Ngb-pt-0630-vol-07-text
Front
Body
རྒྱ་གར་སྐད་དུ། ཡ་མ་རྭ་ཛ་ཀརྨ་བི་ཤི་ཏན་ཏྲ། བོད་སྐད་དུ། གཤིན་རྗེའི་རྒྱལ་པོ་ལས་སྣ་ཚོགས་པའི་རྒྱུད། འཇམ་དཔལ་གཤིན་རྗེ་འཇོམས་བྱེད་དྲུག་པོ་ལ་ཕྱག་འཚལ་ལོ། །དེ་ནས་མགོན་པོ་གཤིན་རྗེ་གཤེད། །ཤི་ཏུ་དྲག་པོར་ཁྲོས་ནས་ཀྱང་། །ཡང་དག་གསང་བའི་ངེས་དོན་ལས། །སྡིག་ཅན་གང་ཞིག་འདས་བྱེད་པ། །དེ་དག་ཆད་པས་གཅད་པའི་ཕྱིར། །དྲག་པོ་སྔགས་ཀྱི་ལས་འདི་གསུངས། །དམ་ཚིག་ཉམས་པའི་དགྲ་བོ་ལ། །ཟོར་དང་ཐུན་གྱིས་བསྒྲལ་བའི་ཕྱིར། །དབེན་པའི་དུར་ཁྲོད་གནས་སོང་ནས། །ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད། །གུས་པས་དེ་ལ་ཕྱག་བཙལ་ནས། །གཤིན་རྗེའི་དགྲ་ནི་སྦྱན་དྲངས་ཏེ། །ཡ་མ་རྭ་ཛ་གདུལ་བར་བྱའོ། །ཡ་མ་རྭ་ཛ་སྤྱན་དྲངས་ཏེ། །གང་ལ་བྱ་བ་གདུལ་བར་བྱའོ། །མཎྜལ་འདོམ་གང་གྲུ་བཞི་ལ། །དམ་རྫས་ལྔ་ཡིས་ཆག་ཆག་བཏབ། །དཀྱིལ་འཁོར་དབུས་སུ་བྲི་བ་ནི། །མཐིང་ནག་གྲུ་གསུམ་བྲི་བར་བྱ། །མགོ་བོ་རང་གི་ཕྱོགས་སུ་བསྟན། །ཡ་ཤཱན་ཏ་ཀ་ཡབ་ཡུམ་དགོད། །ཡ་མ་རྭ་ཛ་སྟངས་དབྱལ་དང་། །ལྕགས་ཀྱི་སྤྱང་མོ་མང་པོ་དགོད། །བདག་ཉིད་དྲག་པོ་རབ་ཡུམ་བསྒོམ། །གཤེད་མ་ཡ་རྭ་ཛ་སྒོམ། །ཕོ་ཉ་འཇོམས་པ་འི་ལས་བྱེད་མ། །ལྕགས་ཀྱི་སྤྱང་མོ་རལ་གཅིག་སྒོམ། །དམ་རྫས་ཡོ་བྱད་ཚང་བར་བསགས། །རྣམ་ཤེས་དབང་པོ་དགུག་བྱའི་ཕྱིར། །དགྲ་བོ་དགུག་པའི་ཉོ་ཉ་གཏང་། །ཁུག་ཅིག་ཕོ་ཉ་མི་བཟང་མ། །ལྕགས་ཀྱི་སྤྱང་མོ་རལ་གཅིག་མ། །མིག་ནས་ཁྲག་གི་ཚ་ཚ་འཕྲོ། །ཁ་ནས་སྐད་འདོན་ཙེར་རེ་རེ། རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །ཁྲོ་ཆུ་ཁོལ་མའི་སྐྱིན་ཐང་འབེབ། །རྐང་ལག་ལྕགས་ཀྱི་སྡེར་མོ་ལས། །གནམ་ས་མེད་པར་སྤར་གྱིས་འདེབས། །རི་ཀླུངས་མེད་པར་རྗེས་ཀྱིས་འགེངས། །ཟས་སུ་སེམས་ཅན་གསོན་པོ་ཟ། །བང་གིས་གནས་སུ་ཡུད་ཀྱིས་ཕྱིན། །གང་ལ་བྱ་བའི་དགྲ་བོ་དེ། །མ་ཐོགས་མྱུར་དུ་ཁྲིད་ལ་ཤོག །དང་པོ་ཞེ་སྡང་ཕ་ཡི་སྐྱེད། །བར་དུ་འདོད་ཆགས་མ་ཡི་མངལ། །དེ་ནས་དྲི་ཟ་ལྟེ་བར་འཁོར། །ཐ་མར་ཉོན་མོངས་ལྔ་ཡི་གཟུགས། །ལྔ་ཕུང་རྩད་ནས་གཅད་པའི་ཕྱིར། །གཤིན་རྗེ་མ་མོ་ཕོ་ཉ་རྣམས། །ཐོགས་མེད་འཇིགས་པའི་སྐུ་རུ་སྤྲུལ་པ་ལ། །མགོ་བོའི་དཀྱིལ་དུ་ཁྲག་ཟོར་ཡ། །ལྟ་བའི་མིག་ལ་ཁྲག་ཟོར་ཡ། །ཉན་པའི་རྣ་ལ་ཁྲག་ཟོར་ཡ། །སྣོམ་པའི་སྣ་ལ་ཁྲག་ཟོར་ཡ། །སྨྲ་བའི་ལྕེ་ལ་ཁྲག་ཟོར་ཡ། །དྲན་པའི་སྙིང་ལ་ཁྲག་ཟོར་ཡ། །འགྲོ་བའི་རྐང་ལ་ཁྲག་ཟོར་ཡ། །ཡུལ་མཁར་ཁྱིམ་ལ་ཁྲག་ཟོར་ཡ། །ནོར་གྱི་དབྱིག་ལ་ཁྲག་ཟོར་ཡ། །འོག་གི་རྟ་ལ་ཁྲག་ཟོར་ཡ། །བུ་དང་ཆུང་མ་བུ་མོ་དང་། །འཁོར་བཅས་མ་ལུས་རྡུལ་དུ་རློག །ཁྲག་ཟོར་འཕང་བའི་སྔགས། ཐོད་ཁྲག་སྤྱོས་ཤིག་ཙིཀྟ་གུ་ལུ་ནན། སྙིང་ཁྲག་སྤྱོས་ཤིག་ཙཀྲ་ར༷། རྣམ་ཤེས་སྤྱོས་ཤིག་ཤ་ན་ར༷། ངག་རྣམས་སྤྱོས་ཤིག་སོ་ཏིང་ཁ་རམ། གཟུགས་ཕུང་ཆིངས་ཤིག་སུ་ཏྲེ་ནི། ཡན་ལག་ཅིངས་ཤིག་ཛ་ཏྲི་ཛ་ཏྲ༷། ཞེས་བརྗོད་ལ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ཟོར་དང་བཅས་པ་འཕང་ངོ་། །བལ་མོ་ནག་མོ་མི་སྲིང་གདུག་པའི་སྔགས་ཀྱིས་འཕང་ངོ་། །བྲམ་ཟེ་ལྕེ་དགུའི་དགུག་པའི་ངན་སྔགས་ཀྱིས་གདབ་ཅིང་འཕང་ངོ་། །དེ་ནས་དམ་ཉམས་དགྲ་བོ་དེ། །འཆོར་བ་མེད་པར་བྱ་བའི་ཕྱིར། །བདུད་མོ་མི་ཟན་ཉིད་ལ་གཏད། །མ་བདུན་དཔོན་གཡོག་གསུམ་ལ་གཏད། །ཡ་མ་རྭ་ཛ་ཉིད་ལ་གཏད། །གདབ་པའི་སྔགས་ལ། ཨི་ཨུ་ཨེ་ས་མ་ཡ་ཐིབས་ཐིབས། ལིང་ཤར་ཡང་ངེས་སོ། །ཨོ་ས་མ་ཡ་ཏིཁྱི་ཧ༷། མ་མ་མྱ་རུ་ཐིབས་ཐིབས། ཐབ་བྲུ་བུར་ཁ་ཤ་པ༷། རྦད་ཐུམ་རི་ལི་ལི། ཐིག་ནག་གཅིག་མེད།གཉིས་དྲུག་བརྒྱད་བཅད། །མནམ་མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། བཛྲ་ནེ་ཕཊ། བཛྲ་ར་ར་དེ་ཕཊ། བཛྲ་ཛ་ར་དེ་ཕཊ། བཛྲ་ད་དེ་ཕཊ། བཛྲཨི་ཏིང་ན་ག་ལེ། ནཱ་ག་ལེ། སུམ་པ་ལེ་ཙིན་ཡང་ཙིན་ཡང་། ལེན་ཡང་ལེན་ཡང་། །དགྲ་བོ་ཆེ་གེ་མོ། མ་རྭ་ཡ་ཛ། དྲག་པོ་ཀུན་འཇོམས་ངན་སྔགས་འདིས། །བཏབ་ན་ལྷ་ཡང་རླག་པར་འགྱུར། །དགྲ་ལ་བཏབ་ན་ཞག་གསུམ་ན། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །བརྣག་པ་བཅུད་ཀྱི་ཉིང་ཁུ་འདི། །སྣོད་ངན་ཕལ་པ་བསྟནཔམིན། །གཤིནརྗེནགཔོ་ལས་སྣ་ཚོགས་པའི་རྒྱུད་ལས། ཁྲག་ཟོར་འཕང་བའི་ལེའུ་སྟེ་དང་པའོ།། །།དེ་ནས་མགོན་པོ་ཧ་ལ་སྐུས། །ཞེ་སྡང་ཆོ་ག་ཐོད་འདི་ཡིས། །སྐྱེ་བོ་ཆོས་ཉིད་མ་རྟོགས་པས། །རྣལ་འབྱོར་སྐུ་དགྲ་བྱེད་པ་ལ། །བསྟན་པ་བསྲུང་ཕྱིར་འདི་གསུངས་སོ། །མི་མགོ་མ་རྣམས་ཀྱིས་ཐོད་པ་ཡ་མཚན་ཅན་ཡང་རུང་། རྗེ་རིགས་ཡོད་ན་ལེགས། དེ་མེད་ན་སྐྱེ་བོ་དྲག་རྩལ་ཅན་གྱི་ཐོད་པ་བླངས་ལ། དེ་ཡང་རློན་པ་རྙེད་ན་ལེགས། ན་སྐམ་པོ་ལ་ཟོར་སྣོད་བྱས་ལ། དེ་ཡི་ནང་སྙིང་ཁྲག་དང་ཕུད་གཙང་མས་བཀང་ལ། ནམ་ཕར་ཕྱེད་ཚུར་ལ་ལངས་ལ། དགྲ་བོའི་ཕྱོགས་ལ་ཁ་བལྟས་ལ། ཏིང་ངེ་འཛིན་གསལ་ལ་མ་མོ་འབུམ་སྡེའི་སྔགས་འདི་བརྗོད་དོ། །ཨོ༷་ཡ་མུ་ཡ། ཏིགི་ཏིགི་མོ་རྦད། རྦད་མོ་ཕཊ། རཀ་ཤ་མ་རྦད་ཕཊ། ཏི་ཤ་མ་ཕཊ། རྦད་ཐུ༷་ཕཊ། མ་མོ་རབས་གཅོད་མོ་ཕཊ། མ་མ་སྙིང་ཁ་རག་མོ་རྦད། སྙིང་ཁྲག་འཐུང་པའི་མ་མོ་ཧ་ཧབ། ཅེས་གྲངས་འབུམ་ཡན་ཆད་བཟླས་ལ། ཐོད་ཁྲག་འདི་དགྲ་བོའི་དུར་ལ་འཕངས་ལ། །གང་དུ་ཕྱིན་པའི་སར་དབང་བསྐུར་ལ་གཞག །དེ་གཏོར་མ་ཆ་གཅིག་དགྲ་བོའི་དུར་དུ་སྦས་ན་དགྲ་བོ་རབས་འཆད་དོ། །སྔགས་ཡང་རྣམ་གཅིག་ལ། ཡུངས་ཀར་དང་ཁྲག་བསྲེས་ལ་གདབ་པ། ཨོ་ཤག་ཤག་རྦད་ཐུམ་རིལ་ལི་ལི། ཐུམ་རིལ་ལི་ད་ཛ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ཡང་བརྡེག་ཐབས་རྣམས་གཅིག་ལ། དགྲ་བོའི་ཁྱིམ་ལ་བརྡེག་པའི་ཐབས་ཀྱིས་ཐབས་དང་སྦ་ཐབས་སུ་བརྡེག་སྟེ། མ་ཚོར་བར་གདུང་སྣ་ལ་བརྡེག །ཚོར་ན་མི་རུང་ངོ་། །མ་མོ་དྷི་ཏི་མ་སྦྱོ། མ་མོ་ཤི་ཀྲི་མ་སྦྱོ།མ་མོ་ཤ་ལེན་མ་སྨྱོ། མ་མོ་ཁྲག་འཐུང་མ་སྨྱོ། མ་མོ་རུས་འཆའ་མ་སྨྱོ། མ་མོ་སྲོག་གཅོད་མ་སྨྱོ། མ་མོ་དབུགས་ལེན་མ་སྨྱོ། མ་མོ་མདངས་ལེན་མ་སྨྱོ། མ་མོ་ཡིད་འཕྲོག་མ་སྨྱོ། མ་མོ་ཚེ་འཕྲོག་མ་སྦྱོ། དཀར་ནག་སྙིང་གི་མཚམས་སུ་རྒྱོབ། །སེམས་འདི་མ་བཟུང་ཡང་བར་ཐོང་། ཁྲ་ཁྲག་རུས་པའི་མཆོད་པ་འབུལ། །དུག་གསུམ་མཆོད་པ་འདི་བཞེས་ལ། །སྡིག་ཅན་འདི་ཡིས་འགལ་བྱེད་དེ། །དམ་ཚིག་ཅན་གྱི་བཀའ་གཅོད་པ། །དབེན་རིགས་གཉན་པོ་བཤིག་བཤིག་པ། །ལྟ་རིགས་དཀོར་ལ་འབག་འབག་པ། །དཀོན་མཆོག་གསུམ་གྱི་བཀའ་བསླུ་བ། །ནམས་ཀྱང་གཏང་བར་མི་བྱ་སྟེ། །མ་གཞག་བསྒྲལ་ན་བདེ་ཆེན་པོ། །ཛ་ཛ་ཤིག་ཤིག་སེ་ཁོག་བཞིན་དུ་ཤིག །ཕྱོགས་མཚམས་མེད་བར་གཏོང་ཅིག་རླུད་ལ་ཕྱོར། །ཨོ་ན་མོ་བྱུ་ཐུ། པྲ་མན་ཏི་པྲ་མན་ཏ་ཛེ་ཛ་ཀོ་ཤ་རི་ཤོ་ཀ་རི་ཕཊ། མི་ཤུ་པྲེ་ཕཊ། ཕུང་ཤི་ཤུ་ ཧེ་ཕཊ། སྙིང་ཁྲག་ཁོང་ནས་ཁར་འཐུང་ལ། ཁོང་ཁྲག་ཁ་ནས་སྐྱུག་ཏུ་ཆུག །ན་མོ་ཁ་སེ་མེ། ཁ་སེ་མེ་ཕཊ། དགྲ་བོའི་སྙིང་རྩ་དྲང་བ་འདི་སྐད་དོ། །ཕྲིག་ཕྲིག་ཀུབ་ཀུབ་ཨིག་ཨིག་ཨ༷་ལྷུ་ཤ་ཛ་ཛ། འདྲེན་པའི་སྔགས་སོ། །ཙིཉི་དྲི་མ་ར་ཡཛ སོ་ན་ཤ་བ་ལེ། ཙོད་པ་ལེ་ཧཱུཾ༷་ཧཱུཾ༷། ཡ༷་ཏི། སུ་ཏྲི་ནི། མ་མོ་གནམ་གྱི་དཔལ་མོ་བཙན་སྨྱོ། བསྐྱེད་ཏྲི་སྨྱོ། ད་རོད་ཨ་ད་རོ། ཁ་ཁ་ལེ་ལེ་ཛ་ཛ། ཨུ་ཤུ་ཨུ་ཤུ་སྐྱེས་དེ་ཨུར་མོ། སྐྱེ་རོ་སྐྱེ་རོ་མ་མ་ལྷ་ཛ་ཛ་ཛ། ར་ལུ་རུ་ལུ། ཁ་ཆེར་མི་༄༅། ཁེག །ཙིན་དྷ་ཙིན་དྷ། རྦད་རྦད། ཧ་ཧ་ཧོ་ཧོ། ཡན་ལག་བསྣོལ་ཅིག །དྷིང་དྷིང་དགྲ་བོའི་སྒལ་ཚིགས་ཆུ༷་ཤིག་ཕཊ་ཕཊ། དགེས་པར་རོལ་ཅིག །ཧ་ཧ་ཧོ་ཧོ། མི་ཁྱིམ་ཕུང་བྱ་གདངས་ཕུང་དུ་ཐོགས་ཤིག །མྱ་ར་ཡ་བཱ་ར་ཡ་དགྲ་བོ་ཕུང་དུ་ཆུག་ཤིག་ཤོ་ར་རེ། བྷ་རི་ཧ། བལ་ཀ་སྨྱོ། བལ་ཀ་སྨྱོ། ཟ་རོ་ཤོ་ཧ། ཧ་ཁའི་ཧ་ཁའི། དཔའ་བོ་ཁྱེད་རྣམས་ཀྱིས་ཐལ་བར་ལྷོགས་ཤིག །ཧབ་ཧབ་ཧེབ་ཧེབ། མ་མོ་ཆེན་མོ་ཁྲག་འཐུང་མ་ལ། ལག་ན་དགྲ་བོའི་ཚེ་དང་དབུགས་འཆང་བ། དྲོངས་ཤིག་ཁུག་ཅིག་དགྲ་བོ་དྲི་ཛ་དྲི་ཛ། ཚལ་ད་ཤག་ཚལ་ད་ཤག །བ༷་བྲུ༷་བ༷་བྲུ༷། མུགས་མུགས། མྱོགས་མྱོགས། རབ་འབྲིང་འསུམ་ལས་ལོ་ཟླ་བ་དང་ཞག་དུས་སོ། །ཛན་ཧི་ཛན་ཧི། ན་ཡ་མན་དྷི་རྦད། ཤེས་པ་ལ་ཡ། སྨྲ་བའི་ལྕེ་ལ་ཡ། སྙིང་ཚིག་ཙིལྟི་ལ་ཡ། སྣང་ཤེས་ལུས་ལ་ཡ། ཙིཀྟ་དྷ་ཙིན་དྷ་སྨྱོ་བྱེད་ཤེས་ཕཊ། ཙིན་དྷ་ཙིན་དྷ་ཧཱུཾ༷་ཕཊ། ཁལ་ཏེ་ཁལ་ཏེ་ཧཱུཾ༷་ཕཊ།རྒྱུད་དུ་ཧཱུཾ༷། ཡ་མ་ཡེ་ཧཱུཾ༷་ཕཊ། དགྲ་བོའི་སྙིང་དང་སྲོག་ཙ་ལ་སྨྱོ། ཞེས་སྔགས་སྟོང་རྩ་བརྒྱད་བཟླས། ཐོད་པའི་ནང་དུ་སྤྱང་ཁུའི་མཆེ་བ་གཉེས་བཙལ། བཙལ་བའི་དུས་སུ་དགྲ་བོའི་མིང་ནས་བྱུང་ལ་བྲི། སྔགས་སུ་ཧ་ཧ་ཧེ་ཧེ། མཆེ་བ་གཉིས་ལ་བཙལ་ལ་སྦས་ཏེ། ཧོ་ཧོ་ཧེ་ཧ། ཞེས་བྱ་ཤ་ཟན་གང་ཡང་རུང་བའི་མགོ་བོ་བཙལ་ལ་གཞུག །ཀྲིད་བྱ་ཀྲོད་བྱོ་ཁྱི་རྒྱ་བོའི་མཆེ་བ་ལ་དགྲ་བོའི་མིང་རུས་བྲིས་ལ་བཙལ། ཧ་ཧ་ཞེས་འུག་པའི་མགོ་ལ་མིག་རུས་བྲིས་ལ་བཙལ། མཆུ་ལ་མིང་རུས་བྲིས་ལ་བཙལ། ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། ཞག་དུས་སྣ་ཚོགས་བཙལ་ལ། ཁྱད་པར་དུ་གུ་གུལ་ནག་པོ་མེད་དུ་མི་རུང་ངོ་། །ཞག་གསུམ་དུ་བསྙེན་པ་གཟུགས་ཤིང་བདེན་པ་བདར། གསེར་སྐྱེམས་གཅིག་བཤམས་ལ་བསྲུང་བའི་ལྷ་འདྲེ་དང་ཕྱེད་པར་བྱེད། །མཆོད་པ་ལེན་དུ་མ་འཚལ་ན། གཟོད་བདག་ཉིད་ཆས་སུ་ཞུགས་ལ། ཏིང་ངེ་འཛིན་གསལ་ལ་དྲག་པོའི་ལས་བྱའོ། །དེ་ནས་སྔགས་གོང་མ་གཏང་ངོ་། །བདག་གི་གུང་མོ་ལ་ཁྲག་ཕྱུང་ལ་དཔྲལ་བའི་དབྱིངས་སུ་བསྐུའོ། །འོ་དོད་བོད་བདག་གིས་མཉེས་བྱས་ལ། རང་གི་སྣ་ལ་ཁྲག་ཕྱུང་ལ་དཔུང་མགོ་གཡས་གཡོན་དུ་བསྐུ། ལག་ངར་གཡས་གཡོན་དུ་བྱུག །ཐོད་པའི་མིག་གི་བུག་པའི་ནང་དུ་ནས་ཞིང་རས་ཀྱིས་བཏགས་ལ། ཞིང་རས་ཀྱིས་མ་སོ་ནས་ཀྱང་བཏགས་ལ། དགྲ་བོའི་ཕྱོགས་སུ་བསྟན་ལ་ལས་བྱའོ། །ཐག་ཉེ་ན་དགྲ་བོའི་ཁྱིམ་དང་མཁར་ལ་འཕང་ངོ་། །རིང་ན་ཕྱོགས་སུ་འཕངས་སོ། །གཤིན་རྗེ་ལས་སྣ་ཚོགས་པའི་རྒྱུད་ལས། ཞེ་སྡང་གི་ཆོ་ག་ཐོ་ཟོར་ནག་པོའི་ལེའུ་སྟེ་གཉིས་པའོ།། །།དེ་མ་གྲུབ་ན་ཐོད་པ་མོའི་ཟོར་གཏང་ན། ཉི་མ་བཞི་པའི་སྔགས་འབུམ་བཟླས་ཏེ། ཉི་མ་དང་པོའི་སྔགས་ཀྱིས་མགོ་འཁོར་བར་བྱེད། ཉི་མ་གཉིས་པའི་སྔགས་ཀྱིས་ཁྲག་འཐོར་བར་བྱེད། ཉི་མ་གསུམ་པའི་སྔགས་ཀྱིས་རབ་ཏུ་བརྒྱལ་བར་བྱེད། ཉི་མ་བཞི་པའི་སྔགས་ཀྱིས་མ་ར་ཡ་གདོན་མི་ཟ་བར་འགྲུབ། དེ་ལ་མགོ་འཁོར་བར་བྱེད་པའི་སྔགས་ལ། ཨོ་སྨྱོ་རི་ཛི་ཕྲ༷་མ་ར་ཡ་ཛ། སྙིང་འདྲེན་ཅིང་སྨོས་པར་བྱེད་པར་སྔགས་ལ། ཁོ་ར་བྲ་ཕཊ། ཕོད་ཕོད། མུ་ར་ཡ་ཛ། ཁ་ནས་ངུ་འབོད་ཟེར་ཞིང་ཡན་ལག་ས་ལ་བརྡུང་བའི་སྔགས་ལ། དུ༷་དུ༷་བྲུ༷་བྲུ༷་ཁ་རག་ཤ་ཐུམ་རི་ལི་ལི་ཛ། ལུས་ལ་བྱ་བའི་སྔགས་ལ། ཁ་ཤ་བ༷་ར་ཀ་ཤ་ཏྲ༷། རྦད་ཐུ༷་རི་ལི་ལི། འགྲོ་བའི་སྟབས་ལ་བྱ་བའི་སྔགས་ལ། ཀུག་བྲུ༷་བྲུ༷། ཧྲི་ཧྲི་དུལ་དུལ་སོད་སོད། དེས་འཆོར་མི་སྲིད་དོ། །ཡིད་ལ་བརྣག་པ་ཆེན་པོ་བྱེད་ན། རྫས་ཀྱི་རྣམ་གྲངས་ནི། རྣེལ་དྲི་མོའི་ཐོད་པ་དང་། ར་རྒྱ་བོའི་སྙིང་ཁྲག་དང་། བྱི་ལ་ག་པའི་འཇུག་བུ་དང་། བླ་རྡོ་འམ་འོག་ས་བླངས་ལ་འབྲུས་ཏེ། གྲོ་ག་འམ་ཤིང་ཤུན་ལ་གཟུགས་བཅས་ཏེ། ཚོན་སྐུད་སྣ་ལྔས་བཅིང་། དཀྱིལ་འཁོར་མཐིང་ཁ་གྲུ་གསུམ་དུ་བྲིས་པའི་ནང་དུ་གཞག །ལིང་གའི་མགོ་གཤིན་རྗེ་ལ་གཏད། རྐང་པ་བྱང་ཤར་གྱི་འབྱུང་པོ་ལ་གཏད་ལ། དགོངས་པ་ལྕགས་ཀྱི་ལྕང་མོ་རལ་གཅིག་མ་སྒོམ། དེ་ལས་བསྡུས་ཏེ་བསྒོམས་པས་ཁྲག་གི་རྒྱ་མཚོ་མེ་ལོང་ཙམ་དུ་སྒོམ། དེ་ལས་འོད་འཕྲོས་སླར་འདུས་པ་ལས། དཔལ་གྱི་བཀའ་ཉན་ཁྲག་གི་དྲི་སྣོམ་མ། ཕྱག་བརྙན་ཕོ་ཉ་རྣམས་ཐུགས་ཀ་ནས་བསྐྱེད་དོ། །དེ་རྣམས་ཀྱིས་དགྲ་བོའི་སྙིང་དཀར་ནག་གི་མཚམས་ནས་རྣམ་པར་ཤེས་པའི་སེམས་ཡུད་ཙམ་གྱིས་ཁུགས་པར་བསམ་མོ། །དེ་ལ་འདི་སྐད་བསྐུལ་ལོ། །དགྲ་བོ་དབུགས་པའི་ཕོ་ཉ་བཏང་། །དཔལ་གྱི་ཕྱག་བརྙན་ཁྲག་གི་དྲི་སྣོམ་མ། ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན། །སྤྱན་མིག་ཉི་མའི་ཟེར་དང་འདྲ་ཞིང་རྣོ། །ལྕང་མོ་ལྕགས་ཀྱུའི་རྩེ་ལ་བསྐལ་པའི་མེ་ཆེན་འབར། །དགྲ་བོ་ཉམས་པའི་སྙིང་འབྱིན་ཆང་པར་བཅུག་ལ་གསོལ། །ཁྲོས་པའི་ཁ་དོག་དམར་པོ་ཁྲག་གི་མཆི་མ་འཛག །སྐད་ནི་ནམ་མཁའི་འབྲུག་བས་ཆེ། །བང་ནི་བར་སྣང་གློག་པས་མགྱོགས། །ཟངས་སྡེར་དམར་པོ་ལག་པ་ན། །བྱེ་ཕྲུག་ཤ་ཆེན་འཇུམ་པ་ལྟར། །འགལ་བྱེད་འབྱུང་པོའི་དོན་སྙིང་སྦར་གྱིས་འདེབས། །ཕུང་པོ་རྡུལ་ཕྲན་བཞིན་དུ་རློགས། །གཟུགས་ལ་ཕུང་པོ་མ་ཡིན་པར། །རྣམ་པར་ཤེས་པ་ཁྱེར་ལ་ཤོག །ཅེས་ཉུངས་ཀར་གྱིས་ཕོ་ཉ་ལན་གསུམ་བཀྱེ་བས། རྒྱབ་རྟེན་དང་དབྲལ་ལོ། །ཡིད་ཀྱིས་མངོན་སུམ་དུ་ཞུགས་པར་ས་ལ་དམིགས་ལ་གཟུགས་ལ་ཕབ་ལ་གུ་གུལ་ནག་པོ་དང་། ཏིལ་ནག་པོས་བདུག་གོ །མཚམས་དྲག་ཏུ་གཅད་དོ། །དེ་ནས་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་སྨིན་མཚམས་ཀྱི་ཁྲོ་གཉེར་དུ་བརྡེག་གོ །གཉིས་སྙིང་ཁར་བརྡེག་གོ །གཉིས་བརླ་གཉིས་ལ་བརྡེག་གོ །གཉིས་དཔུང་མགོ་རེ་རེར་བརྡེག་གོ །དེ་ནས་ཡང་ཡུངས་ཀར་གྱི་རྒྱལ་པོ་ཐོགས་ལ་བྲམ་ཟེ་ལྕེ་དགུའི་སྔགས་ཀྱིས་བརྡེག་གོ །དགྲ་བོའི་སྙིང་དཀར་ནག་མཚམས་སུ་གདབ་བོ། །ཨི་ཡུ་ཨ་ས་མ་ཡ་ཐིབས་ཐིབས། དགྲ་བོ་མ་ར་ཛ། ཞེས་བཏབ་ན་མི་༄༅ འཆོར་རོ ངེས་སོ འཆོར་མི་སྲིད་དོ། །ཡང་མོན་ནམ་རབས་ཆད་ནག་མོའི་ཐོད་པར་དགྲ་བོའི་མིང་བྱང་སྩལ་ལ། ཆུ་མིག་ཉ་ལྕིབས་ཅན་མིས་མ་ཚོར་བར་བཙལ་ཏེ། བལ་མོའི་ངན་སྔགས་ཀྱིས་གདབ་བོ། །ཨོ་ས་མ་ཡ་ཏྲིགི་མ༷། མ་རུ་མུ་ར་ཡ་ཐིབས་ཐིབས། ཐབ་བྲ་བུར་ཁ་ཤ་ཡ༷་བ༷་མ༷། རྦད་ཐུམ་རི་ལི་ལི། མྱ་ར་ཡ་ཛ་ཛ། སྔོན་བལ་མོ་ཀུན་ཆེན་དང་བལ་མོ་རྡོ་རྗེ་གཉིས་ཀྱི་མཐུ་འགྲན་པས། ནགས་ཀྱི་སྤྱང་མོ་ལ་མེ་འཆད་པ་ལ། མིང་པོས་སྔགས་བཏབ་ཅིང་གཡག་ལྤགས་རློན་པས་བརྡབས་ནས་རོག་རོག་བཏང་ངོ་། །སྲིང་མོས་སྔགས་རང་གིས་བཏབ་པས་སོལ་བར་རོག་གིས་བཏང་ངོ་། །སྔགས་འདི་ཅི་ལ་བཏབ་ཀྱང་མི་འཆོར་རོ། །ཨོ་རྨག་ཤག་རྨག་ཤག་རྦད། ཐུམ་རི་ལི་ལི་རྦད། མུར་མོ་ཤང་། སེད་ཡ་སེམས། བ་བྷ་ཡ་མུ་ར་ཡ་ཞེས་གཏོགས་ཤིག །རྒྱུས་པ་རྩ་ནས་ཕྱུང་ཞིག །མིག་སྒྱུ་ནས་དྲོངས་ཤིག །ལྕེ་སྐམ་པར་དྲོངས་ཤིག །དེ་ནས་བདུད་མོ་མི་ཟན་ལ་གཏད་པའི་ཐབས་ལ། ཐིག་ནིག་གཅིག་ཆེད། གཉིས་དྲག་བརྒྱད་བཅད། གནམ་མཐོང་ཕྱེ། ལྕགས་སྒྲོག་ཁྲོལ། མི་རང་སོད། དེས་འཆོར་མི་སྲིད་དོ། །དེ་ནས་མ་བདུད་དཔོན་གཡོག་ལ་གཏད་པའི་སྔགས་ལ། བཛྲ་ནེ་ནེ་ཕཊ། མ་ལེ་དུམ་དགྲ་བོ་ལ་ཕཊ། བཱ་ར་ཡ་ཛ། གཡའ་མ་སྐྱོལ་ལ་གཏད་པའི་སྔགས་ལ། བཛྲ་ར་ར་དེ་ཕཊ། བལ་མ་དྲེའུ་སྣ་མ་ལ་གཏད་པའི་སྔགས་ལ། བཛྲ་ཛྲ་ར་ཏེ་ཕཊ། ཁྲི་་སྨན་ཏི་ཧར་ན་སོད། ལོང་གློ་གསེར་གྱི་བདག་མོ་ལ་བཏང་བ་ལ་མོ་རྐང་ཕྲན་གྱི་སྔགས་ལ། ཨོ་ཙིན་ཡང་ཙིན་ཡང་ལེན་ཡང་ལེན་ཡང་། དྲི་ནཱ་ར་ཡ་ཛ། གློག་སྤུར་མང་པོ་ན་མོ་བྱུ་ཐུ་ཡ་བརྡེག་གོ །དཀྱིལ་འཁོར་ཁྲག་གི་རྒྱ་མཚོ་མེ་ལོང་ཙམ་ཅིག་སྒོམ་མོ། །དེའི་སྟེང་ན་ལྕགས་ཀྱི་སྤྱང་མོ་མེ་སྟག་ཙམ་འཕྲོ་བ་འམ། ། མགར་བའི་ཚ་ཚ་འཕྲོ་བ་ཙམ་ཅིག་སྒོམ་མོ། །དེའི་ཅེ་སྟོང་ཁམས་ཁྱབ་པར་སྒོམ་མོ། །དུས་ནི་གནམ་སྟོང་ངམ་ཚེས་བརྒྱད་སྐར་མ་གདུག་སྐར་སྟ་ཐོགས་ལ་བྱའོ། །བལ་མོ་དགུའི་སྔགས་འདི་མ་མོ་ཐམས་ཅད་ཀྱིས་བལ་མོ་ཁ་གནས་དམར་པོ་ལ་བརྒྱུད། དེས་ཝ་ཁམ་ལ་བརྒྱུད། དེས་བལམོ་བཆུ་རིངས་མ་ལ་བརྒྱུད། ཞེ་སྡང་ཐམས་ཅད་ཀྱི་བཅུད་བླངས་ཏེ་མེ་ལྟར་སྤར་རོ། །བལ་མོ་དགུའི་སྔགས་འདིས་དགྲ་བོའི་གཟུགས་ལ་གདབ་བོ། །དགྲ་བོ་ནི་མུ་ར་ཡ་ཛ། བྱི་ལའི་ལྕེ་འདིས་བརྡེབས་པས་ནི། །ཁམས་གསུམ་ཀུན་ཀྱང་ཕུང་བར་བྱས། །བཅོལ་བའི་དགྲ་རྣམས་ཕུང་བར་བྱེད། །གཏད་དོ་ཅོག་ནི་ཕུང་བར་བྱེད། །དེ་ནས་བརླག་བར་བྱ་བའི་སྔགས་འདི་སྐད་དོ། །ཨོ་ཏི་པུ་མ་ཤིག་ནི་བུ་མ་ཤིག །སི་ཀ་རི་ས་ཀ་རི། དུག་དུག་དུག །སྨྱེ་ཤོས། ཐ་བྷ༷་ཐ་བྷ༷་ཕཊ། ཅེས་བརྒྱབ་ན་བརླག་པར་འགྱུར་རོ། །བརྣག་པ་བཅུད་ཀྱི་སྙིང་པོ་འདི། །སྣོད་ངན་ཕལ་གྱིས་མི་ཐུབ་སྟེ། །སུ་ཡང་གཏད་པ་མ་ཡིན་ནོ། །ཆུ་སྲིན་རྒོད་མའིཁབཞིནདུ། །གདམས་ནས་གཞན་ལ་དབྱེ་མ་ཡིན། །གང་ཞིག་སྣོད་ངན་སྤེལ་ན་ནི། །བདག་ཉིད་ངན་སོང་ལྟུང་བར་འགྱུར། །གཤིན་རྗེ་ནག་པོ་ལས་སྣ་ཚོགས་པའི་རྒྱུད་ལས། འཇོམས་བྱེད་ནག་པོ་ངན་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་མགོན་པོ་གཤིན་རྗེ་ཧ་ལ་ནག་པོ་མངོན་དུ་གྲུབ་པར་འདོད་ན། སྔགས་འདི་རྒྱུན་དུ་བཟླས་ན་མངོན་དུ་འགྲུབ་པར་འགྱུར་རོ། །ཨོ་ན་མོ་ལྷ་ག་བ་སྟི། བཛྲ་ཀྲོ་དྷ་ར་ཛ་ཡ། ཡ་མ་ནི་ཀྲེན་འདྲ་ན། བན་ཛ་མྱ་ག་ར་ཡ།ཨོ་རྗ་ཕྱུ ཧ་ན་དྷ་ཧ་པ་ཙ་ཛ་ལ་པ། ཙུན་ཙ་ཙུན་ཙ། སརྦ་སྣུ་ན་ཏ་ན་ཀ་ཡཀྟ་ར་ཀྲན་གྲྭཧྭ། པྲི་ཏི་བི་ཤ་ཙ། ཀྲུན་བན་དྷ་བུ་ཏ་ན། ཀ་ཏ་པུ་ཏ་ན། ས་ར་ས་ར་ཧ་ཧཱུཾ༷་ཕཊ། བཛྲ་པེ་ཏ་ལི་ཧཱུཾ༷་ཕཊ། ཛྲམ་མ་ཛུ་ཡེ་ཕཊ། འདི་ནི་ཡབ་ཡུམ་ཕྲུགས་སུ་བཅས་པའི་ཡང་སྙིང་སྟེ། སྔགས་འདི་རྒྱུན་དུ་བཟླས་ན་མངོན་དུ་འགྱུར་རོ། །ལས་དྲག་པོ་གང་བྱེད་ཀྱང་དང་པོ་སྔགས་འདི་མ་བཟླས་ན་མི་འགྲུབ་བོ། །དེ་ནས་འཇམ་དཔལ་འབྲུ་དྲུག་པའི་སྔགས་ཀྱི་དགྲ་བོ་དྲངས་ན་མི་ཁུགས་མི་སྲིད་དོ། །ཨོ་ཤི་མཉུ་ཀྭ་ལ་དུ་པ་ཆེ་གེ་མོ་དྲི་ཛ་དྲི་དྲོངས། དེ་ནས་བརྡེག་པའི་སྔགས། ཨོ་ཤི་མཉུ་ཀ་ལ་རྭ་པ། ཆེ་གེ་མོ་རཀྟ་ཙཀྲ་ཧཱུཾ༷་ཕཊ། དེ་ནས་ཁྲག་སྒྱུག་ཏུ་གཞུག་པའི་སྔགས། ཨ་ས་མ་ཡ་མཉུ་ཀུག་ཏ་ཧཱུཾ༷། ས་མ་ཡ་ས་ཐམ་ས་ཐམ། ཤོག་ཐམ་ཤོག་ཐམ། བ༷་མུགས་བ༷་མུགས། ཞེས་བྱས་ལ་རང་གི་མལ་འོག་ཏུ་དགྲ་བོའི་གཟུགས་མནན་ལ་གཞག་གོ །དེ་ནས་མི་འཆོར་བར་བྱ་བའི་སྔགས་ནི། ཨོ་མེ་ན་མ་རུ་ཡེ་གྲྭཧྭ། ཞེས་བསྡམས་ལ་གཞག་གོ །གཤིན་རྗེ་ལས་སྣ་ཚོགས་པའི་རྒྱུད་ལས། གསང་བའི་ཡང་སྙིང་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་མགོན་པོ་གཤིན་རྗེ་གཤེད་ཀྱིས་ཡ་མ་རྭ་ཛའི་འཕྲིན་ལས་ཁ་ཐུན་ནག་པོས་དགྲ་བོ་གསད་བའི་ཆོ་ག་འདི་གསུངས་སོ། །སྔགས་པ་བདག་ཉིད་དང་པོ་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་ཆ་ལུགས་ས་ཞུགས་ལ། ཨོ་ཡ་མན་ཏ་ཀ་ཛ། ཡ་མ་རྭ་ཛ་ཧཱུཾ༷། ཞེས་བརྗོད་པས།བདག་ཉིད་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྐུ་ཕྱག་རྒྱ་གསལ་བའི་ཐུགས་ཀ་ནས། འཇིགས་བྱེད་ཡ་མ་རྭ་ཛ་ཙར་གྱིས་ཕྱུང་སྟེ། མདུན་ན་སྐུ་ཆེ་ལ་ཡན་ལག་རགས་པ་སྐུ་མདོག་སྨུག་ནག་བསམ་གྱིས་མི་ཁྱབ་པ་གཅིག་འཇིག་རྟེན་གྱི་ཁམས་སུ་འཕྲོས་པས། འཇིག་རྟེན་ཁམས་ཐམས་ཅད་ཡ་མ་རྭ་ཛས་གང་བར་སྒོམ་མོ། །དེས་དགྲ་བོ་ཐམས་ཅད་དབང་དུ་བསྡུས་ནས། སླར་འདུས་པ་ལས། སྔགས་པ་བདག་ཉིད་མགོན་པོ་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་དུ་ཞུགས་པའི་མདུན་དུ། རྒྱལ་པོ་ཆེན་པོ་ལ་བློན་པོ་ཆེན་པོ་བཀའ་ནོད་པ་བཞིན། འཇིགས་བྱེད་ཆེན་པོ་ཅིག་བཀའ་སྩལ། གང་སྒོམ་གྲུབ་པར་བགྱིའོ། །ཞེས་འཁོད་པ་ལས། སྔགས་པ་བདག་ཉིད་ཆས་གོས་ནག་པོ་གོན་ལ། རྨད་དུ་བྱུང་བའི་དམར་གྱི་གཏོར་མ་ཆ་གཅིག་གི་ནང་དུ། བྱི་ལའི་གཅིན་དང་། སྨུག་ཆེན་དང་། སྨུག་ཆུང་དང་། དགྲ་བོའི་མིང་རུས་གཏོར་མའི་ནང་དུ་བཅུག་ལ། དུག་དང་མར་བསྲེས་པས་དགྲ་བོའི་གཟུགས་ཀྱི་ཐོག་ནས་མར་སྦྲེང་ཞིང་། དམ་ཉམས་པ་འདི་སོད་ཅིག་པར་བསྒོལ། སྔགས་དང་། ཉུངས་ཀར་དང་། མཚོན་ཆས་ཀྱང་གདབ་བོ། །ཟླ་བ་མར་གྱི་ངོ་ལ་དང་ཤི་ཀ་ལ་བྱ། དུས་དང་གཟའ་སྐར་ངན་པ་ལ་བརྩམ་མོ། །དང་པོ་སྐུ་རྒྱན་ཅིག་པ་གསལ་བར་བསྐྱེད་པ་འདི་སྐད་ཅེས་བསྐུལ་ལོ། །ཨོ་གཏུམ་ཆེན་དྲེགས་པ་ཆེན་པོ་ཐམས་ཅད་འཇོམས་པའི་ལྷ། །དབང་བྱེད་བདུད་འདུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཁྲོ་རྔམ་གདུག་པས་སྲིད་གསུམ་ཐལ་བར་རློག །སྒྲོལ་བྱེད་སྐུ་མཆོག་མ་མོ་འབངས་སུ་འཁོལ། །སྲིད་པ་གསུམ་ན་ཁྱོད་འདྲ་གཞན། ཁམས་གསུམ་སྒྲོལ་བྱེད་འཕྲིན་ལས་དུས་ལ་བབ། །ཧཱུཾ༷་ཡ་མན་ཏ་ཀ་ཛ་ཧཱུཾ༷་ཛ། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ། །ཡ་མ་རྭ་ཇོའི་སྐུ་ལ་ཕྱག་འཚལ་ལོ། །ཡ་མ་ར་ཛ་ཧཱུཾ༷། ཉི་མ་འབུམ་པས་ལྷག་པའི་འོད་སྟོང་འགྱེད། །གདུག་བྱེད་མཚོན་ཆ་མང་པོ་བསྐལ་བའི་མེ་ལྟར་འབར། །རབ་བརྗིད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཨོ་ལྷུ་ཡ་རྙོ་ན་མུ༷་ཧཱུཾ༷། རྡོ་རྗེའི་སྐུ་ལ་ཀླུ་དབང་རབ་བརྗིད་ཅིང་། །གཅན་གཟན་གདུག་པའི་པགས་རློན་ན་བཟར་གསོལ། །ཡི་དགས་མགོ་བཅད་སྐམ་རློན་འཕྲེང་བས་བརྒྱན་དང་ཐོད་དུ་བཅིངས། །ཁྲོ་བའི་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་ཞབས་དྲུག་ཧཱུཾ༷་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་སྟོངས་མཛད་ཞབསདྲུགགཤིནརྗེགནོན། །ཨོ་བྱིན་དུ་ཡ་མ་ཛ་ཡ་ནན། བརྐྱང་བསྐུམ་བརྗིད་པས་གཤིན་རྗེ་ཡ་བ་ཏིའི་སྙིང་ཁ་གནན། །ལྗགས་དྲིལ་ཚེམས་ཀྱི་གསེབ་ནས་རྡོ་རྗེ་ཐོག་ཕབ་པས། །འཁོར་གྱི་མ་མོ་རྣམས་ཀྱང་གཅེར་བུར་བུད་ཅིང་རྔམ་པ་འདོན། །རབ་ཏུ་འདར་ཞིང་བྲེད་ནས་བྲན་དུ་འཁོལ། །ཚམ་རྔམ་ཁྲོ་བོའི་སྒྲ་སྐད་སྒྲ་བསྒྲགས་པས། །འཁོར་གྱི་མ་མོ་རྣམས་ཀྱང་དར་ཅུག་ཅུག །ཨོ་མ་ཁ་ལེ་ཁ་ཐུན་ནན། །ཚངས་པ་འཁོར་བཅས་རྔུལ་གྱི་ཐིགས་འཛག་ཅིང། །ལྷ་ཆེན་ཁྱབ་འཇུག་མཧྭ་དེ་བ་གནན། །ཕྱག་ན་བན་དྷ་རློག་པ་རབ་བསྣམས་ཤིང་། །དངོས་གྲུབ་འཁྲུག་ཅིང་ཀླད་ཁྲག་ཞལ་དུ་གསོལ། །ཁྱུང་དང་འུག་པ་ལྟ་བུའི་ཁྲ་བསྣམས་ཤིང་། །དམ་ལས་འདས་པ་རྣམས་ལ་གཏོང་བར་མཛད། །ཨོ་ཡ་མ་ཁ་ཐུན་ར་ཛ་ཧཱུཾ༷་ནན། རྣལ་འབྱོར་བདག་ལ་གདུག་ཅིང་འགལ་བྱེད་པའི། །དགྲ་རྣམས་རབ་ཏུ་ཆིངས་ཤིང་ཕུང་བར་མཛད་དུ་གསོལ། །གཤིན་རྗེ་ནག་པོ་ཡ་མ་རྭ་ཛ་ཁྲོ་བོ་ཀུན་གྱི་རྗེ། །བསྟན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །དགྲ་བོའི་མགོ་ནས་ཆོམ་ཆོམ་བསྣམས་སུ་གསོལ། །ཁྱོད་ཀྱི་སྐུ་དང་ཆ་བྱང་འདི་འདྲ་མཐོང་བའི་ཚེ། །ནད་གཏོང་སྲིན་མོའི་ཚོགས་རྣམས་འདར་ཞིང་འབྲོས། །ཁྱུང་ཆེན་སྔོན་པོ་མཁའ་ལ་ལྡིང་པ་བཞིན། །ཅི་ལྟར་བྱས་ཀྱང་ཐོགས་པ་མེད་མཁྱེན་པས། །རྣལ་འབྱོར་བདག་ལ་གནོད་པའི་དགྲ་དང་བགེགས། །ཡུད་ཙམ་གྱིས་ནི་ཐལ་བར་བརླག་ཏུ་གསོལ། །འཇིགས་བྱེད་ཡ་མ་ར་ཛའི་ཐུགས་དམ་དགེས་བསྐུལ་མ། །ཨེ་ཀ་ཛ་ཏི་གུ་ཡ་རལ་གཅིག་མ། །མི་འཕམ་ཁྲོ་གཉེར་གཡུ་ཡི་རལ་པ་ཅན། །རལ་པ་སྤྲུགས་པའི་སྐྲ་གསེབ་རེ་རེ་ནས། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་སྟོང་ཁམས་འགེངས་པར་མཛད། །ཀུན་ཀྱང་མི་བཟད་འཇིགས་པའི་ལྕགས་ཀྱུ་ཅན། །ལྕགས་ཀྱུ་བཏབ་པས་དགྲ་བོའི་སྲོག་རྩ་གཅོད། །གང་ལ་བྱ་བ་མ་ཐོགས་ཏལ་བར་རློགས། །ཕུང་པོ་ཤ་ཁྲག་རུས་པ་ཞལ་དུ་བཞེས། །ཨོ་ཨ་ཀྲོ་བྱིན་ཙ་ར་ཙ་ཧཱུཾ༷་ཛ། ཧ་ཧ་དེ་བག་ཛ། ཛ་ཧཱུཾ་བ༷་ཧོ། ཧཱུཾ༷་ཕཊ། དེ་ནས་སྤྱན་དྲངས་ཏེ། དབུས་ཕྱོགས་མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་ཁ༷་པ་ར་ལ་པ་གྱེན་དུ་འཁྱིལ་བའི་ལྷ། །རལ་པ་ཁ༷་ནག་གྱེན་དུ་འཁྱིལ་བ་ལས། །སུམ་ཅུ་རྩ་གསུམ་ལྷ་རྣམས་ཀུན་ཀྱང་འདར་ཅུག་བཅུག །སྤྱན་མིག་སྡང་མིག་གྱེན་དུ་བཟློག་པ་ཡིས། །ཕྱོགས་བཅུ་ཁྲོ་བོ་ཀུན་ཀྱང་གན་ཕུག་བསྲེ། །སྨིན་མ་གློང་སྟོང་འོད་སྐྲུང་སྡུག་པ་འབར་བ་ཡིས། །སྤྲུལ་བའི་ཕོ་ཉ་མང་པོས་སྲིད་པ་གསུམ་ཡང་ལྷག་གིས་འགེངས། ཁྲངས་ནས་རླུད་བྱུང་རྡོ་རྗེ་ཚུབ་ནག་དྲག་པོ་ཡིས། །ས་གཞི་གཡོ་ཉིང་བར་སྣང་འཁྲུག་པར་བྱེད། །མཆེ་བ་ཟླ་ཚེས་དཀར་པོ་གཙིགས་པ་ཡིས། །གནོད་པའི་དགྲ་དང་བགེགས་ཀྱི་སྲོག་རྩ་གཅོད་པར་མཛད། །ཞལ་ནས་ཁྲོ་བོའི་བརྡ་སྐད་ཕྱུང་བ་ཡིས། ཁམས་གསུམ་སྲིད་གསུམ་འགུལ་ཞིང་ལྡེག་པར་བྱེད། །སྨ་ར་སེར་པོ་འཇིགས་པའི་མེ་སྟག་འཕྲོ། །སྟོང་ཁམས་འོད་ཀྱིས་འགེངས་ཤིང་དགྲ་བོ་བསྲེག །ཕྱག་དྲུག་མཚོན་ཆ་གདུག་པ་མང་པོས་ནི། །གནོད་པའི་དགྲ་བགེགས་མ་ལུས་ཐལ་བར་རློག །ཐུགས་དམ་བསྐུལ་ཕྱིར་གནས་འདིར་གཤེགས་སུ་གསོལ། །འཇིགས་བྱེད་ཡ་མ་ར་ཛའི་ཐུགས་དམ་དགེས་བསྐུལ་མ། །ཨེ་ཀ་ཛ་ཏི་འཇིགས་བྱེད་དཔལ་གྱི་ཡུམ། །རྣལ་འབྱོར་བདག་གི་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཅིག་ལྷ་མོ་རྡོ་རྗེ་དམ་ཚིག་མ། །སྐུ་སྟོད་གཡུ་ཡི་དྲིལ་བུ་འབུམ་གྱིས་བརྒྱན། །སྐུ་སྨད་སྟག་ལྤགས་རློན་པ་འབུམ་གྱིས་གཡོགས་པའི་ཆ་ག་ཅན། །དབུ་ལ་གཡུ་ཡི་རལ་པ་དུར་ཁྲོད་ཁམས་ཀྱང་ཁྱབ། །འཇིགས་བྱེད་ཡ་མ་ར་ཇོའི་ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །དགྲ་བོའི་རྩ་དྲུངས་ནས་འབྱིན་ཅིང་གཤེགས་སུ་གསོལ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ། །མཛོད་ཅིག་མརྫོད་ཅིག་བཅོལ་བའི་འཕྲིན་ལས་མཛོད། །ཛ༷༷ཧཱུཾ༷་བ༷་ཧོ། །ཡ་མན་ཏ་ཀ་ཨེ་ཀ་ཛ་ཏི། ཡ་མ་ར་ཛ། ཡ་མན་ཀྟ་ཡ་ཛ་ཛ། གུ་ཡ་ཨ་ཀྲ༷་ཛ་ཛ། དགྲ་བོ་བཅོལ་གྱིས་ཡུད་ཙམ་འཕྲིན་ལས་མཛོད། ཁྲ་ཁྲག་དམར་གྱི་མཆོད་པ་བསྣམས་སུ་གསོལ། །ད་ནི་ཕྱག་བཙལ་ཏེ། གདུག་པ་འདུལམཛདགཤིནརྗེགཤེད་ཀྱི་ལྷ། །སྦྲུལ་དང་ཐོད་རློན་མང་པོས་སྐུ་ཡི་རྒྱན་དུ་བྱས། །རྔམ་པའི་ང་རོས་ཐམས་ཅད་ཟིལ་གྱིས་གནོན། །གཏུམ་ཆེན་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བདུད་འདུལ་སྲིད་པ་གསུམ་གྱི་ལྷ། །དྲག་ཤུལ་མཐུ་སྙེམས་གནོད་པར་དགྲ་རྣམས་འཇོམས། །མི་བཟད་དྲག་པོ་གཏུམ་ཁྲོ་ཐུགས་རྗེ་ཅན། །འཇིགས་བྱེད་ཡ་མ་ར་ཇོའི་སྐུ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་སྐུ་ལ་དགེས་མཆོད་འབུལ་མཛད་མ། །སྒེག་མོ་རལ་གཅིག་གཤིན་རྗེ་གཤེད་ཀྱི་ཡུམ། །ན་བཟའ་རས་ཀྱི་དུག་གུལ་གསོལ། །མ་གཅིག་ཨེ་ཀ་ཛ་ཏིའི་སྐུ་ལ་ཕྱག་འཚལ་ལོ ད་ནི་སྨན་མཆོད་དང་བཤགས་པ་བྱ་བ་ཡང་འདིར་རྫོགས་པར་བྱའོ། །དེ་ནས་དགྲ་བོ་བསྟབ་པ་བྱ་སྟེ། ཨེ་གྲུ་གསུམ་ནང་དུ་རི་བོང་མགོ་ཡང་རུང་། མཁར་ཀྲོང་སྲིན་ཁྱེར་བཏགས་པ་དང་། ས་འཇམ་པོ་ལ་དགྲ་བོའི་གཟུགས་བྱས་ལ། ཨེའི་སྟེང་དུ་གཞག་ལ་དགྲ་བོའི་གཟུགས་ཀྱི་རྐང་པ་ནས་སྐུད་པ་སྔོན་དམར་གྱིས་བཏགས་ལ་གཏོར་མ་ལ་གདགས། གཅིག་མགུལ་ནས་བཏགས་ལ། ཁྲོ་བའི་སྐུ་གདགས། སྐུད་པ་གཅིག་སྔགས་པའི་ལག་པར་བཟུང་། །སྐུད་པས་ཕར་ཐེན་ཚུར་ཐེན་དུ་བྱས། མིང་བྱང་བཞི་བྲིས་ལ། མིང་བྱང་གཅིག་ཡ་བཱན་ཏ་ཀའི་ཐུགས་ཁར་དབུལ། གཅིག་གོ་ཏ་ར་མར་སྩལ། གཅིག་སྣང་སྲིད་ཀྱི་ལྷ་འདྲེ་ལ་དབུལ། གཟུག་གཟུགས་ཀྱི་སྙིང་ཁར་གཞུག གཟུགས་ཀྱི་སྙིང་ཁའི་མིང་བྱང་ལ་དུག་དང་ཁྲག་བསྲེས་ལ་སྦྲེང་། ཡ་མ་རྭ་ཇོའི་སྙིང་པོ་དང་ངན་སྔགས་ཁ་ཐུན་གྱིས་གདབ་བོ། །ཉིན་དུས་གསུམ་མཚན་དུས་གསུམ་དུ་བཟླས། ཉུངས་ཀར་ལ་སྔགས་ལ་གདབ། ཞར་ལ་དམར་གྱི་མཆོད་པ་དབུལ། འཛབ་གྲངས་ཤིང་འཕྲིན་ལས་བཅོལ། རཀྟ་སྦྲེང་ཞིང་སྔགས་འདི་སྐད་བཟླས་སོ། །ཡ་མ་རྭ་ཛ་ས་དོ་མེ་སྤྱོ་རུ་ལུ་རུ་ལུ་ཆེ་གེ་མོ་ཧཱུཾ༷་ཕཊ།བ༷་རི་ལི་ལི་རྦད་ནན། ཨོ་དུབ་བུར་དུབ་བུར་ཆེ་གེ་མོ་ནན། ཚལ་ནན། ཨོ་སྙིང་ཤོ་མེ་ཁ་ལ་མུ་ལོ་ཙ་ཐུན་ནན། ཨོ་སྭ་སྟི་རུ་རུ་གོང་ཀྲ་རྭ་ཛ་ནན། མུ་ར་ཡ་ཛ ཡ་མ་ར་རྫའི་སྙིང་པོ་རྒྱུན་མ་ཆད་པར་གྲང་ངོ་། །ཨོ་ཨུ་ཀྲོ་མསྣྲུ་ཐྲི་ཀ་ལ་རུ་པ་སྒེ་ཡ་ས་དུ་ནན། བ༷་རྦད་རུ་ལུ་རུ་ལུ་ཛ། རུ་ལུ་རུ་ལུ་ཚལ་པ་ཡ་ནི། དོ་ཤ་རུ་ནི་ནན། ཆེ་གེ་མོ་མུ་ར་ཡ་ནན། མྱ་ར་ཡ་ཛ། ཞེས་ཉུངས་ཀར་ལ་བཟླས་ཤིང་གཏོར་མའི་མིང་བྱང་ལ་གདབ། ཧཱུཾ༷་ཆེ་གེ་བྱས་ལ་གཟུགས་ལ་ཡང་གདབ་བོ། །མཚན་བྱང་ཆུ་མིག་ཁ་ཤར་དུ་བལྟས་པ་འམ། ལྷོ་འམ། བྱང་དུ་འང་རུང་སྟེ། གཞུང་མ་ནོར་བར་བའོ། །རབ་འབྲིང་གིས་ཞག་དང་ཟླ་བ་དགུ་ནས་རྟགས་འོང་ངོ་། །གཤིན་རྗེ་ལས་སྣ་ཚོགས་པའི་རྒྱུད་ལས། ཡ་མ་རྭ་ཐུགས་ཀྱི་ཁ་ཏུན་ནག་པོའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དགྲ་བོ་ལ་མདའ་ཐུན་གཏང་བར་བྱ་སྟེ། དེ་ལ་དང་པོ་སྔགས་པ་བདག་ཉིད་ཀྱི་སྤྱི་གཙུག་ནས། ཨོ་མཐིང་ནག་འབར་བ་འཕྲོས་འདུས་པ་ལས། ཨོ་ཀྲོ་མསྐྲུ་གྲི་ཡ་མྱན་ཏ་ཀ་འདི་ལ་ཧཱུཾ༷། ཞེས་བརྗོད་པས། འཕགསཔགཤིནརྗེགཤེད་པོ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་དམར་དབུས་མཐིང་མཆེ་བ་གཙིགས་པ། གཡས་དང་པོ་ན་ཞིང་གི་དབྱུག་ཐོ། བར་པ་ན་དགྲ་སྟ། ཐ་མ་ན་རལ་གྲི། གཡོན་དང་པོ་ན་སྡིགས་མཛུབ། བར་པ་ན་མདུང་ཐུང་། ཐ་མ་ན་ཐོད་རློན་ཁྲག་གིས་བཀང་བ། ཞབས་དྲུག་ལ་གཉིས་ཤ་ཟ་དང་སྲིན་མོ་གནོན་པ། ཞབས་གཉིས་མ་མོ་དང་ཁྲག་འཐུང་གནོན་པ། ཞབས་གཉིས་གྱད་ཀྱི་དོར་སྟབས་སུ་བཞུགས་པ། བདུད་དང་། སྲིན་པོ་དང་། མ་མོ་དང་། ཁྲག་འཐུང་རྣམས་བྲན་ཚར་ལ་འདོན་པ་བཞིན་འཁོལ་བར་སྒོམ་མོ། །ཁྲོ་བོ་དེའི་ཐུགས་ཀ་ནས། ཡི་གེ་ཛ་ལས་འཕྲོས་འདུས་པ་ལས། འཕགས་པ་ཡ་མ་ར་ཛའི་སྐུ་ཡུངས་འབྲུ་ཙམ་གཅིག་ལ། སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། བ་སྤུའི་གསེབ་ཡན་ཆད་གོ་མཚམས་མེད་པར་གཏམས་པར་སྒོམ་མོ། །ཐུགས་ཀྱི་གསེར་མདའ་འདི་ཉིད་ཀྱང་དཔག་ཆེན་གྱི་མདའ་གཡག་ལ་བརྒྱབ་པ་ལྟར། ཡ་མ་རྭ་ཛུ་ཐུགས་ཀྱི་མདའ་ཐུན་དགྲ་བོའི་སྙིང་གི་དཀྱིལ་དུ་བརྒྱབ་པས་སླར་མི་ལྡོག་པར་སྒོམ་མོ། །ཐུགས་མདའ་འདི་ཉིད་ཀྱང་སྐར་མདའ་ལ༷་དུ་ཞུགས་པ་བཞིན་ནམ། མེ་སྟག་ཕུས་བཏབ་པ་བཞིན་འཕྲོས་པས་ལས་དང་། །ཉོན་མོངས་པ་དང་། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས་ནས་དགྲ་བོའི་སྙིང་དཀྱིལ་དུ་བརྒྱབ་སྟེ། གཟེར་བཏབ་པ་བཞིན་དུ་སྒོམ་མོ། །གཡུ་སྤྱང་ལག་པ་གཡོན་གྱིས་ཐོགས་པ་ནི། ཡུམ་ཨེ་ཀ་ཛ་ཏི་ཞེས་ཀྱང་བྱ། སྲིན་མོ་མགོ་འཕྱངས་མ་ཞེས་ཀྱང་བྱ་སྟེ།མིག་བཟློག་པ། མཆེ་བ་གཅིགས་པ། རལ་བ་དམར་པོའི་རྩེ་ལ་ལྕགས་ཀྱི་མེ་འབར་བར་སྒོམ་མོ། །ལག་པ་གཡས་པ་ན་མདའ་ཐོགས་པ་ནི། འཇིགས་བྱེད་ཡ་མ་རྭ་ཛ་ཉིད་དུ་གསལ་བར་སྒོམ་མོ། །དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་གཟེར་ཐེབས་ཏེ། དགྲ་བགེགས་སུ་ལ་བརྒྱབ་ཅིང་བཏབ་ཀྱང་སླར་མི་ལྡོག་པར་སྒོམ་མོ། །དེ་ཡིས་སྔགས་ལ། ཨོ་རྭ་ཛ་ས་དུ་མེ་ཤེ་ཀ་ཛ་ཏི་མུ་ཀ་ཨ་ཤོ་མ། ཨོ༷་པེ་ཏ་ལི་རཀྲ་ཡ་སྒ་མན་སྲུཧྭ། ཛ་ཛ། ཞེས་ཡུམ་གྱི་སྙིང་པོ་བརྗོད་པས་དགྲ་བོའི་ཙིསྟའི་ཐོག་ཏུ་ཐུགས་ཀྱི་མདའ་ཐོག་བབས་པ་མཞིན་དུ་སྒོམ་མོ། །དེ་ནས་འདི་སྐད་ཅེས་བསྐུལ་ལོ། །ཧཱུཾ༷། ང་ནི་སྐྱེས་མཆོག་གཤིན་རྗེ་རྒྱལ་པོ་སྟེ། །ལག་ན་གསོད་པའི་མདའ་གཞུ་ཐོགས་པ་ནི། །བསྒྲལ་བའི་ཞིང་བཅུ་མ་ལུས་གཞོམ་པ་ལ། གཏི་མུག་ཞེ་སྡང་རྗེས་སུ་འཆང་བ་མིན། །གཞུ་མཆོག་མགོ་བོ་ཡར་བལྟས་པས། །ཁྲོ་མོ་ཆེན་མོ་པེ་ཏ་ལི། །གཞུ་མཆོག་འོག་མ་མར་བལྟས་པས། །སྲིན་མོ་ཆེན་མོ་མགོ་འཕྱངས་མོ། །རྒྱ་མདུད་བྱང་ཆུབ་སེམས་ཀྱི་ངོ་བོར་བསྟན། །ཆུང་ཟུངས་བྱང་ཆུབ་སེམས་ཀྱི་ཁོང་ལུ་བདུད་རྩིའི་སྣོད། །གཞུ་རྒྱུད་དྲག་པོ་སྒྲལ་བའི་རྒྱུ་མ་བཟང་བ་ཡིན། །བཤུལ་ནི་མཉེན་ལ་ལྕུགས་པས་ཡུམ་དུ་སྟོན། །བཤམས་ནི་སྐྱེས་མཆོག་དོན་ལ་ཞུགས་པའི་མཁས་པས་བཤམས། །རྙེད་ནི་དགྲ་དང་བགེགས་ཆེན་རྣམས་ཀྱིས་རྙེད། །མདའ་ནི་མཚོན་གྱི་རྒྱལ་པོ་ལག་ཆ་གསོད་པ་ཡིན། །སྟོང་ནི་ཐབས་དང་ཤེས་རབ་སྦྱོར་བའི་ཕྱག་རྒྱ་ཡིན། །མདེའུ་ཁ་ཆུང་ཏིང་ཟབ་ཙིསྟའི་དཀྱིལ་དུ་བརྡེགས་བ་ཡིན། །ཡ་མ་རྭ་རྫའི་སྐྱེར་མདའ་ལ། །མ་མོ་ཚོགས་ཀྱིས་ཡུད་ཀྱིས་སྒྲོན། །བྱང་ཆུབ་སེམས་ཀྱི་མདེའུ་བཅུག །སྲིད་པ་གསུམ་གྱི་སྤྱིན་ཆུས་བསྐུས། །འཕེན་ནི་གཟས་ཀྱི་དགྲ་ལ་འཕེན། །རྒྱོབ་ཅིག་ཆེ་གེའི་སྙིང་གི་དཀྱིལ་དུ་རྒྱོབ། །ཨོ་ཨེ་དུན་ཏི་ཧད་མ་ཡ༷་མ་ཏི་བ༷་ནན། ར་ཛ་ས་དུ་མ་ཀྲོ་ནན། སྒྲོ་ལ་གཏོད་པ། ནག་མོ་མིག་རྣོན་ལྟས་སྟོན་མ། །ཁྱིམ་ཕྱི་འཁོར་ཞིང་ཤ་ལ་དགའ། །ནག་མོ་མིག་དྲུག་མ། །ཚེ་གསུམ་དྲལ་ཞིང་རྒྱུ་སྙིང་འདྲེན། །དགྲ་བོའི་མིག་འདྲེན་བྱ་རོག་མ། །འབྲས་བུ་ཕྱུང་ཞིག་བྱ་རོག་མ། །ཨོ་ཀྲོ་ཏི་ཀང་ཀ་ཁ་ཁ་མ་ཧཱུཾ༷་ཕཊ། རི་བོང་གི་མིག་ལ་བརྡེག །གསོད་བྱེད་ཆེན་མོ་ཧོར་པ་མོ། །ཧོར་མོ་ཆེན་མོ་འཇིགས་བྱེད་མ། །ཆུམ་ཤིག་ཆུམ་ཤིག་ཧོར་པ་མོ། །དུས་ལ་བབ་བོ་ཧོར་པ་མོ། །རྒྱོབ་ཅིག་དགྲ་བགེགས་གསོད་བྱེད་མ། །སྙིང་གི་དཀྱིལ་དུ་མདའ་ཟོར་རྒྱོབ། །ཨོ་ཧོར་མོ་བ་ཙིསྟ་ཙིསྟ་ཕཊ། ཕྲ་མེན་ཆེན་མོ་འུག་པའི་མགོ །ལྟས་ངན་རྒྱལ་མོའི་དུས་ལ་བབ། །ནུབ་མཐོང་འུག་པའི་དུས་ལ་བབ། །རྣོ་བྱེད་སྤྱན་གྱིས་སྲིད་གསུམ་གཟིགས། །འཛིན་བྱེད་ཐུགས་ཀྱིས་སྟོང་ཁམས་ཁྱབ། །འཇིགས་པའི་རྐན་སྒྲ་ཕྱོགས་བཞིར་སྒྲོགས། །འུག་པའི་སྒྲ་སྐད་དིར་རི་རི། །གཞུ་མཆོག་རྒྱབ་ཅིག་འུག་པའི་མཆུ། །ཨོ་ཧུ་ལུ་མུ་ཁ་ཧབ་ཧབ། །ཧཱུཾ༷་ཧབ་ཧཱུཾ༷་ཧབ་ཕཊ་ཕཊ། དགྲ་བོའི་ཡུལ་ལ་དམ་དུ་བརྡེག །བདེ་གཤེགས་ཐུགས་ལས་སྤྲུལ་བའི་མདའ་མཆོག་དམ་པ་འདི། །རྒྱབ་ཅིག་དགྲ་བོ་འབྲོང་ལྟར་འགྱིང་བའི་སྙིང་གི་དཀྱིལ་དུ་རྒྱོབ། །ར་ཛ་ས་དུ་ནན།གཅིག་སྟེ་བདེ་བ་ཐུགས་ཀྱི་མདའ་རྒྱོབ་ཅིག །དུས་ལ་བབ་པོ་སྙིང་གི་དཀྱིལ་དུ་རྒྱོབ། །ཟླ་གམ་གདེངས་པའི་མདའ་མཆོག་དམ་པ་འདི། །རྒྱོབ་ཅིག་སྙིང་གི་དཀྱིལ་དུ་རྒྱོབ། །སོགས་ཀ་གདེངས་པའི་མདའ་མཆོག་དམ་པ་འདིས། །སྐུ་ཡི་ཕྱག་རྒྱའི་རྒྱ་མདུད་ལ། །གཡུ་ཡི་མདའ་སྒྲ་ཤར་ར་ར། །ལྕགས་ཀྱི་གཞུ་སྒྲ་འུར་རུ་སྲ །སྐུ་ནི་དུད་ཁ་ཆེན་པོ་ལས། །འབྱུང་པོ་ཀུན་གྱི་གཤེད་མར་བྱུང་། །གཤེད་བདག་ཡ་མ་རྭ་རྫའི་དུས་ལ་བབ། །མིག་གིས་བལྟས་ཏེ་ཞེ་སྡང་བསྐྱེད། །ཞེས་སྡང་རྩད་ནས་གཅད་པའི་ཕྱིར། །མིག་གི་དཀྱིལ་དུ་མདའ་ཐུན་ཡ། །གྲུ་གསུམ་གདེངས་པའི་དཀྱིལ་འཁོར་ནས། །འཇིགས་བྱེད་འབར་བའི་སྐུར་སྣང་བས། །སྣོམ་པར་བྱེད་པ་སྣ་ཡིན་ཏེ། །འདོད་ཆགས་རྩད་ནས་གཅད་པའི་ཕྱིར། །སྣ་ཡི་དཀྱིལ་དུ་མདའ་ཐུན་ཡ། །ཁྲག་འཐུང་འབར་བའི་དཀྱིལ་འཁོར་ནས། །ཡེ་ཤེས་འབར་བའི་མདའ་མཆོག་དམ་པ་འདི། །ཉན་པར་བྱེད་པ་རྣ་བ་ཡིན། །རྣ་བའི་དཀྱིལ་དུ་མདའ་ཐུན་ཡ། །གྲུ་བཞི་གདེངས་པའི་དཀྱིལ་འཁོར་ནས། །སྐུ་ཡི་རྔམ་པ་གཟི་བརྗིད་ཆེན་པོ་ལ། །སྨྲ་བར་བྱེད་པ་ཁ་ཡིན་ཏེ། ཁ་ཡིས་སྨྲ་བའི་གཏི་མུག་ཕྱུང་། །གཏི་མུག་གསལ་བར་བྱ་བའི་ཕྱིར། ཁ་ཡི་དཀྱིལ་དུ་མདའ་ཐུན་ཡ། །ལུས་ཀྱི་བྱུག་པས་ཕྲག་དོག་བསྐྱེད། །ཕྲག་དོག་རྩད་ནས་གཅད་པའི་ཕྱིར། །ལུས་ཀྱི་དཀྱིལ་དུ་ཁྲག་ཟོར་ཡ། །མདའ་ནི་འཕྲིན་ལས་ངང་ཉིད་དབྱིངས་སུ་འབིགས། །སྤྱིན་ནི་བྱང་ཆུབ་སེམས་ཀྱིས་འཛིན་བའི་དོན། །སྒྲོ་ནི་སྐུ་གསུང་ཐུགས་ཀྱི་ངང་། །མདེའུ་གཉིས་མེད་དབྱིངས་སུ་འབིགས། །གཞུ་ནི་ཤེས་རབ་ཐབས་དང་ལྡན། །རྒྱུད་ནི་ཡེ་ཤེས་འོད་དུ་སྤྲེང་། །གསང་བ་ཐུགས་ཀྱི་མདའ་མཆོག་དམ་པ་འདི། །རྒྱོབ་ཅིག་དགྲ་བོའི་སྙིང་གི་དཀྱིལ་དུ་རྒྱོབ། །འཕོངས་ཤིག་ཕོ་བདུད་བཙན་དང་གཉན་ལ་འཕོངས། །སྲིད་པ་ཆགས་པ་བཤིག་པའི་ཕྱིར། །ལྟེ་བའི་ཁུང་དུ་མདའ་ཐུན་རྒྱོབ། །འདོད་ཆགས་དྲུངས་ནས་དབྱུང་བའི་ཕྱིར། །གསང་བའི་དཀྱིལ་དུ་མདའ་ཐུན་ཡ། །ཨོ་ཁ་ལ་མུ་དན་ཏིང་དུ་རྦད། སྲོག་རྩ་གཅད་པའི་སྔགས་ལ། ཨོ་ཡུ་ན་ཁ་ག་ཁ་ལོ་མུ་ལོ་ལྡིབས། ལྕེ་ལྡིབས་སུ་གཞུག་པའི་སྔགས་ལ། མ་བྷ༷་མ་བྷ༷་དུ་ན་རྦད། ཆ་ཉམས་སུ་གཞུག་པའི་སྔགས་ལ། ཨོ༷་ཡ་ཙ་ལུ་ལུ་ཚལ་པ་ཚལ་པ་རྦད་རྦད། དབུགས་འཕྲོག་པའི་སྔགས་ལ། ཨོ་ས་དུ་དད་ནན། མྱོ་རུ་གཞུག་པའི་སྔགས་ལ། ཨོ་པྲད་དེ་རོ་མ་ཉམས་ནན། སྙིང་ཁྲག་སྐུག་པའི་སྔགས་ལ། ཨོ་དན་ཁྲག་ཏི་རཀྟ་ཙ་ར་ཏ་ནན། དེ་ལྟར་བྱས་ན་ཞག་བཅུ་ནས་རྟགསའོང། གཤིན རྗེལསསྣ་ཚོགས་པའི་རྒྱུད་ལས། ཡ་མ་རྭ་ཛ་གསང་བ་ཐུགས་ཀྱི་མདའ་ཐུན་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དཔའ་བོ་ཆེན་པོ་གཤིན་རྗེ་གཤེད་ཀྱིས་དགྲ་བོ་སྒྲལ་བའི་ཕུར་ཐུན་འདི་གསུངས་སོ། །དཀྱིལ་འཁོར་གྲུ་གསུམ་འབར་བ་ལ། །ཕུར་པ་གཞུད་བཞིན་བཀོད་ནས་ཀྱང་། །སྒོམ་ཞིང་ཚུལ་བཞིན་བྱིན་བརླབས་ནས། །འཕྲིན་ལས་ཆོ་ག་འདི་བསྐུལ་ལོ། །དབུས་ཕྱོགས་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཡ་མ་ར་ཛ་གཤེགས་སུ་གསོལ། །ཡུམ་ཆེན་སྲིན་མོ་མགོ་འཕྱངས་དབྱིངས་ནས་བཞེངས། །ཡབ་ཡུམ་གཉིས་མེད་རོལ་པའི་མཁའ་དབྱིངས་ནས། །ཐུགས་ཀྱི་སྤྲུལ་པ་་ཁྲོ་བོ་མི་གཡོ་མགོན། །དབྱུག་ཐོ་འབར་བས་ལྷ་མཆོག་སྲིད་པ་གསུམ་གྱི་བདག །གཤིན་རྗེ་འཆི་བདག་དབང་པོ་ཀུན་འདུལ་བ། །ཁ་དོག་ནག་པོས་བདུད་འདུལ་རལ་གྲི་ཅན། །སྲིན་མོ་མ་མོ་མ་ཧེ་སྟག་གཟིག་ཞོན་ནས་ནི། །རལ་གྲིས་སྲིད་པ་གསུམ་པོ་ཐལ་པར་རློག །སྲིད་གསུམ་འཇོམས་མཛད་ལྷ་ལ་ཕྱག་འཚལ་ལོ སྐུ་མདོག་སྔོ་ནག་གཤིན་རྗེ་གཤེད་ཀྱི་ལྷ། །ཅི་བགྱི་བཀའ་ཉན་མ་མོའི་ཚོགས་ཀྱིས་བསྐོར། །མ་མོ་རྦོད་གཏོང་སྡང་བའི་དགྲ་ལ་གཏོང་། །སྡིགས་མཛུབ་འབར་བས་དགྲ་བོའི་སྲོག་རྩ་གཅོད།།སྡང་མིག་བགྲད་པས་གཤིན རྗེའིཚོགས་རྣམས་འདུལ། །རྐན་སྒྲ་བརྡབས་པས་སྲིན་པོ་བྲན་དུ་འཁོལ། །སྲིན་པོ་ཁྲོས་པས་ཁྲག་མཚོ་ཁོང་དུ་གསོལ། །སྒྱུགས་པས་གླུ་བླངས་མ་མོ་དགྲལགཏོང། །གཤིན རྗེཁྲོསཏེ་ཤིན་ཏུ་རྔམ་པ་ཡིས། །སྲིན་པོ་ཕོ་མོའི་དོན་སྙིང་སྤར་གྱིས་འདེབས། །སྲིན་པོ་ཁྲོས་ཏེ་ཤིན་ཏུ་རྔམ་པ་ལས། །མ་མོ་སྟོང་གི་དོན་སྙིང་སྤར་གྱིས་འདེབས། །མ་མོ་ཁྲོས་ཏེ་ཤིན་ཏུ་རྔམ་པ་ཡིས། །སྡང་བ་དགྲ་བོའི་དོན་སྙིང་སྤར་གྱིས་འདེབས། །ཨོ་ཡ་བཱན་ཏ་ཀ་སྒ༷། ཨུ་ཡ་ཨ་ཙ་ལ་ཀྟ༷། ཨོ་མ་དུག་རྩ་རྩ་ཚལ་པ་རྦད་རྦད། མ་དུག་ཀྟ༷། ཆེ་གེ་མོ་སྲོག་རྩ་མུགས་ཏི་རྦད། མ་མོ་ཁྲག་ལ་དུན་ཏིང་རྔུབས། །སྲིན་པོས་རུས་པ་ཆོམ་ཆོམ་ཚལ ཚལགསོལ། །གཤིན་རྗེའི་ཁྲམ་ལ་ལྷན་ལྷན་ཐོབ། །དགྲ་བོ་ཁྲམ་ལ་རི་ལི་ལི། །དགྲ་བོའི་ཤ་ལ་སྤྱག་སྤྱག་ཐོགས། །དགྲ་བོའི་རྡེ་ནག་མང་པོར་སྤུངས། །ཕུར་བུ་ནག་པོ་གཅིག་ལ་སྟོང་མི་གཡོ་མགོན་པོར་བསྒོམས་ལ། །སྔགས་པ་བདག་ཉིད་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་དྲིལ་ཞིང་བཟླས་པ་པོ་ལ་གདབ་བོ། །ཕུར་པའི་ཆུ་སྲིན་ཁ་མན་ཆད་བདུད་ཀྱི་བུ་མོ་ཁྲམ་བ༷་བདག་མོ་ཡིན་པར་སྒོམ་མོ། །དེ་ནས་འདི་སྐད་བསྐུལ་ལོ། །ཧཱུཾ༷ །སྐུ་མདོག་དམར་མོ་ཟངས་ཀྱི་དྲིལ་ཞགས་ཅན། །ཟངས་ཀྱི་རལ་པ་སྤྲུགས་པའི་སྐྲར་གསེབ་ནས། །མ་མོ་ནག་མོ་ལྔ་བཅུ་སྡང་བའི་དགྲ་ལ་གཏོང་། །ལྕགས་ཀྱི་ཕྱག་སོརའབར་བ་བརྡབས་པ་ཡིས། །གཤིནརྗེནགཔོ་དུན་དུན་འབངས་སུ་འཁོལ། །ཁྲོ་མོ་སྡིགས་མཛུབ་ཕྱར་ཏེ་བརྡབས་པ་ཡིས། །མ་མོ་ནག་མོ་དུན་དུན་འབངས་སུ་འཁོལ། །སྐུ་ཡི་ཆ་བྱད་ཤིན་ཏུ་འཇིགས་པ་ཡིས། །སྲིན་མོ་འབུམ་ཁྲི་འབུམ་སྟོང་ཐལ་བར་རློག །དགེས་ཏེ་གད་མོ་དྲག་ཏུ་བགད་པ་ཡིས། །སྡང་བའི་དགྲ་བོ་གཏན་དུ་ཕུང་བར་མཛད། །མགོ་འཕྱངས་མ་དགྲ་ལ་ཛ་ཛ། དུན་མུགས་བླ་རྩ་ལ་ཛ་ཛ། རྩ་བོ་ཆེ་ལ་དུན་མུགས་ཛ་ཛ།ནང་ཁྲོལ་སྨད་ལྡ་ལ་ཙ་བ༷། ཐུན་བམ་ཐུམ་རི་ལི་ལི་རྦད་རྦད། སྔགས་ལན་དགུ་གདབ་བོ། །ཕེ་ཆེན་དང་མོ་ཆེན་གཉིས་རབས་ཆད་དོ། །རྩད་ནས་དབྱུང་ངོ་། །ནན་ཏན་དུ་གྱིས་ལ་ཤོ་ར་རེ། །འཕྲིན་ལས་འདི་བྱེད་པའི་དུས་སུ་མཚན་ལྟར་རྨི་ལམ་དུ་མོན་པ་ནག་པོ་འམ། བུད་མེད་ནག་མོ་དང་ཕྲད་ནས་བདག་ལ་བཀུར་སྟི་བྱེད་པ་བྱུང་ན། ལས་བྱས་ཟིན་པ་ཡིན་ཏེ། དེ་ལྟར་བྱས་ན་ཞག་བཅོ་ལྔ་ནས་རྟགས་འོང་ངོ་། །གཤིན་རྗེ་ལས་སྣ་ཚོགས་པའི་རྒྱུད་ལས། ཡ་མ་རྭ་ཛ་གསང་བ་ཐུགས་ཀྱི་ཕུར་ཐུན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་མགོན་པོ་གཤིན་རྗེ་གཤེད་ཀྱིས། གཤིན་རྗེ་ལས་མཁན་བཅུ་ཕོ་ཉར་བསྔགས་པའི་འཕྲིན་ལས་དང་པོ་ཐུགས་གསང་བ་འདི་བཀའ་སྩལ་ཏོ། །ཧཱུཾ༷། དབུས་ཕྱོགས་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །འཇིགས་བྱེད་ཡ་མ་ར་ཛ་གཤེགས་སུ་གསོལ། །ཡུམ་མཆོག་པེ་ཏ་ནག་མོ་དབྱིངས་ནས་བཞེངས། །འཇིགས་བྱེད་སྐུ་ལས་བཀའ་ཉན་ཕོ་ཉའི་ཚོགས། །བཀའསྡོདགཤིནརྗེལསམཁན་བཅུ་ཡིས་བསྒོར་བ་ནི། །སྟེང་གི་ཕྱོགས་ནས་དགྲ་བོ་འགུགསམཛདཔ། །གཤིནརྗེའིརྒྱལ་པོ་ཐམས་ཅད་འཇོམས་མཛད་པ། །སྐུ་མདོག་མཐིང་ནག་འཇིགས་པའི་སྐུ། །ཆིབས་སུ་ཉི་ཟླ་གཟའ་སྐར་ཆིབས། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཕྱག་ཆར་བསྣམས། །སྟེང་གི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །ཨོ་ཤག་ཚལ་པ་རྦད་པུ་རྦད་པུ་ནན། ཡ་མ་ར་ཛའི་སྤྱན་ལམ་དུ། །དགྲ་བོ་མངོན་སུམ་དུ་ཁྲིད་ལ་ཤོག ཁྲར་གྱི་ཕྱོགས་ནས་དགྲ་བོ་འགུགས་མཛད་མ། །གཤིན་རྗེའི་རྒྱལ་པོ་འཆི་བདག་ཀུན་གྱི་རྗེ། །སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། །ཕྱག་ན་སྐྱེ་འགྲོ་རྩིས་ཀྱི་བྱང་བུ་བསྣམས། ཤར་གྱི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །ཨོ་རྩ་ཐུན་ནན་བོད་པུ་ནན། ཤར་ལྷོ་མཚམས་ནས་དགྲ་བོ་འགུགས་མཛད་མ། །གཤིན་རྗེའི་རྒྱལ་པོ་རྨིག་པའི་མགོ། །སྐུ་མདོག་དུད་པ་འཇིགས་པའི་གཟུགས། །ཕྱག་ན་མི་མགོ་རློན་པའི་འཕྲེང་བ་བསྣམས། །ཤར་ལྷོ་མཚམས་ནས་དགྲ་བོ་ཁུག་ལ་ཤོག །ཨོ་ཁྲམ་དྷི་ཚལ་པ་ནན། རྦད་པུ་རྦད་བུ་ནན། ལྷོ་ཡི་ཕྱོགས་ནས་དགྲ་བོ་འགུགས་མཛད་མ། །གཤིན་རྗེའི་རྒྱལ་པོ་རྐོང་རྩེ་བྲག་གྱོན་ནི། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །ལུས་ལ་བྲན་མངས་ཟུར་མངས་བསྣམས། །ཕྱག་ན་བྲག་སྲིན་འདུལ་བའི་རྟ་ནག་བསྣམས། །ལྷོ་ཡི་ཕྱོགས་ནས་དགྲ་པོ་ཁུག་ལ་ཤོག །ཨོ་ཚལ་བ་ཚལ་པ་ཧ༷་ནན། རྦད་པུ་རྦད་པུ་ནན། ལྷོ་ནུབ་མཚམས་ནས་དགྲ་བོ་འགུགས་མཛདམ། །གཤིནརྗེཆོསཀྱི་རྒྱལ་པོ་ཨ་བ་གླང་མགོ་ཅན། །སྐུ་མདོག་མཐིང་ནག་འཇིག་པའི་གཟུགས། །ཕྱག་ན་ཏྲི་ཤུ་རྩེ་གསུམ་བསྣམས། །ལྷོ་ནུབ་མཚམས་ནས་དགྲ་བོ་ཁུག་ལ་ཤོག །ཨོ་སྒོ་མ་ཤ་ཤོ་ནན། རྦད་པུ་རྦད་བུ་ནན། ནུབ་ཀྱི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་གསོད་བྱེད་ཡ་བ་ཏི། །སྐུ་མདོག་དམར་ནག་འཇིགས་པའི་གཟུགས། །ཕྱག་ན་གསོད་ཅིང་གཅོད་པའི་སྐྲུ་གྲི་བསྣམས། །ནུབ་ཀྱི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །ཨོ་ཁི་ཁ༷་བ༷་ནན། རྦད་པུ་རྦད་པུ་ནན། ནུབ་བྱང་མཚམས་ནས་དགྲ་བོ་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་ལྕོགས་པ་མགོ་དགུ་ནི། །སྐུ་མདོག་སྔོ་ནག་འཇིགས་པའི་གཟུགས། །ཕྱག་ན་རལ་གྲི་འབར་བ་བསྣམས། །ནུབ་བྱང་མཚམས་ནས་དགྲ་བོ་ཁུག་ལ་ཤོག །ཨོ་ཁ་སོ་ལ་ཁྲམ་རྒམ་ནན། རྦད་པུ་རྦད་པུ་ནན། བྱང་གི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་གསོད་བྱེད་རྔམ་བའི་རྗེ། །སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས། །ཕྱག་ན་གཅོད་པའི་དགྲ་སྟ་བསྣམས། །བྱང་གི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །ཨོ་མ་ཚལ་པ་ནན། རྦད་པུ་རྦད་པུ་ནན། བྱང་ཤར་མཚམས་ནས་དགྲ་བོ་འགུགས་འཛད་པ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་གཅོད་སྦྱོང་རྗེ། །སྐུ་མདོག་དམར་སེར་འཇིགས་པའི་གཟུགས། །ཕྱག་ན་མི་ཕྱུང་ཉེས་ལེགས་སྤྱོད་སྤྱོད་བྱེད་པའི་ཁྲམ་ཤིང་བསྣམས། །བྱང་ཤར་མཚམས་ནས་དགྲ་བོ་ཁུག་ལ་ཤོག །ཨོ་ཁྲ༷་སྟི་ཁྲ༷་ཁྲ༷་ནན། རྦད་པུ་རྦད་པུ་ནན། འོག་གི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །གཤིན་རྗེའི་རྒྱལ་པོ་བདུད་མཁར་འཇོམས་བྱེད་རྗེ། །སྐུ་མདོག་སྨུག་ནག་འཇིགས་པའི་གཟུགས། །ཕྱག་ན་བརྡུང་ཞིང་འཐག་པའི་ཐོ་བ་བསྣམས། །འོག་གི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །ཁྲོ་བོ་ཆེ་དང་ཡ་མ་ར་ཇོའི་སྤྱན་ལམ་དུ། །མངོན་དུ་དགྲ་བོ་ཁུག་ལ་ཤོག །ད་ལྟ་ཉིད་དུ་འདི་སྒྲོལ་ཅིག །ཨོ་རྡུལ་ཕྲན་རྡུལ་ཕྲན། རྦད་པུ་རྦད་པུ་ནན། དགྲ་བོ་མ་ར་ཡ་ཛ། ཞེས་བརྗོད་ལ་མདའ་འུག་པ་མ་གཅིག་གི་མདེ་ཁུང་དུ་མཚན་བྱང་དང་དུག་སྣ་ཚོགས་གཞུག་གོ །ཕྱོགས་མཚམས་ནས་བཀུག་པ་དགྲ་བོའི་ཡུལ་ཕྱོགས་སུ་འཕང་ངོ་། །ལན་གསུམ་བྱས་ན་མི་འཆོར་རོ། །གཤིན་རྗེ་ལས་སྣ་ཚོགས་པའི་རྒྱུད་ལས། ཡ་མ་རྭ་ཛ་གསང་བ་ཐུགས་ཀྱི་ཟོར་ཐུན་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དཔའ་བོ་ཆེན་པོས་འཕྲིན་ལས་འདི་བརྗོད་དོ། །ཡ་སྟགས་ཆོ་ག་སྔ་མ་བཞིན། །གཞུང་ནས་བྱུང་བ་བཞིན་དུ་བཤམས། བོང་ཟན་དར་དང་གཡག་རུའི་ནང་། །དར་སྣ་ཕུད་དང་ཚེ་ཉུངས་བླུག །ཧཱུཾ༷། དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །གསོད་བྱེད་ཡ་མ་རྭ་ཛ་གཤེགས་སུ་གསོལ། །དམར་སྨུག་བརྗིད་པས་མ་མོ་ཀུན་གྱི་རྗེ། །ཁྲོ་ག་་བཙན་དྲེགས་སྲིད་པ་གསུམ་གྱི་ལྷ། །ཆེ་བཙན་དྲེགས་པའི་མ་མོ་འབངས་སུ་འཁོལ། །གསོད་བྱེད་དེ་ཡི་ཐུགས་དམ་དགེས་བསྐུལ་མ། །མ་གཅིག་ཆེན་མོ་མགོ་འཕྱངས་མ། །དགྲ་ལ་ཁྲག་ཐུན་འབེབས་ཤིང་ད་ཚུར་སྤྱོན། །དགྲ་བོའི་ཁྱིམ་དང་དུར་མཆད་མུགས། །འཇིགས་བྱེད་དེ་ཡི་ཞབས་ཀྱི་ཆ་འོག་གནས། །སྲིད་གསུམ་ཤ་ཁྲག་མངའ་མཛད་མ་མོ་རྣམས། །དགྲ་བོའི་ཁྲག་ལ་དམར་ལམ་བསྟན་གྱི་ད་ཚུར་སྤྱོན། །ཙིསྟ་རྩ་ནས་དབྱུང་གིས་མ་ཐོགས་ད་ཚུར་སྤྱོན། །སྲིད་པ་གསུམ་གྱི་མངའ་བདག་མོ། །ཕྱག་ན་ལྕགས་ཀྱུ་ཁྲ༷་བ༷་དགུ་ཁྲི་དགུ་འབུམ་བསྣམས། །འཁོར་གྱི་མ་མོ་སྟོང་དང་རྩ་བརྒྱད་ཀུན། །ཐུན་ཟོར་འབེབས་ཀྱིན་མ་ཐོགས་ད་ཚུར་སྤྱོན། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཁྲག་གི་དྲི་སྣོམ་མ། ཁྲ་ཁྲག་གསུར་ལ་རོལ་པས་མ་ཐོགས་མྱུར་དུ་སྤྱོན། །ཨ༷་མུ༷་ཡ་མུགས་ཏི་སུབས། །ཆེ་གེ་མོ་ལ་ཆུག་ཆུག་ཆོ་ཆོ། ཡང་ཡང་། བལ་དུབ་བལ་ཧཱུཾ༷། བལ་ཡུ་སྙིང་གོང་རྩ་ཐུན་ནན། མ་ཐུན་ནན། ཆེ་གེ་མོ་ལ་ནན། བལ་ཐུན་ནན། ཁྲག་ཐུན་ནན། གོང་གྲག་ལ་ནན། ཆེ་གེ་མོ་ཁོང་ཁྲག་ལ་ནན། དམྱལ་ཐག་ཆོད་ཅིག །བལ་མོ་སྤུ་སྟི་མའི་ཁྲག་ཐུན་ནོ། །ཞེས་གཡག་རུའི་ནང་དུ་ཁ་བཅུག་ལ་བཟླས་སོ། །མཚན་བྱང་གཏོར་མའི་ནང་དུ་གཞུག་གོ །དུག་དང་ཁྲག་བསྲེས་ལ་གཏོར་མའི་ནང་དུ་གཏིག་གོ །ཞག་བདུན་ནས་རྟགས་འོང་ངོ་། །དགྲ་བོའི་ཁྱིམ་ལ་འཕང་། ཕོག་ན་རབ་ཏུབཟངངོ། །གཤིན རྗེལསསྣ་ཚོགས་པའི་རྒྱུད་ལས། ཡ་མ་རྭ་ཛ་གསང་བ་ཐུགས་ཀྱི་ཁྲག་ཐུན་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནསམགོནཔོགཤིན རྗེགཤེད། །སྐུ་ཁྲོས་རབ་ཏུ་ཀྱི་ཤོད་རྡེའུ་དཀར་ནག་འགྲེམས། ཁྲར་ལྷོ་མཚམས་ནས་དགྲ་བོ་ཁྲིད་ལ་ཤོག །སྔགས་གོང་མ་བརྗོད། །ལྷོ་ཡི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་བདུད་བདག་ཐོད་པ་རྗེ། །བོང་བུ་ག་པ་གཡུ་མཐུར་ཅན་གཅིག་ཁལ་དུ་འགེལ། །ཕྱག་ན་བདུད་ཀྱི་ཁྲམ་ཤིང་ཁྲམ་བམ་བསྣམས། །ལྷོ་ཡི་ཕྱོགས་ནས་དགྲ་བོ་ཁྲིད་ལ་ཤོག །མ་རྭ་ན་ཛ་ཛ་ཆེ་གེ་མོ་མྱ་ར་ཡ་ནན། །རྦད་པུ་རྦད་པུ་ནན། ཧོ་ནུབ་མཚམས་ནས་དགྲ་བོ་འགུགས་མཛད་མ། །བདུད་ཀྱི་རྒྱལ་པོ་སྨུ་བདུད་བྲག་དཀར་རྗེ། ཁལ་དུ་བོང་བུ་ག་པ་གཡུ་མཐུར་ཅན་གཅིག་བཀལ། །ཕྱག་ན་བདུད་ཀྱི་ཤོད་ཀྱི་སྒྲོ་བ་མ་་འགོ་ཅན་གཅིག་བསྣམས། །ལྷོ་ནུབ་མཚམས་ནས་དགྲ་བོ་ཁྲིད་ལ་ཤོག །མ་ར་ན་ཛ་ཛུ་ཆེ་གེ་མོ་མྱ་ར་ཡ་ནན། རྦད་པུ་རྦད་པུ་ནན། ནུབ་ཀྱི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་འཚམས་བདུད་ཁྲོ་བོ་རྗེ། །ཕྱག་ན་ལྗགས་དྲིལ་ཞགས་པ་འཆིང་བྱེད་བསྣམས། །ནུབ་ཀྱི་ཕྱོགས་ནས་དགྲ་བོ་ཁུག་ལ་ཤོག །མ་ར་ན་ཛ་ཛ་ཆེ་གེ་མོ་མྱ་ར་ཡ་ནན། རྦད་པུ་རྦད་པུ་ནན། ནུབ་བྱང་མཚམས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་སྟོང་རི་མགོ་ནག་རྗེ། །ཕྱག་ན་བདུད་ཤ་ནག་པོའི་ཐོད་པ་བསྣམས། །ནུབ་བྱང་མཚམས་ནས་དགྲ་བོ་ཁུག་ལ་ཤོག །མ་ར་ན་ཛ་ཛུ་ཆེ་གེ་མོ་མུ་ར་ཡ་ནན། རྦད་པུ་རྦད་པུ་ནན། བྱང་གི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་ཁྲི་ཛ་རུ་ཏྲ་རྗེ། །ཕྱག་གཡས་བདུད་ཀྱི་རྟ་ནག་འབྱམས་པ་བསྣམས། །གཡོན་ན་མི་མགོ་རློན་པ་བསྣམས། །བྱང་གི་ཕྱོགས་ནས་དགྲ་བོ་ཁྲིད་ལ་ཤོག །མ་ར་ན་ཛ་ཛ་ཆེ་གེ་མོ་ནཱ་ར་ཡ་ནན། རྦད་པུ་རྦད་པུ་ནན། བྱང་ཤར་མཚམས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་སྤྱི་བདུད་ཡ་མ་རྗེ། །ཕྱག་ན་བདུད་ཀྱི་ཏྲི་ཤུལ་རྩེ་གསུམ་བསྣམས། །ཕྱག་ན་བདུད་ཀྱི་ལྕགས་ཀྱི་གཟེ་མ་བསྣམས། །བྱང་ཤར་མཚམས་ནས་དགྲ་བོ་ཁྲིད་ལ་ཤོག །མ་ར་ན་ཛ་ཛ་ཆེ་གེ་མོ་མྱ་ར་ཡ་ནན། རྦད་པུ་རྦད་པུ་ནན། འོག་གི་ཕྱོགས་ནས་དགྲ་བོ་འགུགས་མཛད་པ། །བདུད་ཀྱི་རྒྱལ་པོ་ས་ཏོ་ནག་པོ་ནི། །ཕྱག་གཡས་ཆུ་སྲིན་རྒྱལ་མཚན་བསྣམས། །གཡོན་ན་གཏི་མུག་ཕག་མགོ་བསྣམས། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་གསོད་པར་མཛད། །འོག་གི་ཕྱོགས་ནས་དགྲ་བོ་ཁྲིད་ལ་ཤོག །མ་ར་ནི་ཛ་ཛུ་ཆེ་གེ་མོ་ཞིག་རྦད་པུ་ནན། ཛ་ཛ། འཇིག་རྟེན་ཕྱི་མར་དུས་མ་གདབ། །འཇིག་རྟེན་ཕྱི་མར་དུས་བཏབ་པས། །སེམས་ཅན་རང་བཞིན་སྐྱེ་འཆི་འབྱུང་། །ནམ་མཁའ་སྟོང་ལས་ཁུངས་མ་བྱུང་། །ནམ་མཁའ་སྟོང་ལས་ཁུངས་བྱུང་ན། །བསྒྲུབ་པའི་འབྲས་བུ་མེད་དམ་ཅི། །སེམས་ཅན་བསྐུལ་བ་མེད་ལ་སྙད་མ་གདགས། །སེམས་ཅན་བསྐུལ་བ་ཆུང་ལ་སྙད་བཏགས་ན། །ཁྱེད་ལ་ཐུགས་རྗེ་མི་མངའ་འམ། །མ་ཐོགས་བདུདདངགཤིནརྗེརྣམས། །གང་ལ་བྱ་བའི་སྙིང་ནས་ཟུང་ལ་ཤོག །སྔགས་པ་ཁྲོས་པ་ལས་ཀྱི་གཤིན་རྗེ་འདྲ། །འཇིག་རྟེན་ཁམས་ཀྱི་གཤིན་རྗེ་མི་བཟད་ཀུན། །ཉམས་པའི་ཤ་ལ་རོལ་ཅིང་བསྣམས་སུ་གསོལ། །སྔགས་པ་ཁྲོས་པ་ལས་ཀྱི་བདུད་པོ་འདྲ། །འཇིག་རྟེན་ཁམས་ཀྱི་བདུད་ཀྱི་མི་ཟན་ཀུན། །ཉམས་པའི་ཤ་དང་ཁྲག་ལ་རོལ་ཅིང་བཞེས་སུ་གསོལ། །སྔགས་པ་ཁྲོས་པ་ལས་ཀྱི་སྲིན་པོ་འདྲ། །འཇིག་རྟེན་ཁམས་ཀྱི་སྲིན་པོ་མི་ཟན་ཀུན། །ཉམས་པའི་ཤ་ཁྲག་དབུགས་ལ་རོལ་པ་མཛད་དུ་གསོལ། །ཞེས་བརྗོད་ལ་ཁྲག་དང་སོལ་བ་བསྲེས་པའི་གཏོར་མ་ལ་སྤྱན་དྲངས་ལ་ལས་བཅོལ་ལོ། །སྤྱང་དུག་ཆང་གིས་བླངས་ལ། དགྲ་བོའི་མཚན་བྱང་དུག་གི་ནང་དུ་གཞུག་གོ །གཤིན་རྗེ་ལས་སྣ་ཚོགས་པའི་རྒྱུད་ལས། ཡ་མ་རྭ་ཛ་གསང་བ་ཐུགས་ཀྱི་དུག་ཐུན་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འདི་དག་རྒྱུན་དུ་བསྙེན་ཅིང་བསྒྲུབས་ན། དགྲ་དང་རྐུན་མོ་གང་ཡང་རུང་སྟེ། །རྐང་རྗེས་ཀྱི་ས་བླངས་ལ། གླང་གི་གཅིན་གྱིས་སྦྲུས་ཏེ། དེའང་བུ་མོ་ཁྱོ་ཁ་དང་མ་ཕྲད་པས་སྦྲུས་ལ། དག་བོའི་གཟུགས་བརྙན་བྱས་ལ། དུར་ཁྲོད་ཀྱི་ཐལ་བས་བསྐུས་ལ། སྐྱེར་མདེའུ་རྣོན་པོ་དང་ཕྱི་རུས་གཉིས་སྤེལ་མར།གཟུགས་བརྙན་དེའི་སྙིང་ཁ་དང་། ལྟེ་བ་དང་། མིག་དང་། ཁ་དང་། སྣ་དང་། རྣ་བའི་བུ་ག་རྣམས་སུ་གཟུགས། དེ་ནས་སྟེགས་བུ་འདོམ་གང་འཕངས་སུ་མཐོ་གང་བ་གཅིག་བྱས་ལ། །དྲི་ཆུས་ཆག་ཆག་གདབ།དབུས་སུ་གྲུ་གསུམ་འཕངས་སུ་སོར་བཞི་པ། ལོགས་ལ་ཆག་རེ་པ་གཅིག་བརྩིགས་ལ། ཨེའི་མགོ་ལྷོར་བསྟན་ལ་དེ་གཞག་གོ །དེའི་ཕྱི་རིམ་ལྟེ་བ་ཟླུམ་པོར་བྱས། །དེའི་ཕྱི་རིམ་ལ་དཀྱིལ་འཁོར་འཁོར་ལོ་རྩིབས་བཅུ་གཉིས་བར་ཐལ་ཆེན་གྱིས་བྲི། ཨེའི་དབུས་རཀྟས་མཎྜལ་བྱས་ལ། དེའི་ནང་དུ་གཟུགས་བརྙན་དེའི་མགོ་ལྷོར་བསྟ་ན་ལ་གཞག་གོ །དེའི་ཕྱི་རིམ་འཁོར་ལོ་རྩིབས་བཅུ་གཉིས་པའི་ནང་དུ་སྔགས་ཐལ་ཆེན་གྱིས་བྲིས་པ་ནི། བཛྲ་བཛྲ་སྨྱུ་མུ་མེ་མེ་མྱུ་མྱུ་མྱུ་མྱུ་སྙི་མིཧ། བཅུ་གཉིས་འཁོར་ལོའི་མིག་ལ་བྲི། འཁོར་ལོ་མུ་རན་དང་ཆེ་གེ་མིག་ཏུ་ཆེ་གེའི་རུས་དང་མིང་གཉིས་སྨོས་ལ་བཅུ་གཉིས་བྲིའོ། །དེ་ལ་སྔགས་འདི་འབུམ་བཟླས་ཤིང་དྲང་ངོ་། །ཨོ་ཏྲི་ཡ་པ་བྱོ་ཏེ། ཀ་ཏ་ཀ་ཏ། བཱ་སྨྱུ། ཀུ་རུ་སྒ་ར་པེ་ཏ་ལི་ཛ་ཧཱུཾ༷་ཛ་ཛ། ཞེས་བཟླས་པས། སྔགས་པ་བདག་ཉིད་ཡ་བཱན་ཏ་ཀའི་ཏིང་ངེ་འཛིན་དུ་ཞུགས་ལ། གཡས་བེ་ཅོན་གཡོན་སྡིགས་མཛུབ་འཕྲོས་པར་སྒོམ་མོ། །དེའི་ཐུགས་ཀར་ཡ་ནག་པོ་འཕྲོས་འདུས་པ་ལས། གཤིན་རྗེ་ནག་པོ་མི་ཟན་པོ་གོས་སུ་ཤུན་ཆེན་རྙིང་པ་དང་། རོ་ཤུན་གྱི་རས་རྙིང་པ་རྒྱན་ཅིང་འོངས་ནས་གང་ལ་བྱ་བའི་སྙིང་ཁ་ནས་བཟུང་སྟེ་ཁྱེར་བར་བསམ་མོ། །དེ་འདི་སོད་ཅིག་པར་དམ་སྩལ་ཏེ་ཤ་སྣ་ཚོགས་པའི་གཏོར་མར་རཀྟ་དང་སྨན་ཕུད་སྦྲེངས་ལ་སྔགས་འདི་བཟླས་སོ། །ཨོ་ཁ་ཁུ་ནི་པྲེ་ཧོལྷདེགྲྭཧྭ། གཤིནརྗེའིགཏོར་མའི་སྔགས་སོ། །རྐང་པ་གཡོན་པས་དགྲ་བོའི་གཟུགས་ནན། བཛྲ་དྲི་ཡ། དུ་མྱ་ར་ཡ་ཛ། ཞེས་གོང་མ་བཞིན་དུ་དབུལ་བར་བྱའོ། །དཀྱིལ་འཁོར་གྱི་མཐའ་མ་རྩང་ཆག་གང་བར་ཁྲག་དང་ཁྱི་ཁྲག་གིས་བསྐུས་པ་བཅུ་གཅིག་གིས་བསྐོར་རོ། །བསྐུལ་ཚིག་དུས་དུས་སུ་བརྗོད་པའི་འདི་སྐད་དོ། །གཤིན་རྗེ་གསལ་ཤིང་མི་བཟད་པ། །བཏབ་པར་བགྱི་བ་རྣམ་པར་འཇོམས། །གཤོག་ཅིང་གཅོད་པའི་རལ་གྲི་ཡིས། །ཚེ་དང་ཕུང་པོ་བཅས་པར་ཆོམས། །པེ་ཏ་ར་ཙ་ཆེ་གེ་མོ་ཧཱུཾ༷་ཧེ་པ་ཧི་ཕཊ། མགོན་པོ་མི་བཟད་ལྕགས་ཀྱི་ཐོ་བས་བརྡུང་། །ལུས་ངག་ཡིད་གསུམ་ཐལ་བ་རྡུལ་དུ་རློག །དྷིས་བ་ག་ཏེ་པ་ཆེ་གེ་མོ་ཞིག་ཏིཤུ་ཕཊ། པོ་ཏ་ཀ་ར་མི་ཛ་ཛ། གན་ཏི་ཏིཤཱ་ཕཊ། སྙིང་ལ་བརྡེག་པའི་ཕོ་ཉ་ཡིས། །ཚེ་དང་ཕུང་པོ་བཅས་པར་ཆོམ། །ཆེ་གེ་མོ་ཞིག་དྷི་སི་ཧ་ཤུ་ཕཊ། གཤོག་ཅིང་གཅོད་པའི་ཀ་ཏ་རི། །མགོ་ནས་རྟིང་པར་དུམ་བུར་གཏུབ། །ཆེ་གེ་མོ་ལ་ཧི་ན་བ་ཧ་ར་ལི་ཧཱུཾ༷་ཕཊ།མི་བཟད་གདུག་པ་ཁ་ཐོང་ཁ། །གཡས་གཡོན་མགོ་རུས་ཐལ་གྱིས་ཕྱུང་། །ཐིག་ཧཱུཾ༷་ན་ར་ཡ་ཆེ་གེ་མ་ཏྲ་ཏྲ་ཕཊ། དུས་ཀྱི་འཁོར་ལོ་མི་བཟད་པས། ཁོངས་ནས་ཁྱིག་ཅིང་ཕུང་པོ་ཆོམ། །ཆེ་གེ་མོ་དེ་བ་ཙཀྲ་མུ་ཕཊ། དེ་ནས་སེང་ལྡེང་གི་ཕུར་པ་ལ་ཡུངས་མར་བསྐུས་པ་ཕོ་མཚན་མོ་མཚན་ལ་གདབ། དེ་ཡི་སྔགས་ལ། ད་ར་བ་སྤོ་ད་ཕཊ། ཡ་མ་རྭ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་སྒེ་ཡ། ཡ་སྟེ་ཡ་ཙ་ནི་ར་མ་ཡ།མྱ་ར་ཡ། ཡ་མ་ར་ཛ་ས་ཏི་ཧ་ད་ཀ་ར་ཧཱུཾ༷་ཕཊ། པ་ཙ་བི་སྤོ་ཏ་ན། སོང་་་་ཡ། ལུ༷་བུ་ཛ་ར་མྱ་ར་ཡ་ཛ། ཞེས་བརྗོད་ལ། གོང་མའི། ཆོ་གའི་ཡ་བཏགས་ལ། རོ་བསྲེགས་པའི་སོལ་བ་དང་། དབང་པོ་ལག་པ་དང་། བྱིའུ་རུག་པ་དང་། སྐྱེར་ཚེར་དང་། ལན་ཚྭ་བསྲེས་པའི་ཕྱིས་དགྲ་བོའི་གཟུགས་བརྙན་ལ་གདབ་ཅིང་། ཕུར་བུ་མི་ཕྱིན་པར་དམ་པོ་གཟུགས་ལ་གདབ་བོ། །ཡང་ན་གཟུགས་བསྲེགས་ལ་གདབ་བོ། །ཡ་སྟགས་ཀྱིས་ཕྱེས་གདབ་པའི་ཐབས་དང་སྦྱར་ཞིང་བྱའོ། །ཡ་སྟགས་བཀའ་དང་མཐུན་པ་བཙལ་ལོ། །ཧེ་ལ་སྔགས་ལ། ཨེ་ཙཀྲ་དགྲ་བོ་ཛ། ཡ་མ་ཙཀྲ་དགྲ་ལ་ཛ། ཡ་མྱ་རྭ་ཛའི་ལས་གང་བྱེད་ཀྱང་ཧེ་ལ་གསལ་བར་བསྒོམས་ལ། དེའི་སྙིང་པོ་ཉི་མ་བཞི་པ་གྲངས་ཅི་མང་དུ་མ་བཟླས་ན། ལས་མི་འགྲུབ་པས། ཉི་མ་བཞི་པའི་སྔགས་ཅི་མང་དུ་བཟླས་སོ། །དེ་ལ་སྨན་དགོངས་པ་ནི་ལྡུམ་བུ་རབ་ཏུ་དྲི་ཞིམ་པའི་འབྲས་བུ་ལྷོ་ནས་འོང་བ་དེ་བཙལ་ལོ། །ཚིལ་ཆེན་དང་། ཁྲག་དང་། དེ་གསུམ་བསྲེས་ལ་ཆ་བསྙམ་ལ། བསྙེན་པ་ཁྲི་ཡན་ཆད་བཟླས་ཤིང་། དེ་ལ་ཉི་མ་བཞི་པའི་སྔགས་འབུམ་འབུམ་བཟླས་ཤིང་གཟུགས་ལ་བྱུག་གོ །གཤིན་རྗེ་ལས་སྣ་ཚོགས་པའི་རྒྱུད་ལས། ཧེ་ལ་སྒྲུབ་པའི་ལེའུ་སྟེ་བཅུ་གཅིགཔའོ།། །།གཤིནརྗེནགཔོ་ཡ་མ་ར་ཛ་ཁྲོས་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།ངན་སྔགས་བཀོལ་བའི་ལས་རྒྱུད་ལགས་སོ།། །།