Ngb-pt-0635-vol-07-text
Front
Body
རྒྱ་གར་སྐད་དུ། ཀྲིཛི་ཡ་མ་རི་ཏནྟྲ། བོད་སྐད་དུ། གཤིན་རྗེ་ནག་པོའི་རྒྱུད། དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །བུད་མེད་ཞི་བས་བསྲུང་ན། དར་དཀར་རམ། གྲོ་ག་འམ། རས་དཀར་པོ་གཙང་མ་ལ་གི་ཧང་གིས་འཁོར་ལོ་རྩིབས་ཅན་གཉིས་བྲིས་ལ། ན་མའི་བར་དུ་བསྲུང་བར་བྱ་བའི་མིང་བྲིས་ནས་ཁམ་པའི་གབ་ཙེ་ཁ་སྦྱར་བའི་ནང་དུ་བཅུག་སྟེ། མར་དང་སྦྲང་རྩི་བསྲེས་པ་ཡང་བླུག་ལ།གཟུངས་ཐག་དཀར་པོས་དཀྲི་ཞིང་མདུན་གྱི་སྟེགས་བུའི་སྟེང་དུ་གཞག་གོ །མེ་ཏོག་དཀར་པོས་དུས་གསུམ་དུ་མཆོད་དེ། །བདག་ཉིད་ཁ་ཤར་ཕྱོགས་སུ་བལྟས་ལ། ཡ་སྨྱུན་ཏ་ཀ་སྐུ་མདོག་དཀར་པོ་ཞི་བའི་ཆས་སུ་སྒོམ། ཕྱག་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བུམ་པ་དཀར་བོ་བདུད་རྩི་ཆུས་བཀང་བས་བསྲུང་བར་བྱ་བ་ལ་དབང་བསྐུར་བར་སྒོམ་ཞིང་འཛབ་བྱའོ། །སྙིང་པོ་ནི། ཨོ་ཧྲིསྐྱི༷༷བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ན་མ་ཆེ་གེ་མོ་ཤན་ཏིང་ཀུ་རུ་ན་མ་གྲྭཧྭ། ཞི་བའི་ལས་སོ། །སྐྱེས་པ་བསྲུང་ན་དར་དཀར་རམ། གྲོ་ག་འམ། རས་སེར་པོ་གཙང་མ་ལ་ཞི་བ་དང་རྒྱས་པའི་འཁོར་ལོ་རྩིབས་ཅན་གཉིས་གུར་ཀུམ་གྱིས་བྲིས་ལ། གང་ལ་བྱ་བའི་མིངཡངགྲྭཧྭའིབརདུབྲིའོ། །གབ་རྩེ་ཁ་སྦྱར་བའི་ནང་དུ་མར་དང་སྦྲང་རྩི་བསྲེས་པ་ཡང་བླུག་ལ། འཁོར་ལོ་མིང་དང་བཅས་པ་ཡང་དེར་བཅུག་སྟེ་གཟུངས་ཐག་སེར་པོས་དཀྲིས་ལ་སྟེགས་བུའི་སྟེང་དུ་གཞག་གོ །མེ་ཏོག་སེར་པོས་དུས་གསུམ་དུ་མཆོད་དེ་བདག་ཉིད་ཁ་བྱང་ཕྱོགས་སུ་བལྟས་ལ། ཡ་ཤཱན་ཏ་ཀ་སྐུ་མདོག་སེར་པོ་རྒྱལ་པོའི་ཆ་ལུགས་སུ་སྒོམ་ཞིང་། བདག་ཉིད་བསྲུང་བར་བྱ་བའི་རྒྱུ་གཉིས་ཀ་ཟླ་བ་གསེར་གྱི་ཞུན་མ་ལྟ་བུའི་སྟེང་ན་གནས་ཤིང་། ཕྱག་ན་གསེར་གྱི་བུམ་པ་བདུད་རྩིའི་ཆུ་རྒྱ་སེར་པོས་གང་བ་བསྣམས་པས་དབང་བསྐུར་བར་སྒོམ་ཞིང་བཟླས་བརྗོད་བྱའོ། །སྙིང་པོ་ནི་ཨོ་ཧྲིརྗི༷༷བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ་གྲྭཧྭ།་ཆེ་གེ་མོ་ཤན་ཏིང་ཀུ་རུ་གྲྭཧྭ། ཞི་བའི་སྔགས་སོ། །ཨོ་ཧྲིརྨྱི༷༷བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ་ཕཊ་ཕཊ་གྲྭཧྭ། ཙམ་ཆེ་གེ་མོ་པུས་ཏིང་ཀུ་རུ་གྲྭཧྭ། ཞི་བ་དང་རྒྱས་པའི་ལས་ཀྱི་སྔགས་སོ། །དབང་གི་ལས་ནི་གྲོ་ག་འམ།རས་ལ་རྒྱ་སྐྱེགས་ཀྱི་ཁུ་བ་དང་། ཙན་དན་དམར་པོ་དང་། སྲིན་ལག་གི་ཁྲག་རྣམས་བསྲེས་ལ་འཁོར་ལོ་གཉིས་བྲིས། སྣག་ཚ་དཀར་པོས་དབྱངས་ཀྱི་ཡི་གེ་བཅུ་དྲུག་མཐའ་སྐོར་དུ་བྲིས་ལ། ཀ་ཁ་ལ་སོགས་པའི་ཡི་གེ་ཕྱི་མ་ཀུན་སྣག་ཚ་དམར་པོས་བྲིའོ། །ཧོ་གཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་རུས་རྫོགས་པར་བྲིས་ལ། ཟངས་ཀྱི་གབ་ཙེ་ཁ་སྦྱར་བའི་ནང་དུ་མར་དང་སྦྲང་རྩིས་གང་བར་བླུགས་ལ། འཁོར་ལོ་ཡང་དེར་བཅུག་ལ་གཟུགས་ཐག་དམར་པོས་དཀྲིས་ནས་སྟེགས་བུའི་སྟེང་དུ་གཞག་གོ །མེ་ཏོག་དམར་པོས་དུས་གསུམ་དུ་མཆོད་དེ། །བདག་ཉིད་ཁ་ནུབ་ཕྱོགས་སུ་བལྟས་ནས་ཡ་ནཱན་ཏ་ཀ་སྐུ་མདོག་དམར་པོ་དབང་གི་ཚུལ་དུ་སྒོམ་ཞིང་། ཟླ་བའི་དཀྱིལ་འཁོར་ཡང་དམར་པོར་བསམ་ཞིང་དབང་དུ་བྱ་བའི་གཟུགས་ཀྱང་དམར་པོར་བསྒོམས་ཏེ། ཟླ་བའི་སྟེང་ན་མངོན་དུ་འདུག་བར་དམིགས་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་བས་གང་དབང་དུ་བྱ་བ་དེའི་ལུས་དང་སེམས་འོད་ཟེར་དམར་པོས་བཀང་ནས་ཉམས་ཤིང་མྱོས་པར་གྱུར་ཏེ། འོད་སླར་འདུས་པས་དྲངས་ནས་བདག་གི་རྐང་པའི་དྲུང་དུ་འོངས་ཏེ་དབང་དུ་འདུས་པར་བསམ་མོ། །ཇི་ཙམ་་དབང་དུ་མ་གྱུར་ཅིང་མ་ཁུགས་ན་མར་སྣོད་དུ་བཅས་པ་དེ་དུད་པ་མེད་པའི་མདག་མ་བཟང་པོ་ལ་བསྲོ་ཞིང་། འཛབ་མང་དུ་བཟླས་ན་ཇི་ཙམ་དྲོ་བར་གྱུར་པ་ན། ཁུགས་ཤིང་དབང་དུ་འགྱུར་རོ། །སྙིང་པོ་ནི། ཨོ་ཧྲིརྗི༷༷བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ་ཆེ་གེ་མོ་དབང་དུ་གྱུར་ཅིག་གྲྭཧྭ། ཨོ་ཧྲིརྗི༷༷་བི་ཀྲི་ཏ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། བ༷་ཆེ་གེ་མོ་ཁུགས་བར་གྱུར་ཅིག་གྲྭཧྭ། དབང་གི་ལས་སོ། །དགུག་པའི་ལས་ནི་དུར་ཁྲོད་ཀྱི་རས་སམ། བུད་མེད་ཀྱི་སྨད་དཀྲིས་བྱས་པའི་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བས་འཁོར་ལོ་གཉིས་བྲིས་ཏེ། གཅིག་ལ་ཛ་གཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་བྲི། གཅིག་ལ་ཧྲི་གཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་བྲིས་ནས་བུད་མེད་ཀྱི་བན་དྷ་སྦྱར་བའི་ནང་དུ་བཅུག་ལ་སྐུད་པ་དམར་པོས་དཀྲིས་ལ་སྟེགས་བུའི་སྟེང་དུ་གཞག་གོ །མེ་ཏོག་དམར་པོས་དུས་གསུམ་དུ་མཆོད་དོ། །བདག་ཉིད་ཡ་མྱན་ཏ་ཀའི་སྐུ་མདོག་ཉི་མ་ནུབ་ཀའི་དམར་ཐག་འདྲ་བར་བསྒོམས་ལ། ཕྱག་གཡས་ན་ལྕགས་ཀྱུ་བསྣམས་པ། གཡོན་ན་ཞགས་པ་དམར་པོ་བསྣམས་པས་གང་དགུག་པའི་སྙིང་ཁ་ནས་བཟུང་སྟེ་དྲངས་པར་སྒོམ་ཞིང་འཛབ་བཟླས་སོ། །དེས་མ་ཁུག་ན་ཞིང་ཁ་ཏ་རི་གཞར་བའི་ཕྱེ་མ་ལ་མེ་བུས་ལ་དེ་ལ་བསྲོ་ཞིང་འཛབ་བགྲང་ན་དེ་ཚ་བར་གྱུར་ཙམ་ན་ཁུགས་པར་འགྱུར་རོ། །ཡི་ཧྲིསྐྱི༷༷བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ་གྲྭཧྭ། ཧྲི་ཆེ་གེ་མོ་ཨུ་ཀར་ཥ་ཡ་ཧྲི་གྲྭཧྭ། ཨོ་ཧྲིསྐྱི༷༷བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ཛ་ཆེ་གེ་མོ་ཨུ་ཀར་ཥ་ཡ་ཛ་གྲྭཧྭ། དགུག་པའི་ལས་སོ། །མནན་པའི་ལས་ནི། དུར་ཁྲོད་ཀྱི་རས་བླངས་ལ་ལྡོང་རོས་སམ། ཡུང་བས་སྣག་ཚ་བྱས་ནས་འཁོར་ལོ་གཉིས་བྲིས་ལ། ལན་གཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་བྲིས་ཏེ་ཁམ་བའི་གབ་ཙེ་སེར་པོ་བསྐུས་པ་ཁ་སྦྱར་བའི་ནང་དུ་བཅུག་ལ། གབ་ཙེ་སྟེང་མའི་རྒྱབ་ཏུ་དཀྱིལ་འཁོར་གྲུ་བཞི་པ་རེ་ག་བདུན་རིམ་གྱིས་བསྐོར་བར་བྲིས། དེའི་དཀྱིལ་དུ་རི་རབ་གཅིག་བྲིས་ཏེ། རི་རབ་ཀྱི་སྟེང་ན་རྭ་བརྒྱད་དུ་བྱུང་བའི་སྟེང་དུ་རི་རབ་གྲུ་བཞི་པ་ཆེན་པོ་བརྒྱད་བྲིས་ལ། རི་རབ་དང་རི་བརྒྱད་ཀྱི་ནང་དུ། ཧཱུཾ༷་བ༷་ཧཱུཾ༷། ཧཱུཾ༷་བ༷་ཧཱུཾ༷། བརྒྱད་བྲིས་ལ། དེའི་སྟེང་དུ་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེ་རྒྱ་གྲམ་གྱིས་བསྐོར་བར་བྲིས་ལ། དེའི་ནང་ངམ། དཀྱིལ་འཁོར་གྱི་དབུས་སུ་དོན་ཡོད་གྲུབ་པ་བཞུགས་པར་སྒོམ་མོ། །རྡོ་རྗེ་གྲམ་གྱི་དབུས་སུ་ལ༷་སེར་པོ་བྲི། ཚོན་སྐུད་སེར་པོས་དཀྲིས་ལ་མནན་ནོ། །བདག་ཉིད་ཁ་ལྷོ་ཕྱོགས་སུ་བལྟས་་ཡ་མྱན་ཏ་ཀ་སྐུ་མདོག་སེར་པོ་དཀྱིལ་འཁོར་གྲུ་བཞི་སེར་པོའི་ནང་ན་བཞུགས་པར་བསྒོམས་ལ། ཏིང་ངེ་འཛིན་གྱིས་ཀྱང་ལ༷་སེར་པོ་ལས་འདོ་ཟེར་ན་བུན་ནམ། སྤྲིན་ནག་པོའི་སྤྲིན་ཕུང་འདྲ་བ་བྱུང་བས་གང་ལ་བྱ་བ་དེ་གཡོགས་ཤིང་། དེས་ཅིའང་མི་མཐོང་མི་ཤེས་པ་དང་། རི་རབ་རྡོ་རྗེ་རྒྱ་གྲམ་དང་བཅས་ཀྱང་ཡང་ནས་ཡང་དུ་ལན་བརྒྱད་ཀྱི་བར་དུ་མནན་པར་སྒོམ་ཞིང་བཟླས་བརྗོད་བྱའོ། །ཨོ༷ཧྲི་ སྐྱི༷༷བི་ཀྲི་ཏ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ལམ་ཆེ་གེ་མོའི་གནས་སུ་སྟམ་པ་ན་ལམ། མནན་པའི་ལས་སོ། །ངག་མནན་པའི་ལས་བྱ་དགོས་ན། གོང་ནས་འབྱུང་བ་བཞིན་འཁོར་ལོ་གཉིས་བྲིས་ལ། གང་ལ་བྱེ་བའི་མིང་དང་སྨྲ་བའི་དོན་ཀུན་ལ༷་གྱི་བར་དུ་རྫོགས་པར་བྲིས་ལ་བཟླས་བརྗོད་བྱ་ཞིང་ངག་མནན་ནོ། །དྲག་པོས་ལས་བྱ་དགོས་ན། མི་སྨྲ་བར་དུར་ཁྲོད་ཀྱི་རས་བླངས་ལ་སྐེ་ཚེ་དང་། ལན་ཚྭ་དང་།ཡུངས་ནག་གི་མར་དང་། དུག་དང་། ཤིང་ནིམ་བའི་ལོ་མ་དང་། ཀ་ན་ཀའི་ཁུ་བ་དང་། རོ་བསྲེགས་བའི་སོལ་བ་དང་། མཛུབ་མོའི་ཁྲག་རྣམས་བསྲེས་ལ་སྣག་ཚ་བྱས་ཏེ། བྱ་རོག་གི་སྒྲོ་རྩ་ལ་སྨྱུ་གུ་བྱས་ནས་འཁོར་ལོ་གཉིས་ལ་ཧཱུཾ༷་གཉིས་ཀྱི་བར་དུ་མིང་བྲིས་ནས། མདུན་གྱི་སྟེགས་བུའི་སྟེང་དུ་གཞག་གོ །མེ་ཏོག་སྔོན་པོས་དུས་གསུམ་དུ་མཆོད་དོ། །བདག་ཉིད་ཁ་ལྷོ་ཕྱོགས་སུ་བལྷས་ནས་ཡ་མྱརྙ་ཀ་སྐུ་མདོག་ཆར་སྤྲིན་ནག་པོའི་མདོག་འདྲ་བ་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་ཞབས་བརྐྱང་བསྐུམ་དུ་བཞུགས་པ། འཇིགས་པར་བྱེད་པའི་ཞལ་བགྲད་ཅིང་མཆེ་བ་གཙིགས་པ། ལྗགས་འབར་བའི་གློག་ལྟ་བུ་འདྲིལ་ཞིང་བསྐལ་བའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་པ་བསྣམས་པ། གསུས་པ་ཆེ་་སྐྲ་ཁམ་པ་གྱེན་དུ་འབར་བ་ཅན། སྨ་ར་ཁམ་པ་འབར་བ། སྦྲུལ་ནག་པོ་འབར་བས་ཡན་ལག་དཀྲིས་པ།ཞལ་དང་མགུལ་ནས་ཧཱུཾ༷་གི་སྒྲ་འབྱིན་པར་བདག་ཉིད་བསྒོམས་ལ། གང་ལ་བྱ་བའི་གཟུགས་དེ་ནི་ཤིན་ཏུ་ངན་པ། རིད་པ། རུལ་པ་ཞིག་མངོན་དུ་གསལ་བར་བསམས་ལ། དེའི་ལུས་ལ་སྤྱི་བོ་དང་། སྐྲ་མཚམས་དང་། སྙིང་ཁ་དང། དཔུང་མགོ་དང་། མགོ་དང་། རྒྱུས་པའི་ས་རྣམས་སུ་ཁོ་བསྲུང་བའི་སྔགས་དང་ཕྱག་རྒྱ་བྲིས་པ་དང་། བསྲུང་བ་ལ་སོགས་པ་བྱས་པ་ཏིང་ངེ་འཛིན་དང་། སྔགས་དང་། ཕྱག་རྒྱས་བཤིག་ལ་བཀུག་སྟེ་དྲུང་དུ་འདུག་པར་དམིགས་སོ། །ཁྲོ་བོའི་འཁོར་ཁྲོ་བོ་དང་། ཁྲོ་མོ་དང་། འཕྲ་མེན་མའི་ཚོགས་མང་པོ་སྦྱན་དྲངས་ལ། དེ་ཡང་ནས་ཡང་དུ་བསྟབས་ཏེ་རྣམ་པར་ཤེས་དང་། མདངས་དང་། སྲོག་མེད་པར་བྱས་ཤིང་ཕྲལ་ནས་ནི། དཔེར་ན་ཁང་བ་སྟོང་པ་དང་འདྲ་བར་རྣམ་པར་ཤེས་པ་དང་བྲལ་ཏེ་ཁྲོ་བོ་མང་པོ་མཚོན་ཆ་སྣ་ཚོགས་པ་བསྣམས་པས། ལུས་དུམ་བུ་བརྒྱར་ག་ས་ཏེ། དེའི་ཁྲག་དང་། རྐང་དང་། ལྤགས་ཤུན་དང་། ཤ་དང་། ཚིལ་དང་། ཞག་དང་། མཁྲིས་པ་དང་། རུས་པ་དང་། སྙིང་རྣམས་རྡུལ་དུ་བྱས་ཏེ་བསྟབས་པ་དེ་གསོལ་ནས་ཐལ་བ་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་གཤིན་རྗེ་ཆེན་པོ་སྤྲིན་ནག་པོའི་མདོག་འདྲ་བ། ཆུ་ནག་པོའི་རླབས་བཞིན་དུ་འོད་འབར་བ། མ་ཧེ་ལ་ཤོན་པ། ལག་ན་གཤིན་རྗེ་དབྱུག་པ་དང་ཞགས་པ་ཐོགས་པ། གསུས་པ། མཆེ་བ་གཙིགས་པ། སྦྲུལ་ནག་པོས་བརྒྱན་པ་གཅིག་འོངས་ནས་བཟླས་བརྗོད་གྲངས་ཚང་ནས། གནམ་སྟོང་ལ་ཅི་བྱ་ཧ་ཞེས་ཟེར་ནས་འོངས་པ་དེ་ལ་མ་འཇིགས་པར། བཛྲ་ཀརྨ་དགྲ་བོ་འདི་སོད་ཅིག་པར་ལས་བཅོལ་བས། དགྲ་བོ་དེ་ཡང་གསད་ཅིང་སྙིང་ལ་སོགས་པ་ཀུན་ཟོས་པར་བསམ་ཞིང་བཟླས་བརྗོད་བྱའོ། །ཨོ་ཧྲིརྗི་བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ཧཱུཾ༷་ཆེ་གེ་མོ་ར་ཡ་ཧཱུཾ༷་ཕཊ། ཨོ་ཧྲིསྐྱི་བི་ཀྲི་ཏྭ་ན་ན་ཆེ་གེ་མོ་མྱ་ར་ཡ་ཧཱུཾ་ཧཱུཾ༷་ཕཊ་ཕཊ། དྲག་པོའི་ལས་སོ། །གོང་ནས་འབྱུང་པ་བཞིན་ཡོ་བྱད་རྣམས་བཤགས་ལ་འཁོར་ལོ་རྩིབས་ཅན་གཉིས་བྲིས་ལ། ཧཱུཾ༷་དང་ཕཊ་དེ་བ་ཏྭད་ཏྭ་བཱ་ར་ཡ་ཧཱུཾ༷་ཕཊ་གཉིས་ཀྱི་བར་དུ་མིང་བྲི། བདག་ཉིད་གོང་ནས་འབྱུང་བ་བཞིན་བསྒོམས་ལ། གང་ལ་བྱ་བའི་གཟུགས་དེ་ཁ་དོག་དང་དབྱིབས་ཀྱང་མི་རོ་འདྲ་བ་ཞིག་མེ་རི་ནག་པོ་འབར་བའི་དཀྱིལ་ན་འདུག་པ་ལ། ཁྲོ་བོ་མང་པོའི་ཕྱག་ན་རལ་གྲི་དང་། བེརྒ་དང་། ག་་ཤིང་དང་། དགྲ་སྟ་དང་། སྟེའུ་ཁ་མ་དང་། གཞུ་དང་། མདའ་དང་།འཁོར་ལོ་དང་། ཏྲི་ཤུ་ལ་དང་། དབྱུག་ཐོ་དང་། མདུང་དང་། རྡོ་རྗེ་རྒྱ་གྲམ་ཕྱེད་མ་ལ་སོགས་པ་ཕྱག་ཆ་མང་པོ་བསྣམས་པས་བརྒྱབ་སྟེ་དུམ་བུར་ག་ས་པ་ལ། བྱ་རོག་དང་། འུག་པ་དང་། རྒོད་དང་། ཝ་དང་། སྲིན་པོ་དང་། མཁའ་འགྲོ་མ་མང་པོས་སྟོད་སྨད་ནས་ཟ་ཞིང་འཐོག་པ། དེ་ལྟ་བུར་བསྒོམ་ཏེ་བཟླས་བརྗོད་བྱའོ། །ཨོ་ཧྲི༷༷སྐྱི༷༷བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ཧཱུཾ༷་ཆེ་གེ་མོ་སྨྱུ་ར་ཡ་ཧཱུཾ༷་ཕཊ། ཨོ་་ཧྲརྨྱི་བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། དྲག་པོའི་ལས་སོ། །དབྱེ་བའི་ལས་ནི་གོང་ནས་དྲག་པོའི་ལས་ལས་འབྱུང་བཞིན་དུ། འཁོར་ལོ་གཉིས་བྲིས་ལ། ཕཊ་གཉིས་ཀྱི་བར་དུ་གང་བྱ་བའི་མིང་དང་། རུས་དང་། སྙིང་པོ་སྤེལ་མར་བྲིས་ཏེ། བན་དྷ་ཁ་སྦྱར་ཏུ་བཅུག་ལ་ཚོན་སྐུད་སྔོན་པོས་དཀྲིས་ནས། ཉི་མ་ཕྱེད་ཙམ་ན་དུར་ཁྲོད་དུ་སོང་ལ་ས་བརྐོས་པའི་ནང་གི་འོག་ཏུ་བན་དྷ་བཅུག་སྟེ། བདག་ཉིད་ཡ་མྱན་ཏ་ཀའི་རྣལ་འབྱོར་དུ་བྱས་ལ་འདུག་ལ།མདུན་གྱི་རྟ་དང་མ་ཧེ་གཉིས་ལ་གང་ལ་བྱ་བའི་མི་གཉིས་ཞོན་པར་བསམས་ལ། དེ་གཉིས་ཀྱི་ལག་ན་རལ་གྲི་རེ་རེ་ཕྱར་ཏེ་ཐོགས་པས་གཅིག་ལ་གཅིག་ཁྲོས་ཤིང་བརྒྱབ་སྟེ། གཅིག་གིས་གཅིག་གསད་པའི་རེ་ལ་རྡོ་རྗེ་ཁྲོ་བོ་མང་པོ་ཟ་ཞིང་འཐབ་པ་དེ་ལྟར་བསྒོམས་ལ་བཟླས་བརྗོད་བྱའོ། །ཨོ་ཧྲིསྐྱི་བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ཆེ་གེ་མོ་དང་ཆེ་གེ་མོ་འཐབ་པར་གྱུར་ཅིག་ཕཊ། དབྱེ་བའི་ལས་སོ། །བསྐྲད་པའི་ལས་ནི། གོང་ནས་སྨོས་པ་བཞིན་འཁོར་ལོ་གཉིས་བྲིས་ལ། ཧཱུཾ༷་ཧཱུཾ༷་ཆེ་གེ་མོ་ཕཊ་ཅེས་བྲིས་ཏེ། བན་དྷ་ཁ་སྦྱར་དུ་བཅུག་ལ་ཚོན་སྐུད་ནག་པོས་དཀྲིས་ཏེ་ཉི་མ་ཕྱེད་ཙམ་ན་དུར་ཁྲོད་དུ་སོང་ལ་ས་བརྐོས་པར་བཅུག་སྟེ། བདག་ཉིད་ཡ་མུན་ཏ་ཀའི་རྣལ་འབྱོར་དུ་བྱས་ལ། མདུན་དུ་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོན་པོ་ཕྱོགས་ཀུན་ནས་ཀྱང་རླུད་གི་འདེབས་པའི་དཀྱིལ་དུ་ཡ་སྔོན་པོ་གཅིག་བསྒོམས་ཏེ། དེ་ལས་རྔ་མོ་སྔོན་པོ་གཅིག་ཏུ་གྱུར་པ་ལས་གང་ལ་བྱ་བའི་མི་དེ་བསྐྱོན་ནས་ཁ་ལྷོ་ཕྱོགས་སུ་བསྟན་ཏེ་འོག་ནས་རླུང་གིས་བཏེག་ཅིང་རྡོ་རྗེ་ཁྲོས་བོས་ཁྲིད་ནས་མྱུར་བ་མྱུར་བར་ས་མཚམས་བཟླས་ཏེ་སོང་བར་བསྒོམས་ལ་བཟླས་བརྗོད་བྱའོ། །ཨོ་ཧྲིསྐྱི་བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ཆེ་གེ་མོ་བསྐྲད་པར་གྱུར་ཅིག་ཕཊ་ཕཊ། བསྐད་པའི་ལས་སོ། །མྱོས་པར་བྱ་བའི་ལས་ནི། དུར་ཁྲོད་ཀྱི་རས་ལ་གོང་ནས་འབྱུང་བའི་སྣག་ཚས་འཁོར་ལོ་གཉིས་བྲིས་ཏེ། ས་སྟོང་མོད་པའི་སར་བ༷་གཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་། །མུ༷་ཁ་བརྙ་བརྙ་མུ་ཀ༷་ཀུ་རུ་བ༷། ཞེས་མིང་དང་སྔགས་སྤེལ་ཏེ་བྲི་འོ། །བདག་ཉིད་ཡ་མུན་ཏ་ཀའི་རྣལ་འབྱོར་དུ་བསྒོམས་ལ། འཁོར་ལོ་ལུག་གི་ཁོང་པར་བཅུག་སྟེ་དགྲ་བོའི་སེམས་དེལ་དབབ་བོ། །འཁོར་ལོ་རེག་བཞི་རིམ་དུ་བསྐོར་བའི་འཁོར་ལོ་གཉིས་ལ། གཅིག་ཕྱི་ལོགས་སུ་བྲིས་ནས་ཁ་སྦྱར་ན་ཡི་གེ་དང་སྔགས་ཀུན་མཉམ་པོར་འགྱུར་རོ། །ཡོ་གས་མནན་པ་དང་། བསྒོམ་པ་དང་།བཟླས་བརྗོད་བྱས་ན། མྱོས་ནས་ལུས་དང་སེམས་བཅིངས་པར་གྱུར་ཏེ་གླེན་པ་འམ། ར་རོ་སྟེ་ཅིའང་མི་ཤེས་པར་འགྱུར་རོ། །ཨོ་ཧྲིསྤྱི་བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷། ཕཊ་ཕཊ། བ༷་ཆེ་གེ་མོ་མྱོས་པར་གྱུར་ཅིག་ཕཊ་ཕཊ། མྱོས་པར་བྱ་བའི་ལས་སོ། །སྨྱོ་འབྲོས་ཀྱི་ལས་ནི། གོང་ནས་དྲག་པོ་ལས་ལས་འབྱུང་བ་བཞིན་དུ། འཁོར་ལོ་གཉིས་བྲིས་ལ། ཕཊ་གཉིས་ཀྱི་བར་དུ་གང་ལ་བྱ་བའི་མིང་རུས་དང་སྔགས་སྤེལ་ཞིང་བྲིས་ཏེ།བརྙ་ཁ་སྦྱར་དུ་བཅུག་ལ། ཚོན་སྐུད་སྔོན་པོས་དཀྲིས་ནས་ནམ་ཕྱེད་ཙམ་ན་དུར་ཁྲོད་དུ་སོང་ལ་ས་བརྐོས་པའི་འོག་ཏུ་བརྙ་བཅུག་སྟེ། བདག་ཉིད་ཡ་མརྙ་ཀའི་རྣལ་འབྱོར་དུ་བྱས་ལ་འདུག་ནས་མདུན་ན་ཤན་དམར་ལ་གང་ལ་བྱ་བའི་མི་ཞོན་པར་བསམས་ལ། ཁ་ལྷོ་ཕྱོགས་སུ་བསྟན་པས་སྨྱོས་འབོགས་ནས་འོག་ནས་རླུད་གི་དཀྱིལ་འཁོར་གྱིས་ཤ་བ་བཏེག་ནས་བྲོས་པས། རྡོ་རྗེ་ཁྲོ་བོས་མདུན་ནས་ཁྲིད་རྒྱབ་ནས་ཕུལ་བས་མྱུར་དུ་ས་མཚམས་འདས་ཏེ་བྲོས་པར་བསྒོམས་ལ་བཟླས་བརྗོད་བྱའོ། །ཨོ་ཧྲིསྐྱི་བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཆེ་གེ་མོ་མྱོས་འབྲོས་པར་གྱུར་ཅིག་ཕཊ་ཕཊ། སྨྱོ་འབྲོས་ཀྱི་ལས་སོ། །ཁྲོ་བོ་ཡ་མརྙ་ཀ་སྒོམ་པའི་མིས་རང་གི་ཁྲག་དང་།ཏལ་ཆེན་དང་། དགུ་དང་། ལན་ཚྭ་དང་། སྐེ་ཚེ་དང་། ཡུངས་ནག་གི་མར་དང་། ཀ་ན་ཀའི་ལོ་མ་དང་། རྡོ་རྗེ་དྲི་ཆུ་རྣམས་སྦྱར་ཏེ། དུར་ཁྲོད་ཀྱི་རས་ལ་བྲིས་ལ། འཁོར་ལོ་གཉིས་དལ་བུས་ལེགས་པར་བྱས་ལ།གཤིན་རྗེའི་གཟུགས་ཀྱི་ཁོང་པར་སྦས་ན་གདོན་མི་ཟ་བར་འཆིའོ། །གསད་པའི་ལས་ནི་གཤིན་རྗེ་སྙིང་ཁར་བྱའོ། །དབྱེ་བའི་ལས་ནི་རྟ་དང་མ་ཧེའི་རྒྱབ་ཏུ་བྱའོ། །བསྐྲད་པའི་ལས་ནི་རྔ་མོའི་རྒྱབ་ཏུ་བྱའོ། །ཞི་བའི་ལས་ནི་ཟླ་བའི་དཀྱིལ་དུ་བྱའོ། །དབང་གི་ལས་ནི་བུད་མེད་ཀྱི་སྙིང་ཁར་བྱའོ། །རྒྱས་པའི་ལས་ནི་གླང་པོ་ཆེའི་རྒྱབ་ཏུ་བྱའོ། །མྱོས་པའི་ལས་ནི་ལུག་གི་ཁོང་བར་བྱའོ། །སྨྱོ་འབྲོས་ཀྱི་ལས་ནི་ཤིན་དམར་གྱི་རྒྱབ་ཏུ་བྱའོ། །མནན་པའི་ལས་ནི་རི་རབ་ཀྱི་ནང་དུ་བྱའོ། །དགུག་པའི་ལས་ནི་དྲེའུ་དང་སེང་གེའི་རྒྱབ་ཏུ་བྱའོ། །དེ་ལ་སོགས་་པའི་ལས་གང་བྱེད་ཀྱང་། མ་ནོར་བ་རེ་རེ་བྲིའོ། །དེ་ནས་གི་ཧང་ངམ། གུར་གུམ་གྱིས་གྲོ་ག་འམ། དར་དཀར་ལ་བྲིས་ལ། ཁམ་པའི་གབ་རྩེ་ལ་སོགས་པ་བྱས་ལ། ཞི་བ་ལ་སོགས་པ་བྱས་ལ་དེར་གཞུག་གོ །སྒྱུག་གུ་ཀུན་བྱ་རོག་གི་སྒོ་རྩལ་བྱའོ། །ལས་གང་བྱེད་ཀྱང་བྱའོ། །དྲག་པོའི་ལས་ཉི་མ་ཕྱེད་ན་བྲི་ཞིང་ལས་བྱའོ། །བན་དྷ་ཡང་ཁ་སྦྱར་དུ་བྱའོ། །བདག་ཉིད་སེམས་རྣམ་པར་དག་པ་བྱས་ལ་གཤིན་རྗེ་སྣ་ཚོགས་པའི་རྣལ་འབྱོར་དུ་བྱ་བ་ནི་བདག་དང་མི་གཉིས་པར་བྱའོ། །བདག་དང་མི་གཉིས་པར་བྱས་ལ།གནས་གསང་ཞིང་དབེན་བར་འདུག་སྟེ་རང་གི་པརྩི་ཨ་མྲི་ཏས་མཆོད་དོ། །སྣ་ལ་རང་གིས་མཆོད་དེ་ཞི་བ་དང་རྒྱས་པའི་ལས་ནི། ཇོའི་བར་དུ་མིང་བྲིའོ། །དབྱེ་བ་དང་དྲག་པོའི་ལས་ནི། ཡའི་བར་དུ་མིང་བྲིའོ། །ལས་གང་བྱེད་པའི་ཁ་དོག་མ་ནོར་བར་བྱའོ། །བཟླས་བརྗོད་བསྙེན་པ་རྫོགས་ཤིང་གྲངས་ཚང་བར་བྱས་ནས་མི་འགྲུབ་མི་སྲིད་དོ། །ལས་ནོར་ཞིང་བཟླས་པ་གྲངས་མ་ཚང་ན་བཟློག་ཅིང་མི་འགྲུབ་པོ། །དྲག་པོ་དང་། དབྱེ་བ་དང་། བསྐྲད་པ་ལ་སོགས་པ་དང་། རི་མོ་བྲིས་པ་དང་། སྣོད་ལ་སོགས་པ་ལས་མི་བྱེད་ན་བར་དེར་རང་གི་ཁྱིམ་དུ་གཞག་ན། ཉི་མ་གཅིག་བཞིན་འཐབ་པ་དང་གནོད་པ་འབྱུང་བས་གཞག་ཏུ་མི་རུང་ངོ་། །སླར་བསྙེན་པ་བྱས་ནས་དེ་ནས་སྡོད་བྱའོ། །བསྙེན་པའི་ཚེ་མི་ཚིག་ལ་སོགས་པས་བར་གཅད་དུ་མི་རུང་ངོ་། །བསྙེན་པའི་གྲངས་ནི་འབུམ་ཕྲག་གཅིག་ཡན་ཆོད་དོ། །དཀྱིལ་འཁོར་བྲི་བའི་ཐབས་ནི་ཐིག་སྐོར་རིམ་པ་གསུམ་པ་ལ་དབུས་སུ་ཐིག་བཞི་བཏབ་པས་ལེ་ཚེ་དགུ་བྱའོ། །བར་མ་ལ་རེའུ་ཆ་བཅུ་གཉིས་སུ་བྱའོ། །ཐ་མའི་རེའུ་ཆ་བཅུ་དྲུག་ཏུ་བྱའོ། །རེའུ་ཆ་ཀུན་ལ་སྔགས་བྲི་བ་ནི། ཡ་མ་རྭ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་སྒེ་ཡ། ཡ་སྒེ་ཡསྣྲོ་ནི་ར་མ་ཡ། དབུས་སུ་ཡ་བྲིས་ལ། འཁོར་ལོའི་དབུས་སུ་ཡ་དང་ཡའི་བར་རམ། ཛ་དང་རྫའི་བར་དུ་མིང་བྲི། ཕྱི་རིམ་ལ་ཧཱུཾ༷་དང་བ༷་གྱི་བར་དུ་སྙིང་པོ་འབྲུ་རེ་རེ་བྲི། བར་བར་དུ་སྙིང་པོ་འབྲུ་རེ་རེ་བྲི་བ་ནི་ཡི་གེའི་རྒྱལ་པོ་ཡིན་པས་བར་དུ་བྲི། ཡི་གེ་ཀུན་རེ་ག་ལ་རེག་ཏུ་མི་རུང་ངོ་། །ཀ་ཁ་དངཡི་གེ་ཀུན་གཡས་སྐོར་དུ་བྲིའོ། །ཐིག་སྐོར་གྱི་བར་ཆོད་པར་བྱའོ། །རིམ་པ་བར་མ་ལའང་ཐ་མ་བཞིན་དུ་སྙིང་པོ་ཀུན་བྲིའོ། །ཨོ་ཧྲིརྗི་བི་ཀྲི་ཏྭ་ན་ན་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ་གྲྭཧྭ། ལས་བྱ་དགོས་ན་གསད་པ་དང་། བསྐྲད་པ་དང་། དབང་དང་། དབྱེ་བ་དང་། ཞི་བ་དང་། རྒྱས་་ཐ་དང་། ལས་གང་བྱེད་པའི་ལས་མིང་དང་གཟུགས་དང་ལྡན་པར་བྲི་ཞིང་རི་མོ་ཟིན་པ་དང་། སྣ་ལ་ལྷ་ཕྱག་ལན་བདུན་བཙལ། མགོས་གཏུགས་ལ། དེ་ནས་མཆོད་པ་དང་གཏོར་མ་ཕུལ་ནས། བདེན་པ་གྲུབ་པར་གྱུར་ཅིག་ཅེས་བྱས་ལ། དེ་ནས་རི་མོ་མ་བྲིས་པའི་ས་སྟོང་ཡོད་ན། ཧཱུཾ༷་ཕཊ་ཧཱུཾ༷་ཕཊ་བྱ་བ་ཕྱིས་བྲིའོ། །ཧཱུཾ༷་ཕཊ་ནི་ཐུགས་ཀྱི་སྔགས་ཡིན་ཀུན་ལ་བྲིའོ། །ཐོག་མ་ཡ་མྱན་ཏ་ཀ་སྣ་ལ་ལ་བསྙེན་པ་བྱེད་པའི་སྒོམ་པ་ནི།ཁྲོ་བོ་ཡ་མུན་ཏ་ཀ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཞབས་བརྐྱང་བསྐུམ་དུ་བཞུགས་ལ། ཞལ་གསམ་ཕྱག་དྲུག་ཏུ་བཞུགས་པ། གསུས་པ་ཆེ་ལ། སྐྲ་ཁམ་པ་གྱེན་དུ་འཁྱིལ་བ་ཅན། ཡན་ལག་ཀུན་སྦྲུལ་འབར་བས་བརྒྱན་པ། སྐུ་ཆར་སྤྲིན་ནག་པོའི་མདོག་འདྲ་བ། ཆུ་ནག་པོའི་རླབས་བཞིན་འོད་འབར་བ། ཞལ་དང་མགུལ་ནས་ཧཱུཾ༷་དང་ཕཊ་ཀྱི་སྒྲ་འབྱིན་པ། གཡས་གསུམ་ན་ཏྲི་ཤ་ལ་དང་། རལ་གྲི་དང་། དབྱུག་པ་འཛིན་པ། གཡོན་གསུམ་ན་ལས་གང་བྱེད་པ་འཛིན་པས་ཅིའང་མི་བསྣམ་མོ། །ཡུམ་ལྷ་མོ་པེ་ཏ་ལི་གཉིས་ངོ་གཡས་གཡོན་གཉིས་ན་བཞུགས་པ། གཡས་ན་བཞུགས་པའི་ཕྱག་ན་དགྲ་སྟ་བསྣམས་པ།གཡོན་ན་བཞུགས་པའི་ཕྱག་ན་ཞགས་པ་བསྣམས་པ། སྐུ་མདོག་གཙོ་བོ་དང་མཐུན། བསྐལ་བའི་མེ་དཔུང་འབར་བའི་བསད་པའི་ལེའུ་གཅིག་ལོགས་སུ་ཕྱུང་བའོ།། །།རྒྱ་གར་གྱི་མཁན་པོ་ཙན་ཏྲ་སྟི་རི་དང་། མྱ་ཙབྱ་བོ་དེ་ཀུ་ཏ་དང་། ལོ་སྣྲོ་བ་དགེ་སློང་བློ་གྲོས་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྐད་གསར་ཆད་ཀྱིས་ཀྱང་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཀ་བཱ་ལ་ཀ་ལ་པ༷་མཧྭ་བྷ་ར་ཏན་ཏྲ་ནཱ་མ། བོད་སྐད་དུ། ཐོད་པ་བརྟག་པ་འཇིགས་བྱེད་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་འཇིགས་བྱེད་ཆེན་པོ་ལ་