Ngb-pt-0637-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

པ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །། རྒྱ་གར་སྐད་དུ། ཡ་མ་ར་ཛ་ལ་ཏ་ཡ་ཀྭ་ཡ་ན་མ་མ་ཏན་ཏྲ། བོད་སྐད་དུ། གཤིན་རྗེ་ཟློག་བྱེད་འཆར་ཀ་ནག་པོ་རྩ་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་ནག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད། ཆོས་ཀྱི་སྐུ་ལས་སྤྲུལ་བའི་སྐུར་སྤྲུལ་ནས། རི་རབ་ཀྱི་ཕྱོགས་སུ་དུར་ཁྲོད་ཆེན་པོ་རབ་ཏུ་འཇིགས་པ་ཅན་ཞེས་བྱ་བའི་ནང་ན། དཀྱིལ་འཁོར་སྒོ་བཞི་མུ་ཁྱུད་དང་བཅས་པ། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་ན། བསྐལ་པའི་མེ་རི་དམར་ནག་རབ་ཏུ་འབར་བ། ཐ་མ་ལྕགས་རི་ནག་བོས་རབ་ཏུ་བསྐོར་ནས་བཞུགས་སོ། །དེའི་འཁོར་ནི། གཤིན་རྗེ་ཆོས་ཀྱི་རྒྱལ་པོ། དམིགས་དམར། ཡ་བ་ཏི་དང་། དུད་ཁ་དང་། དམིགས་པ་དང་།ཏེལ་པ་དང་། རལ་བ་ཚར་རྒུད་དང་། ཕྱ་སངས་ལ་སོགས་པ་མཚོན་ཐོགས་པའི་ལྷ་མང་པོ་དང་། གཞན་ཡང་ཡབ་རྗེ་ནག་པོ་དང་། ནག་པོ་སྐྲག་མེད་ལ་སོགས་པ་ཁྲམ་ཐོགས་པའི་བདུད་མང་པོ་དང་།ཡམ་ཤུད་དམར་པོ་དང་། ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་།སོགས་པ་གྲི་ཐོགས་པའི་གྱིང་མང་པོ་དང་། ནམ་གྲུ་མ་དང་ཤ་ཟ་ལ་སོགས་པ་ཁྲག་ཐོགས་པའི་མ་མོ་དཔག་ཏུ་མེད་པ་དང་། ལྕེ་སྐྲག་མའི་ཀུན་དུག་མ་ལ་སོགས་པའི་བལ་མོ་མང་པོ་དང་། ཟླ་བ་དང་མིག་དམར་ལ་སོགས་པའི་ཤོད་དྷི་ཐོགས་པའི་གཟའ་མང་པོ་དང་། ནད་ཀྱི་རྐྱལ་པ་དང་མཚོན་ཆ་ཐོགས་པའི་ཤན་པ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་སོ། །གཞན་ཡང་དུར་ཁྲོད་ཆེན་པོ་འཇིགས་པ་ཅན་དེ་ན། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང་། ཀླུ་དང་། མཁའ་འགྲོ་མ་དང་། ལྷན་ཅིག་སྐྱེས་མའི་འདྲེ་མང་པོ་དང་། སྤྱང་ཀི་དང་། ལྕེ་སྤྱང་དང་། ཀྱི་ལི་ལུ་དང་། དོམ་དང་། དྲེད་དང་། སྟག་དང་། གཟིག་དང་། གུང་ལ་སོགས་པ་མང་པོ་དང་། སྒྱུང་ཀ་དང་། འུག་པ་ས་ལ་བུབ་ཅིང་འགྱེལ། མྱོས་པར་འགྱུར་རོ། །དེ་ནས་བདུད་ཀྱི་རྒྱལ་པོ་བཞིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཉོན་ཅིག་བཅོམ་ལྡན་བདུད་ལས་རྒྱལ། །སྐུ་མདོག་མཐིང་ན་ག་འཇིགས་པའོ། །བདག་འདྲ་སེམས་ཅན་ཉམ་ཐག་རྣམས། །ཐུགས་རྗེའི་དབང་གིས་སྐྱབས་སུ་གསོལ། །ཅེས་གསོལ་བ་དང་། དེར་བདུད་བཞི་པོ་རང་གི་སྡེ་དང་བཅས་པ་བ་་ལོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བསམ་ཏན་བདེ་བ་དེ་ཉིད་དུ་སངས་རྒྱསསོ། །དེནསགཤིནརྗེའཆར་ཀ་ནག་པོ་འདི་ཕ་དང་མ་ནི་གང།མཛད་པའི་ལས་སྐལ་ནི་གང་ལ་བསྐོས། ཞེས་གསོལ་པ་དང་། ཆོས་ཀྱི་རྒྱལ་པོ་ཉོན་ཅིག །ལྷ་དབང་ཕྱུག་ཆེན་པོ་ཞེས་བྱ་བ། འདོད་པའི་ཁམས་ན་དབང་ཆེ་བ་དེ་དང་། མ་ནི་ཀླུ་མོ་གཉིས་ཀྱི་བུ། འཆར་ཀ་ནག་པོ་ཞེས་བྱ་བ་ཡིན་ཏེ། དེ་ཡང་ཇི་ལྟར་ཡིན་ཞེ་ན། དང་པོ་ལྷ་དང་བདུད་གཉིས་འཐབས་པའི་དུས་སུ། བདུད་གཞན་ཐམས་ཅད་ཐུལ་ཡང་། །བདུད་མ་ཏྲ༷་རུ་ཏྲ་མ་ཐུལ་ལོ། །དེར་ལྷ་རྣམས་གྲོས་བྱས་ནས། འདོད་པའི་ཁམས་འདི་ནས་དབང་ཆེ་བའི་དབང་ཕྱུག་ཆེན་པོ་ལ། ཁྱོད་ལས་དབང་ཆེ་བ་མེད་པས། ལྷ་རྣམས་ཀྱི་དཔོན་ཡིན་པ་ལས། བདུད་མ་ཏྲ༷་རུ་ཊ་མ་ཐུལ་བས། ཇི་ལྟར་བྱ་བྱས་བས། དེར་དབང་ཕྱུག་ཆེན་པོ་ཞེ་སྡང་སྐྱེས་ནས། མཆོད་པ་བྱས་ནས་གསོལ་བ་བཏབ་བས། ངས་ཀླུ་མོ་དང་སྦྱོར་བ་བྱས་པས། བདུད་མ་ཏྲ༷་རུ་དྲའི་གཤེད་པོ་དང་། སྙེན་པོ་བྱེད་པའི་བུ་ཅུང་གཅིག་དགོས་བྱས་པས། འཁྲིག་པ་བྱས་ནས། བུ་ལྕགས་ཀྱི་གྲོད་པ་གཅིག་བྱུང་ངོ་། །དབང་ཕྱུག་ཆེན་པོས་འཁྲིད་ནས། གཤིན་རྗེ་ལ་བསྟན་པས། དེ་ལ་དུག་གི་བེ་ཅོན་རྡོ་རྗེ་ཅིག་བརྒྱབ་པས། མི་ནག་པོ་འཇུག་མ་སྦྲུལ་དུ་འདུག་པ། ཕྱག་གཡས་ན་ཁྲམ་ཤིང་ཐོགས་པ། གཡོན་ན་ཞགས་པ་ནག་པོ་ཐོགས་པ་དེ་ལྷ་བུ་གཅིག་བྱུང་ངོ་། །ཐམས་ཅད་སྐྲག་པར་གྱུར་ཏོ། །དེ་ནས་སྨྲས་པ། ལྷ་དང་བདུད་གཉིས་འཐབས་པ་ལས། བདུད་མ་ཊ༷་རུ་དྲ་མཐུལ་བས། དེ་ཐུལ་ཅིག་བྱས་ནས།བདུད་མ་ཏྲ༷་རུ་དྲ་བཏུལ་ལོ། །དེ་ནས་སྐྱེ་བ་རྣམ་བཞིའི་སེམས་ཅན་ཡེ་ཟོས་པས། སྐྲག་ཅིང་དངངས་ཏེ། འགྲོ་བ་ཐམས་ཅད་ཕུང་བར་བྱས་སོ། །དེར་འཇམ་དཔལ་བདག་གིས་ད་ནི་འདི་དྲགས་ཏེ་འདུག་གོ་བྱས་པས། སྐུ་གསུང་ཐུགས་དང་ལྡན་པའི་མཆོད་རྟེན་གྱིས་མནན་ན་ས་གཞག་པས། ཁོ་ཤིན་ཏུ་ཉམ་ཐག་ཅིང་མ་ལོངས་པར་གྱུར་ཏོ། །དེ་ནས་ཐལ་མོ་སྦྱར་ཏེ་གསོལ་བ། བཅོམ་ལྡན་འཇམ་དཔལ་ནག་པོ་ཁྱོད། །སེམས་ཅན་ཀུན་གྱི་མགོན་ལགས་ན། །བདག་ནི་དབང་ཕྱུག་ཆེན་པོའི་བུ། །མ་གཟིར་མ་མནན་འདི་ནས་ཐོན། །བཀའ་སྩལ་དམ་ལས་བདག་མི་འདའ། །ཞེས་གསོལ་བ་དང་། འཇམ་དཔལ་ནག་པོས་བཀའ་སྩལ་པ། །དབང་ཕྱུག་ཆེན་པོའི་བུ་ཁྱོད། །དང་པོ་བདུད་འདུལ་བའི་ཕྱིར་ན་སྤྲུལ། །བར་དུ་མ་ཏྲ༷་རུ་དྲ་བཏུལ། །ཐ་མ་སེམས་ཅན་ཐམས་ཅད་ཟོས། །དེ་བས་མཆོད་རྟེན་གསུམ་གྱིས་མནན། །བཀའ་སྩལ་དམ་ལས་མི་འདའ་ན། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །བན་རྙེ་དམ་ཚིག་ཅན་ཀུན་གྱི་བསྲུང་བཟློག་གྱིས། །དམ་ཉམས་རྣམས་ཀྱི་ཤ་ཁྲག་ཟོས། །ཅེས་བཀའ་སྩལ་ལ་ནས། བདུད་རྩི་ལྕེ་ལ་གཞག་སྟེ། འཆར་ཀ་ནག་པོར་མཚན་བཏགས་སོ། །འཆར་ཀ་ནག་པོས་གསོལ་བ། དང་པོ་བདག་ནི་ལྷ་ཡིན་པའི་ཕྱིར། བདུད་ཀྱང་བཏུལ། བདག་གི་གཟུགས་ན་མི་ཡི་གཟུགས། །དེས་ནི་མི་ཡི་བསྲུང་བཟློག་བྱེད། །བདག་གི་རྐང་པ་མཇུག་མ་སྦྲུལ། །ཀླུ་ཡི་གནོད་པ་ཏམས་ཅད་སེལ། །སེམས་ཅན་ཀུན་གྱི་སྟོང་གྲོགས་བྱེད། །དམ་ཉམས་ཀུན་གྱི་སྲོག་གཅོད་བྱས། །བཅོམ་ལྡན་ཁྱོད་ཀྱིས་བཀའ་སྩལ་པ། །ཞེས་གསག་བའི་དམ་བཅས་པས། །མཛད་པའི་ལས་སྐལ་དུ་ཡང་། བསྲུང་བཟློག་བསད་མནན་ལ་བཀའ་མནོས་སོ། །གཤིན་རྗེ་འཆར་ཀ་ནག་པོ་རྩ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གསོལ་པ། །ཀྱེ་བཅོམ་ལྡན་འདས། དྲག་པོ་འདུལ་བའི་ཚེ། གཤིན་རྗེ་འཆར་ཀ་ནག་པོ་འདི། །དང་པོ་བསྲུང་ན་ཇི་ལྟར་བསྲུང་། །བར་དུ་བཟློག་ན་ཇི་ལྟར་བཟློག །ཐ་མར་བསད་ན་ཇི་ལྟར་བསད། །ཅེས་གསོལ་པ་དང་། འཇམ་དཔལ་ནག་པོས་བཀའ་སྩལ་པ། དང་པོ་བསྲུང་བའི་འཁོར་ལོ་ངས་བཤད་ཀྱིས། ལེགས་པར་ཉོན་ལ་ཡིད་ལ་ཟུང་། །ཡིད་ལ་འཐད་པའི་གནས་ཉིད་དུ། །མཎྜལ་དཔེ་ཆུ་བཞིན་དུ་བྲི། །ཚོགས་བསགས་བྱ། །དེ་ནས་ས་བཟང་པོ་ལ་ལས་ཀྱི་གཤིན་རྗེ་གཟུགས་ཁྲུ་གང་པ་གཅིག་བྱས་ལ། མཆོད་རྟེན་གསུམ་དང་ལྡན་པར་བྱས་ལ་གཞག །མེ་ཏོག་ལ་སོགས་པས་མཆོད། འབྲུང་བའི་འཁོར་ལོ་བྱས་ལ། མིང་རུས་བྲི། ཐ་མར་སྔགས་བྲི། རབ་གནས་བྱ་ཕྱིར་ཁམ་ཕོར་་གཙང་མར་བཅུག་ལ་གཞག །སྐུད་པ་དཀར་པོའི་གཟུངས་ཐག་གདགས། གསོལ་གདབ་སྔགས་བཟླས། །དེ་ནས་ལ་ཆའི་རྒྱས་གདབ་ལ། བསྲུང་སྐུད་གདགས། ཡང་ན་པར་བུར་བཅུག་ལ་གཞག །སྲིའུ་གསོ་ན། གཏོར་མ་བཅུ་གསུམ་གྱི་མཐའ་མ་བསྐོར་ལ། སྟན་དཀར་པོའི་སྟེང་དུ་གཞག་སྟེ། ཀོང་བུས་པར་བ་ཏའི་ཁུ་བས་གནས་དང་མལ་ལ་གཏོང་། ཀོང་བུས་བསྐོར། སྔགས་ལ་རཀྟ་གདགས། དོན་ལ་གསོལ་བ་གདབ་བོ། །སེར་བ་བསྲུང་ན། ཐོད་པའི་ནང་དུ་ཐལ་ཆེན་བླུག་ལ། སྔགས་ཉི་ཁྲི་སྔ་སྟོང་བཟླས། བཟློས་དུས་སུ་རང་གི་ཡི་དམ་ལྷའི་ཞིབས་ལ་གདགས། ཀོང་བུ་ལྟར་གཟུངས་མཐོ་བརྩིག །ནད་པ་བསྲུང་ན། ཀོང་བུ་དང་གཏོར་མ་བྱས་ལ་བསྐོར། ནད་པའི་གཟུགས་བྱས་ལ་མིང་རུས་བརླན། དེ་གཏོར་མར་བཅུག་ལ་གཏང་། རིམས་ནད་བསྲུང་ན། སྐུད་པ་རྣམས་བུ་མོ་གཙང་མས་བཀལ་ལ།སྔགས་ཉི་ཁྲི་སྟོང་བཟླས་ཤིང་། ཐོད་པར་དུམ་བུ་བཅུག་ལ་མཆོད་པ་དབུལ། ཐམས་ཅད་ཀོང་བུས་བསྐོར་རོ། །ཆང་བསྲུང་ན། གུ་གུལ་དང་། ཉའི་མཁྲིས་པ། ཤུ་ཐག་གསུམ་ར་རོག་པའི་རྭར་བླུག་ལ། སྔགས་སྟོང་རྩ་བརྒྱད་བཟླས་ལ། ཆང་པོར་གཞུག །གྲོང་ཁྱེར་བསྲུང་ན་མཐོ་དང་ཀོང་བུས་བསྐོར། ཐམས་ཅད་ལ་བསྲུང་སྐུད་དང་འཁོར་ལོ་གདགས་གཏོར་མ་གཏང་ལ་འཕྲིན་ལས་བཅོལ། འཆར་ཀ་ནག་པོ་རྩ་བའི་རྒྱུད་ལས།བསྲུང་བའི་ལེའུ་སྟེ་གཉིས་པའོ།། །།བཟློག་པ་བྱེད་ན། མཎྜལ་དང་ཆོ་ག་གོང་ལྟར་བྱ། བཟློག་པའི་གཏོར་མ་གཏང་། འཁོར་ལོ་བཅའ། ལས་སྦྱོར་བྱེད་པའི་སྔོས་ཁ་བསྟན། ཕ་ཚན་བྱོལ་ཁ་བཟློག་ན། ཟོར་དང་གཏོར་མ་ཕྱོགས་སུ་འཕངས་ལ་གཏང་། སྔགས་ལ་སྨྱོ་དང་བཟློག་པ་གདགས། སེང་ལྡེང་གི་ཕུར་བུ་གདགས། མཛེ་འཕྲོ་གཅོད་ན། སྟན་པོ་དམར་པོ་ལ་གཞག །གཏོར་མ་དང་གོང་བུ་བསྐོར་ལ་གཏང་། ཞག་མང་དུ་བྱ། བསྲུང་སྐུད་སྣ་ལྔ་གདགས། ཤྭ་བུད་བཟློག་ན། ཐོད་པ་ལ་འཁོལ་ལོ་བྲི། དུག་དང་ཉུངས་ཀར་གྱིས་ཐུན་བྱ། དོང་བྲུས་ལ་ཆུ་མི་འཆོར་བར་བཅུག་ལ། སྟེང་དུ་མཆོད་རྟེན་བརྩིགས། རྟེན་འབྲེལ་བུམ་པར་གཞུག །རྨི་ལམ་བཟློག་ན་སྔགས་བཟླས། སྔས་བཟློག་ལ་ཉལ། རྨི་ལམ་དུ་ཅི་བྱུང་བ་བྲིས་ཏེ། བལ་ནག་པོའི་ནང་དུ་ག་ས་ལ། གཏོར་མར་སྩལ་ལ་འཕང་། ཙྭ་ཀུ་ཤ་བཅུ་ལ་བསྔགས་ལ་སྔས་སུ་གཞུག །ཀོང་བུས་བསྐོར། སྨྱོ་འབོག་བསྲུང་ན། དམར་གཏོར་རྩེ་གསུམ་པ་བྱས་ལ། ནད་པའི་སྐྲ་དང་སེན་མོ་གཞུག །སྨེ་ཁྲག་དང་སྙིང་སྣ་སྩལ། ཀོང་བུས་བསྐོར། མཚོན་སྐུད་ཀྱིས་བཅིངས་ལ། ཐུམ་པོ་བྱས་ལ་འཕང་ ཡང་ན་མ་འོག་ཏུ་མནན་ནོ། །གཤིན་རྗེ་འཆར་ཀ་ནག་པོ་རྩ་བའི་རྒྱུད་ལས། བཟློག་པའི་ལེའུ་སྟེ་གསུམ་པའོ།། །།བསད་པའི་ལས་བྱེད་ན། ཐོད་པ་བཀྲ་མི་ཤིས་པའི་ནང་དུ། གྲུ་གསུམ་བསྣོལ་མར་བྲི། དབུས་སུ་དགྲ་གཟུགས་གཞུག །སྙིང་ཀར་ཤ་རི་སྤྱོ་བྲི། མདོམས་སུ་རྩི་ཡི་སྙིང་བྲི་དགྲའི་ཤུན་དང་། ཁམ་པ་ལིང་ཀ་བྱས་ལ། མིང་རུས་སྙིང་ཀར་གཞུག །ཐ་མ་གྲུ་གསུམ་ལ་སྨྱོ་ལྔའི་སྔགས་དགོད། ཅིག་ལ་མ་ཏྲི་ནས་༄༅། ཁྲ་ལོ་ཆོད་དགོད། ཅིག་ལ་དམུ་ལོ་ཆོད་མན་ཆད་མིང་རུས་དང་སྤེལ་ལ་བྲི། སྔགས་རྣམས་གཡོན་བསྐོར། ཐོད་པ་གླེ་ནག་སྟེང་དུ་གུ་གུལ་གྱིས་བདུག །ལྷ་སྲིན་སྡེ་བརྒྱད་ལ་གཏོར་མ་བཞིན། བཱ་མ་ར་ཡ་བཏགས་ཏེ། ལྕགས་ཕྱེ་རྡོ་ཕྱེས་ཐུན་བྱ། གཟུགས་ག་ས་ལ། ཟླ་བ་གཟས་ཟིན་པའི་ནུབ་མོ། ལྷ་སྲིན་སྡེ་བརྒྱད་ལ་དབུལ། ཁྱད་པར་དུ་ཤན་པ་བཞི་ལ་ལས་བཅོལ་ལོ། །ཐ་མར་ཐལ་བ་རླུད་ལ་ཕྱར། གཤིན་རྗེ་འཆར་ཀ་ནག་པོ་རྩ་བའི་རྒྱུད་ལས། བསད་པའི་ལེའུ་སྟེ་བཞི་པའོ།། །།གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས། ཤན་པའི་བཞི་ཞེས་ཇི་ལྟ་བུ། ཞེས་གསོལ་པ་དང་། བཀའ་སྩལ་པ།དབང་ཕྱུག་ཆེན་པོའི་འཁོར་ནི། ཤན་པ་བཞི་ཡིན་ཏེ། བན་དྷི། བློན་པོ་གཉིས། ཞང་བློན། མོན་པ་གཉིས་ཏེ་བཞིའོ། །དེ་བཞི་ཟོར་དང་སྦྱར་ན། ལྷ་ཚངས་ཟླ་བ་གཅིག་ན་གདོན་མི་ཟའོ། །གསོལ་བ། །དེ་ནས་སྔགས་དང་ཟོར་རྣམས་བཤད་དུ་གསོལ། །ཅེས་བཀའ་སྩལ་པས། དང་པོ་བོན་པོའི་རྭ་ཟོར་བཤད་པར་བྱ་སྟེ། མཎྜལ་གྲུ་གསུམ་ནག་པོའི་སྟེང་དུ། གཡག་རུ་ཁུག་པ་འམ། གཡག་རོག་པོའི་རྭ་ནང་དུ་ལིང་ཀ་བཅུག་སྟེ།གཡུལ་སྤྲད་པའི་ས་རྡོ་དཀར་པོ་ལ་ཁྲག་གིས་བྱུགས་པ་དང་། མི་ཕུང་ཤུལ་གྱི་རྡོ་ནག་པོ་ལ་དུག་ཆུ་བྱུགས་ལ་ཐུན་བྱ། །བཱ་ར་ཡ་བཏགས་ལ་ལས་ལ་སྦྱར་ཏེ། ནམ་ཕྱེད་ན་འཕང་ངོ་། །བོན་པོའི་རྭ་ཟོར་གྱི་ལེའུ་སྟེ་ལྔ་གཤིན་རྗེ་འཆར་ཀ་ནག་པོ་རྩ་བའི་སྔགས་འདིས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ། ཁྲ་རི་སྨྱོ། མ་རི་སྨྱོ། ཁྲག་མུ་མུ་སྨྱོ། རྩིར་སྙིང་སྨྱོ། སྙིང་སྨྱོ། མ་ཏི་ཐོད་ཁྲག་ཛ། ཁྲག་ཏི་སྙིང་ལ་ལྭ། རནརི་ཏྲི་ཆོད། དམུ་ལོ་ཆོད། ཤ་ལོ་ཆོད། ཤ་ལ་ཀྱིང་ཀྱིང་སྨྱོ་སྨྱོ། ས་མ་ཡུ། ཨ་ཏི་ཀྲ་མ་ནི། སྦ་ར་ན་རྦད་རྦད། སྔགས་བཏུ་བ་གཅེས་པའོ། །ཨོ་ཨ་ཀྲོ་ཏེ་ཀ་བྷ་རི་ཤག་ཕྱེ། དུམ་པ་ཏ་ལི། ཙ་ཏྲ་ཧ་ཧན། ཧ་ན་ཕཊ། གདུག་ཅིང་ཟློག་བྱེད་ངན་སྔགས་ཏེ། མཐའ་མེད་ཅེས་པའོ། ཁྲ་རི་སྨྱོ་ཤ་ཏྲུ༷་མུ་ར་ཡ་རྦད་རྦད། མ་རི་སྦྱོ། ཤ་ཅུ༷་མུ་ར་ཡ་རྦད། ཀྲག་མ་ཡ་སྨྱོ། ཤ་ཧྲུ༷་མ་ར་ཡུ་རྦད། རྩིར་རི་སྙིང་སྨྱོ། ཤ་ཧྲུ༷་མ་ར་ཡ་རྦད། སྙིང་སྦྱོ་ཤ་ཏྲུ༷་མ་ར་ལྭ་རྦད།མ་ཏྲི་ཐོད་ཁྲག་ཛ། ཤ་ཏྲུ༷་མ་ར་ཡ་རྦད། ཁྲག་ཏི་སྙིང་ལ་ཡ། ཤ་ཆུམ་ར་ཡ་རྦད། རནརི་ཏྲི་ཆོད་ཤ་ཏྲུ༷་མ་ར་ཡུ་རྦད། དབུ་ལོ་ཆོད་ཤ་ཏྲུ༷་མ་ར་ཡུ་རྦད། ཤ་ལོ་ཆོད་ཤ་ཏྲུ༷་མ་ར་ཡ་རྦད། ཤ་ལ་ཀྱིང་ཀྱིང་སྨྱོ་སྨྱོ། ཤ་ཏྲུ་མུ་ར་ཡ་རྦད། ས་མ་ཡ་ཨ་ཏི་ཀྲ་མ་ནི། སྤ་ར་ན་ནཱ་ཤ་ཏྲུ༷་མ་མ་ར་ཡ་རྦད། ཟློག་ན་སྨྱོ་དང་བཟློག་གདགས། སྲུང་ན་རཀྟ་གདགས། གསོད་ན་མུ་ར་ཡ་གདགས་སོ། སྔགས་ཀྱི་ལེའུ་སྟེ་དགུ་པའོ།། །།ཡང་གསོལ་བ། བཅོམ་ལྡན་འདས། བསྲུང་དང་། བསད་དང་། བཟློག་པའི་ལས་རྣམས་ཀོང་བུས་བྱེད་པས་ན། ཀོང་བུའི་རྒྱུ་དང་ཀོང་བུའི་རྫས། །ཀོང་བུའི་དོན་རྣམས་བཤད་དུ་གསོལ། །ཅེས་གསོལ་པ་དང་། བཀའ་སྩལ་པ། ལས་ལ་ཀོང་བུས་བསྒྱུར་རོ། །ཀོང་བུའི་རྒྱུ་ནི། གཡུལ་སྤྲད་པའི་ས་དང་། མི་ཕུང་ཤུལ་གྱི་ས་དང་། རེ་ཧྲུལ་གྱི་ས་དང་། དུར་ཁྲོད་ཀྱི་ས་དང་། རྫས་ནི། གཤིན་རྗེའི་གཉེན་པོ་ཉུངས་ཀར་དང་། བདུད་ཀྱི་གཉེན་པོ་བྲག་ནག་གི་ཚེ། རྒྱལ་པོའི་གཉེན་པོར་སྤོས། མ་བདུད་ཀྱི་གཉེན་པོར་མོང་དང་། གནོད་སྤྱིན་གྱི་གཉེན་པོར་དུད་་དང་། ཀླུའི་གཉེན་པོར་ཤ་ཁྲག་དང་། ཐེ་བྲང་གི་གཉེན་པོར་སྤང་མ་དང་། མཁའ་འགྲོ་མའི་གཉེན་པོར་མར་མེ་དང་། གཟའི་གཉེན་པོར་མེ་ཏོག་དང་། ས་བདག་གི་གཉེན་པོར་ལྷ་བཤོས་དང་། གྲི་བོའི་གཉེན་པོར་ཕབས་ཚིག་དང་། འགོང་པོའི་དུག་དང་། བཙན་གྱི་རྟ་ཚིལ་དང་། དམུའི་གཉེན་པོར་རབས་ཆད་དུད་པ། ཐམས་ཅད་ཀྱི་གཉེན་པོར་ཤ་ཁྲག་བསག་གོ །ཀོང་བུའི་དོན་ནི། བདུད་མ་ཏྲ༷་བཏུལ་བས། གཤིན་རྗེ་འཆར་ཀ་ནག་པོའི་རྫས་འདི་དག །གཉེན་པོར་བསགས་ཏེ་འཕངས་པ་ལས། མ་དྲ་རུ་ཏྲ་འཁོར་དང་བཅས་ཏེ་བརླག་པར་བསམ་མོ། །ཀོང་བུ་འཕེན་པའི་དུས་སུ། རང་བེར་ནག་པོ་དང་། ཐོད་་ནག་པོ་དང་། གཡང་གཞི་གྱོན་ལ། གདོང་པ་ཁྲག་གིས་བྱུགས་ལ། འཆར་ཀ་ནག་པོར་བསམས་ལ། གྲི་བོའི་ལོག་མནོན་ནམ། བཙན་དང་མིའམ། གཡུལ་དུ་བསད་པའི་སྲ་འམ། སུམ་སྒྲིལ་བྱས་ལ་འུར་རྡོ་བྱས་ཏེ། ཞིང་ཆེན་གྱི་མཐིལ་བཅུག་ལ། འཇག་བཏགས་ཏེ། ནམ་ཕྱེད་དང་ཉི་མ་ཕྱེད་ན་འཕང་ངོ་། །ཟོར་གྱི་ལེའུ་སྟེ་བཅུ་པའོ།། །།ཡང་གསོལ་པ། ཀྱེ་བཅོམ་ལྡན་འདས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། སྡིག་ཅན་ཕུར་ཀ་ཟློག་བྱེད་པའི། །བན་དྷི་དམ་ཉམས་བསྒྲལ་བའི་ཐབས། །ལེགས་བར་བདག་ལ་བཤད་དུ་གསོལ། །ཅེས་གསོལ་པ། བཀའ་སྩལ་པ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྡིག་ཅན་དམ་ཉམས་ཕུར་བཟློག་མཁན། །གཤིན་རྗེ་འཆར་ཀ་ནག་པོའི་ཐུགས་ཀྱི། འཁོར་ལོ་བཅས་འགྱུར་ན། །སྡིག་ཅན་མྱུར་དུ་རང་གཤེད་འཁོར། །དེ་བས་ཁྱེད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་། བན་དྷི་དང་འགྲས་ན། སྟེགས་བུ་གྲུ་བཞི་ནག་པོའི་སྟེང་དུ། གནས་བདུན་གྱི་ས་ལ། གཤིན་རྗེ་འཆར་ཀ་ནག་པོའི་གཟུགས་བྱས་ལ། གཡས་སུ་ཁྲམ། གཡོན་དུ་ཞགས་པ་བསྐུར་ལ། རང་ཏིང་ངེ་འཛིན་དང་ལྡན་པས། ཤ་ཁྲག་གི་གཏོར་མས་བསྐོང་ཞིང་། ཞག་ཉི་ཤུ་རྩ་གཅིག་བསྙེན་པ་བསྐྱལ་ལོ། །དེ་ཡང་རང་མ་འབགས་པར་ཁོའི་དྲི་མ་ལ་ལིང་ཀ་བྱ། དེ་ནས་གྲོ་ག་ལ་ཡང་བྲིས་ལ། སྙིང་ཀར་དྲི་བྲི།དཔུང་པ་གཡས་པ་མ་རུས་བྲིས་ལ་སྙིང་ཀར་གཞུག །དེའི་ཚེ་ཞགས་པས་བཅིངས་ལ། རྡོ་རྗེ་མནན་ཅིང་བརྡེག་གོ །ཐ་དེ་ཚེ་ཁོང་གི་ཕྱོགས་སུ། ལས་ཀྱི་གཤིན་རྗེའི་འོག་ཏུ་བཅུག་ལ་མནན་ནོ། །ཐུགས་ཀྱི་འཁོར་ལོའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཡང་གསོལ་པ། བཅོམ་ལྡན་འདས། ཆར་ཀ་ནག་པོ་དང། ལསཀྱིགཤིནརྗེབཞིའི་སྐུ་མདོག་དང་ཕྱག་མཚན་ལེགས་པར་བཤད་དུ་གསོལ། ཅེས་པས། བཀའ་སྩལ་པ། ཀྱེ་གཤིན་རྗེ་འཆར་ཀ་ནག་པོ་འདི་མདོག་གནག་ལ་འཚེར་བ་ཆར་སྤྲིན་ནག་པོར་འོང་། མདོག་ལས་མི་འདའ་མཚན་དུ་བཏགས་པ་འཆར་ཀ་ནག་པོ་ཞེས་བྱ། དབུ་ལ་དར་ནག་གི་ཏོད་བཅིངས་པ། སྐུ་གསུང་ཐུགས་དང་ལྡན་པའི་རྟགས་སུ། མཆོད་རྟེན་གསུམ་དང་ལྡན་པ། དར་ནག་གི་བེར་གྱོན་པ། ལུས་ལ་སྦྲུལ་འཇུག་རབ་ཏུ་འཁྱིལ་བ། སྤྱན་མེ་སྟག་གི་ཕུང་པོ་འདྲ་བ། མཆེ་བ་གཙིགས་ཤིང་ཁ་འདངས་བ། ཤིན་ཏུ་ཁྲོ་ཞིང་རྔམ་པར་བསྒོམ་མོ། ཁྲན་པ་བན་དྷི་ནག་པོ་ནི། མདོག་སྨུག་ནག་འཕྲོས་པ། དར་ནག་གི་ཅོད་པན་ཅན། ཕྱག་གཡས་ན་རྡོ་རྗེ། གཡོན་ན་དར་ནག་ཅན། ནད་ཀྱི་རྐྱལ་པ་དང་། མཚོན་གྱི་གྲུ་གུ་ཅན་ནོ། །བོན་པོ་ནག་པོ་ནི།དམར་ནག་ལྕགས་ཀྱི་སྦར་ཤད་ཅན་ནོ། །ཞང་བློན་མཐིང་ཀ །རལ་གྲི་ཅན་ནོ། །མོན་པ་ལྗང་ནག །གྲི་གུག་དང་སྦྲུལ་ཞགས་ཅན་ནོ། །གཞན་ཡང་དེའི་འཁོར་ན་བདུད་དང་། གཤིན་རྗེ་དང་། མ་མོ་བལ་མོས་བསྐོར་བའོ། །གཤིན་རྗེ་འཆར་ཀ་ནག་པོ་རྩ་བའི་རྒྱུད་ལས། ལྷ་བསྒོམ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཡང་བཀའ་སྩལ་པ། གཤིན་རྗེ་འཆར་ཀ་ནག་པོ་བསད་པའི་མན་ངག །བདུད་ཀྱི་རྭ་ཟོར་ནག་པོ་དང་སྦྱར་ཏེ་གསོད་ན། ངས་བཤད་དོ་ལེགས་པར་ཉོན་ཅིག །གང་ཞིག་མཐུ་བོ་ཆེ་དང་འགྲས་ན། ཏིལ་མར་གྱིས་ལིང་ག་བྱུགས་ལ། གཡག་རུར་བཅུག་ལ། ཐུན་བྱས་ཏེ། ཚེ་དང་། ཉུངས་ཀར་དང་། རཀྟ་དང་།སྙིང་སྣ་ཚོ་བསྲེས་ལ། ནམ་ཕར་ཕྱེད་ཚུལ་ཕྱེད་ན། ཡུགས་ས་མོས་གཏོར་ན་རབ། མེད་ན་རང་ཉིད་བདུད་ཆས་སུ་ཞུགས་ལ་གཏོར། ཟོར་ཡོ་དྲིལ་བའི་སྔགས་ལ། ཨོ་ཧ་དེ་མོ་ཧ་ཧྲི་ད་ཡ་པྲ་ཧ་ར་ན། ཧཱུཾ༷་ཕཊ། སྨྱོ་སྨྱོ་སྨྱོ། ས་མ་ཡ་ཨ་ཏི་ཀྲ་མ་བཟློག་བཟློག །ཨ་ལ་ལ་པྲ་མ་ཧེ། སྨྱོ་སྨྱོ་སྦྱོ༷༷ཞེས་བཟླས་ཏེ་གཏོར་རོ། །ཕ་མཚན་གྱི་ཟོར་ལ་བཟློག་ན། ཁྲག་དང་ཉུངས་ཀར་གྱིས་བྱའོ། །བདུད་ཀྱི་རྭ་ཟོར་གྱི་ལེའུ་སྟེ་བཅུ་གསུམ་པའོ།། །།རྫོགས་སོ།། །།རྒྱ་གར་སྐད་དུ། མཧྭ་རྭཀྟ་ས་དོ་ར་ཏན་ཏྲ་ན་མ། བོད་སྐད་དུ། སྲིན་པོ་སྒོ་བརྡུངས་ཀྱི་རྒྱུད་ཆེན་པོ་ཞེས་བྱ་བ། འཇམ་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་