་བ་ཕ་སྲིན་པོ་འདྲ། །རོ་སྨད་འམ་ཀླུ་མོ་འདྲ། །ལག་ན་ཆུ་སྲིན་ཞགས་པ་ཐོགས། །ཉིན་ཞིང་མཚམས་བཞི་འཇོམས་པར་བྱེད། །ནུབ་མོ་ཕྱོགས་བཞི་འཇོམས་པར་བྱེད། །དེ་ཡི་སྲིང་མོའི་ཆེན་མོ་ནི། །སྲིད་བ་ཤར་ལ་དབང་བྱེད་མ། །སྲིན་མོ་སྟག་སྲིན་ཟོར་པ་གདོང་། །ནམ་མཁའ་དཀྱིལ་ནས་འབྲུག་དང་སྒྲོགས། །ཕོ་ལོག་ནད་ཀྱི་བདག་མོ་ནི། །དེ་འོག་བ༷་སྲིན་དྲེད་མོ་གདོང་། །སྲིད་པ་ལྷོ་ལ་དབང་བྱེད་ཅིང་། །བར་སྣང་ཁམས་ནས་གློག་དང་འབྱེད། །གཟེར་ཐབས་ནད་ཀྱི་བདག་མོ་ཡིན། །དེ་འོག་ཀོང་སྲིན་བ་གླང་གདོང་། །ནུབ་ཕྱོགས་གླིང་ལ་དབང་བྱེད་ཅིང་། །རི་རབ་རྩེ་ནས་ཐོག་འབེབས་མ། །གླང་ཐབས་ནད་ཀྱི་བདག་མོ་ཡིན། །ཐ་མ་འབྲོག་སྲིན་ཆུ་སྲིན་གདོང་། །བྱང་ཕྱོགས་གླིང་ལ་དབང་བྱེད་ཅིང་། །རྒྱ་མཚོའི་གཏིང་ནས་སེར་འབེབས་མ། །ལྷོག་པ་ནད་ཀྱི་བདག་མོ་ཡིན། །དེ་རྣམས་འཁོར་དང་བཅས་པ་ཡིས། །འཇིག་རྟེན་ཕུང་འགྱུར་དེ་ཡི་མཐུ། །དེ་ནི་ང་ཡི་འཁོར་ཡིན་ཏེ། །བཀའ་ལས་འགལ་བྱེད་སེམས་ཅན་ལས། །ཐམས་ཅད་ཀུན་ལ་གནོད་མི་བྱེད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་ཚེ། །རྒྱལ་མོའི་བུ་མོ་སྐྲུན་བཞི་ནི། །དགེ་སློང་སྐར་མའི་འོད་ཅེས་པ། །སངས་རྒྱས་འོད་ཟེར་བསྟན་པ་ལ། །ཐེག་པ་ཆེན་པོར་སེམས་བསྐྱེད་ནས། །དམ་པ་ཡིད་ལ་བྱེད་པ་ལས། །ཉེས་མེད་ཁ་ན་མ་ཐོས་ཕོག །རྒྱལ་པོའི་ཆད་པ་བྱུང་བ་ལས། །རང་གི་སྲོག་གཅད་སྨོན་ལམ་དག །ལོག་པར་བཏབ་པའི་རྣམ་སྨིན་གྱིས། །དེ་ལྟར་གདུག་པའི་ལུས་སུ་སྐྱེས། །སེམས་ལ་ཞེ་སྡང་མེ་ལྟར་འབར། །དེ་དབང་སྔོན་ཡང་འཇིག་རྟེན་ཕུང་། །ང་སྨོན་ལམ་སྟོབས་ཤུགས་ཀྱིས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །སྔོན་དུ་ང་ཡི་དབང་དུ་འདུས། །བསྟན་པ་སྲུང་བར་གཉེར་ཡང་གཏད། །དེ་ཚེ་རང་རང་ཁས་དང་བླང་། །གལ་ཏེ་གནོད་པར་གྱུར་རྣམས་ལ། །སྲུང་བའི་ཐབས་མཆོག་ང་ཡིས་བཤད། །དར་དཀར་གྲོ་ག་ཤིང་ཤུན་ལ། །གང་གིས་ཁྱུ་དང་རབ་མཉམས་ཏེ། །དེ་ལ་འཁོར་ལོ་རྩིབས་བཞི་པ། །མུ་ཁྱུད་རིམ་པ་གཉིས་ཀྱིས་བསྐོར། །སྣམ་བུ་སྒོ་དང་སྒོ་ཁྱུད་དང་། །རྒྱན་རྣམས་ཐམས་ཅད་རྫོགས་པར་བྲི། །དབུས་སུ་ཧཱུཾ༷་ལ་སྔགས་ཀྱིས་བསྐོར། །དེ་ཕྱི་མིང་པོའི་སྔགས་ཀྱིས་སྤྲས། །རྩིབས་ལ་སྲིང་མོའི་སྲོག་སྔགས་བྲིས། །སྒོ་རུ་རང་གིས་ཕྱག་རྒྱ་བཞི། །གྲྭ་བཞིར་རྡོ་རྗེ་རྩེ་ལྔ་བྲི། །ནང་གི་མུ་ཁྱུད་རིམ་པ་ལ མིང་པོའི་ཡང་སྙིང་ས་ཧའི་བར། །གང་ཞིག་སྲུངས་ཤིག་སྦྱར་ལ་བྲི། །ཕྱི་རིམ་སྲིངམོདེབཞིནནོ། །དེནས་རྣལ་འབྱོར་ལྡན་བྱས། །དུས་གསུམ་དུ་ནི་ལེགས་མཆོག་དོ། །ཁྲི་ཆགས་སུ་ནི་བཟླས་པར་བྱ། །གང་ཞིག་སྲུང་བའི་མགུལ་དུ་གདགས། །སངས་རྒྱས་ཁྲོས་པས་འཇིགས་མི་འགྱུར། །དྲེགས་པ་གཞན་ལྟ་སྨོས་ཅི་དགོས། །ཐོག་སྲུང་སེར་བསྲུང་བ་ནི། །དཀྱིལ་འཁོར་འདོམ་གང་ཚད་དུ་ནི། །དུར་ཁྲོད་ས་ལ་གྲུ་བཞིར་བྱ། །ཙན་དན་དམར་པོ་ག་བུར་བྱུག །སུ་པ་ར་ཡི་ཐིག་སྐུད་ཀྱིས། །དཀྱིལ་འཁོར་གོང་མ་བཞིན་དུ་གདབ། །ས་ཚོན་སྣ་ལྔས་ལེགས་བྲིས་ལ། །དབུས་སུ་རྡོ་རྗེ་རྩིབས་བཞི་ལ། །རྡོ་རྗེ་ལ་སོགས་མཚོན་གྲི་བཞི། །སྒོ་རུ་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོགས་དྲིལ་བུའི་ཕྱག་མཚན་དགོད། །ཚ་གོ་ལ་ཡི་བུམ་པ་སྲ །རིན་ཆེན་འབྲུ་དང་བདུད་རྩི་སྨན། །ཀ་ཤི་ཀ་ཡི་ཆུས་བཀང་ལ། །མེ་ཏོག་འཕྲེང་དང་རས་ཀྱིས་བརྒྱན། །ལྷ་ཡི་རྣལ་འབྱོར་ལྡན་པ་ཡིས། །ཟས་ལྔ་ལྡན་པའི་གཏོར་མ་སྦྱིན། །མཆོད་པའི་ཡོ་བྱད་འབྱོར་ཚད་དབུལ། །བུམ་ཆུས་གང་འདོད་ས་རུ་གཏོར། །ཕྱོགས་མཚམས་ས༷་བུ་ཏིས་བྱས་ལ། །དེ་ལ་བུམ་པས་དབང་ཡང་བསྐུར། །སྒྲ་ཡི་བྱེ་བྲག་མང་པོ་བསྒྲགས། །སྔགས་ནི་གོང་མ་དེ་བཞིན་ཏེ། །སར་པ་ཤན་ཏིང་གྲྭཧོརེ་མཐར། །འབུམ་ཕྲག་གསུམ་ནི་སོ་སོ་ཡི། །བསྙེན་བསྒྲུབ་ལས་སུ་ཕྱེ་ལ་བཟླས། །དབང་བསྐུར་ལྔས་ནི་སྐབས་སུ་འོང་། །ཐལ་ཆེན་ཀེ་ཚེ་ཉུངས་ཀར་ལ། །བཟླས་པ་རབ་ཏུ་བསྒྲིམས་ཏེ་བྱ། །ཙན་དན་ཕུར་པ་སོར་བཅོ་བརྒྱད། །ལྔའམ་དགུ་ནི་ལེགས་བྱས་ལ། །བཟླས་པ་དྲག་བཟླས་ཕྱོགས་མཚམསགདབ། །གཅིགནིགངགི་དབུས་སུའོ། །ཡུངས་ཀར་ལ་སོགས་རེ་རེ་གདགས། །དེ་ཡིས་སྲུང་སྟེ་འབབ་མི་ནུས། །སྲུང་བའི་མཆོག་ཏུ་དེ་འགྱུར་རོ། །དེ་ནས་རིམས་ནད་བསྲུང་བྱ་བ། ཁེན་ཏུ་དབེན་པའི་ས་ཕྱོགས་སུ། །བསྙེན་པ་འབུམ་ཕྲག་བདུན་དུ་བྱས། །བསྒྲུབ་པའི་དཀྱིལ་འཁོར་བཟང་པོ་ནི། །དང་པོའི་ཚད་ནི་བརྒྱད་ཀྱི་བར། །ཐིག་གདབ་ཚོན་གྱིས་བྲི་བ་ནི། །རྩིབས་བཞི་སྒོ་དང་སྒོ་ཁྱུད་གསལ། །ངབུས་སུ་ཐོད་པ་ཁྲག་དང་བཅས། ཁྲར་ལྷོར་སྟག་དྲེད་ནུབ་བྱང་དུ། །བན་གླང་ཆུ་སྲིན་གཟུགས་སུ་དགོད། །ཐོད་པ་ཁྲག་བཀང་རེ་རེ་བཞག །སྒོ་བཞིར་རང་གི་ཕྱག་མཚན་དགོད། །ཡོ་བྱད་ལྡན་བྱས་བྱིན་གྱིས་བརླབ། །དྲུག་ཁྲི་བར་དུ་ལྡན་བྱས་ཏེ། ཁེ་ས་ར་ཡི་དུས་དེ་མྲ །ཚོགས་ཀྱི་འཁོར་ལོ་ཆེན་པོ་བསྐོར། །གཏོར་མ་ཕུལ་ལ་ལས་དང་བཅོལ། །བུམ་པས་དབང་བསྐུར་བགེགས་བསྐྲད་བྱ། །ཡུལ་གྱི་མཚམས་སུ་སེང་ལྡེང་གི །ཕུར་པ་ཚོན་སྣ་ལྔ་ཡིས་བསྐོར། །གསང་སྔགས་གོང་མའི་ཚུལ་བཞིན་དུ། །ཞི་བར་འགྱུར་བའི་གསང་སྔགས་བཟླས། །རིམས་ནད་བཟློག་པའི་ལས་མཆོག་སྟེ། །འདི་ནི་སྲུང་བའི་མཆོག་ཏུ་བཤད། །ཅེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་འཇོམས་བྱེད་འབར་བ་ལས། །དབང་བྱེད་མིང་སྲིང་གི་ཆོ་འཕྲུལ་བསྟན་པ་བཟློག་ཅིང་བསྲུང་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རྡོ་རྗེ་བྱ་བ་མོས། །ལས་ཀྱི་གཙོ་ལ་འདི་སྐད་ཅེས་གསོལ། །ཀྱེ་མ་བཅོམ་ལྡན་འཕྲིན་ལས་བདག །གོང་དུ་གསུངས་པའི་དཀྱིལ་འཁོར་གྱི། །སེར་ཆེན་དབབ་པའི་ཆོ་ག་ཡི། །ལས་ཀྱི་སྦྱོར་དང་ཏིང་འཛིན་མཆོག །འགྲོ་ལ་བརྩེ་དགོངས་དགེ་ལ་གསུངས། །དེ་སྐད་གསོལ་བའི་ཚིག་གསན་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །བསྙེན་བསྒྲུབས་རྫོགས་པ་ལས་བྱ་བ། །གངས་ཆུ་འཚར་ཆུ་རམ་གྱི་ཆུ། །ལྕགས་ཕྱེ་ཟངས་ཕྱེ་དུག་སྣ་ཚོགས། །ལས་ཀྱི་རྫས་རྣམས་ཐམས་ཅད་བསོགས། །རྣམ་པ་གསུམ་མམ་སྐད་ཅིག་མས། །བདག་ཉིད་དབང་གི་རྒྱལ་པོར་གནས། །མཆོད་བསྟོད་གོང་མ་ཉིད་ཤེས་བྱ། །བཟླས་པའི་སྔགས་ནི་བསྒྲུབ་པ་ཡའི། །མ་ཐ་བརླངས་ཏེ་དྲག་ཏུ་བཟླས། །ཟོར་དང་སྤྱིན་སྲེག་བེར་ག་ཡི། །ལས་བྱ་འཕངས་པ་བདུན་དང་སྦྱར། །གང་ཞིག་མི་སྲིང་དབྲོག་པ་ན། །ཕ་རྒྱུ་མ་རྒྱུ་བུ་རྒྱུ་ལ། །མེ་ལོང་ཆུ་དང་སྨྱུག་རྒོད་དང་། །རྐང་པའི་འཁོར་ལོ་རབ་བསྒྱུར་ལ། །དུས་ཚོད་ངེས་པར་དེ་གཟུང་སྟེ། །ནིམ་པའི་ལོ་མས་གནས་སུ་གཞུག །དམ་རྫས་གཏོར་མས་གདོང་ནས་དབུལ། །སླར་ལོག་ལས་ཀྱི་སྦྱོར་བ་བྱ། །ཏིང་འཛིན་བྱེ་བྲག་བཤད་བྱ་བ། །དང་པོ་བསྙེན་པའི་ཏིང་ངེ་འཛིན། །ལྷ་ཡི་དཀྱིལ་འཁོར་གསལ་བྱས་ལ། །སྙིང་ཁར་འཁོར་ལོ་རྩིབས་བཞི་བསམ། །དབུས་སུ་ཐུགས་ཀྱི་སྙིང་པོ་ལ། །རྩིབས་བཞིར་མ་ར་རྩ་ཤ་བཞི། །རང་རང་སྔགས་ཀྱིས་བསྐོར་བར་བསམ། །བདག་ཉིད་སྙིང་ཁའི་ཡི་གེ་ལས། །འོད་འཕྲོས་མ་མོའི་སྙིང་ཁར་ཐིམ། །སྔོན་གྱི་ཁས་བླངས་དེས་དྲན་བྱ། །རྣོ་ལ་མྱུར་བའི་ལྕགས་ཀྱུ་ཡིས། །སྙིང་གི་རྩ་ནས་བཟུང་ནས་ནི། །རང་དབང་མེད་པར་དེ་བཀུག་སྟེ། །དམ་ཚིག་མ་མོ་ལ་བསྟིམ་ལ། །བདུད་རྩི་དམ་ཚིག་རྡོ་རྗེ་སྤྱིན། །སྔགས་ཀྱི་འོད་ཟེར་རབ་འཁོར་བས། །ཕར་ཐིམ་བདག་གི་བཀའ་ཉན་བསམ། །ཚུར་འདུས་སྙིང་ཁྲག་རབ་དྲངས་པས། །མ་མོའི་དབང་དང་ལྡན་པར་བསམ། །སྐབས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། །ལས་ཀྱི་མ་མོ་ཡང་བཀུག་བསྟིམ། །དེ་ནི་ཏིང་འཛིན་སྐབས་ཀྱིའོ། །དང་པོ་བསྙེན་པའི་ཏིང་འཛིན་ཡིན། །བདག་ཉིད་ཡིད་མ་ལྷ་ལས་ནི། །ཁྲོས་པས་དུད་ཁར་བསྒྱུར་བྱས་ལ། །བསྟོད་དེ་ཟིལ་གྱིས་གནན་པར་བྱ། །སྔགས་ཀྱི་འོད་ཀྱིས་རབ་བསྐུལ་བས། །ལས་ཀྱི་མ་མོ་བསམ་ཡས་ཀྱིས། །དམིགས་པའི་ཡུལ་ནི་རབ་བསྐང་སྟེ། །ཕྱག་མཚན་གནམ་ལྕགས་ཟོར་བ་ཡིས། །སྔོ་རྣམས་རྔ་ཞིང་བརྡུངས་པར་བསམ། །བདག་ལས་སྤྲུལ་པའི་ཁྲོ་བོ་ཡིས། །བསྲུན་པའི་ལྷ་ནི་རབ་གཟེར་བས། །བདག་གིས་གྲོགས་སུ་དེ་གྱུར་བསམ། །མཚོན་ཆའི་ཆར་ནི་དེ་ཕབ་ནས། །སྔོ་རྣམས་རྔ་ཞིང་བརྡུངས་པར་བསམ། །གསུང་གི་དཀྱིལ་འཁོར་དག་འཕྲོས་ཏེ། །གོང་མའི་སྟོབས་སུ་གྱུར་པར་བསམ། །བསྒྲུབ་པའི་དུས་ཀྱི་ཏིང་འཛིན་ཡིན། །དེ་ནས་གོང་གི་ཏིང་འཛིན་དེས། །སྐབས་ཀྱི་ལས་ཀྱི་ཏིང་འཛིན་བྱ། །བདག་ཉིད་དབང་གི་རྒྱལ་པོ་ཡིས མ་མོར་བཅས་པའི་ཞབས་འོག་ཏུ། །དམིགས་པའི་ཡུལ་ནི་རབ་བསམས་ལ། ཁ་ནས་སྤྲིན་ཕུང་དུད་ཁ་ཡི། །གསེབ་ནས་ཐོག་དང་སེར་བ་དག །དམིགས་པའི་ས་རུ་རབ་ཕབ་པས། །སྔོ་རྣམས་བརྡུངས་ཤིང་བརླགས་པར་བསམ། །སྔགས་ཀྱི་འོད་ཟེར་བསྐུལ་བྱས་པས། །ལས་ཀྱི་མ་མོ་རབ་ཁྲོས་ཏེ། །དམིགས་པའི་ཡུལ་ནི་རབ་བཀང་ནས། ཁ་ནས་གནས་ལྕགས་དུག་དང་ནི། །བསེ་དང་ཁྲག་གི་སེར་བ་འབེབས། །ཡང་སྤྲུལ་མ་མོ་བསམ་ཡས་ཀྱི། །ཐམས་ཅད་བསྣོལ་ཞིང་བརླག་པར་བསམ། །ཟ་ཞིང་སྤྱོད་པ་དེ་བཞིན་ནོ། །དེ་གྲུབ་ལས་མཁན་དམིགས་མེད་བྱ། །རིགས་བཞི་དབྱིངས་སུ་དེ་བཞིན་གཤེགས། །དམ་ཚིག་ཐུགས་ཁར་བསྡུས་ནས་ནི། །རང་བཞིན་གནས་པའི་དོན་ཤེས་བྱ། །ཏིང་འཛིན་མི་ལྡན་དེ་གྲུབ་མེན། །དེ་བས་ཏིང་འཛིན་མཆོག་ལ་འབད། །ཅེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། ལས་དང་ཏིང་འཛིན་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་བྱ་བ་མོས། །མཆོད་པ་དུ་མས་མཆོད་བྱས་ཏེ། །ཐམས་ཅད་གཙོ་ལ་འདི་སྐད་གསོལ། །གཞུང་དང་མཐུན་པའི་གནས་དག་ཏུ། །ཀྱེ་མ་བཅོམ་ལྡན་ཐབས་ཀྱི་བདག །གོང་དུ་གསུངས་པའི་དོན་རྣམས་ཀྱི། །དབབ་པའི་རིམ་པ་གསུངས་ལགས་ན། །གསད་པའི་ལས་ཐབས་བདག་ལ་གསུངས། །དེ་སྐད་གསོལ་པས་ཚིག་གསན་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །གཞུང་དང་མཐུན་པའི་གནས་དག་ཏུ། །རྫས་དང་ཡོ་བྱད་ཚང་བར་བསོགས། །ཕྱོགས་དེའི་གདུག་ཅན་མ་ལུས་ལ། །གཏོར་མ་བྱིན་ལ་ལས་ཀྱང་བཅོལ། །ཆོས་སྐྱོང་གཏོར་མ་གཞུང་བཞིན་བཏང་། །འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་ལ། །གསེར་སྐྱེམས་རྒྱས་པར་རབ་བྱིན་ལ། །མ་ཉེས་དཔང་གཟུགས་འོ་དོད་བོད། །མཐོ་གཟུགས་ཕྱི་མཚམས་བཅད་པར་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །རྩིབས་བཞི་དབུས་སུ་ཁྲུ་གང་ཚད། །བརྐོས་ལ་བདུད་རྩི་རཀྟས་བྱུག །གདུག་པའི་རྩང་ནི་སོར་བརྒྱད་ལ། །རཀྟས་བྱུགས་ལ་སྙིང་པོ་ནི། །རང་རང་ཕྱོགས་ནི་མ་ནོར་བྲི། །མཚན་ལྡན་བན་དྷ་ལྕང་ལོ་ཅན། །དུག་དང་རཀྟ་ཐུན་རྫས་ཀྱིས། །བཀང་ལ་ལྷོ་ཡི་ཕྱོགས་སུ་བཞག །མོན་ནམ་རབས་ཆད་ཐོད་པ་མྲ །དྲི་མ་དྲུག་བྱས་ལིང་ག་གཞག །སྡོང་ཅིག་མ་ཡི་རཀྟ་ཡིས། །རས་སམ་གྲོ་ག་ཤིང་ཤུན་ལ། །མིང་རུས་བྲིས་ལ་སྙིང་ཁར་གཞུག ཁུ་གསུམ་ནག་པོའི་ནང་དུ་གཞུག །སྐྱེར་པའི་རྩང་ནི་འདོམ་གང་བཞི། །ཁྲག་གིས་བྱུགས་ལ་གྲུ་བཞིར་གཟུགས། ཁུན་ནམ་མཐིང་ནག་གུར་ཅིག་དབུབ། །དེ་ནས་རྣལ་འབྱོར་བདག་ཉིད་ཀྱིས། །མཐིང་ནག་འབར་བའི་སྐུར་བསྒོམས་ལ། །ཐུགས་ནི་ཙིསྟ་རིན་ཆེན་སྨུག །དབང་དུ་བྱ་ཕྱིར་རྟ་མགྲིན་བསྐྱེད། །དེ་དབུས་འཁོར་ལོ་རྩིབས་བཞི་ལ། །དབུས་སུ་ཧྲི་ཡམ་ཧཱུཾ༷་མཐིང་ནག །རྩིབས་ལ་མ་ར་ཙ་ཤ་བཞི། །རང་རང་སྙིང་པོས་བསྐོར་བར་བསམས། །མ་མོའི་དཀྱིལ་འཁོར་གོང་བཞིན་བསྐྱེད། །མཆོད་དང་དགུག་བསྟོད་གོང་བཞིན་ནོ། །ཕོ་ཉ་བསྐུལ་ཞིང་ལས་ལ་རྦད། །སྔགས་ཀྱི་ཡན་ལག་མ་ཉམས་པར། །གསུམ་འབུམ་དག་ཏུ་རབ་བཟླས་ཏེ། །སྔགས་ཀྱི་འོད་ཟེར་ལྕགས་ཀྱུ་ཡིས། །སྙིང་གི་རྩ་ནས་རབ་དྲངས་ནས། །གཟུགས་བརྙན་ལིང་ཁའི་ཤེས་རབ་གཞུག །ལས་ནི་མ་མོ་བསམ་ཡས་པ། །སྟག་དྲེག་ལ་སོགས་ཞོན་ནས་ནི། །དམིགས་པའི་ཡུལ་ནི་རབ་བཀང་སྟེ། །ལྕགས་ཀྱུ་ལ་སོགས་ཕྱག་རྒྱ་བཞིས། །ཉམས་པའི་ཡན་ལག་རབ་བསྡམས་ནས། །རླུ་་ལྟར་བཀུག་ལ་གཟུགས་ལ་བསྟིམ། །མངོན་དུ་ཁུགས་དང་ལིང་ག་འགུལ། །མཚན་མ་བྱུང་ནས་ལས་རྣམས་བྱ། །བདག་ཉིད་ལས་ཀྱི་ལྷར་བསྒོམས་ལ། །སྒོས་ཆེན་དུད་བཏང་བདེན་པར་བདར། །གུ་གུལ་བསྲེག་ཅིང་ལྷ་དབྲལ་བྱ། །སྔགས་ཀྱིས་སྲོག་གི་ལྷ་དང་བྲལ། །དྲི་ཡིས་ཕོ་ཡི་ལྷ་དང་དབྲལ། །ཕོ་ཉས་བསྲུང་བའི་ལྷ་དང་དབྲལ། །དེ་ལྟར་ལྷ་དང་རབ་ཕྲལ་ནས། །བདག་ཉིད་མདུན་ན་ཉམས་པ་ནི། ཁེན་ཏུ་རིད་ཅིང་སྐེམ་པ་དང་། །བུ་ག་དགུ་ནས་ཁྲག་འཛག་ཅིང་། ཁྲེད་དང་བྲལ་བར་རབ་ཏུ་བརྟག །གསད་སྔགས་ཁྲི་ཁྲི་ཉུངས་ཀར་ལ། །བཟླས་ཤིང་ཐུན་གྱི་རྫས་ལ་བསྟིམ། །དེ་ལྟར་བཟླས་ཤིང་བསྟིམ་བྱས་ལ། ་་ས་ཀར་འོད་ཀྱིས་རབ་བསྐུལབས། །སྣཚོགསནདདུགྱུར་པར་བསམ། །དེ་ནས་དམིགས་པའི་ལིང་ག་ལ། །ཕོ་ཉ་རྦད་ཅིང་སྔགས་ཀྱིས་བརྡེག །སྟག་སྲིན་ལ་སོགས་མ་མོའི་ཚོགས། །བསམ་མི་ཁྱབ་པས་བསྐོར་ནས་ནི། །གདུག་པའི་རྩང་ནི་སོར་བརྒྱད་པས། །གཟུགས་བརྙན་ལིང་གའི་སྟེང་དུ་བརྡེག །མ་མོས་བསྒྲལ་ཞིང་བཟིར་བར་བསམ་ཕྱག་མཚན་གནམ་ལྕགས་ཟོར་བ་ཡིས། །ལ་ལ་ཀླད་ཁྲག་འཐུང་ཞིང་ཟ། །ལ་ལ་སྙིང་ཁྲག་འཐུང་ཞིང་ཟ། །ལ་ལ་རྒྱུ་ཁྲག་འདྲེན་ཅིང་ཟ། །ལ་ལ་གཟུགས་ཕུང་འཐུང་ཞིང་ཟ། །སྟག་དྲེད་ལ་སོགས་ཡང་སྤྲུལ་གྱིས། །བསྟོད་ཅིང་ཟ་བར་རབ་ཏུ་བརྡེག །སྟོང་སྟོང་བཟླས་ཤིང་རབ་ཏུ་བརྡེག །ལྷག་མ་དཀྱིལ་འཁོར་ལྷ་ལ་སྟབ། །འཁོར་དང་བཅས་པས་གསོལ་བར་བསམ། །ཐུན་དང་བཅས་པའི་གཏོར་མ་དེ། །དུར་ས་ཁང་ས་ཉལ་ས་ལ། །མ་མོ་བསྐུལ་ཞིང་ཟོར་དུ་འཕང་། །བསྒྲལ་བའི་ལིང་གའི་དུམ་བུ་དེ། །དུམ་བུ་བཞི་རུ་བསྒོ་བྱས་ལ། །གཟུགས་བྱས་ཁྲག་གིས་གཤེར་བར་བྱུག །རྩང་དང་བཅས་པའི་ཐོད་པ་དེ། །དུར་ཁྲོད་མ་མོའི་གནས་སུ་མནན། །གཅིག་ནི་སྦྲུལ་སྔོན་ཁ་རུ་མནན། །གཅིག་ནི་སེང་གེའི་མགོ་ལ་གཏད། །གཅིག་ནི་སྟག་སྐྱ་ཁ་ལ་གཏད། །དེ་ལྟར་བྱས་པས་འགྲུབ་པར་འགྱུར། །དཀྱིལ་འཁོར་ཐུགས་བསྡུ་རྫས་རྣམས་རྦད། །བདག་ཉིད་བཟླས་པ་རྒྱུན་མི་བཅད། །བསད་པའི་ལས་སུ་ང་ཡི་བཤད། །ཅེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། གསང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ལྷ་མོ་བྱ་བ་མོས ཐམས་ཅད་མཁྱེན་ལ་འདི་སྐད་གསོལ། །ཀྱེ་མ་བཅོམ་ལྡན་ཀུན་མཁྱེན་གཙོ། །སྲིན་མོ་ལས་ཐབས་དེ་ལགས་ན། །མིང་པོའི་དབབ་གསད་བདག་ལ་གསུངས། །དེ་སྐད་གསོལ་པས་དཔའ་བོ་ཡིས། །གསུངས་ནི་འདི་སྐད་བཀའ་སྩལ་ཏོ། །མིང་པོ་ལས་བཤད་ལྷ་མོ་ནི། །ཁྱབ་འཇུག་བསྒྲལ་བའི་དཀྱིལ་འཁོར་བྱ། ཁྲ་རུས་ཁྲག་རུས་བཅོས་མ་བཙོས། །དཀར་ནག་ཏིལ་དང་བ་དམར་མོ། །ར་མཆིན་གུ་གུལ་དཀར་ནག་དང་། ཁྲ་ཁྲག་སྣ་ཚོགས་འབྲས་ཀྱི་ཆན། །བསྙེན་པའི་དུས་སུ་མཆོད་པ་ཡིན། །རྟ་ནག་ཁྲག་དང་གསུར་ཆེན་དང་། །ཁྱི་ནག་ཁྲག་དང་ཀླུ་སྨན་རྩེ། །དཀར་ནག་ར་ཡི་འོ་མ་ཁྲག །བག་ཕྱེ་ཉུངས་ཀར་སྨུག་མའི་དུས། །ཡུལ་གྱི་སྔ་སྔོ་ལིང་ཁ་ཀུན། །བསྒྲུབ་པའི་དུས་སུ་བཏབ་པའོ། ་་ས་ཀར་ཐལ་ཆེན་ཉུངས་ནག་དང་། །སྐེ་ཚེ་ཤངས་ཚེ་ཁྲག་དང་ཏིལ། །དུག་ཆུ་ནས་ནག་བྲབ་པའི་རྫས། །ལས་ཀྱི་དུས་སུ་བཙོག་པའོ། །བདག་ཉིད་རྣལ་འབྱོར་གསལ་བྱས་ལ། །ཡི་གེ་ཏི་དུད་འཕྲོ་འདུ་ལས། །ཁྱབ་འཇུག་ཆེན་མོའི་གཟུགས་སུ་བརྟགས། །ལས་ཀྱི་ཁྱབ་འཇུག་བཀུག་ལ་བསྟིམ། །མ།ཆོད་དེ་ལས་ཀྱི་གཉེར་ཡང་གཏད། ཁུ་བའི་དུས་སུ་སྦྱིན་སྲེག་ནི། །ཤར་གྱི་ལྷ་རྡོ་དཀར་པོ་དང་། །ནུབ་ཀྱི་ཀླུ་རྡོ་གྲོ་བོ་དང་། །བྱང་གི་སྲིན་རྡོ་དམར་པོ་གསུམ། །ཐབ་ཁུང་ཁྲུ་གང་ཁྲུ་གསུམ་ཚད། །ཟུར་གསུམ་དཀར་གསུམ་ཟུར་གསུམ་ལ། །རྡོ་གསུམ་སྒྱེད་པུ་དེ་རུ་གཟུགས། །སྤྱན་དྲང་ནིམ་པས་དེ་གཟུང་ལ། །མཆོད་དེ་སླར་ལོགས་དྲག་སྔགས་ཀྱིས། །ལིང་ག་དམིགས་པའི་གཟུགས་ལ་བྲབ། །དྲག་ཤུལ་ཐབས་ཀྱིས་འགྲུབ་པ་ཡིན། །གང་ཞིག་གདོང་ནས་ལས་བྱས་ན། །སྨྱོ་འབོག་གཟེར་ཐབས་ཕོ་ལོག་དང་། །མཛེ་དང་ཤུ་བ་གཡན་པ་ཡིས། །སྔགས་པ་འཁོར་བཅས་བརླག་པར་འགྱུར། །གང་ཞིག་འཇུག་ནས་ལས་བྱས་ན། །གྲོགས་མེད་ལས་ཀྱང་དོན་མེད་འགྱུར། །དེ་བས་དུས་ཚོད་ཤེས་བྱས་ལ། །གྲིམས་བྱུང་སྟོབས་ཀྱིས་འབད་པར་བྱ། །ཞེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། །མིང་པོ་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་རྡོ་རྗེ་བྱ་བ་མོས། །འཇིག་རྟེན་གཙོ་ལ་འདི་སྐད་གསོལ། །ཀྱེ་མ་བཅོམ་ལྡན་རིགས་ཀྱི་བདག །ལས་རྣམས་འགྲུབ་ཅིང་མཐར་ཕྱིན་པའི། །སྔགས་ཀྱི་རིམ་པ་མི་འཚལ་ལམ སོ་སོའི་བསྙེན་བསྒྲུབ་གསང་སྔགས་རྣམས། །འགྲོ་ལ་རྩེ་དགོངས་བདག་ལ་གསུངས། །དེ་སྐད་ལྷ་མོས་གསོལ་གསན་ནས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །བསྙེན་བསྒྲུབ་ལས་ཀྱི་རིམ་པ་ལ། །སྔགས་མེད་གྲུབ་པ་ཐོབ་མི་འགྱུར། །སྔགས་ཀྱི་རིམ་པ་ངས་བཤད་ཀྱིས། །ཉོན་ཅིག་ལྷ་མོ་བདེ་བ་ཆེ། །རག་ཤ་དམ་ཅན་ཁོང་སྙིང་ངས་དྲངས་ཚེ། །རྒྱལ་བའི་སྲས་སུ་བྱ་ཕྱིར་རང་རང་སྲོག་རྒྱུད་ཕུལ། །འཇིག་རྟེན་ཕུང་བྱེད་ཀླུ་སྲིན་རག་ཤ་བུ། །བློ་བུར་སྐྱིང་ཐང་འབེབས་པའི་དྲག་སྔགས་ལུང་། །ཁྲག་སྐམ་ཉུངས་ནག་གུ་གུལ་ནག་པོ་ལ། །ཡིད་ལ་དམིགས་ཤིང་དབབ་པའི་ཡང་སྙིང་དྲང་། །ཨོ་པ་ཤ་མི་ཀི་དུ་རུ་མ་ཏི་ཛ་ལ་ཏི་གྲྭཧྭ། ཛ་པ་ལ་ར་ཧུ་ལ་ཀྲོ་དྷ་ཀྲ་པདྨ་ར་ཤ་ར་ཤལ་ཏ་ཧཱུཾ༷་ཕཊ། ཏྲི་ལི་ཤང་ཀ་བུ་དྲི་ཟ། རཀ་ཤ་ཐུན་འབུམ་འདྲིལ་ཤིན་བིམ་པ་ཏི། ཁ་ཡག་ཞུང་ཏྲི་ཁ་དུ་ཧྲིལ། རི་ཏྲི་ཤུམ་ཏྲི་ཤིག་ཨ་མུ་ཀ་ཕྲ་མ་ཡ་ཧཱུཾ༷་ཕཊ། མིང་སྔགས་སོ། །ཨོ་བཛྲ་མ་ཏིང་པ་ལིང་ཕྲམ་ཡ་ཛ་ཧཱུཾ། ཨོ་བཛྲ་ལ༷་པ་ཨག་ཤུ་མེག་བཛྲ་དུག་ཕྲིང་ཛ་ཧཱུཾ༷་གྲྭཧྭ། ཨོ་བཛྲ་གྭ་ཏྭ་གྭ་མ་ཛ་བཛྲ་ཡ་ཀ་ཤ་ཀྲི་ཀྲི་ར༷་ཛ་ཧཱུཾ༷་གྲྭཧྭ། ཨོ་བཛྲ་ཀ་ལིང་སྟི་ཙ་ལི་ཧོ་པ་ཡ་ཛ་ཧཱུཾ༷་གྲྭཧྭ། ཨོ་བཛྲ་མ་ཏིང་ལ་པོ་ཨ་ག་ཏྲ་བཛྲ་ཀི་ལི་པི་མ་རོ་ཀྲོ་ཛ་ཧཱུཾ༷། ཨོ་རག་མོ་རག་མོ་སྙིང་རྩ་ཤ་མ་ལམ་སྨྱོ། ཨོ་རཀ་མོ་རུ་རུ་རོ་རུ་ཙ་པ་ལ་སྙིང་ཁ་རག་མ་བྱོ། །ཨོ་རཀློ་རཀློ་ཙམ་མོ་ཙམ་མོ་ཁྲག་ལ་མུ་ཤ་མ་སྨྱོ། །ཨོ་རག་མོ་རཀ་མོ་ཏྲག་མོ་ཤིག་ཤིག་སྙིང་ཁ་རག་མ་སྨྱོ། །རཀ་མོ་སྙིང་ཙ་རུ་རུ་ཙབ་སྙིང་ཁ་རག་གུ་སི་དན་མ། ཤ༷ ་མུ་ཤ་མ༷་སྨྱོ། ཨོ་མ༷་མ་སྙིང་ཁ་རག་མོ་རཀ་མོ་མ་ར་ཙ་ཤ་ཙི་ཏ་ས་དུ་ས་མ་ཡ་ཧྲིང་སྨྱོ་སྨྱོ་ས་མ་ཡ་ཛ་ཛ། བསྙེན་པའི་སྔགས་སོ། །ཨོ་ཤི་ཧེ་རུ་ཀ་རག་ཤ་མ་ཧྭ་བག་ཙཀྲ་ཨོ་ཀ་སྟ༷་པ་ནན། །༷གཟིར་བའི་སྔགས་སོ། །དུད་ཕྲོ། ཀར་ཕྲོ། ཤུ་ཏྲི་ཕྲོ། ཡུག་ཏི་སྨིན། ཤར་ཤལ་ཏ་སྙིལ་སྨྱོ། ཏྲཀ་དུ་ཙར་ཧྲིལ་སྨྱོ། སྒག་དུ་ཙར་ཧྲིལ་སྨྱོ། མ་མ་ཧྲིལ་ཤར་ཏྲ་སྒག་རུ་ཙ་རུ་ཙ་ཤུ་ཏི་ཕྲོ༷་ཙ་མུན་ཕྲོ་ས་མརྙ་ཨ་ཀར་དུ་རུ་དུ་རུ་ཕྲོ་ཕྲོཌ།ཕྱིའི་ལས་སྔགས་སོ། །ཝ་རི་ཤ་ཡ་པ་ཏ་ར་ཀུ་རུ་མ་མ་ཧ་འོད་སྟ་ཨ་བེ་ཤ་ཡ་ཨ་ཨ་ད་ར་ཀུ་ཤུ་མེ་སརྦ་ག་གྲྭཧྭ། ཐིག་ནིག་ཅིག་མེད་ཤུ་ཏི་ཕྲོ༷། གཉིས་དྲག་བརྒྱབ་བཅད་དུད་ཕྲོ༷། །ནམ་མཐོངས་ཕྱེ་ལྕགས་སྒྲོག་ཁྲོལ། མི་རང་སོད་ཀྱང་རྗེས་ཀྱང་མོ་ཙུ་རུ་ཕཊ། །འོད་སྟ་པ་ཌ་པ་ཌ་ཡ། ནང་གི་ལས་སྔགས་སོ། །ཨེ་འདུས་སྨྱོ་འདུས་སྨྱོ་འདུས་རུ་པི་རུ་པི། ཨེ་ཙབ་ཙབ་ཙུབ་ཙུབ་ཐིབས་ཐིབས་རི་རི་ས་མ་ཡ། རཀ་མོ་རཀ་མོ་ཧྲེང་ཧྲིང་མ་མ་སྙིང་ཁ་རཀ །ལོ་ཐོག་ལ་འོལ་འུར་ཡ༷་ཡ༷། རི་ལིབས་ལིབས་ང་མུག་ཐང་ང་མུག་ཐང་། རག་མོ་ས་ས་མེ་པི་པི་རི་རི་ལི་ལི་ཐོར་ཐོར་ས་མ་ཡ་ཨ་མེ་ཧྲི་ཧྲི་སྨྱོ་སེག་རེང་ཏྲི་སིབ་སིབ་སྨྱོ་སྨྱོ། གསངས་པའི་ལས་སྔགས་སོ། །གུ་སི་དན་མ་དགྲ་ལ་སྨྱོ་སྨྱོ། ཨུ་ཙུས་མ་ཤ་དགྲ་ལ་སྨྱོ་སྨྱོ། ཁྲག་ག་ཤག་རྦད་དགྲ་ལ་སྨྱོ་སྨྱོ། མ་མ་རག་ཤ་དགྲ་ལ་སྨྱོ་སྨྱོ། མ་མ་རག་ཤ་དགྲ་ལ་སྦྱོ་སྨྱོ། །མ་མ་རིལ་རི་ལི་སྦྱོ་སྨྱོ། ཙབ་མོ་ཙབ་མོ་མ་མ་རིལ་རིལ་སྨྱོ་སྨྱོ། ཁྲག་ལ་མུ་ཤ་མ་མ་རིལ་རིལ་སྨྱོ་སྨྱོ། དགྲ་བོ་སྙིང་ཁ་རག་མ་མ་རིལ་རིལ་སྨྱོ་སྨྱོ། ཐམས་ཅད་འཕང་ཀྱི་སྔགས་སོ། །ཀ་ཁ་ག་ཀྟ། ཙ་ཚ་ཛ་རྙོ་ཉ། ཊ་ཋ་ཌ་རྟེ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས། ཧཀྟ། ཨ་ཨུ། ཨུ་ལྤུ། རེ་སྡུ། ལི་སྙི། ཨེ་ཨེ། ཨོ་ཨོ། ཨ༷་ཨ༷༷ ཐབས་དང་ཤེས་རབ་གཞི་མོའི་སྔགས་སོ། །མ་ར་ཙ་ཤ་ཏི་སྟ་ལྷན། ས་བོན་དང་བསྟིམ་པའི་སྔགས་སོ། །ཛ༷༷ཧཱུཾ༷་བ༷་ཧོ། སྒོ་དང་གཞུག་པའི་སྔགས་སོ། །མྱ་ར་ཡ་རྦད། གསད་པའི་སྔགས་སོ། །སྤྲུརྨྱི་སྲུཧྭ། ནན་ཏིང་གྲྭཧྭ། བྷ་ཤམ་གྲྭཧྭ། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཛ་ཛ། འཕྲིན་ལས་ཐམས་ཅད་ཀྱི་སྔགས་སོ། །བཛྲ་ཀྲོ་དྷ། ལ༷་ཏ༷་པ་ན་ཎ་ཧཱུཾ༷་ཕཊ་སྲུཧྭ་ཕཊ། གནན་པའི་སྔགས་སོ། །ལག་གཉིས་སོར་མོ་ནང་དུ་བསྣོལ། །ཏིང་པ་སྦྱར་ནས་བཀུག་པ་ནི། །ཐོད་པའི་གཞལ་ཡས་བསྐྱེད་པའི་རྒྱ། །ལག་གཉིས་ཐལ་སྦྱར་གུང་གཉིས་བསྒྲེང་། །སྲིན་ལག་མཐེའུ་ཆུང་བསྣོལ་ཏེ་བསྡམ། །མཛུབ་གཉིས་གུང་མོ་རྒྱབ་ཏུ་བཙུགས། །མཐེ་བོང་གཞི་ས་ཏེ་གུང་པར་གཏད། །དམ་ཚིག་མ་མོ་བསྐྱེད་པའི་རྒྱ། །ལག་གཉིས་རྒྱབ་སྤྲད་མཐེའུ་ཆུང་སྦྲེལ། །མཛུབ་གཉིས་ལྕགས་ཀྱུ་ནང་དུ་བཀུག །མཐེ་བོང་སྲིན་ལག་གུང་རྩེ་སྤྲད། །གནས་ནས་དགུག་པའི་ཕྱག་རྒྱ་ཡིན། །དེ་བཞིན་མཛུབ་མོ་དྲང་པོ་བསྒྲེང་། །ནང་དུ་གཞུག་པའི་ཕྱག་རྒྱ་ཡིན། །དེ་བཞིན་མཛུབ་གཉིས་སྦྲེལ་བཞག་ལ། །སྒྲོག་གི་ཕྱག་རྒྱས་བསྟིམ་པའོ། །གོང་མ་བཞིན་དུ་སྦྲེལ་བ་ལས། །མཐེ་བོང་གུང་སྲིན་ཕྱེ་བ་ནི། །བརྟན་བཞུགས་དྲིལ་བུའི་ཕྱག་རྒྱ་ཡིན། །ལག་པ་གཡས་གཡོན་བསྣོལ་བརྐྱང་བ། །ཟིལ་གྱིས་གནོན་པའི་ཕྱག་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བྱས་པ། །མ་མོ་མངའ་གསོལ་ཕྱག་རྒྱ་ཡིན། །ལག་གཉིས་སོར་མོ་རྐྱང་ཡིག་དགུག །མཐེའུ་ཆུང་བསྣོལ་མ་སྣོད་འདེགས་ཚུལ། །གཏོར་མ་སྦྱིན་པའི་ཕྱག་རྒྱ་ཡིན། །ལག་གཉིས་སོར་མོ་རྒྱབ་བསྣོལ་ཏེ། །སོ་སོའི་སོར་མོ་རྩེ་མཐིལ་སྤྲད། །མཐེ་བོང་གཉིས་ནི་གཡས་མཐིལ་བཞག །ཐོག་སེར་དབབ་པའི་ཕྱག་རྒྱ་ཡིན། །གཡོན་པ་མཛུབ་བསྒྲེང་ཆག་པ་བསྣམ། །གཡས་པ་རལ་གྲི་འཐུབ་པའི་ཚུལ། །གཏུབ་ཅིང་དྲལ་བའི་ཕྱག་རྒྱ་ཡིན། །གཡས་པ་ཐོ་བ་འདེགས་པའི་ཚུལ། །གཡོན་པ་རྩང་ཕུར་དབབ་པའི་ཚུལ། །དྲིལ་ཞིང་གཙང་ཕུང་གདབ་པའི་རྒྱའོ། །གཡས་པ་ཐོད་པ་སྙིང་ཁར་བཟུང་། །གཡོན་པ་སྡིགས་མཛུབ་བསྒྲེང་བ་ནི། །ཟོར་དུ་འཕང་བའི་ཕྱག་རྒྱ་ཡིན། །གཡས་པ་སྡིགས་མཛུབ་གོང་བཞིན་བྱའོ། །གཡོན་པ་ཕོ་སོགས་ཁེམ་གྱི་ཚུལ། །གཡས་གཡོན་སོགས་པ་ལོག་ཤེས་པ། །ཟོར་འཕང་བ་ཡི་ཕྱག་རྒྱ་ཡིན། །གཡས་པ་འཕྱང་ཚུལ་དབྱུག་པ་ཐོགས། །གཡོན་པ་སྡིགས་མཛུབ་བསྒྲེང་བ་ནི། །དབུག་པས་དབབ་པའི་ཕྱག་རྒྱ་ཡིན། །དེ་ལ་སོགས་ཏེ་ཕྱག་རྒྱའི་ཚོགས། །ཐམས་ཅད་སྒྲུབ་པར་བྱེད་པའི་རྒྱུ། །བསམ་མི་ཁྱབ་པའི་ཚོགས་ཆེན་ནི། །ཐམས་ཅད་ཕྱག་རྒྱ་ཆེན་པོར་གསལ། །སྔགས་ཀྱི་ཡན་ལག་མ་རྫོགས་ཤིང་། །ཕྱག་རྒྱ་ལྡན་པར་མ་གྱུར་ན། །རྫས་རྣམས་ཚོགས་དང་དེ་ཉིད་མེན། །ཞེས་གསུངས་སོ། ཁུ།ད་ཀྱི་རྒྱལ་པོ་ཆེན་པོ་འཇོམས་བྱེད་འབར་བ་ལསསྔགས་དང་ཕྱག་རྒྱ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་རྡོ་རྗེ་བྱ་བ་མོས། །མཆོད་པའི་བྱེ་བྲག་མང་པོས་མཆོད་དེ། །ཀྱེ་མ་བཅོམ་ལྡན་ཐབས་ཀྱི་བདག །གོང་དུ་གསུངས་པའི་དོན་རྣམས་ཀྱིས། །དངོས་གྲུབ་མཚོན་གྱུར་མཚན་མ་གང་། །མི་གྲུབ་རྐྱེན་འགྱུར་མཚན་མ་གང་། །བདག་ལ་སོ་སོར་བཀའ་སྩལ་གསོལ། །དེ་སྐད་གསོལ་པས་དཔའ་བོ་དེས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཉོན་ཅིག་རྡོ་རྗེ་བྱ་བ་མོ། །དངོས་བདུན་ཉམས་མེད་རྣལ་འབྱོར་པས། །བསྒྲུབས་ན་མཚན་མ་འབྱུང་བར་ངེས། །དང་པོ་བསྙེན་པའི་དུས་སུ་ནི། །གསོ་ཞིང་སྔོན་འགྲོ་སྒྲོ་བསྐུལ་དང་། །གླིང་བཞི་མདོག་གསལ་ཕྱི་ཡིའོ། །མངོན་དུ་འོངས་ནས་དབང་བསྐུར་དང་། །ཐོག་སེར་མངོན་ལ་ས་གཡོས་དང་། །བུད་མེད་གཟུགས་གདུག་བདག་ལ་བསྐོར། །ལེགས་སྨྲ་འཁྱག་འཐོར་ཆུ་སྔོན་འབྲུག །ནང་གི་དུས་སུ་འབྱུང་བར་ངེས། །སྙིང་གི་དོན་རྣམས་འགྲུབ་སྙམ་པ། །རང་གི་མ་ཡིན་ཤུགས་ཀྱིས་འབྱུང་། །བར་སྣང་ལས་ནི་སྒྲ་འབྱུང་སྟེ། །རྨི་ལམ་མངོན་དུ་སྔགས་རྣམས་སྨྲ། །གསང་བའི་དུས་སུ་འབྱུང་བའོ། །དང་པོ་བསྙེན་པའི་དུས་ཀྱིའོ། །བདག་གིས་དམག་དཔོན་བྱས་ནས་ནི། །དམག་རྣམས་དྲངས་ནས་སྔོ་འདེབས་དང་། །བུད་མེད་གཟུགས་མཛེས་སྣ་ཚོགས་ཀྱིས། །བདག་གི་གནས་སུ་སྔོ་སྐྲུང་དང་། །འཁོར་ལོ་ཕུར་པ་ཏའོད་འབར་དང་། །ཙིསྟ་འབར་ཞིང་ཐོད་པ་འགུལ། །བསྒྲུབ་པ་ཀུན་གྱི་མཚན་མ་ཡིན། ་་ས་ཀར་མེ་འབར་གཏོར་མ་འགུལ། །གནས་དེར་ཐོག་སེར་མངོན་དུ་འབེབས། །འཇི་ནི་འདོད་པའི་མཚན་མའོ། །གང་ཞིག་མཉམ་པའི་མཚན་མ་ནི། ཁ་བ་ཆེན་པོ་འབབ་རྨི་བ། །ཏིང་འཛིན་མི་གསལ་མཚན་མ་ཡིན། །སྣོད་སྟོང་ཐོགས་ཤིང་མོ་མཚན་སྟོན། །དམ་རྫས་མ་ཚང་མཚན་མ་ཡིན། །མི་སྙན་སྒྲ་ཡི་རྣམ་པ་སྨྲ། །གསང་སྔགས་ནོར་བར་གྱུར་པ་ཡིན། །བུ་ཡུག་འཇའ་དང་ན་བུན་གཏིབས། །ཉམས་པའི་གྲིབ་མ་བྱུང་བ་ཡིན། །ཆུང་མ་ཕྱི་མོའི་གཟུགས་སུ་སྟོན། །ལྟ་བ་ཉམས་པའི་མཚན་མ་ཡིན། །སེམས་ཅན་སྣ་ཚོགས་གཟུགས་སུ་སྟོན། །སྡིགས་དང་ཁྲོ་བ་སྣ་ཚོགས་བྱེད། །འགྲོ་ཞིང་ཁྲོ་ལ་སྙིང་མི་དགའ། །སྤྱོད་པ་ཉམས་པར་གྱུར་པ་ཡིན། །དེ་ལས་བཟློག་པའི་མཚན་མ་རྣམས། །འདོད་པར་གྱུར་པའི་མཚན་མ་ཡིན། །མ་དང་སྲིང་མོ་བྲན་མོ་སྟོན། །ལྟ་བས་དབང་བསྡུས་དོན་རྣམས་འགྲུབ། །འདི་དོན་ཤེས་པའི་རྣལ་འབྱོར་པས། །ཐམས་ཅད་འགྲུབ་པར་གདོན་མི་ཟ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། མཚན་རྣམ་པར་དབྱེ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ལྷ་མོ་བྱ་བ་མོས། །བཅོམ་ལྡན་མི་ཕམ་ཧེ་རུ་ཀ་ལ། །མཆོད་དེ་ཚིག་འདི་ཞུ་བ་གསོལ། །ཀྱེ་མ་བཅོམ་ལྡན་ཐབས་ཀྱི་བདག །ཉམས་མེད་ཐབས་ཀྱིས་ལས་མི་འགྲུབ། །གཟིར་བའི་ཐབས་ཀྱིས་དབང་བསྡུ་ཕྱིར། །དེ་ཡི་རིམ་པ་བདག་ལ་གསུངས། །དེ་སྐད་ཞུས་པས་གསན་ནས་ནི། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཉོན་ཅིག་ལྷ་མོ་བྱ་བ་མོ། །ཞེས་བོས་ནས། བསྙེན་དང་ཉེ་བར་མི་འགྱུར་ཞིང་། །བསྒྲུབས་དང་གྲུབ་པར་མི་འགྱུར་ལ བཅོལ་བའི་འཕྲིན་ལས་མི་བྱེད་ན། །མོ་མོ་གཟིར་བའི་ལས་ཐབས་བྱ། །དུར་ཁྲོད་ཆུ་གླིང་ལ་སོགས་སུ། །ཉ་གསུམ་ཚེས་གྲངས་གང་བཟང་ལ། །དཀྱིལ་འཁོར་ཚད་ལྡན་གྲུ་བཞི་བྱ། །དབུས་སུ་གྲུ་གསུམ་ཚད་དུ་བརྐོ། །དེ་ནས་ཡི་དྭགས་གོས་གྲུ་བཞི། །རྩིབས་བཞི་རྩིབས་ལ་ཡིག་འབྲུ་ནི། །མ་རའི་མཐའ་མ་སྙིང་པོས་བསྐོར། །གསུམ་ལ་ལྕགས་སྒྲོག་སེང་ལྡེང་ཕུར། །རིགས་གསུམ་ཁྲོ་བོར་བྱིན་བརླབས་བཞུགས། ཁུ་བཞིར་མདའ་མེ་ལོང་བཅས། །སྟེང་གུ་ཞིང་ལ་ཡོལ་དར་བྲིས། །སྲིན་པོ་དམ་རྫས་སྣ་ཚོགས་ཤིང་། །བདུད་རྩི་རཀྟ་གསུར་ཆེན་བསོག །བདག་ཉིད་ཏིང་འཛིན་ལེགས་ཞུགས་ལ། །པདྨ་དབང་ཆེན་སྐུར་བྱེད་ཐུགས། །ཧྲི་དམར་མཐའ་མ་སྙིང་པོས་བསྐོར། །དམ་ཚིག་ཕྱག་རྒྱས་གནས་ལྔར་བསྲུང་། །རང་སྔགས་སྙིང་པོ་འབུམ་ཁྲི་བཟླས། །དེ་ནས་མ་མོའི་སྙིང་པོ་ནི། །འབུམ་ཕྲག་གསུམ་དུ་བཟླས་པ་བྱ། །སྨྱོ་སྨྱོ་མ་ཤ་མུ་མ་ར་ག་ཤ་སི་ཙི་ཏ་མ་ཙམ་་ག་རུ་རུ་པ་ཙ་ལས་མ་ཡ་ཛ་ཛུ། ཧྲི་ཡི་འོད་ཟེར་དམར་ནག་གིས། །ལས་ཀྱི་མ་མོ་དབང་བསྡུ་སྟེ། །མར་ཐིམ་མ་མོ་ལུས་མདོག་གནག །རང་རང་མཆེ་གཙིགས་ཁ་བགྲད་ཅིང་། །མཚོན་ཆ་ཐོགས་ནས་འཐུན་གནས་འགྱུར། །དམ་ཚིག་ཉམས་པའི་ཉེས་པ་བསྒོ། །དེ་ཡིས་ལས་རྣམས་འགྲུབ་པར་འགྱུར། །དེས་དང་གྲུབ་པར་མ་གྱུར་ན། །སྔགས་འདི་རང་སྔགས་མཇུག་ལ་བཏགས། །པ་ཙ་པ་ཙ་ཚལ་པ་ཚལ་པ་སྙོ་དྷི་ཅིསྟི་མ་ར་ན་ཕཊ། ཁྲོ་བོས་དབུགས་མནན་མདངས་ཕྲལ་ཏེ། །བཅོ་ལྔའི་ཟླ་བ་གཟའ་བྱིན་ལྟར། ཁ་དོག་རྣམས་ནི་ཉམས་འགྱུར་འགྱེལ། །སྐུ་གསུང་ཐུགས་ཀྱི་ཕུར་པས་གདབ། །རཀྟའི་མཚོ་ལ་གནས་པ་ཡི། །ངན་སྔགས་བདག་པོ་ཁྱེད་བཞི་ཡང་། །དམ་ཚིག་ཉམས་པའི་ཉེས་པ་ཡིས། །ལུས་ངག་རྡོ་རྗེ་རྡུལ་དུ་ལྷོགས། །ཕུར་གདབ་སྙིང་ཁྲག་ཞལ་དུ་དྲང་། །རྣལ་འབྱོར་བསམ་གཏན་ལྡན་པ་ལ། །རང་གིས་སྙིང་པོ་ཕུལ་དམ་བཅའ། །དམ་ཚིག་ཉམས་དེ་འཕྲིན་ལས་བགྱིད། །དེ་སྐད་ཟེར་ནས་བྱུང་བ་དང་། །ཕུར་པ་སྟོན་ལ་སྔགས་འདིས་གསོ། །ས་མ་ཡ་ཨ་མྲི་ཐ་ན་ར་ཀ་ཀན་རག་མོ་ཁ་ཧི་ཧཱུཾ༷། གངས་རི་དཀར་ལ་ཉི་ཤར་བཞིན། །མདོག་དང་ལྡན་པར་གྱུར་པ་ལ། །དམ་རྫས་སྙིང་པོ་གཏོར་མ་གཏང་། །དེ་ནས་འཕྲིན་ལས་གང་ཡིན་བཅོལ། །རང་སྙིང་དམ་ཚིག་ཉམས་པ་ཡིས། །ལས་འདི་བརྩམས་ནས་རང་སྲོག་བཅད། །དེ་བས་བསྙེན་བསྒྲུབ་ཡུན་དུ་སྲིད། །དེ་བྱས་གང་ཡིན་འགྲུབ་པར་འགྱུར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། །མ་མོ་གཟིར་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་རྡོ་རྗེ་བྱ་བ་མོས། །མི་ཕམ་མགོན་ལ་འདི་སྐད་གསོ་པ། །ཀྱེ་མ་བཅོམ་ལྡན་འགྲོ་བའི་གཙོ། །དོན་རྣམས་འགྲུབ་ཕྱིར་གསང་སྔགས་ཀྱི། །བཏུ་བ་རྣམས་ནི་བདག་ལ་གསུངས། །དེ་སྐད་གསོལ་པས་བཅོམ་ལྡན་འདས། །མི་ཕམ་རྒྱལ་པོ་ཧེ་རུ་ཀས། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །ཉོན་ཅིག་རྡོ་རྗེ་བྱ་བ་མོས། །སྔགས་ཀྱི་བཏུ་བ་མ་བྱས་ན། །སྔགས་ཀྱི་སྒྲ་རྣམས་ཉམས་པར་འགྱུར། །དེ་དབང་བཟླས་པ་ཚིག་ཆད་པས། །བསྒྲུབས་དང་དོན་མེད་ཡལ་བར་འགྱུར། །དེ་ཕྱིར་སྔགས་ཀྱི་བཏུ་བ་གཅེས། །ཐབས་དང་ཤེས་རབ་ཡི་གེ་ལས། །སྔགས་རྣམས་ཐམས་ཅད་དེ་ལས་འབྱུང་། ཁྲར་ཕྱོགས་ཡི་གེ་བཅུ་དྲུག་ལ། །སྐུ་དང་ལྡན་པའི་ཡི་གེ་མགོ།དབང་པོ་ལག་གི་མཚོན་ཆ་གཉིས། །ལྔ་ཐ་སྐྱེད་པའི་ས་བོན་ཡེ། །གསུམ་དང་ད་མཐའ་ཨི་དང་ལྡན། །ལྔ་དང་ཨ་སྟེ་དྲུག་གསུམ་ལ། །དང་མཐའ་གཞག་པ་ཨི་དང་ལྡན། །ལྔ་གཉིས་དྲུག་གཉིས་མགོ་སྤྲས་ཨུ། །ལྔ་མཐའ་དྲུག་དང་རྐྱང་གཉིས་ཨ། །གཉིས་གསུམ་ཨ་སྟེ་བརྒྱད་མཐའ་རྟག །ཨོ་རྒྱན་ཨང་གི་སྟེང་དུ་མཛེས། །གྲྭ་ཧྭ་བསྲེག་པའི་དུས་སུ་སྦྱར། །སྐུ་ཡི་དངོས་པོ་གོང་མ་སྟེ། །དབང་པོའི་མཚོན་ཆ་དེ་བཞིན་ནོ། །དྲུག་གསུམ་ཤེས་རབ་ཨ་དང་ལྡན། །ལྔ་དང་ཨོ་ཡི་ཡན་ལག་གོ ཁྲེས་རབ་དང་པོ་དང་གསུམ་ཨ། །བདུན་དང་ཨུ་ཡི་ཡན་ལག་གོ །ལྔ་མཐའ་དང་གསུམ་བཞག་པ་ཨེ། །དབང་པོའི་མཚོན་ཆ་ཨ་དང་ལྡན། །གསུམ་པའི་གསུམ་ལ་ལྔ་གསུམ་སྦྱིན། ཁྲེས་རབ་ཨུ་ཡིས་ཡན་ལག་འོག །ལྔ་གཉིས་དྲུག་གཉིས་འོག་ནས་སྤྲས། །དང་མཐའ་བཞག་པ་ཨི་དང་ལྡན། །གཉིས་གསུམ་ཤེས་རབ་ཨ་དང་ལྡན། །ཐ་ལྟག་ཤེས་༄༅ རབ་བཅོ་ལྔ་སྟེང་། །ཤེས་རབ་ཨུ་ཡི་ཡན་ལག་གོ །གྲྭཧྭ་གོང་མ་ཉིད་ཤེས་བྱ། །ཡི་གེ་ཉི་ཤུ་ལྷོ་ཡིའོ། །ནུབ་ཀྱི་ཡི་གེ་ཉི་ཤུ་ལ། །སྐུ་ཡི་རང་བཞིན་དབང་པོ་མཚོན། །གོང་མ་ཉིད་ལས་ཤེས་པར་བྱ། །དང་གསུམ་ཤེས་རབ་ཨ་དང་ལྡན། །གསུམ་དང་དྲུག་གཉིས་འོག་སྤྲས་ཨ། །དང་གསུམ་ལྔ་མཐའ་རྐྱང་པ་ཨ། །གཉིས་གསུམ་དབང་པོ་མཚོན་ཆ་ནི། ཁོ༑ས་རབ་ཨ་སྟེ་དྲུག་དང་ལ། །དང་གསུམ་བཞག་པ་ཨ་ཡིན་ནོ། །བདུན་དང་ཨ་ཏེ་ཡན་ལག་མེད། །དང་གཉིས་དྲུག་གཉིས་འོག་ཏུ་སྤྲས། །ཨི་གཉིས་ཡན་ལག་གོང་དུའོ། །དྲུག་གཉིས་ཤེས་རབ་བཅོ་ལྔ་སྟེ། །མེ་སྟེ་ཤེས་རབ་ཨ་དང་ལྡན། །གཉིས་གསུམ་ཨ་སྟེ་མཐའ་ཐ་བརྟེག ཁོགོས་རབ་བཅོ་ལྔ་སྟེང་འོག་སྐྲུ། །སྲུཧྭ་གོང་མ་ལས་ཤེས་བྱ། །སྐུ་དང་དབང་པོའི་མཚོན་ཆ་ནི། །གོང་མ་ཉིད་ལ་ཤེས་པར་བྱ། །དང་པོའི་དང་པོ་ཨི་དང་ལྡན། །དྲུག་གསུམ་ཨི་ཡི་ཡན་ལག་སྟེང་། །ལྔ་དང་ཤེས་རབ་ཨི་དང་ལྡན། །གཉིས་དང་ཤེས་རབ་ཨ་དང་ལྡན། །དྲུག་གསུམ་ཤེས་རབ་ཨི་དང་ལྡན། །བརྒྱད་ཐ་ལྟག་ནི་ཤེས་པར་ཨོ། །ལྔ་བཞི་ཤེས་རབ་ཨ་དང་ལྡན། །དྲུག་དང་ཤེས་རབ་ཨ་དང་ལྡན། །གཉིས་གསུམ་ཤེས་རབ་ཨ་དང་ལྡན། །བརྒྱད་ཐ་ལྟག་ནི་ཤེས་རབ་ཨུ། ཁོ།ས་རབ་བཅོ་ལྔ་སྟེང་དུའོ། །གྲྭ་ཧྭ་གོངམབཞིནཏེ། །ཡིགེབཅོ་ལྔ་བྱང་གི་སྡེ། །བསྙེན་པའི་དུས་ཀྱི་གསང་སྔགས་ཡིན། །ཕྱི་ཡི་དུས་སུ་སྦྱར་བར་བྱ། །སྐུ་དང་དབང་པོའི་མཚོན་ཆ་ནི། །ཀུན་གྱི་འོག་སྟེ་ཐོག་མར་འགྲོ། །དང་པོ་ཡི་གེ་དྲུག་ཅུ་ལ། །གསུམ་བཞག་དེ་འོག་ཡི་གེ་གསུམ། །གསུམ་པ་ཡི་གེ་ཉི་ཤུ་ལ། །གསུམ་བཞག་དེ་འོག་ཡི་གེ་གཉིས། །དེ་འོག་གསུམ་བཞག་ད་སྟེང་གཉིས། །མཐའ་མའི་གསུམ་གཞག་དེ་འོག་གསུམ། །དེ་འོག་དང་པོ་མས་བཟློག་ནས། །ལྔ་བཞག་བསྐྱེད་པའི་ས་བོན་ནོ། །དེ་འོག་ཐ་ལྟག་མས་བཟློག་ནས། །བཞི་པོར་བསྐྱེད་པའི་ས་བོན་ལ། །གཉིས་པའི་ཡས་མར་བཞི་བཞག་ལ། །ལྔ་པར་གྲགས་པའི་ཡི་གེ་ལ། །ཐ་མའི་ཡས་མར་བཞི་བཞག་ལ། །ལྔ་པའི་གུ་གུ་དེ་ལ་སྤྱིན། །དགུག་གཞུག་ས་བོན་ཀུན་གྱིའོ། །ཡི་གེ་ཉི་ཤུ་རྩ་གཅིག་ནི། །ཡང་སྙིང་ཕྱི་ཡི་བསྒྲུབ་པའོ། །ནང་ནི་དང་པོ་ཡི་གེ་ནི། །བཅོ་ལྔ་སྐུ་ཡི་ས་བོན་འགོ །དྲུག་གཉིས་དང་གསུམ་བྱིན་པ་ཐབས། ཁྲེས་རབ་ཨ་སྟེ་ཐབས་ལྔའི་མཐའ། ཁྲེས་རབ་ཨོ་ནི་ཡན་ལག་སྟེང་། །དེ་འོག་གསུམ་ནི་གོང་མ་བཞིན། །ཐབས་ཀྱི་བདུན་མཐའ་འོག་ཏུ་ནི། །གཉིས་མཐའ་འོག་ཏུ་རྒྱན་པ་ཐབས། ཁྲེས་རབ་ཨི་ཡི་ཡན་ལག་སྟེང་། །ཐབས་ཀྱི་དང་ཐབས་དེ་ལ་སྦྱིན། །གཉིས་དང་དྲུག་གཉིས་སྟོང་བཞག་ཐབས། ཁྲེས་རབ་ཨ་དང་ལྡན་པའོ། །བདུན་དང་ལྔ་མཐའ་དྲུག་གསུམ་ཐབས། །ཐབས་ཀྱི་ལྔ་མཐའ་ཡི་གེ་བཞི། །ཐམས་ཅད་ཤེས་རབ་ཨ་དང་ལྡན། །ཐབས་ཀྱི་ལྔ་གསུམ་བརྒྱད་མཐའ་ལྷག །ཐབས་དྲུག་དང་པོས་འོག་རྒྱན་ཨོ། ཁྲར་ནས་བོད་པའི་གསང་སྔགས་ཡིན། །ལྷོ་ཕྱོགས་ཡི་གེ་ཉི་ཤུ་གཅིག །སྐུ་ཡི་ས་བོན་གོང་མ་བཞིན། །ཡི་གེ་དྲུག་པོ་དེ་བཞིན་གོང་། །ཐབས་དྲུག་གཉིས་པའི་ཡེ་གེ་བཞི། །གོང་གཉིས་ཤེས་རབ་ཨུ་སྤུ་ལ། །འོག་གཉིས་ཤེས་རབ་ཅོ་་སྐྲུས་མཛེས། །ཐབས་ཀྱི་གཉིས་དང་ལྔ་ཡི་དང་། །ཐབས་ཀྱི་དྲུག་གསུམ་སོ་སོར་བཞག །ཐམས་ཅད་ཤེས་རབ་ཨ་དང་ལྡན། །ཐབས་ཀྱི་བདུན་ཐ་འོག་ཏུ་ནི། །གཉིས་མཐའ་འོག་མཛེས་ཤེས་རབ་ཨི། །སྟེང་བཞག་ཐབས་ཀྱི་དང་མཐའ་བཞིན། །ཐབས་ཀྱི་དང་གཉིས་ཤེས་རབ་ས། །ཐབས་ཀྱི་དྲུག་གཉིས་ཐབས་དང་གསུམ། །སྦྱིན་བྱ་ཐབས་ཀྱི་ལྔ་ཐ་མ། །ཐམས་ཅད་ཤེས་རབ་ཨུ་དང་ལྡན། །ཐབས་ཀྱི་ལྔ་གསུམ་བརྒྱད་ཐ་ལྟག །ཐབས་ཀྱི་དྲུང་དང་འོག་ནས་མཛེས། ཁོ།ས་རབ་ཅོཏོ་ཡི་ཡན་ལག་སྟེང་། །ལྷོ་ནས་བོད་པའི་སྙིང་པོ་ཡིན། །སྐུ་དང་ཡི་གེ་དྲུག་པོ་ལ། །གོང་མ་ཉིད་ལས་ཤེས་པར་བྱའོ། །ཐབས་ཀྱི་གཉིས་དང་ཐབས་ལྔ་ཡི། །གསུམ་སྦྱིན་ཤེས་རབ་ཨ་དང་ལྡན། །ཐབས་ལྔའི་མཐའ་མ་ཤེས་རབ་ཨོ།། །གཉིས་སུ་བརྗོད་མ་གོང་མ་སྟེ། །ཐབས་དང་གཉིས་ལ་ཐབས་དྲུག་གིས། །གཉིས་ཀྱིས་འོག་སྤྲས་ཐབས་དང་གི །གསུམ་སྦྱིན་ཤེས་རབ་ཨ་དང་ལྡན། །ཐབས་ཀྱི་དྲུག་གསུམ་ཤེས་རབ་ཨ། །ཐབས་ཀྱི་ལྔ་མཐའ་ཤེས་རབ་ཨུ། །ཐབས་ཀྱི་བདུན་དང་ཐབས་ལྔའི་མཐའ། །འོག་སྤྲས་ཤེས་རབ་ཨ་དང་ལྡན། །མཐའ་ཡི་ཡི་གེ་གོང་མ་བཞིན། །ཡི་གེ་ཉི་ཤུ་ཐམ་པ་སྟེ། །ནུབ་ནས་བོད་པའི་སྙིང་པོ་ཡིན། །བྱང་གི་ཡི་གེ་ཉི་ཤུ་གཅིག །སྐུ་དང་ཡི་གེ་དྲུག་པོ་ཡིན། །གོང་མ་ཉིད་ལས་ཤེས་པར་བྱ། །ཐབས་ཀྱིས་གསུམ་དང་འོག་ཏུ་ནི། །ཐབས་ཀྱི་དྲུག་གཉིས་སྤྲས་དང་གསུམ། །ལྔ་མཐའ་ཤེས་རབ་ཨོ་སྟེང་ལྡན། །ཐབས་ཀྱི་བདུན་དང་ཐབས་དང་གི །གསུམ་བྱིན་ཤེས་རབ་ཨི་དང་ལྡན། །གཉིས་སུ་བརྗོད་པ་གོང་མ་བཞིན། །ཐབས་ཀྱི་བདུན་མཐའ་ཐབས་གཉིས་ཀྱི། །ཐ་མ་འོག་བརྒྱན་དང་ཐ་མཛེས། ་།ས་རབ་ཨི་ཡི་ཡན་ལག་སྟེང་། །ཐབས་ཀྱི་དང་གཉིས་ཤེས་རབ་ཨ། །ཐབས་ཀྱི་དྲུག་གཉིས་ཐབས་དང་གསུམ། །བྱིན་པ་ཤེས་རབ་ཨ་དང་ལྡན། །ཐབས་ཀྱི་མངའ་མཐའ་ཤེས་རབ་ཨ མཐའ་ཡི་ཡི་གེ་གོང་ཤེས་བྱ། །བྱང་ནས་བོད་པའི་སྙིང་པོ་སྟེ། །བསྙེན་པ་ནང་གི་དུས་སུའོ། །དེ་ནས་བསྒྲུབ་པའི་བསྙེན་པོ་ནི། །ཐབས་དྲུག་གཉིས་དང་ཐབས་དང་གསུམ། །ཐབས་ལྔའི་ཐ་མ་ཤེས་རབ་ཨོ་། །ཀུན་གྱི་ཐོག་མར་འདི་བསྐུལ་ལོ། །དང་པོ་ཡི་གེ་བཅོ་ལྔ་ལ། །མས་བཟློག་ཡི་གེ་ལྔ་བཞག་པ། །མ་དཀྲུགས་ཡིག་གསུམ་སོ་སོར་བཞག །གཉིས་པའི་ཡི་གེ་ཉི་ཤུ་གཅིག །མ་བཟློག་ཡི་གེ་བཅུ་གཉིས་གོང་། །ངེས་པའི་ཡི་གེ་གཉིས་གཟུང་བྱ། །གསུམ་པའི་ཡི་གེ་ཉི་ཤུ་ལ། །མས་བཟློག་ཡི་གེ་བརྒྱད་ཀྱི་གོང་། །ངེས་པའི་ཡི་གེ་གཉིས་ཤིག་གཟུང་། །ཐ་མའི་ཡི་གེ་ཉི་ཤུ་གཅིག །མས་བཟློག་ཡི་གེ་གཉིས་ཀྱི་ལྟག །ངེས་པའི་ཡི་གེ་ལྔ་རུ་བཟུང་། །ཕན་བདུན་སྔགས་ཀྱི་དང་པོ་ཡི། །ཡི་གེ་ལྔ་ནི་ངེས་པར་བཟུང་། །མས་དང་བཟློག་པ་ཡས་མར་བོད། །དེ་རྟིང་ལྷོ་ཕྱོགས་ཉི་ཤུ་གཅིག །ཐ་རྟག་ཡི་གེ་གཅིག་ཏུ་བཟུང་། །ལྷོ་ནས་བྱང་དུ་ཕྱིན་བྱས་ལ། །མས་བཟློག་ཡི་གེ་བདུན་བོར་ལ། ཁོགོས་རབ་ཡན་ལག་སྤངས་པ་ཡིས། །ཡི་གེ་གཉིས་ནི་ངེས་པར་བཟུང་། །བྱང་ནས་ནུབ་ཏུ་ཕྱིན་བྱས་ལ། །ནུབ་ཀྱི་ཡི་གེ་མས་བཟློག་པའི། །གཉིས་བོར་གོང་གཉིས་ཡས་མར་བོད། །ནུབ་ནས་ཤར་དུ་ཕྱིན་བྱས་ལ། ་།ར་གྱི་ཡི་གེ་མཐའ་གཉིས་བཟུང་། །ཡས་མར་བོར་བ་ཡང་སྙིང་སྟེ། །ཡི་གེ་ཉི་ཤུ་རྩ་བདུན་ནི། །བསྒྲུབ་པ་ནང་གི་སྙིང་པོ་ཡིན། །བསྐྱེད་པའི་ས་བོན་འབྲུ་བཞི་ནི། །བཅུ་གཉིས་པ་དང་བཅོ་བརྒྱད་པ། །བཅུ་གཅིག་པ་དང་བཅུ་གསུམ་པ། ཁོགོས་རབ་ཡན་ལག་མེད་པ་སྟེ། །ཕྱོགས་བཞིར་རང་རང་རིམས་སུ་ལྟུང་། །ཕྱི་ཡི་གཟེར་ཆེན་ལས་ཀྱི་སྔགས། །ཡི་གེ་སུམ་ཅུ་རྩ་བཞི་པ། །སྐུ་ཡི་སྙིང་པོ་རྫོགས་པར་ལྡན། །ཐབས་ཀྱི་བཞི་ཡི་གསུམ་པ་ནི། ཁྲེས་རབ་ཨུ་ཡི་ཡན་ལག་འོག །ཐབས་ཀྱི་བཞི་བ་བྱིན་པའོ། །ཐབས་ལྔའི་གཉིས་པ་ཐབས་དྲུག་གཉིས། །འོག་སྤྲོས་མངའ་མཐར་བྱིན་པ་ཨོ། །ཐབས་དང་ཐབས་དྲུག་གཉིས་ལྡན་ཨ། །ཡི་གེ་གསུམ་ནིགོངབཞིནནོ། །ཐབས་ཀྱི་བདུན་དང་ཤེས་རབ་ཨུ། །ཐབས་ཀྱི་གསུམ་དང་ཤེས་རབ་ཨི། །དེ་འོག་ཡིག་གསུམ་གོང་མ་བཞིན། །ཐབས་ཀྱི་དྲུག་དང་ཐབས་དང་གསུམ། །བྱིན་པས་ཤེས་རབ་ཨུ་འོག་ལྡན། །ཐབས་བཞིའི་དང་པོ་ཤེས་རབ་ཨི། །ཐབས་ཀྱི་བདུན་མཐའ་ཐབས་ལྔའི་མཐའ། །འོག་སྤྲས་ཐབས་ཀྱི་བཞི་མཐའ་སྤྱིན། ཁོགོས་རབ་ཨ་ཡི་ཡན་ལག་སྟེང་། །ཐབས་ཀྱི་བདུན་དང་ཐབས་དྲུག་གཉིས། །སོ་སོར་ཤེས་རབ་ཡ་དང་ལྡན། །ཐབས་ཀྱི་བདུན་དང་ཐབས་དྲུག་གསུམ། །བྱིན་པས་ཤེས་རབ་ཨ་དང་ལྡན། །ཐབས་དྲུག་གསུམ་ལ་ཐབས་བཞི་དང་། །འོག་ཏུ་སྤྲས་པས་ཤེས་རབ་ཨ། །ཐབས་དྲུག་གཉིས་ལ་ཐབས་གཉིས་མཐས། །འོག་སྤྲས་ཐབས་ཀྱི་གྲུ་གསུམ་སྦྱིན། ཁོ།ས་རབ་ཨི་ཡི་ཡན་ལག་སྟེང་། །ཐབས་ཀྱི་ལྔ་གསུམ་ཐབས་དྲུག་དང་། །བརྒྱད་ཐ་ལྟག་དང་ལྡན་པ་ཡིས། །འོག་བརྒྱན་ཤེས་རབ་ཅོ་་སྟེར་ལྡན། །ཐབས་ཀྱི་གསུམ་དང་ཐབས་དྲུག་གཉིས། །འོག་སྤྲས་ཐབས་ཀྱི་དང་གསུམ་སྦྱིན། ཁོ།ས་རབ་ཨ་སྟེ་ཐབས་བཞི་དང་། །འོག་ཏུ་ཤེས་རབ་ཨུ་ཡན་ལག །ཐབས་གཉིས་དང་ལ་ཐབས་དྲུག་གཉིས། །བྱིན་པས་ཤེས་རབ་ཨ་དང་ལྡན། །ཐབས་ཀྱི་བརྒྱད་དང་ཐབས་དྲུག་གཉིས། །འོག་སྤྲས་ཐབས་ཀྱི་གྲུ་གསུམ་སྤྱིན། ་།ས་རབ་ཨི་ཡི་ཡན་ལག་སྟེ། །ཐབས་ལྔའི་གསུམ་ལ་ཐབས་བརྒྱད་ལྟག །ཐབས་དྲུག་དང་པོས་འོག་ནས་བརྒྱན། ཁོགོས་རབ་ཡི་་ཡི་ཡན་ལག་སྟེང་། །རྟ་མ་བསྒྲུབས་པའི་དུས་སུ་སྦྱར། །དབབ་སྔགས་སུ་བསྟན་པ་ནི། །དེབཞིན་དེ་ལས་གཞན་མ་ནི། །ཐབས་བཞི་གཉིས་ལ་ཐབས་དང་གསུམ། །བྱིན་པས་ཤེས་རབ་ཨི་སྟེང་ལྡན། །ཐབས་གསུམ་མཐའ་ལ་ཐབས་དང་བཞི། །བྱིན་ཏེ་ཤེས་རབ་ཨི་སྟེང་ངོ་། །དང་པོའི་གྲངས་ནི་ཡི་གེ་གསུམ། ཁོགོས་རབ་ཨི་ཡི་ཡན་ལག་སྟེང་། །ཐབས་ལྔའི་མཐའ་ལ་ཐབས་བཞི་གསུམ། །བྱིན་པས་ཤེས་རབ་ཨི་དང་ལྡན། །ཐབས་ཀྱི་མདུན་དང་ཤེས་རབ་ཨུ། །ཐབས་ཀྱི་བདུན་དང་ཤེས་རབ་ཨུ། །ཐབས་ཀྱི་བཞི་དང་ཤེས་རབ་ཨི། །ཐབས་ཀྱི་ལྔ་གཉིས་ཐབས་དྲུག་གཉིས། །འོག་སྤྲས་ཐབས་ཀྱི་ལྔ་མཐའ་སྦྱིན། ཁྲེས་རབ་ཨོ་ཡི་ཡན་ལག་སྟེང་། །དེ་འོག་དགྲ་ནི་ཡི་གེ་གསུམ། ཁྲེས་རབ་ཨི་ཡི་ཡན་ལག་སྟེང་། །ཐབས་བཞིའི་གསུམ་ལ་ཐབས་དྲུག་གཉིས། །འོག་སྤྲས་ཐབས་དང་གསུམ་བྱིན་ཨ། །ཐབས་ལྔའི་གསུམ་པས་ཐབས་དང་གསུམ། །ཞབྲུལ་པས་འོག་ཏུ་ཐབས་དྲུག་དང་། །བརྒྱན་བྱས་སྟེང་དུ་ཐབས་དྲུག་གཉིས། །བཀོད་དེ་ཐབས་བཞིའི་གསུམ་པ་བྱིན། ཁེས་རབ་ཨ་དང་ལྡན་པའོ། །ག་་པའི་སྒྲ་ནི་ཤེས་རབ་ཨ། །ཐབས་ཀྱིས་བཞི་གསུམ་ཤེས་རབ་ཀྱི། །ཨུ་འོག་བཞི་གསུམ་དེ་ཉིད་བཞིན། །ཐབས་ལྔའི་གཉིས་ལ་ཐབས་དྲུག་གཉིས། །འོག་སྤྲས་ཐབས་ལྔའི་མཐའ་མ་བཞིན། ཁོགོས་རབ་ཨོ་ཡི་ཡན་ལག་སྟེང་། །ཐབས་བཞི་མཐའ་ལ་ཐབས་ལྔའི་མཐའ། །བྱིན་པས་ཤེས་རབ་ཨ་དང་ལྡན། །ཐབས་ལྔའི་མཐའ་ཡིས་བཞི་ཡི་གཉིས། །ཕུལ་ཏེ་ཐབས་ཀྱི་དང་མཐའ་དང་། །ཐབས་བདུན་མཐའ་སྦྱིན་ཡི་གེ་བཞི། ཁོ།ས་རབ་ཡོ།་སྟེང་གཅིག་པུ་བོད། །ཐབས་ལྔའི་གཉིས་འོག་ཐབས་དྲུག་དང་། །བརྒྱན་པས་ཤེས་རབ་ཨི་དང་ལྡན། །དགྲོལ་བའི་ཡི་གེ་བཅུ་ཡི་གྲངས། །དང་གསུམ་ཤེས་རབ་ཨ་དང་ལྡན། །དེ་འོག་ཡི་གེ་བཞི་ནི་ཐབས། །གསུམ་ནི་སྟེང་འོག་སྤྲས་པ་སྟེང་། །ཅིག་ནི་དཀྱུས་སུ་བྱིན་པ་ལ། ཁོ།ས་རབ་ཨོཏོ་ཡི་ཡན་ལག་སྟེང་། །དང་པོའི་གསུམ་ལ་དྲུག་གཉིས་བརྩེག །ཐབས་ཀྱི་གྲུ་གསུམ་དེ་ལ་སྤྱིན། ཁོ༑ས་རབ་ཡོཏོ་ཡི་ཡན་ལག་སྟེང་། །དེ་རྟིང་ཐབས་ཀྱི་ལྔ་མཐའ་ལ། ་གོས་རབ་གཉིས་འོག་འོག་ནས་མཛེས། ཁོ།ས་རབ་ཨི་ཡི་ཡན་ལག་སྟེང་། །ཐབས་ཀྱི་དྲུག་གཉིས་ཐབས་དང་མཐའ། །བྱིན་ཏེ་ཤེས་རབ་ཨ་དང་ལྡན། །ཐབས་ཀྱི་བདུན་མཐའ་ཐབས་བཞི་གསུམ། །བྱིན་པས་ཤེས་རབ་ཡོ།་དང་ལྡན། །དེ་རྟིང་ཐབས་ཀྱི་དང་པོ་ལ། །ཐབས་དྲུག་དང་པོས་འོག་ནས་མཛེས། །ཐབས་དྲུག་གཉིས་པས་སྟེང་བརྒྱན་ཨ། །ཐབས་ཀྱི་དང་མཐའ་དེ་ལ་སྤྱིན། །དེ་སྟེང་ཡི་གེ་གཉིས་བརྩེགས་ནི། །དབང་པོ་མཚོན་བྱེད་གཅད་པོ་སྒྲ། །དེ་རྟིང་གོང་མ་ཉིད་ཤེས་བྱ། །ཐབས་ཀྱི་མངའ་མཐའ་ཤེས་རབ་ཨོ། །ཐབས་ཀྱི་གཉིས་དང་ཤེས་རབ་ཨུ། །ཐབས་ཀྱི་དྲུག་གཉིས་ཤེས་རབ་ཨུ། །ཐབས་ཀྱི་ལྔ་གཉིས་ཐབས་གསུམ་དང་། །བྱིན་པ་ཤེས་རབ་ཨ་དང་ལྡན། །ཐབས་བཞིའི་གསུམ་ནི་འབུམ་བཅས་པ། ཁོགོས་རབ་ཨོ་ཡི་ཡན་ལག་སྟེང་། །ཐབས་བདུན་མཐའ་ལ་ཐབས་བཞི་དང་། །འོག་སྤྲས་ཤེས་རབ་ཨ་དང་ལྡན། །ཐབས་ལྔའི་དང་པོ་ཐབས་གསུམ་དང་། །གཉིས་སུ་བརྗོད་པ་སོ་སོ་བཞི། །ཐབས་ཀྱི་དྲུག་དང་ཐམས་ཅད་ཀུན། ཁོ༑ས་རབ་ཨ༷་ཡིས་ཁྱབ་པའོ། །ཡི་གེ་བརྒྱ་བཅུ་ཐམས་པ་ནི། །ནང་གི་རྟག་ལས་བཟླས་བསྔགས་ཏེ། །སྒྲུབ་པའི་དུས་སུ་སྦྱར་བར་བྱའོ། །འོད་སྟ་དོན་གྱི་ཐ་ཡིན་ཏེ། །བདུན་ཅུ་རྩ་བ་ཐབས་ལ་བྱུང་། །སྟེང་འོག་དཀྱུས་སུ་བགྲངས་པ་ནི། །ནང་གི་བསྒྲུབ་པ་གྲངས་ཀྱི་ཐོ། །སྲོག་སྙིང་ཐབས་ཀྱིས་སྟེང་འོག་བརྒྱན། །བསྐྱེད་པའི་ས་བོན་བཞི་བསྣན་ཐོ། །ཐབས་བདུན་ཐ་མའི་ཡི་གེ་ལ། །ཐས་རྟག་ཡི་གེ་བཞིས་བརྒྱན་ཐབས། །ལས་བཞི་དོན་གྲུབ་དོན་གྱི་ཐོ། །ཕན་ཚུན་གཉིས་ཀའི་ཐོ་རུ་བཤད། །དེ་ནས་ལས་སྔགས་མཆོག་གི་མཆོག །ཐབས་ཀྱི་དྲུག་གཉིས་སྟེང་དུ་ཨི། །ཐབས་ཀྱི་བདུན་དང་ཤེས་རབ་ཨ། །ཐབས་ཀྱི་དྲུག་དང་ཤེས་རབ་ཨ། །ཐབས་ཀྱི་ལྔ་དང་ཐབས་བཞི་གཉིས། །ཐབས་ཀྱི་དྲུག་གཉིས་སོ་སོ་གསུམ། །ཐམས་ཅད་ཤེས་རབ་ཨ་དང་ལྡན། །ཐབས་ཀྱི་དང་པོ་ཐབས་དྲུག་གཉིས། །གཉིས་ཀ་ཤེས་རབ་ཨུ་མགོ་ལྡན། །ཐབས་ཀྱི་ལྔ་མཐའ་ཤེས་རབ་ཨེ། །ཐབས་ཀྱི་མངའ་མཐའ་ཐབས་ཐ་ལྟག །སོ་སོའི་ཤེས་རབ་ཨ་དང་ལྡན། །ཐབས་ཀྱི་བཞི་བཟུང་འཕུལ་དང་བཅས། ཁྲེས་རབ་ཨོ་ཡི་ཡན་ལག་སྟེང་། །ཐབས་བདུན་མཐའ་ལ་ཐབས་བཞི་དང་། །འོག་སྤྲས་ཤེས་རབ་ཨ་དང་ལྡན། ཁྲེས་རབ་དང་ཅིག་བཞག་པ་ཡིན། །ཐབས་ཀྱི་མངའ་གསུམ་སྟེང་དུ་ཨེ། །ཐབས་ཀྱི་བདུན་དང་ཤེས་རབ་ཨུ། །ཐབས་ཀྱི་དྲུག་དང་ཤེས་རབ་ཨ། །དེ་གཏིང་ཤེས་རབ་དང་པོ་གཉིས། །སོ་སོའི་བཞག་ལ་དྲག་ཏུ་བོད། །ཐབས་བཞི་ཐ་ལྟག་ཤེས་རབ་ཨ། །ཐབས་དྲུག་གཉིས་ནི་ཤེས་རབ་ཨ། །ཐབས་ཀྱི་དང་པོ་ཤེས་རབ་ཨུ། །ཐབས་ཀྱི་བདུན་དང་དེ་བཞིན་ནི། །ཐབས་ལྔའི་མཐའ་ནི་ཤེས་རབ་ཨེ། །ཐབས་ཀྱི་བདུན་མཐའ་ཨ༷་དང་ལྡན། །ཐབས་ལྔའི་མཐའ་ལ་ཐབས་དྲུག་གཉིས། །འོག་སྤྲས་ཐབས་དང་གསུམ་བྱིན་ཨ། །ཐབས་བདུན་མཐའ་ལ་ཐབས་བརྒྱད་ལྟག །འོག་སྤྲས་ཤེས་རབ་ཨ་དང་ལྡན། །ཐ་ལྟག་ཤེས་རབ་ཨས་ཁྱབ་པ། །ལས་སྔགས་ཀུན་གྱི་མཆོག་ཡིན་ཏེ། །ཡི་གེ་སུམ་ཅུ་རྩ་གསུམ་ནི། །བསྒྲུབ་པའི་ཡང་སྙིང་གྲངས་ཀྱི་ཐོ། །ཕན་ཚུན་གཉིས་ཤེས་ནང་གི་ཐོ། །གཞན་ཡང་ཕྱི་ཡི་ལས་སྔགས་མཆོག །དཀྲུགས་པའི་ནང་གི་ལས་ཀྱི་སྔགས། །བརྒྱ་བཅུ་ཚན་པ་ལྔ་རུ་བགོ། །སྟེང་འོག་བོར་བ་བཅུ་གསུམ་ནི། །དཀྱུས་སུ་བགྲངས་པ་དང་པོའོ། །གཉིས་བཅོ་ལྔ་གསུམ་པ་ལ། །སྟེང་འོག་པ་དང་བཞིན་ནོ། །བཞི་པ་ལ་ཡང་བཅོ་ལྔ་སྟེ། །ལྔ་པ་བརྒྱད་དུ་ཤེས་པར་བྱ། །ཕྱི་ཡི་གཟེར་ཆེན་ལས་ཀྱི་བསྔགས། །ཡི་གེ་བཞི་བཅུ་རྩ་ལྔ་པ། །དྲུག་ཅུ་རྣམ་པར་བགོ་བར་བྱ། །དང་པོ་དཀྱུས་བགྲངས་བཞི་རུ་ཤེས། །དེ་འོག་དེ་གཉིས་དེ་གཏིང་ཡང་། །བཞི་རུ་ཤེས་བྱ་དེ་གཏིང་ལྔ། །ཐ་མ་ཐང་ལྟག་བརྒྱད་བརྒྱད་དོ། །སོ་སོར་པྱེ་ལ་གཅིག་བཏུ་བ། །དང་པོ་བཅུ་གསུམ་བདུན་འོག་གཅིག །བཅུ་གསུམ་འོག་མའི་དང་འོག་གཉིས། །ཡན་ལག་བྱིན་མེད་སོ་སོར་བཞག །དྲུག་ཐ་བརྒྱད་ཀྱི་ཐ་ལྟག་གཉིས། །བྱིན་པ་དེ་ལྟར་བརྒྱད་གོང་གི །དང་པོ་དང་འོག་སྡོམ་ལ་གཞག །བཅོ་ལྔ་དང་པོའི་གསུམ་འོག་གཅིག །དྲུག་ཐ་བརྒྱད་ཀྱི་དང་གཉིས་བཞག །བཅོ་ལྔ་ཐ་མའི་མཐའ་གཉིས་ལྟག །དྲུག་པའི་མཐའ་བརྒྱད་གསུམ་འོག་གཟུང་། །དེ་གཏིང་གཉིས་ནི་དེ་བཞིན་ནོ། །བཞི་གསུམ་ཐ་མའི་ཕྱེད་སྟོད་གཟུང་། །བཞི་ཚན་དང་པོའི་ཕྱེད་སྨད་བཟུང་། །དྲུག་ཚན་མཐའ་བརྒྱད་བཞི་ལྟག་གཟུང་། །ལྔ་ཚིགས་བཅུ་གསུམ་དང་པོ་གཉིས། །གོང་འོག་བཟློག་པའི་གོང་མ་ལ། །ཐ་ལྟག་བཅོ་ལྔའི་མཐའ་གཉིས་ལྟག །ལུས་མེད་ཞབས་བསྐྱེད་འོག་ཏུ་སྦྱིན། །དེ་རྟིང་དང་འོག་བཅོ་ལྔ་པའི། །ཐ་མའི་ཡི་གེ་བཞི་གཟུང་བྱ། །དེ་འོག་ལྔ་ཚིགས་བཅུ་གསུམ་པའི། །གཉིས་འོག་བཞིས་ཏེ་ཐ་མ་དརོག །དེ་རྟིང་དེ་ཡི་དང་པོ་གཉིས། །གོང་འོག་བཟློག་ལ་བཞག་པར་བྱའོ། །དེ་གཏིང་ལྔ་ཐ་བརྒྱད་ཐ་ལྟག །ཤེས་རབ་དང་པོ་གནམ་བཏུས་བཞག །བཞི་ཚན་དང་འོག་དང་གཉིས་བཞག །དྲུག་པའི་དང་པོ་དེ་གཏིང་ངོ་། །ལྔ་ཡི་ཐ་ལྟག་བཅོ་ལྔ་པའི། །ཐ་མ་གཉིས་བཞག་དེའོ་གཅིག །དེ་གཏིང་དེ་ཉིད་གཉིས་ཀ་སྦྱིན། །བཞི་ཚན་གསུམ་པའི་མཐའ་གཉིས་བཞག །ལྔ་ཡི་ཐ་ལྟས་བཅོ་ལྔའི་མཐའ། །གཉིས་བཞག་ཕྱི་ཡི་ལས་སྔགས་ཡིན། །ཡི་གེ་བཞི་བཅུ་རྩ་ལྔ་ནི། །ཕྱི་ཡི་ལས་སྔགས་གཅིག་གི་ཐོ། །ཕན་ཚུན་གཉིས་ཀ་ངེས་པའི་གྲངས། །མ་མཐུན་གཉིས་ཀ་སྐྱོན་ཟུག་པས། །མི་འགྲུབ་ཐེ་ཚོམ་བཞི་རུ་འགྱུར། །དེ་ནས་གསང་བའི་སྔགས་བཏུབ། །དང་པོའི་སྐུ་དང་ཡི་གེ་སྟེ། །སྲོག་སྙིང་དང་པོ་གཞུག་ནས་བཟློག །གཅིག་པོར་གཉིས་བཟུང་གསུམ་བོར་ལ། །བཞི་བཟུང་སོ་སོར་བཞག་པར་བྱ། །ཐ་མ་མས་ཡར་བཟློག་པ་ལས། །ལྔ་བོར་གཉིས་ནི་བཞག་པར་བྱ། །གཉིས་པ་འཇུག་ནས་མས་བཟློག་ན། །གཉིས་བོར་གསུམ་ནི་བཟུང་བྱས་ལ། །སྔར་བ་་འོག་ཏུ་བཞག་པར་བྱ། །དེ་རྟིང་ཡི་གེ་དྲུག་གཞག་པ། །ཀུན་གྱིས་བོད་པར་ཤེས་པར་བྱ། །དེ་ནས་བསྐྱེད་པའི་ས་བོན་བཞི། །ཙིཀྟ་ཞེས་པའི་ས་བོན་གཉིས། །རང་རང་མ་ནོར་བཞག་པར་བྱ། །ཐབས་བདུན་མཐའ་ལ་ཐབས་བཞི་གསུམ། །སོ་སོར་བཞག་པའི་འོག་མ་ལ། ཁྲེས་རབ་ཨུ་ཡི་ཡག་ལག་འོག །དམ་ཚིག་ཡི་གེ་གསུམ་ཡང་བཞག །ཧྲི་གཉིས་སྨྱོ་གཉིས་བཞག་པ་ལ། །དམ་ཚིག་འབྲུ་གསུམ་སྙིང་པོ་བཞག །ཐབས་གཉིས་གསུམ་པའི་ཡི་གེ་གཉིས། །ཚེ་གཅིག་བཅད་དེ་སོ་སོར་བཞག །གསང་བའི་བསྙེན་པའི་སྙིང་པོ་ཡིན། ཁྲར་ལྷོ་བསྐྱེད་པའི་ས་བོན་གཉིས། །ཐབས་ཀྱི་དྲུག་དང་ཡི་གེ་གསུམ། །སོ་སོར་བཞག་པས་གསོད་པར་འགྱུར། །ཐབས་ཀྱི་ལྔ་གསུམ་སྟེང་དུ་ནི། །ཐབས་ཀྱི་དྲུག་གཉིས་བཞག་བྱས་ལ། །ཐབས་ཀྱི་གཞི་ཡི་གསུམ་པ་སྦྱིན། །གསད་པ་བཏུབ་པའི་སྙིང་པོ་ཡིན། །ཛ༷༷ཧཱུཾ༷་བ༷་ཧོ་ཡི་གེ་བཞི། །ཕྱག་རྒྱ་བཞི་ཡི་སྙིང་པོ་ཡིན། །གང་ཞིག་སྨོས་པའི་མིང་བཅས་པ། །ཐབས་ཀྱི་བདུན་མཐའ་འོག་ཏུ་ནི། །ཐབས་ཀྱི་བཞི་དང་སྤྲོས་བྱས་ལ། །ཐབས་ཀྱི་ལྔ་མཐའ་སྦྱིན་པར་བྱ། །ཐབས་ཀྱི་ལྔ་གསུམ་གཞག་བྱས་ལ། །དེ་གཏིང་ཐབས་ཀྱི་བཞི་མཐའ་ལ། །ཐབས་ཀྱི་གསུམ་མཐའ་སྦྱིན་པར་བྱ། །ཐམས་ཅད་ཤེས་རབ་ཨ་དང་ལྡན། །སྲུན་པ་གཟིར་བའི་སྙིང་པོ་ཡིན། །ཨེ་འདུས་འཕང་བདུན་མིང་པོ་ཡིན། །སྔགས་རྣམས་གཞན་དུ་གསུངས་པ་ངེས། །བཏུ་མི་དགོས་པས་འདིར་མ་གསུངས། །དེ་ལ་སོག་ཏེ་སྔགས་ཀྱི་རྣམས། །བསམ་མི་ཁྱབ་པར་གསུངས་པ་ཀུན། །དེ་ཡི་ཡོན་ཏན་བསམ་མི་ཁྱབ། །མ་བཏུས་སྔགས་ལ་ཐེ་ཚོམ་སྐྱེས། །སྔགས་ཀྱི་དགྲ་ནི་ཐེ་ཚོམ་སྟེ། །ཐེ་ཚོམ་སྤངས་ཏེ་བསྒྲུབ་བྱས་ན། །དེ་ཚེ་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། སྔགས་བཏུ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ལྟ་མོ་བྱ་བ་མོས། །མཆོད་པ་དུ་མས་རབ་མཆོད་ནས། །རྒྱལ་བའི་གཙོ་ལ་འདི་སྐད་གསོལ། །ཀྱེ་མ་བཅོམ་ལྡན་འཕྲིན་ལས་བདག །དངོས་གྲུབ་མྱུར་དུ་བསྒྲུབ་བྱ་དང་། །ལས་རྣམས་མཐའ་རུ་ཕྱིན་འགྱུར་བའི། །འཕྲིན་ལས་རྣམས་ནི་བདག་ལ་གསུངས། །དེ་སྐད་གསོལ་པས་གསན་ནས་ནི། །གསུང་ནི་འདི་སྐད་བཀའ་སྩལ་ཏོ། །དཀྱིལ་འཁོར་བཟང་པོ་བྱ་བ་ནི། །དབུས་སུ་ཟླ་ཁ༷་ཁྲུ་གང་ཚད། །ཟབས་སུ་ཁྲུ་ཕྱེད་བང་རིམ་ལྡན། །ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ། །བང་རིམ་གཉིས་ནི་མུ་ཁྱུད་བཞིན། །བདུད་རྩི་ལྔ་དང་རཀྟ་ལྔས། །དཀྱིལ་འཁོར་ཆག་ཆག་ལེགས་པར་བྱུག །དབུས་སུ་རྡོ་རྗེ་ཕྱོགས་བཞི་བྲི། །ཕྱག་མཚན་དགོད་པའི་རིམ་པའོ། །ཡ༷་ཤིང་རྟ་རྒའི་ཤིང་བུ་ནི། །ཆ་གང་སྔོ་ཡི་ཆུ་ལ་སྦང་། །བུད་ཤིང་རོ་ཡི་ཤིང་བུ་ལ། །ཕོ་བྲང་དབྱིབས་བཞིན་བརྩིག་པར་བྱ། །བདུད་རྩི་ལྔས་བཀང་བན་དྷ་ནི། །བདག་ཉིད་མདུན་དུ་བཞག་པར་བྱ། །མེ་ཏོག་ལ་སོགས་རྣམ་ལྔ་བཤམ། །ཡ༷་ཤིང་རཀྟས་སྣ་དྲངས་ལ། །སྔོ་རྣམས་དང་ནི་འོ་མ་བཞག །དེ་ནས་རྣལ་འབྱོར་བདག་ཉིད་ཀྱིས། །ལས་ཀྱི་ང་རྒྱལ་ལྡན་བྱས་ལ། །སྒྱུ༷་ལས་འཁོར་ལོ་འབར་བ་བསྐྱེད། །དེ་སྟེང་ཧྲི་ལས་དབང་གི་ལྷ། །ཐམས་ཅད་རྫོགས་པར་བསྐྱེད་པར་བྱ། །དེ་ལ་མཆོད་པས་མཉེས་པར་བྱ། །ཐུགས་ཁའི་ཧྲི་ལས་འོད་བྱུང་བས། །ཡབ་ཡུམ་གཉིས་མེད་འོད་དུ་ཞུ། །འོད་དཔུང་ལས་ནི་ཧཱུཾ༷་དུ་གྱུར། །དེ་ལས་མེ་ལྷ་ཡབ་ཡུམ་བསྐྱེད། །རྒྱན་རྣམས་ཐམས་ཅད་རྫོགས་པ་དང་། །ཐུགས་ཁར་མ་མོའི་འབྲུ་བཞི་ལས། །སྟག་སྲིན་ལ་སོགས་མ་མོ་བཞི། །སྐུ་མདོག་ཕྱག་མཚན་གསལ་བར་བསྐྱེད། །བདུད་རྩིའི་ཆུ་ཡིས་གསང་བར་བྱ། །ཡེ་ཤེས་མེ་ལྷ་དགུག་པ་ནི། །ཕྱག་རྒྱ་བཞི་ཡི་ལས་བྱ་ཡིན། །དེ་ལ་མཆོད་པ་རྫོགས་བྱས་ལ། །བསྟོད་དེ་མ་མོའི་མཆོད་པ་ཡང་། །རྫོགས་པར་གོང་མ་ཉིད་ཤེས་བྱ། །མཆོད་པའི་སྔགས་ནི་རང་རང་གི །མིང་དང་བཅས་པ་བདུན་བདུན་དབུལ། །བསྟོད་དེ་བཅོལ་བའི་ལས་རྣམས་བྱ། །ཐལ་འཇིམ་དམིགས་པའི་ཕྱོགས་སུ་འཕང་། །ཡེ་ཤེས་སྤྱན་དྲངས་མཆོད་བྱས་ལ། །གཤེགས་གསོལ་དམ་ཚིག་ཐུགས་ཁར་བསྡུ། །དབང་སྟེང་དབབ་པའི་ལས་ལ་ཤིས། །དེ་ནས་གསད་པའི་རིམ་པ་ནི། ཁུ་གསུམ་ཨེ་ཡི་དཀྱིལ་འཁོར་ལ། །མཐིང་ནག་འབར་བའི་སྐུར་བསྒོམས་ལ། །གསད་པའི་ལས་སུ་སྲེག་བྱ་བ། །དཀྱིལ་འཁོར་གྲུ་བཞི་གོང་མའི་ཚད། །དབུས་སུ་གྲུ་གསུམ་ཁྲུ་གང་ལ། །ཟབས་སུ་ཁྲུ་པྱེད་བང་རིམ་ལ། །སོར་བཞི་པ་ཡི་ཚད་དུ་གཉིས། །ཐོད་པ་དང་ནི་རྡོ་རྗེས་བརྒྱན། །ནང་དུ་འཁོར་ལོ་རྩིབས་བཞི་ནི། །རྣམ་ལྔས་སྦྲུས་པའི་འཇིམ་པ་ལ། །ཁྲག་སྣ་ལྔ་དང་རོ་བསྲེགས་སོལ། །དུག་དང་སྦྱར་བའི་ཆུ་ཡིས་བྱུག །བུད་ཤིང་གདུག་པའི་ཤིང་བུ་ནི། །དཀྱིལ་འཁོར་རྩིབས་བཞིན་བརྩིག་པར་བྱ། །ཡ༷་ཤིང་ཚེར་མ་ཅན་གྱི་ཤིང་། །རིང་ཐུང་ཚད་ནི་མཛུབ་གང་སྟེ། །ཕྱག་གང་ཁྲག་གི་ཆུ་ལ་སྤང་། །རྫས་ཀྱི་ཁ་དོག་ནག་པོར་བྱུག ་ཁྲགསྣཚོགསདུགསྣཚོགས། །བསྲེག་པའི་རྫས་ནི་ཐམས་ཅད་བཤམ། །དམིགས་པ་ལེགས་བྱས་ལིང་ཁ་དེ། །བདག་ཉིད་རྐང་པའི་འོག་ཏུ་གཞུག །ལས་ཀྱི་དམ་ཚིག་ལྡན་བྱས་ལ། །ཐབ་ཁུང་བདུད་རྩི་ཆུ་ཡིས་བསང་། །དེ་ནས་སྲིན་པོའི་མེ་བླངས་ཏེ། །ར་ལས་བསྐྱེད་པའི་མེ་སྦར་ལ། །མེ་དཀྱིལ་ཨ་ལས་གཞལ་ཡས་ཁང་། །དེ་ནང་དམ་ཚིག་མ་མོ་བསྐྱེད། །ལས་ཀྱི་མ་མོ་སྤྱན་དྲངས་ལ། །བསྟིམ་ལ་བདུད་རྩི་ཆུ་ཡིས་བསང་། །མཆོད་པའི་རིམ་པ་རྫོགས་པ་དང་། །བསྟོད་དེ་ཡོངས་སུ་གྱུར་པ་ལས། །མེ་ལྷ་ཡབ་ཡུམ་རྫོགས་པར་བསྐྱེད། །ཡེ་ཤེས་མེ་ལྷ་གནས་ནས་དགུག །གོང་མའི་སྔགས་ཀྱིས་ལས་རྣམས་བྱ། །བསྟིམ་ནས་མཆོད་པ་རྣམ་ལྔ་དབུལ། །དེ་ཡི་ཐུགས་ཁར་མཆོད་པའི་གནས། །ས་བོན་ལས་ནི་རྫོགས་པར་བྱ། །མཆོད་པའི་གནས་ནི་ར༷་གྱིས་སོ། །དེ་ལ་མཆོད་པའི་རིམ་པ་ནི། །རང་རང་སྔགས་ཀྱིས་དབུལ་བར་བྱ། །དེ་ནས་ཞབས་འོག་གཟུགས་བརྙན་ལ། །གང་ཡིན་བཀུག་ལ་དེར་བསྟིམ་ལ། །སྔགས་བཟླས་མཚོན་གྱིས་གཏུབས་བྱས་ལ། །མིང་རུས་སྔགས་སྒྲགས་བྱས་ནས་ནི། །དུམ་བུ་མེ་ཡི་ལྷ་ལ་དབུལ། །འཁོར་དང་བཅས་པས་གསོལ་བར་བསམ། །སྤྱན་དྲངས་དམ་ཚིག་གཉིས་ཕྱེ་ལ། །མཆོད་དེ་བསྟོད་ལ་གཤེགས་སུ་གསོལ། །དམ་ཚིག་བདག་གི་ཐུགས་ཁར་བསྡུ། །འདི་ནི་རླག་པའི་ལས་མཆོག་སྟེ། །གསད་པའི་ལས་ལ་རབ་ཏུ་ཤིས། །དེ་ནས་ཞི་སྟེ་བཟློག་བྱ་བ། །དཀྱིལ་འཁོར་གྲུ་བཞི་དཀྱིལ་ཉིད་དུ། །དབུས་སུ་ཆ་གང་ཁྲུ་ཕྱེད་ནི། །བང་རིམ་བཅས་པ་ཟླུམ་པོར་བྱ། །འཁོར་ལོ་པདྨ་ལྕེ་བཞི་ནི། །ཙན་དན་དཀར་པོའི་ཆུ་ཡིས་བྱུག །ཡ༷་ཤིང་དཀར་ལ་བསྙེན་པ་ཡིས། །འོ་མ་ཅན་གྱི་ཤིང་བུ་དང་། །ཙན་དན་དཀར་པོའི་ཆུ་ལ་སྤང་། །བུད་ཤིང་དཀར་པོའི་ཤིང་བུ་ཉིད། །དཀྱིལ་འཁོར་དབྱིབས་བཞིན་བརྩིག་པར་བྱའོ། །ཞོ་དང་འོ་མ་དཀར་བའི་རྫས། །མཆོད་པའི་རྫས་ནི་ཐམས་ཅད་བསོག །ལས་ཀྱི་ལྷ་ནི་གསལ་བྱས་ལ། །ཐབ་ཁུང་བདུད་རྩི་ཆུ་ཡིས་བསང་། །གཙུབ་ཤིང་ལས་བྱུང་མེ་སྦར་ལ། །མེ་དཀྱིལ་པ༷་ལས་པདྨ་བསྐྱེད། །དེ་སྟེང་རང་གི་ལྷ་བསྐྱེད་ལ། །མཆོད་པའི་རིམ་པ་རྫོགས་པ་དང་། །འོད་དུ་མེ་ལྷ་ཡབ་ཡུམ་བསྐྱེད། །ཐུགས་ཁར་གནས་པ་ཡོངས་རྫོགས་ཏེ། །ཡེ་ཤེས་མེ་ལྷ་འཁོར་བཅས་དགུག །བདག་ཉིད་མདུན་དུ་དམིགས་བསམ་ལ། །བདུད་རྩི་ཆུ་ཡིས་བསང་བར་བྱ། །དེ་ལ་མཆོད་པ་རྫོགས་པར་དབུལ། །སྔགས་ལ་སྲུངས་ཤིག་མིང་དང་བཅས། །བདག་ཉིད་བློ་ཡིས་བསླང་བར་བྱ། །སྤྱན་དྲངས་མེ་ལྷ་འཁོར་བཅས་ཏེ། །མཆོད་པ་ཕུལ་ལ་གཤེགས་སུ་གསོལ། །དམ་ཚིག་ལྷ་ནི་ཐུགས་ཁར་བསྡུ། །བསྲུང་བའི་གསང་སྔགས་རྒྱན་དུ་བཟློས། །འདི་ནི་གཅས་པའི་མཆོག་ཡིན་ཏེ། །ཞི་བའི་ཚུལ་དུ་བསྲེགས་བྱས་ན། །བསྲུང་བའི་ལས་ལ་རབ་ཏུ་ཤིས། །དེ་ནས་རྒྱས་པར་གསད་བསྲུང་བ། །དཀྱིལ་འཁོར་བཟང་པོ་དཀྱིལ་ཉིད་དུ། །དབུས་སུ་གྲུ་བཞི་ཁྲུ་གང་བྱ། །ཟབས་སུ་ཁྲུ་ཕྱེད་བང་རིམ་གཉིས། །ཐོད་པ་རྡོ་རྗེས་བསྐོར་བར་བྱ། །དབུས་སུ་འཁོར་ལོ་རྩིབས་བཞི་ལ། །གུར་གུམ་སེར་པོའི་ཆུ་ཡིས་བྱུག །ཡ༷་ཤིང་སེར་པོའི་ཤིང་བུ་ནི། །རིང་ཐུང་ཞི་བའི་ཚུལ་དུ་བྱའོ། །བུད་ཤིང་སེར་པོའི་ཤིང་བུ་ལ། །དཀྱིལ་འཁོར་དབྱིབས་བཞིན་བརྩིག་པར་བྱ། །མཆོད་པའི་རྫས་ནི་རིམས་བཞིན་དགོད། །ལས་ཀྱི་ལྷ་ནི་གསལ་བྱས་ལ། །ཐབ་ཁུང་དུད་རྩིའི་ཆུ་ཡིས་བསང་། །རྒྱལ་པོའི་ཁྱིམ་ནས་མེ་བླངས་ཏེ། །མེ་སྦར་མེ་དཀྱིལ་སྦྱུ༷་བསམ་ལ། །དེ་ལས་འཁོར་ལོ་གཟུགས་སུ་གྱུར། །དེ་སྟེངས་རང་གི་ལྷ་བསྐྱེད་ལ། །མཆོད་པ་རྣམས་ནི་རྫོགས་པར་བྱ། །བསྟོད་དེ་འོད་དུ་མེ་ལྟར་གྱུར། །ཐུགས་ཁར་ལྷ་ནི་ཡོངས་སུ་རྫོགས། །དེ་རྗེས་ཡེ་ཤེས་མེ་ལྷ་དགག །བདུད་རྩི་ཆུ་ཡིས་བསང་བར་བྱ། །བསྟིམས་ལ་མཆོད་པ་ཡོངས་རྫོགས་བྱ། །བདུད་རྩི་ཆུ་ཡིས་ཁྲུས་བྱས་ལ། །གསང་སྔགས་དེ་ཡི་མགུལ་དུ་གདགས། །མཐའ་ཡི་འཕྲིན་ལས་བཅོལ་བ་ནི། །མེ་ལྷའི་རྒྱལ་པོ་ཨསྣེ་དང་། །ལས་ཀྱི་མ་མོ་ཁྱེད་རྣམས་ཀྱིས། །བདག་གི་འཕྲིན་ལས་འདི་ལྟ་བུ། །ཁྱེད་རྣམས་ཡོངས་ཀྱིས་གྲུབ་པར་མཛོད། །དེ་སྐད་བརྗོད་ལ་སྤྱན་དྲངས་ཏེ། །མཆོད་ཅིང་བསྟོད་ལ་དེ་གཤེགས་བྱ། །དམ་ཚིག་བདག་གི་ཐུགས་ཁར་བསྡུ། །སྲུང་བའི་ཕྱིར་ན་རྒྱས་པ་ཡིན། །ཞེས་སུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐམས་ཅད་འཇོམས་བྱེད་འབར་བ་ལས། འཕྲིན་ལས་རྣམ་པ་བཞིའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་འཁོར་རྣམས་ཀྱིས་སྟོན་པ་དང་། རྡོ་རྗེས་བྱ་བ་མོ་ལ་འདི་སྐད་ཅེས་བསྟོད་དོ། །ཨེ་མ་ཧོ་བཅོམ་ལྡན་ཧེ་རུ་ཀ །བདེ་གཤེགས་ཀུན་གྱི་ཆེ་བའི་མཆོག །སྐུ་གསུང་ཐུགས་ཀྱི་བདག་ཉིད་གཙོ། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །སྟོན་པ་དང་ནི་དབྱེར་མེད་པའི། །སྐུ་གསུང་ཐུགས་ལས་སྤྲུལ་པ་ཁྱོད། །ཐེ་ཚོམ་ཐམས་ཅད་གཅོད་ལ་མཁས། །དོན་འབྱིན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །སོ་སོ་རང་རང་གཟུགས་ཀྱིས་འདུལ། །དོན་རྣམས་ཐམས་ཅད་འགྲུབ་བྱེད་པ། །གསང་བའི་ཡུམ་མཆོག་ཁྱོད་ལ་བསྟོད། །དེ་ནས་རྡོ་རྗེ་བྱ་བ་མོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས། བདག་ཅག་གིས་རྒྱུད་འདི་ལ་ཇི་ལྟར་བལྟ་བར་བགྱི། །གང་ཇི་ལྟ་བུའི་དོན་ཤེས་པར་བགྱི། །བཤད་ཅིང་གསུངས་པའི་དོན་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་བྱ་བ་མོ། ངས་བཤད་ཅིང་བརྗོད་པ་ནི་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པར་རུང་བ་མ་ཡིན་ནོ། །དེ་བས་ཀུན་རྫོབ་སྒྱུ་མ་ཙམ་དུ་གྱིས་ཤིག །ནོར་བུ་རིན་པོ་ཆེ་ལྟ་བུར་བཟུང་བར་གྱིས་ཤིག །དེ་སྐད་ཅེས་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ་ནི་མཉམ་པ་ཉིད་ལས་དམིགས་ཏེ་ཅང་མི་གསུང་བར་བཞུགས་སོ། །རྡོ་རྗེ་བྱ་བ་མོ་ནི་བཅོམ་ལྡན་འདས་ཀྱི་ཐུགས་བཞུགས་པར་གྱུར་ཏོ། །འཁོར་མ་མོ་རྣམས་ནི་མཉམ་པའི་ངང་དུ་མི་སྣང་བར་གྱུར་རོ། །འཇིག་རྟེན་གྱི་མ་མོ་རྣམས་ནི་དམ་པ་ཆོས་སྐྱོང་བའི་བསྲུང་མར་གྱུར་ཏོ། ཁུད་ཀྱི་རྒྱལ་པོ་ཆེན་པོ་ཐམ་ཅད་འཇོམ་བྱེད་འབར་བ་ལས། ཁུད་གཏད་པའི་ལེའུ་སྟེ་བརྩདགུ་པའོ།། །ཁུད་ཀྱི་རྒྱལ་པོ་ཆེན་པོ་ཐམ་ཅད་འཇོམ་བྱེད་འབར་བ་ཞེ་བྱ་བ་དངོ་པོ་བསྟན་པ་རྫོག་སོ།། །།བྲམ་ཟེ་མཆོག་སྲེད་ཟླ་བ་་༷ སྐྲི་ཏོཛེ་སྐད་ལས། བོད་ཀྱི་ལོ་ཙ་ཨུ་ནན་དགའ་བ་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཨེ་མ་མན་ཏྲ་ཀྲ་དྷ་ན་པྲ༷་ཀྲ༷་ཏྲ༷་ཏྲ་རྭ་ཛ། བོད་སྐད་དུ། དྲག་པོ་