Ngb-pt-0628-vol-07-text
Front
Body
ལག་གི་རྒྱུད་རྫོགས་སོ།། །། རྒྱ་གར་སྐད་དུ། ཀྲིཛི་ཡ་མ་རི་ཀྭ་ལ་མན་ཏྲ་ཏན་ཏྲ་ནཱ་མ། བོད་སྐད་དུ། གཤིན་རྗེ་ནག་པོའི་སྔགས་རྒྱུད་ནག་པོ་ཞེས་བྱ་བ། འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཞིང་ཁམས་བདལ་བ་ཆེན་པོ་ན། སྤྲོས་པ་དང་བྲལ་བའི་གཞལ་ཡས་ཁང་ན། སྐྱེ་བ་མེད་པ་ཆོས་ཀྱི་སྐུ་ཆེན་པོའི་ངང་ལ་བཞུགས་ཏེ། དེའི་ཚེ་ས་བཅུའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དོན་དུ། སྔོན་གྱི་སྨོན་ལམ་དག་ཐུགས་རྗེའི་མཐུས། གཞན་ཡང་རྫོགས་པར་ལོངས་སྤྱོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་བསྟན་ཏེ། ཡེ་ཤེས་ཆེན་པོ་རྫོགས་པར་མཛད་དོ། །དེའི་སྐད་ཅིག་ལ་དམན་པའི་གདུལ་བྱ་ལ། སྤྲུལ་བའི་སྐུ་ཐུན་མོང་པ་ཁྱེའུ་ཟུར་ཕུད་ཅན་དུ་སྤྲུལ་ཏེ་དོན་མཛད་པ་ལས།གདུལ་བྱ་གདུལ་བར་མ་གྱུར་ཏེ། སེ་གོལ་བརྡབས་ཏེ་ནམ་མཁའ་ལ་མི་སྣང་བར་གྱུར་ཏོ། །དེའི་དུས་ན་མཁྱེན་བཞིན་དུ། ནམ་མཁའ་ཉིད་ཀྱང་མཐིང་ནག་གྲུ་གསུམ་དུ་གྱུར་ཏོ། །ཡེ་ཤེས་ཀྱི་རླུང་ཕྱོགས་བཅུར་འཐོར་རོ། །ཁྲག་གི་རྒྱ་མཚོ་འཁྲུག་གོ །ཀེང་རུས་ཀྱི་རི་སྙིལ་བར་གྱུར་ཏོ། །དེའི་དབུས་ན་སྒྲ་ཆེན་པོ་གྲག་པར་གྱུར་ཏོ། །ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧཱུཾ༷་ཧཱུཾ༷། ཤི་མརྫི་ཡ་མན་ཏ་ཀ་ཧཱུཾ༷་ཧཱུཾ༷། དེ་ལས་དྲག་པོའི་སྐུར་གྱུར་ཏེ། །ཞལ་དྲུག་ཕྱག་ཀྱང་བཅུ་གཉིས་ཏེ། ཞབས་བརྒྱད་ཡུམ་དང་བཅས་པར་བསྟན། །ཐུགས་ཁའི་ཡ་ལས་འོད་འཕྲོས་ཏེ། །དམྱལ་བ་ཡི་དགས་བྱོལ་སོང་དང་། །ལྷ་མིན་མི་སོགས་སྡུག་བསྔལ་གསལ། །སླར་འདུས་ཕྱག་མཚན་འོད་ཟེར་འཕྲོས། །འགྲོ་དྲུག་བདེ་ལྡན་སེམས་མཆོག་བསྐྱེད། །སླར་འདུས་ཐུགས་ཁར་སྲས་མཆོག་བསྐྱེད། །གང་མོས་དེ་མཐུན་ཐེག་པ་བཤད། །དེ་ནས་མདུན་དུ་བཀའ་ནོད་ཚུལ། །གཤིན་རྗེའི་ཚོགས་ཀྱིས་འཇིག་རྟེན་བཀང་། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དང་། །ནག་འཇོམས་ཕྱ་སངས་བྲག་གྱོན་དང་། །ཨ་བ་ཡ་བ་དམིག་དམར་དང་། །དམིགས་པ་རྟེལ་བ་ལྷ་ཚོགས་དཀར། །ཆོས་རྒྱལ་ཐོད་དམར་ཡུམ་དང་བཅས། །ཐུབ་དྲུག་བདག་པོ་མཁའ་འགྲོ་ཚོགས། །བདུད་དང་གིང་ཆེན་ཀླུ་ཡི་འཁོར། །སངས་རྒྱས་པས་ན་སྤྲུལ་བ་བསྟན། །གཤིན་རྗེ་ནག་པོའི་སྔགས་རྒྱུད་ལས། སྔོན་བྱུང་སྤྲུལ་བ་བསྟན་པ་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཐུགས་ཁའི་སྲས་མཆོག་ཁྱེའུ་ཆུང་སྔོན། །ཡམརཛགཤིནརྗེཡིས། །བདེ་ཆེན་ཡབ་ལ་འདི་སྐད་གསོལ། །སྔོན་བྱུང་དེ་ལྟར་སངས་རྒྱས་ན། །མ་འོངས་སྨན་པའི་བསྒྲུབ་པ་པོས། །སྐུ་གསུང་ཐུགས་སུ་ཇི་ལྟར་བསྒྲུབ། །བདེ་ཆེན་ཡབ་ཀྱིས་བཀའ་སྩལ་འཚལ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །སྐུ་གསུང་ཐུགས་དང་ཡབ་ཡུམ་སྔགས། །གཙུག་དང་མགྲིན་པ་ཐུགས་ཁ་ནས། །བྱིན་བརླབས་བསྐུལ་བའི་སྔགས་འདི་གསུངཤ། །ཨ་ཀྲོ་དྷི་ཡ་མན་ཏེ་ཀ་ཨོ། ཨ་ཀྲོ་དྷི་ཀ་ཡ་མན་ཏ་ཨུ༷། ཨོ་ཀྲོ་དྷི་ཀ་ཡ་མ་ཏ་ཧཱུཾ༷། ཨ་ཀྲོ་དྷི་ཀ་ཡ་ཏ་ཀ་ཧཱུཾ༷་ཧཱུཾ༷། ཤི་མཉུ་ཡ་བཱན་ཏ་ཀ་ཧཱུཾ༷་ཧཱུཾ༷། ར་ཙ་ཙ་ཀྲ་ཧཱུཾ༷་ཧཱུཾ༷། མ་རག་མོ་ཐུམ་རིལ། ཙིཏ་ཏ་ན་ལིང་བྲམ་ནན། ཧ༷་ར༷་ཧུར་ཐུམ་སྨྱོ། གཤིན་རྗེ་ནག་པོའི་སྔགས་རྒྱུད་ལས། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་། ཐུགས་དམ་བསྐུལ་བར་འཕྲིན་ལས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ཐུགས་ཁའི་སྲས་མཆོག་ཐུགས་ཀྱི་སྲས། །ཐུགས་ལ་བསྟོད་པ་འདི་སྐད་གསུངས། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །འཕགས་པའི་རྒྱལ་པོ་འཇམ་དཔལ་གཤིན་རྗེའི་གཤེད། །སྲིད་གསུམ་ཟིལ་གྱིས་གནོན་མཛད་ཡིད་བཞེན་ཀུན་གྱི་གཏེར། །ཁ།མས་གསུམ་དབང་དུ་སྡུང་མཛད་འཕྲིན་ལས་གསུང་གི་བདག །སྐྱེ་ཤི་རྩད་ནས་གཅོད་མཛད་སྒྲོལ་བྱེད་གིང་གི་གཙོ། །རི་རབ་ངོས་ལ་བྱ་ཡི་ཚང་བཅས་ནས། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང་། །ལྷ་མཆོག་ཁྱོད་ལ་གང་དག་སུ་རྟེན་པ། །མི་ཡི་ཐ་མ་རྣམས་ཀྱང་མཆོག་ཏུ་འགྱུར། །གཡོན་གྱི་ཕྱོགས་ནས་ཡུམ་གཅིག་མ། །ཨེ་ཀ་ཛ་ཏི་མ་ཡིན་ནམ། །ནམ་མཁའ་ཁམས་ཀྱི་དཔལ་མོ་བཙན། །སྒེག་མོ་རལ་གཅིག་མ་ཡིན་ནམ། །ལྷ་དང་ལྷ་མིན་གཡུལ་ཟློག་མཐུ་མོ་ཆེ། །ཞེས་བསྟོད་དོ། །གཤིན་རྗེ་ནག་པོའི་སྔགས་རྒྱུད་ལས།དྲིན་ལ་ལན་གཅིག་སླན་པ་དང་། །ཞུ་བའི་བསྟོད་པ་བསྟན་པ་སྟེ་ལེའུ་གསུམ་པའོ།། །།ཐུགས་ཀྱི་བདག་པོ་གསུང་གི་སྲས། །སྡུད་པ་པོ་ས་ནི་འདི་སྐད་ཞུས། །བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས། །བརྗོད་དུ་མེད་དེ་གཅིག་དང་བྲལ། །མཐོང་བའི་ཡུལ་མེད་དམིགས་པ་མེད། །དཔེ་ཡིས་མཚོན་ན་ནམ་མཁའ་བཞིན། །ཁྱོད་ལ་ཡོན་ཏན་དཔག་མེད་ཀྱང་ ། །མའོངས་སེམས་ཅན་གདུལ་དཀའ་ལ། །དྲག་པོའི་འཕྲིན་ལས་ཇི་ལྟར་བསྒྲུབ། །འཕྲིན་ལས་བདག་པོས་བཀའ་སྩལ་འཚལ། །བདེ་ཆེན་དཔའ་བོང་འདི་སྐད་གསུངས། །གདུལ་བྱའི་བསམ་པའི་དབང་གིས་ནི། །ང་ལ་བསྒྲུབ་པ་མཐའ་ཡས་ཡོད། །ཁྱད་པར་དྲག་པོའི་བསྒྲུབ་པ་ཉོན། །བསྙེན་པ་འཕྲིན་ལས་འཇུག་གིས་བསྒྲུབ། །གནས་དབྱེ།སྔགས།གྲངས།ཚད་དང་། ཐབས།རྟག་དང་། དུས། དཀྱིལ། རྫས། བཅོ། །བསྙེན། དགོན་ཤིང་དུར་ཁྲོད་གང་ག་ཕྱི། །ལུས་པ་ཆོས་དབྱིངས་ནང་། །གསང་བ་དེ་ཉིད་རྣམས་སུ་ཤེས་པར་བྱ། །ཐུན་མོང་མ་ཡིན་དབྱེ་བ་དང་། །སྤྱོད་ལམ་རྣམ་བཞིར་རྣལ་འབྱོར་སྒྲུབ། །ཐུན་མོང་བསྙེན་པར་ཤེས་པར་བྱ། །ཐུན་མོང་མིན་པ་རྣམ་གཉིས་ཏེ། །དོན་དབྱེ་ཁྱད་པར་དབྱེ་བ་གཉིས། །དགུན་བསྙེན་ཉེ་བསྙེན་དོན་དབྱེ་བ། །གྲངས་ཚད་དུས་ཚད་ཁྱད་པར་དབྱེ། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་བྱེ། །ས་ཡ་དུང་ཕྱི་གྲངས་མེད་གྲངས། ཞལ་བརྩེགས་བན་ཛ་བཅུན་དང་། །ཧྲི་སྟེ་བཅུ་གཉིས་ས་མ་ཡའི། །བཅུ་ནི་སུམ་ཅུ་རྩ་གཉིས་ཡིན། །གཡོན་བསྐོར་བསྙེན་པའི་སྔགས་ཞེས་བྱ། །འབུམ་གཅིག་ཁྲི་ལྔ་ཉེ་བསྙེན་ཚད། །འབུམ་བཅུ་ནས་ནི་འབུམ་གཉིས་བར། །རབ་འབྲིང་ཐ་གསུམ་ཆེ་འབྲིང་དགུ། །བསྙེན་པའི་ཚད་དུ་རྒྱལ་བས་གསུངས། །མི་སྨྲ་གླལ་སྤྱིད་གཉིད་རྨུགས་དང་། །སྒྲ་ཆེན་སྒྲ་ཆུང་སྤང་བ་དང་། །དྲག་བརྡུལ་རིང་ཐུང་རྫོགས་པ་དང་། །ཡིད་ལ་ཤི་ཕུར་བཟླས་པའི་ཐབས། །མཐོང་དང་ཐོས་དང་རྨི་ལམ་གསུམ། །བསྙེན་པའི་རྟགས་སུ་ཤེས་པར་བྱ། །ཟླ་བ་ཡར་ངོ་གཟའ་གང་བཟང་། །མདའ་འཕེན་པ་ཡི་ཟླ་བའི་དུས། །ཏིང་འཛིན་ལྷ་ཡི་འཁོར་ལོ་དཀྱིལ། །ཕྱི་ནང་གསང་བ་དེ་ཉིད་རྫས། །གཤིན་རྗེ་ནག་པོའི་སྔགས་རྒྱུད་ལས། བསྙེན་པའི་ལེའུ་སྟེ་བཞི་པའོ།། །།གནས་དབྱེ་སྔགས་བགྲངས། ཚད་དང་ཐབས། རྟགས་དུས་དཀྱིལ། རྫས། བཅུའོ། །འཕྲིན་ལས་གནས་ནི་སྔར་བཞིན་དབྱེ་བ་གཉིས། །འཕྲིན་ལས་ངོས་དང་སྤོགས་པའོ། །ཉིན་གཏོར་མཚན་དྲིལ་ཐུན་སྔགས་བརྒྱད། །ལས་བྱེད་འགོར་ན་འབྲུ་དེད་དང་། །རོ་ལངས་འདས་པ་འཕྲིན་ལས་སྔགས། །གྲངས་ནི་སྔར་བཞིན་ཁྲི་བཞི་དང་། །སྟོང་བཞི་སྟོང་གཅིག་བརྒྱ་རྩ་བརྒྱད། །འབུམ་གཅིག་ཡང་ན་ཁྲི་ཕྲག་ལྔ། །འཕྲིན་ལས་བཟླས་པའི་ཚད་དུ་བསྟན། །འབྲུག་ལྟར་སྒྲོགས་ཤིང་བསྒྲུབ་བྱ་སྲེག །ལྷ་རྣམས་འདར་ཞིང་གནམ་ས་འཁྲུག །འཕྲིན་ལས་སྒྲུབ་པའི་ཐབས་ཞེས་བྱ། །དངོས་ཀྱིས་དངས་བསང་འཕྲ་མེན་བསད། །བླ་བཀུག་བསད་གཉིས་འཕྲིན་ལས་རྟགས། །མར་ངོའི་གཟའ་སྐར་ངན་པ་ལ། །བདུད་ཀྱི་ཉི་མ་སྲུང་བ་དང་། །འབྲུག་སྒྲ་འ་ས་ནག་དུས་ཞེས་བྱ། །ལྷ་དྲུག་རྒྱས་པའི་དཀྱིལ་འཁོར་དང་། །དྲག་པོ་གྲུ་གསུམ་དཀྱིལ་འཁོར་རོ། །འཁོར་ལོ་ཟུང་ངམ་ཐིག་བྲིས་ཏེ། །ལྡེར་ཚོའི་ནང་ངམ་གཟུགས་བརྙན་ནམ། །གའུའི་ནང་ངམ་སྟེགས་བུའི་སྟེང་། །ཡང་ན་རོ་ཁུང་བཅུག་ལ་བཟླས། །ལྷོ་ཤར་མཚམས་སུ་འབྲུབ་ཁུང་བྱ། །བསྒྲུབ་པའི་རྫས་དང་བརྟེན་པའི་རྫས། །དགྲ་བོ་བསད་པའི་རྫས་དང་གསུམ། །མི་རྟ་ར་ཁྱིའི་སྙིང་དང་ཁྲག ཁྲ་དང་དུག་སོགས་བསྒྲུབ་པའི་རྫས། །བམ་དང་སྲོག་ནི་བརྟེན་པའི་རྫས། །བམ་ནི་རོ་ལངས་བསྒྲུབ་པར་བལྟ། །ཐུགས་རྗེས་སྒྲལ་ལམ་གནས་སུ་སྒྲལ། །ཕུར་བུ་ཉུངས་ཀར་དུག་དང་མདའ། །གུ་གུལ་ཁྲག་དང་སྐེའི་མཚོན། །དགྲ་བོ་སྒྲོལ་བའི་རྫས་ཞེས་བྱ། །གཤིན་རྗེ་སྔགས་རྒྱུད་ནག་པོ་ལས། འཕྲིན་ལས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།བྱིན་གྱིས་བརླབས་དང་རྫས་དགོད་སོགས། །རྒྱུད་གཞུང་གཞན་ནམ་བླ་མ་ཤེས། །གནས་དབྱེ་སྔགས་དང་གྲངས་ཚད་ཐབས། །རྟགས་དུས་དཀྱིལ་རྫས་བཅུ་པོ་འཇུག །གནས་ནི་བཞི་སྟེ་སྔ་མ་བཞིན། །སྤྱི་ཕྱོགས་འཁོར་ལོ་ལྷུ་ཐུབས་དབྱེ། །དྲག་སྔགས་ཐམས་ཅད་བཟླས་པ་དང་། །ཧྲི་སྟི་བཞི་བསྐོར་གནན་པའི་ཐབས། །གྲངས་ནི་སྔར་བཞིན་བརྒྱ་གཅིག་ཚད། །མནན་པ་ལྷ་དང་རིམ་པ་ཐབས། །ས་སྙི་དོན་གསལ་རྟགས་ཞེས་བྱ། །གནན་པ་གང་ཡིན་གྲུ་གསུམ་བྲུ། །ཉི་ཤུ་དགུ་འམ་གནམ་སྟོང་ངམ། །སྐྱ་རེངས་ཤར་བ་དུས་ཞེས་བྱ། །དཀྱིལ་འཁོར་གཉིས་ཏེ་སྔ་མ་བཞིན། །ཐོད་པའི་འཁོར་ལོ་དུག་ཁྲག་སོགས། །རི་རབ་གླིང་བཞི་རི་བདུན་མཚོ། །བྲིས་པ་མནན་པའི་རྫས་ཞེས་བྱ། །གཤིན་རྗེ་ནག་པོའི་སྔགས་རྒྱུད་ལས། འཇུག་གནན་པའི་ལེའུ་སྟེ་དྲུག་པའོ།། །།ཐུགས་ཀྱི་སྤྲུལ་པ་གསུང་གི་བདག །ཨ་བ་གླང་མགོས་འདི་སྐད་ཞུས། །སྤྱིར་ན་རྒྱས་པར་བཀའ་སྩལ་བ། །ཁྱད་པར་མིང་གི་སྔགས་བཀའ་སྩོལ། །བདུད་འདུལ་རྒྱལ་པོས་འདི་སྐད་གསུངས། །སྐུ་གསུང་ཐུགས་ལས་ཕྱུང་བ་ནི། །ཡང་དག་སྔགས་ནི་འདི་རྣམས་སོ། །ཨོ་ཨ་ཀྲོ་དྷི་ཀ་ཡ་མྱན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ༷་ཕཊ། ཨོ་ཧྲི་རྨྱི༷ཝི་ཀྲི་ཏ་ན་ན་ཧཱུཾ༷་ཕཊ། ཡ་མ་མེ་ཏ་སྒེ་ར་ཙ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཙ་ནི། མ་མ་ཏ་སྟེ། ཡ་ནི་ཙ་ཡ། ར་ནི་ཡོ་ན། ཏོ་ས་ཙ་ར ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡསྟེ་ཡ། ཨ་སྟེ་ཡ་སྣྲོ་ནི་ཡ་མ་ར། བྲ་མ་ཡ་ཧཱུཾ༷་ཕཊ། རཀྟ་ར་ཙ་ཡ་ཧཱུཾ༷་ཕཊ། མུར་ཙ་ཡ་ཧཱུཾ༷་ཕཊ། མུ་ར་ཡ་ཧཱུཾ༷་ཕཊ། ཡ་མ་ར་ཙ་ས་ཏོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ཏ་ཡ། ཡ་ད་ཡོ་ནི་ར་ཡསྟེ་ཡུ་ཡསྣྲོ་ནི་ར་མ་ཡདགྲ་བོ་མུ་ར་ཡ་ཧཱུཾ༷་ཕཊ། ཡ་མ་དུ་སྦུད། ནི་ཛ་ཁུག་ཤིག །ཡ་མ་ཙ་ཚ་རྦད། སྲོག་རྩ་རྩ་རྦད། ཁྲག་རྩ་རྩ་རྦད། ཨོ་ནི་མ་ར་དུ་ཡ་མ་སྙིང་། ཡ་མ་ཁྲག །ཡ་མ་དུ་ཡ་མ་རྦད། ཚལ་པ་བ༷་རིལ་ཚལ་པ་ད༷་པ་དུ༷་བུ་ཧཱུཾ༷་ཕཊ། བསབས་སོ་རོ་ཤ་སྙིང་ལ་བསབས། །མ་ར་ཛ་དགྲ་བོའི་སྙིང་ལ་ཁྲག་ཐུན་རིལ་རྦད། ཡ་མ་རྭ་ཙ་ཤ་སྙིང་ཤ་རྩ་ལ་ཁྲག་ཐུན་རིལ་རྦད། ཡ་མ་རྭ་ས་དོ་མེ་ཡ། ཡ་མ་ར་ཙ་སྙིང་ཏེ་མེ་ཡ། ཡ་མ་རྭ་ཙ་སྙིང་ལ་རོ་མེ་བ༷་རིལ་རྦད། ཡ་མ་ར་ཙ་སྙིང་ལ་ཁྲག་རོ་ཤ་ཙིཏི་ལ་བ༷་རིལ་རྦད། ཡ་མ་རྭ་ཙ་དགྲ་བོ་ཧྲིསྐྱི༷༷ཡ་མ་ཏ་ཏྲི་སྙིང་ལ་ཁྲག་ཐུམ་རིལ་རྦད། ཡ་མ་རྭ་ཙ་ཁྲག་ཐིབས་རྦད། ཡ་མ་ར་ཙ་མུག་ཐིབས་རྦད། ཡ་མ་རྭ་ཙ་སུ་བས་རིལ་རྦད། ཡ་མ་རྭ་ཙ་གླིང་དུ་ཡ་རྦད། ཡ་མ་རྭ་ཙ་ཛ་ཛ་ཉག་ཚལ་བ་བྱི་མ་ཡ་འུབ་ཐུལ། སྙིང་མགོ་ཆོད་ཁ་ལ་ཤ་ཟོ་ཚལ་པ་སྙིང་རྩ་ལ་ཁྲག་བ༷་རིལ་རྦད། ཡ་མ་རྭ་ཙ་ཀློག་རྩ་ལ་རྩ་རོ་མེ་བ༷་རིལ་རྦད། ཡ་མ་རྭ་ཙ་རྩ་ལ་བ༷་རིལ་རྦད། མཆིན་རྩ་རུལ་སྙིང་ལ་ཧྲི་སྐྱི༷་ཏོ་རོ་བལ། རྒྱུ་རྩ་ཁུག །སྙིང་རྩ་པྲ་མ་ལ། སྲོག་ལ་རེ་བར་རྩ་སྙིང་ལ་རྦད། རག་ཤ་ཁྲག་སྙིང་རོལ་རྦ་རིལ་རྦད། ཡ་མ་ར་ཙ་སྙིང་ལ་ཏོ་ད་པ་རག་ཤ་མེ་བ༷། ཡ་འགྲ་ན་ཛ་ཛ།སྙིང་ལ་ཁུགཁུག །མཆིནརྩབཀསཔདུ་དུ། ཙ་རམ་ག་གཡོན །རོལ་གཤའ་མོ་བ༷་ཁྲག་རྩ་སྙིང་ལ་་།ས་རོ་ར༷་རོ། རྩ་རྟོག་དགྲ་བོ་མ་ར་ཡ་བ༷་རིལ་རྦད། ཡ་མ་ར་ཙ་ས་དོ་མེ་ཡ་སྙིང་ལ་དོ་རུ་མེ་ར་ཡཁྲེ། ཡ་ད་ཡོ་ན་སྙིང་ལ་དོ་རུ་མེ་ར་ཡསྟེ་ཡ་ཨ་ཀྲ་མ་ཨ་ཀྲ་མ་སྙིང་ལ་རྩ་རོ་མེ་བ༷་རིལ་རྦད། ཡ་མ་ར་ཙ་ཙ་རོད་པ་ཁུག་ཁུག་ཐུམ་རིལ་སྙིང་ལ་རག་ཤ་བ༷་རིལ་རྦད། ཡ་མ་རྭ་ཙ་སྙིང་ལ་ཙ་ཙ་ནན་ནན། སོངས་སྲོག་མུག་དགྲ་བོ་ཁྲག་ཐུམ་རིལ་རྦད། ཡ་མ་རྭ་ཙ་ས་དོ་མེ་ཡ་སྙིང་ལ་རོ་ཤ་བ༷་རིལ་ཆེ་གེ་མོ་རྩ་རྩ་ཀྲོངས། སྙིང་ཁུག་བཀས་པ་རྩ་བ༷་རིལ་རྦད། ཡ་མ་ར་ནི་ཙ་ཡཁྲེ་ཡ། ཆེ་གེ་མོ་སྙིང་ལ་བ༷་རིལ་རྦད་ཡ། ཡསྟེ་ཡ་ར་ནི་ཡོ་ད་ཡ་ཆེ་གེ་མོ་ཁ་དངོས་ལ་མུ་ངོ་རྦད་ཡ། ཡ་ད་ཡོ་ན་རུ་དོ་མེ་ཡ་ཆེ་གེ་རུ་རྟ་ནན་ཁྲ༷་ཏི་རྦད་ཡ། ཡ་མེ་དོ་ས་ཙ་ར་མ་ཡ་ཆེ་གེ་མོ་མྱ་ར་ཡ་ཁྲག་དུ་རྦད། ཡུ་མ་རྭ་ཙ་ས་ཏྭ་མེ། ཡ་མེ་དོ་རུ་ཎ་ཡོ་ད། ཡ་ད་ཡོ་ཏི་ར་ཡསྟེ། ཡསྟེ་ཡ་ཙ་ནི་ར་མ། རྭ་ཙ་ས་དོ་མེ་ཡ། དོ་རུ་ཎ་ཡོ་ད་ཡ། ཡོ་ན་ར་ཡསྟེ་ཡ། ཡ་ཙ་ནི་ར་མ་ཡ། ཙ་ས་དོ་མེ་ཡ། རུ་ན་ཡོ་ད་ཡ། ནི་ར་ཡསྟེ་ཡ། ཛ་ནི་ར་མ་ཡ། ཐུམས་རྦད་ཡ། ར་མ་ཡ། རོ་མེ་ཡ། སྤྲོ་ཊ་ཡ། ཡསྟེ་ཡ། ཐུམས་རྦད་ཡ། གཤིན་རྗེ་ནག་པོའི་སྔགས་རྒྱུད་ལས། སྔགས་བསྟན་པའི་ལེའུ་སྟེ་བདུ་པའོ།། །།དེ་ནས་མཐུ་ཆེན་དཔའ་བོ་ལ། །འཁོར་གྱི་བདག་པོས་འདི་སྐད་གསུངས། །སྒྲུབ་བྱེད་གང་ཟག་མ་ཚན་ཉིད་དང་། །ཉམས་སུ་བླང་བའི་གོ་རིམས་ཞུས། །ཐུབ་པའི་རྒྱལ་པོས་འདི་སྐད་གསུངས། །རིགས་ཡོད་སྡོམ་དང་ལྡན་ཞིང་དབང་ཐོབ་མན་ངག་ཐོབ། །རྒྱུད་ཐོས་དམ་ཚིག་བསྲུང་ཞིང་སྙིང་རྗེ་ཆེ་དང་བདུན། །དེ་བདུན་ལྡན་པའི་རྣལ་འབྱོར་པས། །ཉམས་སུ་འདི་ལྷར་བླང་བར་བྱ། །མཐུན་པའི་གནས་སུ་མཐུན་པའི་རྫས་བསགས་ཏེ། །ཕྱི་ནང་ཚོགས་བསགས་ཕྱི་ནང་སྡིག་པ་བཤགས། །ཕྱི་ནང་མཚམས་གཅད་བསྒྲུབ་པར་བྱ། །གཤིན་རྗེའི་མཆོད་པ་ལྷོ་རུ་དབུལ། །ཞེས་བྱ་སྟེ། །མཆོད་པ་བྱ་ཞིང་བསྙེན་པ་ལ་འཇུག །བདེ་གཤེགས་གཟུགས་བརྙན་ཉི་ཟླ་མཁའ་ལ་ཤར། །མགོན་གཉེར་བཤེས་ལ་སོགས་རྨིན་རྟགས། །ཉེ་བསྙེན་གཡོན་བསྐོར་སྔགས་ལ་འཇུག་བར་བྱ། །གོ་གོན་མཚོན་ཐོགས་དམག་སྣ་འདྲེན་པ་དང་། །དགྲ་ཡི་བླ་བཀུག་ཐུགས་རྗེས་བསྒྲལ་རྨིས་ན། །འཕྲིན་ལས་དྲག་པོའི་ལས་ལ་འཇུག་བ༷ར་བྱ། །ཕྱག་མཚན་ཐམས་ཅད་ཤར་དུ་བསྒྲུབ། །ལིང་ག་ཐུན་གྱི་ནུབ་ཏུ་བརྩམ། །ལས་ངན་ཐམས་ཅད་བྱང་དུ་བྱ། །ཞེས་བྱ་སྟེ། །ཕུར་བུ་ལ་དུག་ཁྲག་ཏོར་ཞིང་ཐུན་སྔགས་ཀྱིས་ངར་བླུད་པ་དེས། །ནུབ་ཕྱོགས་ཀྱི་ཧོ་ཁུང་དུ་ལིང་ག་བཙེམ། དེ་ནས་བྱང་གི་གྲུ་གསུམ་དུ་ལིང་ག་དང་། ཤ་ཆེན་དང་བཅས་པ་དུག་ཤིང་གི་མེ་ལ་བསྲེག་པར་བྱའོ། །དེ་ནས་གཤིན་རྗེའི་བསྒྲུབ་པ་རྫོགས་ནས་ནི། གའུ་དག་ན་ནན་ཏན་བྱ་ཞེས་བྱ་སྟེ། བསྲེགས་པའི་ཐལ་བ་དང་ལིང་ཀ་ར་མགོ་འམ། ཐོད་པ་ལ་སོགས་པར་བཅུག་ལ། ལམ་རྒྱ་གྲམ་གྱི་མདོ་ལ་སོགས་པར་སྦ་བར་བྱའོ། །དེ་ལྟར་གསུམ་ལྔ་བདུན་སོགས་བྱའོ། །ནག་པོ་ཐུགས་ཀྱི་བསྒྲུབ་པ་ལ། །བསྙེན་པ་བྱིན་རླབས་ཞལ་བརྩེགས་བཟླས། །འཕྲིན་ལས་ཉི་མ་བཞི་པའོ། །སྤྱི་བོའི་འཁོར་ལོ་བསྒྲུབ་པ་ཧྲི་ཏྲི་དང་། །སུམ་ཅུ་གཉིས་དང་སྦྲེལ་ཏེ་བཟླས། །སྤྱི་ཡི་འཁོར་ལོ་བསྙེན་པར་བསྟན། །འཕྲིན་ལས་བསྟན་པ་སྔ་མ་བཞིན། །རྩ་བའི་འཁོར་ལོ་རྒྱས་འབྲིང་དང་། །བསྡུས་པ་བསྒྲུབ་པའི་གསང་སྔགས་ནི། །ཡིག་འབྲུ་བཅུ་བདུན་རྒྱུན་བསྙེན་པ། །སུམ་ཅུ་རྩ་གཉིས་གཡོན་བསྐོར་སྔགས། །ཉེ་བར་བསྒྲུབ་པའི་བསྙེན་པའོ། །ཉིན་གཏོར་མཚན་དྲིལ་ཐུན་བརྒྱད་དང་། །གནན་པ་སྩོག་པ་སྔ་མ་བཞིན། །བྷན་ཛུ་བཅུ་ནི་བསྐྱེད་པའི་སྔགས། །རྒྱུ་ཡི་སྔགས་དང་རྦོད་གཏོང་སྔགས། །རིམ་པ་ཇི་བཞིན་ཤེས་བྱས་ལ། །རྒྱུན་སྔགས་ཉེ་བསྙེན་འཕྲིན་ལས་སྔགས། །རྟགས་དང་སྦྱར་ལ་རིམ་པས་བཟླས། །རྟགས་མེད་ན་ནི་གོང་ཉིད་བཟླས། །གཤིན་རྗེ་ནག་པོའི་སྔགས་རྒྱུད་ལས། བསྒྲུབ་པ་པོའི་མཚན་ཉིད་དང་། །ཉམས་སུ་བླང་བའི་གོ་རིམས་བསྟན་པའི་ལེའུ་སྟེ་བརྒྱད་བའོ།། །།དེ་ནས་ཐུགས་མཆོག་ཡ་བ་ཏིས། །བདེ་ཆེན་ཡབ་ལ་འདི་སྐད་ཞུས། །ཡ་མུན་ཏ་ཀ་གཅིག་པུ་ལ། །ནག་པོ་དམར་པོ་སྒྲུབ་པ་དང་། །རོ་ལངས་སྒྲུབ་པ་ཇི་ལྟ་བུ། །ཉིན་བཞིའི་དོན་དང་འཁོར་ལོའི་དོན། །བསྐོར་བའི་སྔགས་དང་རྒྱུད་དོན་གསུངས། །མ་འོངས་པ་ཡི་གདུལ་བྱ་ནི། །མཆོག་དང་དམན་པའི་གང་ཟག་གཉིས། །དོན་དམ་ངེས་དོན་མཆོག་ལ་བསྟན། །ཀུན་རྫོབ་དྲང་དོན་དམན་ལ་བཤད། །ནག་པོ་མི་འགྱུར་ཆོས་ཀྱི་དབྱིངས། །ནག་པོ་ཡེ་ཤེས་མི་རྟོག་པ། །ཆོས་དབྱིངས་ཨེ་ཀ་ཛ་ཏི་ཡུམ། །མི་རྟོག་ཡ་བཱན་ཏ་ཀ་ཡབ། །ཨེ་ནི་རྒྱུ་སོགས་མཚན་མ་མེད། །ཀ་ནི་ངོ་བོ་སྟོང་པ་ཡིན། །ཙ་ནི་འབྲས་བུ་སྨོན་པ་མེད། །ཡ་ནི་ཡབ་སྟེ་རྟོག་མེད་ཐབས། །མ་ནི་ཡུམ་སྟེ་སྟོང་པ་ཉིད། །ཏ་ཀས་གཉིས་མེད་ལྷུན་གྱིས་གྲུབ། །གཤིན་རྗེའི་ཐུགས་ལས་གཟུགས་ལ་སོགས། །མཚན་མའི་ཆོས་རྣམས་ཡེ་ནས་སྟོང་། །ཕྱི་རོལ་པ་ལ་ཀུན་རྫོབ་བསྟན། །ནག་པོ་བསྙེན་པའི་བསྒྲུབ་པ་སྟེ། །དམར་པོ་འཕྲིན་ལས་ཤེས་པར་བྱ། །ཡང་ན་སོ་སོར་བསྙེན་པ་དང་། །འཕྲིན་ལས་བསྙེན་པ་སྔ་མ་བཞིན། །དམར་ནག་གཉིས་ལ་བསྒྲུབ་པ་བརྒྱད། །ཡབ་བསྒྲུབ་གཉིས་དང་ཡུམ་བསྒྲུབ་གཉིས། །སྲས་བསྒྲུབ་གཉིས་དང་རྒྱས་བསྒྲུབ་གཉིས། །ནག་པོའི་སྔགས་རྒྱུད་ལས། དམར་ནག་སྒྲུབ་པ་སྤྱིར་བསྟན་པའི་ལེའུ་སྟེ་དགུའོ།། །།དེ་ནས་བདེ་ཆེན་དཔའ་བོ་ཡིས རོ་ལངས་སྒྲུབ་པ་བཤད་ཀྱིས་ཉོན། །ཕན་གདགས་པ་དང་ཚར་གཅད་གཉིས། །རོ་ལངས་ཕན་གདགས་དྲུག་ཏུ་བསྔུ། །རྒྱུ་རྐྱེན་དགོས་པ་དབྱེ་བ་དང་། །བྱད་བའི་ཚུལ་དང་འབྲས་བུ་ཐབས། །རྒྱུ་ནི་མཚན་དང་ལྡན་པའི་ར། །རྐྱེན་ནི་དུས་ཚོད་འཛོམ་པའོ། །དགོས་པ་ཕན་གདགས་ཚར་གཅད་དོ། །དབྱེ་བ་རིལ་པོ། །སིལ་མ། རིལ་ལུ་གསུམ། བྱེད་ཚུལ་ལྷ་དང་། མཆོད་པ། མཐར་ཐུག་གོ །ཐབས་ལ་ལྔ་སྟེ། ལྷ་དང་། བླང་བའི་ཚུལ་དང་། དཀྱིལ་འཁོར་སྔགས་དང་གོ་རིམས་སོ། །ལྷ་ལ་སློབ་དཔོན་ཡ་བཱན་ཏ་ཀར་བསྒོམ། སློབ་མ་ལས་ཀྱི་གཤིན་རྗེ་གསུམ་མམ། ཡ་མ་ར་ཙར་བསྒོམ། བླང་ཚུལ་རོ་ལྷར་བསྐྱེད། རོ་ཁུང་གཞལ་ཡས་ཁང་དུ་བསམ། ལས་ཀྱི་གཤིན་རྗེ་རོ་ཁུང་ཁ་འབྱེད་ཙམ་ན། གཞལ་ཡས་ཁང་ཕྱེ་བར་བསམ། ལག་པ་ལྕགས་ཀྱུས་རོའི་སྙིང་ཁ་ནས་དྲངས་ལ། སྐྲ་དང་གོས་དུམ་རོ་ཁུང་བཅུག་ལ། རོའི་ཡི་དགས་ཁྱོད་དེ་ལ་རྟེན་ཆོས་ལ། རོའི་ཕྱི་རོལ་མ་འབྲང་ཞིག་ཅེས་བརྗོད་ལ། མཚོན་ཆ་དང་སྟང་ཐབས་ཀྱིས་མཚམ་གཅད་དོ། །དེ་ནས་གནས་ཀྱི་ཕྱི་རོལ་དུ། །ཁྲུས་བྱ་དྲིས་བྱུག་གོས་བསྐོན་ལ། །རྒྱན་དང་བྱང་བུ་ཀུན་ཀྱང་གདགས། །དཀྱིལ་འཁོར་ནི་རྡུལ་ཚོན་དང་། ལྒབྲུལ་འཁོར་དང་། ཏིང་འཛིན་གྱི་དཀྱིལ་འཁོར་རོ། །སྔགས་ནི་བསྙེན་པ་དང་། འཕྲིན་ལས་དང་། འཇུག་གི་སྔགས་སོ། །གོ་རིམས་ནི། མཚན་ལྡན་བྱང་བུ་ཅན་དེ། ཆོ་ག་གསུམ་གྱིས་ལྷར་བསྐྱེད། ཡེ་ཤེས་ཀྱི་ལྷ་བསྟིམ། དབང་བསྐུར། ཏིང་འཛིན་གསུམ་གྱི་གཞི་བཟུང་ལ། ལྷ་རྣམས་བསྐྱེད་ལ་མཚན་ལྡན་དབུལ། བསྐང་གསོའི་ལས་བྱ། ཕྱི་ནང་གི་གཏོར་མ་གཏང་སྟེ་བགེགས་བསྐྲད། མཚམ་གཅད་དོ། །ཡང་བླངས་ལ་ཕྱི་རོལ་ཏུ་གཞག་ལ། ཁྲུས་བྱ། ལྷར་བསམ། ནང་དུ་ཕྱིན་ལ་ལྷ་རྣམས་ལ་དབུལ། བསྐང་གསོ་དང་གཏོར་མ་གཏང་བ་ལ་སོགས་པ་བྱའོ། །དེ་ནས་ཞག་ལྔ་འམ། བདུན་ནམ། དགུ་འམ་གང་བྱེད་ཀྱང་། བླང་བ་སྔ་མ་བཞིན་དུ་བྱས་ལ། དང་པོ་ནུབ་མོ་རྒྱུན་སྔགས་དངཉེ་བསྙེན་སྔགས་སྦྲེལ་ལ་བཟླས། ནུབ་གཉིས་ནསལྔའི་བར་དུ་ཞི་རྒྱས་ཀྱི་སྔགས་དང་སྦྲེལ་མ་གཉིས་ལ་ཉི་མ་བཞི་པ་བྱ། ནམ་ཕྱེད་ཡོལ་ནས་ཞི་རྒྱས་ཀྱི་སྤྱིནསྲེགདང་གཏོར་མ་ལ་སྩོགས་པ་བྱའོ། །ཞག་བདུན་བྱེད་ན་སྔམ་བཞིན་དུ་བྱས་ལ། དང་པོའི་ནུབ་མོ་རྒྱུནབསྙེན་བཟླས། ནུབ་གཉིས་པ་ལ་སྒྲུབ་པའི་བསྙེན་པ་བཟླས། ནུབ་གསུམ་པ་ནས་དྲུག་པའི་བར་དུ་ཞི་རྒྱས་གངཡངརུང་བའི་ཉི་མ་བཞི་པབྱ། ནུབ་བདུན་པལ་སྤྱིན་སྲེག་དངགཏོར་མའཇུག་གིལསབྱ། བསྲེབའི་ཚུལནི། རོའིཁོགཔགཞལཡསཁངདུ་གསལ། སེམས་དང་སེམས་ལས་བྱུང་བ་ལྟར་བསམ་ལ། ཁསྤུབ་ལ་ཐིག་བཏབ་ལ་རིམ་པས་བསྲེའོ། །དེ་ཡང་མཆོད་རྫས་དང་ལྷར་བྱ་བ་གཉིས་ལས། དང་པོ་གཞལ་ཡས་ཁང་དུ་བྱ་བ་ནི། རོ་དེའི་ཁོག་པ་གཞལ་ཡས་ཁང་། རྟེན་མཐིང་ནག་གྲུ་གསུམ་དུབྱིན་གྱིསབརླབས་སོ། །རོ་དེའི་གཡང་གཞི་གཡོ་བ་ནི། གཞལ་ཡས་ཁང་གི་རྟེན་རླུད་གི་དཀྱིལ་འཁོར་དུ་བསམ། རོ་དེའི་དྲོད་ནི་མེའི་མཎྜལ། རོ་དེའི་རླན་ཆུའི་མཎྜལ། རོ་དེའི་ཤ་གསེར་གྱི་ས་གཞི། རོ་དེའི་ཚིགས་ཆེན་ཚིགས་ཆུང་གསེར་གྱི་རི་བདུན། ཁྲག་རོལ་མཚོ་ཆེན་པོ་བདུན། སྐལ་ཚིགས་རི་རབའདོམགང་གྲུ་བཞི་རིན་ཆེནགཞལ་ཡས་ཁང་། བན་དྷ་དུར་ཁྲོད་གཞལཡས་ཁངདུ་བྱིན་གྱིས་བརླབས་སོ། །པགས་པ་ནི་བླ་རེ་དངགདུགས་སུདབུལ་ལོ། །སྐྲ་དང་སྐྲུ་ཀུ་ཤའི་ཆུན་པོར་དབུལ་ལོ། །དབང་པོ་རྣམ་ལྔ་མེ་ཏོག་ཏུ་དབུལ་ལོ། །ཀླད་པ་སྤོས། ཚིལ་མར་མེར་དབུལ་ལོ། །དྲི་ཆུར་དབུལ། རྒྱུངས་པ་ཨ་རྒར་དབུལ། སྙིང་སྲོག་པ་རྩ་དང་བཅས་པ་ཡ་མྱན་ཏ་ཀ་ལ་དབུལ། མཆིན་པ་ཡ་མ་ར་ཙ་ལ་དབུལ། གློ་བ་གཤིན་རྗེ་ཐུགས་ཀྱི་སྤྲུལ་པ་ལ་དབུལ། མཁལ་མ་སྐུའི་སྤྲུལ་པ་ལ་དབུལ། མཆེར་པ་གསུང་གི་སྤྲུལ་པ་ལ་དབུལ། མིག་གི་དབང་པོ་མཐོང་བྱེད་ཀྱི་རྩ་དང་བཅས་པ་ཕྱ་སངས་རྒྱས་ནག་འཇོམས་ཡབ་ཡུམ་ལ་དབུལ། རྣ་བ་ཏི་ལ་དབུལ། སྣ་དམིགས་པ་ལ་དབུལ། ལྕེ་ལྷ་མཆོད་དུད་ཀ་ལ་དབུལ། ལུས་རྡོ་རྗེ་སྲིད་པ་རྒྱལ་བྱེད་ཀྱི་རྩ་དང་བཅས་པ་ཐོད་དབྱུག་དམར་པོ་ཡབ་ཡུམ་ལ་དབུལ། མགོ་རུས་ཀོ་རྩེ་བྲག་གྱོན་ལ་དབུལ། ལག་པ་གཡས་པ་གླང་མགོ་ལ་དབུལ། ལག་པ་གཡོན་པ་མིག་དམར་ལ་དབུལ། རྐང་པ་གཡས་པ་རྟེལ་ཕ་ལ་དབུལ། རྐང་པ་གཡོན་མ་ཆོས་ཀྱི་རྒྱལ་པོ་ལ་དབུལ། ལོང་ཁ་གཤིན་རྗེ་ཁ་ཐུན་གྱི་ཚོགས་ལ་དབུལ། གྲོད་པ་དུག་ཐུན་ཚོགས་ལ་དབུལ། གཉེ་མ་ཕུར་ཐུན་ཚོགས་ལ་དབུལ། རྒྱུ་མ་མདའ་ཐུན་ཚོགས་ལ་དབུལ། ཕོ་བ་ཉུངས་ཐུན་ཚོགས་ལ་དབུལ། མཁལ་མ་སྙིང་ཐུན་ཚོགས་ལ་དབུལ། དེ་དེའི་རང་བཞིན་དུ་ཤེས་པ་འམ། ཡང་ན་བྱིན་གྱིས་བརླབས་ལ་དབུལ་ལོ། །རོ་དེའི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ནི། ཡ་སྨྱུན་ཏ་ཀ་ཡབ་ཡུམ་མོ། །ཚོར་བ་རྣམ་པར་དག་པ་ནི། ཡ་མ་རྭ་ཛའོ། །གཟུགས་རྣམ་པར་དག་པ་ནི། སྐུའི་སྤྲུལ་པའོ། །འདུ་ཤེས་རྣམ་པར་དག་པ་ནི། གསུང་གི་སྤྲུལ་པའོ། །འདུ་ཤེས་རྣམ་པར་དག་པ་ནི། ཐུགས་ཀྱི་སྤྲུལ་པའོ། །མིག་གི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི། ཕྱ་སངས་དང་ནག་འཇོམས་སོ། །རྣ་བའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི། ཡབ་ཏིའོ། །སྣའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་སྨིགས་པ། ལྕེའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི། ལྷ་མཆོག་དུད་ཁ། ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི། དམར་པོ་ཐོད་དང་ཐོད་དབྱུག །ཉོན་མོངས་པའི་ཡིད་རྣམས་པར་དག་པ་ནི། ཀོ་ཚེ་བྲག་རྒྱན། ཡིད་ཀྱི་རྣམ་པར་ཤེས་པ་དག་པ་ནི། ཨ་བ་གླང་མགོ་ཅན། ཀུན་གཞི་རྣམ་པར་དག་པ་ནི། མིག་དམར། ཡིད་རང་བྱུང་དག་པ་ནི། རྟེལ་བ། རང་བཞིན་གྱིས་འོད་གསལ་བ་ནི། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་མོ། །དེ་དང་དེའི་རང་བཞིན་དུ་ཤེས་པ་འམ། ཡང་ན་བསྐྱད་པའོ། །དབུལ་བའི་བསམ་པ་ནི། བྱིན་གྱི་བརླབས་པ་འམ། དེའི་རང་བཞིན་ཤེས་པའོ། །དབུལ་བའི་སྔགས་ནི་བསྙེན་པའི་སྔགས་སམ། ཡང་ན་སོ་སོའི་སྔགས་ཀྱིས་དབུལ་ལོ། །དབུལ་བའི་ཚིག་ནི། བཅོམ་ལྡན་ཡ་ནཱན་ཏ་ཀ་དང་། ཡུམ་གཅིག་ཨེ་ཀ་ཛ་ཏི་ལ། །མཐུན་པའི་རྫས་ཆེན་སྙིང་མཆོག་གིས། །ཐུགས་དམ་བསྐང་ཕྱིར་དབུལ་ལགས་ན། །དངོས་གྲུབ་སྩལ་ཕྱིར་བཞེསསུགསོལ། །གཤིནརྗེསྲསམཆོག་ཡབ་ཡུམ་ལ། །མཐུན་པའི་རྫས་ཆེན་གློ་བ་འབུལ། །བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ། །རོ་མཚར་གཅད་པ་ལ། རོ་བླངས་ཚུལ་ལ། རོ་དེ་བཟའ་བ་བོར་བསམས་ལ། རོ་ཁུང་ནས་འདྲེན་ཙམ་ན། བཟའ་པ་པོའི་ཁྱིམ་ནས་འདྲེན་པར་བསམ། ཁྲུས་བྱ་དྲག་པོའི་རྫས་བྱུག །བཟའ་བ་བོའི་ལུས་ངག་ཡིད་གསུམ་རོ་ལ་བསྟིམ། ལིང་ག་གདགས་སྡིག་སྒོ། ལྷ་དང་དབྱེ་བར་བྱའོ། །དེ་ནས་ཤར་ལྷོ་འབྲུབ་ཁུང་གི་དྲུང་དུ་གཞག་ལ། གཤིན་རྗེའི་ལྷ་ཚོགས་ལ་དབུལ། བསྐང་གསོ་དང་གཏོར་མ་གཏང་བ་བྱས་ལ། བསྙེན་པའི་སྔགས་བཟླས། དེ་ནས་སྙིང་ལ་སོགས་པ་ཕྱུང་ལ་ལྷ་སོ་སོའི་བཏབ། དབང་དྲག་གི་ཉི་མ་བཞི་པ་བྱ། དེ་ནས་དབང་དྲག་གི་སྦྱིན་སྲེག་བྱ། གཏོར་མ་གནན་པའི་ཆོ་ག་བྱའོ། །རོའི་ཤ་ཁྲག་རུས་པ་ལ་སོགས་པ་ལྷ་རྣམས་ལ་དབུལ་ལོ། །སེམས་དང་སེམས་ལས་བྱུང་བ་ལྟར་མོས་པར་བྱའོ། །རོ་དེ་ཇི་ལྟར་སྤྱོད་ཀྱང་དགྲར་དམིགས་ལ་སྤྱོད། རིམ་པ་ཀུན་གོང་མ་དང་འདྲའོ། །བསྟབ་པའི་ཚིག་ནི། ཡབ་གཅིག་ཡ་ནཱན་ཏ་ཀ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །གཤིན་རྗེ་ཕོ་མོའི་གདན་ལ་བཞུགས། །མ་མོ་སྨུག་ནག་ལས་ལ་འགྱེད། །དམ་ཉམས་དམ་སྲི་མ་རུངས་པའི། །སྙིང་གི་མཆོད་པ་འདི་འབུལ་གྱིས། །དགྲ་བོ་སྒྲལ་ཕྱིར་བཞེས་སུ་གསོལ། །དེ་ལྟ་བུའི་བསྒྲུབ་པ་ནི་རིལ་པོའི་བསྒྲུབ་པའོ། །སིལ་མིའི་བསྒྲུབ་པ་ནི། རྫས་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གནས་གནས་སུ་བཀོད་ལ། དང་པོ་བསྙེན་པ་བྱ། དེ་ནས་ཕན་འདོགས་པ་ལ། ཞི་བའམ་རྒྱས་པའི་ཉི་མ་བཞི་པ་བྱ། སྤྱིན་སྲེག་དང་གཏོར་མ་སྔ་མ་དང་འདྲའོ། །རི་ལུའི་བསྒྲུབ་པ་ནི། བླ་མའི་ཞལ་ལམ། རྟོག་པ་གཞན་ལས་ཤེས་པར་བྱའོ། །ནག་པོ་སྔགས་རྒྱུད་ལས། རོ་ལངས་སྒྲུབ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བདེ་ཆེན་དཔའ་བོ་ཡིས། །ཉི་མ་བཞི་པའི་དོན་གསུངས་པ། །བཞི་ལ་རྣམ་པ་བཞིར་དབྱེ་སྟེ། །ལོ་ཟླ་ཉིན་ཞག་དུས་རྣམས་སོ། །ལོ་ལ་ཡང་ནི་རྣམ་པ་གཉིས་ཏེ། ལོ་བཅུ་གཉིས་དང་། ལོ་གཅིག་ཁྱུད་བསྐོར་བསྒྲུབ་པའོ། །གཉིས་ཀ་འམ་ནི་གསུམ་གསུམ་སྔུད་དེ་བཞི། །ཟླ་བ་ལ་ཡང་རྣམ་གཉིས་ཏེ། །ཟླ་བ་གཅིག་ཏུ་སྒྲུབ་པ་དང་། །ཟླ་བ་དྲུག་ཏུ་སྒྲུབ་པའོ། །ལོ་ཕྱེད་སྒྲུབ་པ་འདི་བཞིན་ཏེ། །ཟླ་བ་བཞི་ལ་ཉིན་བཞི་བྱ། །ཟླ་བ་སྔ་ལ་སྤྱིན་སྲེག་ཡིན། །དྲུག་པ་དག་ནི་གནན་པ་ཡིན། །ཟླ་བ་གཅིག་གི་སྒྲུབ་པ་ལ། །ཚེས་གཅིག་ནས་ནི་བཅྭ་ལྔ་ལ། །རྒྱུན་བསྙེན་བཟླས་ཏེ་བཅུ་དྲུག་གནས། །ཉི་ཤུ་བཞི་ལ་སྒྲུབ་བསྙེན་བཟླས། །ཉི་ཤུ་ལྔ་དང་བརྒྱད་པར་དུ། །ཉིན་བཞིའི་འཕྲིན་ལས་བྱ་བར་བསྟན། །དགུ་ལ་སྲེག་ཅིང་སྟོང་ལ་མནན། །ཉིན་ཞག་དག་གི་ཉིན་བཞི་ལ། །རྣམ་གཉིས་ཉིན་ཞག་བརྒྱད་ལ་བཞི། །ཉིན་མཚན་སོ་སོ་བཞི་བཞི་བརྒྱད། །དུས་ཚོད་ཉིན་བཞི་རྣམ་གཉིས་ཏེ། །སྤྱི་དང་ཁྱད་པར་ཤེས་པར་བྱ། །དཔྱིད་དབྱར་སྟོན་དགུན་སྤྱི་ཉིན་བཞི། །ནང་བར་ཉི་ཕྱེད་དགོང་མཚན་ཕྱེད། །མགོ་འཁོར་ཁྲག་སྐྱུག་དང་། །གསུམ་པ་ཡིད་འཁྲུག་གདོན་མི་ཟ། །སྤྱིར་བརྒྱད་ཁྱད་པར་སུམ་ཅུ་གཉིས། །ཉི་མ་བཞི་པ་ཞེས་བྱའོ། །ནག་པོ་སྔགས་རྒྱུད་ལས། ཉི་མ་བཞི་པའི་སྤྱི་དོན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྒྱུད་བདག་གཤིན་རྗེ་ཡིས། །འཁོར་ལོ་སྤྱི་ཡི་དབྱེ་བ་གསུངས། །དོན་དམ་འཁོར་ལོ་མི་འགྱུར་བ། །དོན་དམ་ཀུན་རྫོབ་མི་སླུ་བ། །གཅོད་དང་བཟློག་དང་འཇམ་པ་གསུམ། །ཏིང་འཛིན་ལྷ་ཡི་འཁོར་ལོ་དང་། །ཡིག་འབྲུ་རྫས་ཀྱི་འཁོར་ལོ་དང་། །གཅོད་བྱེད་མཚོན་ཆའི་འཁོར་ལོ་གསུམ། །བསྙེན་འཕྲིན་མནན་པ་གསུམ་དང་སྦྲེལ། །ཡིག་འབྲུའི་འཁོར་ལོ་གཉིས་སུ་དབྱེ། །སྤྱི་དང་ཉི་ཚེ་རྣམ་པ་གསུམ། །ཧྲིསྤྱི༷༷འི་སྔགས་དང་འབྲུ་བཅུ་བདུན། །སྡོམ་པ་སྤྱི་ཡི་འཁྲུལ་འཁོར་ཡིན། །ཉི་ཚེ་བ་ལ་རྣམ་པ་གཉིས། །རྩ་བ་དང་ནི་ཡན་ལག་གཉིས། །རྩ་བ་ལ་ཡང་རྣམ་པ་གསུམ། །རྒྱས་འབྲིང་བསྡུས་པར་ཤེས་པར་བྱ། །སུམ་ཅུ་གཉིས་དང་བཅུ་བདུན་དང་། །ཡིག་འབྲུ་ལྔ་པོ་གོ་རིམས་བཞིན། །ཡན་ལག་ལ་ཡང་རྣམ་པ་བཞི། །སྙིང་བོ་ཞལ་དང་མཚོན་ཆ་དང་། །གོ་ཆའི་འཁོར་ལོ་མཚོན་ཆ་དང་། །འཁོར་ལོ་སྒྲུབ་པ་གང་བྱེད་ཀྱང་། །བསྙེན་པ་འཕྲིན་ལས་གནན་པ་གསུམ། །ཀུན་ལ་ཡོད་པར་ཤེས་བར་བྱ། །ནག་པོ་སྔགས་རྒྱུད་ལས། འཁོར་ལོ་སྤྱིའི་དབྱེ་བ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་རྒྱུན་འཆད་སྐྱེས་བུ་ཡིས། །འཁོར་ལོ་ལ་འཁོར་ལོ་བསྐོར་གསུངས། །ཚིག་དང་དོན་དུ་ཤེས་པར་བྱ། །དོན་བསྐོར་བླ་མའི་ཞལ་ལས་བཞེས། །ཚིག་ལ་ཡང་ནི་རྣམ་གསུམ་སྟེ། །རབ་ཏུ་གཏོར་དང་གཏོར་བ་གསུམ། །སུམ་ཅུ་གཉིས་དང་བཅུ་བདུན་དང་། །ཡིག་འབྲུ་ལྔ་སྟེ་གོ་རིམས་བཞིན། །ཡང་ན་རྣམ་པ་བཞིར་དབྱེ་སྟེ། །ཐུན་མོང་བ་དང་བྱེ་བྲག་དང་། ཕྱི་ནང་གནས་སུ་ཀླག་པའོ། །ཐུན་མོང་བ་ལ་གཉིས་སུ་དབྱེ། །ཐུན་མོང་ཕྱོགས་སུ་ཀླག་པ་དང་། །ཕྱོགས་མཚམས་སྤེལ་ཏེ་ཀླག་པའོ། །བྱེ་བྲག་ནང་ལ་རྣམ་གསུམ་སྟེ། །ཕྱི་ལ་གསུམ་དུ་ཤེས་པར་བྱ། །ཕྱོགས་དང་མཚམས་དང་ཐུན་མོང་བའོ། །གནས་ཀྱི་ཚུལ་ལ་རྣམ་གཉིས་ཏེ། །སྡོམ་དང་སོ་སོར་ཀླག་པའོ། །སྡོམ་དུ་ཀླག་ན་རྣམ་པ་གསུམ། །སུམ་ཅུ་གཉིས་དང་འཕེལ་བའི་སྔགས་ལ། །འགྲིབ་པའི་སྔགས་སུ་ཤེས་པར་བྱ། །སོ་སོར་ཀླག་པ་རྣམ་དྲུག་སྟེ། །མུ་བཞིའི་སྔགས་དང་འཇུག་བའི་སྔགས། །ལྡོག་པའི་སྔགས་དང་ཐུན་མོང་སྔགས། །བཅུ་བདུན་རྐང་པ་བཞིར་གདོན་པའོ། །ཡ་མ་རྭ་ཛ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡསྟེ་ཡ། ཡསྟེ་ཡསྣྲོ་ནི། ར་མ་ཡ། རྭ་ཛ་ས་ཏོ། དོ་རུ་ཎ་ཡོ། ཡོ་ནི་ར་ཡ། ཡ་ཙ་ནི་ར།མེ་ཏ་སྟེ་མ། ཏ་སྟེ་མ་མེ། ཡ་ར་དོ་ཡོ། མ་མེ་ཏ་སྟེ། ར་ཙ་ས་ཏྭ། རུ་ན་ཡོ་ནི། ར་ཡ་ཛ་ནི། ཡང་ན་གཉིས་སུ་ཤེས་བྱ་སྟེ། །ཕུང་པོ་ལྔ་ལ་བརྡེག་པ་དང་། །ལུས་ངག་ཡིད་ལ་བརྡེག་བའོ། །དོན་བསྐོར་ཞེས་བྱ་བསྒྲུབ་པ་སྟེ། །བསྒྲུབ་པ་ལ་ཡང་རྣམ་བཞི་སྟེ། །གཤིན་རྗེ་སྲོག་གི་བསྒྲུབ་པ་དང་། །ཕྱི་ཡི་འཁོར་ལོ་་བསྒྲུབ་པ་དང་། །རྩ་བའི་འཁོར་ལོ་བསྒྲུབ་པ་དང་། །འཁོར་རྣམས་རྒྱས་པའི་བསྒྲུབ་པའོ། །སྲོག་གི་བསྒྲུབ་པ་ཞེས་བྱ་ལ། །བསྙེན་པ་འཕྲིན་ལས་མནན་པ་གསུམ། །བསྙེན་པ་གཉིས་ཏེ་རྒྱུན་བསྙེན་དང་། །ཉེ་བར་བསྒྲུབ་པའི་བསྙེན་པའོ། །རྩ་འཁོར་བསྙེན་པ་རྣམ་གསུམ་སྟེ། །རྒྱུན་དང་ཉེ་བར་བསྙེན་པའོ། །སྤྱི་ཡི་འཁོར་ལོ་རྣམ་བཞི་སྟེ། །རྒྱུན་དང་ཉེ་བར་བསྙེན་པའོ། །འཁོར་རྒྱས་བསྒྲུབ་པ་རྣམ་གཉིས་ཏེ། །དམར་ནག་གནིས་ཀྱི་བྱེ་བྲག་གོ །ནག་པོ་འཁོར་རྒྱས་བསྒྲུབ་པ་ལ། །རྒྱུན་དང་ཉེ་བར་བསྙེན་པའོ། །ཉེ་བར་བསྙེན་ལ་རྣམ་གཉིས་ཏེ། །སྙིང་པོ་ཉེ་བའི་སྙིང་བོའོ། །ཨོ་བཛྲ་ས་ཏྭ་པར་ཧཱུཾ༷་ཕཊ། ཨོ་ར་ཙ་ས་ཏོ་མེ་ཨེ་ཀ་ཛ་ཏི་མུ་ཀ་ཨ་ཤོ་མེ། ཨོ་ཨུ༷༷ཧཱུཾ༷། རྟེ་རི་རག་ཤ་ར་ག་ས་མ་ན་གྲྭཧྭ། འཕྲིན་ལས་མནན་པ་སྔ་མ་བཞིན། །ནག་པོ་སྔགས་རྒྱུད་ལས།འཁོར་ལོ་བསྐོར་བ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཐུགས་རྗེའི་བདག་པོ་ཡིས། །འཁོར་ལ་རྒྱུད་ཀྱི་དོན་གསུངས་པ། །རྒྱུད་ནི་བསྡུས་བར་ཤེས་པར་བྱ། །བདག་དོན་གཞན་དོན་གཉིས་ཀའི་དོན། །སྐུ་དང་གསུང་ཐུགས་ཡོན་ཏན་དང་། །འཕྲིན་ལས་སྡུད་བས་རྒྱུད་ཅེས་བྱ། །དོན་གྱི་རྒྱུད་དག་ཚིག་གི་རྒྱུད། ཁུའི་རྒྱུད་དང་ཐབས་ཀྱི་རྒྱུད། །འབྲས་བུའི་རྒྱུད་དང་རྣམ་པ་གསུམ། །རྩ་བའི་རྒྱུད་དང་ཕྱི་མའི་རྒྱུད། །ཕྱི་མའི་ཕྱི་མ་རྟོག་པའི་རྒྱུད། །རྒྱུད་ཀྱི་བདག་བོ་ཆོས་ཀྱི་སྐུ། །འཆད་པ་གཟུགས་སུ་རྣམ་པ་གཉིས། །བདག་དོན་ལ་ཡང་རྣམ་པ་གཉིས། །ཐུན་མོང་བ་དག་མཆོག་ཉིད་དང་། །ཐུན་མོང་བ་ལ་རྣམ་པ་བཞིའོ། །མཆོག་གི་གཉིས་སུ་ཤེས་པར་བྱ། །བསྐྱེད་དང་རྫོགས་པའི་རིམ་པའོ། །གཉིས་ཀའི་དོན་ལ་འང་རྣམ་པ་བཞི། །གཞན་དོན་ལ་ཡང་རྣམ་གཉིས་ཏེ། །ཕན་གདགས་པ་དང་ཚར་གཅད་དོ། །ཕན་གདགས་བ་ནི་རྣམ་བ་བཅུ། །ཚར་གཅད་པ་ནི་མཐའ་ཡས་ཀྱང་། །བསྡུ་ན་བརྒྱ་དང་རྩ་གཅིག་ཡིན། །དུ་ལས་བསྡུ་ན་ལྔ་བཅུ་གཅིག །དེ་ལས་བསྡུ་ན་ཉི་ཤུ་གཅིག །དེ་ལས་སྡུ་ན་བཅུ་གཉིས་ཏེ། །དེ་ལས་ཀྱང་ནི་རྣམ་པ་བདུན། །དེ་ལས་སྐུ་གསུང་ཐུགས་དང་གསུང་། །བསྒྲུབ་པ་གསུམ་དུ་ཤེས་པར་བྱ། །སྐུ་བསྒྲུབ་གཟུགས་ཅན་རགས་ཚུལ་དང་། །གསུང་བསྒྲུབ་ཡིག་འབྲུའི་འཁོར་ལོ་སྟེ། །ཐུགས་བསྒྲུབ་ཕྱག་མཚན་མཚོན་ཆ་ཡིན། །ཐུགས་བསྒྲུབ་ཡབ་ཡུམ་གཉིས་ཀྱི་སྟེ། །ཡུམ་ལ་སྲོག་ཐིགས་ཕྲན་ཚེགས་གཉིས། །དབབ་ཡར་ཤུགས་སྒྲོལ་རག་སྔགས་ཐུན། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཡབ་ཀྱི་སྲོག་སྡུད་ཚེ་སྡུད་གཉིས། །སྲོག་སྡུད་གསད་པའི་ག་བུ་དང་། །གནན་བའི་ག་བུར་ཤེསཔརབྱ། །གཤིནརྗེནགཔོའི་སྔགས་རྒྱུད་ལས། རྒྱུད་དོན་སྤྱིར་བཤད་པ་སྟེ་ལེའུ་བཅུ་བཞི་པའོ།། །།དེ་ནས་ཡ་མྱརྙ་ཀ་ཡིས། །རྒྱུད་འདི་འཁོར་ལ་གཏད་པ་སྟེདེགཤེངསྟེ་ང་གྲིངརྗེ་ང་ང་ང་་། །བ ་བར་ གས་པ་འད་ལྟ་ ། །རྫགས་ལྡན་གསུམ་ལྡན་གཉས་ལྡན་དང་། །རྩད་དུས་བསྟན་བ་མར་འ བ་ལ། །གཤན་ ་ནག་པས་འདུལ་བའ་དན། །བསྟན་པ་འད་ལ་མས་པ་ཡ། །ལྒབར་རྣམས་སྣད་དུ་རུང་བ་ལ། ཁུད་འདི་ཚིག་དོན་རྒྱས་པར་སྟོན། ཁུད་འདིའི་དོན་ལ་གང་འཇུག་བ། །ཐུན་མོང་མཆོག་གི་དགོས་གྲུབ་མྱུར། །ཚར་གཅད་པ་ལ་མཆོག་ཏུ་བཤད། །བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དཔལ་ཡ་མྱརྙ་ཀ་རྒྱུད་ཐམས་ཅད་ཀྱི་བདག་པོ་དེ་སྐད་བཀའ་སྩལ་ཏེ། འཁོར་རྣམས་རྗེས་སུ་ཡི་རངས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དཔལ་གཤིན་རྗེ་གཤེད་ནག་པོའི་སྔགས་རྒྱུད་ལས། རྒྱུད་བསྟན་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །།གཤིན་རྗེ་སྔགས་རྒྱུད་ནག་པོའི་རྒྱུད་རྫོགས་སོ།། །།བསྣུབས་རྡོ་རྗེ་དབང་ཕྱུག་གིས་ལུས་སེམས་རྡུལ་དུ་གླག་ནས། སློབ་དཔོན་པ་ལ་གཤིན་རྗེའི་རྒྱུད་རྣམས་ཞུས་སོ