Ngb-pt-0634-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། ཀྲོ་དྷ་བི་ཛ་ཡ་ཡ་མནྟྲ་ཏ་ཀ་ཏནྟྲ། བོད་སྐད་དུ། ཁྲོ་བོ་རྣམ་པར་རྒྱལ་བ་གཤིན་རྗེ་གཤེད་པོའི་རྒྱུད། དཔལ་ཡ་བཱན་ཏ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ལྷོ་ཕྱོགས་མེ་རི་འབར་བ་ཡི། །ཡི་དགས་ཕལ་ཆེན་དཀྱིལ་འཁོར་དུ། །ཆོས་ཀྱི་རྒྱལ་པོ་ལ་སོགས་པའི། །ཕོ་ཉའི་ཚོགས་ཀྱི་གཤིན་རྗེ་ལ། །དགོངས་ཏེ་འདི་སྐད་བཀའ་སྩལ་ཏོ། །ང་ནི་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཡིད་ལ་གང་ཡིན་སུ་སྒོམ་པ། །ཐུན་མོང་མཆོག་གི་དངོས་གྲུབ་ཐོབ། །ཡང་ན་ནམ་མཁར་འཕུར་བར་འགྱུར། །ནམ་མཁའ་ལ་ནི་བབས་ནས་ཀྱང་། །ང་ནི་རང་བྱུང་ངོ་མཚར་ལྷ། །ང་ནི་དུས་གསུམ་མངོན་དུ་བྱུང་། །དེ་བཞིན་ང་ནི་ཕྱིས་ཀྱང་འབྱུང་། །ང་ནི་ད་ལྟར་འབྱུང་བའི་ལྷ། །འདི་ནི་ཀུན་ཏུ་ང་ཡི་དབང་། །སུ་ཞིག་གང་ལ་གང་སྒོམ་པ། །གང་ཞིག་ང་ལ་མཆོད་བྱེད་པ། །ལྷ་ནི་ཐམས་ཅད་འགྲུབ་པར་འགྱུར། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འབྱུང་། །ང་ནི་རབ་ཏུ་གང་བ་ཡིན། །གསང་ནས་སྦྱོར་་བ་བྱས་ནས་ནི། །བཟླས་བརྗོད་མི་དགོས་འགྲུབ་པར་འགྱུར། །གསང་ཞིང་སྦྱོར་བ་བྱས་ན་ནི། །ཁུ་བ་རས་ཡ་ཡི་ཚོགས། །རབ་ཏུ་གསང་སྟེ་འགྲུབ་བར་བཤད། །གསང་བཅས་སྦྱོར་བ་བྱས་ན་ནི། ཁྲེས་ན་དངོས་གྲུབ་དམ་པ་དབྱིག །དེས་འཐོབ་འགྱུར་བ་གདོན་མི་ཟ། །སྦྱོ་བ་པོ་ཞིག་དག་པ་ཡིས། །མདོར་ན་འཕྲིན་ལས་རྣམ་བཞི་འགྲུབ། །ཆོས་རྣམས་སྒྲ་ཡིས་སྒྲོགས་པར་འགྱུར། །ང་ནི་དུས་ངན་ཐ་མའི་ཚེ། །བསྟན་པ་དང་ནི་སྟོན་པ་བྱེད། །དགེ་བཅུ་དག་ནི་ནུབ་པའི་ཚེ། །དེ་ཚེ་ང་ཡི་དངོས་གྲུབ་སྤྱིན། །དམ་ཚིག་ཉམས་པ་མང་བའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འཕེལ། །དེ་ཚེ་ང་ཡི་ཆོས་ཀྱང་སྒྲོགས། །གང་ཞིག་སྒོམ་ཞིང་སེམས་པ་དང་། །ཡི་དམ་དུ་ཡང་མཆོད་བྱེད་པ། །དངོས་གྲུབ་ཡིད་ལ་ཅི་འདོད་པ། །འདོད་པ་ཕུན་སུམ་ཚོགས་པ་སྟེར། །བེ་ཅོན་ཕྱག་རྒྱ་ཟུངས་སུ་ཟུང་། །དུས་གསུམ་དུ་ཡང་ཟུངས་སུ་ཟུང་། །ལྷ་ཉེ་བའི་མན་ངག་སྦྱོར་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་འདི་སྐད་ཅེས་གསུངས་སོ། །ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ། །ཡ་བཱན་ཏ་ཀ་གཤིན་རྗེ་གཤེད། །དབུ་གསུམ་པོ་ལ་ཕྱག་དྲུག་སྟེ། །གཡས་ནི་དཀར་ལ་གཡོན་ནི་དམར། །དབུས་ནི་སྐུ་དང་མཐུན་པའི་ཞལ། །སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ། །ཞལ་བགྲད་རྡོ་རྗེ་མཆེ་བ་གཙིགས། །སྤྱན་དམར་གློག་སྟོང་འགྱུ་བ་བཞིན། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གསེར་གྱི་རྡོ་རྗེ་རྒྱ་གྲམ་བསྣམས། །བདེ་གཤེགས་རྒྱལ་བ་ཐུགས་ཀྱི་མཆོག །ཕྱག་དྲུག་གཡས་ཀྱི་བར་པ་ན། །ཁ་ཊ༷་ཁ་ཡི་རྔེའུ་ཆུང་འཁྲོལ། །མ་མོ་མཁའ་འགྲོ་དམ་ལ་སྡུད། །ཕྱག་དྲུག་གཡས་ཀྱི་ཐ་མ་ན། །རྡོ་རྗེ་ལྕགས་ཀྱུ་སྔོན་པོ་བསྣམས། །ཉོན་མོངས་གནས་ནས་འདྲེན་པར་བཛད། །ཕྱག་དྲུག་གཡོན་གྱི་དང་པོ་ན། །དུང་ཆེན་དམར་གྱིས་བཀང་བ་བསྣམས། །ཐུགས་རྗེ་ཆགས་པས་དབང་དུ་སྡུད། །ཕྱག་དྲུག་གཡོན་གྱི་བར་པ་ན། །བ་སུ་ཏ་ཡི་ཞགས་པ་བསྣམས། །དམ་ལས་འདས་པ་འཆིང་བར་མཛད། །ཕྱག་དྲུག་གཡོན་གྱི་ཐ་མ་ན། །ཞིང་ཆུང་དབྱུག་ཐོ་སྨུག་པོ་བསྣམས། །བདུད་དང་དགྲ་བགེགས་ཟིལ་གྱིས་གནོན། །སྐུ་ཡང་ཆེ་ལ་བམ་ལྡིར་བཟང་། །གླང་ཆེན་ཀོ་རློན་ན་བཟའ་གསོལ། །སྟག་ལྤགས་བརྗིད་པའི་ཤམ་ཐབས་ཅན། །ཞིང་ཆེན་གཡང་གཞིའི་ཡ་བ་བསྐོར། །ཐོད་པ་སྐམ་རློན་སེ་རལ་ཁ། །སྦྲུལ་ནག་སྟོང་གིས་ལྷུ་ཚིགས་བརྒྱན། །ཞིང་ཆེན་སྒྲིལ་མའི་གདན་སྟེངས་མ། །བརྐྱང་བསྐུམ་ཚུལ་དུ་བརྗིད་པར་བཞུགས། །གཡོན་ན་ཁྲོ་མོ་གཉིས་གནས་པ། །ཟ་བྱེད་ཆེན་མོ་པེ་ཏ་ལི། །མིག་གསུམ་གདོང་ནི་ཁྲོ་གཉེར་ཅན། །ལུས་ནི་མེ་ཆེན་འབར་བ་ལ། གཟི་ཆེན་རབ་ཏུ་མདངས་ཀྱི་ལྷ། །ག་་མོ་དུ་གུལ་གོས་རྒྱན་མ། །གྱེན་དུ་སྐྲ་བརྫེས་གསུས་མོ་ཆེ། །དེ་བཞིན་ལག་ན་རྩེ་གསུམ་ཐོགས། །གཟི་ཆེན་རབ་ཏུ་བསྡིགས་པར་མཛད། །བདེ་གཤེགས་སྲས་ཀྱི་བཀའ་སྡོད་མ། །ཞིང་ཆུང་སྒྲིལ་མའི་གདན་སྟེངས་ན། །བརྐྱང་བསྐུམ་ཚུལ་གྱིས་སྦྱོར་བ་མཛད། །མེ་དཔུང་འབར་བའི་དཀྱིལ་འཁོར་ན། །འཁོར་ནི་ཏོགས་མེད་བཙན་ཐབས་ཅན། །ཆོས་ཀྱི་རྒྱལ་པོ་ལ་སོགས་པའི། །ཕོ་ཉའི་ཚོགསཀྱིསགཤིནརྗེཡི། །ཡི་དགས་ཕལ་ཆེན་དཀྱིལ་འཁོར་འདིར། །ཁྲོ་མོ་ཀེ་རི་བརྒྱད་ཀྱིས་བསྐོར། །ཕྱི་རིམ་སིང་ང་བརྒྱད་ཀྱིས་བསྐོར། །ཐར་བྱེད་ཆེན་མོ་བཞི་ཡིས་བསྐོར། །དབང་ཕྱུག་མ་ཡི་ཚོགས་ཀྱིས་བསྐོར། །ཡི་དགས་ཕལ་ཆེན་དཀྱིལ་འཁོར་འདིར། །གཤེགས་ཤིང་བྱོན་པའི་གནས་ན་ཡང་། །བསྙེན་ཅིང་སྒྲུབ་པའི་ལྷ་ལགས་ཀྱིས། །ཡལ་གམ་ཅན་ལ་བརྩེ་དགོངས་ནས། །སེམས་ཅན་དོན་ལ་གཤེགས་སུ་གསོལ། །ཨོ་ན་མོ་བུརྙ་དྷརྨ་ས༷་ག་བྷ། ཨ་ཏོ་ཏ་བ་རི་བི་རི་སརྦ་ས་མ་ཡེ་ན་ཛ་ཧཱུཾ༷་བ༷་ཧོ། །ཨེ་ཧྲེ་ཧི་ཨ་གད་ཛ་ཧཱུཾ༷་ཛ། ཞེས་གསུངས་སོ། །དེ་ལྟ་བུའི་དཀྱིལ་འཁོར་ལ་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་མཆོད། འདོད་པའི་དོན་ལ་གསོལ་བ་བཏབ་ན་སྟེར་བར་མཛད་དོ། །ཁྲོ་བོ་རྣམ་པར་རྒྱལ་བ་སྤྱན་དྲངས་ཞིང་མཆོད་པ་དབུལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ལས་ཀྱི་སྦྱོར་བ་འདི་གསུངས་སོ། །ཁྲོ་བོས་ཡང་དག་བཀའ་སྩལ་བ། །དཀྱིལ་འཁོར་རེ་མིག་བཅུ་བདུན་ལ། །སྒོ་བཞི་དང་ནི་ལྡན་པར་བྱ། །རི་མིག་དགུ་པ་དག་ལ་ནི། །ཨ་ཀྲེའི་ཡི་གེ་བཅུ་བདུན་དགོད། །སྒོ་བཞིར་ཕྱག་རྒྱ་ཆེན་པོ་བཞི། །ཐལ་ཆེན་རེ་གས་མངར་ཏེ་བྲི། །དེ་སྟེངས་སེམས་ཉིད་དག་པ་ཡིས། །ཆོ་ག་རྣམ་གསུམ་སྦྱོར་བ་ལས། །བདག་ཉིད་ཡ་ནཱན་ཏ་ཀར་གྱུར། །དེ་ལ་མཉེས་པའི་མསྙེན་པ་དབུལ། །ཨོ་ཨ་ཀྲོ་ཏེ་ཡ་མན་ཏ་ཀ་ཧ་ན་མ་ཐ་བན་ཛ་ཧཱུཾ༷་ཕཊ། དེ་ནི་ཇི་སྲིད་མཉེས་པ་དབུལ། །མཆོག་དང་ཐུན་མོང་སྟེར་བར་མཛད། །དེས་ནི་ལས་རྣམས་ཐམས་ཅད་འགྲུབ། །དེ་ནས་སེམས་གདུག་བསྒྲུབ་བྱ་ནི། །དཀོན་མཆོག་གསུམ་ལ་སྨོན་བྱེད་པ། །ནན་ཏན་གྱིས་ནི་བསྒྲལ་བར་གསུངས། །དེ་ལ་སྦྱོར་བ་འདི་དག་གོ །མི་མགོ་མ་གས་མ་ཆག་པ། ཁེ་བའི་སྐྲ་ལས་པིར་བྱས་ལ། །ཁྲག་དང་དུག་ལ་སོགས་པ་ཡིས། །ཏ་ལའི་འདབ་ལ་མིང་རུས་བྲི། །ངན་པ་རུལ་པའི་གོས་སམ་ནི། །ཡང་ན་ཐལ་ཆུ་གཤེར་བ་འམ། །རུལ་པ་མན་པའི་གོས་རྒྱན་ལ། །ཁྲོས་ཤིང་འཁྲུག་པར་བསྒོམ་བྱ་སྟེ། །གཟུགས་བརྙན་རྐང་པས་མནན་བྱས་ཏེ། །མིང་རུས་ཕུར་བུ་སོར་བརྒྱད་ལ། །བསྐུལ་བ་ཡི་ནི་སྔགས་བཟླས་ཏེ། །རྒྱ་རྩ་བརྒྱད་དུ་བཟླས་ཏེ་གདབ། །དེ་ནས་དགྲ་ཡི་སྒོར་ནི་སྦ། །མངོན་སྦྱོད་ལས་ནི་འདི་བྱས་ན། །མཁྱེན་དང་མི་མཁྱེན་རྣམ་སྤངས་པའི།།སྐུ་གསུང་ཐུགས་ཀྱང་འཇིག་པ་དང་། །སྣང་དང་མི་སྣང་གང་ཡང་རུང་། །ནམ་མཁའི་དབྱིངས་ཀྱང་འཇིག་པར་འགྱུར། །གཞན་ལྟ་མ་ལུས་སྨོས་ཅི་དགོས། །ཟླ་བ་ཕྱེད་ཀྱིས་རྫོགས་པར་་དེ་་ང་ཚོ་མི་་་ངངཆེ་ལེསྟེ་་བྱའ། ། ་ནས་བཅམ་ལྡན་འདས་ལ་འཁར་རྣམས་ཀྱ་མཆད་པ་སྣ་ གས་པས་མཆད་ནས་ ་སྣང་བར་གྱུར་ཏ། །ཁྲ་བ་རྣམ་པར་རྒྱལ་བའ་རྩ་བའ་རྒྱུད་ ན་པ་ལས། འུ་གསུམ་པ་ ་རྫགས་ས།། །།