Ngb-pt-0378-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

བཞི་མཚམས་བརྒྱད་སྟེང་འོག་ཟླ་གམ་དཀྱིལ་འཁོར་ནས། ཁྲུབ་པའི་མ་བརྒྱད་དབང་མཆོག་ཁྱོད་ལ་སྤྱིན། །འབར་བའི་བར་ཁྱམས་བརྒྱད་གྱི་དཀྱིལ་འཁོར་ནས། །ཡང་སྤྲུལ་བརྒྱད་ཀྱི་དབང་མཆོག་ཁྱོད་ལ་སྦྱིན། །སྒོ་བཞི་རྡོ་རྗེའི་བྲག་གི་དཀྱིལ་འཁོར་ནས། །འཇུག་པའི་སྒོ་བཞིའི་དབང་མཆོག་ཁྱོད་ལ་སྤྱིན། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་དཀྱིལ་འཁོར་བསྡུའོ། །རྫོག་སོ།། །། ་། དཔལ་ཞོ་མཆོག་ཧེ་རུ་ཀ་ལ་ཕྱག་འ་་ལོ། །འད་དང་མ་བྱོན་དུ་ཉིད་ན། །ལྕང་ལོ་བ་གྱི་ཕོ་བྲང་དུ། །འཇིག་བྱེད་ཞོ་པོའི་སྐུ་ཅིར་ཡང་སྣང་བ་གནོད་སྤྱིན་འདུལ་བའི་རྩེ་ལ། དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་དང་ལྡན་ཏེ། ཡེ་ཤེས་དགུའི་དབུ་དང་། སྟོང་པ་བཅོ་བརྒྱད་ཀྱི་ཕྱག་དང་། ཐར་པ་བརྒྱད་ཀྱི་ཞབས་སུ་ལྡན་ཏེ། གྱད་དང་བརྗིད་པའི་ཚུམ་དུ་བཞུགས་སོ། །གནོད་སྤྱིན་ལྷའི་འདུན་ས་ཕྱི་ཤོའི་འཁོར་ལ། བཀའ་སྡོད་གོ་པོ། རྒྱ་གྲམ་འབར་བའི་གདན་ལ་མི་འཇིགས་པ་གསུམ་དང་བཅས་ནས། མི་ལྡོན་པར་རྟོག་པའི་ཚུལ་གྱིས། བསྡུ་བ་ཞོ་པོ་གཝ་དོན་དུ་མཛད་པའོ། །མཁའ་ལྔ་དབུས་ཀྱི་གཏིང་ཁུང་དུ་བསྡུས་ཏེ། འབར་བའི་རྭལྔལ། མུཏིགའབརབསའདྲིལ་བ། རླུ་་ནག་ཟླ་གམ་ལ། སྨིན་པ་གོ་པོས་བརྒྱན་པ་ཁྱམས་བཞི་འཁོར་ལོའི་ཚུམ་དུ་དབྱིངས་སུ་དྲིལ་བ། སྤངས་པ་ཐམས་ཅད་ཀྱི་ཕོ་བྲང་། ཐུན་མོང་མ་ཡིན་པར་འབྲེལ་ཏེ་བདེ་བ་ཆེན་པོའི་གནས་པའོ། །སྤྲུལ་པའི་ཆ་བྱད་མང་པོ་དང་བཅས་པ། མི་འགྱུར་བ་ཡབ་ཡུམ་ལ། ཤུགས་འགྲོ་ལྔ་ཡི་མདངས་ཀྱིས་བརྒྱན། །མི་འགྱུར་ཐིག་ལེའི་འོད་ཀྱིས་མཛེས། །རྡོ་རྗེ་འབར་བའི་བཞི་རུ་ལྡན། ཁྲེས་པ་བརྒྱད་ཀྱི་རྟེན་དུ་གནས། །བཞད་པར་བྱེད་པའི་འོད་དུ་འབར། །དྭངས་མ་ཡུལ་གྱི་མཁའ་འགྲོ་རྣམས། །ཉེ་བའི་འཁོར་དུ་གནས་པའོ། །བསྐྱེད་དང་རྫོགས་པའི་མཁའ་འགྲོ་ནི། །བསྐྱོད་དང་སྨིན་པས་འདེགས་པར་བྱེད། །ཟ་བྱེད་བདུན་གྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་ཀྱི་མཐའ་བརྒྱ་ཅན། །བདུད་རྩི་བབ་ཀྱི་མཁའ་འགྲོ་དྲུག །རྩེ་དང་སྐྱོབ་པ་བརྒྱད་དུ་ལྡན། །ལས་བྱེད་བཅུ་གཉིས་བརྒྱད་ཀྱིས་བསྐོར། །སྐུ་ཡི་མ་དང་གསུང་གི་སྲིང་། །ཐུགས་ནི་ཆོ་འཕྲུལ་ལྡན་པའོ། །བཤད་པ་བཞི་གཉིས་དུས་བཞིར་བཅས། །ཚངས་ཆེན་ལྷ་ཡི་ཚུལ་ཁྲིམས་ཅན། །གནམ་གྱི་དཀར་པོ་ཐུགས་རྗེ་ཅན། །བརྒྱ་བྱིན་སེར་སྐྱ་ཡོན་ཏན་མཛོད། །སྒྲིང་གི་རི་ཏི་མཚན་བཞིར་ལྡན། །འཁོར་ལོ་ཁྱབ་འཇུག་སྐྲུ་གྲི་བསྣམས། །སྟོབས་བཟང་ཆེན་པོ་གནོད་སྦྱིན་འཇོམས། །སྐོས་རྗེ་འཕྲུལ་གྱི་མེ་ལོང་འཕྱར། །བདུད་ཀྱི་རྒྱལ་པོ་སྲིད་པ་ཤིག །འབྱུང་རིངས་སྐྲུན་དགུའི་ཆོ་འཕྲུལ་འགྱེད། །ཕག་ཆེན་པོ་ནི་བརྟུལ་ཞུགས་ལྡན། །ཕུང་བྱེད་བདུན་ཀྱི་སྲིང་མོ་འདུལ། །ནོར་བདག་ཆེན་པོ་ནེའུ་ལེ་བསྣམས། །རྒྱལ་ཆེན་བཞི་ནི་དམག་དཔོནམཛོད། །གཤིནརྗེརྭཏྲ་འཁོར་རྣམས་བསྡུས། །གིང་དང་བསེ་ཡི་སྐྱེ་ས་བསྟན། །བདུད་དང་གཤིན་རྗེའི་མ་རུ་ཙེ། །དེ་ལྟ་བུ་ཡི་འཁོར་ཚོག་དང་། །རང་བཞིན་ཐབས་གཅིག་བཞུག་པའི་ཚེ། །རང་བཞིན་འཁོར་ནི་ཤུག་ཀྱིས་འདུལ། །ལས་ཀྱི་འཁོར་ནི་སྤྲུལ་པས་འདུལ། །སྲུང་བྱེད་འཁོར་ནི་ཐབས་ཀྱིས་འདུལ། །སྒྲོལ་བྱེད་འཁོར་ནི་མཛད་པས་འདུལ། །ཐབས་ཀྱི་འཁོར་ནི་རོལ་པས་འདུལ། །དེ་ཡི་འདུལ་ཐབས་འདི་ལྟ་སྟེ། །སྐྱེ་མེད་མི་གཡོ་ཆོས་ཀྱི་དབྱིངས། །རང་བཞིན་ཤུགས་ཀྱིས་འདུལ་ཐབས་སོ། །སྣང་སྲིད་རིག་པའི་ཆོ་འཕྲུལ་གྱིས། །སྙིགས་མའི་མ་མོ་འཇིག་པར་འགྱུར། །གཉིས་མེད་སྲས་ཀྱིས་རོལ་པ་ཡིས། །སྐུ་གསུང་ཐུགས་ཀྱི་མ་མོ་འཇིག །རིག་པ་གར་ཐབས་སྣ་ཚོགས་ཀྱི། །བཤན་པའི་དཔུང་རྣམས་འཇོམས་པའི་དཔལ། །མངོན་སྤྱོད་རིག་པའི་བརྟུལ་ཞུགས་ཀྱིས། །སྲིད་པའི་ཕོ་རྒྱུད་མཚན་མར་འཇོམས། །འདུལ་ཐབས་ལྔ་ལས་ཡེ་ཤེས་ཤར། །གསལ་ལ་མི་རྟོག་ཡེ་ཤེས་དང་། །མཉམ་ལ་མ་འདྲེས་ཡེ་ཤེས་དང་། །བྱེ་བྲག་འབྱེད་པའི་ཡེ་ཤེས་དང་། །ཕྲིན་ལས་རྫོགས་པའི་ཡེ་ཤེས་དང་། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་དང་། །འཁོར་ལས་འཕྲུལ་པ་འདི་ལྟ་སྟེ། །དང་པོ་ལྷ་དང་གཉིས་པ་མི། །གསུམ་པ་ཡི་དྭགས་ཡིན་པ་སྟེ། །བཞི་པ་བྱོལ་སོང་གནས་རིགས་ལ། །ལྔ་པ་དམྱལ་བའི་འཁྲུལ་འཁོར་ལའོ། །རྟོགས་པའི་ས་རྣམས་འདི་ལྟ་སྟེ། །ཐ་མ་བསྒྲལ་བས་དང་པོ་སྟེ། །ཀུན་ཏུ་འོད་དུ་ཤར་བའོ། །བཞི་པ་གཉིས་པའི་དོན་དུའོ། །པདྨ་ཅན་དུ་སྣང་བའོ། །གསུམ་པ་གནས་སུ་གྲོལ་བའོ། །འཁོར་ལོ་ཚོགས་ཆེན་དོན་དུ་ལྡན། །གཉིས་པ་དག་པ་བཞི་པ་ལ། །ཡེ་ཤེས་བླ་མ་ནོན་པའོ། །གཅིག་ལ་ལྔ་ཡི་དོན་དུ་སྟེ། །རྫོགས་པའི་སྤྱི་ཅིག་དོན་དུ་ཤར། །འཁོར་ལྔ་སྨིན་པའི་འབྲས་བུ་ལྔ། །དང་པོ་ས་ཡི་འོད་ཡིན་ཏེ། །གཉིས་པ་མེ་ཡི་འོད་དུ་འབར། །གསུམ་པ་ཆུ་ཡི་མདངས་སུ་ལྡན། །བཞི་པ་སྤྱོད་པའི་ཐབས་ཡིན་ཏེ། །ལྔ་པ་ནམ་མཁའི་ཡེ་ཤེས་སོ། །དང་པོ་རྩ་ལ་གཉིས་པ་ཁྲག །གསུམ་པ་དབུགས་ལ་བཞི་པ་དྲོད། །ལྔ་པ་བཀྲག་གི་ངོ་བོའོ། །འཁོར་གྱིས་བསྡུ་བ་འདི་ལྟ་སྟེ། །དཔལ་ཆེན་ཐུགས་ཀྱི་ཐིག་ལེ་རྫོགས། །ཧུ༷་ནི་སྙིང་རྗེ་ཆེན་པོས་ཏེ། །འ་ནི་བྱམས་པའི་རང་བཞིན་ལ། །ཧ་ནི་དགའ་བ་ཆེན་པོ་སྟེ། །ཟླ་ཚེས་བཏང་སྙོམས་བདག་ཉིད་བསམ། །ང་ནི་བརྩོན་འགྲུས་འབྱུང་བ་ལ། །ཨ་ནི་ཤེས་རབ་ཆེན་པོ་དོན། །མ་ཞར་བསྡུས་པར་མྱ་ངན་བཟླས། །མི་དམིགས་ཆོས་ཀྱི་དབྱིངས་སུ་ཐིམ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་གླེང་གཞི་དང་། འཁོར་མྱ་ངན་ལས་བཟླ་བའི་ལེའུ་སྟེ་དང་པོའོ།། །།རྒྱལ་མཚན་རིམ་པ་གང་ལགས་པ། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །དབེན་ལ་གཉན་པའི་ཆུ་ཀླུང་དུ། །མ་མོ་འདུ་བའི་དུར་ཁྲོད་དུ། །གནོད་སྦྱིན་འདུ་བའི་མདུང་རྩེ་དང་། །སྲིན་མོ་འདུ་བའི་སྦར་བཤད་དང་། །སྤེལ་དང་འགུགས་དང་དབྲོག་པ་དང་། །མནན་དང་སྦ་བ་དེ་བཞིན་ནོ། །མཆོད་དང་བསྐང་བའི་རྫ་རྣམས་དང་། །བུམ་ལྔ་རྟེན་དུ་བཅ་པ་ཏེ། ཁྲུ་བཞི་སྦྱང་པའི་མཎྜལ་དུ། །དབང་གི་སྐུད་པ་ཕྱེ་ནས་ནི། །གདུལ་བྱེདལྔ་དང་ལྡན་པར་བྱ། །དབུས་སུ་ཟླ་གམ་སྒོ་བཞི་ལ། །དབང་གི་དཀྱིལ་འཁོར་གསུམ་གྱིས་བརྒྱན། །པད་བཞི་འཁོར་ལོ་རྩིབས་བརྒྱད་ལྡན། །སྣམ་བུ་སྒོ་ཡིས་རྣམ་པར་མཛེས། །ཆེ་མཆོག་ཡབ་ཡུམ་གསལ་བྱས་ཏེ། །ཐུགས་ལས་བུམ་པ་སྒྱུ༷་གྱིས་བརླབས། །ཉི་ཟླའི་སྟེང་དུ་ལྷ་ལྔ་དགོད། །སྒོ་བཞིར་གླུ་འདེགས་སྙིང་པོ་འགོད། །རྒྱལ་མོ་ལྔ་ཡི་སྙིང་པོ་བསྐྱེད། །ལྷ་མོ་ལྔ་ཡི་དཀྱིལ་འཁོར་ལ། །སྒོ་མ་བཞི་ཡིས་མཛེས་པར་བསྐྱེད། །གཙོ་བོ་ཐུགས་ལས་འོད་འགྲོས་པས། །བསྐུལ་བས་ཛ་དང་དྲི་རུ་དྲངས། །ཡབ་ཡུམ་བསྙེན་པ་མཁའ་རུ་སྤྲོས། །བསྣོལ་མར་དྲངས་པས་འོད་དུ་གསལ། །ཡབ་ལ་རིགས་ལྔ་དབུ་ལ་རྫོགས། །ཡུམ་ལྔ་མཁའ་ལ་ཤར་བའོ། །དཀྱིལ་འཁོར་ཞལ་ནི་བསྒྱུར་བྱས་ལ། །ཞི་བ་ནུབ་སྒོ་ཤར་དུ་སྟེ། །ཐིག་བཞི་ལྡན་པའི་དགུར་རྫོགས་པ། །པད་བརྒྱད་མུ་ཁྱུད་རབ་མཛེས་པའོ། །དེ་ཚེ་ཕྱོགས་བཞིར་བསྐྱེད་བྱ་བ། །ཡེ་ཤེས་ག་་མོ་བཞི་པོ་དང་། །བཞད་པའི་རྒྱལ་མོ་བཞི་པོ་གསལ། །ཟུར་བཞི་དགྱེས་སྡེ་རབ་ཏུ་བསམ། །སྒོ་བཞི་གྲུ་འདེགས་བསམ་བྱས་ཏེ། །འཁོར་གྱི་མ་མོ་བཅུ་དྲུག་དབུས། །ཡུམ་གྱི་གནམ་ཞལ་གདངས་པ་སྲ ཐིག་ལེ་བ་་ཀྱི་ཐབས་མཚམས་སུ། །ཉི་ཟླ་འབར་བའིགའུ་སྲ །དྲི་ཡི་རྩེ་ལ་ཧ་ལྔ་བསམ། །དེ་ནི་རྒྱལ་མོ་ལྔ་ཡི་རྒྱ། །དེ་སྟེང་རྟ་མགྲིན་དབང་གི་རྒྱ། །རྡོ་རྗེ་རྒྱ་གྲམ་འབར་བའི་རྒྱ། །རྭ་ལ་ཉི་ཟླ་འབར་བའི་རྒྱ། །དེ་ནས་སྔགས་ཀྱི་ཕོ་ཉ་རྒྱ། །ཡབ་ཡུམ་སྔགས་ལ་ལས་སྔགས་གདགས། །ཨོ་ཤི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རི་ཕཊ། ཐྲོ་ཨུ་ཡུ་ཤ་ཛ། གཙོ་བོའི་ཐུགས་ལས་འོད་འཕྲོས་པས། །བཅུ་དྲུག་མ་མོ་བརྒྱུད་བསྐུལ་ཏེ། །ཚེ་རྟེན་དྲི་རུ་དྲངས་ནས་སུ། །གཙོ་བོའི་ཐུགས་ལས་བསྡུས་བྱས་པས། །རྡོ་རྗེའི་ལམ་བྱུང་གནམ་ཞལ་མཁའ། །རྟ་མགྲིན་ཞལ་ནས་ག་འུར་འཁྱིལ། །ཚིག་གི་ཕོ་ཉ་དགུག་བྱས་པ། །ཧུ༷་ཆེ་ཞེས་ཆེ་མོ་གསང་བའི་ཡུམ། །ཐིག་ལེ་སྦྱོར་བའི་ཡུམ་གཅིག་མ། །དཀར་མོ་ཉི་ཟླ་ཐོད་ཕྲེང་ཅན། །གྲུ་གསུམ་འབར་བའི་མིག་གཅིག་མ། །གཡུ་ཡི་རལ་པས་སྲིད་པ་སྒྲོལ། །ཆགས་པའི་ཕྱག་གིས་པདྨ་འཛིན། །རིན་ཆེན་མཆེ་མ་སྐྱེ་འགྲོའི་གསོས། །ཙིསྟ་ཞགས་པས་མུ་སྟེགས་སྒྲོལ། །རྫུ་འཕྲུལ་ཤུགས་ཀྱི་ཚེ་དྲོངས་ཤིག །དེ་ནས་སྤེལ་བར་བྱ་སྟེ། །སྒྲི་ལ་མུ་རན་ཧུ༷་ཨུ་ཡུཁོ་ཧུ༷་ཨ་སྟི་ཤ་སརྙི་ཨུ་ཡུ་ཁེ་ཧུ༷་ཨ་བི་ཡང་ལང་ཏི་ཨུ་ཡུ་ཁེ་ཧུ༷་ཨ། མ་ཧྭ་ལང་ཏི་ཧུ༷་ཨུ་ཡུཁོ་ཧུ༷་ཨ། ཆེ་མཆོག་ཀུན་གྱི་འཕྲོ་འདུ་ཡིས། །གའུ་རྒྱལ་མོ་ལྔ་བསྐུལ་བས། །འཕྲོ་འདུ་ཉི་མའི་འོད་ལྟར་སྤེལ། །དེ་ནས་ཚེ་གནས་བྱ་བ་ནི། །རྒྱལ་མོ་ལྔ་པོ་རྟེན་ལ་བསྡུ། །ཧུ༷་མཁའ་མཉམ་པ་ཡི་ཡེ་ཤེས་ནི། །ཆོས་དབྱིངས་ཉི་མ་ལྟ་བུ་ལ། །འཕྲོ་འདུ་ཡེ་ཤེས་ལྔ་རུ་ཤར། །བག་ཆགས་ལྔ་ཡི་རྒྱུད་སྦྱང་ནས། །འབྱུང་བ་ལྔ་ཡི་བཅུད་བསྡུས་པས། །མི་འགྱུར་ཚེ་ཡི་དངོས་གྲུབ་ཐོབ། །བུམ་པ་བཤིག་ལ་ཚེ་དབང་བསྐུར། །གནོན་པོའི་སྔགས་ཀྱིས་བྲལ་བྱས་ལ། །སྨིན་མཚམས་སྦས་ལ་རྒྱ་ཡིས་གདབ། །འབྲང་རྒྱས་བཀྲ་ཤིས་གསལ་བྱས་ནས། །མཁའ་འགྲོ་ཚོགས་ཀྱི་གཏང་རག་གཏོང་། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་རྒྱལ་པོ་བསྒྱུར་བའི་ལེའུ་སྟེ་གཉིས་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །སྲིད་པ་རྒྱུད་ཀྱི་བྱུང་ཚུལ་དང་། །གྲུབ་པའི་དོན་ནི་འབྲས་བུ་གཉིས། །ངོ་མཚར་ལྷ་ལ་བདག་ཉན་འཚལ། །བཅུ་ཚོ་བཞི་རྫོགས་རྒྱལ་སོགས་དེ། །ལྷ་མོ་ཡོངས་འཁྱུད་བདེ་བ་མས། །བཀའ་དོན་གཏན་ཚིགས་གཏན་ལ་ཕབ། །མི་ནུབ་ཚེ་ཡི་གཏན་ཚིགས་དག །རྟོགས་པ་དོན་གྱི་ཆེ་བ་དང་། །ས་གཞི་ལྟ་བུ་གཅན་འཕྲང་དང་། །རྒྱལ་པོ་ལྟ་བུའི་བཀའ་ཉན་དང་། །མཛད་པ་ཐབས་ཀྱི་ཐབས་དང་། །གསལ་བ་དོན་གྱི་དཀྱིལ་འཁོར་དང་། །ལྷུན་གྱིས་གྲུབ་པའི་བསྒྲུབ་པ་དང་། །མངོན་སྤྱོད་ལས་ཀྱི་མཐའ་རྣམས། །ང་ཡི་གསང་རྒྱུད་ཆེན་པོའི་དོན། །གཞི་གཉིས་དོན་དུ་ངས་བསྟན་གྱིས། །འཁོར་གྱི་གཙོ་བོ་སེམས་གཏོད་ཅིག །བརྗོད་བྱ་རྗོད་བྱེད་ཐབས་ཚུལ་གྱིས། །དགོས་དང་དགོས་པའི་བྱེ་བྲག་དང་། །འབྲེལ་བ་ཐབས་ཀྱི་གཏན་ཚིགས་རྣམས། །འབྲེལ་དོན་གཏན་ཚིགས་གཏན་ལ་ཕབ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གླེང་སློང་བའི་ལེའུ་སྟེ་གསུམ་པའོ།། །།རྟོགས་པའི་དོན་ནི་འདི་ལྟ་སྟེ། །སྐྱེ་མེད་མི་གནས་གཟུང་འཛིན་བྲལ། །མ་སྐྱེས་ཕྱིར་ན་སྐྱེ་བ་མེད། །དུས་གསུམ་འཕོ་འགྱུར་མེད་པའི་དོན། །མི་གཡོ་སེམས་ཀྱི་བདག་ཉིད་ལ། །འཕོ་འགྱུར་མེད་པའི་རིག་པ་གསལ། །འབྱུང་ལྔ་སེམས་ཀྱི་སྤྲུལ་པ་ལ། །ཡེ་ཤེས་ལྔ་ཡི་མཐའ་རྒྱ་ཅན། །ཀུན་འདུས་སྣང་སྲིད་དབྱིངས་ལ་འདུས། །འཕོ་འགྱུར་དུས་གསུམ་ངང་དུ་གསལ། །སྣང་སྲིད་རང་ཤར་ཀུན་ཏུ་བཟང་། །ཡེ་ནས་མ་གཤེགས་རང་བྱུང་བ། །སྣང་སྲིད་ཕྱག་རྒྱ་ཆེན་པོའི་དོན། །ཀུན་བཟང་ཀློང་གི་དཀྱིལ་འཁོར་ལ། །རིག་པ་ཐུགས་ཀྱི་འོད་ཤར་བ། །མཛེས་པ་ཡུལ་གྱི་རྒྱན་གྱིས་བརྒྱན། །དོན་ཀུན་རྒྱལ་བའི་ཐུགས་ལས་རྫོགས། །རྒྱལ་བ་ཐུགས་རྗེ་གཉིས་མེད་དོན། །སྐྱེ་འགག་མ་ལུས་སེམས་ལ་གསལ། །མ་འགགས་རིག་པའི་ཡེ་ཤེས་ལ། །སྣོད་བབ་ཀུན་གྱི་འོད་འདུས་པ། །མཁའ་ལ་རླུད་གི་དོན་དུ་ཤར། །མ་ནི་ངང་གི་རང་བཞིན་ལ། །མོ་ནི་རེག་པའི་དོན་ཤར་བ། །རིག་པ་མ་འགགས་གཏན་ཚིགས་ཀྱིས། །སྐྱེ་མེད་དོན་ཀུན་གཏན་ལ་ཕབ། །སྐྱེ་མེད་དོན་དམ་ཚན་མ་ཡིས། །སྐྱེ་བའི་ཆོས་ཀུན་གཏན་ལ་ཕབ། །དབྱིངས་དང་ཡེ་ཤེས་རང་བཞིན་ལས། །སྣང་སྲིད་མ་མོར་རང་བཞིན་འཆར། །རྫུའཕྲུལ་ཤུགས་ཀྱི་མཁའ་འགྲོ་རྣམས། །རྒྱལ་སྲས་ཐུགས་ཀྱི་དཀྱིལ་ལས་བྱུང་། །རང་གིས་རང་ལ་བརྟགས་བྱས་པས། །སྣང་དང་སྟོང་པའི་དོན་དུ་རྟོགས། །རང་ཉིད་ཚད་མའི་རྒྱལ་པོ་སྟེ། ཁྲར་བ་རང་ཉིད་སྟོང་པར་རྟོགས། །སྐྱེ་འགག་མེད་པའི་ངང་ཉིད་ལས། །རོལ་པའི་ཁྱད་པར་ཅིར་ཡང་སྣང་། །མཚན་མའི་གཟུང་འཛིན་སྣ་ཚོགས་ཀུན། །སྤྲིན་ཕུང་མཁར་ལ་ཐིམ་པ་བཞིན། །མ་སྐྱེས་ཆོ་དབྱིང་ངང་དུ་ཐིམ། །ཐིམ་པའི་རྒྱལ་པོ་ཕྱག་རྒྱ་གསལ། །སྣང་སྲིད་རིག་པའི་རྒྱན་ཤེས་ན། །མ་མོ་ཀུན་གྱི་རེ་གནས་ཡིན། །སྲིད་པའི་མ་མོ་ཐམས་ཅད་དང་། །རྒྱལ་བའི་ཐུགས་ལས་བྱེ་བྲག་མེད། །དེ་ཡི་དོན་ནི་འདི་ལྟ་སྟེ། །མཁའ་ལ་འོད་དུ་གསལ་རྟོགས་ན། །འབྱུང་བ་ལྔ་ཡི་རྣམ་རྟོག་བྲལ། །མ་སྐྱེས་རིག་པའི་དོན་ལ་གསལ། །ཆོས་ཉིད་འཛིན་པའི་མཚན་མ་འཇིག །གསེར་གྱི་ཐིག་ལེ་དོན་གསལ་བ། །ཕྲ་མེན་རྒྱ་མཚོ་སྤྲོས་དང་བྲལ། །ཐིག་ལེ་ཆེན་པོའི་དོན་རྟོགས་ན། །ཐོད་ཕྲེང་མ་ཡི་འཛིན་རྟོག་བྲལ། །ཡེ་ཤེས་བཞི་ཡི་དོན་ཤར་བས། ཁྲོས་པའི་དབང་ཆེན་མཚན་མ་འཇིག །རྣམ་པར་ཤེས་པའི་ངང་རྟོགས་ན། །མ་ཆེན་བཞི་ཡི་འཛིན་རྟོག་བྲལ། །དོན་དང་སེམས་ཅན་རིག་གྱུར་ན། །དགེས་བད་མ་ཡི་མྱ་ངན་འདས། །སྐྱེད་པའི་དོན་ཉིད་རྟོགས་གྱུར་ན། །ཆགས་བྱེད་མ་ཡི་མཚན་མ་འཇིག །སྙོམས་བྱེད་བྱམས་པའི་ངང་གནས་པ། །ཆ་སྙོམས་མ་ཡི་མཚན་མ་འཇོམས། །ལས་བསླུ་མེད་པའི་དོན་གསལ་བ། །ནམ་མཁའི་རྒྱལ་མོའི་འཛིན་རྟོག་བྲལ། །དཔག་བསམ་ཤིང་གི་བཅ་ཕྱུང་བས། །བུ་མོ་དྲུག་གི་གཏི་མུག་བསལ། །ཟངས་ཀྱི་སྦུ་གུའི་ངང་བསྐྱོད་མ། །འདོད་ཁམས་གསུམ་གྱི་འདོད་ཆགས་སྒྲོལ། ཁུ་བ་རླུ་་གི་དོན་ཤེས་པས། །སྲིད་བཞི་དམག་དཔོན་མཚན་མ་འཇིག །དབང་པོ་འདིར་བསྡུས་རིག་གྱུར་ན། །སྲིན་མོ་བདུན་གྱིས་ཞེ་སྡང་འཇིག །དགའ་བ་བཞི་ཡི་དུས་ཤེ་ན། །དུ་བཞིའི་རྒྱལ་མོ་རྟོགས་པ་འཇིག །རུས་པའི་རི་རབ་དོན་གསལ་ན། །ཉི་ཤུ་རྩ་བརྒྱད་མཚན་མ་འཇོམས། །སྲིད་པ་མཚན་མའི་ལས་རྟོག་ཀུན། །བདག་མེད་རྟོགས་པའི་ཐབས་ཀྱིས་འདུལ། །སྣང་སྲིད་སྣང་བའི་མ་མོ་ཀུན། །རིག་པའི་ཡེ་ཤེས་ཆོ་འཕྲུལ་ཏེ། །རིག་པ་མཁའ་ལ་འགྲོ་བ་ནི། །ས་རྣམས་ཀུན་ཏུ་རྒྱུ་འགྲོ་མ། །རང་བཞིན་གནས་པའི་རྫུའཕྲུལ་ཅན། །མཁའ་ལ་འཕྱོ་ཞིང་དབྱིངས་ལ་ཉལ། །སྣང་སྲིད་གར་ཐབས་རྒྱལ་བའི་ཡུམ། །འཕོ་འགྱུ མངའ་སྐྱེ་འགྲོ་གསོས། །བདེ་ཆེན་བཅུ་ཡི་དོན་རྟོགས་ལ། །རྩ་བ་བྱང་ཆུབ་་སེམས་སུ་གསལ། །སྤྱི་དཔལ་བཅུ་ཡི་དོན་གསལ་བས། །མངོན་རྫོགས་ཡབ་ཀྱི་ཐུགས་ལ་རྫོགས། །གསང་ཆེན་བཅུ་ཡི་མཁའ་གསལ་བས། །བྷ་ག་བཅུ་ཡི་དབྱིངས་འདུ་འབྱུང་། །རྫོགས་ཆེན་བཅུ་ཡི་དོན་གསལ་བས། །རྒྱལ་བའི་སྐུ་དང་ཡེ་ནས་མཉམ། །མངོན་རྫོགས་ཡབ་ཀྱི་དཀྱིལ་འཁོར་རོ། །བཅུ་ཚོ་བཅུ་ཡི་རྒྱན་གྱིས་བརྒྱན། །ཆོ་གས་ཐུགས་ཀྱི་དཀྱིལ་འཁོར་ལ། །ཡེཤེས་ལྔ་ཡི་རྒྱན་གྱིས་མཛེས། །ཉོན་མོངས་ལྔ་ཡི་བག་ཆགས་སྦྱོངས། ཁམས་གསུམ་འཁོར་བའི་ལམ་སྒོ་གཅད། །རྨད་བྱུང་རོལ་པའི་ཅིར་ཡང་སྣང་། །ཀུན་བཟང་ངང་དུ་ཐམས་ཅད་འདུས། །མཚན་མ་བཟང་ངན་ཐམས་༄༅། ཁུད་ཀུན། །ཅི་ཡང་སྣང་ཞིང་ངོ་བོ་སྟོང་། །སྟོང་པའི་ངང་ལ་རྟག་གན་ན། །དུ་གསུམ་རྒྱལ་བའི་དགོང་པ་ཡིན། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ལྔབ་རྒྱ་མཚོའི་ལེའུ་སྟེ་བཞི་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །སྤྱོད་པའི་དོན་ཆེན་ཇི་ལྟར་ལགས། །རྒྱལ་པོ་བདེ་བས་བཀའ་སྩལ་པ། །སྦྱོད་མཆོག་དམ་པ་འདི་ལྟར་ཏེ། །རྒྱལ་པོའི་ཚོགས་ཀྱི་ཕོ་བྲང་དུ། །འབྱོར་པའི་ཡོ་བྱད་ལྡན་བྱས་ནས། །སྣ་ཚོགས་ཡི་གེས་གཞལ་ཡས་བརླབ། །དྲག་པོའི་ས་བོན་རྫས་སྦྱངས་ནས། །རྒྱལ་མོ་ལྔ་ཡི་ས་བོན་གྱིས། །བདུད་རྩི་ཆེན་པོ་ལོངས་སྤྱོད་ལྡན། །གཡས་པ་ཏ་ཀའི་འབྲས་བུ་ཡིན། །གཡོན་པ་ཏ་རིས་བཅད་བྱ་པས། །ཧྲིལ་སྒོ་འབར་བས་རོལ་པ་བསྟབ། །འབའ་ཏ་བདུད་རྩི་འབར་ཡང་། །ཕར་སྟོར་ཚུར་འབར་བར་བྱ། །ལམ་དགུ་ཐིག་ལེ་ཐིག་པ་ཡང་། །བཏབ་པའི་ཚུལ་ནི་གོང་མ་བཞིན། །ཏ་ལས་ཏ་ཡིས་རྫས་རྣམས་དང་། །བདུད་རྩི་ཆེན་པོའི་ཐབས་སུ་རོལ། །འབྱུང་འཇུག་ཀུན་ལ་རི་ཀྲིས་བསྲུང་། །ཡབ་ལས་རྒྱལ་བ་རིགས་ལྔ་བསྲུང་། །ཡུམ་ལས་རྒྱལ་མོ་ལྔ་ཡི་མཛེས། །རྡོ་རྗེ་ཡི་གེ་རྫོགས་པས་བརྒྱན། །བྷ་གར་དབྱིངས་ཕྱུག་རྒྱལ་མོ་སྟེ། །ཐབས་ཀྱི་སྤྱན་ནི་བརྡེག་བྱས་ཏེ། །ན་སའི་རྩེ་མོར་ཧུ༷་གཟུགས་ཏེ། །རྟ་མཆོག་གཡས་ནས་གཡོན་དུ་དྲིལ། །འོང་བའི་སྒྲ་ལ་ཧུ༷་ཞེས་བརྗོད། །འགྲོ་བའི་སྒྲ་ལ་ཕཊ་དུ་བསྒྲགས། །དེ་ནས་མཁའ་འགྲོ་མཆོད་བྱས་ཏེ། །རྡོ་རྗེ་མཁའ་འགྲོ་མ་ཚོགས་ཀུན་གྱི་རྗེ། །སངས་རྒྱས་རྣལ་འབྱོར་ཀུན་གྱི་མེས་གཅིག་ལ། །བདེ་ཆེན་ཡུམ་གྱི་དབྱིངས་ནས་གཤེགས་སུ་གསོལ། །མཁའ་བཞི་དབྱིངས་ལས་བསྐྱེད་པའི་སྲས་མོ་ལྔ། །འབྱུང་བ་ལྔ་དང་དུས་བཞི་ཆ་སྙོམས་མ། །མི་འགྱུར་གཡུ་དྲུང་བསྐྱེད་པའི་ས་ཡི་གཉིས་མེད་སྐུ། །རྒྱལ་མོ་ལྔ་ལ་སོགས་པ་གཤེགས་སུ་གསོལ། །ཀུན་གཞི་སེམས་ལས་བསྐྱེད་པ་ཁྲོ་མོ་ཚོགས། །ཕྱིར་མི་འོངས་པའི་སྐྲུན་དྲུང་བཅུ་བཞི་ཡི། །རུས་མིན་སྐྲུན་དྲུག་ཚོགས་རྣམས་གཤེགས་སུ་གསོལ། །ཕྱི་ནང་ཡུལ་ལས་བསྐྱེད་པའི་ལྔ་བཅུ་ལྔ། །མཚམས་མེད་ནམ་མཁའ་ལྟ་བུའི་རང་བཞིན་ལས། །ཉི་ཟླ་གཟའ་སྐར་མང་པོ་ཤར་བ་ལྟར། །གནས་འདིར་འཁོར་བཅས་མ་ལུས་གཤེགས་སུ་གསོལ །ས་མ་ཡུ་དུ་ན་སྟུམ། རྡོ་རྗེ་ཞིང་ཆེན་བསྣོལ་བའི་གདན་སྟེང་དུ། །ཉི་ཟླ་པདྨ་འོད་ཀྱི་དཀྱིལ་འཁོར་བཅས། །དབྱིངས་ཀྱི་སྤུན་དྲུག་བསྒོམ་བྱ་མ་མོའི་ཚོགས། །ལྔ་བཅུ་རྩ་ལྔའི་ཚོགས་ཀྱི་དཀྱིལ་འཁོར་ཚོགས། །མི་གཡོ་མི་འགུལ་བརྟན་པར་བཞུགས་སུ་གསོལ། །སྤྱོད་པའི་ངོ་བོ་འདི་ལྟ་སྟེ། །ཨུ་མ་ཚང་ནས་ཉལ་བ་དང་། །བཅུ་དྲུག་ཚང་ནས་སྡོད་པ་དང་། །ཕུགས་ནས་སྲམ་ལྟར་འཐེན་པ་དང་། །མཁར་ལ་རླུད་ལྟར་འཕྱོ་བ་དང་། །རྔམས་པའི་དྲག་ཤུལ་བྱེད་པ་དང་། །ནམ་མཁའི་སྐས་ལ་འཛེག་པ་དང་། །གླག་ཆེན་གཟན་ལ་དབབ་པ་དང་། །འཕར་བ་དཔྱང་ཐག་ཆོད་པ་དང་། །གླང་ཆེན་རོལ་དུ་ཞུགས་པ་དང་། །མགལ་མེ་ཀླད་ལ་བསྐོར་བ་དང་། །འདི་རྣམས་དམིགས་ཀྱིས་བསྒྲལ་བའོ། །ཕ་དང་ཁུ་བོ་མེས་པོ་དང་། །ལྷ་དང་བྲམ་ཟེ་མུ་སྟེགས་དང་། །བྲན་དང་གཡོག་པོ་བདུད་དང་ནི། །གཤིན་རྗེ་དྲེགས་པ་བསྒྲལ་བའོ། །ཉོན་མོང་ཡིད་དང་རྣམ་ཤེས་ཡིད། །ཀུན་གཞི་སེམས་དང་འདོད་ཆགས་སེམས། །ང་རྒྱལ་དང་ནི་ཁོང་ཁྲོ་དང་། །སེར་སྣ་དག་དང་རྒྱུ་དག་དང་། །ལེ་ལོ་དང་ནི་ཕྲག་དོག་རྣམས། །འདི་རྣམས་དམིགས་ཀྱིས་སྒྲོལ་བའོ། །ཉོན་མོངས་གཟུགས་ཕུང་བཤིག་པའི་ཕྱིར། །གཡས་པ་སྐྲུ་གྲི་འབར་བ་ལ། །གཡོན་པ་གྱད་ཀྱིས་བརྒྱངས་ནས་སུ། །ཏྲ་ཐའི་སྔགས་ཀྱིས་སྒོ་ཕྱེ་ནས། །ཉ་ལ་བསྡུས་ལ་ཅོ་ལ་བསྟིམ། །འབྱུང་བ་གསུམ་གྱིས་སྦྱངས་བྱས་ནས། །རྡོ་རྗེ་ལྷགས་ཀྱིས་བསྡུས་བྱས་ནས། ཀུན་ནས་བཟང་མོའི་མཁའ་ལ་བཞག །གསེར་དང་དངུལ་དང་འདྲེས་པ་བཞིན། །བསྡུས་ནས་རྒྱལ་བའི་ཕྱག་རྒྱར་བསྐྱེད། །ཟླ་རླུད་སྦྱོར་བའི་ཐབས་ཀྱིས་འཕང་། །རྒྱལ་བའི་རིགས་ཀྱི་སྲས་སུ་བསྐྱེད། །དགེ་སྡིག་ལས་ཀྱི་ཤན་ཕྱེད་ནས། །སྡིག་པ་བྱང་ནས་ཡེ་ཤེས་འབར། །སྦྱོར་བ་ཆེན་པོའི་དམ་ཚིག་ནི། །མ་དང་སྲུ་མོ་ཕྱི་མོ་དང་། །ལྷ་མོ་ཀླུ་མོ་རིགས་ངན་མོ། །གདོལ་པ་མོ་དང་ཕྱལ་བ་དང་། རྨ་བྱ་མདོག་སྡུག་ཐབས་ཀྱིས་བརླབས། །ད་འོད་རི་ག་དབྱེ་བ་དང་། །སྒྲ་ཡི་ཐལ་མོ་སྦྱར་བ་དང་། །མཁའ་ལ་རླུད་གིས་བསྐྱོད་པ་དང་། །ལྕགས་སྒྲོག་ཕྱག་རྒྱ་བསྡམས་པ་དང་། །སྲེག་པའི་མེ་ཡིས་དབབ་པ་དང་། །ཡེ་ཤེས་རླུད་གིས་བསྒྲགས་པ་དང་། །ལས་ཀྱི་རླུ་་གིས་བཟློག་པ་དང་། །དགྱེས་པའི་ས་བོན་སྤྲོ་བ་སྟེ། །འདི་རྣམས་སྦྱོར་བའི་ཐབས་སུ་བསྟན། །དེ་ལས་ས་དགུ་དོན་གྱི་རྫོགས། །ཡེ་ཤེས་དགུ་དང་ཡང་དག་ལྡན། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཚོགས་དང་ཏན་བྷན་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།ཕྲ་མེན་རྒྱ་མཚོ་ཡང་གསོལ་པ། །གཅན་འཕྲང་ཆུ་ཡི་རང་བཞིན་འདི། །རིམ་པ་གང་དང་གང་ལག་པ། །ངོ་མཚར་ལྷ་ལབདག་ཉན་འཚལ། །ཡང་དག་རྫོགས་ཀྱིས་བཀའ་སྩལ་པ། །རྒྱལ་པོའི་བཀའ་རྟགས་མི་བཅག་པ། །ཇི་ལྟར་བསྒོ་བའི་ལས་བྱ་ཞིང་། །ལུས་ཀྱི་བསྲུང་བྱ་ཐུབ་པ་དང་། །ངག་གི་སྐྱོན་སྦ་ཡོན་ཏན་བརྗོད། །སེམས་ཀྱི་གྱ་གྱུ་མེད་པ་ནི། །རྒྱལ་པོ་བཀའ་ཡི་དམ་ཚིག་གོ །རྡོ་རྗེ་རིག་པ་འཛིན་རྣམས་ལ། །ལུས་ངག་ཡིད་ཀྱི་རྩེ་སྡོམ་ཞིང་། སྐྱོ་བས་མེད་པའི་དང་བ་ཡིས། །རྩེ་གཅིག་ཡིད་ཀྱིས་མོས་པར་བྱ། །འདི་ནི་སྐུ་ཡི་ས་མ་ཡ། །རིག་པའི་ཕྱག་རྒྱ་གཏན་བསྒོམ་ཞིང་། །འོད་ཀྱི་རྒྱན་ལྷ་གསལ་བ། །སྐུ་གསུང་ཐུགས་ལ་གཏན་གནས་ཏེ། །ཉི་མའི་སྙིང་པོ་གཏན་གསལ་བ། །འདི་ནི་ཙིསྟ་ས་མ་ཡ། །ཐིག་ལེ་འབར་བའི་སྒྲ་བྱུང་ཞིང་། །བསྐྱེད་རྫོགས་ས་བོན་རྒྱུན་མི་གཅད། །སྤྲོས་པས་ལྷ་བརྙེས་ངན་སོང་སྦྱོང་། །སྣང་སྲིད་སྔགས་ཀྱིས་ཕྲེང་བར་གསལ། །འདི་ནི་གསུང་གི་ས་མ་ཡ། །འདི་ཡིས་བཀའ་གཞུང་མ་ཐུབ་པར། ཕྱིན་ཅི་ལོག་དུ་སྤྱད་པ་ན། །འདི་རུ་མིབདེསྣཚོགསའབྱུང་། །འབྲས་བུ་རྡོ་རྗེ་དམྱལ་བར་ལྟུང་། ཉམ་པའི་རྒྱུ་ནི་འདི་ལྟ་སྟེ། །དད་པ་ཆུང་ཞིང་སེར་སྣ་ཆེ། ཁྲོ་ག་་ཆེ་ཞིང་བདག་མེད་པ། །གཡོ་སྒྱུ་ཆེ་ལ་ཕྲག་དོག་པ། །འདི་ནི་ཉམས་པའི་རྒྱུ་ཡིན་ནོ། །རྟོགས་པའི་དམ་ཚིག་གཞུད་ཐུབ་ན། །འཇིག་རྟེན་འདས་དང་འཇིན་རྟེན་པའི། །མཁའ་འགྲོ་རང་བཞིན་ཉེ་བ་ལ། །བར་ཆད་རྐྱེན་རྣམས་མི་འབྱུང་ཞིང་། །དགྲ་བགེགས་ཀུན་ལ་དབེན་པ་འཇུག །ཚེ་རིང་བ་དང་རྒྱུད་འཕེལ་འཀྱུར། །རྒྱལ་པོ་ལྟ་བུར་ཀུན་གྱིས་བཀུར། །ངན་སོང་གནས་རྣམས་སྟོངས་པར་འགྱུར། །ཉམས་ན་སྐོང་ཐབས་འདི་ལྟ་སྟེ། །སྐུ་ཡི་དམ་ཚིག་གཞུད་ཉམས་ན། །མཁའ་འགྲོ་རྣམས་ཀྱིས་འཚེ་གྱུར་པས། །ལུང་ལྡན་དེ་ལ་གསོ་རུ་གཞུག །ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན། །རྒྱལ་བའི་ཡི་དམ་སྤོབས་པ་དབབ། །གསུང་གི་དམ་ཚིག་ཉམས་གྱུར་ན། །རང་སྔགས་ཕྲེང་བ་འདབ་དུ་བཟླས། །བསྐང་གསོའི་ཆོ་ག་གཞན་ཡང་བྱ། ཁུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ས་མ་ཡ་དམ་ཚིག་ལེའུ་སྟེ་དྲུག་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །རྒྱལ་པོ་བཀའ་རྟག་ཇི་ལྟར་ལགས། །ངོ་མཚར་ཆེ་བ་བདག་ཉན་འ་། །མངོན་རྫོགས་ཡབ་ཀྱིས་བཀའ་སྩལ་པ། །རྒྱལ་པོ་བཀའརྟགསཆེནཔོནི། ངས་བསྟན་པ་ལ་སེམས་ཐུད་ཅིག །ཕྱི་དང་ནང་དང་གསང་བ་འདི། །རབ་འབྲིང་གསུམ་གྱི་སྣོད་ལ་བསྐུར། །ཞིངགིརུམཚོནའབརབའདི། །རྒྱལ་སྲས་ལག་ཏུ་བསྐུར་བྱས་པས། །སྲིད་པའི་མཁའ་འགྲོ་དབང་དུ་འགྱུར། །དཔུང་བཞི་ཚོགས་ལས་རྒྱལ་བར་བྱེད། །ཀེ་རུ་རསྒ་ས་མ་ཡ་སྟུ༷། ཧུ༷་རལ་གྲི་འདོད་ཆགས་འབར་བ་འདིས། །རྒྱལ་སྲས་ལག་ཏུ་བསྐུར་བྱས་པས། ཉོན་མོངས་འཁོར་བའི་དྲ་བ་གཅོད། །སྲིན་པོ་དྲེགས་པའི་ཁོག་པ་བྲལ། །རསྒ་ལ་ཁད་ག་ན་ཧུ༷། དར་ནག་འབར་བའི་རུ་མཚོན་འདིས། །རྒྱལ་སྲས་ཅོད་པན་འཕྱོ་བའི་དབང་། །ཐབས་དང་ཤེས་རབ་དབང་བསྐུར་བས། །དུས་གསུམ་གནས་སུ་བསྒྲལ་བའི་དབང་། །ཧ་ཧ་ན་ན་ན་ཕཊ་ཧུ༷། ཐོད་ཚར་འབར་བའི་དབུ་རྒྱན་ཅན། །རྒྱལ་མོ་ལྔ་ཡི་ཕོ་བྲང་སྟེ། །ཉོན་མོངས་ལྔ་ཡི་བག་ཆགས་སྦྱངས། །ཡེ་ཤེས་ལྔ་ཡི་འོད་དུ་ཤར། །ཙྭ་ན་ཧ་ཏ་ཧུ༷། ནང་གི་དོན་ལ་འདི་ལྟ་སྟེ། །རཀྟའི་ཐིག་ལེ་འབར་བ་འདིས། །མཁའ་འགྲོ་རིགས་པ་གསལ་བས་ཏེ། །ཆེ་མཆོག་ནུ་མའི་འོད་དུ་འབར། །ལྷ་མོ་རིགས་ཀྱི་བཞུགས་གནས་སོ། །མོ་ཧ་ལ་མ་ཧྭ༷། རཀྟའི་ཐིག་ལེ་རྒྱ་གོང་དུ། །ཐལ་བའི་ཚོམ་བུ་ཁ་དོག་ཁ། །རིག་འཛིན་རྣམ་གསུམ་ཕོ་བྲང་ནས། །དུག་གསུམ་རྩ་ནས་གཅོད་པའི་རྟགས། །སྐུ་གསུང་ཐུགས་ཀྱི་དོན་མཚོན་པ། །པྲ་ཙ་ལ་ཧུ༷། ཐལ་བའི་རྟགས་ཀྱི་རྒྱ་གོང་དུ། །ཟོ་རིས་འབར་བའི་ཐིག་ལེ་ལྔ། །རྒྱལ་བ་རིགས་ཀྱི་ཕོ་བྲང་སྟེ། །དུག་ལྔ་གནས་སུ་སྦྱངས་ནས་ནི། །ཡེ་ཤེས་ལྔ་ཡི་རྒྱ་ཡིས་གདབ། །པརྩི་ཙྭ་ན་ཧུ༷། དམ་རྫས་ལྷ་ཡི་ཐིག་ལེ་ལ། །རྒྱལ་མོ་ལྔ་ཡི་སྙིང་པོས་སྦྱོངས། །ཨོ་ལྡན་དཀར་བའི་ཐིག་ལེ་ཡིས་། །རྣམ་སྣང་དཔལ་གྱི་ཡེ་ཤེས་དོན་ཐོབ་ཤོག །ཧུ༷་ལྷན་མཐིང་ལ་འབར་བའི་རང་བཞིན་གྱིས། །བཀྲག་གསལ་སྙན་གྱི་ཡེ་ཤེས་དོན་ཐོབ་ཤོག །སྲ་ལྡན་སེར་ལ་འབར་བའི་ཐིག་ལེ་ཡིས། །འོད་གསལ་འབར་བའི་ཡེ་ཤེས་དོན་ཐོབ་ཤོག །ཨོ་ལྡན་དམར་ལ་དྭངས་པའི་ངོ་བོ་ཡིས། །གཉེན་གསལ་འབར་བའི་ཡེ་ཤེས་དོན་ཐོབ་ཤོག །ཧ་ལྡན་ལྗང་ལ་ལྡེམ་པའི་བདག་ཉིད་ཀྱིས། །ཡང་གསལ་གཡོས་ཀྱི་ཡེ་ཤེས་དོན་ཐོབ་ཤོག །གསང་བའི་དོན་ལ་འདི་ལྟ་སྟེ། །རྡོ་རྗེ་རིགས་ཀྱི་མཚན་ལྡན་མ། ཁྲུས་ཀྱི་དྲི་ལྡན་ལྷ་མོ་རླབ། །སེང་གེ་སྟག་གི་གཡས་ཕབ་ནས། །གྱི་ལིང་རྫུའཕྲུལ་ཆེན་པོ་དང་། །གཅན་གཟན་ཐ་མ་བརྟུལ་ཞུགས་དང་། རྒྱུ་བའི་རླུད་ནི་ན་སར་གཟུང་། །ལས་ཀྱི་རླུད་ནི་རྒྱ་གྲམ་བཟུང་། ཁྱབ་བྱེད་རླུད་ནི་གཏི་མུག་སྟེ། རླུད་གསུམ་གཟུང་བས་བརྟུལ་ཞུགས་མཆོག །རེ་རེ་ལ་ཡང་བཞི་བཞིའི་སྟེ། ཡེ་ཤེས་བཅུ་དྲུག་མ་ཏ་མྲ །ལྷན་ཅིག་སྐྱེས་པའི་བདེ་དབང་བསྐུར། །ཨོ་རྡོ་རྗེ་རིགས་ཀྱི་ཡུམ་མཆོག་མ། །བདེ་མཆོག་ཡེ་ཤེས་སྐྱེད་བྱེད་མ། །གཡོ་བ་ལྔ་ལ་ཡེ་ཤེས་ལྔ། །འཛིན་བཞི་བཅུ་དྲུག་རྟོགས་པའི་ཐབས། །ཡུལ་མཆོག་མ་ཡིས་སྣང་བར་མཛོད། །རང་རིག་གསལ་བའི་ཡེ་ཤེས་འོད། །སྐད་ཅིགརྟོགས་པའི་ཐབས་མཆོག་འདི། །སྐྱེ་མེད་ཡུམ་དང་རྒྱལ་པོ་ཡབ། །བདག་ལ་སྨིན་པའི་དོན་གསལ་བ། །རྒྱལ་བའི་སྐུ་དངབཀའདྲིགཅིག །ཧོ། །རིག་པའི་རྒྱལ་པོ་སྲས་མཛེས་དེས། །ལུས་ཀྱི་བཀུར་བ་ཕུན་སུམ་ཚོགས། །ངག་གི་སྐྱོན་སྦ་ཡོན་ཏན་བརྗོད། །སེམས་ཀྱི་རྟག་ཏུ་འདུལ་བཅས་ལ། །ཡུམ་དང་རྒྱལ་པོ་ཐུན་མོང་བསྐུར། །སྲོག་ལུས་མན་ཆོད་ལུས་ཀྱི་རྣམས། །རྒྱལ་མོ་མཆོད་པས་སངས་རྒྱས་མཉེས། །དེ་ལྟར་ཐོབ་པའི་ཡོན་ཏན་ནི། །ལུས་ལ་འཚེ་བ་མི་འབྱུང་ཞིང་། །སྐྱེ་བོ་ཀུན་གྱིས་བཀུར་བ་དང་། མཁའ་འགྲོ་མ་རྣམས་ཉེ་བ་དང་། །བརྒྱ་བྱིན་ཚེ་དང་མཉམ་པར་ངེས། །ཧེ་རུ་ཧུ༷་སྲས་འཁོར་རྣམས་མཉེས། །རྒྱལ་བ་ཉིད་དང་དགོངས་པ་མཉམ། །དེ་ལྟར་མ་ཐོབ་གང་ཟག་དང་། །བསྒྲུབ་པའི་ལས་ལ་འབྲས་མེད་འགྱུར། །འཇིག་རྟེན་འདི་ལ་ལས་ལོག་པས། །ཕྱི་མར་ངན་འགྲོའི་སྡུག་བསྔལ་འབྱུང་། །རྡོ་རྗེ་མཁའ་༢གྲོའི་རྒྱུད་ལས། དབང་བྱིན་པའི་ལེའུ་སྟེ་བདུན་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །དཀྱིལ་འཁོར་རིམ་པ་གང་ལགས་པ། །མངོན་རྫོགས་དཔལ་ལ་བདག་ཉན་འ་། །རྒྱལ་སྲ་དེ་བས་བཀའ་སྩལ་པ། །བདག་ཉིད་བྱང་ཆུབ་ཐིག་ལེ་ལ། །སྐྱེ་འགག་མེད་པའི་ངོ་བོས་ཏེ། །མི་དམིགས་མ་སྐྱེས་དབྱིངས་ཉིད་ལས། །ཆོས་རྣམས་འབྱུང་བའི་རང་བཞིན་ཏེ། །སྣང་སྲིད་མ་འགགས་རིག་པའི་རྩལ། །མ་འགགས་རིག་པ་རང་ཤར་བ། །ནམ་མཁའི་ངོ་བོ་སྙིང་རྗེ་མཆོག །མཚམས་སུ་སྦྱོར་བའི་སྙིང་རྗེ་སྟེ། །དབྱིངས་དང་ཡེ་ཤེས་རང་བཞིན་ལས། །གཉིས་མེད་རིག་པ་ཐུགས་ཀྱི་མཆོག །རིག་པ་གསལ་བ་ཡེ་ཤེས་བརྒྱན། །མཐིང་ག་ཧུ༷་ནི་ཐུགས་ཀྱི་གཏོར། །ཨེ་མྱ་ཀྭ་ཤ་ནི་ཨུ། དུ་ཀར་མ་རསྒ་ལ། ར༷་ཛ་ལ་མཎྜལ། མ་ཏིག་ར་མ། ཀིང་དྲིཤཱ་ལ༷། ར༷་བི་ཤུད་དྷི། པདྨ་ཙཀྲ་ཏི་ར་བ༷། མཐིང་ག་ཧུ༷་གི་འཐོར་རླུད་ལ། དྲག་པོ་ནམ་མཁའི་དཀྱིལ་འཁོར་སྣང་། །སྐྱོད་བྱེད་འབར་བའི་དབང་གི་དཀྱིལ་འཁོར་འབྱུང་། །རཀྟ་དམར་སྨུག་ཞི་བའི་དཀྱིལ་འཁོར་ཆགས། ཁྲ་ཆེན་སྐྲུངས་པས་རྒྱལ་བའི་དཀྱིལ་འཁོར་ལ། །ཀེང་རུས་ཁྲལ་ཀྲོལ་རུས་པའི་རི་རབ་བརྩེགས། །སྣ་ཚོགས་ལྷ༷་ལས་ཕོ་བྲང་གཞལ་ཡས་ཤར། །འཁོར་ལོ་རྩིབས་ལ་ཡུམ་གྱི་མཁའ་བཞིས་བརྒྱན། །རྩིབས་ཆེན་བཞི་ལས་བཞི་ཡི་དཀྱིལ་འཁོར་ཤར། །དབུས་ཀྱི་ཤར་ནུབ་ཉི་ཤ་འབར་ལ། །ཕྱི་ཁྱམས་བྷ་ག་བཞི་ཡི་བར་ཁྱམས་ལི། །དུས་བཞི་འབྱུང་བ་བཞི་ཡི་གདན་དུ་གསལ། །གསུམ་པ་པད་མ་འདབ་བརྒྱད་པ་རུ་སྣང་། །བཞི་འདབ་པདྨ་རྩིབས་སུ་ལྡན། ཁུ་ཆད་བཞི་ལ་སྣམ་བུ་ཁྱམས་གསུམ་ལྡན། ནང་གི་རྩིག་པར་རིན་ཆེན་རྣམ་ལྔ་ལ། །ཕྱི་ཡི་རྩིག་པ་ཐོད་པའི་མཁར་དུ་གཏམས། །ལྷ་བརྒྱད་གདུང་ལ་ཀླུ་བརྒྱད་ཕྱམ་དུ་བོར། །གཟའ་བརྒྱད་ཁ་བད་རྒྱུ་སྐར་དྲལ་བུ་བྱས། །རྒྱལ་ཆེན་རིགས་བཞི་སྦྲུལ་ནག་རྒྱན་གྱིས་བརྒྱན། །ཞིང་གི་རྒྱལ་མཚན་སྒོ་བཞི་བརྒྱན། །ཉི་ཟླ་པདྨའི་འོད་ཀྱི་གདན་དུ་གསལ། །དབུས་སུ་རུ་དྲ་ཕོ་མོ་བསྣོལ་བ་ལས། ལྷ་ཡི་དབང་པོ་རྒྱ་མཚོ་ཉི་མའི་གདན། །རྩིབས་བཞིའི་སྟེང་དུ་བདུད་བཞིའི་རྒྱལ་མོ་གདན། །དུས་བཞིའི་རྒྱལ་མོ་བཞི་ལ་སྨྲའོ་ལག་རིས་གདན། ཕྱོགས་སྐྱོང་བརྒྱད་ནི་དགྱེས་སྡེ་ཁྲོས་པའི་གདན། །སླན་མོ་ཐམས་ཅད་སྐམ་རློན་ཞིང་གི་གདན། །དབང་མོ་རྩ་བརྒྱད་དར་གྱི་བློན་གདན་ནོ། །ཧུ༷་ཆེན་དབུས་ཀྱི་གདན་ལ་ཤར་བ་ལ། །ཨོ་ཤི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རི་ས་མ་ཡ་སྟུ༷། བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །ཀུན་ཏུ་བཟང་མོའི་རོལ་པ་ལས། །དགྱེས་པའི་རོལ་པ་ལས། །དགྱེས་པའི་རོལ་པ་གར་དུ་བཞེས་སུ་གསོལ། །སྐྱེ་མེད་ཀུན་ཏུ་བཟང་མོ་ལ། །སྣང་སྲིད་རྫས་སུ་དབུལ་དུ་གསོལ། །མཁའ་ལ་ཀློང་ཆེན་དབྱིངས་ནས་བཞེངས། །མཁའ་བཞི་དབུས་ཀྱི་དཀྱིལ་འཁོར་ལ། །དགྱེས་པ་གར་གྱི་ཐིག་ལེ་སྤྲོ། །འཁོར་ལོ་པདྨ་རིམ་པ་ནི། རིམ་པ་བཞི་ཡི་འཕར་བའི་དབུས། །ཐིག་ལེ་སྤྲོས་པས་ཡིག་འབྲུ་ཤར། །བསྐྱེད་པའི་སྔགས་ཀྱིས་ཕྱིར་རུ་གདོན། །བདག་གི་གསེར་གྱི་ཉི་མ་ལས། །ས་བོན་ལས་ཀྱི་སྐུར་བསྐྱེད་པ། །བཛྲ་ཀྲོ་དྷི་ཤྭ་རྡི་བྷ་ག་པདྨབྱ་ཧུ༷། བདག་གི་འོད་ཆེན་ཁ་དོག་ནས། །ས་བོན་ལས་ནི་སྐུར་བསྐྱེད་པ། །བཛྲ་ཤརྙི་པདྨ་ག་རུ་ཏི་སྨྱོ། བདག་གི་འབྱུང་བ་ལྔ་པོ་ལས། །ས་བོན་ལས་ཀྱི་སྐུར་བསྐྱེད་པ། །གི་ས་མུ༷་ཧུ༷་ཧ་ཛ་ལ་བར་ར༷་ཧུ༷་ཧ། ཤེ་ཤ་སན་ཏི་ཧ་ཀ་སི་ལོང་ཧེ་ཧ། མ་ཙྭ་ལང་ཧེ་ཧ། བདག་གི་དངས་མ་བཞི་པོ་ལས།ས་བོན་ལས་ནི་སྐུར་བསྐྱེད་པ། མུ་ཏྲི་ནི་ཨ་ཤན་ཏྲི་ནི། བ་ག་དུན་ཏྲི་ནི། ཁ་མུན་ངན་ཏྲི་ནི། བདག་གི་དངས་མ་བཞི་པོ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། ར༷་ཛ་ལ་ནི། པ༷་ཏིང་ཀ་ལ། སུ་ཙིསྟ་ཧ། ཡ༷་གསྙེ་ལ༷། བདག་གི་དངས་མ་བརྒྱད་པོ་ལས། ་བོན་ལ་ནི་སྒྱུར་བྱེད་པ། ཨོ་སུརླ་བི་ཏི་ཨ་ཏོ་ཡེ། པདྨ་བི་ཏོ་ཨ་ཏོ་ཡེ། ཁ་ར༷་བི་ཏོ་ཨ་ཏོ་ཡེ། སྲིད་འགྲོ་བི་ཏོ་ཨ་ཏོ་ཡེ། །བཛྲཀེ་ཀེ། བཛྲཏ་ཀེ་བཛྲཏ་ཀེ། །བཛྲ་ནི་ལ་བཛྲནི་ལ། བཛྲ་ལན་ཏ། བཛྲ་ལན་ཏ། བདག་གི་གསང་བ་བདེ་ཆེན་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཟ་གྲ༷་ས་མུ༷་ར༷་ཤྭ་ར་ཟ་གྲ༷་མུར་ར༷་ཤྭ་ར་བཛྲ་ཁ་རག་སྙིང་ཀ་རག བདག་གི་ཟངས་མའི་སྦུ་གུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། པྲ་བན་ཀ་རི་སྨྱོ། པྲ་ཀིང་ཝང་གི་ཏི་སྦྱོ། བདག་གི་སྲིད་པ་མདོར་བསྡུས་ལས། ས་བོན་ལས་ནི་སྐུར་བསྐྱེད་པ། །ཏྲག་རག་ཤ་ཁ་མུན་ཙ་མ་ཛག་ཤ་ཏྲག་རག་ཤ་མུ་ཏྲ་བ་ན། བདག་གི་དཔག་བསམ་ཤིང་བུ་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། ཁ་མུན་པ་རག་པ་ཏྲ་རག་ཤ །སྲན་ཝེ་ཀ་རི་ཏ་སྦྱོ། བདག་གི་དབང་པོ་མདོར་འདུས་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །ཧུ༷་ཀ་བ་རོད་ད་རོད། ནི་ལ་ཆུ་རང་ཁ་དོང་ཀ་ཏ་པ་ལ།ཙ་པ་ལ། པདྨ་ཙག་ཤ །མ་ཀུ་རག་ཏི། དར་པ༷་དིང་པ༷། ཨེ་ཨུ་ར་ལི། ནུ་པོ་རུ་ལུ་ནུ་པོ་རུ་ལུ་སྨྱོ། སྒག་ཤག་ཤ་རག་ཤ །གཡ་གཡོན་ཐབ་དང་ཤེ་རབ་ལས། །་བོན་ལས་ནི་སྐུར་བསྐྱེད་པ། །མ་ཏ༷་སྨྱོ། སྨྱོ་ཏི་སྨྱོ།སྤྲུརྙུ་སྨྱོ། མུ་ཏི་བྱོ། བཛྲ་ཤརྙི་སྨྱོ། །དུན་ཏི་སྨྱོ། ཧར་ཏི་སྨྱོ། གྲུབ་ཏི་སྨྱོ། ཨ་པར་ལ་ཏ་སྨྱོ། ད་ལ་དུ་ན་སྨྱོ། དི་ན་མ་མ་ཡ་སྨྱོ། བདག་གི་སྲིད་པ་དབང་ཕྱུག་ལས། །ས་བོན་ལས་ནི་སྐུར་བསྐྱེད་པ། །སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྨྱོ་སྨྱོ་སྨྱོ་སྦྱོ་སྦྱོ་སྦྱོ། སྦྱོ་སྨྱོ་སྨྱོ་སྨྱོ་སྨྱོ་སྨྱོ། སྦྱོ་སྨྱོ་སྦྱོ་སྤྱོ་སྨྱོ་སྨྱོ།རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་བརྒྱད་པའོ།། །།ཧུ༷་སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་། །དུ་གསུམ་བདེ་གཤེགས་འབྱུང་བ་ལྔ་ལ་རྫོགས། །འབྱུང་བ་ལྔ་ཉིད་ཡུམ་གྱི་བྷ་གས་བརྒྱན། །འདས་དང་མ་བྱོན་བྷ་ག་ཉིད་ཀྱིས་བརྒྱན། །བདེ་ཆེན་ཡུམ་གྱི་དབྱིངས་ནས་གཤེགས་སུ་གསོལ། །མཁའ་བཞི་དབྱིངས་ལས་བསྐྱེད་པའི་སྲས་མོ་ལྔ། །འབྱུང་བ་ལྔ་ཡི་རྒྱལ་མོ་གཤེགས་སུ་གསོལ། །དངས་མ་ཡུམ་ལས་བསྐྱེད་པའི་མཁའ་འགྲོའི་ཚོགས། །རྗེ་མོ་བཅུ་བཞིའི་ཚོགས་རྣམས་གཤེགས་སུ་གསོལ། །སྙིགས་མ་ཙ་ལས་བསྐྱེད་པའི་མ་མོའི་ཚོགས། །ལྔ་བཅུ་དྲུག་གི་ཚོགས་བཅས་གཤེགས་སུ་གསོལ། །འབྱུང་བ་བཞི་དང་དུས་བཞི་ཆ་སྙོམས་མ། །དུས་བཞིའི་རྒྱལ་མོ་འཁོར་བཅས་གཤེགས་སུ་གསོལ། །ཧུ༷་སྣང་སྲིད་ཐམས་ཅད་འཁོར་ལོ་རྩིབས་བཞི་པོ། ཁྲུ་ཆད་སྒོ་བཞི་བྷ་གའི་ཚུལ་དུ་བརྒྱན། །དབུས་ནི་མི་འགྱུར་ཆོས་ཀྱི་བུམ་པ་ལ། །འདབ་བརྒྱད་དབྱིངས་ལས་འཁོར་ལོ་རྩིབས་བཅུ་བཅས། །རྩིག་པ་གཉིས་ལས་སྣམ་བུ་སྒོ་ཡི་རྒྱན། ཤར་དུ་རྟ་ཁྲག་ལྷོ་རུ་མི་ཁྲག་དང་། ནུབ་ཏུ་མདའ་སྦྱར་བྱང་དུ་བདུད་རྩི་སོགས། །རངབཞིནམཚནམོདུས་ནི་འདི་ཉིད་དུ། །མདའ་བཞི་རྒྱལ་མཚན་གནམ་དུ་ཡེ་རེ་རེ། །ཁྲག་དང་ཞག་གི་འདམ་ཆུ་ཟུ་ལུ་ལུ། །ཡེ་ཤེས་བཞི་ཡི་མེ་ལོང་ལམས་སེ་ལམ། །རལགྲིརྒྱལཆེན་དམག་དཔོན་ཆེན་པོ་བཞི། །འགྲོ་བའི་དོན་དུ་བརྟན་པར་བཞུགས་སུ་གསོལ། །བདུད་རྩི་ཕྱག་གི་བུམ་པའི་རྒྱུ་དག་གི །ཧུ༷་གིས་བསྟིམས་ཤིང་རྒྱུད་སྦྱངས་ཧ་ལྔ་འབར། །ཐུགས་ལས་བཞི་འཕྲོས་བརྟན་པར་བཞུགས། །སྲིད་པའི་རི་ལ་འགྲོ་བའི་མཁའ་འགྲོ་རྣམས། །སྭ་གཉིས་ལུ་གུ་རྒྱུད་བྱས་ཧུ༷་གཉིས་ལྕགས་ཀྱུའི་ཚུལ་དུ་རྟེན། །ཨོ་ཤི་ཧེ་རུ་ཀ་ཡོ་གི་ཛ་ཛ་སུརུ་མཎྜལ་ཟི་བམ། དམ་ཚིག་གཙོ་འཁོར་ལྡན་པ་ཡི། །སྤྲུལ་པ་རེ་རེ་གདན་དུ་བསྒྱེལ། །མཁའ་ཡི་གཏིང་ཁུང་དབུར་གནས་པ། །ནམ་མཁའི་མཐའ་ལ་རལ་གྲི་ཕབ། །ཏྲ་ཏ་ཕཊ། སོ་སོ་རང་རིག་སྒོ་དབྱེ་ནས། །ཧུ༷་གིས་སྐྲུབས་ཀྱི་ལེ་བརྒན་དྲངས། །ཆེ་མཆོག་ལེ་བརྒན་འབར་བ་སྨིན། །ཨོ་ཨ་མྲི་ཏ་ཨུ་ཙིསྟ་ཨ་ཧུ༷་ཨ། ཤེས་རབ་སྙིང་རྗེ་དུས་གཅིག་འབར། །ནུབ་པའི་གདན་ནས་བཏགས་བྱས་ཏེ། །ཕོ་བྲང་སྟེང་དུ་ཟུང་སྟེ་བཞེངས། །ཞལ་སྦྱོར་ཚུལ་དུ་གནས་པའོ། །གཉིས་སྦྱོར་གཙོ་ལ་ཟུར་བརྟན་པའོ། །རྡོ་རྗེ་མཁའ་འགྲོ་ལས། །སྤྱན་དྲངས་ཤིང་དབང་བསྐུར་བའི་ལེའུ་སྟེ་དགུ་པའོ།། །།ཧུ༷་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་པའི་ཆ་ལུགས་ཅན། །དཀར་ནག་འབར་བའི་ཞལ་མངའ་བ། །གཡས་ཀྱི་དང་པོ་རྡོ་རྗེ་ལ། །གཡོན་པ་དུང་ཆེན་གའུ་འཛིན། །གཡས་ཀྱི་བར་མ་གཡང་གཞི་ལ། །གཡོན་པ་རིན་ཆེན་སྲིད་དབང་བསྐུར། །གཡས་ཀྱི་ཐ་མ་རྩེ་གསུམ་ལ། །གཡོན་གྱི་ཐ་མ་ཚེ་འཛིན་ཅིང་། །མི་ཟད་གཏེར་གྱི་མཆོད་པར་བཞེས། །ཀུན་ཏུ་བཟང་མོ་བདེ་བའི་ཡུམ། །བཞི་ཟུར་ཞབས་བརྒྱད་ཕྱག་དྲུག་འབར། །གཡས་ཀྱི་དང་པོ་སྲིད་རྩེ་འཛིན། །གཡོན་གྱི་དང་པོ་རྒྱ་མཚོ་རློབ། །གཡ་ཀྱི་བར་མ་ཡབ་ལ་འཁྱུད། །གཡོན་གྱི་བར་མས་དུང་དམར་སྟོབ། །གཡས་ཀྱི་ཐ་མ་རུ་མཚོན་འཕྱར། །གཡོན་གྱི་ཐ་མ་མེ་དཔུང་བརྡེག །མི་ཟད་གཏེར་གྱི་མཆོད་པར་བཞེས། །སྦོམ་མེ་མཐེའུ་ཆུང་རྩེ་མནན་ནས། །གུང་མོ་རྩེ་སྤྲད་བཞི་ལ་སྦྲེངས་། །རྒྱལ་མོ་ལྔ་ཡི་ཕྱག་རྒྱ་ཡིན། །གཡས་པ་མཛུབ་མོ་བསྒྲེང་བ་ལ། །གཡོན་པ་ཆགས་པ་འ་ད་པ་ནི། །དུས་བཞི་རྒྱལ་མོ་ཕྱག་རྒྱ་ཡིན། །གཡས་པ་ཁུ་ཚུར་སྙིང་གར་བསྟེན། །གཡོན་པ་མཚོན་གྱི་བྱེད་པ་ཡིན། །ཕྲ་མེན་རྒྱ་མཚོ་ཉིད་ཀྱི་རྒྱུ། མཐེབ་མཛུབ་རྩེ་སོ་སོ་སྤྲད། །སྤྱན་གྱི་ཐད་ཀར་འཛིན་པ་ནི། །དེ་ནི་རྡོ་རྗེ་ཉི་མའི་རྒྱ། །མཐེ་མོ་གཉིས་དང་མཛུབ་གཉིས་བསྒྲེང་། །གསུམ་པོ་ཕན་ཚུན་ཐབས་སུ་བཏགས། །དེ་ནི་སྦས་པའི་མ་བཞིའི་རྒྱ། །གུང་མོ་སྲིན་ལག་སོ་སོར་དགུག །མཐེ་བོང་གཉིས་ཀྱིས་སོ་སོར་མནན། །དེ་ནི་ཁྲོས་པའི་རྒྱལ་མོའི་རྒྱ། །མཐེའུ་ཆུང་མཐེ་བོང་རྩེ་ལ་མནན། །ལྷག་མ་གསུམ་པོ་འདི་ལྟར་བྱས། །ཐུགས་ཀྱི་དགྱེས་སྡེ་རྒྱ་ཆེན་ཡིན། །ཕན་ཚུན་ཐབས་སུ་བཏགས་པ་ལ། །ཕྱི་རུ་འགྱེད་ནས་འོད་འཕྲོས་པས། །སྨན་མོ་རྣམས་ཀྱི་ཕྱག་རྒྱ་ཡིན། །ཉི་ཤུ་རྩ་བརྒྱད་པོ་ཡི་ཕྱག་རྒྱ་ནི། །གཞན་དང་འགྲེ་སྟེ་འདིར་མ་བཤད། །མེ་ཏོག་རྒྱན་གྱི་མཆོད་པ་འདི། །སྣང་སྲིད་མཛེས་པའི་མཆོད་པ་ཆེན་པོ་བཞེས། །མེ་བདུག་སྤོས་ཀྱི་དུད་པ་གོ་པོ་འདི། །ཚིམ་པའི་མཆོད་པ་ཆེན་པོ་བཞེས་སུ་གསོལ། །བདུད་རྩི་ཇོ་པོའི་དམ་སྐོང་མཆོད་པར་བཞེས། །འདོད་ཆགས་ཁྲག་གི་མཆོད་པ་དམ་པར་བཞེས། །རྨད་བྱུང་རྒྱན་གྱི་གཏོར་མའི་མཆོད་པར་བཞེས། །ཞེ་སྡང་ཏིང་འཛིན་རམ་གྱི་མཆོད་པར་བཞེས། །འདོད་ཆགས་སྦྱོར་བྱེད་མཆོད་པར་བཞེས། །ལ་ལ་དྲིལ་ཆེན་སྒྲ་སྒྲོགས་ཁྲོ་ལོ་ལོ། །ལ་ལ་རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །རོལ་མོ་ཡེ་ཤེས་མཆོད་པ་ཆེན་པོ་བཞེས། །གནམ་ལྕགས་ངུར་མོ་མེ་ཡི་མཆོད་པར་བཞེས། །གནམ་ལ་འཕུར་དང་ཆུ་ལ་འཔྱོ་བ་དང་། །ས་ལ་སྐྱེས་པའི་མདངས་ཀྱི་མཆོད་པར་བཞེས། །ཧོ་དགོངས་སུ་གསོལ། མ་མོ་མཁའ་འགྲོ་ཕྱི་ནང་གི་ཕྱོགས་སུ་བསྒྱུར་བར་དང་། འབྲུག་གི་སྒྲ་སྒྲོག་པ་དང་། གློག་གི་ལྕེ་འབྱིན་པ་དང་། གནམ་ལྕགས་ཀྱི་རྐན་རྡེབས་པ་དང་། རྒྱུ་འབྱུང་བ་ལྔ་ཁ་ལོ་བསྒྱུར་བའི་རྒྱལ་མོ་ལྔ་དང་། ལས་མཛད་སྲིད་པ་ཁྲོས་པའི་དབང་མོ་ཆེ་བཞི། །དྭངས་མའི་དབྱིངས་ལས་ཤར་བའི་མ་ཆེན་བཞི་དང་། རིག་པ་རྒྱན་གྱི་མ་ཆེན་བཞི་དང་། དམན་མོར་གྲགས་པ་ཐམས་ཅད་དང་། མཁྱེན་པ་དང་ནི་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་རིག་པ་དོན་ལ་བཟླས། །ཨོ་ཤི་ཧེ་རུ་ཀ །བཛྲ་བོ་དྷི་ཙིསྟ་ས་མ་ཡ་ཧུ༷་ཧོ། ཀྲོ་དྷི་ཤཱ་རྡི་པདྨ་རུ་ལུ་རུ་ལུ་སྨྱོ། ཐུགས་ལས་ལྗགས་ཀྱིས་རྩེ་ལ་འཕྲོ། །མཁའ་ལ་འདུ་ཞིང་དབྱིངས་སུ་བསྡུ། །དཀྱིལ་འཁོར་གཉིས་སྡེབས་ཞལ་སྐོར་བཟླས། །རང་རང་རྩ་བའི་སྙིང་པོ་སྤྲོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། མཆོད་པ་རིམ་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཧུ༷་ཐུག་ཀྱི་ཀུན་མཁྱེན་སྐུ་ཡི་ཀུན་ཏུ་ཁྱབ། །གསུང་གི་སྒྲ་སྒྲོགས་ཡོན་ཏན་ཅིར་ཡང་སྣང་། །ཕྲིན་ལས་རྒྱ་མཚོ་མཛད་ལ་ཕྱག་འཚལ་ལོ ཅི་མི་འོང་བའི་སྤུན་དྲུག་བཅུ་གསུམ་པོ། །རུས་མིན་སྤྲུན་དྲུག་ཚོགས་ལ་ཕྱག་འ་་ལོ། །རིག་པའི་དབྱིངས་ལས་ཤར་བའི་དམ་ཅན་ཚོགས། །ཐུགས་རྗེ་རྩེ་གཅིག་ཡིད་ཀྱིས་དགོངས་ནས་གཤེགས། །སྲིད་པ་ཀུན་གྱི་ལས་རྣམས་གྲུབ་པ་མོ། །སྲིད་པའི་དམན་མོའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ནས་གདན་རྣམས་བསྒྱེལ་ནས་སུ། ཁུབ་པའི་ལས་རྣམས་བྱེདཔར་བསྒོ། །ཧུ༷་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །མཐིང་ནག་འབར་བའི་ཆ་ལུགས་ལ། །དུར་ཁྲོད་འབར་བས་སྐུ་ལ་བརྒྱན། །ཕྱག་དྲུག་ཕྱག་ཆས་སྐྱེ་ཤི་སྒྲོལ། །བསྐལ་པ་མེ་ཡི་གཟི་མདང་ཅན། །ཡུམ་དང་གཉིས་སུ་མེད་པར་རོལ། །ཐུགས་རྗེ་དབྱིངས་ནས་རོལ་པར་མཛད། །ཐུགས་རྗེ་མི་འགྱུར་དབྱིངས་ནས་སྐུ་སྤྲུལ་པ། །མཁའ་དྲུག་རྒྱལ་མོ་མངོན་སྤྱོད་ལས་གྱིས་ཤིག །མི་དམིགས་སྐྱེ་མེད་དབྱིངས་ནས་སྐུ་སྤྲུལ་པ། །ཕྲ་མེན་རྒྱ་མཚོ་ལ་སོགས་ལས་གྱིས་ཤིག །སྙིང་རྗེ་ཆེན་པོའི་འོད་ལས་སྐུ་སྤྲུལ་མ། །ཉི་མ་ཐོད་ཕྲེང་ལ་སོགས་ལས་གྱིས་ཤིག །ཐུགས་ཀྱི་སྤྲུལ་པས་ཁམས་གསུམ་རྡུལ་དུ་རློག ཁྲོས་པའི་དབང་ཆེན་ལ་སོགས་ལས་གྱིས་ཤིག །སྐྱེ་མེད་མི་འགྱུར་དབྱིངས་ནས་དོན་མཛད་མ། །སྦས་པའི་མ་ཆེན་ལ་སོགས་ལས་གྱིས་ཤིག །རིག་པའི་འོད་ལས་ཤར་བའི་བཞད་སྒྲ་ཅན། །ཐུག་ཀྱི་དགྱེ་སྡེལ་སོག་ལ་གྱི་ཤིག །སྣང་སྲིད་ཐམ་ཅད་སྐྱེ་འགྲོའི་རྣམ་འཕྲུལ་མ། །ཆགས་བྱེད་ཆ་སྙོམས་ལ་སོགས་ལས་གྱིས་ཤིག །དཔག་བསམ་ཤིང་བུ་ཁྱེར་ནས་སྤྲུལ་པའི་ལྷ། །ཨེ་ཀ་ཙ་ཏི་ལ་སོག་ལས་གྱིས་ཤིག །འཐོར་རླུད་དྲག་པོས་སྣང་སྲིད་སྨྱོ་ཟློག་བྱེད། །ནམ་མཁའི་རྒྱལ་མོ་ལ་སོགས་ལས་གྱིས་ཤིག །འདོད་ཆགས་གནས་སུ་སྟོབས་མཛད་བྱམས་སྙོམས་མ། །འདོད་ཁམས་ནེ་འཚལ་ལ་སོགས་ལས་གྱིས་ཤིག །བདུད་ཀྱི་བུ་སྨད་སྲིད་གསུམ་སྨྱོ་བཟློག་མཛད། །སྲིན་མོ་ཆེན་མོ་ལ་སོགས་ལས་གྱིས་ཤིག །ཐུགས་རྗེ་བྱམས་པས་ཡབ་ལ་བརྩེ་བ་མ། །ལས་ཀྱི་སྲིན་མོ་ལ་སོགས་ལས་གྱིས་ཤིག །བརྟུལ་ཞུགས་སྟོབས་ཀྱིས་བདུད་ཀྱི་དཔུང་འཇོམས་མ། །དམག་དཔོན་རྒྱལ་མོ་ལ་སོགས་ལས་གྱིས་ཤིག །རྒྱལ་བའི་བཀའ་བཞིན་ལས་རྣམས་ཁས་བླངས་པ། །ཉི་ཤུ་རྩ་བརྒྱད་དབང་པོ་ལས་གྱིས་ཤིག །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། །བསྐུལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །བསྒྲུབ་པའི་རིམ་པ་གང་ལགས་པ། །མངོན་རྫོགས་དཔལ་ལ་བདག་ཉན་འཚལ། །རྒྱལ་པོ་བདེ་བས་བཀའ་སྩལ་པ། །དབེན་ལ་གཉན་པའི་གནས་སུ་ནི། །འདབ་བཞི་སྒོ་བཞི་ཡང་དག་ལྡན། །ཡབ་ཡུམ་བསྙེན་པ་རྫོགས་བྱས་ནས། །ཀུན་ཏུ་བཟང་མོའི་བྷ་ག་ལ། །རྒྱལ་མོ་བཞི་དང་ཐུན་མོང་ཤར། །ཧུ༷་ཧུ༷་ཧུ༷། སྨྱོ་སྦྱོ་སྨྱོ་སྦྱོ། ར༷་ཛ་ལ་ནི་ཕཊ། སིང་ཏིང་ས་ལ་ཕཊ། ཕ་ཙརྙི་ཧ་ཕཊ། ཡ༷་གསྟེ་ལང་ཕཊ། ཏི་ཕང་ཕཊ། ཨ་པར་མརྙ་ཕཊ།དྭངས་སམ་འདི་དང་ས་མ་ཕཊ། ས་ཡི་དུག་ཉུལ་ཆེན་མོས་ཏེ། ཁྲར་ཕྱོགས་ཁམས་ནས་གཤེགས་སུ་གསོལ། །མེ་ཡི་འོད་ནས་རྣམ་སྤྲུལ་མ། །ལྷོ་ཕྱོགས་ཁམས་ནས་གཤེགས་སུ་གསོལ། །ཆུ་ཡི་དྭངས་མས་སྤྲུལ་པ་མོ། །ནུབ་ཕྱོགས་ཁམས་ནས་གཤེགས་སུ་གསོལ། །རླུད་གི་བྱེད་ལས་སྐྱེས་པ་མོ། །བྱང་ཕྱོགས་ཀློང་ནས་གཤེགས་སུ་གསོལ། །ལྷ་ཡི་བུ་མོ་འདབ་བཟང་མོ། །གཤིན་རྗེའི་བུ་མོ་རལ་པ་ཅན། །ཀླུ་ཡི་བུ་མོ་ཡིད་འཕྲོག་མ། །གནོད་སྤྱིན་བུ་མོ་གར་མཁན་མ། །ཕྱོགས་བཞི་དག་ནས་གཤེགས་སུ་གསོལ། །ཐིམ་པའི་རྒྱལ་མོའི་བྱེ་བྲག་ནི། །རྒྱ་མཚོ་གཟུགས་ཀྱི་ཁོག་པ་སྲ །གསེར་མིག་འབར་བའི་ཤ་ཡིས་བསྐང་། །རྒྱ་མཚོ་དགྲ་ཡི་ཁོག་པ་མྲ །ཙ་ར་ཀར་བའི་མདངས་སྤྱིས་བསྐང་། །ན་ཁྲོ་ཏ་ཡི་ཁོག་པ་མྲ །སྟོངས་བྱེད་མ་ཡི་བབ་ཀྱིས་བལྟམས། །གནོད་སྤྱིན་འབར་བའི་རྩེ་མོ་སྲ །གངས་ཀྱི་ཞུན་ཆུ་འབར་བས་བསྐང་། །མཐུན་པའི་རྫས་ཀྱིས་སྐུ་གཉིས་བྱ། །སྤྱིདཔལཆེནཔོམཆོདབྱསནས། །རང་རང་སྔགསཀྱིམཆོདཔརབྱ། །ལྷ་ཡི་འབར་བའི་ཨེ་སྤྱིལ་དུ། །རྟེན་གྱི་འཁོར་ལོ་དམིགས་པ་ཡིས། །སྲི་རྩོ་ན་ཡི་ཐག་པས་གདགས། །གཟུག་མོ་བྱི་ཐུར་དག་མ་སྟོང་། །ཧུ༷་དཔལ་གྱི་ཕོ་ཉ་ཆེན་མོ་ནི། །སྟོན་ཟླ་གསུམ་གྱི་ངོས་ཤེད་ལ། ཁྲི་གདུགས་གདལ་བའི་ཤར་ཕྱོགས་ནས། །སྲིད་པ་བགྲེང་བུ་ཤ་ཟ་མ། ཁྲར་ནས་དམ་སྲི་ཤ་དང་ཕྲོལ། །དགུན་ཟླ་གསུམ་གྱི་ངོས་ཤེད་ལས།ཁྲི་གདུགས་གདལ་བའི་ལྷོ་ཕྱོགས་ནས། །སྲིད་པའི་འཕྲད་ཉལ་དྲོད་འཕྲོག་མ། །ལྷོ་ནས་དམ་སྲི་དྲོད་དང་ཕྲོལ། །དབྱར་ཟླ་གསུམ་གྱི་ངོས་ཤེད་ལ། ཁྲི་གདུགས་གདལ་བའི་ནུབ་ཕྱོགས་ནས། །སྲིད་པ་ཏ་སྦྱོར་ཁྲག་འཛག་མ། །ནུབ་ནས་དམ་སྲི་ཁྲག་དང་ཕྲོལ། ཁྲི་གདུགས་གདལ་བའི་བྱང་ཕྱོགས་ནས། །སྲིད་པའི་གན་རྐྱལ་དབུགས་འཕྲོག་མ། །བྱང་ནས་དམ་སྲིད་དབུགས་དང་ཕྲོལ། །ཧུ༷་གླིང་བཞི་མགྱོགས་མ་ཤར་ནས་གཤེགས། །མཁའ་ལ་ཁྱུང་ལྡིང་ལྷོ་ནས་གཤེགས། །དམར་མོ་གཡག་མགོ་ནུབ་ནས་གཤེགས། །སེར་མོ་ལས་མཁན་བྱང་ནས་གཤེགས། །ཨ་ལ་གནས་པའི་དམ་སྲི་མ། །རྒྱལ་མོ་བཞི་ཡི་རྣོ་ཡིས་གཅད། །ཏྲི་ཙིལྟི་ཡ་ཁད་ཀན། །རི་ཙིཀྟ་ལ་ཐུམ་ལུམ། ཁམ་ཙིཉི་ལ་ཧུ༷། ཨ་ཙིསྟ་ལ་ཧ་ཕཊ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དམ་སྲི་རླག་བྱེད་ཁྲག་གི་ལག་ཆ། ཕུང་བྱེད་དྲེགས་པའི་རྣོ་ཁ་སྒྲིལ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དབེན་ལ་གཉན་པའི་གནས་སུ་ནི། །མཎྜལ་འཁོར་ཡུག་ལྡན་པ་ལ། །འཁོར་ལོ་རྩིབས་བརྒྱད་འབར་བ་ལ། །རྡོ་རྗེ་འབར་བ་མེ་འོད་ལྡན། །ཡབ་ཡུམ་བསྙེན་པ་རྫོགས་བྱས་ནས། །ཡུམ་གྱི་མཁའ་དཀྱིལ་བྷ་ག་ལ། །རྩིབས་བརྒྱད་འཁོར་ལོ་འབར་བ་ལ། །ལྷ་མོ་ཚོམ་བུ་སྤོ་བར་བྱ། ཙ་པ་ལ་ཕཊ། མ་རིང་ནི་ཕཊ། དུང་པ་ནི་ཕཊ། རག་ཤ་ནི་ཕཊ། ཙིསྟ་ལ་ཕཊ། །གསྟེ་ལང་ཕཊ། ཨུ་པ་ཏེ་ཕཊ། ནུ་མ་རེ་ཕཊ། ཕྱོགས་མཚམས་བརྒྱད་ནས་བསྐུལ་ཤེས་ན། །གྲུབ་པའི་མཚན་རྟགས་བསྟན་དུ་གསོལ། །ཛ༷༷ཧུ༷་བ༷་ཧོ༷ ལུང་སྟོང་མ་ཡི་རྩེ་མོ་མྲ །སྣ་ཚོགས་ལྔ་ཡི་རྩི་སྦྱར་བས། །ཐོབ་པའི་རྒྱལ་མོ་མཉེས་པར་བྱ། །རང་རང་སྔགས་ལ་རུ་ལུས་སྔགས། །ཐུགས་ཀར་སྔགས་ཟེར་འཕྲོ་འདུས་བསྐུལ། །བཞི་ཡི་ལྷོ་ཕྱོགས་ཨེ་ཡི་གནས། །སྲིན་པོ་འདུལ་བའི་གཟུགས་ཉིད་ལ། །ལྕགས་ཀྱི་དྲ་བས་རྒྱ་གྲམ་བྱ། །གངས་རི་འབར་བའི་རྩེ་ལ་གཞག །དེ་ནས་ཕོ་ཉ་མངག་པ་སྟེ། །ཧུ༷་མི་དམིགས་ཏིང་འཛིན་ཡེ་ཤེས་བདེ་བ་ཆེ། །ཧེ་རུ་ཧུ༷་སྲས་འཁོར་དུ་བཞད། །སྤྲུལ་པ་སེང་གེའི་མགོ་བོ་ཅན། །གངས་ཀྱི་སྟོངས་ནས་ངར་སྒྲ་འབྱིན། །གཅན་གཟན་ཕྲ་མོ་མང་པོ་འདར་ཅིང་འདུད། །དམ་ཉམས་རྡུལ་དུ་རློག་པའི་དུས་ལ་བབ། །ཧུ༷་མི་དམིགས་ཏིང་འཛིན་ཡེ་ཤེས་བདེ་བ་ཆེ། །སྤྲུལ་པ་སྟག་གི་མགོ་བོ་ཅན། །དམ་ཉམས་དགྲ་བོ་སྒྲལ་བའི་དུས་ལ་བབ། །ཧུ༷་མི་དམིགས་ཕྲ་མོ་ཆུ་སྲིན་རྒྱལ་མཚན་ཕྱར། ། །སྤྲུལ་པ་ཝ་ཡི་མགོ་ཅན་དུར་ཁྲོད་ཁྱབ་པར་ཉུལ། །སྙིང་རྗེ་མེད་པར་ལས་ཀྱིས་གསོད་པར་བྱེད། །དམ་ཉམས་རྡུལ་དུ་རློག་པའི་དུས་ལ་བབ། །ཧུ༷་མི་བཟད་ཁྲོས་པས་བྱང་ཕྱོགས་དྲེགས་པ་འཇོམས། །མི་དམིགས་ཕོ་ཉ་མི་སྡུག་རྡོ་རྗེ་ཕྱར། །སྤྲུལ་པ་སྤྱང་མོའི་མགོ་ཅན་སྲོག་ཆགས་གཞན་མ་གྲོལ། །རྟེན་ལ་ཕབ་གནས་གསུམ་རྣོན་པོས། །ནག་མོ་མགོ་ཅན་སྦུད་པ་མྲ །གདུག་པ་ཅན་གྱི་ཤིང་གིས་དགང་། །སྲིན་མོ་ཁྲོས་ནས་མེ་བསླངས་ལ། །སྙིང་པོ་རྒོད་ཀྱི་མཇུག་མས་མེ་སྤར་ལ། །བྱེད་པ་མོ་ནི་བཞི་གཉིས་ལ། །རང་རང་སྔགས་ཀྱིས་སྲེག་བྱང་བྱ། །དྷ་དུ་ར་ཡི་ཁུ་བ་དང་། མཆི་རྐྱེན་རྒྱ་ཚིལ་མཆོད་པར་སྦྱར། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས།བཤན་པ་མོ་བརྒྱད་སྒྲུབ་པའི་ཐབས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དབེན་གནས་གཉན་པའི་གནས་མཆོག་ཏུ། །མཎྜལ་འཇིམ་པའི་དྲི་བྱུགས་ལ། ཁུ།་གསུམ་གཅིག་ལ་རྩིབས་བརྒྱད་ལྡན། །ཆེ་མཆོག་བསྙེན་པ་རྫོགས་བྱས་ན། ཡུམ་གྱི་བྷ་གའི་དཀྱིལ་དུ་འཁོར། །སྙིང་པོ་ཐིག་ལེ་སྤྲོས་པ་ལས། །ད་རི་ཧུ༷་ཕཊ། རུ་ལུ་ཧུ༷་ཕཊ། ར་ཏ་ཧུ༷་ཕཊ། རྩ་ཏེ་ཀ་ཧུ༷་ཕཊ། གུ་ཤ་ཏེ་ཧུ༷་ཕཊ། ཨ་ཏོ་ཧུ༷་ཕཊ། བི་ཏ་སྭ་ཕཊ། དུ་ར་རྩ་ཡེ་ཕཊ། ཛ༷༷ཧུ༷་ཧྭ་ཧེ་ཕཊ། རྒྱན་ལྡན་སྔགས་ཀྱི་མཆོད་བྱས་ལ། །སྟོང་རྩ་བརྒྱད་ཀྱི་འཕྲོ་འདུ་བྱ། །རང་རང་སྔགས་ལ་རུ་ལུས་སྔགས། །མཐིང་ནག་ཨེ་ཡི་དཀྱིལ་འཁོར་དུ། །ས་ཏྲ་ན་ཡི་རྐྱལ་པ་མྲ །དྲི་ཏྲ་ན་ཡི་གཟུགས་བཅུག་ལ། །དེ་ནས་དཔལ་གྱི་ཕོ་ཉ་ལ། །ཧཱུཾ་ཤར་གྱི་ཕྱོགས་ནས་བསྐུལ་བ་ནི། །དཔལ་གྱི་བཀྲག་འཕྲོག་ནམ་མཁའི་གཟི། །སྐུ་མདོག་དཀར་སེར་སྤྲིན་གྱི་རལ་པ་ཅན། །སྤྱི་གཙུག་དམར་པོ་ཞེ་སྡང་མེང ་ར་མདའ་ཕྱབ་བཉིས་བཟའ་ཡི་ཞགས་པ་འཕེན། །གཡས་པ་འོད་ཟེར་དམར་པོ་གཡོན་པ་ཁྲོ་ཆུ་ཙགས་ཆ་འཛིན། །དྲི་ཟ་མགོ་ཆང་བྷན་དྷ་སྲ །སྙིང་ཁྲག་དམར་ལ་ད་སྡོམས་ཤིག །ཧུ༷་ལྷོ་ཡི་ཕྱོགས་ནས་ཟློ་ལ་ཟི་རྣི། །།དཔལ་།གྱི་།ཁྲེབ་༷ཐུང་ནམ་་རྨིཁའི་གཟི། །ཁྲག་མདོག་དམར་མོ་བསེ་ཡི་རལ་པ་ཅན། །སྤྱི་གཙུག་འོད་ཟེར་དམར་པོ་སྐྱེས། །གཡས་པ་འོད་ཟེར་དམར་པོ་འཛིན། །གཤིན་རྗེ་མགོ་བཅད་བྷན་དྲ་རྨི །མིང་།ཁྲབ་ཛིམར་ལ་ད་རྙིམས་ཤིརྒི །ཧྭ༷་ནབ་སྐྱེ་ཕྱོགས་ནས་བསྐུལ་བ་ནི། །དཔལ་གྱི་དྲོད་འཕྲོག་ནམ་མཁའི་གཟི། །མེ་འཕྲེང་གུ་འཕྲེང་མ་ཡི་རལ་པ་ཅན། །སྤྱི་གཙུག་མེ་ཡི་འདོད་ཆགས་དམར་པོ་སྐྱེས། མེ་སྨྲ་སྤྱོབ་་་བར་༷ཀྲུས་བྱེད། །།རྨི་མདསྐྲུ་ནི་རྨི་རྒིཉིས་བརྐྱང་བསྐུམ་ཚུལ། །ཀླ་བདུད་མགོ་བཅད་བྷན་དྷ་མྲ །སྙིང་ཁྲག་དམར་ལ་ད་སྡོམས་ཤིག །ཧུ༷་བྱང་གི་ཕྱོགས་ནས་བསྐུལ་བ་ནི། །དཔལ་གྱི་དབུགས་འཕྲོག་ནམ་རྨོཁ་འི་་ཟི། །་་མརྡོབ་྅ང་བ་།སྨིན་་གྱི་རལ་པ་ཅན། །རླང་གི་ཕྱག་གརྙས་གར་ཐབས་འགྱེད། །གཡས་པ་རྒྱ་གྲམ་རལ་གྲི་འདེབས། །གནོད་སྤྱིན་མགོ་བཅད་བྷན་དྷ་མྲ །སྙིང་ཁྲག་དམར་ལ་ད་སྡོམས་སྐོག །བཀུག་རྨི་པུ་ཉིསློ་རྒྱརྨི་།པོ་་སྲ་།རྐྱོ་རྟོ་ན་ཡིས་བཏགས་ནརྨོ་སུ། །འབྱུང་བ་རླུང་གི་དཀྱིལ་འཁོར་དུ། །མོན་པ་ནག་པོས་བཏགས་ནས་ནི། །སྲིད་པ་མ་སྟོངས་བར་དུ་གདུག །རྡོ་རྗེ་མཁའ་མགྲོའི་རྒྱུད་ལས། ཇག་༄༅ པ་མ་མོའི་སྤྲུལ་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དུར་ཁྲོད་ངན་པའི་ས་ཕྱོགས་སུ། །མཎྜལ་ཙསྡོན་དྲིས་བྱུག་ལ། །པད་བཞི་འཁོར་ལོ་རྩིབས་བཞི་བཅས། །ཆེ་མཆོག་བསྙེན་པ་རྫོགས་བྱས་ནས། །ཡུམ་གྱི་མཁའ་ལས་འོད་འཕྲོས་པ། །ཀུ་མ་ད་རི་ཕཊ། ཀང་ཀ་ད་རི་ཕཊ། ཙ་མུན་ད་རི་ཕཊ། ཆུ་ལ་ད་རི་ད་རི་ཕཊ། ར་ཙ་ཧ་ཕཊ། ཀེ་རུ་ཧེ་ཕཊ། ཀ་ར་ཏ་ཕཊ། དུ་ན་ཡེ་ཕཊ། རྒྱན་ལྡན་གཏོར་མ་མཉེས་བྱས་ལ རང་རང་སྔགས་ལ་ཛ་ཡིས་མཛེས། །སྟོང་རྩ་བརྒྱད་དུ་བསྙེན་པ་བྱ། །ཤར་དུ་སྐར་མདའ་གསང་གིས་མཛེས། །ལྷོ་རུ་ནེ་ཀྲ་འབྲུ་མར་དགང་། །ནུབ་ཏུ་བདུད་ཀྱི་རྩེ་མོ་མྲ །རྒྱ་རུ་ར་ཡི་ཁུ་བས་དགང་། །རྐང་རྗེས་ཟད་པའི་རབས་ཆད་ཐོད་པ་མྲ །མེ་ཏོག་འབར་བའི་སྦྲང་རྩི་བཅུད་ཀྱིས་དགང་། །མ་ཧྭ་དེ་ཝའི་བུ་མོ་སྟེ། །ཀུ་མ་ད་རའི་དུས་ལ་བབ། །དཔལ་ཆེན་ཐུགས་ཀྱི་བུ་མོ་སྟེ། །ཀང་ཀ་ད་རའི་དུས་ལ་བབ། །གནོད་སྤྱིན་ལེགས་པའི་བུ་མོ་སྟེ། །ཙ་མུན་ད་རའི་དུས་ལ་བབ། །ཀླུ་རྒྱལ་འཇོག་པོའི་བུ་མོ་སྟེ། །ཆུ་ལ་ད་རའི་དུས་ལ་བབ། །སྲིན་མོ་རྒྱུ་བའི་ཚེ་སྲོག་བདག །སྤྲུལ་པའི་རྒྱལ་མོའི་དུས་ལ་བབ། །འཇིག་གི་ཐུན་ལ་རྒྱུ་འགྲོ་མ། །རྒྱན་གྱི་རྒྱལ་མོའི་དུས་ལ་བབ། །ནམ་ཕྱེད་ཐུན་ལ་བབ་པའི་ཚེ། །དབང་གི་རྒྱལ་མོའི་དུས་ལ་བབ། །ཐོ་རངས་ཐུན་ལ་བབ་པའི་ཚེ། །ལས་ཀྱི་རྒྱལ་མོའི་དུས་ལ་བབ། ཁྲག་མཚོ་འབར་བའི་དཀྱིལ་འཁོར་དུ། ཁེན་ཏུ་རྣོ་བའི་ས་སྟོང་ནས་ནི། །རྣོ་དབལ་སྔགས་ཀྱིས་དབབ་པར་བྱ། །གུ་གུལ་ཙིཉི་ལི་ཁ་ཐིམ་རྦད། ར་ཏོ་ནི་ད་ནི་པྲ་ཏོ་རྦད། དངས་དུ་ནི་ཐོ་རྦད། ཀྲི་ཏ་རུ་བི་ཏི་ནི་རྦད། ནད་དང་མཚོན་གྱི་སྐལ་པ་ཡིས། །དུས་མཐའི་མེ་བཞིན་འཁྲུག་པར་བསམ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གའུ་ཕུང་བྱེད་ཆེན་མོའི་ལེའུ་སྟེ་བཅོ་ལྔ་པའོ།། །ཁུབ་པའི་ས་གཞི་བརྟག་པ་མྲ །འཁོར་ལོ་འབར་བའི་རྩིབས་བཞི་ལ། །དུར་ཁྲོད་ཐལ་བས་བྲིས་བྱས་ཏེ། །དབུས་སུ་རྟ་མཆོག་ཡབ་ཡུམ་བསྐྱེད། །མཁའ་ལ་སྲས་སུ་ཡུམ་བཞི་བསྐྱེད། །སྙིང་རྩ་ཤ་མ་ལ་སྨྱོ། ཙ་བ་ས་ལ་སྨྱོ། མ་མ་ལ་ས་སྨྱོ། མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །གདུག་པའི་པགས་པར་ར་དཀར་གཞུག །དེ་ནས་ཕོ་ཉ་ཆེན་མོ་ནི། །བྱང་ཤར་མཚམས་ཀྱི་འཁོར་འདུས་མ། །སྟ་སྨན་ཟོར་གདོང་ཆེན་མོ་ནི། །ཆིབས་སུ་ལྷོ་ཡི་སྟག་ལ་ཆིབས། །འཁོར་དུ་གཟིགས་སྨན་རོལ་པོ་འབྲེང་། །བྱང་ཤར་དགྲ་འདུལ་ཆེན་མོ་གཤེགས། །གློག་སྟོང་འཁྱུག་ཅིང་གཤེགས་སུ་གསོལ། །ནུབ་བྱང་མཚམས་ཀྱི་འཁོར་འདུལ་མ། །ནག་མོ་གདོང་དྲུག་མཆེ་ཆེན་འབེབས། །ཆིབས་སུ་བྱང་ཀའི་འགྲོང་ལ་ཆིབས། །གཡས་ནས་མི་ལྤགས་གཡང་གཞི་རྡེབ། །གཡོན་ན་མདུང་དམརརུམཚོནའདེབས། །ནུབ་བྱང་བདུད་འདུལ་དུས་ལ་བབ། །འབྲུག་སྟོང་ལྡིར་ཅིང་ད་ཚུར་སྤྱོན། །ལྷོ་ནུབ་མཚམས་ཀྱི་འཁོར་རྒྱལ་མོ། ཁྲི་དམན་ལྡེམ་དྲུག་ཆེན་མོ་ནི། །ཆིབས་སུ་ནམ་མཁའི་གློག་ལ་ཆིབས། །གཡས་ན་དམན་བརྒྱ་ཤ་ར་ར། །གཡོན་ན་ལོག་ཞབྲུག་ལྕིབ་སེ་ལྕིབ། །ལྷོ་ནུབ་སྲིན་མོ་དུ་ལ་བབ། ཁྲར་ལྷོ་ མཚམས་ཀྱི་བདུད་འདུལ་མ། །མཚན་ནི་བ་ལང་དྲེའུ་སྣམ། །ཆིབས་སུ་དྲེལ་རྟ་ཕག་ལ་ཆིབས། །དྲི་ཟ་འདུལ་བྱེད་ཆེན་མོ་གཤེགས་སུ་གསོལ། །གློག་སྟོང་འཁྱུག་ཅིང་ད་ཚུར་སྤྱོན། །གདུག་པ་ཀླད་ལ་བསྐོར་ནས་ཀྱང་། །སྣང་བ་ཆེན་པོ་ནང་དུ་འཆང་། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། འཁོར་འདུས་མ་བཞི་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དུར་ཁྲོད་འབར་བའི་ཐོད་པ་སྲ །ཟླ་གམ་བཞི་ལ་ཐིག་ལེས་བརྒྱན། །ཕྲ་མེན་བསྙེན་པ་རྫོགས་ནས་ཀྱང་། །མཁའ་ལ་འོད་འཕྲོས་སྤྲུལ་པ་རྫོགས། །རུ་ར་ཏ་ཡེ་ཕཊ། པ་རི་ཏ་ཕཊ། ཛ་ག་ཤ་ཡེ་ཧུ༷། ཁ་ས་ཡེ་ཧུ༷། རང་རང་བསྙེན་པ་རྫོགས་བྱས་ནས། །ཕྱོགས་བཞི་ཐིག་ལེས་ཟླུམ་པོ་བཞི། ཀ་ཀོ་ལ་ཡི་ཐིག་པ་དང་། །ཧྲོ་ས་ཕོ་རོག་ར་ཡི་ཐིག་ལེ་དང་། །གསེར་མིག་མ་ཡི་ཐིག་ལེ་དང་། །སོ་ཏ་ནག་པོའི་ཐིག་ལེ་དང་། །རོ་ཏིའི་མིང་བཅུག་ལ། །ཙ་ར་ན་ཡི་འུར་རྡོས་འཕང་། །ཧུ༷་འདོད་པའི་བུ་མོ་མི་བཟད་མ། །ནམ་མཁའ་དང་བའི་སྐུ་མངའ་མ། །ཡེ་ཤེས་ཟླ་བའི་ཐུགས་མངའ་མ། །ཏིང་འཛིན་ཉི་མའི་སྤྱན་མངའ་མ། །འདོད་པའི་བུ་མོ་མི་བཟད་མ། །དྲེད་པོའི་བུ་མོ་གཟུགས་ལྡན་མ། །རྔ་མོ་གྭ་བཅིབས་གློག་བས་མགྱོགས། །སྤྲུལ་པའི་བུ་མོ་མི་བཟད་མ། །འདོད་པའི་བུ་མོ་མི་བཟད་མ། །རུས་སྦལ་ཆིབས་ནི་གློག་བས་མགྱོགས། །ཟངས་ཀྱི་སྐུ་བྱད་ཀླད་ལ་བསྐོར། །བཤན་པ་འབུམ་གྱི་དབུས་ན་འགྱིང་། །འདོད་པའི་བུ་མོ་སྤྲུལ་པ་མོ། །མེ་ཡི་འབར་མ་ལྕེ་བརྒྱད་ནི། །མྱུར་བའི་ཚད་ནི་གློག་བས་མགྱོགས། །ལག་པའི་སྙིང་འབྱིང་ཞལ་དུ་འདྲེན། །རྡོ་རྗེ་མཁའ་འགྲོ་ལས། ཁྱོ་མེད་མ་བཞི་སྒྲུབ་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།ཕྲ་མེན་རྒྱ་མཚོས་ཡང་གསོལ་པ། །ཕོ་ཡིས་སྒྲུབ་པ་ཇི་ལྟར་ལགས། །རྒྱལ་བ་ཡབ་ལ་བདག་ཉན་འཚལ། །རྒྱལ་པོ་དེ་བས་བཀའ་སྩལ་པ། །དབུས་སུ་གྲུ་གསུམ་འབར་བ་ལ། ཁྲེལ་ནག་རྒྱལ་བུར་གཟུགས་བཅུག་ལ། །ཕྱག་རྒྱ་བཞི་ཡིས་དགུག་གཞུག་བྱ། །བསྟིམ་གུ་གུ་ཐུལ་ཐུལ་བྱ། །དེ་ནས་ཕོ་ཉ་རབ་དགྱེ་སྟེ། །ཧུ༷་ཤར་གྱི་ཕྱོགས་ནས་བཞེངས་སེ་བཞེང་། །དུང་གི་གླང་པོ་ཆེན་པོ་ལ། །ཡ་རྐན་གནམ་ལ་མ་རྐན་ས། །མཆེ་བ་གངས་རི་གཏམས་པ་འདྲ། །ལྕེ་ནི་མུན་གྱི་གློག་བས་མགྱོགས། །དེ་འདྲའི་སེམས་ཅན་ཆེན་པོ་ལ། །བསེ་ཡི་སྐྱེས་བུ་འཕྲུལ་ཅན་ཞོན། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། ཕྱག་ན་བསེ་མདུང་དམར་པོ་བསྣམས། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །རྡོ་རྗེ་འབར་བའི་ཕྲ་དོག་སྐྱེས། །བདུད་གཡག་འབྲོང་གི་གཞུ་མོ་ལ། ཁྲོ་ཆུ་འབར་བའི་འཆང་ཟུང་དཀྱིལ། །གསེར་གྱི་མཆོག་མ་འབར་བ་ལ། །དངུལ་གྱི་སྤྱིན་གྱིས་སྡེབས་སྦྱར་ནས། །ཞིང་གི་རྒྱུས་ཀྱི་རྒྱུད་དུ་བལྟམས། །སྨྱུག་མ་བྱང་ཆུབ་ཤིང་བུ་ལ། །ཡེ་ཤེས་བཞི་ཡི་སྒྲོ་ཡིས་བསྐྱོན། །བདེ་ཆེན་ཆོས་ཀྱི་དབྱིངས་ཉིད་ལ། །སྨྱུག་མ་འོད་ཟེར་བདེ་བ་ཚ་ཚ་ཞབྲུག །འཕྲོག་པར་རྒྱོབ་ཅིག་བཛྲ་ཡ། །གཟོར་རོ་གཟོར་རོ་ཙིལྟི་མ་ཕཊ། ལྷོ་ཡི་ཕྱོགས་ནས་བཞེངས་སེ་བཞེང་། །གར་མཁན་ཤང་ཤང་རྟ་ཕོ་ལ། །ཡ་རྐན་རྦ་ལ་མ་རྐན་ཆུ། །མཆེ་བ་མཆུ་རི་འབར་བའི་སྐུ། །ལྕེ་ནི་མུན་གྱི་གློག་བས་གསལ། །དེ་འདྲའི་སེམས་ཅན་ཆེན་པོ་ལ། །བསེ་ཡི་སྐྱེས་བུ་གདུག་པ་ཤོན། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །དབུ་ལ་གསེ་་བསེ་ཀུཡི་རྨོག་ཞུ་གསོལ། །རིན་ཆེན་སྔོན་པོའི་རྨོག་སྐྱེས་པ། །གཞུ་བཟུང་གཡོན་གྱི་ལྟོང་སྲོག་གཡས་ཀྱི་སྲོག །ཕོག་པར་རྒྱོབ་ཅིག་རཏྣ་ཡ། །གཟོར་རོ་གཟོར་རོ་ནཱ་ག་ཙིསྟ་ཏྲ་ཋ་ཡ། །ནུབ་ཀྱི་ཕྱོགས་ནས་བཞེངས་སེ་བཞེང་། །ཡིད་འོང་རྨ་བྱའི་རྟ་ཕོ་ལ། །ཡ་རྐན་མེ་ལ་མ་རྐན་དྲོད། །མཆེ་བ་མེ་སོ་དམར་པོ་ལ། །ལྕེ་ནི་མེ་ལྕེ་གློག་བས་མགྱོགས། །དེ་འདྲའི་སེམས་ཅན་ཆེན་པོ་ལ། །བསེ་ཡི་སྐྱེས་བུ་གདུག་པ་ཤོན། །སྐུ་ལ་བསེ་ཁབ་ཁྲ་བོ་གསོལ། །ཕྱག་ན་གསེར་མདུང་དམར་པོ་བསྣམས། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །བྱེ་རུ་དམར་པོའི་ཕྲ་དོག་སྐྱེས། །ཕོག་པར་རྒྱོབ་ཅིག་ནཱ་ག་ར། །གཟོར་རོ་གཟོར་རོ་ནཱ་ག་རྩ་པ་ལ་ཏྲ་ཏ་ཕཊ། བྱང་གི་ཕྱོགས་ནས་བཞེངས་སེ་བཞེང་། །གར་མཁན་ཤང་ཤང་རྟ་ཕོ་ལ། །ཡ་རྐན་རླུད་ལ་མ་རྐན་གྲང་། །མཆེ་བ་ཉི་ཟེར་འཛིན་པ་འདྲ། །ལྕེ་ནི་སྤྲུལ་པའི་གློག་བས་གསལ། །དེ་འདྲའི་སེམས་ཅན་ཆེན་པོ་ལ། །བསེ་ཡི་སྐྱེས་བུ་འཕྲུལ་པ་ཤོན། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །དབུ་ལ་བསེ་ཡི་རྨོག་ཞུ་ལ། །རྡོ་རྗེ་རྒྱ་གྲམ་ཕྲག་དོག་སྐྱེས། །ཕོག་པར་རྒྱོབ་ཅིག་ཁ་རམ་མ། །གཟོར་རོ་གཟོར་རོ་ཁ་དུན་ཙིསྟ་ལ་ཧུ༷་ཕཊ། སྐྱེས་བུ་བཞི་ཡིས་མདོ་རྩེ་ཡིས། །གང་གི་གཟུགས་ལ་ཕབ་ལ་བསྒྲུབ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བསེ་ཡི་སྐྱེས་བུ་བཞི་སྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།མདུང་རྩེ་སྦས་པའི་ས་ཕྱོགས་སུ། །འཁོར་ལོ་འབར་བ་བཞི་རུ་ལྡན། །དབུས་སུ་ཊ་ཀི་རྭ་ཙ་བསྐྱེད། །རྩ་དྲ་དུ་ཏྲ་ཧུ༷། གརྩ་པ་ར་ཏི་ཧུ༷། རྒྱན་ལྡན་གཏོར་མ་མཛེས་བྱས་ནས། །ར་རྩ་ནག་པོའི་ལྟོ་བ་སྲ །དུ་པ་ཕྲོ་དང་མིང་བྲིས་པས་མགོ་ལ་ལྷ་དང་བསྒྲལ་བའི་རྫས་སྟོན་བཞག་པར་བྱ། དེ་ནས་ཕོ་ཉ་དགྱེ་བྱས་ཏེ། །ཧུ༷་ཁྲོ་བོ་ཆེན་པོ་ཁམས་གསུམ་གིང་ཀ་ར། །སྔོན་པོ་འབར་བ་ཆིབས་སུ་བཅིབས། །རྒྱ་བྱེད་སྟོད་ཀྱི་སློག་པ་ལ། །འབུམ་བྱེད་སྨད་ཀྱི་ཤམ་བུ་བཏགས། །ཞོ་དབུགས་དཀར་མོའི་རྨོག་ཞུ་ལ། །ཙསྡོན་སྨུག་པོའི་འཛིང་ཐོད་བཅིངས། །བསེ་མདུང་དམར་པོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ལ། གནམ་ལྕགས་ཐོག་གི་མདུང་རྩེ་གསལ། །ནག་པོ་ཉི་ཁྲི་འཁོར་གྱིས་བསྐོར། །དགྲ་བོ་དབུགས་དང་བྲལ་བའི་དུས་ལ་བབ། ཁྲོམོཆེན་མོ་ཁམས་གསུམ་དབང་སྡུད་མ། །ཞབས་གཉིས་གྱད་དོར་གླིང་བཞི་ར་ལྟས་བསྐོར། །ཕྱག་གཉིས་གཡོ་འགུལ་སྲིད་པའི་རི་བོ་འདེབས། །དགྲ་བགེགས་སྙིང་ལ་ཕུར་འདེབས་ལས་ ཀྱི་ གཤེད་མར་གཤེགས། །ཤར་ཕྱོགས་ཁམས་ན་རྒྱུ་བའི་གིང་ཆེན་བཞི། །མེ་ཟ་བྲག་གྱོན་དགྲ་བོའི་རུས་ལ་འཆའ། །ནང་པར་ཉིན་མ་ཉིད་དང་དུས་གཅིག་འཆར། །སྲོག་དབུགས་གཟུགས་དང་ཕྲལ་བའི་དུས་ལ་བབ། །ལྷོ་ཕྱོགས་ཁམས་ནས་རྒྱུ་བའི་གིང་ཆེན་བཞི། །ཆུ་དབལ་སྔོན་པོ་ཆུ་ལྕེ་ཤོན་ནས་ནི། །སྲོད་ལ་པ་བ་སངས་དང་དུས་གཅིག་འཆར། །སྲོག་དབུགས་གཟུགས་ལ་དབང་བཞི་ཀུན་གྱི་ཁྲག་ལ་ཁྱབ། །དགྲ་བོ་དབུགས་དང་ཕྲལ་བའི་དུས་ལ་བབ། །ནུབ་ཕྱོགས་ཁམས་ནས་རྒྱུ་བའི་གིང་ཆེན་བཞི། །མེ་དབལ་དམར་པོ་མེ་ལྕེ་ཤོན་པ་ནི། །ནམ་ཕྱེད་སྒྲ་གཅན་འཛིན་དང་དུས་གཅིག་རྒྱུ། །སྲོག་དབུགས་དྲོད་ལ་ཁྱབ་ཅིང་དམ་ཁམས་དྲོད་དང་བྲལ་བའི་དུས་ལ་བབ། །བྱང་ཕྱོགས་ཉམས་ནས་རྒྱུ་བའི་གིང་ཆེན་བཞི། །ཀླུ་དབལ་སྔོན་པོ་རླུང་ལྕེ་ཤོན་ནས་ནི། །སྲོག་དབུགས་དྲོད་ལ་ཁྱབ་ཅིང་ཀུན་གྱི་དབུགས་ལ་ཁྱབ། །དགྲ་བོ་དབུགས་དང་ཕྲལ་བའི་དུས་ལ་བབ། །གོང་གི་གཟུགས་ལ་ཕབ་བྱས་ནས། །འོད་ཡང་འབར་བས་ལྷུ་དུམ་ཕྲོལ། །མགོ་བོ་རྒྱ་བའི་རབ་ཏུ་འགྱུར། །ལྟེ་བ་རྒྱ་མཚོའི་ནང་དུ་སྒྱུར། །ལུས་པོ་དྲག་པོའི་མེ་ལ་བསྲེགས ཁུ་མ་འབྱུང་པོ་རྒྱུ་སར་མནན། །པགས་པའི་སྤྱི་ཟླུམ་ལུས་ལ་བསྐོན། །ནག་པོ་མགོ་བཅད་རླུད་གཏོར་བྱ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བཤན་པ་གིང་གི་སྒྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །།བྲག་དམར་འདུ་བའི་རྩེ་དག་ཏུ། །རྫས་རྣམས་རབ་ཏུ་ལྡན་པ་ལ། །དཀྱིལ་འཁོར་རྩིབས་བརྒྱད་ལྡན་པ་ལ། །ལས་དཀྱིལ་འཁོར་ལོས་རབ་བརྒྱན་པ། །ཏིང་འཛིན་སྟོང་པའི་རང་བཞིན་ལས། །ཡབ་ཡུམ་སྔགས་ཀྱིས་རྫོགས་པར་སྐྱ། །ཨོ་ཨ་ཀྲོ་ཏེ་ཀ་ཡ་མུརྙ་ཀ་ཧ་ན་མ་ཐ་བྷརྫི་ཧུ༷་ཕཊ། །ཡུམ་གྱི་མཁའ་ལ་ཧུ༷་བཅུ་ལས། །གདན་གྱི་སྟེང་དུ་ཧུ༷་བཅུ་གདོན། །དེ་ནས་རང་བཞིན་སྤྱན་དྲངས་ཏེ། །ཧུ༷་ཆོས་སྐུ་མཉམ་ཉིད་རོལ་པའི་སྐུ། །སྨོན་ལམ་དབང་གིས་གཤེགས་སུ་བསོལ། །འཇམ་དཔལ་ཁྲོ་བོ་ཡེ་ཤེས་ལྷ། །མཉམ་ཉིད་རོལ་པས་གཤེགས་སུ་གསོལ། །ཧུ༷་སྟེང་ནས་ནག་པོ་འཇོམས་པ་གཤེགས། ཁྲར་ནས་ཁྲོ་བོ་བྲམ་གྱོན་ནི། །ནམ་མཁའ་བྲག་འཛིན་གཤེགས་སུ་གསོལ། ཁྲར་གྱི་ཨ་ཝ་གླང་མགོ་ཅན། །སྨུག་ནག་ཅོགས་ ་ལྕོགས་ཀུཔ་གཤེགས་སུ་གསོལ། །ལྷོ་ཕྱོགས་ཁྲོ་བོ་ཡ་བ་ཏི། །སྨུག་ནག་ལྕགས་ཀྱུ་གཤེགས་སུ་གསོལ། །ལྷོ་ནུབ་ལྕོགས་པ་མགོ་དགུ་ནི། །སྨུག་ནག་རལགྲིགཤེགསསུགསོལ། །ནུབཕྱོགསགཤིནརྗེདམིགས་པ་ནི། །དམར་ནག་ཐོདམཐིངགཤེགསསུགསོལ། །ནུབ་བྱང་གསོད་བྱེད་ཆེན་མོ་ནི། །སྔོནགསྤུགྲིགཤེགསསུགསོལ། །བྱང་ཕྱོགས་རྒྱལ་པོ་བདུད་འཇོམས་ནི། །ལྗང་ནག་ཐོད་པ་གཤེགས་སུ་གསོལ། །བྱང་ཤར་ཆོས་ཀྱི་རྒྱལ་པོ་ནི། །དཀར་སེར་ཁྲམ་ཤིང་གཤེགས་སུ་གསོལ། །འོག་གི་ཁྲོ་བོ་དམར་པོ་ནི། །དཀར་སེར་རྩིས་བྱང་གཤེགས་སུ་གསོལ། །མགོ་དགུ་རྐང་བརྒྱད་དྲེད་ཤམ་ཅན། ཁམ་རྒྱ་མཐུ་ཆེན་དམར་པོ་ཆེ། ཁེལ་གྱི་ཁམ་རྒྱ་ཕག་མོ་དང་། །ཐོད་མཐོང་མ་དང་སྔོ་ནག་མོ། །སྨུག་ནག་གྲུ་རྩ་མུ་ན་ཏྲི། །དུས་ལ་རུབ་ཅིང་དམ་ལ་གནས། །མ་ལུས་ལས་ལ་གཤེགས་སུ་གསོལ། །མཆོད་པོ་ཧྲི་སྔགས་ཁྲི་འབུམ་བཟླས། །དེ་ནས་ལས་ཀྱི་དཀྱིལ་འཁོར་བསྐོར། །ཕྱི་ནང་གསང་བའི་འཁོར་ལོ་གསུམ། །བཞི་པ་ཟླ་ཡི་དཀྱིལ་འཁོར་ལ། །རྒྱས་པ་གླང་པོ་ཧེ་དུ་རྟེན། །དབང་ནི་ཆུང་མའི་སྙིང་གར་ཏེ། །བསད་པ་གཤིན་རྗེའི་ལྟོ་བ་མྲ །རྒྱུག་པ་དྲེད་དང་རྔ་མོ་གཉིས། །དབྱེ་བ་རྟ་དང་སེང་གེ་གཉིས། །སྨྱོ་འབོག་ཤ་བའི་རྒྱབ་ཏུ་བྱ། །ལྐུགས་པ་ལུག་གི་ལྟོ་བར་བྱ། །གནན་པ་རི་རབ་འོག་ཏུ་བྱ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གཤིན་རྗེའི་ཕོ་བྲང་གི་ལེའུ་སྟེ་ཉི་ཤུ་པའོ།། །།ཟར་རི་རྙོག་པ་ཁ་བད་ཅན། །སྟེང་དུ་བྲི་ཡི་ཆག་ཆག་གདབ། །ཟླ་གམ་གཅིག་ལ་རྩིབས་བཞིས་བརྒྱན། །རྩ་བའི་སྔགས་ཀྱི་ཡབ་ཡུམ་བསྐྱེད། །ཨོ༷ མརུཙེམསྣྲུཤིཀུནཱརཡམྱརྙ་ཀ་མ་བ་ཏོ་མེ་ཧུ༷། རྩ་བ་རྩམ་རི་ཤིག སྙིང་རྩམ་ལ་སྨྱོ། ཛ༷༷ཧུ༷་བ༷་ཏོ༷ ས་མ་ཡ་ཛ་ཛ༷༷ ཨོ་ཨ་ཀྲོ་ཏེ་ཀ་ཡ་མུརྙ་ཀ་ཛ་ལ་ཛ་ལ་ཧུ༷་ཕཊ། འབུམ་བཟླས། ཨོ༷་ཨཀྲོ་ཏེ་ཀ་ཡ་བཱརྙ་ཀ་བག་ཤ་ཡ་ཧ་ན་ཧ་ན་ཧུ༷་ཕཊ། ཨོ་ཨ་ཀྲོ་ཏེ་ཀ་ཡ་མུརྙ་ཀ་ཙིཏི་ཏ་ས་ན་ཙིསྟ་ཧུ༷་ཕཊ། རེ་རེ་ཡང་འབུམ་འབུམ་མོ། །དེ་ནས་ལས་ལ་སྦྱར་ཏེ། །དེ་ནས་དྲག་པོ་ཨེ་དཀྱིལ་དུ། །གངས་ལ་གཡའ་ཡིས་བསྟན་ལ་བྲག །བཀུག་ལ་རྟེན་ལ་བསྟིམ་པ་བསྒྲལ། །ཨོ་ཧྲི་ལིང་ཤང་ཁ་རུ་དྲི་ཛ་ཡསྣ་རྦད། བུ་ཆེ་མ་ག་འདའ་རུ་རུ་ཕྲ་ཐུམ་ཐུམ། ཤེལ་ཤེལ་ཁྱུང་ཁྱུང་ཤོག་ཤོག་རྦད་ལིང་མྲ་ནི་ཛ། རྣམ་སྨིན་ལུས་བཤིག་གོ །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བཤན་པ་དམར་པོའི་ལེའུ་སྟེ་ཉེར་གཅིག་པའོ།། །།མོན་པ་ཁྲོས་པའི་མདོར་རིས་ལ། །ཨེ་ཡིག་དབུས་སུ་དགོད་པ་ནི། །སེང་གེ་དམར་མོའི་ལྟོ་བ་སྲ ཁྲར་དུ་ཤེས་ལྔ་བསྟུམ་ནས་ནི། །ཕག་པའི་ཐོད་པ་བཀའ་ནས་ནི། །ཡུགས་ས་མོ་ཡི་ཞབས་མས་དཀྲི། །དཔལ་གྱི་ཐུགས་ལས་བཀྲག་མེ་སྤྲུལ། །གཡས་པ་རལ་གྲི་ཁྲམ་ཤིང་ཚུལ། །གཡོན་པ་ཡུངས་ཀར་ཤོ་རྡེལ་བརྡེག །ཨོ་ཨ་སྡིང་དང་བྷ་ལྡིང་།ཁྱད་ལྡིང་། ཡང་ཏོ་ལྡིང་། ན་ཏི་མ་རུ་ཡ་རྦད། ཏི་ཏི་མ་རུ་ཡ་རྦད། ཏི་ཏི་ནག་པོ་རི་ཏ་ཕཊ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བདུད་ནག་པོ་ལ་གཏད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།ཡུལ་དང་དྭངས་མ་རྩ་རྣམས་ནི། །ཡུལ་ནི་སེམས་ཀྱི་རང་བཞིན་ཏེ། །དྭངས་མ་ཐིག་ལེའི་རང་བཞིན་ཏེ། །རྩ་ནི་སྙིགས་མའི་དོན་དུ་ཤར། །ཐིག་ལེ་འཁྲུག་པས་ཡུལ་འཁྲུགས་ཏེ། །ད་ནི་སྙིགས་མ་ཞིག་པར་འགྱུར། །ལས་རླུད་ལོག་པས་ཁྱབ་བྱེད་འཁྲུགས། ཁུ་བྱེད་ལོག་བྱེད་ལོག་པས་ཆོས་ཉིད་འཁྲུགས། །ལས་རླུད་ལོག་པས་སྲེན་འཁྲུག་འགྱུར། ཁྱབ་བྱེད་ལོག་ན་གུང་མོ་ཉམས། །ཆོས་ལོག་པས་མཛུབ་འཁྲུགས་ཏེ། །དང་པོ་བད་་་ངངངསྐྱེ་ངང་་ངངངངསྐྱེ་་ངང་འི་ཀན་སྐྱད་བྱད་ཅང་། །གཉས་པ་མཁྲས་པ་ ད་བྱད་ཅང་། །གསུམ་པ་ཀླུང་ན་སྐྱ་བར་བྱད། །རྒྱུ་བའ་རླུང་ན་གསུམ་ཀར་ཁྱབ། །རུས་པའ་ནད་ན་ ད་པར་བྱད། །རྣལ་འབྱར་ནད་ཀྱས་ཟན་པ་ལ། །བསྐང་གས ་ཆ་ག་རྒྱས་པར་བྱེད། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ནད་གསོ་བའི་ལེའུ་སྟེ་ཉེར་གསུམ་པའོ།། །།ཉོན་ ་ཉག་ཀུ ཅིག་ཡབ་ཀྱིས་བཀའ་སྩལ་པ། །ང་ཡི་གསང་རྒྱུད་ཆེན་པོ་འདི། །ཕྲ་མེན་རྒྱ་མཚོ་ཉིད་ལ་གཏད། །མ་འོངས་སེམས་ཅན་ཐམས་ཅད་ཀུན། འདི་ལ་མོས་པ་ཕྲད་པར་འགྱུར། །མ་མོས་སེམས་ཅན་ཕྲད་མི་འགྱུར། །ཕྲད་ན་ལོག་ན་དངོས་གྲུབ་ཡལ། །རྡོ་རྗེ་དམྱལ་བ་ལྟུང་ཞེས་བཤད། །དམོད་བཙུགས་པའི་ལེའུ་ཏེ་ཉེར་བཞི་པའོ།། །།རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་སྲིད་པ་ཕྲ་མེན་རྒྱ་མཚོས་བསྡུས་པ་རྫོགས་སོ།། །།སྔ་་ཨུར་སྒྱུ།ད་འབུམ་རིན་རྗེ།་ཆེ་སྦྱུ།གས་བསྒྲིགས་ལས་མིའི་མ་གོ་ཇོ།།སྤྱི་ཁྱབ་བསྡུ་སྒྲིག་འགན་ཁུར་པ་གཙོ་བོ་གཟན་དཀར་ཐུབ་བསྟན་ཉི་མ་དང་། མཁན་པོ་འགྲོ་འདུལ་རྡོ་རྗེ། བསྡུ་སྒྲིག་འགན་ཁུར་བ་གཞོན་པ་དང་། གཙོ་སྒྲིག་པ། ཀརྨ་བདེ་ལེགས།གཙོ་སྒྲིག་གཞོན་པ། ཐུབ་བསྟན་ཉི་མ། བསྟན་འཛིན་བློ་གྲོས། ཟླ་བ་བསྟན་འཛིན། ཐུབ་བསྟན་འོད་ཟེར། དཔྱིད་ས་དཔལ་བཟང་། བློ་བཟང་ཆོས་འཕེལ། དཀོན་མཆོག་བསམ་གཏན། ཕུར་པ་ཕྲིན་ལས། ཞུ་དག་པ། པདྨ་རྡོ་རྗེ། འཇམ་དབྱངས། ཚེ་རྡོར། རིག་འཛིན་མགོན་པོ། འངམ་དབྱང་ཕྱག་རྡོར་སོགས་བླ་རུང་ནང་བསྟན་སློབ་གླིང་གི་མཁན་པོ་དངགྲྭ་བཙུན་རྣམས་དང་།བསྟན་འཛིན་རབ་རྒྱས། གྲགས་པ་མཐར་ཕྱིན། རྡོ་རྗེ་ཚེ་དབང་། འངམ་དབྱངས་ཚེ་འཕེལ་སོགས་དཔལ་ཡུལ་བཤད་གྲྭའི་སློབ་དཔོན་དང་སྐྱོར་དཔོན་གྲྭ་བཙུན་རྣམས།་ གློག་ཀླད་ལག་རྩལ་པ། སྐལ་བཟང་ལྷ་མོ། ཞེ་སྐྱིད། བྱམས་པ་ཆོས་སྤྲོན། པད་དབྱངས། ཡེ་ཤེས། ཆོ་འཛོམ། བསྟན་འཛིན། བསོད་ནམས་ཚེ་སྒྲོན་སོགས།