Ngb-pt-0622-vol-07-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐདདུ། ཨུརུམསྣྲུཤིཡ་མུརྙ་ཀ་ཨ་དྷས་གུ་རྒྱ་ཏསྒྲོ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཤིན་རྗེ་གཤེད་མན་ངག་གསང་བ་སུམ་ཅུ་པ་ཞེས་བྱ་བའི་རྒྱུད། དཔལ་ཡ་མུརྙ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དེ། འོག་མིན་ཆོས་ཀྱི་གཞལ་ཡས་ན། བཙུན་མོའི་བྷ་ག་བདེ་བ་ལ་སྐུ་མདུན་དང་རྒྱབ་མེད་པར་བཞུགས་ཏེ། མཚན་དང་དཔེ་བྱད་དུ་ལྡན་པ་སྐུ། སངས་རྒྱ་ཐམས་ཅད་འདུས་པའི། ཡེ་ཤེས་ལྔའི་རྒྱལ་པོ་ཟིལ་གནོན་ཉིད། ཆོས་ཉིད་ཅི་ཡང་མ་ཡིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་འཁོར་ན་ཡེ་ཤེས་ཀྱི་གཤེད་བཞི་དང་། ཕྱོགས་སྐྱོང་བཅུ་གྲི་ཐོགས་གིང་དང་ཁྲམ་ཐོགས་བདུད་ཟོར་ཐུན་ཐོགས་པའི་མོན་མོ་དང་ཐབས་གཅིག་ཏུ་བཞུགས་སོ། །ལས་ཀྱི་གཤིན་རྗེ་བྱེ་བ་དགུ་ཁྲི་དང་། སྲིན་མོ་དུག་ཧྲུལ་གྱི་གོས་རྒྱན་མ་དང་། ལས་ཀྱི་གཤེད་བཞི་ཡབ་ཡུམ་ཁྲམ་བདག་བཅུ་གཉིས་དང་། །ཕུང་པོ་ལྔ་ལ་དབང་སྒྱུར་བའི། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་ཡིས། །གསོད་པརབྱེདཔའིགཤིནརྗེཡིན། །འབྱུང་བ་ལྔ་ལ་དབང་སྒྱུར་བའི། །མོ་གཤེད་སུམ་བརྒྱ་དྲུག་ཅུ་ཡིས། །བླ་སྲོག་འགུགས་པའི་ལས་རྣམསའབྱེད། །གཤིནརྗེབདུན་བརྒྱ་ཉི་ཤུ་ཡིས། །ཉིན་དང་མཚན་མོའི་འཁོར་ལོ་བསྐོར། །སྲིད་གསུམ་སེམས་ཅན་ལྟོ་ན་གནས། །ལས་ཀྱི་གཤིན་རྗེ་འཁོར་དང་བཞུགས། །འཁོར་གྱི་རྡོ་རྗེ་སྙིང་པོ་ཡིས། །མཆོད་པར་བརྗོད་དེ་འདི་སྐད་གསོལ། །ཨེ་མ་ཧོ་མ་སྐྱེས་སྐྱེ་མེད་ཆོས་དབྱིངས་ལས། །གཟུགས་སྐུ་དཔག་མེད་ལོངས་སྐུར་བཞེངས། །ཐུགས་རྗེ་ཆེན་པོས་འགྲོ་དོན་མཛོད། །ཅེས་བསྐུལ་བས་ན་ཡུམ་དང་གཉིས་སུ་མེད་པ་ཡིས། །སྐུ་གསུང་ཐུགས་ལ་ཐུགས་རྗེ་འབྱུང་། །ཆོས་སྐུ་སྐྱེ་བ་མེད་པ་ལས། །གཟུགས་སྐུ་སྒྱུ་མའི་དལ་དུ་བཞེངས། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །རང་གི་འོད་གསལ་གསང་སྔགས་ཀྱིས། །ངེས་པ་ཉིད་དུ་བཀའ་སྩལ་ལོ། །མན་ངག་རྩ་བ་སུམ་ཅུ་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།རྡོ་རྗེ་སྙིང་པོས་ཡང་གསོལ་པ། །འཇམ་དབྱངས་ཁྲོ་བོ་རྔམ་པའི་སྐུ། །སྣོད་བཅུད་འཇིག་རྟེན་འདི་ལྟར་ལགས། །ཐེག་པའི་དོན་དམ་ཇི་ལྟར་ལགས། །འཇམ་དཔལ་ཞི་བ་ཇི་ལྟར་བསྒྲུབ། །འཇམ་དབྱངས་ཁྲོ་བོས་བཀའ་སྩོལ་ཅིག །སྣོད་ནི་ཡེ་ཤེས་གཞལ་ཡས་ཁང་། །བབ་ནི་ལྷ་ཡི་རང་བཞིན་ནོ། །དུག་ལྔ་དང་ནི་ཡེ་ཤེས་ལྔ། །འཇིག་རྟེན་སྣོད་བམོ་ལྷ་ཡི་དལ། །ཕུང་པོ་ལྔ་ནི་གཤིན་རྗེ་ལྔ། །འབྱུང་བ་ལྔ་ནི་ཡུམ་ལྔའོ། །མི་དགེ་བཅུ་ནི་ཕྱོགས་སྐྱོང་བཅུ། །ཕ་རོལ་ཕྱིན་བཅུ་ཡུམ་ཅུ་འོ། །སྲིད་གསུམ་ཡེ་ནས་རྣམ་པར་དག །དེ་ན་ཆོས་རྣམས་ཐམས་ཅད་ཀུན། །སེམས་ཉིད་ལས་ནི་གུད་ན་མེད། །དེ་ཉིད་དྲན་པ་ཆེན་པོ་འཆང་། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །མཆོག་གི་དང་པོ་སྐུ་གསུམ་འཆང་། །མ་འདྲེས་ཡོངས་སུ་རྫོགས་པའོ། །དེ་ནས་འཇམ་དབྱངས་ཁྲོ་བོ་དང་། །ཐུགས་ལས་ཡེ་ཤེས་གཤེད་བཞི་སྤྲུལ། །དེ་ལས་སྤྲུལ་པའི་སྐུ་རེ་ནི། །ཀུན་དང་མཐུན་པའི་དོན་མཛད་དེ། །སྐུ་བལྟམ་རབ་བྱུང་དཀའ་ཐུབ་དང་། །མཛད་པ་བཅུ་གཉིས་དོན་ཡང་མཛད། །དེ་དག་གདུལ་བྱའི་དབང་གིས་ནི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །ཀྲི་ཡ་ཨུ་པ་ཡོ་ག་དང་། །མ་ཧྭ་ཨ་ནུ་ཨ་ཏི་རྒྱུད། །ཐུགས་རྗེ་སྤྲུལ་བའི་སྐུ་གསུམ་གྱིས། །གསུངས་སོ་གསུང་ངོ་གསུང་བར་འགྱུར། །ཞི་བའི་སྒྲུབ་པ་ཕྱི་ནང་གཉིས། །ཡིད་འོང་གནས་སུ་མཎྜལ་བྱ། །མཆོད་པ་ལྔ་དང་དཀར་གཏོར་བཤམ། །སྒྱུ༷་ལས་ཡེ་ཤེས་གཞལ་ཡས་སུ མུ༷་ལས་འཇམ་དཔལ་གུར་ཀུམ་མདོག །རལ་གྲི་པོ་ཏི་བསྣམས་པའོ། །རིན་ཆེན་རྒྱན་དང་ལྡན་པ་བསྐྱེད། །དབང་བསྐུར་བརླབས་དང་བསྟིམ་བརྟན་མཆོད་། །ཨོ་བཱ་གི་ཤྭ་རི་མུ༷། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །སྣང་བ་ཐམས་ཅད་ཡེ་ཤེས་སྐུ། །གྲགས་པ་ཐམས་ཅད་ཆོས་ཉིད་གསུངས། །དྲན་རྟོག་ཐམས་ཅད་ཡེ་ཤེས་ཐུགས། །་སྐུ་གསུང་ཐུགས་ལས་འདའ་བ་མེད། །འཇམ་དཔལ་གསང་བ་སུམ་ཅུ་པ་ལས། ཐེག་པའི་དོན་དང་འཇམ་དཔལ་ཕྱི་ལྟར་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །ནང་ལྟར་འཇམ་དཔལ་ཇི་ལྟར་སྒྲུབ། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །ཉམས་དགའི་གནས་སུ་མཎྜལ་བྱ། །རྫས་དགོད་མཚམས་བཤགས་མཆོད་གཏོར་བརླབ། །ཚད་མེད་བཞི་ཡིས་སེམས་བསྐྱེད་ལ། །ཡང་དག་བདག་མེད་དེ་བཞིན་ཉིད། །སྙིང་རྗེ་ཡི་ནི་མ་ལད་བགོས། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །གསུམ་རིགས་གཙང་མ་དག་པ་སྟེ། །འབྱུང་བ་ཆེན་པོ་རྒྱུ་གཅིག་གོ །ཡེ་ཤེས་ལྔ་ཡི་མཁའ་ཀློང་དག །དཀྱིལ་འཁོར་ཆེན་པོ་ཡངས་པ་སྟེ། །ཡིད་བཞིན་རིན་ཆེན་གཞལ་ཡས་ཁང་། །དབུས་ན་ཆོས་ཉིད་འཁོར་ལོ་ཟླུམ། །ཐིག་བཞི་འདབ་བརྒྱད་ཁྱམས་དང་ལྡན། ཁུ་ཆད་སྒོ་བཞི་རྟ་བབས་མཛེས། །རྡོ་རྗེའི་གདན་ནི་མ་ལུས་ལྡན། །མི་འཇིགས་སྟོབས་དང་རྫུ་འཕྲུལ་དབང་། །ཐོགས་མེད་རིན་ཆེན་ཁྲི་རྐང་མཛེས། །ཉི་ཟླ་པདྨ་འོད་ཀྱི་གདན། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །འབྲུ་ལྔ་ཧཱུཾ༷་བརྒྱད་ཆོ་འཕྲུལ་བརྒྱད། །ཕཊ་བཞི་ཛ༷༷ཧཱུཾ༷་བ༷་ཧོ་ལས། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །རིགས་ལྔ་ཕྱག་མཚན་ཨུཏུལ་གྱུར། །སྔགས་བརྗོད་སྐུར་འཀྱུར་བཞི་བཅུ་གཉིས། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །འཇམ་དབྱངས་ཡེ་ཤེས་ལྔཡིསྐུ། །ཞལགཅིགཕྱགབཞི་མཉམ་པའི་ཞབས། །སེར་འོད་དཀར་པོ་སྔོ་དང་དམར། །ལྗང་ཁུ་གསལ་ཞིང་མཚན་དཔེ་རྫོགས། །རང་རྟགས་ཨུཏུལ་པོ་ཏི་དང་། །ཐབས་དང་ཤེས་རབ་མདའ་གཞུ་འཛིན། །འཇམ་དབྱངས་ཡུམ་ཆེན་དབྱིངས་ཕྱུག་ལྔ། །འབྱུང་བའི་རྟོག་སེལ་མེ་ཏོག་འཛིན། །གཡོན་ནས་འཛུམ་པའི་མདངས་ཀྱི་ལྷ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །སྣ་ཚོགས་པད་མོའི་འདབ་མ་ལ། །སྐུ་མདོག་ཕྱོགས་མཚམས་འོད་ལས་སྣང་། །རིན་ཆེན་རལ་གྲི་པད་མོ་དང་། །རྡོ་རྗེ་གུན་དྷི་པོ་ཏི་དང་། །ཨུདྨལ་བསྣམས་ནས་ཕྱེད་སྐྱིལ་དེ། །མཆོད་པའི་ལྷ་མོ་བརྒྱད་དང་བཅས། །ཡེ་ཤེས་སྐུ་སྟེ་རང་འབྱུང་བ། །འཇམ་དཔལ་དམར་སེར་རལ་གྲི་དང་། ཁྲེས་རབ་ཨུཏྲུལ་པོ་ཏིས་མཛེས། ཁེས་རབ་ཀྱིས་ནི་དེ་བཞིན་རྟོགས། །ཕ་རོལ་ཕྱིན་པ་སྐུ་མདོག་སེར། །རྡོ་རྗེ་པོ་ཏི་གཙོ་བོ་བཞིན། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པའི་འཇམ་དབྱངས་དྲུག །དཀར་སེར་དམར་ལྗང་དུད་ཁ་དང་། །པི་ཝང་གོ་མཚོན་གསེག་པར་དང་། །པོ་ཏི་རིན་ཆེན་མེ་ཆུ་འཛིན། །པདྨའི་གདན་ལ་བཞེངས་སྐུར་ལྡེ་། །དཔའ་བོ་བདུད་དགྲ་འདུལ་བའོ། །ག་་པོ་རོ་ལངས་རག་ཤ་ཧྲི། །གསོད་བྱེད་རྔམ་པ་ཡུམ་དང་བཅས། །མཐིང་ཁ་སེར་པོ་དམར་ལྗང་ཕྱོགས། །རྡོ་རྗེ་བེ་ཅོན་རལ་གྲི་དང་། །གཏུན་ཤིང་ལྕགས་ཀྱུ་ཞགས་པ་དང་། །ལྕགས་སྒྲོག་དྲིལ་བུ་ཁྲོ་མོའི་ཚུལ། །ཕྱིར་གཟིགས་མེད་དཔུང་ཉི་གདན་ལ། །རྡོ་རྗེ་རིན་ཆེན་དབང་བསྐུར་ལྡན། །ལྔ་གསུམ་དབང་བསྐུར་བྱིན་གྱིས་བརླབས། །བཞེངས་གསོལ་སྤྱན་དྲངས་བསྟིམ་བརྟན་ལ། །ཕྱག་འཚལ་གར་དབྱངས་ཀུན་བཟང་དང་། །ཨརྒ་དྲི་དང་མེ་ཏོག་མདངས། །དྲི་ཆབ་ལྷ་བཤོས་ཆོས་ཀྱི་སྒྲ། །ཆེ་བའི་དོན་བརྗོད་སྨན་གྱིས་མཆོད། །བདུད་རྩི་ཁྲག་དང་གཏོར་མ་འབུལ། །སྦྱོར་སྒྲོལ་ཏིང་འཛིན་རོལ་མོ་གླུ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་བ། །རྣལ་འབྱོར་བསྙེན་པའི་དོན་ལ་འཇུག །རིགས་ལྔ་རང་རང་འཁོར་ལོར་གསལ། །རྡོ་རྗེ་རྣོན་པོ་ཆགས་མེད་གསུངས། །སྡུག་བསྔལ་གཅོད་པ་མི་འགྱུར་ཐུགས། ཁེས་རབ་ཡེ་ཤེས་སྤྱི་གཟུགས་སྐུ། །ངག་གི་དབང་ཕྱུག་ཡོན་ཏན་བརྩལ། །ཡེ་ཤེས་སྐུ་ཅན་འཕྲིན་ལས་དེ། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །རྡོ་རྗེ་ཟབ་མོ་ཛི་ན་ཛིག །གཉིས་མེད་ཡེ་ཤེས་བཛྲ་དྷིག །ཡོན་ཏན་ལྷུན་གྲུབ་རཏྣ་དྷིག །ཡེ་ཤེས་སྣང་བ་ཨ་རོ་ལི་ཀ་ཨ། །དོན་གཉིས་རྫོགས་པ་པྲཙྭ་དྷིག །ལྔ་བཅུ་རྩ་བདུན་སྤྱི་འདུས་པ། །བསྲོ༡ད་པ་འདོད་པའི་ཡོན་ཏན་གླུ། །ཚོགས་གཉིས་ཚོགས་ནི་བསགས་པའོ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཡེ་ཤེས་མ་ཡི་འོད་རབ་གསལ། །འགོར་བའི་ངན་སོང་རྣམ་སྦྱོང་བ། །མཐུ་ཆེན་གཅེས་པར་འཛིན་པ་དེ། །གཤེགས་བསྡུ་རྒྱུན་གྱི་སྤྱོད་ལམ་བྱ། །ཞེས་གསུངས་སོ། །འཇམ་དཔལ་གསུང་བ་སུམ་ཅུ་པའི་རྒྱུད་ལས། ཞི་བ་ནང་ལྟར་སྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།རྡོ་རྗེ་སྙིང་པོས་ཡང་གསོལ་པ། །ལྟ་སྤྱོད་རིམ་པ་ཇི་ལྟར་ལགས། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །གཅིག་དང་དུ་མ་ལས་གྲོལ་བའི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །རང་སྤྱི་རྟགས་པས་གཉིས་མེད་སྣང་། །གཞན་ཡང་སེམས་ཀྱི་ཕྱིར་ཡུལ་མེད་དོ། །དེ་ཉིད་དྲན་པ་ཆེན་པོ་འཆང་། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །མཆོག་གི་དབང་པོ་སྐུ་གསུམ་རིག །མ་འདྲེས་ཡོངས་སུ་རྫོགས་པའོ། །རིག་པས་མ་བསླད་ག་་མ་ལ། །ཐམས་ཅད་མ་སྤངས་རང་སར་གྲོལ། །ལོགས་སྤྱོད་ཤ་ཆེན་ཁྲག་ཆེན་སྤྱོད། །འགྲོ་འདུག་འདུ་འཛི་ཟས་དག་ལ། །ཆགས་པ་མི་བྱ་རང་སྣང་སྤྱད། །སྔགས་ཀྱི་དྲ་གྲ་ཟུ་བཅག་པ་མིན། །ལུས་སྐྱོབ་རྔམ་ཚིག་ལྕི་བར་བཅའ། །སྙིང་ལ་ལུང་བཟུང་བཟླས་པ་བྱ། །རི་ཁྲོད་བརྟུལ་ཞུགས་སྤྱོད་པ་བྱ། །མ་བཅོས་ཤུགས་བྱུང་རང་སར་སྤྱད། །འདུག་ས་དུར་ཁྲོད་གཞལ་ཡས་སུ། །འོག་ན་རག་ཏའི་རྒྱ་མཚོ་འཁྲུག །བར་དུ་ཐོད་པའི་རྩིག་པ་ལ། །ཞིང་གི་བླ་རེ་རྒྱལ་མཚན་འཕྱར། །ཡེ་ཤེས་ལྷ་ཚོགས་འོད་དུ་འཕྲོ། །ལས་ཀྱི་ལྷ་ཚོགས་སྐར་ལྟར་འཁྲུག །གཤིན་རྗེ་བདུན་བརྒྱ་ཉི་ཤུ་ལས་ལ་ཆས། །མཁའ་འགྲོ་རྣམ་བཞི་སྤྲིན་ལྟར་འདུ། །དེ་ལྟར་རང་སར་རིག་པར་བཤད། ཁེང་བཅུ་ཐམས་ཅད་བསྒྲལ་བར་བྱ། །སྤྱོད་པ་ཤུགས་བྱུང་འགག་པ་མེད། འོན་ཀྱང་གསང་སྔགས་དོན་དང་ལྡན། །ཞེས་གསུངས་སོ། །འཇམ་དཔལ་གསང་གསུམ་ཅུ་པའི་རྒྱུད་ལས། ལྟ་སྤྱོད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་སྙིང་པོས་ཡང་ཞུས་པ། །ལས་ཀྱི་གཤིན་རྗེ་ཇི་ལྟར་བརྟུལ། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །འདས་པའི་དུས་ན་སྔོན་བྱུང་བའི། །ཁྱིམ་བདག་འཆི་བདག་ནག་པོ་དེ། །མ་རིག་འཁྲུལ་པས་ལམ་དང་བྲལ། །མཚམས་མེད་ལྔ་སྤྱད་དམྱལ་བར་སྐྱེས། །བསྐལ་པ་གཅིག་ཏུ་སྡུག་བསྔལ་མྱོང་། །དེ་ནས་ལས་ཟད་ཡི་དྭགས་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་ཉམས་སུ་མྱོང་། །དེ་ནས་ལས་ཀྱི་མཚམས་སྦྱར་ནས། །ནག་པོ་གེལ་པ་འཆི་བདག་བདུད། །བྱེ་བ་དགུ་ཁྲི་བྱ་བར་སྐྱེས། །བདུད་མོ་ནག་མོ་ལས་ཀྱི་ཡུམ། །ལས་ཀྱི་གཤིན་རྗེ་ཁྲམ་བདག་དང་། །རང་རང་སྲིང་མོ་ཆུང་མར་བྱས། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་ཡིས། །སྲིད་གསུམ་སེམས་ཅན་ཟས་སུ་ཟ། །དུས་གསུམ་སངས་རྒྱས་བཀའ་བགྲོས་ཏེ། །ཞི་བ་བདེན་པས་མ་ཐུལ་ནས། །འཇམ་དཔལ་ཁྲོ་བོ་ཟིལ་གནོན་སྐུ། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཐུགས་རྗེ་ཆེན་པོས་བསྒྲལ་བ་ལས། །ནག་པོ་གལ་བ་གཏུམ་པའི་ཚོགས། །གུས་པས་ལུས་ཉིད་གདན་དུ་ཕུལ། །སྲོག་གི་སྙིང་པོ་བཅུ་བདུན་ཕུལ། །སྙིགས་མ་ལྔ་ཡི་དུས་ཉིད་དུ། །བསྟན་པ་སྲུང་བར་ཁས་བླངས་སོ། །དམོད་པའི་འཁོར་ལོ་དྲག་པོ་དེ། །དུག་གི་མཚོན་ཆར་བྱིན་གྱིས་བརླབས། །སྒྲོལ་བའི་གིང་དུ་དབང་བསྐུར་རོ། །རང་རྒྱུད་གསང་བ་དམ་པར་བཤད། །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པ་ལས། ལས་ཀྱི་གཤིན་རྗེ་བ་་བའི་ལོ་རྒྱུས་གསང་བའི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །གནས་ཀྱི་ངེས་པ་བསྟན་དུ་གསོལ། །འཇམ་དཔལ་ཁྲོ་བོས་བཀའ་སྩལ་པ། །ལང་ཀ་དང་ནི་མ་ལ་ཡ། །རི་ཡི་རྩེ་དང་སྐྱེད་མོས་ཚལ། །ལྷ་ཀླུ་གནོད་སྤྱིན་དྲི་ཟ་བསྒྲུབ། །དུར་ཁྲོད་ཆེན་པོའི་གནས་སུ་བསྒྲུབ། །རྡོ་རྗེ་སྙིང་པོས་ཡང་ཞུས་པ། །གནས་དེར་དཀྱིལ་འཁོར་ཇི་ལྟར་བྱ། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །བདག་གི་ཁྲོ་བོའི་ང་རྒྱལ་གྱིས། །དུར་ཁྲོད་གནས་ནས་ས་བླངས་ལ། །སྭ་ཡི་འཕྲོ་འདུ་འོད་ཟེར་གྱིས། །རིན་ཆེན་ཕུང་པོ་བཞི་རུ་བརླབ། །བདུད་རྩི་ལྔ་པོར་བརླབས་བྱས་ནས། །པརྩི་ཨ་མྲི་ཏ་མཎྜལ་ཧཱུཾ༷། ཆག་ཆག་རབ་ཏུ་གདབ་པར་བྱ། །གནམ་ཐིག་འབྲུ་ལྔ་ཡེ་ཤེས་ལྔ། །ས་ཐིག་འབྲུ་གསུམ་སྐུ་གསུང་ཐུགས། །ཙྭ་ན་མཎྜལ་ཧཱུཾ༷། ཚོན་ལྔ་འབྲུ་ལྔ་ཡེ་ཤེས་ལྔ། །དབུས་སུ་གྲུ་གསུམ་མུ་ཁྱུད་བྲི། །རྩིབས་བཞི་རྩིབས་བརྒྱད་ལྷ་ཡི་མདོག །གྲུ་ཆད་སྒོ་བཞི་རྡོ་རྗེ་མེ། །རྡུལ་ཚོན་ཡེ་ཤེས་རང་སྣང་དལ། །མཚམས་བཅད་རོལ་མོས་དལ་བསྐོར་ལ། །ཡེ་ཤེས་སྤྱན་དྲངས་སྐུ་ལ་ཐིམ། །འོད་ཞུ་ཡེ་ཤེས་ལྷ་རྣམས་བསྐྱེད། །དབང་བརླབ་ངང་བསྟིམ་སྔགས་ཀྱིས་བྱ། །རྡུལ་ཚོན་ཡེ་ཤེས་ཁང་གདན་བརླབ། །རང་སྔགས་ཏིཛི་བཛྲ་ཡིས། །འོད་དང་བཅས་པས་བཞུགས་པར་བསམ། །ཞིང་གི་བླ་རེ་ཞི་ཁྲོ་དགོད། །ཞིང་གི་རྒྱལ་མཚན་གྲྭ་བཞིར་དགོད། །དུར་ཁྲོད་རྫས་ཀྱི་ཐ་མ་བསྐོར། །གཏོར་མ་བསྒྲུབ་པའི་དཀྱིལ་འཁོར་སྐྱེད། །ཕྱི་ལྔ་ནང་གསུམ་མཆོད་པ་དགོད། །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །བྲིས་སྐུ་དབང་བསྐུར་ཇི་ལྟར་ལགས། །ཁ་ཚངས་མཉམས་རས་མཆོག་ལ། །བཟོ་བོ་མཁས་པས་ཚུལ་ལྡན་པས། །ཚོན་རྩི་སྤྱིན་མེད་བཟང་པོ་ཡིས། །ནག་པོ་གསུས་ཆེན་འཇིགས་པའི་སྐུ། །མཁས་པས་ཡབ་ཡུམ་སྲས་བཅས་བྲི། །དངོས་གྲུབ་རབ་མཆོག་འདོད་པའི་ཕྱིར། །ཡེ་ཤེས་ལྷ་རུ་དངོས་བསྐྱེད་ལ། །སྤྱན་དབྱེ་སྤྱན་དྲངསདབྱེར་མེད་བསྟིམ། །དབང་བསྐུར་བྱིན་བརླབས་རྟེན་འབྲེལ་སྔགས། །མཆོད་སྟོད་སྨོན་ལམ་བརྟན་པར་བཞུགས། །དེ་ནས་དབང་གིས་ལས་བྱས་པ། །རྫས་སོགས་བསྙེན་པ་གསུམ་མམ་ལྔ། །ནང་པར་དལ་བྲི་རབ་གནས་བྱ། །ཐ་མ་དབང་གིས་སྦྱིན་སྲེག་བྱ། །ཁྲུས་བྱས་མིག་དགབ་མདུན་དུ་དགྲམ། །ཕྱག་བྱ་ཞུ་འབུལ་ལན་སླང་བ། །ཞུས་ལན་ཕྱག་བྱ་ལུས་དབུལ་བ། །ཚེ་དགུ་བསྟིམ་པ་སྒྲིབ་པ་བྲལ། །ལྷར་བསྐྱེད་གོ་བགོ་ལུས་བསྲུང་བྱ། །རྡོ་རྗེས་དམ་ཆུ་བླུད་ལ་དམ་ཚིག་བཤད། །མེ་ཏོག་གཏོར་ལ་ལྷ་བསྟིམ་ཡེ་ཤེས་དབབ། །ལྷ་དབབ་གསང་མཚན་བཏགས་ལ་བཞག །མིག་ཕྱེ་ལྷ་ཡི་རྣམ་དག་བཤད། །སྙིང་པོ་དབུ་རྒྱན་བུམ་པ་ཅོད་པན་དང་། །ཐོད་འཕྲེང་གོ་ཆ་ཞིང་གདུགས་དང་། །ཞིང་གི་རྒྱལ་མཚན་ཕྱག་རྒྱ་ལྔ། །བཟའ་བཏུང་ཕན་པའི་དབང་བཅུ་བསྐུར། །ཐོས་དབང་སྒོམ་དབང་འཕྲིན་ལས་དབང་། །འཆད་པའི་དབང་དང་སློབ་དཔོན་དབང་། །ནུས་པའི་དབང་ལྔ་གོ་བསྐྱེད་དོ། །གསང་དབང་རྟོགས་པ་ངོ་སྤྲོད་ལ། །རྟོགས་གྲོལ་ཉམས་སུ་བླང་བའོ། །བམ་ཆེན་གསང་བ་བརྟུལ་ཞུགས་དབང་། །བམ་ནི་རིགས་བཟང་གཙང་མའི་རོ རོ་ཡི་ཙར་ཕྱིན་བྲོ་ཡིས་བསྐོར། །གཉེན་པོའི་གཤེད་བསྐྲད་མཚམས་ཀྱང་གཅད། །ཕུར་གདབ་གཤིན་རྗེའི་གྲོང་ཁྱེར་བཅོམ། །སྔགས་བཟླས་གཤེད་མའི་ལག་ནས་འཕྲོག །འབྲུ་ལྔ་བམ་གཟུང་དུག་ལྔ་སྲེག །འབྲུ་ལྔ་མང་དུ་བརྗོད་ལ་བླང་། །རོ་ཁུར་ཕུར་གདབ་ཁོག་སྲུང་གཟིར། །བམ་གྱི་ཁོག་པར་གཞལ་ཡས་བསྐྱེད། །དབང་བླངས་དྲང་བསྟིམ་ཕུང་པོ་མཆོད། །མཁའ་འགྲོ་རྣམས་ཀྱི་དལ་བསྐྱེད་དོ། །ཡེ་ཤེས་ལྔ་དང་འདོད་ཡོན་ལྔ་ཡི་རང་བཞིན་བསམ། །གནས་སླེབ་མཚན་བྱང་ཆུ་གཙང་བཀྲུ། །སྤོས་ཆུ་བདུད་རྩི་ལྔ་ཡིས་སྦྱང་། །བྲོ་ཡིས་བསྐོར་ལ་དུག་ལྔ་སྦྱང་། །ཐམས་ཅད་སྐུལ་ཞིང་ཐམས་ཅད་བསྐྱང་། །དེ་ནས་བམ་གྱིས་དབང་བསྐུར་ཏེ། །ཧཱུཾ༷། བམ་ཆེན་གསང་བའི་བརྟུལ་ཞུགས་དབང་། །ཕུང་པོ་ཡེ་ཤེས་དཀྱིལ་འཁོར་ཏེ། །ཡིད་བཞིན་ནོར་ལྟར་དགོས་འདོད་འབྱུང་། །བམ་ཆེན་གསང་བའི་དབང་བསྐུར་རོ། །སྟི་རབཨ སྟིཁི྅ཨཨ། ལྷརྣམས་བུ་ཡི་ལུས་ལ་ཐིམ། །དེ་ནས་བཤས་ནས་དབང་པོ་ལྔ། །དོན་སྙིང་ལྔ་དང་ཤ་རུས་ཁྲག །དལ་གྱི་རྒྱན་དེ་སྐབས་སྐབས་བསྐང་། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། དབང་བྲིས་སྐུའི་ལེའུ་སྟེ་བདུན་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །དམ་ཚིག་རིམ་པ་ཇི་ལྟ་བུ། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་གསུམ། །གསང་བཅུ་རྩ་བར་ཤེས་པར་བྱ། །སྤྱད་པ་ལྔ་དང་མི་སྤང་ལྔ། །དང་བླང་ལྔ་དང་བསྒྲུབ་པ་ལྔ། །ཤེས་པ་ལྔ་དང་ཡན་ལག་གོ །སློབ་མའི་རྒྱུད་བཅོས་རླང་པོར་སྨྲ། །སྣོད་ལྡན་བུ་ལ་རླང་ཆོས་སྨྲ། །དམ་ཉམས་བསྒྲུབས་དང་ག་ལ་འགྲུབ། །དམ་ཚིག་མ་ཉམས་ཅི་ཡང་འགྲུབ། །རང་སེམས་དཔང་དུ་བཙུགས་ལ་བསྲུང་། ཁྲེས་པས་མི་རྣམས་ལྡིང་བའི་བདུད། །ལོངས་སྤྱོད་འདུ་འཛི་གཡེང་བའི་བདུད། །ལེ་ལོ་གཉིད་ཆང་ཉམས་པའི་བདུད། །བདུད་ལ་མཛེམས་ན་ཐུབ་པ་ཡིན། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་བརྒྱད་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུསླ་པ། །འཕྲིན་ལས་རིམ་པ་ཇི་ལྟར་ལགས། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །གནས་དང་ས་གཞི་གཟུང་བ་དང་། །ཕྱི་མཚམས་བསྲུང་ལ་ནང་མཚམས་བཅད། །དཀྱིལ་འཁོར་བྲི་ཞིང་རྒྱན་རྣམ་དགྲམ། །མཆོད་པའི་ཡོ་བྱད་ཅི་འབྱོར་བཤམ། །སྟོང་ཉིད་རང་སྔགས་སྐུར་བསྐྱེད་ཅིང་། །ཧཱུཾ༷་ལས་རྡོ་རྗེ་མེ་རུ་བཅས། །སྒོ་དབྱེ་དབང་པོ་སྦྱན་དྲངས་ལ། །ལུས་ངག་ཡིད་ཀྱིས་དག་པར་བྱ། །དབང་པོ་ཉིད་ཞུ་དངོས་གྲུབ་ཐོབ། །ལས་ཀྱིས་ལྷ་བསྐྱེད་མཆོད་པ་བརླབ། །སེམས་ཉིད་མི་འགྱུར་གོ་བོ་ལས། །རིག་པ་ཇི་ལྟར་འཆར་བ་ནི། །མཆོད་པ་བརླབ་པ་ཞེས་བྱའོ། །ཇི་ལྟར་ཤར་དང་འཇའ་ཚོན་ལྟར། །ཡེ་ཤེས་རང་སྣང་མཆོད་པའོ། །སླབ་དང་དབུལ་བ་འང་དེ་ལྟར་ཤེས། །དེ་བཞིན་སྟོང་པ་ཆོས་སྐུ་ལ། །ཀུན་ཏིང་གསལ་ལ་ལོངས་སྐུར་སྣང་། ཁུ་ཏིང་རིག་པ་སྤྲུལ་སྐུ་ཧཱུཾ། །འོད་ཟེར་འབྲུ་གསུམ་སྣོད་བཅུད་སྦྱངས། །འབྱུང་བ་མཁའ་ལྔ་ཡེ་ཤེས་ལྔ། །ཧཱུཾ་ཡེ་ཤེས་གཞལ་ཡས་གདན། །ཕྱི་ནང་ཡིད་བཞིན་མཆོད་རྟེན་དབྱིབས། །རྒྱུ་བཅས་ཆོ་ག་ལྔ་ཡང་གསུངས། །གཙོ་བོ་ཡབ་ཡུམ་བསྐྱེད་པར་བྱ། །མཁའ་གསང་བརླབས་ཏེ་བརྡས་བསྐུལ་སྦྱོར། །བྱང་སེམས་ཡི་གེ་གདན་ཐོག་འཐོན། །སྔགས་བརྗོད་འཁོར་རྣམས་རྫོགས་ཚུལ་བསྐྱེད། །ལུས་ལ་རྡུལ་ཚོན་གསལ་ཙ་ན། །དལ་གཉིས་དབང་བསྐུར་བྱིན་བརླབས་བྱ། །སྙན་གསན་རང་འོད་དལ་དུ་སྦྱངས། །སྦྱན་དྲངས་བསྟིམ་དང་བསྟན་པར་བྱ། །གཉིས་མེད་དལ་ལ་མཚོན་པ་ནི། །ལྷ་ལ་ལྷ་བསྟིམ་ལྟ་བ་ཕྱི། །ཡེ་ཤེས་པ་ལ་ཡེ་ཤེས་ཐིམ་པ་ནང་། །དེ་གཉིས་མ་སྤངས་རང་གྲོལ་གསང་ཀུན་ལ་ཕྱི་ནང་གསང་བར་སྦྱར། །ཕྱི་ལྔ་ནང་གསུམ་སྦྱོར་སྒྲོལ་གསང་། །འདོད་ཡོན་རཀྟ་དུག་ལྔ་བཏབ། །སྨོན་ལམ་འཕྲོ་འདུ་ཚོགས་ལྷགས་བརྟན། །རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །དམིགས་མེད་མཁའ་མཉམ་བྱང་ཆུབ་སེམས། །དངོས་པོ་མཚན་མར་མི་དམིགས་ཏེ། །ཆོས་ཉིད་ངང་དུ་དབྱེར་མེད་མཉམ། །ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་དུ། །སྒྱུ་མའི་སེམས་ཉིད་དེ་དག་འདྲ། །མཁའ་ལ་འཇའ་ཚོན་སྣང་བ་ལྟར། །ནམ་མཁའི་ངང་དུ་རོ་གཅིག་མཉམ། །ཡོད་དེ་ཡོད་པར་མ་ཡིན་ཏེ། །གཟུགས་དང་ཁ་དོག་ཡུལ་ལས་འདས། །མེད་དེ་མེད་པ་མ་ཡིན་ཏེ། །སྟོང་པ་ཉིད་ལ་ཆོ་འཕྲུལ་འབྱུང་། །བྱང་ཆུབ་སེམས་ནི་ཧཱུཾ༷་དུ་གྱུར། །ཧཱུཾ༷་གི་འཕྲོ་འདུ་སྦྱོར་བ་ལས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ར༷་ཡ༷་ཁ༷་གིས་བསྲེགས་སྦྱངས་བཀྲུས། །འོད་འདུས་ཐོག་མའི་གཟུགས་ལ་གཟུད། །སྟེང་འོག་འཁོར་ལོ་པད་མར་གནས། །ཨེ་ཡ༷་ར་སུ་ཀེ་ར༷། དུག་ལྔ་གདོད་ནས་དག་པའི་ཕྱིར། །ཞེ་སྡང་འབར་བའི་ནམ་མཁའ་ལ། །ཕྲག་དོག་འབར་བའི་རླུད་ནག་འཁྲིགས། །འདོད་ཆགས་འབར་བའི་ཁྲག་མཚོ་འཁྲུག །གཏི་མུག་འབར་བའི་ས་གཞི་ལ། །ཀང་རུས་རི་རབ་བརྗིད་དང་ལྡན། །ང་རྒྱལ་འབར་བའི་མེ་དཔུང་འབར། །བྲུ༷་བི་ཤ་བི་ཤུད་དེ་བཛྲ་བན་དྷ་ཙྭ་ན་ཙ་ཀྲ་མཎྜལ། དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །ཡེ་ཤེས་འབར་བའི་གནས་ཆེན་པོ། །མཁའ་དང་དབུས་མེད་མཁའ་དང་མཉམ། །ཕྱི་དང་ནང་མེད་ཆོས་ཉིད་དང་། ཁྲུ་གསུམ་མཐིང་ནག་ཟླ་གམ་དམར། །རྩིབས་བཞི་རྩིབས་བརྒྱད་སྒོ་བཞིར་ལྡན། །མུ་ཁྱུད་གྲུ་ཆད་ལྕགས་རིར་བཅས། །སྦྲུལ་གྱི་རྒྱ་གྲམ་མཐའ་བསྐོར་ཏེ། །རྡོ་རྗེ་རྒྱ་གྲམ་ཐོད་འཕྲེང་མཛེས། །བདུད་དང་མུ་སྟེགས་ཕྱོགས་སྐྱོང་དང་། །གནོད་སྦྱིན་སྲིན་པོ་གནོད་སྤྱིན་གདན། །མ་ཧེ་གླང་རྒོད་བརྗིད་པའི་ཁྲི། །ཉི་ཟླ་པད་མ་འོད་དུ་འབར། །ཡ་མ་ཏི་ར་བ༷། རུ་ཏྲ་ཏིར་ཏི་ཀ །རག་ཤ། ཡག་ཤ་སྟི་ར་བ༷། རུ་ཏྲ་ཡི་བྷ། ཨ་ག་ནི།ས་མ། ནི་རི་ཏི། བ་རུ་ཎ། བ་ཡ་བེ། ཀུ་བེ་ར། ཨི་ཤ་ན། པུ་ར་ན། ཏི་ར་བ༷། མ་ཧེ་མ་དྷ་ན། པ་པདྨ། ཨ་ཙནྟྲ། མ་སྨུརུ་མཎྜལ། གདན་སྟེངས་ཧཱུཾ༷་གི་འཕྲོ་འདུ་ལས། །ཆོ་ག་གསུམ་གྱི་བྱིན་བརླབས་ལ། །ཆོས་སྐུ་འཇམ་དཔལ་གཤིན་རྗེ་གཤེད། །སྦྱོར་སྒྲོལ་ཡུམ་དང་བཅས་པ་སྒོམ། །ཧཱུཾ༷་ཏིསྦྱི་བཛྲ། ཨོ་ཨ་ཀྲོ་དྷི་ཀ་ཡ་མྱརྙ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ༷་ཕཊ། ཀྟ། ཨོ་པེ་ཏ་ལ་རིག་ཤ་ཡག་ཤ་ཧཱུཾ༷་ཕཊ། མ། ཨོ་གི་ཧྲིག་སེར་སེར་ཁུ་ལུ་མུ་ལུ་ཧཱུཾ༷་ཕཊ། ཏིཛི་བཛྲ་སྭ་རཏྣ་ཨོ་ཕཊ། པ་པདྨ་མཎྜལ། ཨོ་ས་མ་ཡ་ཧོ། ས་མ་ཡ་སྟ༷། ཛ་ཧཱུཾ༷་བ༷་ཧོ། བྷ་དྷི་ཙིསྟ་ཧཱུཾ༷། བྱང་སེམས་ཡི་གེ་མཁའ་ནས་བཏོན། །ཡ་མེ་ཏ་ཀྭ །ཧཱུཾ༷་བཅུ་རང་རང་ཁ་དོག་གསལ། །ཡེ་ཤེས་ཁྲོ་བོ་རོལ་བས་བསྐུལ། །སྔགས་རེ་བརྗོད་པས་རྫོགས་ཚུལ་བསྐྱེད། །ཡ་མ་རྭ་ཛ་ས་དྭ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་སྟེ་ཡ། ཡ་སྟེ་ཡ་སྣྲོ་ནི་རྭ་མ་ཡ། ཨོ་ཧྲི་ཀུ་རུ་ཛ་ལ་ནི་ཧཱུཾ༷་ཕཊ། ཨོ་ཧྲི་སྟི་ཡ་ཧཱུཾ༷་ཕཊ། ཨོ་མ་ཧྭ་པ་ཏ་ལ་ཧཱུཾ༷་ཕཊ། ཨོ་དེ་བ་རི་ཤ་ཏི་ཧཱུཾ༷་ཕཊ། ཨོ་སརྦ་ཏྲི་ཨ་ཧཱུཾ༷་ཕཊ། ཨོ་སརྦ་ཐ་པ་ཧཱུཾ༷་ཕཊ། ཨོ་ཨ་མྲི་པ྅་ཧཱུཾ༷་ཕཊ། ཡི་ཧྲི་སྟི་བ༷་ཧཱུཾ༷་ཕཊ། ཨོ་རྒྱ་དརྨ་ཧཱུཾ༷་ཕཊ། ཨོ་ར༷་ཛུ་ལ་ནི་ཧཱུཾ༷་ཕཊ། བཛྲ་ཨ༷་ཀུ་ཤ་ཛ་ཕཊ།རཏྣ་བཱ་ཤ་ཧཱུཾ༷་ཕཊ། པདྨ་མ་སྒྲོ་ཊ་བ༷་ཕཊ། ཀརྨ་ཀྟགི་ཧོ་ཕཊ། དབང་སྣོད་བདུད་འདུལ་གདན་ལ་འཁོད། །ཨོ་བཛྲ་བུརྙ་བཛྲ། རཏྣ་པད་མ་ཀརྨ་ཀུ་ལན་ཧེ་ཧེ་ཧོ་ཧོ་ཧཱུཾ༷་ཕཊ། གཙོ་བོར་རིགས་ལྔ་འཇམ་དབྱངས་ལྔ། །འཁོར་རྣམས་ཁྲོ་བོ་བརྐྱང་བ་ཕྱོགས། །ཚད་ནི་ལྷ་རང་མཚོན་རེས་བརྒྱན། །ཨོ་ཨུ༷༷ཧཱུཾ༷་སརྦ་ཏ་ཐུ་ག་ཏ་ཀྭ་ཡ་ཝ་ཀ །ཙིསྟ་བཛྲ་སྭ་བྷ་བ་ཨུདྨ་ཀོ྅་ཧ༷། གནས་གསུམ་སྐུ་གསུང་ཐུགས་ཀྱི་ལྷ་རེའོ། །སྔགས་བརྗོད་དཀྱིལ་འཁོར་བསྒོམ་པ་ནི། །ཐུགས་ཁར་ཡེ་ཤེས་ལྔ་བཅུ་བདུན། །ལྟོ་རུ་ལྕགས་ཁང་ནང་དུ་ནི། །ལས་ཀྱི་ཡ་མ་བཅུ་བདུན་བསྒོམ། །ལུས་ལ་རྡུལ་ཚོན་གསལ་རྩམ་ན། །རྡུལ་ཚོན་ལ་ཡང་གསལ་བར་བསྒོམ། །སྔོན་འགྲོ་ཚོགས་སོགས་ཚོགས་ཀྱི་ལམ། །ཏིང་གསུམ་གསལ་ཡས་སྦྱོར་བའི་ལམ། །ལྷ་བསྐྱེད་གསལ་བར་བསྒོམ་པའི་ལམ། །དྲང་བསྟིམ་མཆོད་པ་མཐོང་བའི་ལམ། །འཕྲོ་འདུ་བསྙེན་པ་མཐར་ཕྱིན་ལམ། །དེ་དོན་ལྡན་ན་མཐར་ཕྱིན་ངེས། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རིག་པ་ཡིད་ལས་སྐྱེད་པའི་ལེའུ་སྟེ་དགུ་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །སྤྱན་དྲངས་བསྟིམ་མཆོད་ཇི་ལྟར་ལགས། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེ་གཤེད། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་བྱིན་རླབས་ལས། །བྱམས་དང་སྙིང་རྗེའི་ཤུགས་ཀྱིས་གཤེགས་ནས་ཀྱང་། །བདག་ཉིད་ཁྲོ་བོ་འབར་བའི་སྐུར་བསྟན་པ། །ཚངས་པ་བརྒྱ་བྱིན་ལྷ་ཆེན་དྲག་པོ་རྣམས། །གཉིས་མེད་བྱང་ཆུབ་སེམས་ཀྱིས་སྒྲལ་བར་མཛོད། །ཐུགས་རྗེ་ཆེན་པོའི་དབང་གིས་བཞེས་སུ་གསོལ། །ཨོ་བཛྲ་ས་མ་ཡ་ཛ། དབྱིངས་ལས་རང་འོད་ལོངས་སྐུར་བཞེངས། ཧཱུཾ༷། མཐིང་ནག་གྲུ་གསུམ་ཆོས་དབྱིངས་དཀྱིལ་འཁོར་ནས། །ཡ་མྱརྙ་ཀ་ཡབ་ཡུམ་གཤེགས་སུ་གསོལ། །ཞེ་སྡང་རྣམ་དག་རྡོ་རྗེའི་དཀྱིལ་འཁོར་ནས། །ཡ་མ་རྭ་ཛ་ཡབ་ཡུམ་གཤེགས་སུ་གསོལ། །ང་རྒྱལ་རྣམ་དག་རིན་ཆེན་དཀྱིལ་འཁོར་ནས། །མྱོས་བྱེད་འབར་བ་ཡབ་ཡུམ་གཤེགས་སུ་གསོལ། །འདོད་ཆགས་རྣམ་དག་པདྨའི་དཀྱིལ་འཁོར་ནས། །ཨུརུ་མ་རུ་ཡབ་ཡུམ་གཤེགས་སུ་གསོལ། །ཕྲག་དོག་རྣམ་དག་ལས་ཀྱི་དཀྱིལ་འཁོར་ནས། །རལ་པ་ཚར་དགུ་ཡབ་ཡུམ་གཤེགས་སུ་གསོལ། །རུ་ཏྲ་ཕོ་མོ་བསྣོལ་བའི་གདན་སྟེངས་ནས། །གཤིན་རྗེ་བདུད་འཇོམས་ཡབ་ཡུམ་གཤེགས་སུ་གསོལ། །དྲི་ཟ་ཕོ་མོ་བསྣོལ་བའི་གདན་སྟེངས་ནས། །ཀོང་རྩེ་བྲག་འཇོམས་འཁོར་བཅས་གཤེགས་སུ་གསོལ། །མེ་ལྷ་ཕོ་མོ་བསྣོལ་བའི་གདན་སྟེངས་ནས། །ཨ་བ་གླང་མགོ་ཡབ་ཡུམ་གཤེགས་སུ་གསོལ། །གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་སྟེངས་ནས། །ཡ་བ་ཏི་ཡབ་ཡུམ་གཤེགས་སུ་གསོལ། །སྲིན་པོ་ཕོ་མོ་བསྣོལ་བའི་གདན་སྟེངས་ནས། །གཤིས་རྗེ་ཕྱ་སངས་ཡབ་ཡུམ་གཤེགས་སུ་གསོལ། །ཀླུ་རྒྱལ་ཕོ་མོ་བསྣོལ་བའི་གདན་སྟེངས་ནས། །གཤིན་རྗེ་དམིགས་པ་ཡབ་ཡུམ་གཤེགས་སུ་གསོལ། །རླུང་ལྷ་ཕོ་མོ་བའི་གདན་སྟེངས་ནས། ལྷ་མཆོག་དུད་ཁ་ཡབ་ཡུམ་གཤེགས་སུ་གསོལ། །དབང་ལྡན་ཕོ་མོ་བསྣོལ་བའི་གདན་སྟེངས་ནས། །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གཤེགས་སུ་གསོལ། །ས་བདག་ཕོ་མོ་བསྣོལ་བའི་གདན་སྟེངས་ནས། །གཤིན་རྗེ་མིག་དམར་ཡབ་ཡུམ་གཤེགས་སུ་གསོལ། །སྒོ་བཞི་ཞིང་དང་ཉི་མའི་གདན་སྟེངས་ནས། །བདུད་འདུལ་སྒོ་མ་བཞི་རྣམས་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་ཕྱོགས་བཞི་མཚམས་བརྒྱད་ནས། །སྤྲུལ་པའི་མ་གཤིན་ཚོགས་རྣམས་གཤེགས་སུ་གསོལ། །ཨོ་ན་མ་བྱུརྙ་ཡ། དྷ་རྨ་ཡ། སང་ལྷུ་ཡ། ཀྲོ་དྷ་པ་རི་ར། ཨ་གསྣྲོ་ཡ། བི་ས་ར་ཛ༷༷ཧཱུཾ༷་བ༷་ཧོ༷། ཡེ་ཤེས་འོད་ཟེར་ཕྱག་རྒྱ་བཞིས། །སྤྱན་དྲངས་མདུན་སྣང་འོད་ཟེར་ཞབྲུག །མ་བསྒྲིབས་བར་ནི་ཤུགས་ལས་བྱོན། །འཁོར་ལོ་འབར་བའི་རྩིབས་སྟེངས་སུ། །དྲེགས་པ་བསྣོལ་བའི་གདན་སྟེངས་སུ། །འཇམ་དཔལ་འཁོར་དང་བཅས་པ་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། སྲ་བེ་ཤ་ཕཊ། ཨུ་བེ་ཤ་ཨ། ཀྭ་ཡ་ལྷུ་ཀ་ཙིསྟ་ཏིཛི་བཛྲ། ཆུ་དང་བོ་མ་འདྲེས་བཞིན་བསྟིམ། །སྐུ་གསུང་ཐུགས་སུ་བརྟེན་པར་བྱ། །ཧཱུཾ༷། གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་པའི་ལྷ། །ཉི་མ་འབུམ་པས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་མཚན་མང་པོ་བསྐལ་བའི་མེ་ལྟར་འབར། །རབ་འཇིགས་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །སྦྱོར་སྒྲོལ་ཡུམ་དང་སྲས་མཆོག་གཤེད་པོ་བཞི། །གདུག་པ་གདུལ་མཛད་ཕྱོགས་སྐྱོང་གཤིན་རྗེ་བཅུ། །བསྟན་པ་བསྲུང་བ་ཡེ་ཤེས་སྒོ་མ་བཞི། གཤིན་རྗེ་ནག་པོའི་ཚོགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང་། །གཅན་གཟན་གདུག་པའི་པགས་རློན་ན་བཟར་གསོལ། །ནད་སྟོང་སྲིན་མོའི་ཚོགས་རྣམས་རྡུལ་དུ་རློག །ཐར་བྱེད་གཞོན་ནུའི་ཚོགས་ལ་ཕྱག་འཚལ་ལོ། །ཁྱུང་དང་འུག་པ་ལྟ་བུའི་ཁྲ་བསྣམས་ཤིང་། །དམ་ལས་ལྡོག་པ་རྣམས་ལ་གཏོང་བར་མཛད། །རྣལ་འབྱོར་བདག་ལ་སྡང་ཞིང་འགལ་བྱེད་རྣམས། །སྲིད་གསུམ་ཞིང་དུ་སྒྲོལ་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་པོ་ཆེ། །མ་སྲིང་བྱམས་པའི་ཚུལ་དུ་གྲོགས་མཛད་མ། །ཕྱི་ནང་མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། སྲ་ཏི་པུ་ཧོ། རྣམ་རྟོག་ལུས་ཐོན་ཕྱག་འཚལ་ལོ། །ཡེ་ཤེས་འོད་ཀྱི་ལུས་རྟོག་སྦྱང་། །གསར་ཞུན་སེམས་ལ་དམ་ཚིག་པ། །དབུས་ཀྱི་ཁྲོ་རྒྱལ་ཕྱག་རྒྱ་ནི། །ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་ཐོ་བ་གཡས། །ཐོས་པ་སྡིག་མཛུབ་ཕུར་པ་གཡོན། །ཡུམ་གཉིས་སྐུ་མདོག་གཙོ་དང་མཐུན། །གཡས་འཁྱུད་གཡོན་པ་དུང་དམར་སྟོབ། །ཡ་མ་རྭ་ཛ་སྐུ་མདོག་སྨུག །མ་པོ་་རོ་དབྱུག་འཁོར་ལོ་འཛིན། །མྱོས་བྱེད་འབར་བ་སྐུ་མདོག་སེར། །གཡས་པ་རོ་དབྱུག་འཁོར་ལོ་འཛིན། །ཨབྱ་དམར་པོ་སྐུ་མདོག་དམར། །གཡས་པ་རོ་དབྱུག་འཁོར་ལོ་འཛིན། །རལ་པ་ཚར་དགུ་སྐུ་མདོག་ལྗང་། །རོ་དབྱུག་གཡས་ལ་འཁོར་ལོ་གཡོན། །ཡུམ་ནི་སྐུ་མདོག་གཙོ་དང་མཐུན། །གཡས་འཁྱུད་གཡོན་པ་དུང་དམར་སྟོབས། །བདུད་འཇོམས་དགྲ་སྟ་འཁོར་ལོ་གནག །ཀོང་རྩེ་བྲག་འཇོམས་འཁོར་ལོ་དཀར། །གླང་མགོ་ཏྲི་ཤུལ་འཁོར་ལོ་ལྗང་། །ཡ་ཏི་ལྕགས་ཀྱུ་འཁོར་ལོ་སེར། །ཕྱ་སངས་རལ་གྲི་འཁོར་ལོ་མཐོང་། །དམིགས་པ་ཐོད་འཕྲེང་འཁོར་ལོ་དམར། །རྟེལ་པ་སྤུ་གྲི་འཁོར་ལོ་སྔོ། །དུད་ཁ་ཐོ་བ་འཁོར་ལོ་ལྗང་། །ཆོས་རྒྱལ་ཁྲམ་ཤིང་འཁོར་ལོ་སྨུག །མིག་དམར་ཤོད་དྷི་འཁོར་ལོ་དམར། །ཡུམ་རྣམས་སྐུ་མཐུན་འཁྱུད་སྟོབས་འཁྲིལ། །སྒོ་མ་རིགས་མཐུན་ཕྱག་རྒྱ་བཞི། །ལྷ་ལ་ལྷ་ཐིམ་སྐུར་གསལ་ཏེ། །ཡེ་ཤེས་ཡེ་ཤེས་སྐྱེ་མེད་རྟོག །མི་འདའ་ཐུགས་ཀྱི་དཀྱིལ་འཁོར་ཡིན། །མཁའ་ཀློང་དབུས་མཐའ་ཀུན་ཏུ་བཟང་པོའི་ཀློང་། །དབྱིངས་ལས་ཡེ་ཤེས་མཆོད་པའི་བྱེ་བྲག་ཤར། །དེ་ཉིད་མ་བཅོས་ཡུལ་གྱི་རང་བཞིན་ཏེ། །སྣང་སྲིད་ཐམས་ཅད་ཀུན་བཟང་མཆོད་པར་རོལ། །རག་ཏའི་ཨརྒ་ཚིལ་ཆེན་སྤོས། །དབང་པོའི་མེ་ཏོག་སྣང་ཆེན་མདངས། །རང་འབྱུང་བདུད་རྩི་དྲི་ཡི་ཆབ། ཁྲ་ཆེན་བཤོས་དང་བཅས་པ་རྣམས། །འཇམ་དབྱངས་གཤིན་རྗེའི་དཀྱིལ་འཁོར་ལ། །གཉིས་སུ་མེད་པར་ཐིམ་པར་འབུལ། །ཆེ་བའི་ཡོན་ཏན་བརྗོད་ལས་སྨན་གྱིས་མཆོད། །རང་གི་དམ་ཚིག་བདུད་རྩི་མྱང་། །བླ་མེད་མཆོད་པས་གཏོར་མར་སླབ། །ཧཱུཾ༷། ཡབ་ཡུམ་གཉིས་མེད་སྦྱོར་བ་དགྱེས་པའི་རྫས། །དབང་པོ་དབྱེར་མེད་བདེ་བ་ཆེན་པོའི་ངང་། །བྱང་ཆུབ་སེམས་ཀྱི་མཆོད་པ་དམ་པ་འདི། །ཀུན་བཟང་དགྱེས་པའི་ཀློང་དུ་འབུལ་ལགས་ན། །གཉིས་སུ་མེད་པའི་དོན་གྱིས་བཞེས་སུ་གསོལ། །སྲིད་པའི་གཅོག་རྙིང་ཟད་པར་བྱ་བའི་ཕྱིར། །ཁམས་གསུམ་ནད་རྣམས་སོས་པར་བྱ་བའི་ཕྱིར། །བདུད་རྩི་ཆེན་པོ་པརྩི་ཨ་མྲི་ཏ། །བླ་མེད་དམན་པའི་ཚོགས་ལ་འབུལ་ལགས་ཀྱི། །འགྲོ་བའི་སྡུག་བསྔལ་བསལ་ཕྱིར་བཞེས་སུ་གསོལ། །ཉོན་མོངས་ལས་ཀྱིས་འཁྲུལ་པའི་སེམས་ཅན་རྣམས། །འཇིག་རྟེན་སྐྱེ་ཤི་རྩད་ནས་གཅད་པའི་ཕྱོར། །དུང་ཆེན་རག་ཏས་བཀང་བའི་་དམ་རྫས་འདི། །འཇམདཔལགཤིནརྗེའིཚོགས་ལ་འབུལ་ལགས་ན། །འགྲོ་བའི་རིམས་ནད་བསལ་ཕྱིར་བཞེས་སུ་གསོལ། །དུག་ལྔ་ཡེ་ཤེས་དབྱིངས་སུ་བསྟབ། །སྨོན་ལམ་བཏབ་ལ་ཉམས་པ་བཤགས། །དེ་ནས་བསྙེན་པའི་དོན་ལ་འཇུག །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། ཡེ་ཤེས་དལ་དྲང་བསྟིམ་མཆོད་བའི་ལེའུ་སྟེ་བཅུ་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །བསྙེན་ཅིང་བསྒྲུབ་པ་ཇི་ལྟར་ལགས། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །དེ་ནས་རྣལ་འབྱོར་ཅན་གྱིས་ནི། །ལྷོ་ཡི་ཕྱོགས་སུ་ཁ་བལྟས་ལ། །མགོ་ནི་རྨ་བྱ་བཞིན་དུ་བཀུག །རི་མོ་ལ་ནི་སེམས་གཏད་ལ། །རག་ཤ་རུས་པའི་འཕྲེང་བ་བགྲང་། །ཐོག་མ་བྱང་ཆུབ་རྩ་ལ་བརྟན། ཁྲེས་རབ་དེ་ལྟ་བུ་ཡང་བསྒོམ། །སེམས་དང་རྣམས་པར་མི་རྟོག་པས། །བདེ་གཤེགས་དངོས་གྲུབ་དེ་དག་ཐོབ། །ཁྲོ་བའི་རྒྱལ་པོ་གཤིན་རྗེ་གཤེད། །ཡིད་ལ་རབ་གསལ་བསྒོམ་བྱ་སྟེ། །ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །ཉི་དལ་ཧཱུཾ༷་ལས་ཨ་སྤྲོས་བསྐོར། །རང་བཞིན་ལྷུན་གྲུབ་འཇམ་དཔལ་སྐུ། །ཕྱག་རྒྱ་གསལ་བའི་ཐུགས་ཀར་བསམ། །ཐུགས་ཁར་ཡེ་ཤེས་སྣ་ལྔ་ཡི། །འོད་ཟེར་གསལ་བར་ཕྱོགས་བཅུར་འཕྲོས། །ཞིང་ཁམས་སོ་སོའི་བདེ་གཤེགས་ལ། །ཐུགས་བསྐུལ་མཉེས་བའི་མཆོད་པ་བྱས། །འགྲོ་དྲུག་སེམས་ཅན་སྒྲིབ་པ་སྦྱངས། །སྤྲུལ་སྐུ་འོད་ཟེར་སླར་བཅས་བསྡུ། །ཡ་མུན་ཏ་ཀའི་ཐུགས་ཀར་ཐིམ། །དེ་ཡང་འོད་ཞུ་བདག་ལ་ཐིམ། །བདག་གི་སྒྲིབ་པའི་རྒྱུན་བཅོམ་ནས། །ཡེ་ཤེས་སྐུ་རུ་གསལ་ཞིང་འཚེར། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མྱརྙ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ༷་ཕཊ། འསྔམ་དཔལ་གཤིན་རྗེའི་ལྷ་རྣམས་དང་། །ཀུན་རྫོབ་ལྷ་ཡི་སྐུར་བསམས་ཏེ། །བསོད་ནམས་རྒྱུ་ཡི་ཚོགས་རྫོགས་ཏེ། །དོན་དམ་སེམས་ཉིད་སྣང་སྟོང་ན། །དབྱེར་མེད་ནམ་མཁའ་ལྟ་བུ་ལ། །སྣང་བཞིན་སྟོང་ལ་སྟོང་བཞིན་སྣང་། །སྣང་དང་དེ་ལ་མ་ཞེན་པའི། །དུས་ན་ཆོས་སྐུ་ཡིན་བར་བཤད། །འགག་མེད་ཡེ་ཤེས་ཕྱག་རྒྱར་གསལ། །གསལ་དང་དངོས་པོ་མཚན་མ་མེད། །ཆོས་རྣམས་ཐམས་ཅད་རང་སེམས་ཏེ། །རང་གི་སེམས་ལས་འདི་ལྟར་འབྱུང་། །བྱུང་དང་ཆོས་སྐུ་ཆེན་པོ་ཡི། །ཡེ་ཤེས་ཚོགས་ཆེན་རྫོགས་པ་ཡིན། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན། །ཞི་ཁྲོ་བསྙེན་བསྒྲུབ་གསང་བ་དང་། །གཅིག་ལ་ཚང་བའི་སྙིང་པོ་འདི། །གསང་སྔགས་ནོར་བུ་རིན་ཆེན་དེ། །ཡིད་ལ་དགོས་པ་དོན་ཀུན་གྲུབ། །ཡིད་དང་དབང་པོ་རབ་གྲོལ་གྱིས། །ལྷ་ཡི་ཕྱོགས་སུ་ཁ་བལྟས་ལ། །རི་མོ་ལ་ནི་སེམས་བཞག་སྟེ། །བཟླས་པའི་ཡི་གེ་རིམ་པར་བྱ། །ཡེ་ཤེས་ལྷ་ཡི་སྙིང་པོ་ནི། །མི་མྱུར་མི་བུལ་འདྲེས་པ་མིན། །མི་དྲག་མི་ཞེན་མི་གཡེངས་པར། །བགྲངས་པས་རང་ཐོས་ཙམ་དུབཟླས། །འཕྲོ་ན་ཤེས་པ་སྤངས་སྨད་ལ། །རྩེ་གཅིག་སེམས་ཀྱི་སྐུ་ལ་བརྟག །བྱིང་ན་གསལ་ལ་དཔངས་བསྟོད་ལ། །འབྱུང་བ་རང་སྐྱེས་དབྱངས་དང་བཟླས། །འོད་དང་སྒྲ་དང་ལུང་སྟོན་དང་། །སྐུ་གཟུགས་འགུལ་དང་རྣམ་པ་བཞད། །རྨི་ལམ་རྟགས་ནི་སྣ་ཚོགས་འབྱུང་། །རྟོག་མེད་ཡེ་ཤེས་དེ་བཞིན་ཉིད། །བདེ་བའི་ཡེ་ཤེས་སེམས་ལས་ཤར། །འཇིགས་པའི་བདུད་དང་གསང་བའི་དགྲ། །འགྲོ་དྲུག་གཡང་ས་ཆོད་མི་ཆོད། །ཚད་དང་ལྡན་ནམ་མཁས་པར་བརྟག །ཆད་དང་ལྡན་པར་གྱུར་པ་ན། །རྟགས་ཀྱི་བསྙེན་པ་སྐྱོལ་བ་ཡིན། །སྐུ་ཡི་བསྙེན་པ་འབུམ་ཕྲག་བཅུ། །ཡེ་ཤེས་ལྷ་ནི་གཉེན་བྱས་ལ། །གང་འདོད་ལས་ལ་སྦྱར་བར་བྱ། །དུས་ཀྱི་རྟག་པ་རྒྱུན་ཏུ་སྟེ། །འདི་ཡི་དུས་སུ་ལོ་ཕྱེད་དོ། །ཨོ་ཧྲིཁྱི་བི་ཀྲི་ཏྭ་ན་ཎ་ཧཱུཾ༷་ཕཊ། ཐུགས་ཀྱི་སྙིང་པོ་བཅུ་གཅིག་པས། །ཡེ་ཤེས་ལྷ་ཉིད་བསྙེན་ཅིང་བསྒྲུབ། །ཉེ་བར་གསང་སྔགས་འདིས་བྱེད་པས། །རྟགས་བཟང་བྱུང་ན་དངོས་གྲུབ་བླང་། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། ཡེ་ཤེས་ལྷའི་བསྙེན་སྒྲུབ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །འཁོར་ལོ་རང་དོན་རྩ་རྣམས་གང་། །འཇམ་དཔལ་ཁྲོ་བོས་བཀའ་སྩལ་པ། །རང་བྱུང་ཡེ་ཤེས་འཁོར་ལོ་ནི། །མ་རིག་པ་ལ་བསྐོར་བ་ཡིན། །རང་བྱུང་ཡེ་ཤེས་རང་གྲོལ་བའི། །སྟོང་གསལ་འགྱུར་མེད་ཡེ་ཤེས་དེ། །མ་འདེས་ཡོངས་སུ་རྫོགས་པར་བསྐོར། །བདག་ཉིད་འཁོར་ལོ་རྣམ་པ་བདུན། །ཀླད་པ་བདེ་བའི་འཁོར་ལོ་ནི། །འཁོར་ལོ་རྩིབས་ཆེན་སུམ་ཅུ་གཉིས། །ཀྭ་ལི་སུམ་ཅུ་རྩ་གཉིས་བརྒྱན། །མགྲིན་པ་ལོངས་སྤྱོད་བཅུ་དྲུག་འདབ། །པདྨ་དབྱིབས་ཅན་ཨ་ཡིས་བརྒྱན། །སྙིང་ཁ་བཞི་དང་བརྒྱད་ཀྱི་རྩ། །ཡེ་ཤེས་ལྷ་རྣམས་རང་བཞིན་འཆར། །ཨ་བ་རྙུ་ཏི་འཇམ་དཔལ་ཉིད། །ཐབས་དང་ཤེས་རབ་སྦྱོར་སྒྲོལ་ཡུལ། །དྭངས་མའི་རྩ་བཞི་གཤེད་པོ་བཞི། །རིག་པ་རླུད་རྒྱུ་འབྱུང་བཞི་ཡི། །དྭངས་མའི་འོད་བཞི་གཤེད་པོ་བཞི། །ཆོས་ཉིད་ཡོན་ཏན་གསུམ་གསུམ་དྲུག །ཡེ་ཤེས་རང་རྒྱུད་འཁོར་འདས་གཉིས། །སྟེང་འོག་འདུས་པ་རྣམ་བཅུ་ལ། །ཕྱོགས་བཅུ་སྐྱོང་བའི་གཤིན་རྗེའོ། །ལྟེ་བས་སྤྲུལ་པ་དྲུག་ཅུ་བཞི། །སུམ་ཅུ་རྩ་གཉིས་གཡས་གཡོན་བསྣོལ། །གསང་བའི་འཁོར་ལོ་རིན་ཆེན་དབྱིབས། །རྩ་གསུམ་དབུས་ན་འོད་ཀྱི་མདངས། ཁྲུ་གསུམ་མེ་ཡི་འཁོར་ལོ་རང་། །ནང་ན་འདབ་བརྒྱད་དབུས་ན་ར༷་ཡ༷། །སེ་ཀ་རླུད་དལ་རྒྱ་གྲམ་གཞུ། །བ་དན་བཞི་དང་ཡ༷་དུ་གནས། །སྙིང་པོའི་རྩ་གསུམ་སྲོག་སྙིང་ཚུལ། །རླུད་ལ་རྣམས་པ་གཉིས་སུ་བསྟན། །རིག་པའི་རླུད་ནི་གཅིག་ལས་མེད། །བེམས་པོའི་རླུད་ལས་རྩ་བའི་རླུད་གསུམ་སྟེ། །ལུས་ཟུངས་བཅུད་རླུད་རྙུ་ཏིར་གནས། །གསང་ལམ་རྒྱུ་ཞིང་ས་བོན་འཕེལ། །སྲོག་འཛིན་རླུད་ནི་སྙིང་ལ་གནས། །འཕར་རྩ་རྒྱུ་ཞིང་ཤེས་པ་གསལ། །དྭངས་སྙིགས་འབྱེད་རླུད་ཕོ་བར་གནས། །གྱེན་འཐུར་རྒྱུ་ཞིང་དྭངས་སྙིགས་འབྱེད། །ལུས་ལ་ནུས་ལྡན་རླུད་གསུམ་གནས། །རླུད་གསུམ་ལ་ནི་འཕེན་པ་གཅིག །རྟེན་པ་ལ་རླུད་ཟིན་གྱུར་ན། །ཀུན་དང་རིག་པ་རང་ས་ཟིན། །ཡན་ལག་རླུད་གཉིས་བསྟན་པ་ནི། །མེ་དང་མཉམ་པ་ལྟེ་བར་གནས། །ཀུན་ཏུ་རྒྱུ་ཞིང་དྲོད་དང་བསྐྱེད། །འདེགས་པའི་རླུད་གཉིས་རྐང་པར་གནས། །ཀུན་ཏུ་རྒྱུ་ཞིང་འདེགས་པར་བྱེད། །གཡས་གཡོན་རླུང་གཉིས་སྲོག་རྩར་འདུས། །སྟེང་རླུད་མནན་ཅིང་འོག་རླུང་བསྡམ། །རྣམ་པར་རང་བཞིན་མཚན་ཉིད་ནི། །སྒོང་དབྱིབས་ཡེ་ཤེས་ལྷ་ལ་འཕོ། །འབྱུང་བ་རླུད་ཆེན་ལྷུན་གྱིས་གྲུབ། །ཆོས་ཀུན་མ་ལུས་གཅིག་ཏུ་རྫོགས། །མ་འདྲེས་གསལ་བ་གཅིག་ཏུ་གནས། །དེ་ནི་སྤྱི་རླུད་ཚངས་པའི་དབང་། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པ་ལས། རྩ་རླུད་དང་ཡེ་ཤེས་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།གཞན་ཡང་རྡོ་རྗེ་སྙིང་པོ་ཉིན། །འཇམ་དཔལ་གཤིན་རྗེ་གཤེད་པོ་ལ། །དོན་རྟགས་གཉིས་སུ་བསྟན་པ། །དོན་ནི་གནས་པའི་འཁོར་ལོ་སེམས་སུ་འདུས། །སེམས་ལས་སེམས་འབྱུང་ཆོས་ཀྱི་སྐུ། །རང་སེམས་འཁྲུལ་ཞིང་འཁོར་བ་ལ། །རང་རིག་སེམས་ཀྱི་ངང་དུ་ལྟོས། །རང་སེམས་མངོན་དུ་རྟོགས་པ་ན། །སངས་རྒྱས་བྱང་ཆུབ་དེ་ཉིད་དོ། ཁྲེས་རབ་ཀྱིས་ནི་དེ་ཉིད་རྟོགས། །ཙྭ་ན་ཙ་ཀྲ་ཆོས་ཉིད་སྒྲས། །ཉོན་མོངས་ཡེ་ཤེས་དབྱིངས་སུ་གཅོད། །རང་རིག་སེམས་ཀྱི་འཁོར་ལོ་ཡིས། །ལས་དང་ཉོན་མོངས་སྒྲིབ་པ་གཅོད། །བསྐོར་ཐབས་ཐབས་དང་གྲོལ་བའོ། །ཐབས་ནི་རྩ་ནས་ཏིང་འཛིན་ཡིན། །གྲོལ་བ་རང་སེམས་ཆོས་སྐུར་སྤྲད། །སྐུ་ལྔ་དང་ནི་ཡེ་ཤེས་ལྔ། །འཁོར་འདས་ལྟ་སྤྱོད་ཤེས་རབ་ཐབས། །ཞི་གནས་ལྷག་མཐོང་བདེན་པ་གཉིས། །ཐབས་ཅད་ངོ་སྤྲད་ཆོས་སྐུར་གྲོལ། །འཁོར་གྲོགས་ཐབས་དང་ཤེས་རབ་གཉིས། །མི་འཁོར་རྐྱེན་ནི་གཟུགས་འཛིན་དང་། །སེམས་ཀྱི་སྒྲིབ་པས་བསྒྲིབས་པའོ། །འབྲས་བུ་ཆོས་སྐུ་ཆེན་པོར་གྲོལ། །དེ་དག་དོན་གྱི་འཁོར་ལོ་སྟེ། །བྱང་ཆུབ་ལམ་གྱི་མན་ངག་ཡིན། །ཥམཐཿརྟགས་ཀྱི་འཁོར་ལོ་འཕྲིན་ལས་ཏེ། །ཞི་བས་བདག་དང་འཁོར་རྣམས་བསྲུང་། །རྒྱས་པས་ཚེ་དང་ལོངས་སྤྱོད་འཕེལ། །དབང་གིས་ཕ་རོལ་དབང་དུ་སྡུད། །དྲག་པོས་དགྲ་བགེགས་བསྒྲལ་བར་བྱ། །ངོ་བོ་ཆོས་སྐུ་ཆེན་པོ་ལ། །འཇམ་དཔལ་ཁྲོ་བོའི་ཐུགས་ཉིད་ཀྱིས། །གདུག་པའི་མཚོན་ཆ་ཡི་གེ་ཡིན། །ཡི་གེ་འབྲུ་ཤག་གྲོང་ཁྱེར་ནི། །མུན་ནག་འདྲ་བའི་གཤེད་པོ་ཡི། །དེ་ཡི་ལྟོ་བ་དག་ན་གནས། །སྲིད་པ་གསུམ་ཡང་དེ་ན་གནས། །ལྟེ་བ་འཁྲུལ་ཞིང་རྩིབས་ཀྱིས་གཅོད། །འཁོར་བས་འཁོར་ལོ་དག་ཏུ་གཅོད། །འཁོར་ལོ་རྒྱུ་རྐྱེན་འཛོམས་པའི་དཔེ། ཁེང་རྟའང་ཆུ་ཡི་འཁོར་ལོ་འདྲ། །རྒྱུ་ནི་ཕྱི་ནང་གསང་བའི་རྫས། །རོ་རས་ཐོད་པ་ཞིང་ལྤགས་ལ། །སྣག་ཚ་སྨྱུག་གུ་ལ་སོགས་ཏེ། །དེ་ཡང་སྦྱོར་བའི་ཚུལ་དུ་གནས། །མ་ར་ཙ་ཀྲ་དྲག་པོའི་སྒྲ། །དམིགས་པའི་ལུས་སྲོག་འབྱེད་པར་བྱེད། །བསྐོར་ཐབས་སྔགས་རྫས་ཏིང་ངེ་འཛིན། །གྲོགས་ནི་དབང་དང་དམ་ཚིག་དང་། །ལྷ་གསལ་བསྙེན་པ་སྐྱོལ་བའོ། །སྐྱོན་ནི་དམ་ཉམས་ལྷ་མ་གྲུབ། །འབྲས་བུས་ཞིང་བཅུ་རྩད་ནས་གཅོད། །གཞན་ཡང་གཅེས་པའི་མན་ངག་ནི། །ལྷོག་འབྱམ་གཅོད་དང་འཁོར་འབྲེལ་བཤད། །ལྷག་ཆད་ཡི་གེ་ནོར་བ་དང་། ཁྲད་འདྲེས་སྣག་འབྱོར་ཚིག་མཚམས་འབྱོར། །རེ་ཀ་ལ་རྟེན་ཏྲི་མ་གོས། །འཁོར་ལོ་ལྡོག་པའི་རྒྱུ་བརྒྱད་དོ། །བསྙེན་པ་མ་སྐྱོལ་འཛབ་གྲངས་ཉུང་། །ཆོ་ག་ཆད་དང་གཏད་ནན་ཆུང། །རི་རབ་མ་བསྒོམས་མཉེན་པོ་མེད། །ཙ་ཀྲ་འཁྱམ་པའི་རྒྱུ་ཉིད་དོ། །བསྙེན་བསྒྲུབ་ལས་སྦྱོར་མཐའ་བརྟུལ་རྫོགས། །ཙ་ཀྲ་གཅོད་པ་ཉིད་དུ་ངེས། །ཡི་གེ་སོ་སོ་མི་ཉམ་དང་། །འཁོར་ལོ་ལོག་དང་རེ་མིག་ནོར། །བསྒྲུབས་ཀྱང་མི་འགྲུབ་ཐང་ཤ་ཆད། །ཡི་ཆད་ཆོས་ལ་སྐུར་པ་འདེབས། །དེ་ལྟར་སྐྱོན་ཡོན་ཤེས་པར་བྱ། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། དོན་རྟགས་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།རྡོ་རྗེ་སྙིང་པོས་ཡང་གསོལ་བ། །ལམ་ལྔ་བསྟན་པ་ཇི་ལྟར་ལགས། །ས་དང་ཕ་རོལ་ཕྱིན་པ་གང་། །འཇམ་དཔལ་ཁྲོ་བོས་བཀའ་སྩལ་བ། །ལེགས་པའི་ལམ་ནི་སྟོན་པའོ། །རྡུལ་ཚོན་དཀྱིལ་འཁོར་ཚོགས་ཀྱི་ལམ། །དེས་ནི་དམན་པའི་རྟོག་པ་འཇོམས། །ལུས་ཀྱི་དཀྱིལ་འཁོར་སྦྱོར་བའི་ལམ། །དེ་ཡིས་རྡུལ་ཚོན་རྟོག་པ་འཇོམས། །དྲོད་དང་རྩེ་མོ་ཡིན་པར་འདོད། །རྟོག་ཚོགས་ཡེ་ནས་ལྷུན་འགྲུབ་དལ། །རྫོགས་རིམ་དཀྱིལ་འཁོར་དམ་པ་དེས། །དེ་ཡིས་བསྐྱེད་རིམ་རྟོག་པ་འཇོམས། །བཟོད་པ་དང་ནི་ཆོས་མཆོག་གོ །ཙིསྟའི་དཀྱིལ་འཁོར་མཐོང་ལམ་སྟེ། །དེ་ཡིས་ལུས་ཀྱི་རྟོག་པ་འཇོམས། །རྩ་ལུང་ཐིག་ལེ་བསྒོམ་ལམ་སྟེ། །ལུས་ལ་ནུས་ལྡན་རླུད་གསུམ་གནས། །རླུད་གསུམ་ལ་ནི་འཕན་པ་ཅིག །རྟེན་པ་ལས་ནི་ཟིན་འགྱུར་ན། །ཀུན་ཀྱང་རིག་པ་རང་ས་ཟིན། །རྣམ་པ་རང་བཞིན་མཚན་ཉིད་རླུད་། །བདེ་བ་ཆེན་པོར་ལྷུན་གྲུབ་པའོ། །དེ་ཡིས་སྙིང་གི་རྟོག་པ་འཇོམས། །བདེ་བ་ཆེན་པོ་མཐར་ཕྱིན་ལམ། །བདེ་བ་ཆེན་པོ་ལྷུན་གྱིས་གྲུབ། །གསང་བ་རིག་པ་སྤྱི་བླུགས་དབང་། །དེ་ཉིད་དྲན་པ་ཆེན་པོ་འཆང་། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །དེ་ནས་ས་དང་སྦྱར་བ་ནི། །གནས་བཙལ་ཡོ་བྱེད་རབ་ཏུ་དགའ། །མཚམས་ཀྱི་དཀྱིལ་འཁོར་དྲི་མ་མེད། །སྒྲིབ་སྦྱོངས་བཤགས་པ་འོད་བྱེད་པ། །མཆོད་པ་བྱིན་རླབས་འོད་འཕྲོ་བ། །ཏིང་འཛིན་དལ་བསྐྱེད་སྦྱང་དཀའ་བའོ། །ཡེ་ཤེས་དྲང་བསྟིམ་བརྟན་མངོན་གྱུར། །གཉིས་མེད་དལ་མཆོད་རིང་དུ་སོང་། །བསྙེན་བསྒྲུབ་འཕྲོ་འདུ་མི་གཡོ་བརྒྱད། །ཚོགས་གཉིས་ལགས་པའི་བློ་གྲོས་དགུ །ལྷག་མཆོད་ཆོས་ཀྱི་སྤྲིན་ཡིན་བཅུ། །རིགས་འཛིན་ས་བཅུ་ཡིན་པར་བཤད། །བྱ་བྲལ་རྟོགས་པའི་ལམ་ལྔ་ནི། །དབུ་མ་སེམས་ཙམ་ཀུན་ཏུ་འོད། །ཡོ་ག་སྟུག་པོ་བསྐོད་པའོ། །མ་ཧྭ་ཡོ་ག་པདྨ་སྤྱན། །ཨ་ནུ་ཡོ་ག་ཡི་གེ་ས། །ཨ་ཏི་ཀུན་བཟང་དབྱེ་བ་མེད། །མི་རྟོག་མི་ཤིགས་ས་ཞེས་བྱ། །བསྟན་པ་ས་ཡི་ལས་ས་བསྟན། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །གནས་དང་རྫས་སོགས་གཏོར་སྦྱིན་པ། །མཚམས་ཀྱི་དལ་ནི་ཚུལ་ཁྲིམས་སོ། །དེ་བཞིན་གཤེགས་པ་བཟོད་པ་སྟེ། །བྱིན་དབབ་མཆོད་པ་བརྩོན་འགྲུས་སོ། །དལ་བསྐྱེད་དྲང་བསྟིམ་བསམ་གཏན་ནོ། །ཕྱི་ནང་གསང་མཆོད་ཤེས་རབ་སྟེ། །འཛབ་བསྙེན་འཕྲོ་འདུ་ཐབས་ཡིན་ནོ། །ཚོགས་ཀྱི་དལ་ནི་བསོད་ནམས་སྟོབས། །ལྷག་མའི་དལ་ནི་སྨོན་ལམ་ཡིན། །བསྟན་པ་དལ་བསྡུ་ཡེ་ཤེས་སོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །སྣང་བ་འོད་གསལ་སྦྱིན་པ་སྟེ། །ཡེ་ཤེས་རྟོགས་པ་ཚུལ་ཁྲིམས་སོ། །རོལ་བ་འགག་མེད་བཟོད་པ་སྟེ། །སྐུ་གསུམ་འབྲེལ་མེད་བརྩོན་འགྲུས་སོ། །ཡེ་ཤེས་རབ་གནས་བསམ་གཏན་ནོ། །མ་སྤངས་རང་གྲོལ་ཤེས་རབ་བོ། །སྟོང་གསལ་འགྱུར་མེད་ཐབས་ཡིན་ནོ། །དེ་ལ་ལ་བཟླ་མེད་པ་སྟོབས། །བླང་དོར་མེད་པ་སྨོན་པས་སྟེ། །ཡེ་ཤེས་རང་གནས་ངོ་ཤེས་ཡེ་ཤེས་དེ། །ཕ་རོལ་ཕྱིན་པ་བཅུ་རུ་དག །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་བའི་རྒྱུད་ལས། ས་ལམ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །རྟོགས་ཚོགས་ལྷ་རུ་ཇི་ལྟར་སྦྱར། །འཇམ་དཔལ་ཁྲོ་བོས་བཀའ་སྩལ་པ། །ཉོན་མོངས་དུག་ལྔ་གཤེད་པོ་ལྔ། །འབྱུང་བ་ལྔ་ནི་ཡུམ་དུ་ངེས། །མི་དགེ་བཅུ་ནི་ཕྱོགས་སྐྱོང་སྟེ། །སྐྱོན་བཅུ་ཡུམ་དུ་དག་པའོ། །དེ་རྣམས་ཀུན་གྱི་ཆ་རྣམས་ནི། །ཡོན་ཏན་ལྡན་པ་ཡབ་ཡུམ་བཅུ། །སྒོ་མ་རྟ་ཆད་ཚད་མེད་དག །ཐབས་མང་དཀའ་བ་མེད་པ་དང་། །མངོན་སུམ་ཉིད་དུ་གྲུབ་པ་དང་། །ལུས་ལ་ལྷུན་གྱིས་གྲུབ་པའི་དལ། །ཡེ་ཤེས་ལྷུན་གྲུབ་རྫོགས་པ་ཡི། །རྟོགས་པ་མ་སྤངས་ལྷ་རུ་གྲོལ། །གཟུགས་ཀྱི་ཕུང་པོ་འཇམ་དཔལ་ཉིད། །ཚོར་བ་ཡོན་ཏན་མྱོས་བྱེད་འབར། །འདུ་ཤེས་གསུང་སྟེ་ཨུརུ་དམར། །འདུ་བྱེད་འཕྲིན་ལས་ཚར་དགུ་སྟེ། །རྣམ་ཤེས་ཆོས་ཉིད་རྭ་ཛ་ལྭ། །འབྱུང་བ་ཡུམ་དུ་དེ་བཞིན་ངེས། །ཀུན་གཞི་བྲག་འཇོམས་ཉིད་ཡིན་ཏེ། །ཡིད་ཀྱི་རྣམ་ཤེས་ཡ་བ་ཏི། །ལུས་ཀྱི་རྣམ་ཤེས་དམིགས་པ་སྟེ། །ཉོན་མོངས་ཡིད་ནི་ལྷ་མཆོག་གོ །སྒོ་ལྔ་རྣམ་ཤེས་སྟེང་འོག་ཁྲ། །མིག་ནི་གླང་མགོ་ཕྱ་སངས་སྣ། །སྣ་ནི་རྟེལ་བ་ལྕེ་ནི་ཆོས། །ཡུལ་ནི་ཆོས་ཉིད་ཕྱོགས་སྐྱོང་ཡུམ། །མ་རིག་ཉོན་མོངས་རྟོག་པ་དེ། །རྟོགས་ན་ཡེ་ཤེས་ལྷ་བཅུ་བདུན། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། །རྟག་ཚོགས་ལྷར་གྲོལ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །རྣལ་འབྱོར་ཚེ་སྒྲུབ་ཇི་ལྟར་ལགས། །འཇམདཔལགཤིནརྗེསབཀའ་སྩལ་པ། །ཡིད་འོང་གནས་སུ་དཔའ་བོ་ཡིས། །རྫས་བཤམསརྡུལཚོནགོངལྟར་བྱི། །རིན་ཆེན་བུམ་པ་གཙང་མ་སྲ །བདུད་རྩི་མར་དང་མངར་གསུམ་དང་། །སྙིང་པོ་ལྔ་ལ་ཚེ་སྒྲུབ་རི་ལུ་རེ། །ནང་དུ་བླུག་ལ་ཁ་རྒྱན་བསོགས། །མཚམས་བཅད་བུམ་པ་གཞལ་ཡས་བསྐྱེད། །གཙོ་བོ་ཡབ་ཡུམ་དམར་པོར་བསྐྱེད། །ཧཱུཾ༷་བཛྲ། ཡུམ་གྱི་ཁ་རུ་རྒྱ་གྲམ་བསམ། །ཨ་ཙནྟྲ། དེ་སྟེངས་ཟླ་བའི་གའུ་བསམ། །ཨ་ཅེས། ནང་དུ་ཚེ་རྟེན་ལ་འཚར། །ཧཱུཾ༷་བཛྲ། གུའུའི་སྟེང་དུ་འང་རྒྱ་གྲམ་ལྗང་། །བཛྲ་སྤོ་ཊ་བ༷་བརྗོད་པས། །རྭ་བཞི་རྡོ་རྗེ་ལུ་གུས་བསྡམས། །ཧྲི་བརྗོད་ལྟེ་བར་རྟ་མགྲིན་སྲུན། །ཚེ་རྟེན་བསྐྱེད་ལ་དབུས་སུ་དགོད། །ཚལ་བུ་རྫས་རྣམས་གོང་ལྟར་དགོད། །ནང་དུ་ཚེ་བརྟེན་ཐུགས་ཀའི་ག་འུ་འོ། །གསང་བའི་ཚེ་རྟེན་ཆོས་ཉིད་དོ། །འཕྲིན་ལས་གཞུང་སྲང་འཛབ་ལ་འཇུག །ལྷ་རེ་བསྟོད་བའི་གཤམ་ལ་གདགས། །ཧཱུཾ༷། གཉིས་མེད་རོལ་པའི་སྤྲུལ་པ་ཡིས། །ཁམས་གསུམ་ཐམས་ཅད་ཚེ་བཀུག་ནས། །མི་འགྱུར་གཡུང་དྲུང་ཚེ་གསོལ་ཅིག །རང་རང་སྔགས་ལ་ཨུ་ཡུ་ཙྭ་ན་ཧཱུཾ༷་ཛ་གདགས། །ལྷ་དེའི་སྤྲུལ་པ་ཡང་སྤྲུལ་གྱིས། །ཁམས་གསུམ་གང་བར་ཚེ་བསྡུས་ཏེ། །འགྲོ་དྲུག་བཀྲག་དང་ལོངས་སྤྱོད་ནི། །ཚེ་བརྟེན་གསུམ་ལ་ཐམས་ཅད་བསྟིམ། །ཨུ་ཡུ་ཛ་ཞེས་ཐོར་པ་བསྡུ། །བསྡམ་དང་བསྲུང་བ་གོང་ལྟར་བྱ། །ཡེ་ཤེས་ལྷ་རྣམས་འོད་དུ་ཞུ་སྟེ། །བསྟོད་བསྐུལ་ཚོགས་བྱ་དངོས་གྲུབ་བླང་། ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། ཚེ་བསྒྲུབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །རྟགས་དང་མཚན་མ་མི་འཚལ་ལམ། །འཇམ་དཔལ་ཁྲོ་བོས་བཀའ་སྩལ་པ། །ཆོས་སྐུའི་འོད་ཟེར་གསལ་བ་དང་། །རང་སེམས་མི་ཡོ་ཉམས་ལྡན་དང་། །འོད་འབར་སྐུ་ལས་འཐོན་པ་དང་། །ཉམས་སྟོབས་ལྡན་ཞིང་དབང་པོ་གསལ། །འདོད་ཡོན་ལྔ་ནས་མེད་པ་འབྱུང་། །ཁོང་ཁྲོ་དྲེགས་དང་དབང་པོ་རྣོ། །ལུས་ལ་དྲོད་དང་གཡོ་བ་རླུད་། །བདེ་བའི་ཡེ་ཤེས་རང་ལས་འཆར། །གཞན་ཡང་ཕྱི་རྟགས་རྨི་ལམ་དུ། །མོན་པ་མོན་མོ་རྒྱ་གར་དང་། །སློབ་དཔོན་ཕ་མ་བན་དྷི་བཟང་། །མགོ་ལ་མཆོད་རྟེན་ཡོད་པ་དང་། །གདུགས་དང་རྒྱལ་མཚན་སྒྲ་སྒྲོགས་དང་། །ཉི་ཟླ་ཀླད་ལ་བསྐོར་བ་དང་། །མི་འབྱིང་ཆུ་ལ་འགྲོ་བ་དང་། ཁུ་རྒལ་རི་འཛེག་རུ་མཚོན་ཕྱར། །གདུགས་ཐོགས་ལུས་ལ་འོད་འབར་དང་། །དཀྱིལ་འཁོར་མཐོང་དང་ཡོངས་ཀྱི་ཁུར། །འདོད་ཡོན་ལྔ་ཡིས་དངོས་གྲུབ་ཐོབ། །བསྙེན་པའི་ཐབས་སུ་ཤེས་པར་བྱ། །བསྒྲུབ་རྟགས་རིན་ཆེན་མང་པོ་རྙེད། །ཀུན་ལ་དབང་བྱེད་ཡུལ་ཁམས་ཐོབ། །རྒྱལ་པོ་དབང་འདུས་སེམས་ཅན་བཟུང་། །བླ་ཆེན་དྲུག་དང་སྤྲུལ་བཅུ་གཉིས། །དེ་དག་གཟུང་དང་ཁྲིད་པ་དང་། ཁྲོ་འདོད་ཚིག་དང་མཚོན་ཆ་སྙེད། །སྲོག་ཆགས་རིས་ནོན་ནམ་མཁའ་འཇའ། །ལྷ་ཡིས་ལུང་བསྟན་མེ་འདའ་སྐྱེམས། །མེ་ཡིས་ཚིག་དང་མཚོན་ཆ་སྒྱུག །རི་ཉིལ་མཁར་གཤིགས་ནང་རོལ་འདོན། །དེ་རྣམས་བཟང་བར་བསྟན་པ་པོ། །ཐུར་ལ་འབབ་དང་ཐགས་རིངས་འགྲོ། །བདག་ཉིད་རྟ་ལ་ཞོན་རྒྱུ་པ། །ལྟ་བ་མེད་ན་བཀོལ་མི་བ་། །སྤྱོད་པ་མེད་ན་དབང་མི་འདུས། །གྲུབ་པ་མེད་ན་ལས་མི་འགྲུབ། །དམ་ཚིག་མེད་ན་རང་ཉིད་རླག །རང་ཉམས་མེད་ན་བར་ཆད་འབྱུང་། །གདུང་བ་མེད་ན་འགྲུབ་མི་འགྱུར། །ཐེ་ཙོམ་ཅན་ལ་གྲུབ་པ་མེད། །རྫས་མེད་འཇིག་རྟེན་ཕོ་མོ་ཁྲོ། །བསྙེན་བསྒྲུབ་ནོར་ན་བདག་གཞན་ཕུང་། །དབང་མ་ཐོབ་བར་ཆད་འོང་། །ཆོས་ལ་དབང་ཟོས་རྡོ་རྗེ་དམྱལ། །ར་ཆོད་བྱས་ན་སྲོག་ལ་གཟན། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས།རྟགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །རྣལ་འབྱོར་དངོས་གྲུབ་ཇི་ལྟར་བླང་། །འཇམ་པའི་དབྱངས་ཀྱིས་བཀའ་སྩལ་པ། །བཀྲ་ཤིས་པའི་དུས་དག་ལ། །ཐོད་པ་དམར་སེར་སུམ་གྱིས་དགང་། །འེལ་ཀོན་ཛ་གད་བདུད་རྩི་བླུག །དབང་བཤོས་གལ་ཕྱིས་ཚིམ་བྱེད་དང་། །ཟླ་རྒྱས་ཟླ་ཁྲོམ་མ༷་ས་ལ། །འདོད་ཡོན་བདུད་རྩིར་བྱིན་བརླབས་ལ། །ལྗང་དམར་དར་གྱིས་བཀབ་ལ་བཞག །འཇམ་དཔལགཤིན རྗེའིལྷརྣམས་ནི། །བར་སྣང་དག་ལ་སྤྲིན་དཔུང་བཞིན། །མའདྲེསགཅིག གིངངདུ་རྫོགས། །སྔགས་ཀྱི་འོད་ཟེར་མཆོད་པར་ཕུལ། །རང་སྔགས་སིདྷ་ཀུ་རུ་ཡིས། །ལྷ་རྣམས་སྤྲིན་ལས་ཆར་བྱུང་བཞིན། །ཞུ་སྟེ་དངོས་གྲུབ་རྫས་ལ་ཐིམ། །ལྷ་མཆོད་དུས་དྲུག་དག་ན་བླང་། །ཆས་གོས་བཀྲ་ཤིས་སྨོན་ལམ་རོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། དངོས་གྲུབ་བླང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །བསྙེན་པ་སྐྱེལ་བའི་རྣལ་འབྱོར་པས། །ལུས་ཀྱི་འཁྲུལ་འཁོར་ཇི་ལྟར་ལགས། །ཞི་བའི་རྩ་རྣམས་ཇི་ལྟར་སྦྱང་། །སྔོན་དུ་བཤད་པའི་དམ་ཚིག་དེ། །ཉམས་ན་བཤགས་པ་ཇི་ལྟར་བྱ། །འཇམ་དཔལ་ཁྲོ་བོས་བཀའ་སྩལ་པ། །ཇི་ལྟར་ནོར་བུ་རིན་པོ་ཆེ། །ག་འུའི་ནང་དུ་གཅེས་པར་མ་བྱས་ཏེ། ཤེན་ཏུ་གཅེས་པར་མ་བྱས་ན། །དགོས་པའི་དོན་མཆོག་མི་གཏེར་ཏེ། །ནོར་བུ་དེ་ལ་འཚེ་བ་མང་། །དེ་བཞི་ན་རང་སེམས་རིན་པོ་ཆེ། །གའུ་ལྟ་བུའི་ཕུང་པོ་ལ། །ཉོན་མོངས་ལྔ་ལས་གྱུར་པའི་ནད། །རླུད་མཁྲིས་བད་ཀན་འདུས་པ་རྣམས། །ཕན་བཟའ་གནོད་སྤང་ཁ་ཟས་ཀྱིས། །གའུ་ལྟ་བུ་ཕུང་པོ་མཆོད། །ཁམས་སྙོམས་པའི་སྤྱོད་ལམ་ནི། །ཉལ་དང་ལྡང་དང་འཆག་པ་དང་། །ལུས་སྦྱངས་གནོད་པའི་ཁ་ཟས་སྤངས། །གཉིད་སོགས་ཁམས་དང་སྦྱར་ཏེ་བསྟན། །དེ་ལྟར་བྱས་པའི་ཡོན་ཏན་ནི། །ནད་ཁམས་སྙོམས་ནས་ཕུང་པོ་བདེ། །དེར་རྗེས་འབོལ་བའི་སྟན་ལ་འདུག །ལུས་སེམས་བདེ་བའི་གནས་བྱས་ལ། །ཚིགས་པ་རིན་ཆེན་རྩར་ལ་བརྒྱུས། །བསྲུང་སྟེ་མིག་གི་རྫི་མ་ཕབ། །ལྕེ་ནི་ཡ་རྐན་དག་ལ་བླན། །མཉམ་པའི་སྐྱིལ་མོ་ཀྲུང་དུ་འདུག །དབང་པོ་ལྔ་ཡང་སྒོ་བཀག་ནས། །ནམ་གྱི་ཆ་སྟོད་ཆ་སྨད་ལ། །འབད་དེ་ཡི་དམ་རྒྱུན་དུ་བསྒོམ། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་གསང་བ་སུམ་ཅུའི་རྒྱུད་ལས། སྒོམ་པ་ལུས་ཀྱི་འཁྲུལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་དགུ་བའོ།། །།གཞན་ཡང་རྡོ་རྗེ་སྙིང་པོ་ཉོན། །ཙིསྟ་གུར་ཆེན་སྨུག་པོ་ན། །སྙིང་ལ་ཕྱང་བའི་དྭངས་མ་བཞི། །རྩ་ཡི་འདབ་བརྒྱད་ལྟེ་བར་བཅས། །དྭངས་མ་རྩ་གཉིས་དབུས་ན་གནས། །གཡས་གཡོན་རྩ་གཉིས་སྲོག་འཛིན་རླུད་། །ཡུལ་ཆེན་ལྔ་ནི་ལྷུན་གྲུབ་གནས། །ཨོ་གྱི་འོད་ཟེར་ཡིག་འབྲུ་དཀར། །ཆོས་ཉིད་ཡེ་ཤེས་རང་རྒྱུད་དང་། །ཡོན་ཏན་བདེ་ཆེན་ཡུལ་ལྔ་ཡི། །ཆོས་ཉིད་ཡུལ་ན་རྩ་གསུམ་སྟེ། །དཀར་ལ་ཟླུམ་པའི་ཚུལ་ཉིད་ལ། །མདོ་ན་འོད་ཟེར་སྔོ་ལ་གདངས། །ས་བོན་སུ་ཏྲི་སྙིང་པོ་ཧཱུཾ༷། །ཀུན་གཞི་རྣམ་ཤེས་དེ་ན་རྒྱུ། །ཡི་དྭགས་ལྷ་མིན་སྐྱེ་བྱེད་རྐྱེན། །ཡེ་ཤེས་ཡུལ་ན་རྩ་གཅིག་གནས། །གྲུ་བཞི་མདོ་ན་འོད་ཟེར་སེར། །ས་བོན་ཨ་ནི་སྙིང་པོ་སྭ། །ཡིད་ཀྱི་རྣམ་ཤེས་དེ་ན་རྒྱུ། །ལྷ་དང་མི་ཡི་མཚུངས་ལྡན་ཡོད། །ཡོན་ཏན་རྩ་ནི་རྩ་གསུམ་སྟེ། །མདོ་ན་འོད་དམར་ཟླ་གམ་གྱི། །ས་བོན་པྲི་དུ་སྙིང་པོ་ཨོ། །དེ་ནས་སྒོ་ལྔའི་རྣམ་ཤེས་རྒྱུ། །བྱོལ་སོང་དམྱལ་བའི་མཚུངས་ལྡན་ཡོད། །རང་རྒྱུད་ཡུལ་ན་རྩ་གཅིག་སྟེ། །དྭངས་མའི་འོད་ནི་ལྗང་ཁུ་སྟེ། །དེ་ཡི་མདོ་ན་དམར་ནག་ཨོག་ཤོལ་འདྲ། །དྭངས་མ་ས་བོན་ཧ་དང་ཏ༷། །དམར་ནག་མདོག་ལ་གཏི་མུག་ཉིད། ཁྲེས་པ་གསུམ་ལ་སྙོམས་པར་བྱེད། །དེ་ནི་དབང་པོ་རྟུལ་པོ་ཡིན། །དབུས་ན་བདེ་ཆེན་རྩ་གཅིག་ལ། །ཁྱབ་བྱེད་རླུད་དང་དབུགས་ཀྱི་མདངས། །དེ་ནི་ཡེ་ཤེས་ཐིག་ལེའོ། །རྩ་ལྔ་དབུས་ན་འཇམ་དཔལ་ལྔ། །དྭངས་མ་འོད་ལྔ་ཡུམ་ལྔ་སྟེ། །སྙིང་དང་ལུས་སོགས་དབང་པོ་ལྔ། །རང་བཞིན་ཐིག་ལེ་ལྡན་གྱུར་ན། །བསྐྱེད་ཅིང་འཛིན་པའི་དབང་པོ་གང་ཡིན་ལ། །དེ་ལྟར་ཉམས་པས་དབང་པོ་ལ་སོགས་ལ། །ལས་དང་མཚན་ཉིད་དག་ལ་དམིགས། །འོད་ཀྱི་སྦྱོངས་དང་འཇུ་འདུལ་འཇམ་དཔལ་ཉིད། །ཡེ་ཤེས་ཆོས་ཉིད་སྟོང་པའི་ངང་དུ་བསྟིམ། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། །ཞི་བ་རྩ་གནས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།གཞན་ཡང་རྡོ་རྗེ་སྙིང་པོ་ཉོན། །གོང་དུ་བསྟན་པའི་དམ་ཚིགས་ལ། །དམ་ལས་འདས་ན་ཉམས་པ་ཡིན། །ཉམས་འགྱུར་ཉེས་པ་བརྗོད་མི་ལང་། །བཤགས་པའི་ཐབས་ལ་གསུམ་དུ་ངེས། །ལུས་ཀྱི་ཉེས་པ་དག་ཕྱིར་ན། །ཡི་དམ་ལྷ་སྒོམ་ཚ་ཚྭ་གདབ། །ནིན་མཚན་ཕྱད་པའི་དགེ་བ་བྱ། །མཆོད་སྤྱིན་བྱ་ཞིང་ཉེས་པ་བཤགས། །ངག་གི་ཉེས་པ་བསལ་བའི་ཕྱིར། །སྤྱི་དང་སྒོ་ཡི་ན་རག་གདོན། །འཇམ་དཔལ་མཚན་བརྗོད་བརྒྱ་བ་གདོན། །བཤགས་པའི་དོན་ལ་ནང་ནུབ་བརྩོན། །ཡིད་ཀྱི་ཉེས་པ་༄༅ བསལ་བའི་ཕྱིར། །ཡེ་ཤེས་ལྷ་ཡི་ཏིང་འཛིན་བསྒོམ། །རང་གི་ཉེས་སྐྱོན་བརྟགས་བྱས་ལ། །སྔ་མ་བཤགས་ལ་ཕྱི་མ་སྡོམ། །རྟོག་པ་མེ་ཡིས་བསྲེག་བྱ་ཞིང་། །ཆོས་ཉིད་ཀློང་ལ་མ་ཡེངས་བཞག ཁུན་གྱི་སྤྱོད་ལམ་ཐབས་ཅད་དུ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །ཡན་ལག་མ་ཉམས་བདེ་བར་བཟླས། །ཕྱག་རྒྱ་གསལ་དང་དམིགས་པ་ཐོབ། །ཉལ་ན་ཆོས་ཉིད་དབྱིངས་སུ་ཉལ། །ལྡང་ན་དབྱིངས་ལས་ཤར་དོན་སྤྱོད། །འགྲོ་ན་འགྲོ་བའི་དོན་ལ་བསྐྱོད། །འདུག་ན་རང་སེམས་ལྷ་སྒོམ་ཞིང་། །ཟ་ན་ཚོགས་ཀྱི་འཁོར་ལོ་བསྐོར། །འཐུང་ན་བདུད་རྩི་མཆོད་སྦྱིན་དགྱེ། །བསྐོར་ནི་ཞིང་ཁམས་བདེ་གཤེགས་བསྐོར། །སྣང་བ་ཐམས་ཅད་ཡེ་ཤེས་སྐུ། །གྲགས་པ་ཐམས་ཅད་ཡེ་ཤེས་གསུང་། །དྲན་རྟོག་ཐམས་ཅད་ཡེ་ཤེས་ཐུགས། །སྐུ་གསུང་ཐུགས་ལས་འདའ་མི་བྱ། །སྐད་ཅིག་མ་གཅིག་ལྷར་གསལ་ཀྱང་། །བསྐལ་པ་སྟོང་གི་སྡིག་པ་དག །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། ཉམས་སྒྲིབ་བཤགས་པ་དང་། རྒྱུན་གྱི་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།རྡོ་རྗེ་སྙིང་པོས་ཡང་ཞུས་པ། །ཞིང་བཅུ་གདུག་པ་འདུལ་བའི་ཕྱིར། །འཁོར་ལོ་བསྐོར་དང་ཐུན་སྡེབས་དང་། །བསྲེག་དང་གནན་དང་འབྱུང་བ་བཤིག །ཁྲོ་བོ་ཉིད་ཀྱིས་བཀའ་སྩོལ་ཅིག །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །དུར་ཁྲོད་གདུག་པའི་གནས་དག་ཏུ། །ལྕགས་ཁང་དྲག་པོའི་མཎྜལ་བཞེངས། །རོ་རས་དུག་གི་ཆུས་བྱུགས་ལ། །ཁྲག་ཆེན་ཤ་ཟ་སྒྲོ་ཡི་རྩ་བ་ཡི། །དྲག་པོའི་འཕྲིན་ལས་འཁོར་ལོ་བྱི། །བཅུ་བདུན་ལྕགས་ཁང་བཅུ་དྲུག་བརྩིགས། །མུ་ལ་རྩ་བའི་འབྲུ་ལྔ་དང། །མེ་དབལ་གཤད་ཀྱི་བཅུ་གཉིས་དང་། །ཁ་གནོན་མིང་གི་ཐུན་གྱི་སྔགས། །སྤྱན་དབྱེ་སྙན་བསལ་ཤངས་སྐྲུ་བཏོག །ཞལ་གདངས་ལྗགས་རློབ་བཞེངས་བར་བསམ། །རབ་འཇིགས་མཆེ་བ་གུ་རིངས་ཏེ། །ལྕགས་མཁར་ལ་སོགས་རང་གྲུབ་སྟེ། །ཡི་གེ་གཤེད་བཞི་ཁྲམ་བདག་སྟེ། །ལས་ཀྱི་བདག་པོ་བོས་ལ་བསྟིམ། །ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་རུ་ཎ་ཡོ་ཏ་ཡ། ཡ་ཏ་ཡོ་ན། ར་ཡ་སྟེ་ཡ། ཡ་ཁྲེ་ཡ་སྣྲོ་ནི་རྭ་མ་ར་ཡ། འོད་ཟེར་གཤིན་རྗེའི་གནས་སུ་གཏང་། །ལས་ཀྱི་བདག་པོ་བོད་པར་བྱ། །དགྲ་པོའི་རྫས་ལ་ལིང་ག་བྱ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མུན་ཏ་ཀ །ཀ་ལ་དུ་པ་ཁི་ཨུ་ཀརྙ་ཡ་ནི་ཧཱུཾ༷་ཧཱུཾ༷་ཛ་ཛ། བསྒྲུབ་བྱའི་སྲོག་བཀུག་ལིང་ག་བསྟིམ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་བཱན་ཏ་ཀ་ཀྭ་ལ་དུ་བ་དྲི་དེ་བ་ཨུ་ཀརྙ་ཡ་མ་ཀུ་ཏ་ལ་ཧཱུཾ༷་ཕཊ། གུ་གུལ་དུད་པས་ལྷ་དང་དབྱེ། །ཕུར་པ་གཏོད་པ་ལ་སོགས་བྱ། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། འཁོར་ལོ་བཅའ་གཞི་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།ཉོན་ཅིག་རྡོ་རྗེ་སྙིང་པོ་ཆེ། །རྣམ་ཤེས་བརྒྱད་འཇོམས་ཡ་ཚོགས་བརྒྱད། །ཕྱི་ཡི་འཁོར་ལོར་ཡང་དག་བཤད། །རྣ་ལམ་ཕྱི་ཡིན་བཟློག་པ་ནང་། །བསྣོལ་བ་གསང་བར་ཤེས་པར་བྱ། །སྐྱེ་མཆེད་དུག་ལྔ་འཇོམས་པ་ཡི། །གསང་བའི་རྩ་བ་བཅུ་བདུན་པ། །རྣལ་མ་ཕྱི་ཡིན་བཟློག་པ་ནང་། །ལྷོ་བ་དཀྲུ་གས་པ་གསང་བ་སྟེ། །ནང་གི་འཁོར་ལོར་ཡང་དག་བཤད། །གསང་བའི་ཡི་གེ་འབྲུ་བདུན་པ། །འབྲུ་དེད་གསང་བའི་འཁོར་ལོ་སྟེ། །གཡས་བསྐོར་ཕྱི་ལ་གཡོན་བསྐོར་ནང་། །བསྣོལ་མ་འབྲུ་དེད་གསང་བ་ཡིན། །ནུབ་མོ་འབྲུ་བཞི་འོག་གཅོད་དེ། །དེ་ཡང་གཡས་བསྐོར་གཡོན་བསྐོར་འདྲ། །གསང་བའི་འཁོར་ལོ་ཐམས་ཅད་དྲང་། །བསྐོར་བ་ཤིས་པ་ཕྱི་ཡི་ཕྱི། །དྲིལ་གཏོར་སྔགས་ཀྱི་མཚོན་ཆ་སྟེ། །ཉིན་མོ་དྲིལ་ལས་སྤུ་གྲིས་དགུག །མཚན་མོ་གཏོར་ལ་སྤུ་གྲིས་གསད། །བར་དུ་སྤྱི་རྒྱུད་ཐུན་ལས་བྱ། །བདག་གིས་ཡེ་ཤེས་གཤེད་བཞི་བསྐུལ། །དེས་ནི་འཆི་བདག་གཤེད་བཞི་དང་། །ཁྲམ་བདག་པ་དང་གིང་རྣམས་བསྐུལ། །རྩ་བཞི་གཅད་ལ་ས་བཞི་བྱས། །འབྱུང་བཞི་སྡུད་ཅིང་བདུད་འཇོམས། །མགོ་འཁོར་ཁྲག་སྒྱུག་བརྒྱལ་དང་གསོལ། །ཞེས་གསུངས་སོ། །འཇམ་དཔལ་གཤིན་རྗེ་མན་ངག་གསང་བ་སུམ་ཅུ་པའི་རྒྱུད་ལས། འཁོར་ལོ་བསྐོར་ཐབས་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།གཞན་ཡང་རྡོ་རྗེ་སེམས་དབང་ཉོན། །ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ་མེ་དོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ནི་ར་ཡ་སྟེ་ཡ། །ཡ་སྟེ་ཡསྣྲོ་ནི་རྭ་མ་ཡ། ཉིན་མོ་དྲིལ་ལ་སྐྲུ་གྲིས་དགུག །ཆེ་གེ་མོ་ཨུ་ཀརྙ་ཡ་ཧཱུཾ༷་ཛ།ཏི་ཡ་ནི་ར་མ་ཨུ་ཀརྙ་ཡ་ཧཱུཾ༷་ཛ། ཨུ་ཡུ་རྙོ་ན་ཨུ་ཀརྙ་ཡ་ཧཱུཾ༷་ཛ། རྭ་བ་ཏན་ད་ཨུ་ཀརྙ་ཡ་ཧཱུཾ༷་ཛ། ནུབ་མོ་གཏོར་ལ་སྤུ་གྲིས་གསད། །ཧྲི་ཏི་ཨ་མོ་ཀ༷་པྲ་མ་ཡ་ཧཱུཾ༷་ཕཊ། །རཀྟ་ཙ་ར་ཨོ་ཕཊ། བཱ་ར་ཡ་ཧཱུཾ༷་ཕཊ། ཕྱི་ཡི་ཕྱི་ཡི་གསང་སྔགས་སོ། །ཡ་མ་ར་ནི་ཛ་ཡ་ཀེརྙ་ཡ། ཡ་སྟེ་ཡ་ར་ནི་ཡོ་ཏ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་མེ་ཏོ་ས། ཙ་ར་མ་ཡ། ཕྱི་ཡི་ནང་ནི་གསང་སྔགས་སོ། །ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཡ་མེ་ཏོ་ས་ཙ་ར་མ་ཡ། ཡ་མེ་ཏོ་རུ་ན་ཡོ་ཏ་ཡ། ཡ་ཏ་ཡོ་ན་རུ་ཏོ་མེ་ཡ། ཡ་ཏ་ཡོ་ནི་ར་ཡཀྟ་ཡ། ཡསྟེ་ཡ་ར་ནི་ཡོ་ཏ་ཡ། ཡསྟེ་ཡ་ཛ་ནི། ར་མ་ཡ། ཡ་མ་ར་ནི་ཛ་ཡ་སྟེ་ཡ། ཕྱི་ཡི་གསང་བ་བསད་པའོ། །ནང་གི་རྩ་བ་མི་འགྱུར་བ། །ཡ་མ་མེ་ཏ་སྟེ་ར་ཛ་ས་ཏོ་རུ་ན་ཡོ་ནི་ར་ཡ་ཛ་ནི། ནང་གི་ཕྱི་རུ་ཤེས་པར་བྱ། །ནི་ཡ་ར་ནི་ཡོ་ན་ཏུ་ཏོ་ས་ཙ་ར་སྟེ་ཏ་མེ་མ་ཡ། ནང་གི་ནང་དུ་ཤེས་པར་བྱ། །ཡ་ནི་མ་ཛ་མེ་ཡ་ཏ་ར་ཁྲེ་ནི་ར་ཡོ་ཙ་ན་ས་རུ་ཏོ། ནང་གི་གསང་བ་ཤེས་པར་བྱ། །གསང་བ་བདུན་པ་འབྲུ་དེད་ནི། །ཡ་མ་རྭ་ཛ་ས་ཏོ་མེ། མ་ར་ཙ་ས་ཏོ་མེ་ཡ། ར་ཙ་ས་ཏོ་མེ་ཡ་མ། ཙ་ས་ཏོ་མེ་ཡ་མ་ར། ས་ཏོ་མེ་ཡ་མ་ར་ཛ། ཏོ་མེ་ཡ་མ་རྭ་ཛ་ས། མེ་ཡ་མ་རྭ་ཛ་ས་ཏོ། གསུམ་དང་དེ་བཞིན་འབྲུ་དེད་ཉིད། །མཚན་མོ་འོག་གཅོད་འབྱུང་བཞི་འཇོམས། །ཡ་མ་མེ་ཏ་སྟེ་ཧྲི་ཏི་ཨ་མོ་ཀ༷་པྲ་མ་ཡ་ཧཱུཾ༷་ཕཊ། རྭ་ཛ་ས་ཏོ་སྲི་ཏི་ཨ་མོ་ཀ༷་རག་ཏ་རྭ་ཛ་ཡ་ཧཱུཾ༷་ཕཊ། རུ་ན་ཡོ་ནི། །མུར་ཙ་ཡ་ཧཱུཾ༷་ཕཊ། ར་ཡ་ཛ་ནི་མུ་ར་ཡ་ཧཱུཾ༷་ཕཊ།གསང་བའི་ཕྱི་རུ་ཤེས་པར་བྱ། །གསང་བ་ནང་གི་འབྲུ་འདེད་གཡས། །ཡ་མ་ར་ཡ་ནི་ཛ་ཡ་སྟེ། མ་ར་ནི་ཛ་ཡ་སྟེ་ཡ། ར་ནི་ཛ་ཡ་སྟེ་ཡ་མ། ནི་ཛ་ཡ་སྟེ་མ་ར། ཛ་ཡ་སྟེ་ཡ་མ་རི་ནི། ཡ་སྟེ་ཡ་མ་ར་ནི་ཛ།སྟེ་ཡ་མ་ར་ནི་ཛ་ཡ། གསུམ་དང་དེ་བཞིན་ཤེས་པར་བྱ། །ནུབ་མོ་གཡོན་བསྐོར་འབྱུང་ཞིང་འཇོམས། །ཡ་མ་སྣེ་ཏ་མ་ཧྲི་ཏི་ཀ་པ་ཡེ། པྲ་མ་ཡ་རྦད་ཡ། ར་ནི་ཛ་ཡ་ཧྲི་ཏི་ཀ་པ་ཡེ། མྱ་ར་ཡ་རྦད། གསང་བ་ནང་དུ་ཤེས་པར་བྱ། །གསང་བ་ནང་དུ་བསྐོར་བ་ནི། །འབྲུ་དེད་གཡས་གཡོན་ཉིན་མཚན་འགྲོ། །དེ་ལྟར་ཕྱི་ནང་གསང་དགུ་ཡང་། །བསྐོར་བར་ཤེས་པ་ཕྱི་ཡི་ཕྱི། །མི་སྐོར་བའི་རྣམ་པ་བརྒྱད། །བསོད་ནམས་ཅན་གྱི་རྒྱལ་པོའམ། །ལས་རྣམས་རྟུགས་བའི་རྣལ་འབྱོར་ལས། །གཞན་གྱིས་བྱ་བར་ངས་མ་བཤད། །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། འཁོར་ལོ་སྔགས་བསྟན་པའི་ལེའུ་སྟེ་ཉེར་བཞི་པའོ།། །།གཞན་ཡང་རྡོ་རྗེ་སྙིང་པོ་ཉོན། །འཁོར་ལོ་སྤྱི་རྒྱུག་ཐུན་ལས་ནི། །ཐོད་པ་ཁྲག་སྣ་དུག་སྣལ། །མ་མོ་འབུམ་སྡེ་བསྐྱེད་ཅིང་བསྟིམ། །སྔགས་ཀྱི་བར་དུ་ཐུན་འདི་བརྡེག །ཨོ་ཐྲི་མརྫི་ཡ་མརྙ་ཀ་པེ་ཏ་ལ་ཨེ་ཀ་ཛ་ཏི་ཀྲོ་དྷི་ཤཱ་རི་སྙིང་ཁ་རག་ས་མ་ཡ་ཐུ༷་རིལ་རྦད། ཡ་མ་རྭ་ཛ་ས་ཏོ་མེ་ཡ། ཁྲག་ལ་ཧོ་རུ་མེ། དགྲ་བོ་ཀླད་པ་ལ་ཧེ་རེ་ཧོ་རེ་ཐུམ་རིལ་རྦད། ཡ་མརྙོ་རུ་སྒེ་ཡ་ཏོ་རུ་མེ་ཡ་གློ་སྙིང་ཙིཀྟ་ལ་ཐུན་རྦད་ཡ། འོད་ཟེར་ནད་བླང་ཐུན་ལ་བསྟིམ། །སྐབས་སུ་སྔགས་འདི་ཕུར་པ་གདབ། །ཨོ་ནི་མྱ་ར་ཡ། མ་ར་དུ། ཡ་མ་སྙིང་། ཡ་མ་ཁྲག །ཚལ་པ་བམ་རིལ་དུམ་བུ་དུམ་བུ་གཤིན་རྗེ་ནག་པོ་དུག་ཁུག་མྱ་ར་ཡ་རྦད། ཨོ་ནི་མྱ་ར་ཡ། ཀྲི་ཏ་ཡ་ན་ཏ་ཀྱི་ར་ཙ། པེ་ཏ་ལི་ཀྲོ་དྷི་ཤྭ་རི་སྙིང་མགོ་ཆོད། རྩལ་ཞོས། ཁྲག་ལ་ཆིབ། ཀི་ལི་ཀི་ལ་ཡ་བ༷་རིལ་རྦད། ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། ཐུན་གྱི་ལེའུ་སྟེ་ཉེར་ལྔ་པའོ།། །།གཞན་ཡང་རྡོ་རྗེ་སྙིང་པོ་ཉོན། །སེམས་ཅན་འབྱུང་བ་བཞི་འདུས་ཏེ། །འབྱུང་བ་བཤིག་པའི་འཁོར་ལོ་འདི། །ཀ་ལ་ཙན་ཏྲོཛེ་གདན་དུ་བཤད། །ཞིང་ལྤགས་རོ་རས་དག་ལ་ནི། །གཤེད་པོ་བཞི་བསྣོལ་འཁོར་ལོ་བྲི། །མུ་ལ་མེ་དཔལ་སྤྱི་དང་མཐུན། །ཁ་ནོན་སྐུ་ཡི་སྙིང་པོ་དགོད། །བཙོན་ཁང་མིང་རུས་འབྱུང་བཞི་བྲི། །ཡེ་ཤེས་གཤེད་བཞི་བསྐྱེད་བསྟིམ་མཆོད། །འབྱུང་བའི་འཁོར་ལོ་རང་གཅོད་པས་མ། །ཡ་མ་རྭ་ཛ་ས་ཏོ་མེ་ཡ། ལ༷་ལ༷་སྲ་མ་ཡ་ཧཱུཾ༷་ཕཊ། ཡ་མེ་ཏོ་རུ་ཎ་ཡོ་ཏ་ཡ། ཁ༷་ཁ༷་རཀྟ་ཙ་ར་ཡ། ཡ་ཏ་ཡོ་ནི་ར་ཡ་སྟེ་ཡུ། ར༷་ར༷་མུར་ཙ་ཡ་རྦད་ཡ། ཡ་སྟེ་ཡ་ཛ་ནི་ར་མ་ཡ། ཡ༷་ཡ༷་མྱ་ར་ཡ་རྦད་ཡ། འབྱུང་བ་གཤེད་ཀྱི་སྤུ་གྲི་འདི། ཡེ་ཤེས་བཞི་ཡི་ཁྲོ་བོ་ཡིས། །གནས་བཞི་བདུད་བཞི་སྲོག་ཆགས་གཟུགས། །བུང་བ་སྡོམ་དང་གྱད་དང་སྡིག །འབྱུང་བ་རང་རང་སྙིང་པོ་སྟེ། །ལས་ཀྱི་གཅོང་དུ་འདི་ལ་འདོད། །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། འབྱུང་བཞི་གཤིག་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།གཞན་ཡང་རྡོ་རྗེ་སྙིང་པོ་ཉོན། །ཧོ་མ་ཟུར་གསུམ་ཉི་ཤུ་སོར། །རིམ་གསུམ་དང་པོ་ཐོད་འཕྲེང་སྟེང་། །བར་པ་རྡོ་རྗེ་ཐ་མ་མདའ། །རྒྱ་གྲམ་དབུས་ཏེ་གཞལ་ཡས་དབྱིབས། །ཡམ་ཤིང་དྲག་པ་དམར་ནག་དབྱུག །མཆོད་པ་རྫས་དང་བསྲེག་རྫས་བཤམས། །མེ་ལྷ་ཆོ་ག་དབྱེ་དགུ་རྫོགས། །ཐབ་ཏུ་གཞལ་ཡས་ལྷ་བསྐྱེད་ལ། །མེ་ལ་ཕྱག་ཚང་སྲེག་རྫས་བསྟབ། །སྤྲུལ་བའི་མ་གཤིན་སྔགས་ཀྱིས་དབུལ། །རྡོ་རྗེ་བཅོམ་བསྐུལ་དྲག་ཏུ་བྱ། །བཛྲ་མུ་གྱིས་ལྷ་བཏེག་ལ། །དུག་ལྔ་གཤོམ་པའི་ཁྲོ་བོ་བརྡུང་། །མེ་ལྷ་ཉིད་ལ་གཏང་རག་གཏང་། །ཡེ་ཤེས་ལྷ་རྣམས་གཤེགས་སུ་གསོལ། །ཡ་ཧིས་མེ་ལ་གཤེགས་སུ་གསོལ། །བསྐྱེད་པ་ཐམས་ཅད་བདག་ལ་བསྟིམ། །ཐ་མ་རླུད་ངམ་ཆུ་ལ་དབོ། །དྲག་པོ་ལས་ཀྱི་ཆར་ཀ་ཡིན། །གཞན་ཡང་གནན་པའི་ལས་བྱེད་ལ། །ཐོད་པར་ལིང་ག་འཁོར་ལོ་དྲིལ། །དུར་ཁྲོད་དབྱིངས་སུ་དོང་བྲུས་ལ། །ས་གཞི་གཤག་ཅིང་རྒྱ་མཚོ་དཀྲུབ། །འཆི་བདག་ཕོ་བྲང་གསལ་བྱས་ལ། །རལ་པ་ཚར་དགུ་ལག་ཏུ་གཏད། །དེ་ཡི་སྒོ་སྲུངས་ངན་སོང་གསུམ། །གདུག་པའི་ཕྱག་བརྙན་ཆུ་སྲིན་སྦལ། །ལས་མཁན་གནོད་སྤྱིན་གདོང་དམར་དང། །བློནཔོགཤིནརྗེགླངམགོ་དང་། །སྲིན་པོ་ཨ་རུ་ཨ་ལུག་དང་། །ལྷ་ཆེན་བྱི་ནུ་མགོ་གསུམ་པ། །ཐུགས་རྗེ་སྤྲུལ་བ་ཡུལ་ལ་གཏད། །ས་བཞི་སྒོ་བསྡམ་བྲོ་ཡང་བརྡུང་། །རི་རབ་ལྷ་ཡི་ཕོ་བྲང་གདབ། །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། དྲག་པོ་ལས་ཀྱི་མཇུག་བསྡུ་བའི་ལེའུ་སྟེ་ཉེར་བདུན་པའོ།། །།རྡོ་རྗེ་པོས་ཡང་ཞུསླ་པ། །ཚོགས་དང་ལྷག་མ་ཇི་ལྟར་ལགས། །འཇམ་དབྱངས་ཁྲོ་བོས་བཀའ་སྩལ་པ། །རིན་ཆེན་སྣོད་དུ་ཞལ་ཟས་ལ། །ཧྲི་ཏི་ཨ་སྨི་ཏ་ཡིས་གསང་། །ཧཱུཾ༷་གི་རང་བཞིན་མེད་པར་བསམ། །ཨོ་ལས་བདུད་རྩིའི་རྒྱ་མཚོར་བརླབ། །ཨོ་གྱིས་འདོད་བའི་ཡོན་ཏན་ལྔ་རུ་བསྒྱུར། །རྭ་པ་བཛྲ། གཟུགས་མཛེས་དཀར་མོ་མེ་ལོང་མ། །སསྟ་བཛྲ། ཇོན་མོ་སྙན་པའི་པི་ཝང་སྒྲོག །གརྙེ། སེར་མོ་དྲི་ཞིམ་སྤོས་མེ་འཛིན། །ར་ས་བཛྲ། མར་མེ་རོ་ལྡན་ཞལ་ཟས་ཐོགས། །སྤྲི་རེ་ཤ་བཛྲ། ལྗང་ཁུ་རེག་བྱ་ལྷུབ་ལྷུབ་ཅན། །དྷརྨ་དྷ་དུ་བཛྲ། མཐིང་ཁ་ཆོས་ཉིད་པོ་ཏི་འཛིན། །འདོད་ཡོན་སྤྲུལ་པས་བར་སྣང་གང་། །དཀྱིལ་འཁོར་གསལ་གདབ་སྤྱན་དྲངས་བསྟིམ། །འདོད་ཡོན་ལྷ་མོ་སྤྱི་རུ་དབུལ། །སྐུ་གསུང་ཐུགས་ནི་དོན་མཐུན་ཕྱིར། །དང་པོ་་བསྟོད་ལ་བར་པ་བཤགས། །ཐ་མ་ལིང་ག་བྱས་ནས་ནི། །ཕོ་ཉས་དགག་ཅིང་སྔགས་ཀྱིས་བསྟིམ། །ཕྱོགས་སྐྱོང་ཕུར་བཏབ་རལ་གྲིས་ག་། །དུག་ལྔ་མཆོད་པས་ལྷ་ལ་བསྟིམ། །སངས་རྒྱས་བསོད་ནམས་སྐུ་ཡང་འསྡིག །རོལ་ཅིང་སྨོན་ལམ་གདབ་པར་བྱ། །ལུས་ངག་ཡིད་གསུམ་སྒྲིབ་སྦྱང་ཕྱིར། །གར་དང་ཕྱག་རྒྱ་ཚིག་དང་སྔགས། །ཏིང་འཛིན་དོན་དང་ལྡན་པར་བྱའོ། །དེས་ནི་ཚོགས་ཆེན་རྫོགས་པར་རོལ། །ལྷག་མ་གཏོར་མ་བྱིན་གྱིས་བརླབ། །ཡར་གྱི་ལྷ་རྣམས་སྔགས་ཀྱིས་དབུལ། དགུག་དང་ཟིལ་གནོན་རྫོགས་པ་དང་། །སྤྲུལ་པའི་མཁའ་འགྲོ་རྣམ་གཉིས་དྲུག །ཡེ་ཤེས་དབྱིངས་དང་སྤྲུལ་པ་དང་། ཡོན་ཏན་ཤ་ཟ་ལས་ཀྱི་མ། །དྲུག་མཆོད་རིགས་དབསུམ་ཅུ་མཆོད། །གཤིན་རྗེས་མཆོད་ལ་ཁ་ཆུས་བརྡབ། །མ་མདུན་སྲིང་བཞི་དབངཕྱུག་དང་། །གིང་དང་ཕོ་ཉ་མཆོད་ནས་ནི། །གཏེར་དང་སྲེག་དངཟོར་དུ་བྱ། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། ཚོགས་ལྷག་གི་ལེའུ་སྟེ་ཉིར་བརྒྱད་པའོ། །རྡོ་རྗེ་སྙིང་པོས་ཡང་ཞུས་པ། །སྔོན་བྱུང་ཞི་བའི་འཁོར་ལོ་དེའི། །འཕྲིན་ལས་ལས་རིམ་ཇི་ལྟར་ལགས། །འཇམ་དཔལ་ཁྲོ་བོས་བཀའ་སྩ་ལ་པ། ཆོས་སྐུ་སྐྱེ་མེད་རྣམ་དག་ལས། །སྐྱེ་བའི་ཆོ་འཕྲུལ་འཇམ་དཔལ་སྐུ། །འགྲོ་དོན་ཅིར་མཛད་ཟུག་རྔུ་མེད། །ཡེ་ཤེས་རིག་པ་རང་ལས་ཤར། །དེ་དོན་རྟོགས་པར་བྱ་བའི་ཕྱིར། །ཞི་བའི་ལས་རིམ་རྒྱས་པར་བཤད། །ནུབ་རི་མཐོ་ལ་བྱང་རི་སྐྱོབ། །ཙན་དན་ནགས་ཚལ་མེ་ཏོག་ཆགས། ཁྲར་ལྷོ་དམའ་ཞིང་གཞོལ་བ་དང་། །ཉམས་དགའ་ཕུན་སུམ་ཚོགས་པ་བཙལ། །བླ་མ་གསང་སྔགས་ཆེའི་མཆོག །གདེང་གསུམ་པའི་སློབ་དཔོན་གྱིས། །ཇི་སྐད་སྨྲསཔསྡིབཞིནབྱེད། །སྣོད་དང་ལྡན་པའི་སློབ་མ་བཙལ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །དུས་དང་གཟའ་སྐར་བཟང་ལ་འཇུག །བདུད་རྩི་བུམ་པ་ལྕང་ལོ་སྐུ། བཀྲ་ཤིས་རྫས་དང་དཀར་དམར་ཧཱུཾ༷། ཕྱི་ནངམཆོད་པ་བྷ་ལི་མ་བཤམས། །ཧུ༷།བྱམས་དང་སྙིང་རྗེ་སྨོན་བསྟང་ལ། །ཡང་དག་ཡེ་ཤེས་བློ་ཡིས་ནི། མ་རྟོགས་གོལ་བའི་སེམས་ཅན་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཡང་དག་བདག་མེད་དེ་བཞིན་ཉིད། ཡང་དག་མཐའ་སྟེ་ཡི་གེ་མེད། །དེ་བཞིན་ཉིད་བདག་དག་པའི་བདག །ཆོས་རྣམས་ཀུན་གྱི་སྙིང་པོར་གནས། །སྙིང་རྗེ་ཡིས་ནི་ཡ་ལང་བགོས། །འོད་བཟང་འབར་བ་དཔལ་བེལྭ །ཆོས་རྣམས་སྒྱུ་མར་རིག་པས་ན། །ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་འབྱུང་། །ཨ་ནི་ཡི་གེ་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡེ་ཤེས་དམ་པ་སྟེ། །ཁོང་ནས་དབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །བཛྲ་ཙིསྟ་རྙོ་ན་ཧརྟ་ཨ། གསུམ་རིགས་གཙང་མ་དག་པ་སྟེ། །བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ལ། །ཡེ་ཤེས་མེ་རླུད་ཆུ་ཡིས་སྦྱངས་། སྟེང་འོག་འཁོར་ལོ་པད་མར་གནས། །ར༷་ཡ༷་ཁེ། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །གྲུ་གསུམ་མཐིང་ནག་ཀུན་བཟང་མཁན། །གཞུ་འདྲ་ལྗང་ཁུ་རླུད་སྒྲོལ་མ། །རྒྱ་མཚོ་སྔོ་ཟླུམ་མུ་མ་ཀི །ས་གཞི་མཚོ་ཁྱབ་རིན་པོ་ཆེ། །དཀར་པོ་གྲུ་བཞི་སངས་རྒྱས་སྤྱན། །ཡེ་ཤེས་ལྔ་ལྡན་རི་རབ་བརྟན། །མེ་དམར་གྲུ་གསུམ་གོས་དཀར་པོ། །ཨེ་མཎྜལ། ཡ༷་ཀརྨ་རསྒ་ཧ༷། བ༷་མུ་མ་ཀི་མཎྜལ། སུ་རཏྣ་་ཏིཁྱི་མཎྜལ། ཡ༷་རྙོ་ན་རུ་པ་མཎྜལ། བ༷་བཛྲ་ཛ་ལ་ར༷། དཀྱིལ་འཁོར་ཆེན་པོ་ཡངས་པ་སྟེ། །དེ་བཞིན་ཉིད་ཀྱི་དེ་ཉིད་ནི། །དཔག་ཅིང་གཞལ་བའི་ཚད་ལས་འདས། །དཔག་མེད་རྒྱལ་བའི་ཕོ་བྲང་ཡིན། །དེ་ནས་ཀུན་འཁོར་དེར་གཅིག་གནས། །སྒྱུ༷། དབུས་ན་ཆོས་ཉིད་འཁོར་ལོ་ཟླུམ། །ཐིག་བཞི་འདབ་བརྒྱད་ཁྱམས་དང་ལྡན། ཁྲུ་ཆད་སྒོ་བཞི་རྟ་བབས་ལྡན། །རྡོ་རྗེ་རིན་ཆེན་འཕྲེང་བས་མཛེས། །བྷ༷་བི་ཤྭ་བི་ཤུ་དྷི། རརྣ་པད་མ་རྙོ་ན་མཎྜལ། རྡོ་རྗེ་གདན་་ནི་མ་ལུས་ལྡན། ཆོས་ཉིད་མི་འཇིགས་སྟོང་པའི་སྟོབས། །རིག་པ་རྫུ་འཕྲུལ་ཐོགས་མེད་དབང་། །རང་འབྱུང་དབང་པོ་ཤང་ཤང་དང་། །རིན་པོ་ཆེའི་ཁྲི་རྐཛི་མཛེས། །ཉི་ཟླ་པད་མ་འོད་ཀྱི་གདན། །རརྣ་ད་ར་ཏྲ༷། སི་ང་མ་ཧྭ་བཱ་ལ། ཏིར་ཡང་མ་ཧྭ་བཱ་ལ། སྙོ་ར་མ་ཧྭ་བཱ་ལ། རྡི་བྱི་མ་ཧྭ་བཱ་ལ། པོ་ཤ༷་ཀ་མ་ཧྭ་བཱ་ལ། པད་མ་སུརུ་ཙཎྜ་མཎྜལ། སྟོང་པ་ཉིད་ཀྱི་སྙིང་པོ་ལས། །སྣ་ཚོགས་སྣང་བའི་ཡི་གེར་ཤར། །སུས་ཀྱང་མ་བྱས་རང་བྱུང་བ། །སངས་རྒྱས་ཀུན་གྱི་གསང་ཡང་ཡིན། །ཨ༷་ལ༷། ཧཱུཾ༷་ལ༷་མུ༷། ས་མ༷། ཨ༷་པྱ༷། ཧ་ཏ༷། ཧཱུཾ༷་བྱུ༷། ཧཱུཾ༷་རྐྱེ། ཧཱུཾ༷་བྱུ༷། ཧཱུཾ༷་བྱུ༷། ཧཱུཾ༷་བྱུ༷། ཧཱུཾ༷་བྱུ༷། ཧཱུཾ༷་བྱུ༷། ཧཱུཾ༷་བྱུ༷། ཨ་ཨུ། ཨི་སྙི། ཨུ་སྐྲུ། ཨེ་ཨི། ཕཊ་ཛ། ཕཊ་ཧཱུཾ༷། ཕཊ་བེ། ཕཊ་ཧོ། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །དོན་དམ་རྟགས་དང་འཕྲིན་ལས་ཀྱི། །ཡེ་ཤེས་རིགས་ཀྱི་ཕྱག་མཚན་འབར། །བདེ་གཤེགས་ཐུགས་རྟགས་ཆོ་འཕྲུལ་སྣང་། །ཙ་ཀྲ་བཛྲ། རཏྣ། པདྨ། ཁརྒ་ཨུ་ཏཱ་ལ། པྲསྤྲོ དེ་ནས་རིགས་ལྔ་སྒོ་བའི་བར། །སྔོན་འབྱུང་ཚིག་གིས་གསལ་གདབ་ཅིང་། །བར་བར་སྔགས་བརྗོད་གསལ་བར་བསྐྱེད། །ཨོ་ཛི་ན་ཛིག །ལ༷་ཏེ་ཤ་ར་ཏི། ཧཱུཾ༷་བཛྲ་དྷིག །ཀླུ་དྷ་དུ་ཤྭ་རི། སྭ་རཏྣ་དྷིག །མ༷་མོ་ཧྭ་ར་ཏི། ཨ༷་ཨ་རོ་ལིག །པྱ༷་ར་ག་ར་ཏི། ཧ་པྲ་ཛུ་དྷིག །ཏ༷་བཛྲ་ར་ཏི། ཨོ་པྲ་ཙྭ་ཙྭ་ན་མུར་ཏ་ཡ། དུག་ཚེ་ད། ས་བ་གྱི་ཤྭ་ར། ཨོ་བཛྲ་ཏིསྣ། ཧ་ཙྭ་ན་ཀ་ཡུ། སྒ་ཐྲི་རྭ་ཛ་ཡུ། ཧཱུཾ༷་ལྭ་སེ་ས་མ་ཡ་སྟ༷། ཏྲ༷་ཨ་གར་བྷ་ཡ༷་ཧཱུཾ༷། ཏྲ༷་མྱ་ལེ་ས་མ་ཡ་སྟུ༷། ཧྲི་ཧ་ཧཱུཾ༷་པད་མ་བ་དམ་ཧཱུཾ༷། ཧཱུཾ་གིརྟི་ར་ཧོ་ཧ༷། རྙོ༷་ཀུ་རུ་པ་ན་ཧཱུཾ༷། ཨི་ནིར་ཏེ་ར་ག་ཡ་མི། མེ་དྷ་ར་ནི་ཧཱུཾ༷་གྲྭཧྭ། ཛ་དུ་པྲ་བེ་ཤ་ཧཱུཾ༷། ཐ་ལྷིམ་ནི་ས་ར༷་པ་ཡ། ཧཱུཾ༷་པུཛི་ཨུ་བེ་ཤ་ཡ་་་སུ་ར་ཙ་ཡ། བ༷་དི་པ༷་སུ་ཀི་ནི། མུ༷་ཤི་ཨ་ར༷་པ་ར་ཡ་ཧཱུཾ༷། ཧོ་གན་དྷི་ཙིརྟི་ཧོ། ཧཱུཾ༷་ཧཱུཾ༷་ཧཱུཾ༷་བཛྲ་ཙིསྟ་ཧཱུཾ༷། ཨ་ཨ་བཛྲ་བྷ་ཏྭ་ས་མརྙ་ཨ། ཨོ་མུ་ནེ་ཀྲི་གྲྭ་ཧྭ།ཨོ་མུ་ནེ་བྲ༷་གྲྭ་ཧྭ། ཨོ་མུ་ནེ་སུ༷་གྲྭཧྭ། ཨོ་མུ་ནེ་སྲུང་གྲྭཧྭ། ཨོ་མུ་ནེ་ཡེ་གྲྭ་ཧྭ། ཨོ་བཛྲ་ཡ་མརྙ་ཀྲི་ཏ་ཛ་ཕཊ། བཛྲ་དྷ་ར་མ་ཧྭ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ༷་ཕཊ། བིསྣན་ཏ་ཀྲིད་ཧཱུཾ༷་ཕཊ། རཏྣ་དྷ་ར་མ་ཧྭ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ༷་ཕཊ།ཨོ་པདྨརྙ་ཀྲིད་བ༷་ཕཊ། པདྨ་དྷ་ར་མ་ཧྭ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ༷་ཕཊ། ཨོ་པྲ་ཙྭ་ཏ་ཀྲིད་ཧོ་ཕཊ། ཀརྨ་ན་ར་མ་ཧྭ་ཀྲོ་དྷི་ཤྭ་རི་ཛ་ལ་ནི་ཧཱུཾ༷་ཕཊ། རྒྱལ་བ་རིགས་ལྔ་འཁོར་དང་བཅས། །བཅོམ་ལྡནདེབཞིནགཤེགསཔཀུན། །འགྲོ་བ་སྐྱོབ་ཕྱིར་གཟི་བྱིན་ཆེ། །ཡེ་ཤེས་ལྔ་ཡི་དབང་བསྐུར་ཅིག །ཨོ་མ་ཧྭ་ཤུརྒྱ་ཏ། ཨ་ཏ་རི་ཤ །པྲ་ཏ་བེ་ཤ །ས་མན་ཏ། ཏི་ཏ་ཨ་ནུ་ཏ་ན། ཙྭ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ྅་ཧ༷། ས་རྣམས་ཀུན་གྱི་རྒྱན་དང་ལྡན། །གནས་དལ་མཚམས་བཅད་ཀུན་ཏུ་འོད། །སྒྲིབ་སྦྱང་བཤགས་པ་རྡོ་རྗེའི་འོད། །དམ་བཅའ་བྱིན་དབབ་ནམ་མཁའ་འོད། །མཆོད་པ་བྱིན་བརླབས་བདུད་རྩིའི་འོད། །ཏིང་འཛིན་དལ་བསྐྱེད་རིན་ཆེན་འོད། །སྤྱན་དྲངས་བསྟིམ་ཕྱག་པདྨའི་འོད། །མཆོད་དང་སྨོན་ལམ་ལས་ཀྱི་འོད། །འཛབ་བསྙེན་འཕྲོ་འདུ་མེད་ས། །ཚོགས་ཀྱི་དལ་ནི་དཔེ་ལྡན་ས། །ལྷག་མའི་དཀྱིལ་འཁོར་ཤེས་རབ་འོད། །གཤེགས་བསྡུ་ཐམས་ཅད་མཁྱེན་པའི་ས། །རྫོགས་རིམ་རང་རིག་སྐྱེ་མེད་ས། །བཅུ་གཉིས་སངས་རྒྱས་ས་དང་ལྡན། །གཞུང་དོན་རིགས་ལྔའི་ཡན་ལག་རྫོགས། །སྐུ་བསྐྱེད་རྣམ་པར་སྣང་མཛད་དེ། །དབང་བསྐུར་དྲང་བསྟིམ་མི་བསྐྱོད་པ། །ཕྱི་ནང་མཆོད་པ་རིན་ཆེན་འབྱུང་། །བདུད་རྩི་མྱང་བ་འོད་དཔག་མེད། །འཛབ་བསྐུལ་བསྟོད་པ་དོན་ཡོད་གྲུབ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །གཏིར་གསུམ་བསྲེག་སྦྱངས་ཆོས་ཀྱི་སྐུ། །ཞིང་ཁམས་ལྷར་གསལ་ལོངས་སྤྱོད་རྫོགས། །འགྲོ་དོན་སྤྱན་དྲངས་སྤྲུལ་པའི་སྐུ། །མཆོད་དང་འཛབ་སོགས་བྱང་ཆུབ་སྐུ། །རྫོགས་རིམ་འགྱུར་མེད་རྡོ་རྗེའི་སྐུ། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །གཏི་མུག་བསྲེག་སྦྱང་སྟོང་པ་ཉིད། །འབྱུང་ལྔ་གཞལ་ཡས་མེ་ལོང་ལྟ། །ལྷ་དང་མཉམ་སྦྱོར་མཉམ་པ་ཉིད། །ཕྱག་རྒྱ་མཆོད་སོགས་སོ་སོར་རྟོག །བཟླས་བརྗོད་སྒོམ་སྒྲུབ་བྱ་བ་གྲུབ། །དེ་དོན་ལྡན་ན་རྣལ་འབྱོར་ངེས། །ཞེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། ཞི་བའི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་ཡང་བཀའ་སྩལ། མཐེབ་འཐུབ་ཉི་ཟླའི་དཀྱིལ་འཁོར་ལ། །ཨ་ཡ༷་བསམ་འདས་སེ་གོལ་སྒྲ། །དུས་གསུམ་བདེ་གཤེགས་ཀུན་གྱི་གསན། །ཆོས་ཉིད་ངང་ལས་གླུ་འདིས་བསྐུལ། །སྐྱེ་མེད་རྣམ་དག་རང་བཞིན་དག་པ་ལས། །དུས་གསུམ་བདེ་གཤེགས་འཇམ་དབྱངས་བཞི་བཅུ་གཉིས། །དག་པའི་དོན་ལ་ལོངས་སྤྱོད་རྫོགས་མཛད་ནས། །བཞེས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ལས་བཞེངས། །བཛྲ་ས་མ་ཡ་ཛ། སྙན་གསན་རང་འོད་དལ་དུ་བཞེངས། །འོག་མིན་ལྷུན་གྲུབ་ཕོ་བྲང་ནས། །དུས་གསུམ་བདེ་གཤེགས་འཇམ་དཔལ་བཞི་བཅུ་གཉིས། །ལོངས་སྐུ་མཚན་དང་དཔེ་བྱང་རྫོགས་པའི་སྐུ། །དུས་གསུམ་བདེ་གཤེགས་སྤྱན་འདྲེན་གཤེགས་སུ་གསོལ། །ཐུགས་རྗེ་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་འདྲེན་ན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ། །བདེ་གཤེགས་བཞུགས་ཤིང་རྟོགས་བྲལ་དགེས་པ་བསྐྱེད། །ཨེ་གྱེ་ཧི་བྷ་ག་བན་མ་ཧྭ་ཀྭ་རུ་ཁི་ཀ་ཀྲི་ཤ་ཧོ། ཛ༷༷ཧཱུཾ༷་བ༷་ཧོ།ཕྱག་རྒྱ་བཞི་ཡི་འོད་ཟེར་ལས། །བར་སྣང་མཁའ་ལ་སྤྲིན་ཕུང་བཞིན། །འོད་ཕུང་འདབས་འདྲེས་ཙམ་དུ་དྲངས། །གཉིས་མེད་བསྟིམ་ཞིང་གཞུགས་སུ་གསོལ། །ལྷ་དང་གཉིས་སུ་བདག་མེད་ལ། །རྟོག་པའི་ལུས་ཀྱིས་ཕྱག་ཀྱང་བཙལ། །བདེ་གཤེགས་འོད་ཟེར་ལུས་རྟོག་བཅོམ། །རྣམ་བཞི་དོན་ལྡན་ཕྱག་རྒྱས་མཆོད། །ཀུན་བཟང་དབྱིངས་ནས་མཆོད་པ་སྤྲུལ། །ཆེ་བའི་ཡོན་ཏན་བདུད་རྩིས་མཆོད། །རང་ལས་འོད་བསྡུས་དངོས་གྲུབ་བླང་། །ཧཱུཾ། ཡེ་ཤེས་ཆོས་ཉིད་གང་ཞིང་རྒྱས། །འདོ་ཡོན་དྲུག་གིས་བསམ་པ་གང་། །ཡེ་ཤེས་ལྔ་ཡིས་འདོ་ཟེར་འཕྲོ། །བཱ་ལི་གཏོར་མའི་མཆོད་པ་འབུལ། །མ་ཧྭ་བ་ལིང་ཏ་པུ་ཛ་ཧོ། བདག་དབང་རྡོ་རྗེ་བརྟན་པའི་སྐུ། །ལྔ་རྫོགས་བདེ་བ་གཅིག་ཏུ་འཁྱིལ། །རང་འབྱུང་ལྔ་དང་མཛེས་པའི་རོ། །འཆི་མེད་བདུད་རྩིའི་མཆོད་པ་འབུལ། །པརྩི་ཨ་མྲི་ཏ་པྲུ་ཛ་ཧོ། ཆོས་ཉིད་བདེ་བས་མཛེས་གང་ལ། །ཁམས་གསུམ་བསྒྲལ་བའི་རག་ཏ་ལ། །དངོས་མེད་ཡེ་ཤེས་མཆོད་པར་སྦྱར། །རག་ཏ་ཆགས་པའི་མཆོད་པར་འབུལ། །མ་ཧྭ་རཀྟ་པྲུ་ཛ་ཧོ། ཡེ་ཤེས་རང་གནས་འོད་འབར་ནས། །ཁམས་གསུམ་ཡོངས་སུ་བསྒྲལ་ནས་ཀྱང་། །ལོག་རྟོག་ཆོས་ཉིད་དབྱིངས་སུ་རོལ། །ཁམས་གསུམ་ཡོངས་སྒྲོལ་མཆོད་པར་འབུལ། །སརྦ་ཏ་ཐུ་ག་ཏྭ་རྙོ་ཨ་བེ་ར༷་ར༷་ཨ་ཡ༷་སྤ་ར་ཎ་ཕཊ། སྟ་ན་པྲུ་ཛ་ཧོ། ཐབས་དང་ཤེས་རབ་རོ་མཉམ་གཅིག །ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ། །ཡེ་ཤེས་ཐིག་ལེ་གཅིག་ཏུ་འཁྲིལ། །མ་ཆགས་པདྨ་སྦྱོར་བའི་མཆོད་པར་འབུལ། །ས་མ་ཡ་ཧོ། ས་མ་ཡ་སྟོ༷། ཧཱུཾ༷། ཐབས་དང་ཤེས་རབ་ཆོས་དབྱིངས་ལས། །ལས་ཆེན་སྦྱོར་བའི་ཡུལ་དབང་བསྒྲོལ། །ཏིང་འཛིན་ཤུགས་མཆོད་ཆུ་རྒྱུན་བསྒྱུར། །བྱིན་རླབས་ཤུགས་ལྡན་མཆོད་པས་མཆོད། །ཕྱོགས་བཅུ་མ་ལུས་བདེ་གཤེགས་ཞིང་། །སྣ་ཚོགས་རིན་ཆེན་མཛེས་པའི་འོད། །མཉེན་འཇམ་རེག་བྱ་བདེ་བའི་མཆོག །ལྷ་མོ་བསམ་ཡས་བྲོ་གར་གླུ། །དབྱིབས་ལེགས་མདོག་སྡུག་སྒྲ་དབྱངས་ལྡན། །རོལ་མོ་སིལ་སྙན་འཕན་གདུགས་དང་། །བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། །རིན་ཆེན་འདོད་ཡོན་སྣ་ཚོགས་བསྣམས། །སེམས་ལས་དབང་བསྒྱུར་ཐབས་ལམ་པས། །ཆོས་ཀྱི་དབྱིངས་ནས་རང་སྤྲུལ་ནས། །རིག་པའི་རང་དབང་རྒྱུན་མི་འཆད། །ཚངས་པའི་གནས་སུ་མཆོད་རྒྱུན་ཁྱིལ། །བདག་ཉིད་བདག་ལ་རོལ་ཞིང་མཆོད། །སྐྱེ་བ་མེད་པའི་དབྱིངས་སུ་ཐིམ། །ཡེ་ཤེས་གླུ་དང་རོལ་མོས་མཆོད། །ལྷ་དང་བདག་ཉིད་རྫས་རྣམས་དང་། །ཀུན་ཀྱང་བྱང་ཆུབ་སེམས་ཉིད་ཡིན། །སྨོན་ལམ་ཡེ་ཤེས་རྒྱ་མཚོར་བརླབ། །གཉིས་མེད་བསྒྲུབས་ལ་འགྲོ་དོན་བཤད། །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། ཡེ་ཤེས་ཀྱི་དལ་སྤྱན་དྲང་ཞིང་མཆོད་པའི་ལེའུ་སྟེ་སུམ་ཅུ་པའོ།། །།རྡོ་རྗེ་སྙིང་པོས་ཡངཞུསཔ། གཤིནདོནརྣམ་པ་ཇི་ལྟར་ལགས། །རང་བྱུང་བདུད་རྩི་ཇི་ལྟར་བསྒྲུབ། །འཇམ་དཔལ་ཁྲོ་བོས་བཀའ་སྩལ་པ། །གཤིན་དོན་རྣམ་པ་གསུམ་དུ་བསྟན། །སེམས་སྦྱང་ལུས་སྦྱང་ཚ་ཚྭའོ། །སེམས་སྦྱང་དཀྱིལ་འཁོར་དགུ་དང་ལྡན། །གཟུགས་བརྙན་དཀྱིལ་འཁོར་བསོད་ནམས་གཏོར། །གཤེད་ལྕགས་དྲུག་པོ་རྒྱུད་དྲུག་བསྒྲལ། །རྡོ་རྗེ་དབྱིངས་དང་ལམ་ལྔ་བགྲོད། །བགྲོད་པ་དབང་དང་མཐར་ཕྱིན་བསྲེག །འགྲོ་བའི་དོན་ལ་སྐུལ་བའོ། །གཟུགས་བརྙན་རྡུལ་ཚོན་བུམ་པ་དང་། །མེ་ལོང་དམར་ནག་ལྡིང་བུ་དང་། །མདའ་གཞུ་ཞི་བའི་དཀྱིལ་འཁོར་རོ། །དྲི་མ་བཅའ་བ་སྤྱི་རྒྱུ་ཤེས། །བསོད་ནམས་སྦྱིན་གཏོར་དགེ་བའི་ལས། །འདས་དང་མ་འདས་མཆོད་པའོ། །གཤེད་ལྕགས་ཁྲོ་བོས་བརྟུལ་བ་སྟེ། །ཕུར་ཐུན་བསྟབས་དང་བསྲེག་པར་བྱ། །རྒྱུད་དྲུག་སྒྲལ་བའི་དཀྱིལ་འཁོར་ལ། །ངན་སོང་གནས་སུ་དུག་སྦྱང་ཞིང་། །མི་ཡུལ་ཟས་གཏད་བསོད་ནམས་ཚོགས། །ལྷ་ཡི་གནས་སུ་ཕན་པའི་དབང་། །དེ་བཞིན་ནུས་པའི་དབང་ཡང་བསྐུར། །རྡོ་རྗེ་དབྱིངས་ནི་ཞི་ཁྲོ་ཡི། །དཀྱིལ་འཁོར་གཉིས་པོ་བསྐྱེད་ཅིང་སྦྱང་། ཁུད་དྲུག་སེམས་བཀུག་ལུས་ལ་བསྟིམ། །འཛབ་ཀྱིས་བག་ཆགས་སྒྲིབ་པ་སྦྱངས། །སྐྱེ་བའི་རྒྱུན་ནི་གཅད་པར་བྱ། །ལམ་ལྔ་བགྲོད་པའི་དཀྱིལ་འཁོར་ལ། །ཁྲོ་བོའི་དལ་ལ་གསོལ་གདབ་འཇུག །ཡེ་ཤེས་འོད་ཀྱི་ལུས་རྟོག་སྦྱང་། །རིམ་པར་སྐོར་ཞིང་བྱིན་བརླབས་ཏེ། །འབྱུང་བའི་སྒོདགགཚོགསལམནོན། །བུམ་པར་ཞི་ཁྲོ་གཉིས་ལ་བསྟོད། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །མཉམ་པར་སྦྱོར་ཏེ་སྦྱོར་ལམ་ནོན། །ཐབས་དང་ཤེས་རབ་མདའ་གཞུ་ཡིས། ཁྲེས་བྱའི་སྒྲིབ་སྦྱང་མེ་ལོང་བསྟན། །ཆོས་རྣམས་རང་གསལ་སེམས་ཀྱི་དོན། །རྡོ་རྗེ་ལྟ་བུའི་མཐོང་ལམ་ནོན། །མེད་རྩ་ཨ་ཡ༷་ཞི་པར་སྤར། །གསོལ་གདབ་རིམ་འཇུག་གཙོ་བོ་ཡི། །མཁའ་གསང་དབྱིངས་ནས་སྲས་སུ་བསྐྱེད། །ཞི་ཁྲོ་རྫོགས་པའི་དབང་ཡང་བསྐུར། །ས་བཅུ་བགྲོད་དེ་སྒོམ་པའི་ལམ། །དམར་པོ་དར་ལ་སེམས་ངོ་བསྟན། །མཐིང་ནག་ལ་བཟླ་བྱང་བུ་བསྲེག །བསྐྱེད་རྫོགས་གསུམ་གྱི་སྨོན་ལམ་གདབ། །འགྲོ་དོན་དབྱིངས་ལ་སྐུར་བཞེངས་ལ། །ཕྱག་རྒྱས་སྤྱན་དྲངས་བརྒྱད་ཀྱིས་མཆོད། །རྡོ་རྗེ་འཆང་གི་ས་ལ་བསྟན། །སེམས་སྦྱངས་རིམ་པ་རྫོགས་པར་བཤད། །ལུས་སྦྱངས་རོ་བསྲེག་ཆོ་ག་ནི། །བརྟུལ་ཞུགས་སྤྱོད་པས་རོ་ལངས་ལ། །ཁྲོ་བོས་དྲག་པོ་གཤེད་དང་དབྲལ། །དྲི་ཡིས་བྱུགས་ལ་རས་ཀྱིས་གྲིལ། །གནས་རྣམས་ཞུགས་མར་སྡོང་བུ་དང་། །ཁམས་དང་སྐྱེ་མཆེད་དག་འགྱུར་བྲི། །ཞུགས་མར་རོལ་མོས་སྣ་དྲངས་ལ། །དཀྱིལ་འཁོར་བསྐོར་ལ་དབུས་སུ་བཞག །མཆོད་རྫས་བཤམས་ལ་འཇམ་དཔལ་གྱི། །དཀྱིལ་འཁོར་གཉིས་པོ་བསྐྱེད་ལ་སྦྱང་། །སྡོང་པོ་རྣམས་ལ་ཞུགས་སྦར་ལ། །འཇམ་དཔལ་ཞི་བའི་ལྷ་ལ་བཏབ། །བསྲེག་ཁང་བརྩིགས་ལ་མེ་ལྷ་བསྐྱེད། །ཞི་ཁྲེའི་ལྷ་ལ་རྟོག་པ་དབུལ། །དཀར་བྱང་བླ་མའི་ཕྱག་ཏུ་དབུལ། །ནག་བྱང་མེ་ལ་བསྲེག་པར་བྱ། །རྣམ་གསུམ་སྨོན་ལམ་རྒྱ་ཆེན་གདབ། །ལུས་སྦྱང་སྒྲིབ་པ་རྫོགས་པར་བཤད། །ཚ་ཚྭ་གསོན་དོན་གཤིན་དོན་གཉིས། །བསོད་ནམས་བདག་གཞན་ཐུན་མོང་སྟེ། །བདག་དོན་ལྷ་དང་ཆོས་ཉིད་རྟོག །ཐུན་མོང་ཞི་རྒྱས་དབང་དྲག་སྟེ། །གཤིན་དོན་ངན་སོང་རྣམ་གསུམ་སྦྱང་། །ལྟ་བས་གཏན་ཕབ་ལྷ་བསྒོམ་ལ། །རུས་པ་སྒྲིབ་སྦྱང་རྣམ་ཤེས་བསྡུ། །ཡུམ་ལྔ་འབྱུང་བ་བྱིན་གྱིས་བརླབས། །ཨ་ལས་སྐོར་ཕོར་སྣང་སྟོང་མེད། །གང་རེག་ཡེ་ཤེས་མཎྜལ། །ཀུན་དང་ཆོས་སྐུ་ཕྱག་རྒྱ་ཆེ། །རྒྱུ་འབྲས་ཆོས་རྫོགས་གཞལ་ཡས་སུ། །ཞི་ཁྲོ་ལྷ་བསྐྱེད་སྤྱན་དྲང་མཆོད། །རྣམ་ཤེས་སྐུ་བསྟན་ཐུགས་ཁར་བསྟིམ། །བསྟོད་ཅིང་སྨོན་ལམ་རྟགས་པར་བཞུགས། །ཚ་ཚྭའི་ལས་རིམ་རྫོགས་པར་བཤད། །རང་བྱུང་བདུད་རྩིའི་དངོས་གྲུབ་ནི། །དང་པོ་ཁྲོ་བོ་བར་ཆད་བརྟུལ། །ཞི་བའི་དཀྱིལ་འཁོར་བཞེངས་གསོལ་ལ། །རིགས་སུ་གྱུར་པའི་ཐོད་པ་ལྔ། །རིགས་མཐུན་སྨན་ལ་ཕྱག་རྒྱུ་དགོད། །སྲུངས་མ་བོས་མཆོད་བསྟིམ་ཐོག་གཞོམ། །ཞི་ཁྲོ་འཕྲིན་ལས་ཁྲོལ་བུ་སྦྱང་། །ཉེ་བའི་བསྙེན་པོ་དེ་རྫོགས་ནས། །བདུད་རྩི་འཁྲིལ་པས་བརྟག་བཙག་སྦྱང་། །རིགས་ལྔའི་འཕྲོ་འདུས་ཕྱེ་མ་སྦྱང་། །སྨན་རྣམས་བསྡུས་ལ་མདངས་གདོན་ཞིང་། །ཁྲོ་བོ་འབར་བའི་དཀྱིལ་འཁོར་དུ། །ཨ་གྲོ་གར་གྱི་བྲོག་དུངས་ལ། །དགུ་པའི་སྔགས་ཀྱི་གོང་བུ་སྦྱང་། །རྟ་མགྲིན་དབང་གི་དཀྱིལ་འཁོར་དུ། །དབང་བསྐུར་དབང་གྲུབ་བླང་བར་བྱ། །བདེ་གཤེགས་མཆོད་ལ་རང་ཉིད་བཟའ། །སྨན་རྣམས་དམ་རྫས་སྣ་རེ་ལ། །ཡོན་ཏན་བསམ་གྱིས་མི་ཁྱབ་པས། །དངོས་གྲུབ་ཁྱད་པར་ཅན་དག་ཐོབ། །ཅེས་གསུངས་སོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། གཞན་དོན་རྣམ་པ་གསུམ་དང་། །རང་བྱུང་བདུད་རྩིའི་དངོས་གྲུབ་བསྒྲུབ་པའི་ལེའུ་སྟེ་སུམ་ཅུ་སོ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ལ་རྒྱུད་གཏད་པ་འདི་གསུངས་སོ། །ཨེ་མ་ཧོ། སྐྱོན་མེད་རྣམས་དག་ཆོས་ཀྱི་དབྱིངས། །རང་བཞིན་གདོད་ནས་དག་པ་ལ། །ངོ་བོ་རོལ་པ་འགག་མེད་དུ། །ལོངས་སྤྱོད་རྫོགས་པའི་སྐུ་རུ་ཤར། །ཐུགས་རྗེས་འགྲོ་བ་དྲང་བའི་ཕྱིར། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱང་བསྟན། །ཀུན་ཀྱང་དྲང་བའི་ཐབས་ཡིན་ཏེ། །བདེ་གཤེགས་ཐུགས་ཀྱིས་འདུལ་བའི་ཐབས། །བདེ་གཤེགས་ཐུགས་ཀྱི་གསང་བརྟོལ་བ། །གསང་སྔགས་བསྐྱེད་རྫོགས་ཐབས་ལམ་གྲོལ། །སྒྱུ་འབྲུལ་དྲུ་བས་མངོན་རྫོགས་པའི། །བྱང་ཆུབ་ཐོབ་པའི་དོན་ཆེན་ཏེ། །གསང་དོན་གསང་བ་སུམ་ཅུར་ལྡན། །ལྷ་སྤྱོད་དཀྱིལ་འཁོར་དམ་ཚིགདབང། །ཀུན་ཚང་འབྲེལ་བས་མན་ངག་རྒྱུད། །འཁོར་གྱི་དང་པོ་ཁྱོད་ལ་གཏད། ཁྲེས་རབ་རིག་པའི་རྩལ་གྱིས་ལོང་། །ཆགས་པའི་བསམ་པ་བརྟན་པོ་བཟུང་། །གསང་སྔགས་ངེས་དོན་དམ་པ་འདི། །ཟབ་མོ་ངེས་པར་འབྱུང་བའི་དུས། །སྤྲུལ་སྐུ་མྱ་ངན་འདས་འོག་ཏུ། ཁྲཀྱ་དགེ་སློང་སྐལ་ཅན་ནི། །ལྔ་བརྒྱ་ཕྲག་བཅུའི་དང་པོ་ལ། །ལྷོ་ནུབ་སྲིན་པོའི་གྱད་ཡུལ་འབྱུང་། །དེ་ལ་བསྟན་པའི་ཆར་པ་ཕབ། །མཚན་དོན་གསུམ་དང་ལྡན་པ་དེས། །གཡུ་འོད་གླིང་དུ་གྲགས་པར་ངེས། །དེ་ཕྱིར་གསང་བའི་རྒྱུད་དོན་གཏད། །ཅེས་གསུངས་པ་ལ་འཁོར་རྗེས་སུ་ཡི་རང་ཞིང་བསྟོད་དོ། །འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད་ལས། གདམས་ཤིང་གཏད་པའི་ལེའུ་སུམ་ཅུ་གཉིས་པའོ།། །།འཕགས་པ་འཇམ་དཔལ་མན་ངག་གསང་བ་སུམ་ཅུ་པའི་རྒྱུད་ལས། སྒྱུ་འཕྲུལ་དྭ་བའི་བཀའ་བ་་ངངང་འ་་་ང་་ང་ཚངང་གཅད་པའ་ལས་ཐག་ཞ་ཁྲའ་རྟག་པ་དང་བཅས་པ་རྫགས་ས།། །།རྒྱ་གར་གྱ་སྔགས་འཆང་ཁྲག་འཐུང་ནག་པ་དང་། བད་ཀྱ་ལ་ ་བ་གནུབས་སངས་རྒྱས་ཀྱས་བསྒྱུར་ཅང་ཞུས་ཏ་གཏན་ལ་ཕབ་པའོ