Ngb-pt-0584-vol-06-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

སྦས་རྒྱ། དམ་རྒྱའོ།། །། རྒྱ་གར་སྐད་དུ། བུརྙ་དྷརྨ། བོད་སྐད་དུ། སངས་རྒྱས་ཀྱི་ཆོས་ཚིག །དེ་ནས་ཚེ་ལོ་སྟོང་ཚོའི་དུས། །སོག་པོ་གཡུ་ཡི་གནས་མཆོག་ཏུ། །བྱང་ཆུབ་སྙིང་པོའི་ཤིང་ལ་བརྟེན། །བརྩེགས་པ་བློ་གྲོས་བྱ་བར་སྐྱེས། །ལོ་ནི་བརྒྱ་དང་ཉི་ཤུ་མྲ །བྱང་སེམས་དཔག་མེད་འཁོར་གྱིས་བསྐོར། །ཀུན་བྱེད་རྒྱལ་པོ་ཁུ་བྱུག་རོལ། །ཆོས་སྡེ་མང་དུ་གསུངས་ནས་ཀྱང་། །རྒྱལ་པོ་ཛུ་ཡི་ཁང་བཟངས་ཀྱི། །བྱང་གི་ཕྱོགས་སུ་མྱ་ངན་འདས། །ཛ་ཡི་ཁང་སྟེངས་ཞག་བདུན་དུ། །དམ་པ་ཆོས་ཀྱི་ཆར་པ་བབ། །རྒྱལ་པོ་དགྱེས་ཏེ་གསོལ་བ་བཏབ། །གཟི་ཡི་ཕྱག་རྡོར་གྲུ་གང་བ། །ནམ་མཁའ་དབྱིངས་ནས་འདི་སྐད་གསུངས། །ཀྱེ་ཀྱེ་རྒྱལ་པོ་ཆེན་པོ་ཉོན། །ཆོས་རྣམས་རང་བཞིན་བདག་མེད་པས། །དངོས་པོ་མེད་པའི་འདུ་ཤེས་བསྒོམ། །ཆོས་རྣམས་དངོས་པོར་གཟུང་མེད་པས། །གཟུང་འཛིན་མེད་པའི་འདུ་ཤེས་བསྒོམ། །ཆོས་རྣམས་རང་བཞིན་ལྷར་མེད་པས། །གསལ་སྟོང་དག་པའི་འདུ་ཤེས་བསྒོམ། །ཆོས་རྣམས་རང་བཞིན་བསྒོམ་མེད་པས། །དམིགས་གཏད་བྲལ་བའི་འདུ་ཤེས་བསྒོམ། །ཆོས་རྣམས་རང་བཞིན་ཕྱོགས་མེད་པས། །བློ་འཛིན་དག་པའི་འདུ་ཤེས་བསྒོམ། །ཆོས་རྣམསརངབཞིནརྒྱུསམེདཔ། །བྱ་བཙལ་བྲལ་བའི་འདུ་ཤེས་བསྒོམ། །དེ་སྐད་ཞལ་ཆེམས་བཞི་པ་བབ། །རྒྱལ་པོ་གཟུང་འཛིན་རང་སར་གྲོལ། །གསེར་འོད་བརྩེགས་པ་བློ་གྲོས་ཀྱིས། །ཞལ་ཆེམས་རྡོ་རྗེའི་ཚིག་དྲུག་གསུངས། །སྐལ་ལྡན་བུ་ལ་རིམས་ཀྱིས་གཏད་དོ། །སྔགས་ཀྱི་སྲུངས་མས་འདི་སྲུངས་ཅིག །པྱ་མྱ་ཡ།། །།རྒྱ་གར་སྐད་དུ། ས་ཐ་ཏ་ཐུ་བྷ་བྷ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་བཅུད། ཚེ་ལོ་ལྔ་བརྒྱ་པ་ཡི་ཚེ། །བྱ་རྒོད་སྐྲུངས་པའི་རི་བོ་མྲ །སྟོན་པ་འོད་སྲུངས་བགྲེས་པོ་