Ngb-pt-0377-vol-04-text
Front
Body
རྒྱུད་ཕྱི་ མའི་རིམ་པར་གསུང་པ་རྫོག་སོ།། །། རྒྱ་གར་སྐད་དུ།ཤྭ་ན་མུ་ཁ་ཀརྨ་རྭརྙོ་ཁུ། བོད་སྐད་དུ། ཕྲ་མེན་སྤྱང་ཀོལ་ཀྱི་རྒྱ་མོའི་རྒྱུད། རྦ་་ལྡན་འད་དཔལ་་་ཏུ་བཟང་པོ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་ཚེ། །སངས་རྒྱས་མ་བྱུང་སྔོན་རོལ་དུ། །ཆོས་ཉིད་སྐྱེ་བ་མེད་དབྱིངས་ན། །སྟོན་པ་ཀུན་ཏུ་བཟང་པོ་དང་། །རིགས་ལྔའི་སངས་རྒྱས་ཡབ་ཡུམ་དང་། །སྲས་བཅས་བྱང་ཆུབ་སེམས་དཔའ་རྣམས། །མཉམ་པའི་ངང་ལ་བདེ་བར་བཞུགས། །དེ་ཚེ་འཛིན་རྟོག་དབང་གིས་ཀྱང་། །འཛིན་རྟོག་གསུམ་པོ་རིམ་གྱིས་ཆགས། །སྐྱེ་འགྲོ་མ་ལུ་ཐམས་ཅད་ལ། །དྲེགས་པས་རིམ་པར་དབང་བསྒྱུར་བ། །བསམ་པ་ལོག་པའི་བར་ཆད་བདུད། །ང་རྒྱལ་ཁེངས་པའི་གཤིན་རྗེ་དང་། །གཏི་མུག་རྨོངས་པའི་སྲིན་པོ་རྣམས། །སྲིད་པ་གསུམ་ལས་དབང་ཆེ་སྟེ། ཁམས་གསུམ་མ་ལུས་རིམ་གྱིས་བསྡུས། །ང་རྒྱལ་དྲེགས་པའི་གཟུགས་འཆང་བས། །གཟུགས་ཕུང་ཆེ་ལ་གདོས་པོ་རགས། །ང་རོ་ཆེ་ཞིང་ག་་བག་ཅན། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །བྱམས་དང་སྙིང་རྗེའི་ལམ་དང་བྲལ། །ཆེ་བཙན་རྟག་པར་འཛིན་པའི་མཐུས། །ལོག་པའི་ལམ་དང་གོལ་བའི་ས། །ཕྱིན་ཅི་ལོག་ལ་ཡིད་ཆེས་པས། །ལས་སུ་མཚན་མའི་ཆོས་ལ་སྤྱོད། །སྲིད་པའི་ས་བོན་རྩུབ་མོས་འཕང་། །དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་། །གལ་ཏེ་དེ་ལས་ཐར་ནས་ཀྱང་། །སླར་ཡང་སྲིན་པོའི་ལུས་བླངས་ནས། །གོང་མ་བཞིན་དུ་འཁོར་བར་བྱེད། །དེ་ཡི་འཁོར་ཡང་སྲིན་མོ་དང་། །མ་མོ་དང་ནི་མཁའ་འགྲོ་དང་། ཁེན་ཏུ་ག་་པའི་འཁོར་དང་བཅས། །གསོད་པའི་ལས་ལ་འབབས་ཤིང་གྲིམ། ཁྲ་དང་ཁྲག་དང་སྲོག་ལ་སྤྱོད། །ངེས་པའི་ལུང་དང་མ་ལྡན་པས། །ཀུན་ཀྱང་དམྱལ་བའི་ལམ་དུ་འགྲོ། །སྤྲུལ་སྐུ་ལ་སོགས་སངས་རྒྱས་ཀྱིས། །འདུལ་བའི་ལས་སུ་མ་གྱུར་ཏེ། །སླར་ཡང་ཁེངས་པས་རྒོལ་བར་བྱེད། །སྟུག་པོས་བརྒྱན་པའི་ཞིང་ཁམས་ན། །རྒྱལ་བ་རྣམ་ཀྱི་ཐུགས་ཀྱིས་གཟིགས། །རྡོ་རྗེ་སེམས་དཔའ་སྟན་ལས་ལངས། ཀུན་བཟང་ཡབ་ལ་འདི་སྐད་གསོལ། །ཨེ་མ་བཅོམ་ལྡན་ཨ་ལ་ལ། །རྒྱལ་བའི་ཞིང་ཁམས་འདི་དག་ན། །ལོག་པའི་བདུད་དང་སྲིན་པོ་རྣམས། །སངས་རྒྱས་བཀའ་ལས་འགལ་བགྱིད་པ། །འདི་ལ་ནན་ཏན་ཇི་ལྟར་བགྱི། །ཀུན་བཟང་ལྷ་ཡིས་བཀའ་སྩལ་པ། །བདུད་དང་གཤིན་རྗེ་སྲིན་པོ་རྣམས། །ང་རྒྱལ་དྲེགས་པས་འཆིང་བ་ལ། ཁེན་ཏུ་གདུག་ཅིང་ག་་བྱེད་པས། །དེ་ལ་ཞི་བས་ཕན་མི་འགྱུར། ཁྲེས་རབ་ཐབས་དང་ལྡན་བྱས་ནས། ཁྲོ་བོར་དེ་བཞིན་གཤེགས་མཛད་པ། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །སྟོང་གསུམ་མ་ལུས་ཐམས་ཅད་ཀྱང་། །སྐད་ཅིག་ཡུད་ལ་མེད་འགྱུར་ན། །སྲིད་པ་གསུམ་ལ་སྨོས་ཅི་དགོས། །དུར་ཁྲོད་གར་གྱི་ཕྱག་རྒྱར་བསྐྱེད། །དེ་ན་སྟོན་པ་རྡོ་རྗེ་འཆང་། །ལེགས་པར་ཐལ་སྦྱར་ཕྱག་འཚལ་ནས། །དེ་ཉིད་ལ་ནི་གནས་བསྒྱུར་ཏེ། །གདུག་ཅིང་དྲག་ལ་རྩུབ་པ་ཡིས། །གོང་མ་ལས་ཀྱང་ཆེར་སྣང་ཞིང་། །དབུ་དང་ཕྱག་ཞབས་མང་པོ་དང་། །མཚོན་ཆ་རྣམ་པ་སྣ་ཚོགས་པས། །འཇིགས་པའི་ཆ་ལུགས་མང་པོས་བརྒྱན། །གཟི་བྱིན་མཐུ་དཔུང་བསྐྱང་དུ་མེད། །རབ་ཏུ་རྔམས་ཤིང་ཐུགས་ག་་ནས། །དགྱེས་མཛད་རྡོ་རྗེ་གསོར་ན་ཀྱང་། །གོམས་པའི་སྟོབ་ཀྱིས་གར་བྱེད་ཅིང་། །སྐུ་ཡི་སྤྲུལ་པ་སྣ་ཚོག་ཀྱིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །སྲིད་པ་གསུམ་ཡང་དུས་གཅིག་གཡོས། །ཉི་མ་འབུམ་གྱི་འོད་བདལ་བས། ཁྲེག་པ་ཀུན་ཀྱང་ཚིག་ཅིང་བྲོས། །འབྲུག་སྟོང་མང་པོའི་སྒྲ་བསྒྲགས་པས། །གདུག་པ་མ་ལུས་བརྒྱལ་ཞིང་སྐྲག །སླན་ཆད་སྡོམ་ཞེས་སྨྲ་བ་དང་། །འབངས་སུ་མཆིས་ཞེས་བྲོ་བོར་ཀྱང་། །ཐུག་རྗེས་དེ་ཡི་ཁར་མ་བཏང་། །སྲིན་པའི་ཆུང་མ་སྲིན་མོ་ག་། །སྨུག་ནག་ཀྲོ་ཏེ་ཤྭ་རྡི་དེ། །དཔལ་ཆེན་འབར་བའི་ཐུགས་རྗེ་ཡིས། །ཕྱག་རྒྱ་བཞི་ཡིས་དབང་དུ་བསྡུས། །ཐབས་དང་ཤེས་རབ་རོལ་པ་ཡིས། །བྱང་ཆུབ་སེམས་ཀྱིས་བྱིན་བརླབ་པས། །དཔལ་ཆེན་ཡསྒ་ཧེ་རུ་ཀ །རྔམ་པའི་ཚུལ་གྱིས་ཕྱིར་འཐོན་ཏེ། །སྐུ་ཆེ་ཡན་ལག་རགས་པ་དང་། །ཞལ་བགྲད་མཆེ་བ་གཙིགས་པ་ཡིས། །འཇིག་རྟེན་ཁམས་ཀུན་གང་བྱས་ནས། །བདུད་དང་སྲིན་པོ་གཤིན་རྗེ་དང་། །གདུག་པ་མ་ལུས་སྐྲག་པར་མཛད། །འཇིགས་པའི་གདོང་ལ་འཇིགས་པའི་གཟུགས། །འཇིགས་པའི་མཚོན་ཆ་སྣ་ཚོགས་ཀྱིས། །ཕ་རོལ་དྲེགས་པ་ཚར་བཅད་ནས། ཤེན་ཏུ་སྐྲག་ཅིང་བརྒྱལ་བར་བྱས། །རབ་ཏུ་འབར་བའི་མེ་དཔུང་དང་། །སྲེག་པའིམེཆེནརབསྤརཏེ། །ཕ་རོལ་གཡུལ་ལས་རྒྱལ་བར་མཛད། །སྲིན་པོ་ཆུང་མ་ལ་སོགས་རྣམས། །ཕྱག་རྒྱ་བཞི་ཡིས་དབང་བསྡུས་ནས། །ཐབས་དང་ཤེས་རབ་རོལ་པར་མཛད། །ཞལ་ནས་གདུགཔའིཚིགའདིབརྗོད། །ང་ནི་ཤིན་ཏུ་སྒྲིབས་བཀྲེས་ཤིང་སྐོམས། ཤིང་སྐེབས། །ང་ནི་སངས་རྒྱས་ཉིང་ཤ་ཅན། །དུས་གསུམ་སངས་རྒྱས་ཟོས་པས་ང་མ་འགྲངས། །ད་རུང་འགྲོ་ཀུན་ཟ་འདོད་བཀྲེས་ལ་སྐོམ། །འཇིག་རྟེན་ལྷ་མི་འགའ་ཙམ་བསད་པ་ལ། །གསོད་མ་འཇིགས་སུ་རུང་ཞེས་སུ་སྒྲོགས་པ། །འཇིགས་བྱེད་ང་ལྟ་བུ་ལ་ཇི་སྐད་སྨྲ། །གང་ཞིག་གསོད་པར་འདོད་ཀྱང་མི་གཏོང་ངོ་། །རབ་ཏུ་རྔམ་པའི་ཚིག་དེ་ཐོས་ཙམ་གྱིས། །བདུད་ལ་སོགས་ཏེ་སྲིན་པོ་ཐམས་ཅད་ཀུན། །རབ་ཏུ་སྐྲག་སྟེ་ཚིག་ཏུ་འདི་སྐད་སྨྲ། །མི་བྱེད་ཐོང་ཐོང་རྒྱལ་པོ་མི་བྱེད་ཐོང་། །ཅི་སྟེ་སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྙོམས་པའི་སྙིང་རྗེ་ཁྱོད་ལ་མི་མངའ་འམ། །ཡུན་དུ་འབངས་བགྱི་ངེས་པའི་བྲོ་འབོར་ཞེས། །གདུང་བས་ཁས་ལེན་སྨྲ་ཡང་མ་བཏང་སྟེ། །གཟིར་གནོན་ཕྱག་རྒྱ་ཆེན་པོས་མ་བཏང་སྟེ། །འདར་ཞིང་ཐར་མེད་དྲུང་ན་ཉན་ཅིང་འཁོར། །དེ་ཡི་འཁོར་དང་སླས་དང་བྲན་དུ་བཅས། །འདར་ཞིང་སྐྲག་ནས་གཅེར་བུ་བཞིན་དུ་གནས། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། སྔོན་བྱུང་བའི་གླེང་གཞིའི་ལེའུ་སྟེ་དང་པའོ།། །།འདས་པའི་དུས་ན་སྔོན་བྱུང་བས། །བདུད་དང་གཤིན་རྗེ་དབང་ཕྱུག་སྟེ། །དཔལ་ཆེན་ཡསྒ་ཧེ་རུ་ཀས། །ཐུགས་རྗེ་ཚད་མེད་བཞིས་བསྒྲལ་ནས། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །འཛམ་གླིང་ལྷོ་ཡི་ཞིང་ཁམས་སུ། །བོར་ནས་ས་གཞིར་གྱུར་པ་ནི། །དུར་ཁྲོད་ཆེན་པོབརྒྱདདུ་གྱུར། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཉིས་ནི་གཡས་གཡོན་བརྐྱང་། །མགོ་དང་ལུས་སྙིང་ཡན་ལག་ནི། །དུར་ཁྲོད་བརྒྱད་དུ་བསྟན་པ་ལས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །དུར་ཁྲོད་གནས་སུ་སྦྱང་བའི་ཕྱིར། །རོ་ཡི་བསྲུང་མ་ཆེན་པོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ །དེ་ཡི་གནས་རྟེན་ཆེན་པོ་ཡིན། །མཆོན་རྟེན་ཆེན་པོ་གཟི་བརྗིད་ཅན། །རང་བྱུང་རེ་རེ་བཞག་པ་ཡིན། །དེ་ཡི་ལུས་སྙིང་མ་བྷ་དྷ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །མ་མོ་ཆེན་མོ་ཀོའུ་རི་མ། །མཁས་ཤིང་སྙིང་སྟོབས་ཆེ་བའི་སའོ། །མཆོད་རྟེན་མིང་ནི་བདེ་བྱེད་ལེགས། །དེ་ཡི་མགོ་ནི་ལྷོ་ཕྱོགས་ཀྱི། །དུར་ཁྲོད་ཆེན་པོར་བཞག་པ་ཡིན། །སིང་བྷ་ཡུལ་གྱི་གླིང་ཕྲན་ཡིན། །མ་མོ་ཆེན་མོ་ཙོའུ་རི་མ། །མཐོང་ཐོས་རྣམ་པར་འཕྲུལ་བག་མངའ། །མཆོད་རྟེན་རི་བོ་ཏ་ལ་ཡིན། །ལག་པ་གཡས་པ་ཤར་ལྷོ་མཚམས། །དུར་ཁྲོད་ཆེན་པོ་བལ་ཡུལ་ཡིན། །མ་མོ་ཆེན་མོ་པུསྐ་སྙི། །ལྷག་པར་ཟས་ཀྱི་ལོངས་སྤྱོད་ཆེ། །མཆོད་རྟེན་ཁ་ཤོ་བྱ་ཀྲི་ཁ། །ལག་པ་གཡོན་པ་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་པོ་སྭ་ལའི་ཡུལ། །མ་མོ་ཆེན་མོ་བེ་ཏྭ་སྙི། །ཕྱག་ན་རྡོ་རྗེ་དབང་གི་གནས། །དེ་ན་མཐུ་དང་དབང་ཡང་ཆེ། །གྱད་ཡུལ་མཆོད་རྟེན་གོ་མ་ལ། །རྐང་པ་གཡས་པ་བྱང་ཤར་མཚམས། །དུརཁྲོདཆེནཔོཡུལིཡུལ། །མ་མོ་ཆེནམོཙཎྜལི། །ལྷ་མོ་ཤང་ཀི་ནི་ཞེས་གྲགས། །ཆུ་དང་མེ་གྲུབ་རྫུ་འཕྲུལ་ཅན། །མཆོད་རྟེན་མིང་ནི་སྙེའུ་དོ་ཤན། རྐང་པ་གཡོན་པ་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་པོ་ཁ་ཆེའི་ཡུལ། །མ་མོ་ཆེན་མོ་པྲ་མོ་ཧ། །བདེ་སྐྱིད་ལྡན་པ་ཕུན་སུམ་ཚོགས། །མཆོད་རྟེན་མིང་ནི་ཀ་ནིསྐ །ཕོ་མཚན་སྟེང་གི་བྱང་ཕྱོགས་ནས། །དུར་ཁྲོད་ཆེན་པོ་ཨོ་རྒྱན་ཡུལ། །མ་མོ་ཆེན་མོ་བྷསྨ་རྡི། །འབྱོར་པ་ལོངས་སྤྱོད་ལྔ་དང་ལྡན། །དངོས་གྲུབ་ཅན་ཡང་དེ་ན་མང་། །གཟི་ཡི་མཆོད་རྟེན་ཆེན་པོ་སྟེ། །མིང་ཡང་དྷརྨ་ཙཀྲའོ། །དེ་ཡི་ནང་ཁྲོལ་ཐམས་ཅད་ཀུན། །དུར་ཁྲོད་ཆེན་པོ་ཟ་ཧོར་ཡུལ། །རྒྱ་མཚོའི་གླིང་གི་མ་ཧྭ་དེ། །ལང་ཀ་པུ་རི་སྲིན་པོའི་གནས། །མ་མོ་ཆེན་མོ་སྨ་ཤ་ནི། །སྲིན་པོ་སྲིན་མོ་ཤ་ཟ་རྣམས། །དེ་དག་ཀུན་ལ་དབང་བསྒར་ཞིང་། །རིན་ཆེན་ནོར་དང་དཔག་བསམ་ཤིང་། །འབྱོར་པ་ལོངས་སྤྱོད་ཀུན་དང་ལྡན། །མཆོད་རྟེན་བདེ་བྱེད་གཞོན་ནུའོ། །འཇིག་རྟེན་དུ་བསྟན་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་གླེང་བཞིའི་ལེའུ་སྟེ་གཉིས་པཟླེ།། །།དེ་ན་འཇིག་བྱེད་ཆེན་པོའི་དཀྱིལ་འཁོར་བསྐྱེད་དེ། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཆོ་ཉིད་ཀྱི་དབྱིང་སྤྲོས་པ་དང་བྲལ་བར་བསྒོམ་མོ། །དེ་ན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། ཀུན་བཞི་བྱང་ཆུབ་སེམས་མཚན་མའི་སྤྲོས་པ་དང་བྲལ་བར་བསྒོམ་མོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ནི། སེམས་ཀྱི་ས་བོན་ཧུ༷་ནག་པོ་ཞིག་ཏུ་མངོན་དུ་གསལ་བར་བསྒོམ་མོ། །དེ་ནས་འདི་སྐད་ཅེས་བསྐུལ་ལོ། །སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས། །སྤྲོས་དང་བྲལ་བ་དེ་བཞིན་ཉིད། །མི་རྟོག་མི་དམིགས་བྱང་ཆུབ་སེམས། །གཟུང་འཛིན་དག་པས་ཀུན་ཏུ་སྣང་། །ཡི་གེ་ཧུ༷་ནི་སེམ་ཀྱི་རྒྱུ་ཡིན་ཏེ། །མཐའ་དབུ་མེད་པར་ཀུན་ལ་ཁྱབ་པར་དམིགས། །སྤྲོས་བྲལ་ཧུ༷་ནི་འབར་བའི་སྐུར་བསྟན་པའོ།། །།ཧུ༷་ནག་འབར་བའི་སྐུ་ལ་ཕྱག་འ་་ལོ། །དེ་ན་ཧུ༷་མཐིང་ནག་འབར་བ་དེས་མདུན་གྱི་བར་སྣང་ལ་གནས་པ་དེ་ལ་ཕར་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། །སླར་འདུས་པ་ཧུ༷་ལ་འདུས། ཧུ༷་ལས་སྐུར་གྱུར་ཏོ། །དེ་ཡི་ཁྱད་པར་ལས་འོག་གི་ཕྱོགས་སུ་ཡི་གེ་རི་ཡི་ཁི་ཀེ་སྒྲི་བསམ་མོ། །ཡི་གེ་དེ་ལྔ་ལས་འཕྲོས་འདུས་པའི་ཆོ་གས་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་དེ། །དེ་ནས་གཞལ་ཡས་ཁང་བསྐྱེད་དོ། །དཀྱིལ་འཁོར་བསྐྱེད་པ་དང་གདན་འདིང་བ་གཞུད་དང་མཐུན། དེ་ནས་ནམ་མཁེའི་གནས་ན་ཡི་གེ་ཧུ༷་གནས་པ་དེ་ལ་འདི་སྐད་གདན་ལ་དབབ་པའོ། །ཧུ༷་ནི་བར་སྣང་གནས་པ་ལ། །དྲག་པོའི་ཏིང་འཛིན་འབར་བ་ཡིས། །གདན་གྱི་སྟེང་དུ་བབ་ནས་ཀྱང་། །འབར་བའི་གདན་ལ་བརྟན་པར་བཞུགས། །ཨོ་ཧཱུཾ་ཧུ༷་མཎྜལ་ཧ་ལ་ཧ་ལ་ཧུ༷་ཛ། ཅེས་བརྗོད་པས་ཡི་ཧེ་ཧུ༷་དེ་བབས་ཏེདེ་ནས་སྐུ་བསྐྱེད་པ་འདི་ལྟར་བརྗོད་དོ། །ཨོ་ཨུ༷༷ཧུ༷་གྲྭ་ཧྭ། ཧུ༷་གི་འབར་བའི་ཆོ་འཕྲུལ་ལས། །ཧུ༷་མཐིང་ནག་བྱུང་སྟེ། དེ་ནས་ཧུ༷་ལས་འདི་སྐད་བསྐུལ་ལོ། །ཧུ༷་ལས་ཡེ་ཤེས་འབར་བའི་འོད་འཕྲོ་པས ། །ཕྲིན་ལས་རྣམ་བཞི་སྐུ་ལ་རྫོགས་མཛད་པ། ཁྲོས་ནས་དབང་སྡུད་འབར་བའི་སྐུར་བསྟན་པ། །སྐུ་མཆོག་སྤྲུལ་པའི་ཧེ་རུ་ཀ་ཡི་སྐུ་བྱུང་ངོ་། །ཧུ༷་ཧུ༷་ཡསྒ་ཤི་ཧེ་རུ་ཀ་མ་ཧྭ་བཛྲ་སབོ་དུཁུ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧུ༷་ཕཊ། ཡསྒ་ཀྲོ་དྷི་ཤྭ་རྡི་ཧུ༷་ཕཊ། ཨ་ལ་ལ་ཧོ་ཞེས་བརྗོད་པས། ཧེ་རུ་ཀའི་སྐུ་མངོན་དུ་བྱུང་ངོ་། །སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞིར་བགྲད་པ། གཡོན་ནས་ཡུམ་ཡསྒ་ཁྲོས་པའི་རྒྱལ་མོ་གཙོ་དང་འདྲ་བ་སྐུ་བསྐྱོད་དོ། །དེ་ནས་ཡབ་ཡུམ་དགྱེས་པ་བསྐྱེད་པ་འདི་སྐད་དོ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །དེ་ནས་ཡུམ་གྱི་མཁའ་དཀྱིལ་དུ། །དགའ་མཆོག་རྡོ་རྗེ་རབ་གསོར་ནས། །ཡེ་ཤེས་སེམས་དཔའི་ཆོ་འཕྲུལ་བསྟན། ཁྲར་ཕྱོགས་དྲེགས་པ་བསྒྲལ་བའི་ཕྱིར། །སེམས་དཔའ་ཁྱེའུ་ཆུང་དཀར་པོར་སྤྲུལ། །སྲིན་མོ་ར་གདོང་ལྕགས་ཀྱུ་མ། །ཐབས་དང་ཤེས་རབ་སྦྱར་བ་ལས། །དབང་སྡུད་རབ་ཏུ་མངོན་གསལ་ཏེ། །དེ་ནས་དབང་དུ་འདུས་པ་ལས། ཁྲོ་བོ་ཞལ་གསུམ་ཕྱག་དྲུག་སྤྲུལ། །མ་མོ་ཀོ་རྡི་སྔོན་མོ་བྱུང་། །དགྱེས་པའི་སྒྲ་ནི་ཧ་ཧ་བཞད། །ཡསྒ་ཧེ་རུ་ཀ་ཡིས་དབང་བསྐུར་ནས། །གསོད་བྱེད་བདག་མོ་ཡིན་པར་གསལ། །སྲིན་མོ་མ་ཏང་བསྒྲལ་བའི་ཕྱིར། །གདུག་པའི་མཚོན་ཆ་སྤུ་གྲི་འབར། །མ་ཡིས་འཛིན་བྱེད་ལྕགས་ཀྱུས་བཟུང་། །བུ་མོས་གདུག་པའི་མཚོན་ཆ་ཡིས། །སྲིན་མོ་མ་ཏང་དཀར་མོ་བསྒྲལ། །མ་མོ་ཀོའུ་རི་མ་ཡི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །རོ་ལངས་སྤྱང་པོའི་སྤྱད་པའི་ཡང་བདག་པོ་དང་། །ཡུམ་ནི་ལྷ་མོ་གོའུ་རྡི་གཉིས། །ཐབ་དང་ཤེས་རབ་སྦྱོར་བ་ལས། །མངོན་བྱུང་སེདྷ་སེང་གེའི་མགོ །ཕོ་ཉ་ཡིན་པར་དབང་བསྐུར་རོ། །ཡསྒ་ཤི་ཧེ་རུ་ཀ་དང་། ཡསྒ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སེམས་དཔའ་མཐིང་གའི་སྐུ། །སྲིན་མོ་ཕག་གདོང་ཞགས་པ་མ། །དབང་སྡུད་རབ་ཏུ་མངོན་གསལ་ཏེ། །ཐབས་དང་ཤེས་རབ་སྦྱོར་བ་ལས། ཁྲོ་བོ་ཞལ་གསུམ་ཕྱག་དྲུག་སྤྲུལ། །མངོན་བྱུང་མ་མོ་ཙོའུ་རྡི་མ། །དགྱེས་པའི་སྒྲ་ཆེན་ཧ་ཧ་བཞད། །རུ་དྲ་ནག་པོ་བསྒྲལ་བའི་ཕྱིར། །གསོད་བྱེད་ཆེན་མོར་དབང་བསྐུར་ཏེ། །གདུག་པའི་མཚོན་ཆ་མདའ་གཞུ་འཛིན། །མ་ཡི་ཞགས་པས་སྲིན་མོ་བཟུང་། །བུ་མོས་མདའ་ཡིས་སྙིང་ལ་གཟིར། །མ་མོ་ཙོའུ་རྡི་མ་ཡི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །སྲིན་པོ་བྲག་ཡང་བལ་ཆེན་ནག་པོ་དང་། །མ་མོ་ཙོའུ་རྡི་སེར་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་པས། །མངོན་བྱུང་ཕྲ་མེན་སྟག་གི་མགོ །དགྱེས་པའི་སྒྲ་ཆེན་ཧེ་ཧེ་བཞད། །རུ་དྲ་ནག་པོ་བསྒྲལ་བའི་ཕྱིར། །གསོད་བྱེད་ཆེན་མོར་དབང་བསྐུར་རོ། །ཡསྒ་འཇོམས་བྱེད་རྒྱལ་པོ་དང་། །ཡསྒ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སེམས་དཔའ་དམར་པོའི་ཞལ། །ལྷ་མོ་ལྕགས་སྒྲོག་ཉི་ཟླའི་སྤྱན། །དབང་སྡུད་མར་ནི་མངོན་གསལ་ཏེ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །ཁྲོ་བོ་ཞལ་གསུམ་ཕྱག་དྲུག་སྤྲུལ། །དྲེགས་པ་ཆེན་པོ་བསྒྲལ་བའི་ཕྱིར། །སེམས་དཔའ་པདྨ་ཁྲོ་བོ་དང་། །ཡུམ་ནི་མ་མོ་ལྕགས་སྒྲོག་མ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །མངོན་བྱུང་མ་མོ་པྲ་མོ་ཧ། །དགྱེས་པའི་སྒྲ་སྐད་ཧ་ཧ་བཞད། །དྲེགས་པ་ཆེན་པོ་བསྒྲལ་བའི་ཕྱིར། །གསོད་བྱེད་ཆེན་པོར་དབང་བསྐུར་རོ། །གདུག་པའི་མཚོན་ཆ་སྐྲུ་གྲི་བྱིན། །སྲིན་མོ་ཕག་གདོང་དམར་མོ་དག །མ་ཡིས་ཕྱག་རྒྱས་བསྡོམ་ནས་སུ། །གདུག་པའི་སྤྲུ་གྲིས་གསོད་པར་བྱེད། །སྲིན་མོ་གསད་པའི་ཁོག་པ་ནི། །མ་མོ་པྲ་མོ་དམར་མོའི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །དུར་ཁྲོད་རྐུན་ཆེན་བདག་པོ་དང་། །མ་མོ་ཆེན་མོ་པྲ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སྲི་ལ་ཝ་ཡི་མགོ །དགྱེས་པའི་སྒྲ་ཆེན་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབང་བསྐུར་རོ། །ཡསྒ་གསོད་བྱེད་རྒྱལ་པོ་དང་། །ཡསྒ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །སེམས་དཔའ་ལྗང་གུ་རྫོགས་མཛད་པ། །དབུ་གསུམ་ཕྱག་ནི་དྲུག་པར་སྤྲུལ། །སྲིན་མོ་ཐལ་བྱེད་ནག་མོ་དང་། །ཐབ་དང་ཤེ་རབ་སྦྱོར་བ་ལས། །མངོན་བྱུང་མ་མོ་བེ་ཏྭ་ལི། །དགྱེས་པའི་སྒྲ་ཆེན་ཧ་ཧབཞད། །དྲེགསཔཆེནཔོབསྒྲལབའི་ཕྱིར། །གསོད་བྱེད་ཆེན་པོརདབང་བསྐུར་རོ། །གདུག་པའི་སྐྲུ་གྲི་ལག་ཏུ་བྱིན། །ཐལ་བྱེད་དྲིལ་བུ་བཀུག་བྱས་ནས། །བེ་ཏྭ་ནག་མོས་སྤྲུ་གྲི་ཡིས། །རུ་དྲ་ནག་པོ་བསྒྲལ་བ་ཡི། ཁོག་པ་དུར་ཁྲོད་གཞལཡ་ཁང་། །མ་མོ་བེ་ཏྭ་ལི་ཡི་གནས། །དེ་ན་དུར་ཁྲོད་བདག་པོ་དག །སྲིན་པོ་རསྒ་སྤྱང་མགོ་དང་། །མ་མོ་ཆེན་མོ་བེ་ཏྭ་ལི་གཉིས། །ཐབ་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་ཕོ་ཉ་སྤྱང་མགོ་ཅན། །དགྱེས་པའི་སྒྲ་ཆེན་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབང་བསྐུར་རོ། །ཕྲིན་ལས་རྫོགས་པའི་སྐུ་ལས་ནི། །ཨོ་གསོད་བྱེད་རྔམ་པའི་སྐུ་བྱུང་སྟེ། །རསྒ་ཤི་ཧེ་རུཀ་དང་། །རསྒ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སེམས་དཔའ་གང་ཀ་ལ་ཐུང་ཡང་ལ་བྱུང་། །ཡུམ་ནི་སྲིན་མོ་ཀར་ཤང་མོ། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་ལྷ་མོ་པུསྐ་སྙི། །དགྱེས་པའི་སྒྲ་ཆེན་ཧ་ཧ་བཞད །སྲིན་པོ་སྟི་ར་བསྒྲལ་བའི་ཕྱིར། །མ་མོས་མཚོན་གྱི་ཞགས་པས་ནི། །སྲིན་པོ་སྙེ་ར་བཟུང་ནས་ནི། །པུསྐ་སྙི་ཡི་སྤུ་གྲི་ཡིས། ཁུ་ཞགས་དྲངས་ནས་བསྒྲལ་བའོ། །དེ་ནས་དུར་ཁྲོད་བདག་པོ་དག །སྲིན་མོ་རསྒ་མཆུ་དམར་དང་། །མ་མོ་ཆེན་མོ་པྲསྐ་གཉིས། །ཐབས་དང་ཤེ་རབ་གཉི་མེད་ལས། །མངོན་བྱུང་ཕྲ་མེན་གྲོརྟེ་མ། །དགྱེ་པའི་སྒྲ་ཆེན་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབངབསྐུར་རོ། །རསྒ་ཤི་ཧེ་རུ་ཀ་དང་། །རསྒ་ཀྲོ་ཏི་ཤཱ་རྡི་གཉིས། །ཐབས་དང་ཤེས་རབ་འབྲེལ་བ་ལས། །མངོན་བྱུང་སེམས་དཔའ་དྲག་པོ་བྱུང་། །སྲིནམོཆེནམོནགམོདང་། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་ལྷ་མོ་བྷསྨ་རྡི། །དགྱེས་པའི་སྒྲ་ནི་ཧ་ཧ་བཞད། །ཞགས་པས་བཟུང་ནས་སྤུ་གྲི་ཡིས། །མགོ་བཅད་ཕྲེང་བས་ལུས་ལ་བརྒྱན། །དེ་ནས་དུར་ཁྲོད་བདག་པོ་དང་། མ་མོ་ཆེན་མོ་བྷསྨ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་ཕྲ་མེན་ཀསྐོ་མ། །དགྱེས་པའི་སྒྲ་སྐད་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབང་བསྐུར་རོ། །གསོད་བྱེད་རསྒ་ཧེ་རུ་ཀ་དང་། །རསྒ་ཀྲོ་དྷི་ཤྭ་རྡི་མ། །ཐབས་དང་ཤེས་རབ་གཉིས་མེད་ལས། །སེམས་དཔའ་སྒྲ་ཆེན་འོད་གསལ་བྱུང་། །སྲིན་མོ་ཆེན་མོ་རོ་ཁ་དང་། །ཐབས་དང་ཤེས་རབ་གཉིས་མེད་ལས། །མ་མོ་ཆེན་མོ་སྨེ་ཤ་བྱུང་། །དགྱེས་པའི་སྒྲ་ནི་ཧ་ཧ་བཞད། །དེ་ནས་དྲེགས་ཆེན་བསྒྲལ་བའི་ཕྱིར། །གསོད་བྱེད་ཆེན་པོར་དབང་བསྐུར་རོ། །སྲིན་མོ་སྒྲ་ཆེན་མཐའ་ཡས་ཀྱང་། །མཚོན་གྱི་ཞགས་པས་བཟུང་ནས་ནི། །སྐྲུ་གྲིས་སྙིང་ཕྱུང་སྟོབ་པ་ཡིས། །མ་མོ་སྨ་ཤ་ནི་ཡི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །སྲིན་མོ་ཆེན་མོ་འབྱིན་ཆེན་དང་། །མ་མོ་ཆེན་མོ་སྨ་ཤ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་ཕྱུང་ཁ་ཁུ་བྱ་རོག་གདོང་། །དགྱེས་པའི་སྒྲ་ཆེན་ཧེ་ཧེ་བཞད། །ཕྲ་མེན་མོ་རུ་དབང་བསྐུར་རོ། །རསྒ་ཉི་ཧེ་རུ་ཀ་དང་། །རསྒ་ཁྲོས་པའི་རྒྱལ་མོ་གཉིས། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་སེམས་དཔའ་གསེར་གདོང་ཞལ། །སྲིན་མོ་དུར་ཁྲོད་ཙ་མུན་སྣྲི། །ཐབས་དང་ཤེས་རབ་གཉིས་མེད་ལས། །མངོན་བྱུང་མ་མོ་ཙཎྜསྙི། །དགྱེས་པའི་སྒྲ་ཆེན་ཧ་ཧ་བཞད །དེ་ནས་དྲེགས་པ་བསྒྲལ་བའི་ཕྱིར། །སྲིན་པོ་བི་དུ་སེར་སྐྱ་ཡང་། །མ་ཡིས་ལྕགས་ཀྱུས་བཟུང་ནས་ནི། །མ་མོ་ཆེན་མོ་ཙརྙ་ཡིས། །སྤུ་གྲི་སྲིན་པོའི་མགོ་ལུས་ཕྲལ། །མ་མོ་ཙརྙ་སྙི་ཡི་གནས། །དེ་ནས་དུར་ཁྲོད་བདག་པོ་དག །སྲིན་པོ་ཆགས་པའི་གསེར་བྱ་དང་། །མ་མོ་ཆེན་མོ་ཙརྙ་སྙི། །ཐབས་དང་ཤེས་རབ་གཉིས་མེད་ལས། །ཕྲ་མེན་འུག་པའི་མགོ་ཅན་བྱུང་། །དགྱེས་པའི་སྒྲ་སྐད་ཧེ་ཧེ་བཞད། །ཕྲ་མེན་མ་རུ་དབང་བསྐུར་རོ། །ཨོ་ཧཱུཾ༷་ཧུ༷་ཧ་ཧ་ཧ་ཧ་ཧེ་ཧེ་ཧེ་ཧེ། ཧ་ཧ་ཧ་ཧ་ཧེ་ཧེ་ཧེ་ཧེ། འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་རྫོགས། །སྐུ་མདོག་ཕྱག་མཚན་སྣ་ཚོགས་གསལ། །འཇིགས་བྱེད་རྒྱན་གྱི་དཀྱིལ་འཁོར་ལས། བསྒོམ་ཁོག་རྩ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྒྲུབ་ལུགས་ཀྱི་དཀྱིལ་འཁོར་བཤད་དེ། སྒྲུབ་ལུག་སྤྱིར་ན་རྣམ་པ་གཉི་ཏེ། མ་ཏང་ཞལ་གྱི་སྒྲུབ་ལུགས་དང་། །བང་རིམ་གསུམ་པའི་སྒྲུབ་ལུགས་སོ། །དེ་ལའང་སྒྲུབ་ལུགས་ཀྱི་དཀྱིལ་འཁོར་བརྒྱད་དོ། །དེ་ལ་མ་ཏང་ཞལ་གྱི་དཀྱིལ་འཁོར་ནི། །གནས་དང་ས་གཞི་བརྟག་པ་མྲ །བསླང་དང་བྱིན་བརླབ་གཞུད་བཞིན་བྱ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །བདུད་རྩི་ལྔ་ཡིས་ཞལ་ཞལ་བྱ། །དེ་ནས་མ་ཏང་གནན་པར་བྱ། ཁྲར་ཕྱོགས་ལམ་སྒོ་འཇིག་རྟེན་ནས། །ཡང་དག་ཐར་ལམ་གཅོད་བྱེད་པ། །འབྱུང་པོ་ག་་པོ་ང་རྒྱལ་ཅན། ཁྱོད་ནི་སྒྲིབ་པ་ཅི་ལ་སྒྲིབ། །ཡང་དག་ཤེས་རབ་ཡེ་ཤེས་ཀྱིས། ཁུངས་བརྟགས་རྩ་བཅད་བདག་ལས་བྱུང་། །བདག་འཛིན་བདག་གིར་འཛིན་པ་ནི། །བདག་མེད་སྟོང་པའི་ཐོ་བས་གཤོམ། །བདག་པོ་ཐབས་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་དེད་དཔོན་བྱེད། །དེ་ཉིད་བདག་རྟོག་བྱེད་པས་ན། །བདག་མེད་སྟོང་པའི་ཐོ་བས་གཞོམ། །ཨདྨ་ནི་དྷི་མ་ཧྭ། ཙྭ་ན་བཛྲ། མུད་ཀྭ་ལ། ཨ་ཀོ་ཏ་ཡ་ཧུ༷་ཕཊ། སརྦ་བ་པ་ཀར་ཏེ། ཀར་པ་སི་མ་རྟ་ཁ་རུ་ཏྲ་ཧུ༷་ཕཊ། ཆས་ཆེན་དག་གི་གོ་བགོས་ཏེ། །དཔལ་ཆེན་སྟོབས་ཀྱང་ཆེ་བའི་བདག །སྟོང་པའི་མཚོན་ཆེན་རྣོན་པོ་ཡིས། །དེ་དག་ཀླད་པ་དག་ཀྱང་འགེམས། །ཆོས་ཀུན་རྟག་ཏུ་རང་གི་ངོ་བོ་སྟོང་། །རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཛིན། །སྲིད་པ་ཇི་བཞིན་ཡོང་ཡེ་སྟོང་པ་ཡིན། །དེ་ནས་ཡང་འདི་སྐད་བརྗོད་དོ། །འཕགས་པ་ཐམས་ཅད་མཁྱེན་པ་དགོངས་སུ་གསོལ། །འབྱུང་པོ་མང་པོ་ཀུན་ཉོན་ཅིག །རྡོ་རྗེ་རྣོན་པོ་འཇམ་དཔལ་གྱི། །ཐུགས་རྗེ་དད་དང་ཤེས་རབ་ཀྱིས། །ཐབས་ལ་མཁས་པའི་བྱིན་རླབས་ཀྱིས། །འགྲོ་བ་ཐམས་ཅད་གཟུང་བར་མཛོད། །འགྲོ་བའི་བདག་པོའི་ཚེ་དང་སྲོག །གསོན་པོར་བདེ་བར་གཅོད་པ་དང་། །བདག་དང་གཤིནརྗེའཁོར་བཅས་ལ། །འཇོམས་ཤིང་གཅོད་པའི་གཤེད་པོ་ནི། །འཇམ་དཔལ་འཕྲུལ་གྱི་དངོས་གྲུབ་མཆོག །སྲིད་གསུམ་མཐར་བྱེད་རྔམ་པ་སྟེ། །ཁ་ཊ༷་ཐོད་དབྱུག་མི་བཟད་པས། །སྙིང་རྗེས་བཅོམ་ནས་གསད་པར་བྱ། ཛ༷༷ཧུ༷་བ༷་ཧོ༷༷ ཤི་ཧེ་རུ་ཀ སརྦ་དུ་། ས་མ་ཡ་མུ་དྲ། པྲ་པརྩི་ཀྲ ཙག་ཤེ་ཀ་ཧ་ན་ཧུ༷་ཕཊ། བདག་པོས་རོལ་སྟབས་དྲག་པོ་ཡིས། །རོ་གཉིས་ཉལ་ཐབས་གན་རྐྱལ་དུ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཡས་པའི་མཁྲིག་མ་ལ། ཁྱི་གཉིས་དང་ནི་བྱ་རྒོད་གཉིས། །རྐང་པ་ཅུང་ཟད་བསྣོལ་བ་ནི། །ཐལ་བའི་མདོག་ལ་སྐུ་འགྲེང་བ། ཁོག་པ་ནམ་མཁའ་གཞལ་ཡས་ཁང་། །ཡན་ལག་དུར་ཁྲོད་རིན་ཆེན་གཏེར། ཁྲེས་རབ་དགྲ་སྟུས་གཤག་པར་བྱེད། །དགྲ་སྟའི་ཕྱག་རྒྱས་གཤག་པ་ཡིན་ནོ། །དེ་ལྟར་ཁོག་པ་བཤས་ལ། རྒྱུ༷་དྷརྨ་ཁ་ཏ་ལི་པི། ཞེས་བརྗོད་པས། ཁོག་པའི་ནང་གཞལ་ཡས་ཁང་དུ་གྱུར་པར་བསྒོམ་མོ། །དེ་ཡི་ནང་དུ་བཞུགས་པ་ནི། །གནས་ཀྱི་སྒོ་འདི་སུ་ཡིས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུང་འཛིན་རྐིང་ལག་བསྣོལ་བ་ལ། །ཡུལ་ལས་འདས་པའི་ཞབས་ཀྱིས་དབྱེ། །ཧུ༷་ཕཊ་མ་ཧྭ་རུ་དྲ་ཕྱེ། །དེ་ནས་ལྕགས་ཀྱུའི་ཕྱག་རྒྱས་བཏབ་ལ། རྡོ་རྗེ་གར་གྱི་ཚུལ་གྱིས་འཁོར་ཐམ་ཅད་གཞུག་གོ །ཏོ་ཙེ་ཏོ་ཙེ་བྱ། ཨདྨ་དྷ་ར་དྷི། མ་ནུ་དྷ་ར་དྷི། ཀ་བཱ་ལ་ཏོ་ཙེ་བྱ། པདྨ་དྷ་ར་དྷི། དེ་ནས་དུར་ཁྲོད་ཀྱི་གནས་བརྒྱད་བརྩེགས་པ་ནི། སྒྲུབཔཆེནཔོལསམགཏོགསཔརགཞན་དུ་མི་བྱ་ཏེ། བྱས་ན་ཞག་བདུན་གྱིས་ཁྲག་སྒྱུགས་ཏེ་ཤི་བར་འོང་ངོ་། །ཞེས་གཞུང་ལས་འབྱུང་ངོ་། །དེ་ལྷར་གྱུར་པའི་འཛམ་གླིང་དུ། །སྐྱེ་ཤི་གནས་པའི་ཡུལ་ཡིན་པས། །ཕྱི་རབས་སྔགས་འཆང་སྒྲུབ་པ་པོས། །འཇིགས་བྱེད་ཆེན་པོ་ཁྲག་འཐུང་གི །དུས་གསུམ་རྒྱལ་བའི་བཀའ་བཞིན་དུ། །རྟོགས་ལྡན་རྒྱལ་པོའི་དུར་ཁྲོད་གནས། ཁྲེས་རློམ་འཁྲུལ་སྣང་ཀུན་ཏུ་བྱེད་པ་ནི། །མ་བདུན་ཟ་ལམ་བདུན་གྱིས་འཆི། །དེ་ཡི་རྣམ་ཤེས་ཙིད་ནར་ཀན། །འཇམ་དཔལ་འཕྲུལ་གྱི་དངོས་གྲུབ་མཆོག །སྲིད་གསུམ་མཐར་བྱེད་དེ་བ་དེས། །ཐོད་དབྱུག་ཆེན་པོ་མི་ཟད་པས། །གཤིན་རྗེ་བཅོམ་སྟེ་བསད་ནས་སུ། །རོ་ཡང་ལྷོ་ཡི་འཛམ་གླིང་དུ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་བརྩེགས། །དེ་ལྟར་དེ་བཞིན་བདག་གིས་ནི། །ཕ་ལས་བུ་ཡིས་ས་བླངས་བཞིན། །འདི་ལུས་དུར་ཁྲོད་གནས་སུ་འབུལ། །དེ་ཡི་ལུས་སྙིང་མཁལ་མ་དེ། །དུར་ཁྲོད་ཆེན་པོ་བསིལ་ཚལ་དུ། །མ་མོ་ཆེན་མོ་ཀོའུ་རྡི་མ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །མཁས་ཤིང་མཐུ་སྟོབས་སངས་རྒྱས་པའི། །མཐོང་ཐོས་རྣམ་པར་འཕྲུལ་བག་གི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །དེ་ཡི་མགོ་བོ་ལྷོ་ཕྱོགས་ཀྱི། །སེང་བྷའི་ཡུལ་ན་ཙོའུ་རྡི་མ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །མཐོང་ཐོས་རྣམ་པར་འཕྲུལ་བག་གི །དངོས་གྲུབ་དམ་པ་སྩལ་དུ་གསོལ། །དེ་ཡི་ལག་གཡས་ཤར་ལྷོ་མཚམས། །བལ་ཡུལ་ན་ནི་པུསྐ་སྙི། དུརཁྲོད་ཆེན་པའི་རྒྱན་དུ་འབུལ། །ལྷག་པར་རྫསཀྱིསམཆོདཔརའོས། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །དེ་ཡི་ལག་གཡོན་ལྷོ་ནུབ་མཚམས། །ས་ལའི་ཡུལན་བི་ཏྭ་སྙི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ཕྱག་ན་རྡོ་རྗེས་མཐུ་སྟོབ་སྩོལ། །དེ་ཡི་རྐང་གཡ་བྱང་ཤར་མཚམས། །ལི་ཡི་ཡུལ་ན་ཙརྙ་ལི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ལོངས་སྤྱོད་ལྡན་པའི་དངོས་གྲུབ་སྩོལ། །དེ་ཡི་རྐང་གཡོན་ནུབ་བྱང་མཚམས། །ཀ་ནིགི་ན་པྲ་མོ་ཧ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །དེ་ཡི་ཕོ་མཚན་བྱང་ཕྱོགས་ཀྱི། །ཨོ་རྒྱན་ཡུལ་ན་བྷསྨ་རི། །དུརཁྲོད་ཆེན་པོའི་རྒྱན་དུ་འབུལ། ཁྲུབ་པ་མྱུར་བའི་དངོས་གྲུབ་སྩོལ། །བཞག་ཤ་ཁོང་ནང་ལ་སོགས་པ། །ཐམས་ཅད་མ་ལུས་དུར་ཁྲོད་ན། །སྨ་ཤ་ནི་ཡི་རྒྱན་དུ་འབུལ། །ས་རྣམས་གྲུབ་པའི་དངོས་གྲུབ་སྩོལ། །ཞེས་བརྗོད་དེ་དུར་ཁྲོད་ཀྱི་གནས་བཤམ་མོ། །མ་མོ་ཆེན་མོ་ཀོའུ་རྡི་མ། །གཡས་པའི་གྲུ་མོ་ཅན་དུ་བྱ། །མ་མོ་ཙོའུ་རྡི་སྤྱི་བོར་བྱ། །མ་མོ་ཆེན་མོ་པྲ་མོ་ཧ། །རྐང་པ་གཡོན་པ་དག་ལ་བྱ། །མ་མོ་ཆེན་མོ་བེ་ཏྭ་སྙི། །གྲུ་མོ་གཡོན་པ་དག་ལ་བཀོད། །མ་མོ་ཆེན་མོ་པུསྐ་སྙི། །དེ་ཡི་ལག་པ་གཡས་ལ་དགོད། །མ་མོ་ཆེན་མོ་བྷསྨ་རྡི། །དེ་ཡི་ཕོ་མཚན་དག་ལ་དགོད། །མ་མོ་ཆེན་མོ་ཙཎྜསྙི། །རྐང་པ་གཡས་པའི་པུས་མོ་ལ་དགོད། །མ་མོ་ཆེན་སྨ་ཤ་ནི། །བཞག་ཤ་ནང་ཁྲོལ་དག་ལ་དགོད། །ཕྱོགས་རྣམས་མ་ནོར་དགོད་པ་ལ། །ཐམས་ཅད་སྒྲོལ་བའི་དངོས་གྲུབ་དང་ལྡན་ནོ། །དུར་ཁྲོད་བརྒྱད་འདི་སྒྲུབ་པ་ཆེན་པོ་ལས་གཞན་དུ་མི་བྱའོ། །དེ་ལྟར་མ་ཏང་མནན་ནས་གཞན་ཡས་ཁང་དུ་བྱས་ཏེ། གཟུང་འཛིན་སྒོ་ཕྱེས་ནས། རྒྱལ་མཚན་ལ་སོགས་པའི་ནང་དུ་གཞུག་གོ །སྟེགས་བུ་ཡང་མ་ཏང་གི་གཟུགས་འདྲ་བ་གཏོད་ལ། མགོ་ལྷོ་ནུབ་ཏུ་ཐུག་པ་མེད་པར་བསྟན། རྐང་པ་བྱང་ཤར་མཚམས་སུ་བསྟན། མདོག་ཡོངས་ཀྱང་སྔོ་སྐྱར་བྱས་ལ། གན་རྐྱལ་དུ་བསྒྱེལ་ལོ། །ཆེ་ཆུང་གི་ཚད་ནི་གནས་ཡངས་དོག་དང་སྦྱར་རོ། །མ་ཏང་གི་སྙིང་གར་དུག་གསུམ་གྱི་དཀྱིལ་འཁོར་བང་རིམ་གསུམ་པར་བྱའོ། །མཐའ་མ་དམར་པོ་གྲུ་བཞི་ལ། །འཕངས་སུ་ཁྱུད་གང་གི་སྟེང་དུ། །མཐིང་ནག་གྲུ་གསུམ་ལ་འཕངས་སུ་སོར་བཞི་བྱ། །དེའི་སྟེང་དུ་དམར་ནག་ཟླ་གམ་ལ། འཕང་སུ་སོར་གསུམ་བྱ། དཔྲལ་བ་དང་གདོང་པ་དང་ཡན་ལག་གཉིས། མཁལ་མ་གཡས་གཡོན་གཉིས། ཁ་དང་རིག་པ་གཉིས་ལ། སྟེགས་བུ་གྲུ་བཞི་པ་འདོམ་གང་བྱ། །དེའི་ཕྱི་རིམ་ཡོངས་སུ་ཟླ་གམ་ལ། འཕངས་སུ་སོར་གཉིས་སོ། །དེའི་ཕྱིར་རིམ་ཡོངས་སུ་བསྐལ་པའི་མེ་རི་དམར་ནག་གི་ཀློང་བྲི། །དེ་ནས་རྫས་བཀྲམ་སྟེ། བྷརྙ་རལ་པ་གཅིག་པ་ལ་དཔལ་ཆེན་པོ་ཡབ་ཡུམ་གྱི་སྙིང་པོ་བྲིས་ལ། གོང་གི་ཟླ་གམ་དམར་ནག་ལ་བཞག དེའི་འོག་མའི་མཐིང་ནག་གྲུ་གསུམ་ལ། བསྐལ་པའི་མེ་དཔུང་དམར་ནག་གི་ཀློང་བྲི། ཐ་མའི་དམར་པོ་གྲུ་བཞི་ལ། རིགས་བཞི་ཧེ་རུ་ཀའི་སྙིང་པོ་བྲིས་ལ། ཕྱོགས་བཞིར་བཞག་གོ །ཡན་ལག་གི་དཀྱིལ་འཁོར་ལ། ཀོའུ་རི་མ་བརྒྱད་ཀྱི་སྙིང་པོ་ཚལ་བུ་ལ་བྲིས་ལ་བཞག་གོ །དཔལ་ཆེན་པོ་ཡབ་ཡུམ་གྱི་སྐོ་ཀྱི་ཤ་དང་། མ་མོ་རྫས་རྟགས་ཀྱི་ཤ་བརྒྱད་དང་ཕྱོག་ཕྱོག་སུ་བཀོད་དོ། །ཕྲ་མེན་མའི་རྫས་ཕྱོགས་བཞིར་སྦར་མོ་བཞི་བཀྲམ། མཚམ་བཞིར་མགོ་བཞི་བཀྲམ། རྣ་བ་རཀྟ་ཚིལ་སྣ་རྐང་པ་མིག་སྲོ་ཏ་ཨན་ཛ་གོ་རོ་ཙ་ན་རྣམས་བཞག་གོ །སྒོ་བཞིར་དཔལ་དར་བཞག དེའི་ཕྱི་རིམ་ཡོངས་སུ་ཟླ་གམ་ལ། དབང་ཕྱུག་མའི་རྫས་མེད་ན་མཚན་བྱང་དགོད། ལྷ་བཤོས་ཟླ་གམ་རཀྟའི་ཐིག་ལེ་དགུ་བྱས་པ་དང་། དམ་རྫས་ཚང་མའི་གཏོར་མ་སྤྲིན་ཆེན་གྱི་ཞལ་ཁེབས་ཅན་གཅིག་དྲངས་སོ། །ཚིལ་ཆེན་གྱི་མར་མེ་དགུ་བལྟམ་མོ། །བ་སུ་ཏའི་རྒྱུ་ཞགས་ཀྱིས་མཐའ་བསྐོར། ཁྲག་སྣ་དང་སྙིང་སྣ་ཅི་མང་བཞག དེ་ནས་སྤྱན་དྲང་མཆོད་པ་འབུལ། །བཤགས་ཤིང་དངོས་གྲུབ་གསོལ། །འཛབ་དྲང་ཐུགས་དམ་བསྐུལ། །ཕྲིན་ལས་བཅོལ་དགྲ་བགེགས་དགུག །གཟུགས་ལ་ཕབ་ལ་བསད་དོ། །དེ་ནས་དཀྱིལ་འཁོར་བསྡུ་བའོ། །དེ་ནས་བང་རིམ་གསུམ་པའི་དཀྱིལ་འཁོར་ནི། དང་པོ་ཕུན་སུམ་ཚོགས་པ་བཞི་དང་ལྡན་པར་བྱས་ལ། གནས་ཀྱི་ཕ་རོལ་དུ་སྟེགས་བུ་གྲུ་བཞི་པ་གཅིག་བྱས་ལ། ཙསྡོན་གྱི་ལྡེ་གུ་དང་། མེ་ཏོག་གི་ཕོར་ཕུར་བུ་ཡང་བུ་དང་། སྤོས་ཀྱི་ཚོམ་བུ་དང་། ཤོག་བུའི་མཐོ་རྣམས་བཀྲམ་ནས། དེའི་སྟེང་དུ་མཆོད་པ་རྣམ་པ་ལྔ་དང་། གཏོར་མ་ཆ་གསུམ་བཞག་ལ། སྒྲུབ་པོ་རྣམས་སྡིག་པ་སྦྱང་། བྱང་ཆུབ་ཏུ་སེམས་བསྐྱེད། སྤོང་སྐོང་ཀླག མཆོད་པ་རྣམ་པ་ལྔ་འབུལ། གཏོར་མ་ཆ་གསུམ་གཞུང་བཞིན་བཏང་། དེ་ནས་སྟེགས་བུ་འདོམ་གང་གྲུ་བཞི་པར་བྱས་ལ། དུར་ཁྲོད་ཀྱི་ཆག་ཆག་རྣམ་གསུམ་གྱིས་གདབ་ལ། ཤེས་རབ་མ་བྱིན་གྱིས་བརླབ་ལ། ཐིག་སྐུད་འཁལ་དུ་གཞུག །མ་ཏང་ལས་ཟླ་གམ་དམར་པོ་གྲུ་བཞི་པ་མཛུབ་གང་གི་འཕང་བ་གཏོད་དོ། །དེའི་སྟེང་དུ་མཐིང་ནག་གྲུ་གསུམ་པ་སོར་བཞི་པའི་འཕངས་སུ་བྱའོ། །དེའི་སྟེང་དུ་ཟླ་གམ་དམར་ནག་སོར་གསུམ་པའི་འཕངས་སུ་བྱའོ། །དེ་ནས་དཀྱིལ་འཁོར་ལ་རྫས་དགྲམ་པ་ནི། བྷནྟྲ་རང་པ་གཅིག་ལ་དཔལ་ཆེན་པོ་ཡབ་ཡུམ་གྱི་སྙིང་པོ་བྲིས་ཏེ། ཡ་ཐོག་ཟླ་གམ་གྱི་སྟེང་དུ་བཞག་གོ། །བྷརྙ་ཚལ་བུ་བརྒྱད་ལ་ཀོའུ་རྡི་མ་བརྒྱད་ཀྱི་སྙིང་པོ་བྲིས་ལ་ཟླ་གམ་གྱི་མཐར་རིམ་པ་བཞིན་དུ་འཁོར་བར་བཞག །ཚིལ་ཆེན་གྱི་མར་མེ་ཁ་དགུར་བལྟམ་མོ། །དེ་འོག་མཐིང་ནག་གྲུ་གསུམ་ཤ་ཆེན་གྱི་ལང་ལིང་དང་། ཞིང་ཆེན་རས་རོས་ཀྱིས་བསྐོར་རོ། །དེ་ཡི་འོག་མ་དམར་པོ་གྲུ་བཞི་པ་ལ། སྒོ་བཞིར་སྒོ་བ་བཞིའི་རྫས་དགྲམ། ལྷ་བཤོས་ཟླ་གམ་ལ་རཀྟའི་ཐིག་ལེ་དགུ་བྱས་ལ། ཕུད་ཀྱི་གཏོར་མ་དྲང་ངོ་། །སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་བྷརྙའི་གཟེད་ཕོད་དང་དམར་གྱི་རཀྟ་དགྲམ་མོ། །དེ་ནས་དཀྱིལ་འཁོར་བསྐྱེད་དེ་སྤྱན་དྲང་མཆོད་པ་འབུལ། འཛབ་སྟོང་རྩ་བརྒྱད་འབུལ། ཐུགས་དམ་བསྐུལ། དངོས་གྲུབ་སྩོལ་བ་དང་། སྟོང་ཚིག་གི་མཆོད་པ་འབུལ་ལོ། །དགོངས་དང་ཐོ་རངས་གཏོར་མ་བཏང་ངོ་། །གཏོར་མ་ཕྱི་མ་ཡང་དྲངས་ལ། དཀྱིལ་འཁོར་བསྐྱེད་དེ་སྤྱན་དྲང་མཆོད་པ་འབུལ། བཤགས་ཤིང་དངོས་གྲུབ་སྩོལ། འཛབ་དྲང་ཐུགས་དམ་བསྐུལ། ཕྲིན་ལས་བཅོལ། །དགྲ་བགེགས་བསད་ལ་སླར་གསོའོ། །དེ་ནས་སྒྲུབ་པ་ཕྱིན་པ་དང་གཏོར་མ་ཚོ་གསུམ་དུ་བཅད་དེ། ཚོ་གཅིག་ལ་སྤྱིན་བསྲེག་བྱ། ཚོ་གཅིག་གིས་མཁའ་འགྲོ་མ་བསྐྱང་། ཚོ་གཅིག་མི་ཟད་པའི་གཏེར་དུ་སྦའོ། །དེ་ནས་རིམ་པ་བཞིན་དུ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་རོ། །དེ་ནས་དཀྱིལ་འཁོར་བསྡུས་ཞིང་དངོས་གྲུབ་སྩོལ་ལོ། །དེ་ནས་གཏོར་མ་ཆ་གཅིག་ལ་རྒྱལ་པོ་ཆེན་པོ་བཞི་མཆོད་ནས་སླར་གཤེགས་སུ་གསོལ་ལོ། །དེ་ནས་གུ་རྒྱ་གསང་བའི་དཀྱིལ་འཁོར་ནི། །འདིའི་གཞུང་གིས་ཀྱང། དང་པོ་ཕུན་སུམ་ཚོགས་པ་བཞི་དང་ལྡན་ནས། ས་ཡི་ཆོ་ག་དང་སྡིག་པ་སྦྱངས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྤང་སྐོང་བཀླག་པར་བྱའོ། །དེ་ནས་དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱས་ཏེ། དེ་ལ་དུར་ཁྲོད་ཀྱི་ཆག་ཆག་གསུམ་གདབ་སྟེ། ཤེས་རབ་མ་བྱིན་གྱིས་རློབ་ལ་ཐིག་སྐུད་བཀལ། དེ་ནས་ཐིག་བཞིར་གདབ་ལ་ལེའུ་ཚེ་དགུར་བྱ། དེའི་ཕྱི་རིམ་གྲུ་བཞི་ལ་མེ་རི་བཞི་དང་ལྡན་པར་བྱ། །དེ་ནས་བྷསྙོ་རང་པ་དགུ་ལདཔལཆེནཔོཡབཡུམ་གཙོ་བརྒྱད་ཀྱི་སྙིང་པོ་བྲིས་ལ། ལིང་ཚེ་དགུ་ཡི་དབུས་སུ་བཞག །བྷནྟྲ་ཚལ་བུ་བརྒྱད་ལ། ཀོའུ་རྡི་མ་བརྒྱད་ཀྱི་སྙིང་པོ་བྲིས་ལ་བཞག །སྙིང་སྣ་བརྒྱད་དང་ལིང་ཚེ་དགུ་ཡི་གཡས་སུ་བཞག །ཚལ་བུ་བརྒྱད་ལ་ཕྲ་མེན་བརྒྱད་ཀྱི་སྙིང་པོ་བྲིས་ལ། དམ་རྫས་བརྒྱད་དང་གཡོན་དུ་བཞག །སྒོ་བཞིར་དཔལ་དར་བཞི་བཞག །ལྷ་བཤོས་ཟླ་གམ་ལ་རཀྟའི་ཐིག་ལེ་བྱས་པ་དགུ་དང་། དམ་རྫས་ཚང་བའི་གཏོར་མ་སྤྲིན་ཆེན་གྱི་ཞལ་ཁེབས་ཅན་གཅིག་དྲངས་སོ། །ཚིལ་ཆེན་གྱི་མར་མེ་ཁ་དགུ་གཅིག་བལྟམ་མོ། །བ་སུ་ཏིའི་རྒྱུ་ཞགས་ཀྱིས་མཐའ་བསྐོར། སྟེང་གི་ཕྱོགས་སུ་བ་སུ་ཏའི་རྒྱུ་ཞགས་མིག་མངས་རིས་སུ་བྲིས་པའོ། །ཚིལ་ཆེན་གྱི་འཕན་བདུགས་ཀྱང་བྲི། །ཙིསྟའིཕོལོངའཕྱང་འབྲུལ་ཀྱང་དགོང་། །ཕྱོགས་བཞིར་ཞིང་ཆེན་གྱི་རུ་མཚོན་བསྒྲེང་ངོ་། །ཕྱོགས་བཞིར་རཀྟའི་མཚོ་བསྐྱིལ་ལ་གཟར་བུ་བརླབ་བོ། །སྒྲུབ་པ་པོ་རྣམས་ཀྱི་མདུན་དུ་བྷནྟྲའི་གཟེད་ཞལ་དང་། བྷརྙའི་སྒྲེང་སྣོད་ཀྱང་དགྲམ་མོ། །དེ་ནས་སྤྱན་དྲང་མཆོད་པ་འབུལ་ལོ། །སྡིག་བཤགས་དངོས་གྲུབ་སྩོལ། འཛབ་དྲང་ཐུག་དམ་བསྐུལ། ཕྲིན་ལ་བཅོལ། དགྲ་བགེགས་བཀུག་ཅིང་གཟུགས་ལ་ཕབ་ལ་བསྟབ་པ་བྱ། འཛབ་སྟོང་རྩ་བརྒྱད་དུ་འབུལ། །སྟོང་ཚིག་གི་མཆོད་པ་བྱའོ། །གཏོར་མ་དགོངས་དང་ཐོ་རངས་མི་གཏོང་བའི་ཟོ་རིས་བཅད་ལ་དེར་བླུགས་ཤིང་གཏང་བཟུང་ངོ་། །སྒྲུབ་པ་ཐོན་པ་དང་དུར་ཁྲོད་ཆེན་པོར་བསྐྱལ་ལ་བཏང་ངོ་། །དེ་ནས་དཀྱིལ་འཁོར་བསྡུ་དངོས་གྲུབ་སྩོལ་ལོ། །དེ་ནས་ཙིཏི་གསང་བའི་དཀྱིལ་འཁོར་ནི། །ཞིངལྤགསརློནཔའིདབུསསུ་དགྲ་ཡི་གཟུགས་བྲིས་ལ། སྙིང་གར་མིང་རུས་རཀྟ་ཁྲག་ཆེན་གྱིས་བྲིའོ། །སྙིང་སྣ་ཚོགས་ནང་དུ་མིང་རུས་བཅུག་ལ།དེ་ཞིང་ལྤགས་ཀྱི་ནང་དུ་བཅུག་ལ། སྲོག་གི་སྔགས་བཟླས་ལ། མཆི་མ་ཐེངས་གསུམ་ཕྱུང་ལ་འོ་དོད་འབོད་ལྷ་ལ་དཔང་གཟུག་གོ །ཕྲ་མེན་སྤྱང་གི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་དཔལ་ཁྲག་འཐུང་ཆེན་པོ་ཉིད་དབྱིངས་ན་བསྐྱོད་པ་དང་། གོབོར་རྣམས་དགྲ་བོའི་ལས་ལ་གཟུད་པ་འདི་སྐད་དོ། །ཧུ༷་ཁྲོ་རྒྱལ་ཁྲག་འཐུང་འཇིགས་བྱེད་ཆེན་པོ་ཡི། །སྐུ་གསུང་ཐུགས་ལས་བསྐྱེད་པའི་མཁའ་འགྲོ་མ། །དྲག་ཤུལ་ཚུལ་གྱི་སེམས་ཅན་དོན་མཛད་ཅིང་། །གདུག་པའི་ཚོགས་དང་གནོད་སྤྱིན་ཆ་ལུགས་འཆང་། །བྱམས་པའི་ཐུགས་ཀྱིས་གཉིས་མེད་དོན་རྟོགས་ནས། །ཡེ་ཤེས་འོད་སྟོང་འབར་བའི་ཀོའུ་རྡི་མ། ཁྲར་གྱི་ཕྱོགས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་བྱུང་ཞིག །ཞི་གནས་རྩ་གཅིག་གཏོད་པའི་གཞུ་བཀང་སྟེ། །ལྷག་མཐོང་ཤེས་རབ་གསལ་བའི་མདའ་བཀང་ནས། །ཉོན་མོངས་བདུད་འཇོམས་ཡེ་ཤེས་དབྱིངས་རུམ་དུ། །དུག་གསུམ་སྒྲོལ་མཛད་ཐུགས་རྗེ་ཙོ་རྡི་མ། ལྷོ་ཡི་ཕྱོགས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །འདོད་པའི་རྡུལ་བྲལ་ཆགས་མེད་པད་མའི་སྐུ། །དགའ་བྱེད་དྲེགས་པའི་བདུད་འཇོམས་རྒྱལ་བའི་རྟགས། །ཆོས་ལ་དབང་བསྐུར་ཆུ་སྲིན་རྒྱལ་མཚན་འཛིན། །རྣམ་རྟོག་ཟ་བྱེད་ཁྲག་འཐུང་པྲ་མོ་ཧ། །ནུབ་གྱི་ཕྱོགས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །ཕྲིན་ལས་རྣམ་བཞིས་ཅི་འདུལ་བཏང་སྙོམས་ཀྱི། །ཐབས་ཀྱིས་ཁྲོ་བར་མཛད་པའི་གར་ཐབས་ཅན། །འཆི་བདག་བདུད་ཀྱི་སྡེ་འཇོམས་རྡོ་རྗེ་ཕྱར། ཁྲེས་རབ་དབྱིངས་ལ་སྦྱོར་བའི་བི་ཏྭ་ལི། །བྱང་གི་ཕྱོགས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །ཡེ་ཤེས་ཉི་མས་མ་རིག་མུན་གསལ་ཕྱིར། །ང་རྟོག་ཁྲག་མཚོ་འཁྱིལ་བའི་དབྱིངས་རུམ་དུ། །ཐབས་མེད་རྒྱུད་དྲུག་འ་ས་པའི་ཕུང་པོ་ལྔ། །བདེ་ཆེན་དབྱིངས་སུ་འདྲེན་མཛད་པུསྐ་སྙི། །ཡེ་ཤེས་དབྱིངས་ཉིད་ཡེ་ནས་གཉིས་མེད་ཕྱིར། །ཐབསཀྱི་རྡོ་རྗེ་བྷརྙ་དཀྲུག་ཅིང་གསོལ། །སྤྲིན་མེད་མཁའ་ལ་ཉིན་ཟླའི་དཀྱིལ་འཁོར་བཞིན། །ཡེ་ཤེས་འོད་འཕྲོ་འཁྲུག་བྱེད་བྷསྨ་རྡི། །ལྷོ་ནུབ་མཚམས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །འཇིགས་ཚོགས་གསང་ནུར་དུར་ཁྲོད་སྦྱར་བ་ཡིས། །ཐུགས་རྗེས་མཆོག་གི་རྣམ་ཤེས་སྒོ་ཕྱེ་ནས། །དྲག་ཤུལ་རྔམས་པའི་སྟངས་སྟབས་ཚུལ་གྱིས་སུ། །ཉོན་མོངས་ཡིད་འཕྲོག་ཟ་བྱེད་སྨ་ཤ་ནི། །ནུབ་བྱང་མཚམས་ནས་ལས་བྱོས་ལ། །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་བཤིག་པའི་ཕྱིར། །ཐབས་ཀྱི་རསྒ་རྭཀྟ་ཡང་ཚུལ་གྱིས་སྒྲོལ་མཛད་དེ། །ཡེ་ཤེས་སྐྲུ་གྲི་འབར་བའི་ཚེམས་བརྡར་ནས། །འདུ་བྱེདལྔཕུངགཅོདམཛདཙཎྜསྙི། །བྱང་ཤར་མཚམས་ནས་ལས་མཛོད་ཅིག །དམ་ཉམས་དགྲ་ལ་རྟགས་ཕྱུང་ཞིག །དེ་ལ་འདི་སྐད་ཅེས་བསྟོད་དོ། །ཀུན་ཀྱང་ཡེ་ཤེས་འབར་བའི་ཀློང་དཀྱིལ་ནས། །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལང་ཡང་། །སྐུ་མདོག་ཕྱག་མཚན་གཅིག་ཏུ་མ་ངེས་ཏེ། །དུར་ཁྲོད་འབར་བའི་གནས་མཆོག་དམ་པ་འདིར། །གཞུད་ལས་བྱུང་བའི་དཀྱིལ་འཁོར་གཉེན་པོ་བྲིས། །བདུད་རྩི་དམར་གྱི་གཏོར་མ་གཉན་བཤམས་ཏེ། །ཞིང་ཆེན་གསར་རྙིང་གདན་མཆོག་གཏིང་ལགས་ཀྱི། །ཐུགས་དམ་བཞིན་དུ་ཅི་བདེར་གཤེགས་སུ་གསོལ། །གསེར་མདོག་གཟི་འབར་རྡོ་རྗེའི་ཐུགས་ལས་སྤྲུལ། སེང་གེའི་སྐད་ཀྱིས་བདུད་དཔུང་འཇོམས་མཛད་པ། །དྲག་ཤུལ་སྟོབས་ཀྱིས་ཞིང་ཆེན་དཀྲུག་ཅིང་གསོལ། ཁུད་དྲུག་བསྒྲལ་ཕྱིར་རྩལ་ཆེན་སེདྷ་མ། །ཞེ་སྡང་རྔམས་པས་དམ་ཉམས་ཁ་ལོང་ཁ། །སྲོག་ལུས་དབང་པོར་བཅས་ཏེ་མེད་པར་མརྗོད། །དབང་མཆོག་ཡོན་ཏན་རིན་ཆེན་སྐུ་ལས་སྤྲུལ། །སྐུ་མདོག་དམར་ནག་བྱིན་ཆེན་སྟག་གི་ཞལ། །གསང་བའི་ལོངས་སྤྱོད་ཞིང་ཆེན་སྙིང་ལ་ཉིད་ཀྱང་གཟིགས། །འཆི་བདག་བདུད་ཀྱི་སྡེ་འཇོམ་བྱ་ཀྟ་མ། །ཞེ་སྡང་རྔམས་པས་གང་ལ་ཐོགས་པ་མེད། །དམ་ཉམས་དགྲ་བོ་མ་བཏང་མྱུར་དུ་སྒྲོལ། །དྲི་མེད་རྣམ་དག་པད་མའི་གསུང་ལས་སྤྲུལ། །ཕུང་པོ་བདག་མེད་དབྱིངས་སུ་གཅིག་མཁྱེན་ནས། །སྐུ་མདོག་དམར་ནག་ཞིང་ཆེན་ཁོང་ནས་དྲུད། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམ་སྲི་ཀླ་མ།དྲག་ཤུལ་རྔམས་པས་དམ་ཉམས་རྒྱུ་སྙིང་འབྱིན། །ཐབས་མཁས་འཇབ་ཚུལ་ངེས་པར་གྲུབ་པར་གྱིས། །ཡེ་ཤེས་ཐུགས་རྗེ་ཕྱོགས་བཅུར་ཁྱབ་པ་ཡི། །བྱ་རྒོད་གཟུགས་ཀྱི་རྫུ་འཕྲུལ་མཐུ་དང་ལྡན། །འཁོར་བ་མི་སྤོང་མྱ་ངན་མི་འདའ་བས། །སྤུ་གྲི་མཚོན་བསྣམས་ཁྲག་འཐུང་གྲོ་རྟེ་མ། །འདོད་ཆགས་རྔམས་པས་སྙིང་ཁྲག་དྲོན་མོ་གསོལ། །ཐོགས་པ་མེད་པར་དམ་ཉམས་སྙིང་ནས་དྲོངས། །རྡོ་རྗེ་དོན་གྲུབ་ལས་ཀྱི་རིགས་ལ་གྲུབ། །སྐུ་མདོག་མཐིང་ནག་སྤྱང་མོ་འཇིགས་པའི་མདོག །ཐུགས་རྗེ་ཐབས་ཀྱིས་ཞིང་ཆེན་འདྲད་ཅིང་གསོལ། །རྡོ་རྗེ་དོན་གྲུབ་ཟ་བྱེད་ཤྭ་ན་མ། །དྲག་ཤུལ་རྔམས་པས་དམ་ཉམས་འདྲད་ཅིང་གསོལ། །གང་ལ་བྱ་བ་ཐོགས་མེད་མྱུར་དུ་སྒྲོལ། །དུར་ཁྲོད་སྤྱོད་པས་འགྲོ་དྲུག་བསྒྲལ་བའི་ཕྱིར། །ལོག་འདྲེན་དབང་པོ་གང་ཀའི་མཆུས་འབྱིན་པ། །ཐབས་ཀྱི་བཤན་བསྣམས་ཞིང་ཆེན་འཕྲག་ལ་ཁུར། །འཇིག་རྟེན་བསྒྲལ་ཕྱིར་ཚེ་འཕྲོག་ཀང་ཀ་མ། །གཏུམ་ཤིང་རྔམས་པས་གློ་སྙིང་ཁོང་ཁྲག་འཐུང་། །དམ་ཉམས་དགྲ་བོའི་ཙིསྟ་ཕྱུང་ལ་ཤོག ཁྲེས་བྱའི་བག་ཆགས་རྩད་ནས་བཅད་པའི་ཕྱིར། །ཡེ་ཤེས་མཚོན་བསྣམས་རྒྱུ་ཕྲེང་ཁྲག་ལ་མོས། །རྣམ་རྟོག་རྡུལ་གྱིས་མི་གོས་བྱ་རོག་གདོང་། །ཡོན་ཏན་ཡིད་བཞིན་བདག་ཉིད་ཁུ་ཁ་མ། །ནག་མོ་རྔམས་ཞབྲུགས་མིག་དང་དབང་པོ་འབྱིན། །དམ་ཉམས་དགྲ་བོའི་དབང་པོ་ཕྱུང་ལ་ཤོག །དོན་དམ་གཉིས་མེད་ངེས་པའི་དོན་རྟོགས་༄༅། ཁྲེང་། །ཅིར་ཡང་འགྱུར་བའི་སྐུ་མདོག་སྣ་ཚོགས་འཆང་། །འགྲོ་དྲུག་བསྒྲལ་ཕྱིར་ལྕགས་ཀྱུ་རྣོ་བསྣམས་ཤིང་། །མི་བཟད་ཐོད་ཁྲག་འཐུང་བའི་ཧུ་ལུ་མ། །ག་་ཁྲོའི་དབང་གིས་ཉམས་པའི་ཙིསྟ་འབྱིན། །དམ་ཉམས་དགྲ་བོའི་སྲོག་དབུགས་ད་ཆོད་ཅིག །དེ་རྣམས་ལ་སྤྱིར་འདི་སྐད་བསྟོད་དོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཀུན་ཏུ་ཁྲོ་ག་་མི་བཟད་དྲག་པོའི་སྐུ། །ཕྲིན་ལས་རྒྱ་མཚོ་གྲུབ་པ་ཚུལ་བཞིན་སྤྱོད། །གཞན་ཡང་ཕྲ་མེན་རྒྱ་མཚོ་མཁའ་འགྲོའི་ཚོགས། །འགྲོ་བའི་དོན་ཕྱིར་སྣ་ཚོགས་སྐུར་སྟོན་ཅིང་། །དུར་ཁྲོད་གསར་རྙིང་ཚོགས་ལ་ལོངས་སྤྱོད་རྣམས། །དུར་ཁྲོད་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །དམ་རྫས་དམར་གྱི་མཆོད་པས་མཆོད་དོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། ཕྲིན་ལས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གསང་བར་བྱ་བའི་སྒྲུབ་ཐབ་ལ་ཡང་། དཀྱིལ་འཁོར་བརྒྱད་དེ།བཟློག་པར་བྱ་བ་དང་། ལེན་པར་བྱ་བ་དང་། བརྐུ་བར་བྱ་བ་དང་། དབྲལ་བར་བྱ་བ་དང་། སྨྱོ་བར་བྱ་བ་དང་། མྱོས་པར་བྱ་བ་དང་། གསད་པར་བྱ་བ་དང་། དབྲོག་པར་བྱ་བ་དང་། དཀྱིལ་འཁོར་བརྒྱད་དོ། །དེ་ལས་བཟློག་པ་བྱ་བ་དང་། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་དམར་ནག་གྲུ་གསུམ་བྲི། །དེ་ཡི་སྟེང་དུ་སྣམ་བུགཙངམགཅིགབཏིངལ། ཡུངས་ཀར་བྲེ་གང་ཡང་བཏིང་ལ་དེའི་དབུས་སུ་བྷརྙ་ལ་ཟློག་བྱེད་མའི་སྙིང་པོ་བྲིས་ལ། མི་ཁྲག་དང་རྟ་ཁྲག་ལ་སྔགས་བཏབ་ལ། གང་ཡིན་པའི་ཕྱོགས་སུ་འཕང་ངོ་། །བཟློག་པའི་དཀྱིལ་འཁོར་རོ། །ལེན་པར་བྱ་བའི་དཀྱིལ་འཁོར་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་མཐིང་ནག་གྲུ་གསུམ་བྲི། དེའི་དབུགས་སུ་བྷནྟྲ་ལ་ལན་བྱེད་མ་ཡི་སྙིང་པོ་བྲིས་ལ་བཞག་གོ །དེའི་རྫས་སུ་བྱིས་པའི་སྙིང་དང་། སེང་གེའི་སྙིང་དང་། ཤ་ཆེན་གྱི་སྐོས་བཞག་གོ །རྐུ་བར་བྱེད་པའི་དཀྱིལ་འཁོར་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་སེར་ནག་གྲུ་གསུམ་བྲི། །དེའི་དབུས་སུ་བྷརྙ་ལ། རྐུ་བྱེད་མའི་སྙིང་པོ་བྲིས་ལ་བཞག་གོ །དེ་ཡི་རྫས་སུ་སྟག་གི་མཆེ་བ་དང་སྙིང་བཞག སྐོས་ཀྱི་ཤ་ཆེན་ཡང་བཞག་གོ །དབྲལ་བར་བྱ་བའི་དཀྱིལ་འཁོར་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་དམར་ནག་གྲུ་གསུམ་བྲི། དེ་ཡི་དབུས་སུ་བྷརྙ་ལ། །དབྲལ་བར་བྱེད་པའི་སྙིང་པོ་བྲིས་ལ་བཞག་གོ །དེ་ཡི་རྫས་སུ་བྱ་དཀར་པོའི་སྙིང་དང་མཆུ་བཞག་གོ །སྐོས་ཀྱི་ཤ་ཆེན་ཡང་བཞག་གོ །སྨྱོ་བར་བྱེད་པའི་དཀྱིལ་འཁོར་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་ལྗང་ནག་གྲུ་གསུམ་བྲི། །དེ་ཡི་དབུས་སུ་བྷསྟོ་ལ། །སྨྱོ་བྱེད་མའི་སྙིང་པོ་བྲིས་ལ་བཞག །དེ་ཡི་རྫས་སུ་བྱ་ནག་མོའི་སྙིང་དང་མཆུ་བཞག་གོ །མྱོས་པར་བྱེད་པའི་རྫས་ནི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་མཐིང་ནག་གྲུ་གསུམ་བྲི། དེ་ཡི་སྟེང་དུ་བྷནྟྲ་ལ་མྱོས་བྱེད་མའི་སྙིང་པོ་བྲིས་ལ་བཞག་གོ །དེ་ཡི་རྫ་སུ་སྤྱང་ཀིའི་སྙིང་དང་མཆེ་བ་བཞག །སྐོས་ཀྱི་ཤ་ཆེན་ཡང་བཞག་གོ །གསོད་པར་བྱེད་པའི་དཀྱིལ་གོབོར་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་དམར་ནག་གྲུ་གསུམ་བྲི། །དེ་སྟེང་བྷནྟྲ་ལ་གསོད་བྱེད་མའི་སྙིང་པོ་བྲིས་ལ་བཞག །དེ་ཡི་སྟེང་དུ་བྱ་ནག་མོའི་སྙིང་དང་མཆུ་བཞག སྐོས་ཀྱི་ཤ་ཆེན་ཡང་བཞག་གོ །དབྲོག་པར་བྱེད་པའི་དཀྱིལ་འཁོར་ནི། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་སེར་ནག་གྲུ་གསུམ་ནི། དེ་ཡི་སྟེང་དུ་བྷསྟོ་ལ་འཕྲོག་བྱེད་མའི་སྙིང་པོ་བྲིས་ལ་བཞག དེ་ཡི་རྫས་སུ་འུག་པའི་སྙིང་དང་མཆུ་བཞག སྐོས་ཀྱི་ཤ་ཆེན་ཡང་བཞག་གོ །ཕྲ་མེན་མ་ལས་ཀྱི་རྒྱལ་མོའི་རྒྱུད་ལས། དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཆོ་གའི་ཐབ་ནི། དང་པོ་ཕྱིའི་ལས་གཞུང་བཞིན་བྱས་ལ། ཟླ་ལ་མི་འགོག་པའི་གླུད་ཀྱི་གཏོར་མའི་ཆོ་ག་བྱ་ལ། བདག་ཉིད་དཔལ་རྡོ་རྗེ་ཧེ་རུ་ཀར་བསྒོམ་སྟེ། དམ་རྫས་སྙིང་རྣམས་དང་། ཤ་ཆེན་རྣམས་བཀྲམ་ལ། རྭ་དུང་གི་ནང་དུ་མ་མོའི་སྲོག་གི་སྙིང་པོ་བདུན་བྲིས་ལ་གཡབ་མོས་གདབ་བོ། །དུང་ཕོར་དུ་རཀྟ་གསུམ་གྱིས་དགང་། ཞིང་གི་རཀྟས་སྤྲུས་པའི་གཏོར་མ་བཤམ། ཚིལ་ཆེན་གྱི་མར་མེ་བལྟམ། སྣུམ་ཆེན་གྱི་དུད་པ་ཡང་བཏང་སྟེ། བསྙེན་པ་ཞག་བདུན་བཙུགས་ལ་བསྒྲུབས། དེ་ནས་བསྙེན་པའི་ཞག་གྲངས་ཐེམས་པ་དང་། ཙ་ཀ་ལི་ནག་པོའི་ནང་དུ་གཟུགས་དང་མིང་བྱང་བཞུགས་ལ་ལམ་བསྣོལ་མའི་ཁར་སྦའོ། །དེ་ནས་བྷརྙའི་ནང་དུ་ཞིང་ཆེན་གྱི་རཀྟས་བཀང་ལ་སྙིང་པོ་བཟླས་ནས་གྲོང་ལ་གཏོར་རོ། །དཀྱིལ་འཁོར་གྱི་ལྷ་གྲངས་ཚང་བར་བསྐུལ་ལོ། །གཟུགས་སྨས་པར་བྱ་བའི་སྔགས་ལ། དཀྱིལ་འཁོར་གྱི་ཕྱོགས་བཞིར་ཡང་སྲིན་མོ་བདུན་གྱི་སྐུ་གཟུགས་གཟུག་གོ །དམ་རྫས་ཀྱང་ཕྱོགས་མ་ནོར་བར་དགྲམ་མོ། །དེ་ནས་ཉམས་པ་རྟག་པ་ནི། རྨི་ལམ་ནི་བུད་མེད་བཟང་པོ་དང་འཕྲད་ན་བཟང་ངོ་། །བུད་མེད་ངན་ན་སྒྲིབ་པ་སྦྱང་ཞིང་བཤགས་པ་བྱའོ། །སྙིང་མི་དགའ་ཉམས་མི་བདེ་ན། སྒྲིབ་པའི་ཤས་ཡོད་པས་བཤགས་པ་བྱའོ། །ངུ་འབོད་ལ་སྙིང་མི་དགའ་ན་མཆོད་པ་བྱའོ། །ཉམས་དགའ་ལ་བརྗིད་ཆེ་ན་བཀའ་ཉན་པར་འོང་། རང་གི་ཆུང་མ་དང་འཕྲད་པའམ་ཁྲོ་ཞིང་མ་བ་་ན་དབང་དུ་མ་འདུས་པ་ཡིན་པས་བསྒོམ་པར་བྱའོ། །གང་འདོད་པའི་སྔགས་བཟླས་པར་བྱའོ། །ཆོ་འཕྲུལ་ཆུང་ལ་རང་དམན་ན་རང་ལ་རྐྱེན་འོང་། ཆོ་འབྲུལ་ཆུང་ལ་བུད་མེད་དང་མ་འཕྲད་ན་མ་མོ་གཡེལ་བ་ཡིན་པས། དུང་གི་ནང་དུ་སྙིང་པོ་བྲིས་ལ་ཤིང་བྲིག་ཤའི་ལྕགས་ཀྱིས་བརྡུང་ཞིང་སྙིང་པོ་བརྗོད་དོ། །གདུང་བའི་མཆི་མ་དབྱུང་ཞིང་གཡབ་མོས་གཡབ་བོ། །དེ་ནི་མ་མོ་བདུན་གྱི་ལས་བྱང་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་བསྒོམ་པར་བྱ་བ་ནི། བདག་ཉིདདཔལཆེནཔོཡསྒཧེརུཀར་བསྒོམ་ལ། རསྒ་ཧེ་རུ་ཀར་ཡང་མི་འགལ་ལོ། །དེ་ནས་མ་མོ་བདུན་བསྒོམ་པ་ནི། ཡི་གེ་ཧ་བདུན་ལས་བསྐྱེད་དོ། །དེ་ན་ཧ་ལས་ཀོའུ་རི་མ་བསྒོམ་པ་ནི། ཧ་ཀོའུ་རི་མ་ཀ་ད་ར་ཞེས་བརྗོད་པས། ཀོའུ་རི་མ་སྐུ་མདོག་ནག་མོ་རལ་པ་ཅན། ཞལ་ཧོམ་ཁུང་ཟུར་གསུམ་པ། སྦྱན་གསུམ་སྡང་མིག་ཏུ་གཟིགས་པ། ཕྱག་ན་གསོད་བྱེད་ཁྲོམ་ཐོགས་པ། མ་མོ་ནག་ནག་མོ་ལ་ཞོན་པ་ཞིག་བསྒོམ་པ་དང་། སྲིད་པ་གསུམ་གྱི་མ་མོ་འབུམ་ཡང་དབང་དུ་སྡུད་ཅིང་རྦད་པར་གྱུར་ན། དཔལ་ཧེ་རུ་ཀའི་སྙིང་ཡང་འབྱིན་པར་འགྱུར་ན། གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་ལྟར་བསྒོམ་མོ། །དེ་ནས་ཙོའུ་རྡི་མ་བསྒོམ་པ་ནི། ཙོའུ་རི་ཀ་ད་ར་ཞེས་བརྗོད་པས། ཙོའུ་རི་སྐུ་མདོག་སེར་མོ་གདོང་བཞི་མ་རལ་པ་སེར་ནག་གཡས་ནས་གཡོན་དུ་འཁྱིལ་པ། ལག་ན་ནད་ཀྱི་རྐྱལ་པ་དང་འགུགས་བྱེད་ཀྱི་ལྕགས་ཀྱུ་ཐོགས་པ། གཤིན་རྗེ་མ་མོ་རལ་གཅིག་མ་ཞེས་བྱ་བ་ལ་ཤོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་དཔལ་ཧེ་རུ་ཀ་དང་མ་མོ་འབུམ་གྱི་མཐུ་ཡང་རྐུ་བར་བྱེད་དོ། །དེ་ནས་པྲ་མོ་ཧ་བསྒོམ་པ་ནི། ཧ་པྲ་མོ་ཧ་ད་ར་ཞེས་བརྗོད་པས། པྲ་མོ་ཧ་སྐུ་མདོག་དམར་མོ་ལ་བྱུ་རུའི་རལ་པ་གཡས་ནས་གཡོན་དུ་འཁྱིལ་བ། ལག་ན་ཁ་ཊ༷་རྩེ་གསུམ་གྱིས་གང་ལ་དམིགས་པ་ཐམས་ཅད་བཟློག་ནུས་པ། མ་མོ་ཀླུ་མོ་དམར་མོ་ཞེས་བྱ་བ་ལ་ཤོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་མ་མོ་ངར་འཛིན་གྱི། འཇིག་རྟེན་གྱི་དྲེགས་པ་ཅན་ཡང་དབང་དུ་སྡུད་ནུས་སོ། །དེ་ནས་བི་ཏྭ་ལི་བསྒོམ་པ་ནི། བི་ཏྭ་ལི་གིང་ད་ར་ཞེས་བརྗོད་པས། བི་ཏྭ་ལི་སྐུ་མདོག་མཐིང་ནག་ལ་རལ་ནག་འཕྱར་བ། སྤྱན་གསུམ་ཁྲོ་གཉེར་ཅན། རལ་པ་ལུས་ལ་གོས་སུ་གོན་པ། ལག་ན་གནོད་བྱེད་ཀྱི་དབྱུག་པ་ཐོགས་པ། གནོད་སྦྱིན་གྱི་མ་མོ་ ཨ་ཡང་ནག་མོ་ཞེས་བྱ་བ་ལ་ཤོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་སྲིད་པ་གསུམ་དབང་དུ་སྡུད་པ་དང་། གནོད་སྦྱིན་གྱི་མ་མོ་དང་། དཔལ་ཧེ་རུ་ཀ་ཡང་ཉམས་ཤིང་འབོག་པར་བྱེད་དོ། །དེ་ནས་པུསྐ་སྙི་བསྒོམ་པ་ནི། པུསྐ་སི་དྷ་ར་ཞེས་བརྗོད་པས། པུསྐ་སྙི་སྐུ་མདོག་དམར་ནག་ལ་དབུ་བཞི་པ། རལ་པ་ལྗང་ནག་གཡས་ནས་གཡོན་དུ་འཁྱིལ་བ། མཆེ་བ་གཙིགས་པ་སྐྲུ་གྲིས་གཏམས་པ། མི་བཟད་སྲིན་པོའི་མགོ་བོའི་དུང་འབུད་པ། མ་མོ་ནག་མོ་དོམ་སྙིལ་མ་ཞེས་བྱ་བ་ལ་ཞོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་སྲིད་པའི་མ་མོ་དང་། དཔལ་ཧེ་རུ་ཀ་ཡང་དབང་དུ་སྡུད་ཅིང་འབྲལ་བར་བྱེད་དོ། །དེ་ནས་བྷསྨ་རྡི་བསྒོམ་པ་ནི། ཧ་བྷསྨ་རྡི་བི་ལོ་ཀ་ད་ར་ཞེས་བརྗོད་པས། བྷསྨ་རྡི་སྐུ་མདོག་མཐིང་ནག་ལ། གཅེར་བུ་རལ་པ་ཅན་དུ་འདུག་པ། ཞལ་གཅིག་པ་མཆེ་བ་གཙིགས་པ་ལག་ན་སྲིད་པའི་དུང་འབུད་པ། མ་མོ་སྲིན་མོ་མིག་མེད་ལ་ཤོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་མ་མོ་ཐམས་ཅད་དང་། དཔལ་ཧེ་རུ་ཀ་ཡང་སྨྱོ་བར་བྱེད་དོ། །དེ་ནས་ཙཎྜལི་བསྒོམ་པ་ནི། ཧ་ཙཎྜལི་མརྗུ་ར་ཞེས་བརྗོད་པས། སྐུ་མདོག་སེར་ལྗང་ཞལ་བཞི་ལ་རལ་པ་ནག་པོ་གཡས་ནས་གཡོན་དུ་འཁྱིལ་པ། སྤྱན་གསུམ་སྡང་མིག་ཏུ་བགྲད་པ། ཕྱག་ན་གཅོད་བྱེད་དགྲ་སྟུ་བསྣམས་པ། མ་མོ་སྲིན་སྐྱེད་མ་ཞེས་བྱ་བ་ལ་ཞོན་ནས་འོང་བར་བསྒོམ་མོ། །དེ་ལྟར་བསྒོམ་ན་སྲིད་པའི་མ་མོ་དང་དཔལ་ཧེ་རུ་ཀ་ཡང་ཉམས་ཤིང་རླག་པར་བྱེད་དོ། །འདི་ལྟར་བསྒོམ་ན་སྲིད་པའི་མ་མོ་བདུན་ཡང་ལས་ལ་མངག་ཏུ་བ་་བོ། །སྒོམ་ཐབས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡེ་ཤེས་ཕྱག་རྒྱ་ནེ། །གཡས་གཡོན་ཐབས་དང་ཤེས་རབ་ལས། །སྦྱོར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། ཁྲོ་བདག་ཆེན་པོའི་ཕྱག་རྒྱ་ནི། །གཡས་པ་རྡོ་རྗེ་རྩེ་དགུ་བསྣམས། །གཡོན་པ་བྷརྙ་དམར་གྱིས་བཀང་། །རྡོ་རྗེས་དཀྲུག་ཅིང་ཞལ་དུ་གསོལ། །ཀོའུ་རི་བྷན་དམར་བྱིས་དབྱུག་སྔོ། །སེདྷ་གསོད་བྱེད་བསྣོལ་སེར་སེང་། །ཙོའུ་རི་མདའ་གཞུ་འགེངས་མ་སེར། །བྱུ་སྤྱི་གནས་ལྟ་བསྣོལ་དམར་སྟག །པྲ་མོ་ཆུ་སྲིན་རྒྱན་མཚན་ཕྱར། །སྲི་ལ་ནག་མོ་ཝ་གདོང་ཞགས། །བི་ཏྭ་བྱིས་ཟ་རྡོར་འཕྱར་གནག ཁྲ་ན་ཞིང་འདྲད་སྤྱང་མོ་གདོང་། །པུསྐ་དམར་སེར་བྱིས་རྒྱུ་འདྲེན། །བི་ཏ་མགྲིན་དམར་ཁྲག་འཐུང་བྱ་རྒོད་མཆུ། །ཀྟསྨ་དུང་དམར་ཁྲག་འཐུང་ལྗང་། །ཀསྐོ་སྣང་མགོ་ཞིང་ཆེན་དཀྲུག །སྨ་ཤ་མཐིང་ནག་བྱིས་སྙིང་ཟ། ཁྭ་ཁུ་ནག་མོ་སྐྲུ་གྲི་རྒྱུ་ཞགས་འདྲེན། །ཙན་དྷ་སེརསྐྱམཆོགལུསའབྲལ། ཁུ་ལུ་རྡོར་རྒྱུམཐིངཚོགསའུག །རྟགདོང་ལྕགས་ཀྱུ་བྷན་དམར་སྦྲུལ། །ཕག་གདོང་ཞགས་པ་བྷན་དམར་གནག །དྲེད་གདོང་དམར་མོ་སྤན་གསུམ་ཉི་ཟླ་དམར། །སྤྱང་གདོང་དྲིལ་བུ་བྷན་དམར་ལྗང་། །སོ་སོའི་ལ་རྣམ་གྲུབ་པར་འགྱུར། །ཞེས་བྱ་སྟེ་ཕྱག་རྒྱའི་ལེའུ་སྟེ་དགུ་པའོ།། །།དེ་ན་གསང་སྔག་འདི་བརྗོད་པར་བྱའོ། །ཛ༷༷ཧུ༷་བ༷་ཧོ༷༷། བཛྲ་་ཤི་ཧེ་རུ་ཀ །བཛྲ་ཀྲོ་དྷི་ཤྭ་རྡི་སྟོ། ས་མ་ཡ་སྟ༷། ས་མ་ཡ་ཧོ། བཛྲ་ཡསྒ་ཧེ་རུ་ཀ་ཧ་ཧ། བཛྲ་ཀོའུ་རྡི་ཡ། ཨ་ལོ་ཙཎྜ། རེ་རལ་ཛ༷༷ཧྭ༷། བཛྲ་ཙོའུ་རྡི་ཧ་ཛ༷༷ཧུ༷། བཛྲ་པྲ་མོ་ཧ་མོ་ཧ་ཡ། ཨ་ཀ་རི་ཡ་སརྦ་དུ་སྟནརྟ་ད་ཡ་པྲ་མོ་ཧ་ནི་ཧུ༷་ཕཊ། བཛྲ་བི་ཏྭ་ལི་ཡསྒ་ཧུ༷་ཛ། བཛྲ་པུསྐ་ཐོ་ད་སི་ད། བྷརྙ་བྷརྙ། མྱ་ར་ཡ་ཧུ༷་ཛ༷༷ བཛྲ་ནི་ད་ཧ་བྷསྨ་རྡི་ཧུ༷་ཕཊ། བཛྲ་སྨ་ཤ་ནི་ཟི་ལོ་ཀ་ཧུ༷་ཕཊ། བཛྲ་ཙཎྜསྙི་ཧི་ལི་མི་ཙག་ཤོ་བྱ་ཧྭ༷་ཕཊ།ཨོ༷་ཀུན་གྱི་མགོ་ལ་བཟླས་སོ། །ཉིན་འབུམ་མཚན་འབུམ་བཟླས་ཏེ། འཛབ་རྫོགས་པ་དང་མཆོད་པ་གཞུང་བསྲང་ངོ་། །དེ་ནས་མ་མོ་གཤེད་ཁྲོལ་བུའི་སྔགས་ལ། མ་མོ་ཀོའུ་རྡི་མ་ཤག་ཤག་དསྟི་སྨྱོ། ཙོའུ་རྡི་མ་དུརྙི་སྨྱོ།ཤག་ཤག་སྨྱོ། པྲ་མོ་ཧ་མ་ལ་དསྟི་སྨྱོ། ཤག་ཤག་སྨྱོ། བི་ཏྭ་ལི་ཙ་ཁྲོམ་ཤག་ཤག་སྨྱོ། པུསྐ་སྙི་སྟི་ལི་ཤག་ཤག་སྨྱོ། བྷསྨ་རྡི་ནི་རོ་ལ་ཤག་ཤག་སྨྱོ། ཙརྙ་སྙི་ཡ་ཏི་ཤ་ར་སྨྱོ། ཤག་ཤག་སྨྱོ། མ་མོའི་འདེབས་སྔགས་ལ། མ་མོ་ཀོའུ་རྡི་ཡ་ཨ་ཙད་ད༷་རྩེ་ར་ལ་ཛ༷༷ཧུ༷། སེན་མེན་ཨ་ཡ་མ་རུ་་་ཡམ་རྦད་ཐུ༷་རི་ལི་ལི། བཛྲ་ཙོའུ་རྡི་ཧུ༷་ཛ། ཁ་ལོ་དན་ཏི་རྦད་ཐུ༷་རི་ལི་ལི། བཛྲ་པྲ་མོ་ཧ་དེ་མོ་ཧ། ཨ་ཀྲིཙྭ་ད་ཡ། པྲ་མོ་ཧ་ལ་ཧུ༷་ཕཊ། ན་མོ་ཡེ་ན་བཟློག །བཛྲ་བི་ཏྭ་སྙི་ཡསྒ་ཧུ༷། ས་དྲི་ཁ་ལ་རྦད་ཐུ༷་རི་ལི་ལི། བཛྲ་པུསྐ་སྙི་སྨིསྒོ་སྨྲིནྟྲ། བྷརྙ་བྷརྙ་ཀྲི་མོ་སོ་རྦད། ཐུ༷་རི་ལི་ལི། བཛྲདྷ་ན་བྷསྨ་རྡི་ཕཊ། ཀྭ་ཀྭ་ཡ་བ་ར་ལ། རྦད་ཐུ༷་རི་ལི་ལི། བཛྲསྨ་ཤ་ནི་བི་ལོ་ཀ་ནི་ཧུ༷་ཕཊ།ཡསྒ་ནག་པོ་ཁ་ལ་སྨྱོ། ཁ་ཁ་ཡ་ཕཊ། ཆུ་མ་སོད་ཐུ༷་རི་ལི་ལི། བཛྲ་ཙཎྜསྙི་ཧི་ལི་མི་ལི་ཙག་ཤོ་བྱ་ཧུ༷་ཕཊ། འུ་ཡང་ཁ་བ་སོད། ཐུ༷་རི་ལི་ལི། མོ་མོའི་འདེབ་སྔག་སོ། །དུར་ཁྲོད་ཀྱི་མ་མོའི་འདེབས་སྔགས་ལ། རོ་ག་མ་ར་ལ་མ་མ་སྨྱོ། མན་གྲུ་མ་ཡ་ཏིང་མ་མ་སྦྱོ། ཙ་མུརྙ་མ་མ་ཀི་སྨྱོ། དྲེའུ་དྲི་མ་མ་རུ་དྲི་སྨྱུ་ར་ཡ་སྨྱོ། སྔག་ལེའུ་དང་ཡང་གསང་གཏེར་གྱི་ལེའུ་སྟེ་བཅུ་པའོ།། །།དེ་ན་ལ་ལ་གཉེར་གཏད་པ་ནི། དཔལ་ཆེན་པོ་དགུ་བསྒོམ་ལ་མ་མོ་བརྒྱད་རྦད་དོ། །མ་མོ་བརྒྱད་བསྒོམ་ལ་ཕྲ་མེན་བརྒྱད་རྦད་དོ། །ཀོའུ་རྡི་མ་བསྒོམ་ལ་རོ་ཁ་མ་རྦད་དོ། །ཙོའུ་རྡི་མ་བསྒོམ་ལ་ནམ་གྲུ་མ་རྦད་དོ། །པྲ་མོ་ཧ་བསྒོམ་ལ་ཙ་མུན་ཏྲི་རྦད་དོ། །བི་ཏྭ་ལི་བསྒོམ་ལ་རེ་ཏྲེ་མ་རྦད་དོ། །མ་མོ་བརྒྱད་དང་ཕྲ་མེན་བརྒྱད་དང་ལྷ་མོ་བཞི་ཡང་ནས་ཡང་དུ་བསྐུལ་ཞིང་ལས་ལ་བཅོལ་ལོ། །ལྷ་མོ་བཞི་ཡི་དམ་རྫས་ལ། ར་རོག་པོའི་སྙིང་ཁྲག་དང་། རྟའི་སྙིང་ཁྲག་དང་། ཁྱི་ནག་པོའི་སྙིང་ཁྲག་དང་།ཕག་པའི་སྙིང་ཁྲག་དང་དེ་རྣམས་བྷརྙའི་ནང་དུ་བཅུག་ལ། ཞག་བདུན་དང་དགུ་ལ་བསྒྲུབ་བོ། ཁྲུབ་ནས་གང་ལ་བྱ་བ་ལ་གཏོར་རོ། །སེང་ལྡེང་གི་ཕུར་པ་སོར་གསུམ་པ་གཅིག་ལ་སྔགས་བཏབ་ལ། རྩིག་པའི་རྨང་དུ་སྦས་ན་གྲུབ་ངེས་སོ། །གཤེད་དགྱེས་པའི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པའོ།། །།དེ་ནས་མ་མོ་ལ་བྱེད་དུ་མ་འདོད་ན། མ་མོའི་ཤི་་བསྟན་པ་ནི། དུག་སྣ་ལྔ་ཡི་གཏོར་མ་བཤམ་ལ་གཡས་སུ་བཞག །སྨན་ལྔ་ཡི་གཏོར་མ་བཤམ་ལ་གཡོན་དུ་བཞག །མ་མོའི་རྫས་རྔ་བརྡུངས་ཤིང་མཆི་མ་དབྱུང་། རྫས་ལྔ་བརྡུངས་ལ་བསྔག་བ་ཀྱངཤི་ས་བསྟན་ཏེ། མ་མོ་རྣམས་ཀྱི་ཤི་ས་ནི། སྲིན་པོའི་ཡུལ་ལསྐོ་པུ་རང་ཡིན་ནོ། ཤེ་བའི་དུར་ཡང་ལསྐོ་པུ་རང་ཡིན་ནོ། །མ་མོ་རྣམས་བཀའ་ལས་འདས་ན། དཔལ་ཆེན་པོ་ཡསྒ་ཧེ་རུ་ཀ་སྐུ་ཁྲོས་ནས། འོད་ཟེར་དམར་སྨུག་གི་ནང་དུ་སྲེག་པར་མཛད་པའོ། །དེ་བས་སྒྲུབ་པོས་ཀྱང་དཔལ་ཆེན་པོའི་སྐུར་བསྒོམ་ལ།གསད་པའི་ལས་བྱའོ། །དུག་གིས་གཏོར་མ་ལས་བསྒྲེངས་ཤིང་སྙིང་པོ་ཡང་བརྗོད་དོ། །དུག་གི་གཏོར་མས་མ་མོ་ལ་བརྡེག་གོ །ཕྲ་མེན་མ་རྣམས་ལ་ཡང་བརྡེག་གོ །ལྷ་མོ་བཞི་ལ་ཡང་བརྡེག་ལ་ལས་བྱེད་དུ་གཞུག་གོ །ལས་བྱེད་དུ་མ་འདོད་ན། ཡསྒ་ཧེ་རུ་ཀའི་སྐུར་བསྒོམ་ལ་སྲོག་གི་སྙིང་པོ་ནས་དྲངས་ཤིང་ཞིང་གི་གཡབ་མོས་བརྡུང་ངོ་། །ཀོའུ་རི་ནག་མོ་ཛ། ཞེ་བརྡུང་ངོ་། ཤེ་ས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གསོ་བ་དང་སྐོང་བ་ནི། སྨན་སྣ་ལྔའི་གཏོར་མ་དང་བྱ་ནག་མོ་དང་། སྙིང་སྣ་བརྒྱད་ཀྱིས་ཐུགས་དམ་བསྐང་ངོ་། །དེ་ནས་ཀོ་རྡི་མ་ཁྱི་དཀར་མོའི་སྙིང་གིས་བསྐང་། ཙོ་རྡི་མ་སྲེ་མོའི་སྙིང་གིས་བསྐང་། པྲ་མོ་ཧ་ཝའི་སྙིང་གིས་བསྐང་། བི་ཏྭ་ལི་སྤྱང་ཀིའི་སྙིང་གིས་བསྐང་། པུསྐ་སྙི་བྱ་རྒོད་ཀྱི་སྙིང་གིས་བསྐང་། བྷསྨ་རྡི་སྒྱུང་ཀའི་སྙིང་གིས་བསྐང་། ཙཎྜ་སྙི་འུག་པའི་སྙིང་གིས་བསྐང་། ཤ་ཆེན་གྱི་ལང་ལིང་དང་། སྐོས་ཀྱི་ཤ་ཆེན་རྣམས་ཀྱིས་ཐུགས་དམ་བསྐང་ངོ་། །སྙིང་དེ་རྣམས་ཀྱིས་ཐུགས་དམ་བསྐང་བར་འགྱུར་རོ། །ཐུགས་དམ་བསྐང་ཞིང་གསོ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་གསད་པར་བྱ་བའི་ལས་ནི། ལིསྐོའི་གཟུགས་ནི་འདི་ལྟར་བྱའོ། །གྲོ་གའམ་ཤིང་ཤུན་ལ་གཟུགས་བྲིས་ལ། གཡས་སུ་ཧུ༷་བྲི། གཡོན་དུ་ཕཊ་བྲི། དཔྲལ་བར་རུས་བྲི། ཁར་མིང་བྲི། སྙིང་གརསྒྲོ་བྲི། འདོམས་སུ་མྱ་ར་ཎ་བྲི། སྤྱི་བོར་ཀི་ལ་ཡ་བྲི། ཚོན་སྐུད་སྣ་ལྔས་བཅིང་། ཧོམ་ཁུང་ནང་དུ་བཅུག །དེ་ནས་དུག་ཤིང་དགུའི་ཕུར་པས་གདབ་བོ། དེ་ཡང་སྣ་ལ་བླ་ཁུག་པར་དགུག་གོ །མ་མོ་རྣམས་བསྐུལ་ལོ། །བླ་ཁུག་པར་གསལ་ནས། ཕུར་པས་བརྡེག མ་མོ་རྣམས་ཀྱིས་བུ་ག་དགུར་གདབ་བོ། །སྔགས་ཀྱང་གཞུང་སྔགས་བཟླས་སོ། །ཕུར་པ་སྤྱི་ཡི་སྔགས། བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྒྱུན། དིསྟ་ཙཀྲ་ཧུ༷་ཕཊ། དུན་ཤེལ་མ་ར་ན་ལྷང་ལྷང་ཙམ་དུ་རྦད། ཉིན་ལན་གསུམ་མཚན་ལན་གསུམ་སྟོང་རྩ་བརྒྱད་དུ་བཟླས་སོ། །ཕུར་པ་སྨེ་བརྩེག་ཀྱི་ཡང་སྙིང་དུ་ཕྱུང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་མ་མོ་བདུན་སྤྱིའི་སྒྲུབ་ཐབས་ནི། ཡེ་ཤེ་ཐུག་ཀྱི་མ་མོ་སྟེ། །གསང་བ་ཐུགས་ཀྱི་མ་མོ་སྟེ། འདི་ལས་དཀྱིལ་འཁོར་བྱུང་བ་ནི། །སྒྲུབ་པའི་གནས་རྣམས་བརྟག་པ་དང་། །ས་གཞི་བརྟག་པ་གཞུང་བཞིན་བྱ། །དེ་ནས་དཀྱིལ་འཁོར་གཏན་ལ་དབབ་པར་བྱ་སྟེ། དཀྱིལ་འཁོར་གྲུ་གསུམ་ལ། དབུས་སུ་དོང་ཆག་གང་བྲུས། ནང་སོལ་བས་བཀང་ལ་བཞག་གོ །དེའི་ཕྱི་རིམ་དུ་རྟ་ཁྲག་དང་མི་ཁྲག་སྐམ་པོ་བསྲེས་པ་ལ་མཎྜལ་གྲུ་གསུམ་བྱས་ལ་བཞག་གོ། །དེའི་ཕྱི་རིམ་དུ་མཐིང་ནག་གྲུ་གསུམ་དུ་བྱས་ལ་བཞག་གོ །དེ་ནས་སྒྲུབ་པའི་རྫས་ལ་དབུས་སུ་བྱིས་པའི་སྙིང་བཞག་སྟེ། ཀོའུ་རྡི་མའི་རྫས་སོ། །ཙོའུ་རྡི་མའི་རྫས་སུ་སྟག་གི་སྙིང་བཞག་གོ །པྲ་མོ་ཧའི་རྫས་སུ་ཝའི་སྙིང་བཞག་གོ །བི་ཏྭ་ལིའི་རྫས་སུ་ཁྱི་ཡི་སྙིང་བཞག་གོ །པུསྐ་སྙིའི་རྫས་སུ་བྱ་དཀར་པོའི་སྙིང་བཞག་གོ །བྷསྨ་རྡིའི་རྫས་སུ་བྱ་ནག་མོའི་སྙིང་བཞག །ཙཎྜསྙིའི་རྫས་སུ་འུག་པའི་སྙིང་བཞག ཁྲ་ཆེན་ཀུན་གྱི་རྫས་ཡིན། ཚིལ་ཆེན་གྱི་མར་མེ་ཡང་བཏང་། དེ་ནས་དྲོད་ཚད་བརྟགས་ཏེ། སྙིང་མི་དགའ་ལ་ཉམས་མི་བདེ་ན།སྒྲིབ་པ་ཡོད་པས་བསྐང་བཤགས་བྱ། ངུ་སྙིང་འདོད་ལ་མི་དགའ་ན་ཐུགས་དམ་མ་བསྐང་བས་མཆོད་པ་བསྟབ་བོ། ཁྲོ་སྙིང་འདོད་ན་དབང་དུ་མ་འདུས་པས་བསྒོམ་པར་བྱའོ། ཁྱོ་གའི་ཆོ་འཕྲུལ་ཆེ་ན་དབང་དུ་མ་འདུས་པས། ཏིང་ངེ་འཛིན་གསལ་བར་བྱས་ནས་སྔགས་བཟླས་སོ། །བུད་མེད་ཀྱི་ཆོ་འཕྲུལ་ཆེ་ན་ཕུར་པ་གདབ་བོ། །ཆོ་འཕྲུལ་ཆུང་ལ་གླལ་འདོད་ན་མི་རུང་བས་བསྟབ་པ་བྱ། བུད་མེད་མདོག་ངན་པ་དང་འཕྲད་ན་ངན་ཏེ་སྒྲིབ་པ་སྦྱོང་། སྙིང་དགའ་ལ་ཉམ་བདེ་ན་སྒྲིབ་པ་མེད་པ་ཡིན་ནོ། །སེམས་དགའ་ན་སྐོང་བ་ཡིན་ནོ། །ཉམ་དགའ་ལ་བརྗིད་ཆེ་ན་བཀའ་ཉན་པར་འོང་ངོ་། །ཏིང་ངེ་འཛིན་གསལ་ན་དབང་དུ་འདུ་པ་ཡིན་ནོ། །ཆོ་གའི་ཆོ་འཕྲུལ་ཆུང་ན་དབང་དུ་འདུས་པ་ཡིན་ནོ། །རྨི་ལམ་ན་བུད་མེད་བཟང་མོ་དང་འཕྲད་ན་བཟང་། ཆོ་འབྲུལ་ཆེ་ལ་བུ་མེད་དང་འཕྲད་ན་བཟང་། །དེ་ནས་གཤེད་བསྐོ་བ་ནི་ཀོའུ་རི་མ་བསྒོམ་པས། ཕྲ་མེན་སེང་གེའི་མགོ་ཅན་རང་དབང་མེད་པར་ལེན་ཅིང་མངོན་དུ་འོང་ངོ་། །ཙོའུ་རེ་མ་བསྒོམ་པས། ཕྲ་མེན་མ་སྟག་དང་སྲེ་མོའི་མགོ་ཅན་ལ་རང་དབང་མེད་པར་འོང་ཞིང་། །ལྟས་ངན་འབེབས་ཤིང་ནོར་དང་འབྲལ་ལོ། །པྲ་མོ་ཧས་ཝའི་མགོ་ཅན་རང་དབང་མེད་པར་གཏོང་ཞིང་དབང་དུ་སྡུད་དོ། །བི་ཏྭ་ལིས་སྤྱང་ཀའི་མགོ་ཅན་མངགས་ནས། རང་དབང་མེད་པར་འོང་ཞིང་འབྲལ་བའི་ལས་བྱེད་དོ། །པུསྐ་སྙིས་བྱ་རྒོད་ཀྱི་མགོ་ཅན་མངགས་ནས་རང་དབང་མེད་པར་འོང་ཞིང་འབྲལ་བའི་ལས་བྱེད་དོ། །བྷསྨ་རྡིས་བྱ་ཀང་ཀའི་མགོ་ཅན་མངགས་ནས་རང་དབང་མེད་པར་འོང་ཞིང་སྦྱོ་བའི་ལས་བྱེད་དོ། །ཙཎྜལིས་འུག་པའི་མགོ་ཅན་མངགས་ནས་རང་དབང་མེད་པར་འོང་སྟེ་ཚེ་སྲོག་འཕྲོག་པའི་ལས་བྱེད། མགོ་བརྙན་མ་དེ་དག་ཀྱང་མངོན་སུམ་དུ་ཁྱིམ་དུ་དབབ་བོ། །དེ་ནས་སྙིང་པོ་བཟླས་པ་ནི། ཨོ་བཛྲ་ཀོའུ་རྡི་ཡ། ཨ་ལོ་ཙ་ལ་རྦད་དུམ་བེ་ར་ལ་འཛབ་ཧུ༷་ཨོ་བཛྲ་ཙོའུ་རྡི་ཛ་ཧུ༷་སྨྱོ།ཤི་ཤད་ཤད་ཛ་ཛ་ཧུ༷། ཨོ་བཛྲ་པྲ་མོ་ཧ། དེ་མོ་ཧ་ཡ། སརྦ་དུ་་ཨ་ཀ་ཧྲི་ད་ཡ། པྲ་མོ་ཧ་མོ་ཡ་ཧུ༷་ཕཊ། ཨོ་བཛྲ་པུསྐ་སྙི་སྨྲིནྟྲ་སྦྱིསྡོ་ཡ། ཐུ༷་ཐུ༷་བརྙ་བརྙ། མོ་ཧ་ར་ལ་ཛ་ཛ་སྨྱོ་སྨྱོ་ཧུ༷། ཨོ་བཛྲ་བྷསྨ་རྭ་ད་ན་ཀ་མ་ཧི། དུམ་དུམ་རྦད་རྦད་ཛ་ཛ་ཧུ༷། ཨོ་བཛྲ་བི་ཏྭ་ལི་ཡསྒ་ཛ་ཧུ༷་ནག་མོ་ཁ་སྨྱོ་སྨྱོ། ཨོ་བཛྲ་ཙཎྜསྙི་ཧི་མི་ལི་ཙག་ཤོ་སྨྱོ། ཧོ་ཆེ་ག་དུམ་སྦྲུག བྱི་རྦད་ཆུམ་ཆུམ་ཤད་ཤད་ཛ་ཧུ༷། ཧ་ཧེ་སེདྷ་ཧེ། མ་མ་ཀང་ཀི་རྦད་ཐུ༷་རི་ལི་ལི། བྱུ་སྒྲི་ཧེ་རུ་ཀ་ཤ་རྦད་ཐུ༷་སྨྱོ། སྲི་ལ་མུ་ཁ་ཧེ། རུ་དྲ་རུ་དྲ་ཤིག་ཤིག་རྦད་རྦད་ཧེ་ཧེ་སྨྱོ། ཤོ་ན་མུ་ཀ་ཧེ་ཀ་ལ་དུམ་བུ་ཧེ་གྱི་གྱི་མ། ཀྲི་ཏ་མུ་ཀ་ཧེ་ཤ་དྲི་ཧི་ཁ་ཡག་ཐུམ་སྨྱོ་རྦད། ཀསྐོ་ཀ་མུ་ཁ་ཧེ་ཡསྣ་ཁ་ཐུ༷་སྨྱོ་རྦད། ཧུ་ལུ་མུ་ཀ་ཧེ། ཆེམ་ཆེམ་ག་རུ་རྦད་ཐུ༷་རི་ལི་ལི་སྨྱོ། །ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །ཀོའུ་རི་མ་སོགས་བརྒྱད་བསྒོམ་ལ། །ཕྲ་མེན་མ་བརྒྱད་རྦད་ཅིང་ལས་བཅོལ་ལོ། །དགྲ་བོ་རོ་ཡང་སྤྱང་ཀི་དང་ཝ་ལས་སོགས་པས་ཟའོ། །ཕྲ་མེན་མ་རྣམས་ཀྱང་མངོན་དུ་འབབས་སོ། །སྲོག་གི་སྙིང་པོའོ། །དེ་ནས་ལས་ཀྱི་གཉེར་གཏད་པ་ནི། བཛྲ་ཧེ་རུ་ཀ་བསྒོམ་ལ་ཀོའུ་རྡི་མ་བླང་བའི་གཉེར་གཏད་དོ། །བུརྙ་ཧེ་རུ་ཀ་བསྒོམ་ལ་ཙོའུ་རྡི་མ་ལ་བརྐུ་བའི་ལས་གཉེར་གཏད་དོ། །པད་མ་ཧེ་ཀ་བསྒོམ་ལ་པྲ་མོ་ཧྭ་ལ་བཟློག་པའི་ལས་གཉེར་གཏད་དོ། །ཀརྨ་ཧེ་རུ་ཀ་བསྒོམ་ལ་བི་ཏྭ་ལི་ལ་མྱོས་པར་བྱེད་པའི་ལས་གཉེར་གཏད་དོ། །ཡསྒ་ཧེ་རུ་ཀ་བསྒོམ་ལ་པུསྐ་སྙི་ལ་འབྲལ་བར་བྱེད་པའི་ལས་གཉེར་གཏད་དོ། །རསྒ་ཧེ་རུ་ཀ་བསྒོམ་ལ། བྷསྨ་རྡི་ལ་སྨྱོ་བར་བྱེད་པའི་ལས་གཉེར་གཏད་དོ། །ས་ནུ་ཧེ་རུ་ལ་བསྒོམ་ལ་སྨ་ཤ་ནི་ལ་གསད་པར་བྱ་བའི་ལས་གཉེར་གཏད་དོ། །དམ་ཚིག་ཧེ་རུ་ཀ་བསྒོམ་ལ་ཙཎྜསྙི་ལ་བཟློག་པའི་ལས་གཉེར་གཏད་དོ། །ཀེའུ་རྡི་མས་སེང་གེའི་མགོ་ཅན་ལ་ནོར་དང་འབྲལ་བའི་ལས་གཉེར་གཏད་དོ། །ཙོའུ་རྡི་མས་སྟག་གི་མགོ་ཅན་ལ་ལེན་པར་བྱེད་པའི་ལས་གཉེར་གཏད་དོ། །པྲ་མོ་ཧས་ཝའི་མགོ་ཅན་ལ་དབང་དུ་སྡུད་པའི་ལས་གཉེར་གཏད་དོ། །བི་ཏྭ་ལིས་སྤྱང་ཀིའི་མགོ་ཅན་ལ་ཉམས་པར་བྱེད་པའི་ལས་གཉེར་གཏད་དོ། །པུསྐ་སྙི་ས་བྱ་རྒོད་མགོ་ཅན་ལ་འབྲལ་བར་བྱེད་པའི་ལས་གཉེར་གཏད་དོ། །བྷསྨ་རྡིས་ཀང་ཀའི་མགོ་ཅན་ལ་སྨྱོ་བར་བྱེད་པའི་ལས་གཉེར་གཏད་དོ། །སྨ་ཤ་ནིས་བྱ་རོག་གི་མགོ་ཅན་ལ་གསོད་པར་བྱེད་པའི་ལས་གཉེར་གཏད་དོ། །ཙརྙ་ལིས་འུག་པའི་མགོ་ཅན་ལ་འབྲལ་བའི་ལས་གཉེར་གཏད་དོ། །དེ་ཡང་མཚང་འབྲུ་ཡང་མན་ཞིང་ལས་བྱེད་དུ་གཞུག་གོ །ལས་གཉེར་གཏད་ཅིང་སྙིང་ཡང་བསྟབ་བོ། །དེ་ནས་ཤི་ས་བསྟན་པ་ནི། །བདག་དཔལ་ཧེ་རུ་ཀར་བསྒོམ་ལ། མ་མོའི་སྲོག་གི་སྙིང་པོ་ནས་དྲངས་ཤིང་། །བཛྲ་ཨུབླུ་ཤས་བརྡུང་ངོ་། །ཙོའུ་རྡི་གདོང་བཞི་ཛ༷༷ཛ༷༷། ཞེས་བྱ་བ་ལ་སོགས་པས་བརྡུང་ངོ་། །ཡངརྣམཔགཅིགལལྷགནད་ལ་བོར་བ་ནི། སྣ་ལ་གཡག་རུའི་ནང་དུ་མཚན་བྱང་བཅུག་ལ། །དེ་ནས་སྔོན་ལ་གཡབ་མོས་གཡབ་ལ།ཤ་ཁྲག་གི་མཆོད་པ་འབུལ་ལོ། །གཡག་རུའི་ཁར་སྐྱེད་ཕུར་བདུན་ལ་ཀོའུ་རྡི་མ་བདུན་གྱི་སྔགས་བཟླས། གཡག་རུའི་ཁ་བཀབ་ལ། གནད་ལ་བོར་བ་ནི་བདག་ཉིད་ཞེ་སྡང་རྡོ་རྗེར་བསྒོམ་པའི་རྐང་པ་ལ་འཁོར་ལོ་རྩིབས་བརྒྱད་པ་བསྒོམ་ལ་གཡས་ཕྱོགས་སུ་སྨན་བཞག གཡོན་དུ་དུག་ཕོར་ཐུན་དྲག་པོས་གང་བ་བཞག་ལ། བཛྲ་ཀོའུ་རྡི་ཛ་ཛ༷༷ བཛྲ་ཙོའུ་རྡི་ཛ་ཛ༷༷ ཞེས་བཟླས་པས། མདུན་དུ་གནམ་ལས་བྱ་རོ་བསྒྱུར་བ་བཞིན་དུ་བྱུང་བར་བསམ་མོ། །དེ་ནས་དུག་སྔགས་འདི་བཟླས་སོ། །ཨོ་བུ་རུ་མེ་ཏ་ཧ། ཞེས་བཟླས་ལ་དུག་བརྡེག་གོ །དེ་ན་ཅི་བགྱི་བཀའ་སྩོལ་ཟེར་བ་བསྒོམ་མོ། །དེ་ནས་སྨན་གྱིས་གསོ་ཞིང་བསྟོད་དོ། །དེ་ནས་བསྐང་བ་ནི། །དམ་རྫས་ཚང་བའི་གཏོར་མ་དང་། རཀྟ་སྣ་ཚོགས་དང་། སྙིང་སྣ་ཚོག་དང་། མཆེ་བ་སྣ་ཚོག་དང་། ཤ་སྣ་ཚོག་དང་། བྱ་ནག་མོས་བསྐང་ངོ་། །དེ་ཡང་ཕུད་ཀྱི་དཔལ་ཆེན་པོ་བསྐང་ངོ་། །ལྷ་མའི་ཕུད་ཀྱིས་ཀོའུ་རི་མ་བདུན་བསྐང་ངོ་། །ལྷག་མའི་ལྷག་མས་ཕྲ་མེན་མ་བསྐང་ངོ་། །ཡང་ནས་ཡང་དུ་རྫས་ཀྱིས་བསྐང་ངོ་། །སྨན་གྱིས་གསོའོ། །ཡང་ན་ཉེས་བྱེད་གཅིག་རླག་པར་བྱེད་ན། ལིསྐོ་བྱས་ལ་ཁྲོ་མོ་བྱིས་པའི་དབྱུག་པ་ཅན་རྦད་ལ། རཀྟ་སྣ་གསུམ་གྱི་ནང་དུ། ཤ་སྣ་གསུམ་བླུག་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། དཔྲལ་བའི་དབྱེས་སུ་རཀྟ་གསུམ་གྱི་ཐིག་ལེ་གསུམ་བཏབ་ལ། ལིསྐོ་མདུན་དུ་བཞག་སྟེ་སྔགས་འདི་བརྗོདདོ། །མམོཆེནམོཀོའུརི་ཛ༷༷ཛ༷༷། སྦྱོ་ཁུ་ཧི་སྨྱོ། ཞེ་བྱ་བ་བརྒྱ་རྩ་བརྒྱད་བཟླ་སོ། །དེ་ན་བསྟོད་ཅིང་བསྐུལ་ལ། ཨོབཛྲམུ་མོ་ཏ་ཏི་སྨྱོ། མུ༷་ལ༷་ན་དེ་ན་རྦད། ཛིཏི་ཁ་སྨྱོ། ཞེ་བརྗོད་དོ། ཁྲེན་མོ་རལ་གཅིག་མ་དགྲ་བོ་དབང་དུ་སྡུས་ཤིག རྡུལ་དུ་རློགས་ཤིག་ཅེས་ཀྱང་བྱའོ། །དེ་ནས་ཡང་ལས་མི་གྲུབ་ན་འདི་ལྟར་བྱའོ། །འཇིགས་པའི་གཙོ་མོའི་གམ་དུ་སོང་ལ། སྤབ་བ་ལ་ང་དགུ་པའི་ནང་དུ། དུག་སྣ་ཚོགས་དང་། གཏོར་མ་བྱས་ལ་སྔོན་ལ་ཀོའུ་རྡི་བསྐུལ་ལོ། །དགྲ་བོའི་ཕྱོགས་སུ་སྟངས་སྟབས་ལེན་གསུམ་བྱས་ལ། དགྲ་བོའི་ཕྱོགས་སུ་ཚམ་རྔམས་བྱ། དེ་ཡང་སྔགས་འདི བཟླཟྭ་ཚམ་རྔམས་བྱའོ། །སྦྱོ་་་ཧུབ། དམ་ཉམས་ཀྱི་སྙིང་དཀར་ནག་མཚམས་སུ་ཕོག་པར་རྒྱོབ་ཅིག །ཀོའུ་རྡི་མ་ཛ་སྨྱོ་་། ཅེས་བྱས་ལ་བཟླས་སོ། །དེ་ནས་ཤར་ཕྱོགས་སུ་ཁ་བལྟས་ལ། གསེར་སྐྱེམས་ཕོར་གང་གི་ནང་དུ་བཤོས་བུ་ཁྲུ་གང་བ་གཅིག་བཔ་ལ་སྨྱུག་ཚིགས་དགུ་པ་གཅིག་ལ་དར་དཀར་མཐོ་གང་བཏགས་ལ་ཤེལ་གིང་དཀར་པོས་དམ་ཉམས་པ་འདི་རླག་པར་མཛོད་ཅིག་བྱས་ལ་སྔགས་འདི་བརྗོད་དོ། ཁུ་ངེ་ཧ་ར་ཧུ་ར་སྨྱོ། སུ་ཀབ་དཀར་པོ་ཆོ་ཆོ། ཞེས་བྱ་བ་ལས་བཅོལ་ལོ། །དེ་ནས་ནུབ་བྱང་མཚམས་སུ་བལྟས་ལ། གསེར་སྐྱེམས་ཕོར་གང་ཐོགས་ལ། ཡམ་ཤུད་དམར་པོ་ལ་དགྲ་བོ་ཁྱོད་ཀྱིས་གསོལ་ཅིག མངའ་མཛོད་ཅིག་བྱས་ལ་སྔགས་འདི་བརྗོད་དོ། །ཏི་་་་་ཧ་ར་ཏིམ་ཏིམ་ཧ༷། ཞེས་བྱ་བ་ལས་བཅོལ་ཞིང་དགྲ་བོ་གཏད་དོ། །དེ་ནས་གནན་པ་བྱ་བ་ནི། ཁྲོ་མོ་ཀོའུ་རྡི་མ་བསྒོམ་ལ་བྱ་ངར་ངུར་གྱི་སྒོ་ངའམ་བྱ་ནག་མོའི་སྒོ་ངའི་ནང་། གནག་པའི་མཚན་བྱང་བྲིས་ལ། རཀྟ་སྣ་གསུམ་གྱི་ཨསྙེ༷་སྦྲེངས་ཤ་ཁྲག་གི་མཆོད་པ་འབུལ་ལོ། །དེ་ནས་བསྐལ་ཞིང་དགྲ་བོའི་མིང་བྱང་ལ་བསྟབ་པ་བགྱི། དེ་ནས་སྙིང་པོ་འདི་ཁྲིའམ་འབུམ་བཟླས་སོ། །ཏེ་ན་ཏེ་བཱ་ར་ཡ་ཛ། ཞེས་པ་ཡིད་ལ་བཟླས་སོ། །ཉུང་དཀར་རམ་སྐེ་ཚེ་ལ་སྔགས་ཟླས་ཏེ་མིང་བྱང་ངམ་གཟུགས་ལ་བསྣུན་ལ། མཆོག་གི་གླིང་བུ་འབུད་ལ་གཏོར་མ་ནི་ཆུའི་གཞུང་ངམ་ས་གཙང་སར་བསྐྱལ་ལོ། །མིང་བྱང་ལ་གཟེར་མནན་དྲག་ཏུ་བགྱི། ཞིང་ཆེན་གྱི་གཡང་གཞི་ལན་གསུམ་དུ་བརྡབ་ལ། གང་ལ་བྱ་བ་ལ་ལས་བཅོལ་ལོ། དེ་ནས་མོན་གྱི་བྷནྟྲ་སྐམ་རློན་ཁ་སྦྱར་བའམ་རྟ་དང་གཡག་གི་ཐོད་པ་སྦྱར་བའི་ནང་དུ་དགྲ་བོའི་མིང་བྱང་བཅུག་པ་ལ། ཐོད་པ་ཁ་སྦྱོར་ལ་སྔོན་དམར་གྱིས་བཅིངས་ལ། །སེར་ཕྲོམ་དང་། སྨུག་རྐང་དང་། ལྡོང་རོས་དང་། པྲི་ཡང་ཀུ་དང་། འདི་རྣམས་ཞག་ཏུ་སྦྲུས་ཏེ་རིལ་བུ་བརྒྱའམ་སྟོང་རྩ་བརྒྱད་བྱས་ཏེ། རིལ་བུ་རེ་རེ་ལའང་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་ཐོད་པ་ལ་གདབ་བོ། །དེ་ཡི་སྔགས་ལ། ན་མོ་པུ་རི་བཛྲ་ཙ་ཀ་ནན། ཙག་ཀ་ཤག་ཅེས་ཡིད་ལ་བཟླས་སོ། །རིལ་བུ་རེ་རེ་ལ་སྔགས་བརྒྱ་རྩ་བརྒྱད་དམ་སྟོང་རྩ་བརྒྱད་ཚང་བ་དང་རྫས་དེ་ཉིད་ལམ་པོ་ཆེའི་གཞི་མདོའམ་བྲག་དང་ཆུ་འཐབས་པའི་སར་ས་ཆག་གང་བརྐོས་ལ། དེ་ཡི་ནང་དུ་སྦས་ལ་ས་བདག་ལ་གཏད་པར་བསྒོམ་མོ། །དེ་ནས་གནས་བདེ་བར་སོང་ལ་བདག་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་ཞུགས་ཏེ། གསལ་བར་བསྒོམ་ལ། དེ་ནས་ལས་འདི་ལྷར་བགྱི་སྟེ།མངོན་སྒྲོད་ཀྱི་ཨེ་གྲུ་གསུམ་གཅིག་བྱས་ཏེ། དེའི་ནང་དུ་དགྲ་བོའི་མིང་བྱང་བྲི། ཁ་དོག་ནག་པོར་བྱས་ལ་སྐྱེར་ཕུར་བདུན་དང་སྐྱེར་པའི་རྩང་བདུན་གྱིས་ཁ་བསྐོར། དེ་ཡི་ཕྱི་རིམ་རྡོ་རྗེ་ར་བས་བསྐོར་ལ་ཁྲག་གི་སྐུ། དེ་ནས་རྟའི་གཅིན་དང་འབྲིའི་ཀླད་པ་བསྲེས་ལ། རས་བལ་ལ་བསྐུས་ཏེ་སྡོང་བུ་བྱས་ལ་ཚིལ་ཆེན་གྱི་མར་མེ་གསུམ་བཏང་། དེའི་དུད་པ་དང་རྟའི་ཚིལ་བཙོས་པའི་ཞག་དང་ལྡེ་གུར་བྱས་ཏེ། དཀྱིལ་འཁོར་གྱི་མཎྜལ་བྱ། ས་སོག་གམ་ཕག་པའི་ཐོད་པ་ལ་གཟུགས་བྱ། ར་ཁྲག་དང་ཁྱི་ཁྲག་གིས་སྙིང་གར་ཛ་བྲི། གཟུགས་ལ་སྔོན་དམར་གྱིས་དཀྲིས་ལ། ཉུང་དཀར་ལ་སྔགས་འདི་ཁྲིའམ་འབུམ་བཟླས་ལ་སྙིང་གར་གདབ་བོ། །སྔགས་ལ་རསྒ་ཁ་ཐམ་སྙིང་ཁ་རསྒ་པ་ར་བ་ཏི། དུར་ད་རི་སྦྱོ་ཛ། དམ་ལས་འགལ་བར་བྱེད་པའི་དགྲ་བོ་འདི་པྱེ་མར་བརླག་པར་མཛོད་ཅིག །ཧུ༷་ཛ་ནི། ཛ་པ་ར་པ་ར་ཏི་ཛ། ཀ་ར་ཀ་ར་ཛ། ཞེས་བརྗོད་དོ། །དེ་ནས་བསྐུལ་ལ་དགྲ་བོའི་དབང་པོ་ཀུན་བསྟབ་བོ། །དེ་ནས་དགྲ་བོ་ཀླུ་ལ་གཏད་པའི་ཆོ་ག་ལ། ཤོག་ཤོག་ལ་སྦལ་པ་ནག་པོའི་གཟུགས་བྲིས་ལ། དེ་ཡི་ནང་དུ་མིག་བྱང་བྲིས་ལ་གནག་པའི་ཀླུ་རྣམས་ལ་གཏད་པར་བསྒོ། ཀླུ་རྣམས་ལ་སྨན་དང་འོ་མ་དང་གཏོར་མས་མཆོད་དོ། །སྲིད་པའི་ལྷ་འདྲེ་ལ་གསེར་སྐྱེམས་གཏང་ངོ་། །བྱང་ཤར་མཚམས་ཀྱི་ཡབ་ཤུད་དམར་པོ་འཁོར་དང་བཅས་པ་ལ་ཡང་གསེར་སྐྱེམས་ཆ་གཅིག་བཏང་ངོ་། །དགྲ་བོའི་ཚེ་སྲོག་གི་བར་དུ་ཆད་ཅིག་པར་བསྒོམ། དེ་ནས་ཀླུ་རྣམས་ཀྱི་སྙིང་པོ་བཟླས་སོ། །ཨོ་ཕཊ་ནི་ཛ། ཤམ་བག་ལ་ནི་ཛ། ཨོ་དགྲ་བོ་དྲི་ཛ། འགལ་བྱེད་འགེའུ་རུ་ནི་ཛ། ལན་ཁྲིའམ་འབུམ་བཟླས་སོ། །སྦལ་པའི་གཟུགས་ནི་ས་ཆག་གང་འོག་ཏུ་མནན་ནོ། །དེ་ལྟར་བྱས་ལ་ཀླུ་ནག་པོ་ལ་གཏད་པར་བསྒོམ་མོ། །གུ་གུལ་ནག་པོའི་དུད་པས་བདུག །འགྲོ་བ་རིགས་དྲུག་ལ་སྦྱིན་གཏོར་བཏང་། དེ་ལྟར་ཀླུ་རྣམས་ལ་དམ་སྩལ་ལ་མནས་བསྒག་པ་ནི། །ཨོ་ཙ་ཏ་ཙ་ཏ་བྱི་ཙ་ཏ། ཤད་ཤད་གྲྭ་ཧྭ། ཞེ་མན་བསྒག་གོ །དེ་ལྟར་བྱ་ན་ཅི་ཡང་འགྲུབ་བོ། །སྒྲུབ་ཐབ་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ན་ལ་ཀྱི་གཞུག་གཉི་པ་ནི། དང་པོ་ཡུལ་ན་སྦྱན་དྲང་། མཆོད་པ་འབུལ།བསྟབ་པ་བྱ། ཕོ་ཉ་བཏང་། སྲོག་གི་སྙིང་པོ་ནས་དྲོངས་ཅི་མང་དུ་བཟླས་སོ། །མངག་ཅིང་ལ་རང་དབང་མེད་པར་བྱེད་དུ་གཞུག་གོ །དེ་ནས་ནམ་ཕྱེད་ཡོལ་དང་ཉི་མ་ཕྱེད་ཡོལ་ཙམ་ན། སྲིན་མོ་བདུན་ལ་མཚང་འབྲུ་ཞིང་ལས་བྱེད་དུ་གཞུག་པ་ནི། རྒྱ་གར་སྐད་དུ། བཛྲ་ཁམསཛ། ས༷སྒྲིཏའིསྐདདུ། དམར་མོ་མི་ཟན་མ་མཆེ་བ་ཅན། བོད་སྐདདུ། རལཔགཅིགམའིབུམོ་ཡིན་པས་པྲ་མོ་ཧ་ཞེས་བྱ་བ་ལ་ཅི་ཡང་ཟློག་ནུས་སོ། །རྒྱ་གར་སྐད་དུ། བཛྲ་ཡསྒ་ཛ། ས༷སྒྲེ་ཏོཛེ་སྐད་དུ། སྲིན་མོ་རལ་གཅིག་མ་ཞེ་བྱ་བ། བོད་སྐད་དུ། ཀོ་རྡི་མ་ནག་མོ་ལན་བྱེད་མ་སྟེ་ལ་ཅི་ཡང་ལེན་ནུ་སོ། །རྒྱ་གར་སྐད་དུ། བཛྲམ་ཛ་ཞེ་བྱ་བ། ས༷སྒྲོ་ཏོཛེ་སྐད་དུ། སྲིན་མོ་རལ་གཅིག་གདོང་བཞི་མ་ཞེས་བྱ་བ། བོད་སྐད་དུ། ཙོའུ་རྡི་སེར་མོ་རྐུ་བྱེད་མ་ཞེས་བྱ་སྟེ་ལས་ཅི་ཡང་བརྐུ་ནུས་སོ། །རྒྱ་གར་སྐད་དུ། མ་མ་ཛ་ཛ་ཞེ་བྱ་བ། ས༷་སྒྲི་ཏོརེ་སྐད་དུ། སྲིན་མོ་མགོ་འལོ་མ་ཡང་འཕྱངས་ཞེས་བྱའོ། །བོད་སྐད་དུ། བི་ཏྭ་ནག་མོ་མྱོས་བྱེད་མ་ཞེས་བྱ་སྟེ་ལས་ཅི་ཡང་ཉམས་སོད་པར་བྱེད་དོ། །རྒྱ་གར་སྐད་དུ། བཛྲ་ཁ་ར་ཛ་ཞེས་བྱ་བ། ས༷་སྐྲི་ཏོཛེ་སྐད་དུ། སྲིན་མོ་འབྲལ་བྱེད་མ་ཞེས་བྱ། བོད་སྐད་དུ། པུསྐ་སྙི་ཞེས་བྱ་སྟེ་ལས་ཅི་ཡང་འབྲལ་བར་བྱེད་ནུས་སོ། །རྒྱ་གར་སྐད་དུ། མ་ཧོ་ར་ཙ་ཞེས་བྱ་བ། ས༷་སྒྲོ་ཏོཛེ་སྐད་དུ། སྲིན་མོ་སྨྱོ་བྱེད་མ་ཞེ་བྱ་བ། །བོད་སྐད་དུ། །བྷས་མ་རྡི་ཞེས་བྱ་སྟེ། ལས་ཅི་ཡང་སྨྱོ་བར་བྱེད་ནུས་སོ། །རྒྱ་གར་སྐད་དུ། བཛྲ་ཡ་བུ་མུ་ཛ་ཞེས་བྱ། །ས༷་སྐྲི་ཏའི་སྐད་དུ། བགེགས་ཡསྒ་ནག་མོའི་བུ་མོ་སྲིན་མོ་ལན་ཕྲན་ཅན་ཞེས་བྱ། བོད་སྐད་དུ། །ཙརྙ་སྙི་ཞེ་བྱ། ལས་ཅི་ཡང་ཐོགས་པ་མེད་པར་བྱེད་ནུས་སོ། །ལས་གཉེར་ག་་ཅིང་སྙིང་སྣ་བསྟབ་པ་ནི། །ཀོའུ་རྡི་མ་ནི་ཉི་མ་ནུབ་ཁ་དང་ནམ་ཕྱེད་ཙམ་ན། གནོད་སྦྱིན་གྱི་བུ་མོ་ཞགས་པ་ཐོགསམལཤོནནས། ཉུལདུའོང་ངོ་། །དུས་དེ་ཙམ་ན་སྲོག་གི་སྙིང་པོ་ནས་དྲོངས་ཤིང་རྫས་བསྟབ་ཅིང་བཏང་ངོ་། །སྒྲུབ་པ་དང་བསྙེན་པ་བྱེད་ན། ཉམས་ཉེ་བར་ལེན་དུ་འོང་ངོ་། །དངོས་གྲུབ་འཕྲོག་ཏུ་འོང་ངོ་། །ལས་གཉེར་ཡང་ཉི་མ་ནུབ་ཁ་ནམ་གུང་ལ་གཏད་དོ། །ཙོའུ་རྡི་མ་ནི་གཤིན་རྗེའི་བུ་མོ་རལ་གཅིག་མ་ཞེས་བྱ་བ་ལ་ཞོན་ནས་སྲོད་ལ་འོང་ངོ་། །རྦད་པ་དང་ལས་གཉེར་གཏད་པ་ཡང་སྲོད་ལ་བྱའོ། །ཉམས་ཉེ་བར་ལེན་ཅིང་མཆོད་ལྔ་ཐབས་སུ་འཇུག་གོ །པྲ་མོ་ཧའི་དུས་ནི་ནམ་གུང་དང་ཉི་མ་གུང་ལ་འོང་ངོ་། །རྦད་པ་དང་ལས་གཉེར་གཏད་པ་ཡང་ཉི་མ་གུང་དང་ནམ་གུང་ལ་བྱའོ། །བི་ཏྭ་ལིའི་དུས་ནི་ཉི་མ་ནུབ་ཀ་དང་ནམ་ཕྱེད་ཡོལ་ན་རྒྱུའོ། །རྦད་པ་དང་ལས་གཉེར་གཏད་པ་ཡང་དུས་དེར་བྱའོ། །པུ་སྐ་སྙིའི་དུས་ནི་ཉི་མ་ཤར་ཀ་དང་ནམ་ཕྱེད་ན་རྒྱུའོ། །རྦད་པ་དང་ལས་གཉེར་གཏད་པ་ཡང་ཉི་མ་ཤར་ཀ་དང་ནམ་གུང་ལ་བྱའོ། །བྷས་མ་རྡིའི་དུས་ནི་ནམ་ཕྱེད་ཡོལ་ལ་རྒྱུའོ། །རྦད་པ་དང་ལས་གཉེར་གཏད་པ་ཡང་ནམ་ཕྱེད་ཡོལ་ན་བྱའོ། །ཙཎྜསྙིའི་དུས་ན་སྐྱ་རེངས་དང་པོ་ཤར་ཙ་ན་རྒྱུའོ། །རྦད་པ་དང་ལས་གཉེར་གཏད་པ་ཡང་སྐྱ་རེངས་ཤར་ཙ་ན་བྱའོ། །ནམ་རྒྱུ་བའི་དུས་ཚོད་དེར་ལས་བཅོལ་ཞིང་སྲོག་གི་སྙིང་པོ་ནས་དྲང་ངོ་། །ལས་གཉེར་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་མགོ་བརྙན་རྣམས་ཀྱི་མ་མོ་བོད་ཅིང་ལས་བཅོལ་བ་ནི། མགོ་བརྙན་མའི་ཕོ་ཉ་འགྱེད་ཅིང་རྦད། ལས་གཉེར་གཏད་པར་སྲོག་གི་སྙིང་པོ་ནས་བརྒྱ་རྩ་བརྒྱད་བཟླས་སོ། །བསྐུལ་བ་ནི་ཀོའུ་རི་ མ་བརྒྱད་གསལ་བར་བསྒོམ་ཞིང་ཕྲ་མེན་མ་བརྒྱད་རྦད་ལ་ལས་བཅོལ་ལོ། །ཏིང་ངེ་འཛིན་གསལ་ན་ཕྲ་མེན་མ་རྣམས་ཀྱང་མངོན་དུ་འབབ་སོ། །ཏིང་ངེ་འཛིན་ཤུགས་ཆུང་ཡང་འོད་དང་སྒྲ་ལྟ་བུ་འབྱུང་ངོ་། །རྟགས་དེ་དག་བྱུང་བ་དང་འདི་སྐད་བསྐུལ་ལོ། །སྲིན་མོའི་གཟུགས་ལ་ཁྲོ་མོའི་ཞལ། །བྷརྙ་ཞིང་དབྱུག་འཇིགས་པར་སྒྲོགས། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་སེང་གེའི་མགོ། །དམ་ཉམས་གསོད་པའི་ཁྲོམ་ལ་ཐོབ། །དུས་ལ་བབ་བོ་ས་མ་ལྭ། །སྲིན་མོའི་གཟུགས་འཆང་ཁྲོ་མོའི་ཞལ། །ཐབས་ཀྱི་མདའ་འཕེན་སྙིང་ལ་བྲིས། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་སྟག་གི་མགོ །སྲིན་མོའི་གཟུགས་འཆང་ཁྲོ་མོའི་ཞལ། །མདུང་དར་འཛིན་བྱེད་ཆུ་སྲིན་གདོང་། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་ཝ་ཡི་མགོ །སྲིན་མོའི་ལུས་ལ་ཁྲོ་མོའི་གདོང་། །རོ་ཟ་ཁྲག་འཐུང་རྡོ་རྗེ་འཕྱར། །དེ་ཡི་ཡང་སྤྲུལ་ཕོཉ་མ། །བུད་མེད་ལུས་ལ་སྤྱང་ཀིའི་མགོ །སྲིན་མོའི་གཟུགས་ལ་ཁྲོ་མོའི་ཞལ། །ཉམས་པའི་སྙིང་དང་རྒྱུ་མ་འདྲེན། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་བྱ་རྒོད་མགོ། །སྲིན་མོ་ཆ་ལུགས་ཁྲོ་མོའི་ཞལ། །ཐོད་ཁྲག་རྡོ་རྗེས་དཀྲུགས་པ་གསོལ། །དེ་ཡི་ཡང་སྤྲུལ་ཕོ་ཉ་ནི། །བུད་མེད་ལུས་ལ་ཀང་ཀའི་མགོ །སྲིན་མོའི་ལུས་ལ་ཁྲོ་མོའི་སྤྱན། །ཉམས་པའི་སྙིང་འབྱིན་གསོད་ལ་རྔམས། །དེ་ཡི་ཡང་སྤྲུལ་ཕོ་ཉ་མ། །བུད་མེད་ལུས་ལ་ཀྭ་ཀྭའི་མགོ །སྲིན་མོའི་ལུས་ལ་བྱ་རོག་མགོ །སྲིན་མོའི་སྐུ་ལ་རསྒའི་གདོང་། །དམ་ཉམས་སྲོག་གཅོད་སྙིང་ལ་རོལ། །དེ་ཡི་ཡང་སྤྲུལ་ཕོ་ཉ་ནི། ། བུད་མེད་ལུ་ལ་འུག་པའི་མགོ །དམ་ཉམ་གསོད་ཅིང་ཁྲམ་ལ་འདེབས། །ཞེས་ཤིང་གི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་ལས་མ་གྲུབ་ན་འདི་ལྟར་བྱའོ། །དང་པོ་བདག་དཔལ་ཆེན་པོའི་ཏིང་ངེ་འཛིན་དུ་གསལ་བར་བསྒོམ་ལ། དམ་རྫ་ཁྲག་གི་གཏོར་མ་དང་ལྡན་པར་བྱ། ལྷའི་འཛབ་ཚང་བར་བཟླས་ལ་འཛབ་ཚང་བ་དང་། མ་མོ་རེ་མ་ཏི་ཤ་ཁྲག་ལ་རོལ་པའི་སྙིང་པོ་འདི་བདུན་འབུམ་བཟླས་སོ། །དྲག་ཏུ་བརྗོད་ན་གང་ལ་བྱ་བའི་དམིགས་བྱ། རིང་པོར་མི་ཐོགས་པར་རྡུལ་དུ་རློག་ནུ་སོ། །རེ་མ་ཏིའི་བསྙེན་པ་ནི། དམ་ཚིག་གཙང་མར་བྱས་ལ་གནས་གཙང་མར་སོང་སྟེ། །གོས་ནག་པོ་གོན་ཐོད་ནག་པོ་བཅིང་། ཁྲག་སྣ་མང་པོའི་གཏོར་མ་བྱ། ཤ་སྣ་མང་པོའི་གཏོར་མ་བྱས་ལ་ཤ་སྣ་མང་པོ་བསགས་ལ།བྷརྙའི་ནངདུ་མར་གྱིས་བཀང་ལ་སྨན་བསྩལ། ཤ་ཆེན་གྱི་དུད་པ་བཏང་། སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ་བསྐུལ་ལོ། །བཅོལ་དམ་དྲག་ཏུ་བྱ། རེ་མ་ཏིའི་སྒྲུབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།ཕྲ་མེན་ལ་ཀྱི་རྒྱལ་མོའི་དཀྱིལ་འཁོར་རྫོགས་སོ།། །།དེ་ནས་ཕྲ་མེན་མ་རྣམས་དམ་རྫས་ཚང་བས་མཆོད་པར་བྱ་སྟེ། མཐིང་ཀ་མཆོག་སྟོབས་དཔལ་གྱི་ཡུམ། །རྡོ་རྗེ་ཐུགས་ཀྱི་དབང་ཕྱུག་མ། །ཀོའུ་རྡི་མ་ཡི་མཆོད་པ་རོལ། །གསེར་གྱི་འོད་འཕྲོ་མདའ་འཕེན་མ། །རིན་ཆེན་སྐུ་ཡི་དབང་ཕྱུག་མ། །ཙོའུ་རྡི་མ་ཡི་མཆོད་པ་རོལ། །དམར་མོ་ཆུ་སྲིན་རྒྱལ་མཚན་འཛིན། །པདྨ་གསུང་གི་དབང་ཕྱུག་མ། །པྲ་མོ་ཧ་ཡི་མཆོད་པ་རོལ། །ནག་མོ་རལ་པ་ཐོད་པར་འགྱིངས། །ཀརྨ་ལས་ཀྱི་དབང་ཕྱུག་མ། །བི་ཏྭ་ལི་ཡིས་མཆོད་པ་བཞེས། །ཞེ་སྡང་ག་་ཁྲོ་སྤ་གྲིའི་སོ། །ཞེ་སྡང་འཇོམས་པའི་དབང་ཕྱུག་མ། །བྷས་མ་རྡི་ཡིས་མཆོད་པ་རོལ། །རིན་ཆེན་མེ་ལྕེ་ཕྲེང་བ་ཅན། །གཏི་མུག་འཇོམས་པའི་དབང་ཕྱུག་མ། །པུསྐ་སྙི་ཡིས་མཆོད་པ་རོལ། ཁ་ཊ༷་མཚོན་གྱི་ཆར་འབེབས་མ། །འདོད་ཆགས་འཇོམས་པའི་དབང་ཕྱུག་མ། །སྨ་ཤ་ནི་ཡིས་མཆོད་པ་རོལ། ཁྲོ་མོའི་ཕྱག་ན་དགྲ་སྟུ་བསྣམས། །ང་རྒྱལ་འཇོམས་པའི་དབང་ཕྱུག་མ། །ཙཎྜ་ལི་ཡིས་མཆོད་པ་རོལ། །འཇིགས་པ་བཞི་ཡི་སྒོ་འགེགས་ཤིང་། །ཐར་པ་བརྒྱད་ཀྱི་ལམ་སྟོན་པ། །དེ་བཞིན་གནས་ཀྱི་ཕྱག་རྒྱ་མ། །ཀོའུ་རྡི་ལ་སོགས་མཆོད་པ་འབུལ། །རྡོ་རྗེ་གིང་ཆེན་ཕྲ་མེན་མ། །འཇིགས་པའི་གདོང་ཅན་ག་་བྱེད་ཅན། །སེང་ཧ་གསོད་བྱེད་སེང་གེའི་མགོ །རོ་མཆོག་ཟ་བའི་ཕྲ་མེན་མ། །མུ་ཁས་རོལ་གཅིག་ར་ཙ་མ། །བྱུ་སྒྲི་མགོ་ཅན་སྟག་གི་མགོ །ཐོདརློནའདྲདཔའིཕྲ་མེན་མ། །མུ་ཁས་རོལ་ཅིག་བྱུ་སྒྲི་མ། །སྲི་ལ་བྱིས་ལྡག་ཝ་ཡི་མགོ །ལྤགསཆེནལྡགཔའིཕྲམེན་མ། །མུ་ཁས་རོལ་པས་ཧེ་ཧེ་ཀྲམ། ཁོ་ན་ཤ་འདྲེད་སྤྱང་མོའི་གདོང་། ཁྲ་ཆེན་ཟབའི་ཕྲ་མེན་མ། །མུ་ཁས་རོལ་པས་བྷཀྟ་ཁུ་ཧི། །ཀྲི་ཏ་ཁྲག་འཐུང་བྱ་རྒོད་མཆུ། །དམར་ཆེན་འཇིག་པའི་ཕྲ་མེན་མ། །མུ་ཁས་རོལ་པས་ཀྲི་ཏ་སྨྱོ། །ཀསྐོ་སྙིང་འབྱིན་དུར་བྱའི་མགོ །ནང་རོལ་ཟ་བའི་ཕྲ་མེན་མ། །མུ་ཁས་རོལ་པས་ཀསྐོ་མ། ཁ་ཁ་རྒྱུ་འདྲེན་བྱ་རོག་སྣར། །ནང་ཁྲོལ་ཟ་བའི་ཕྲ་མེན་མ། །མུ་ཁས་རོལ་པས་ཀྭ་ཀྭ་ལེ། ཁུ་ལུ་སེམས་འཕྲོག་འུག་པའི་མགོ །གློ་སྙིང་ཟ་བའི་ཕྲ་མེན་མ། །མུ་ཁས་རོལ་པས་སྐྲུ་ལུ་ཀ །རྟ་གདོང་དཀར་མོ་ལྕགས་ཀྱུ་མ། །ཉམས་པ་ཐམས་ཅད་སྙིང་ནས་འདྲེན། །མུ་ཁས་རོལ་པས་ཛ་ཛ་ཧུ༷། ཕག་གདོང་ནག་མོ་མཆེ་བ་ཅན། །འཁོར་བ་ཐམས་ཅད་འཆིང་བའི་ཕྱིར། །རྡོ་རྗེ་དྲིལ་ཞགས་སྡོག་ཅིང་འཕེན། །མུ་ཁས་རོལ་པས་ཨ་མོ་བྷ་ཧུ༷། །ཉི་ཟླ་མ་སྟེ་སྨུག་དམར་མ། །རྡོ་རྗེ་ལྕགས་སྒྲོག་དམར་གྱི་བདག །མུས་ཁས་རོལ་པས་ལོ་ཀ་བ༷། །ཐལ་བྱེད་ཆེན་མོ་ལྗང་ནག་མ། །དྲིལ་ཆེན་འཕྱར་ཏེ་གསོད་པའི་ཚུལ། །མུ་ཁས་རོལ་པས་བྷསྨི་བ་ལ་ཧོ། །ཞེས་བརྗོད་ལ་མཆོད་ཅིང་བསྟོད་དོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། མཆོད་ཅིང་བསྟོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཕྲ་མེན་མ་རྣམས་ལ་ཕྲིན་ལས་བཅོལ་བ་ནི་འདི་སྐད་དོ། །ཀོ་རྡི་དཀར་མོས་ཞིང་དབྱུག་ཕྱར། ཁམས་གསུམ་རྡུལ་དུ་རློགས་པའི་དཔའ་རྟགས་ཅན། །དམ་ཉམས་རྡུལ་དུ་རློགས་པའི་ཕྲིན་ལས་མཛོད། །ཙོ་རྡི་སེར་མོ་ཐབས་ཀྱི་མདའ་གཞུ་འགེངས། །ཆགས་པའི་དབང་གིས་གཙོ་བོའི་ཐུགས་ཀར་འཛིན། །པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་ཕྱར། །བདུད་བཞི་ཕམ་མཛད་ཆེ་བའི་རྒྱལ་མཚན་ཕྱར། །བི་ཏྭ་ནག་མོ་ཟ་བྱེད་རྡོ་རྗེ་འཕྱར་ཞིང་འགྱིངས། །སྟང་སྟབས་ཆགས་པའི་དབང་གིས་ཁམས་གསུམ་མ་ལུས་དབང་དུ་སྡུད། །པུསྐ་དམར་སེར་ཞིང་གི་རྒྱུ་ཞགས་འཛིན། །ཉོན་མོངས་འཁོར་བའི་གནས་ནས་སྒྲོལ་ཅིང་སྟོབ། །ཀྟས་མ་ལྗང་དམར་དུང་དམར་དཀྲུག །ལྕང་ལོར་བཅས་པའི་བྷནྟྲ་དམར་གྱིས་བཀང་བ་ལ། །ཐབས་དང་ལྡན་པའི་རྡོ་རྗེས་དཀྲུག་ཅིང་གསོལ། །སྨེ་ཤ་མཐིང་ནག་ལོག་རྟོག་འབྲལ། །ཉོན་མོངས་འཁོར་བའི་རྒྱུན་རྩ་རྩད་ནས་གཅོད། །ཙརྙ་སེར་སྐྱ་ཞིང་གི་ཙིཏི་འདྲེན། །བྷསྟོ་སྐམ་རློན་ཐོད་ཕྲེང་སེ་རལ་ཁ། །སེང་ཧ་གསོད་བྱེད་སེང་གེའི་གཟུགས། །ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན། །མི་རོ་ཟ་བའི་ཕྲ་མེན་མ། །དགྲ་བོའི་རོ་ལ་རོལ་ཅིང་གཤེགས་སུ་གསོལ། །བྱུ་སྒྲི་ཆེན་མོ་སྟག་གི་མགོ། །དཔའ་བོར་བཞུགས་པའི་ཏིང་ངེ་འཛིན། །མགོ་རུས་འཆའ་བའི་ཕྲ་མེན་མ། །དགྲ་བོའི་མགོ་ལ་རོལ་ཅིང་གཤེགས་སུ་གསོལ། །སྲི་ལ་དུར་ཀུན་ཝ་ཡི་གཟུགས། །སྒྱུ་རྩལ་ཆེ་བའི་ཏིང་འཛིན་ནི། །ལྤགས་ཆེན་ཟ་བའི་ཕྲ་མེན་མ། །དགྲ་བོའི་པགས་པ་རོལཅིངགཤེགསསུགསོལ། ཁྲ་ན་མུ་ཁ་སྤྱང་མོའི་གཟུགས། །རྟོག་པ་འཇོམས་པའི་ཏིང་འཛིན་གྱིས། ཁྲ་ཆེན་ཟ་བའི་ཕྲ་མེན་མ། །དགྲ་བོའི་ཤ་ལརོལཅིངགཤེགསསུགསོལ། །ཀྲི་ཏ་ཁྲག་འཐུང་བྱ་རྒོད་མགོ །གནམ་འཕང་གཅོད་པའི་ཏིང་འཛིན་གྱིས། ཁྲག་ཚིལ་ཟ་བའི་ཕྲ་མེན་མ། །དགྲ་བོའི་ཁྲག་ལ་རོལ་ཅིང་གཤེགས་སུ་གསོལ། །ཀང་ཀའི་ཚེ་འཕྲོག་དུར་བྱའི་གཟུགས། །གཏི་མུག་སེལ་བའི་ཏིང་འཛིན་གྱིས། །ཀེང་རུས་འཆའ་བའི་ཕྲ་མེན་མ། །དགྲ་རུས་འཆའ་ཞིང་གཤེགས་སུ་གསོལ། །ཀྭ་ཀྭ་རྒྱུ་འདྲེན་བྱ་རོག་གདོང་། །རྡོ་རྗེ་སྤར་བྱེད་ཏིང་འཛིན་གྱིས། །ནང་ཁྲོལ་ཟ་བའི་ཕྲ་མེན་མ། །དགྲ་བོའི་ནང་ལ་རོལ་ཅིང་གཤེགས་སུ་གསོལ། ཁུ་ལུ་ཡིད་འཕྲོག་འུག་པའི་གདོང་། །སྣང་གསལ་སྒྲོན་ཁྱེར་ཏིང་ངེ་འཛིན། །གློ་སྙིང་ཟ་བའི་ཕྲ་མེན་མ། །བགེགས་ཀྱི་སྙིང་ལ་རོལ་ཅིང་གཤེགས་སུ་གསོལ། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཅི་འདྲ་བ། །བྱམས་མགོན་ཁྱེད་ཀྱི་ཐུགས་ཀྱི་ག་ལ་བཟོད། །གང་ལ་ཅི་འདུལ་འགྲོ་བའི་སྡུག་བསྔལ་རྣམས། །མྱུར་དུ་སྒྲོལ་མཛད་རྟ་གདོང་ལྕགས་ཀྱུ་མ། །སྔོན་གྱི་སྨོན་ལམ་ཐུགས་རྗེས་ཆེ་མངའ་བས། །འཁོར་བ་ཡུན་རིང་འགྲོ་བའི་སྡུག་བསྔལ་ལ། །རྟག་ཏུ་དོན་མཛད་སྐྱོང་ལ་མི་མཁྱེན་ཏེ། །ཡིད་བཞིན་རེ་སྐོང་ཕག་གདོང་ཞགས་པ་མ། །ཐམས་ཅད་མཁྱེན་ཉིད་ཉི་ཟླའི་སྤྱན་མངའ་སྟེ། །རྨོངས་པའི་མུན་སེལ་བག་ཆགས་མ་ལུས་བསྲེགས། །འཁོར་བའི་རྒྱུད་མཁྱེན་ཅི་འདུལ་དེར་སྟོན་པ། །བློ་གྲོས་མིག་འབྱེད་ལྕགས་སྒྲོགས་ཉི་ཟླ་མ། །མྱ་ངན་མི་འདའ་འཁོར་བ་མཐའ་ག་་པར། ཁྱོད་ཀྱིས་ཐུགས་རྗེས་མི་གཏོང་རྟག་ཏུ་བརྩོན། །ཕྲིན་ལས་རྣམ་བཞིས་མ་ལུས་སྒྲོལ་མཛད་པ། །དེད་དཔོན་ཁྱེད་ཉིད་ཐལ་བྱེད་དྲིལ་བུ་མ། །ཞེས་བསྐུལ་ལོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། ཕྲིན་ལས་བསྐུལ་བའི་ལེའུ་སྟེ་ཉི་ཤུ་ཐམ་པའོ།། །།དེ་ནས་ཕྲ་མེན་མ་འདི་རྣམས་ལ་རྩིས་འགོ་རྣམ་པ་བདུན་གྱིས་སྟོན་ཏེ། དེ་ཡང་གང་ཞེ་ན། དགྱེས་པ་སྐྱེད་པ་དང་། མཉེས་པ་སྟོབས་པ་དང་། རྒྱུ་ལ་རོལ་པ་དང་། འབྲས་བུར་གྲུབ་པ་དང་། ཟ་བྱེད་ཀྱི་ཚོགས་དང་། མགྱོགས་བྱེད་ཀྱི་ཚོགས་དང་། འཇིགས་བྱེད་ཀྱི་ཚོགས་དང་བདུན་ནོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། དོན་གྱི་ཉིང་ཁུའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་བཛྲཀོའུ་རྡི་མ་ཁ་དོག་སྔོན་པོར་བསྟན་པ་ནི།ཕྲིན་ལས་ཞི་བའི་རང་བཞིན་གྱིས། །སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། ཙོ་རྡི་མ་ཁ་དོག་སེར་པོར་བསྟན་པ་ནི། །ཕྲིན་ལས་རྒྱས་པའི་རང་བཞིན་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། པྲ་མོ་ཧྭ་སྐུ་མདོག་དམར་པོར་བསྟན་པ་ནི། ཕྲིན་ལས་དབང་གི་རང་བཞིན་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། བཛྲ་བི་ཏ་སྙི་སྐུ་མདོག་ནག་མོ་བསྟན་པ་ནི། ཕྲིན་ལས་དྲག་པོའི་རང་བཞིན་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། བཛྲ་པུསྐ་སྙི་ཁ་དོག་དམར་སེར་དུ་བསྟན་པ་ནི་ཕྲིན་ལས་དབང་རྒྱས་རང་བཞིན་གྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །བཛྲ་བྷས་མ་རྡི་ཕྱག་ན་བྷརྙ་རཀྟ་དམར་གྱིས་བཀང་ནས་རྡོ་རྗེས་དཀྲུག་ཅིང་གསོལ་བའོ། །བཛྲ་ཙཎྜསྙི་ཕྱག་གཡོན་པ་ན་ཞིང་གི་ལུས་འཛིན་པ་ནི་མཚན་མའི་བེམ་པོ་ཡིན་ལ། གཡས་ཀྱིས་མགོ་གཅོད་པའོ། །སེང་ཧ་མུ་ཁུ་སེང་གེའི་མགོ་ཅན། བྱུ་སྒྲི་མུ་ཁ་སྟག་གི་མགོ་ཅན། བཛྲ་སྲི་ལ་མུ་ཁ་ཝའི་མགོ་ཅན། ཤྭ་ན་མུ་ཁ་སྤྱང་ཀའི་མགོ་ཅན། བཛྲ་ཀྲི་ཏ་མུ་ཁ་བྱ་རྒོད་མགོ་ཅན། བཛྲ་ཀསྐོ་མུ་ཁ་དུར་བྱའི་མགོ་ཅན། བཛྲ་ཀྭ་ཀྭ་མུ་ཁ་བྱ་རོག་གི་མགོ་ཅན། བཛྲ་ཨུ་ལ་ཀ་མུ་ལ་ཁ་འུག་པའི་མགོ་ཅན། ཕྲ་མེན་ལས་ཀྱི་རྒྱལ་མོའི་རྒྱུད་ལས། རྟོག་པ་བཤད་པའི་ལེའུ་སྟེ་རྩ་གཉིས་པའོ།། །།དེ་ནས་ཕྲ་མེན་རྣམས་ལ་དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་ཐམས་ཅད་ཟླ་གམ་དུ་བསྒྱུར་ལ་འདི་སྐད་དོ། །དཔལ་ཆེན་ཡབ་ཡུམ་དཀྱིལ་འཁོར་ནས། །ཐབས་དང་ཤེས་རབ་དངོས་གྲུབ་སྩོལ། །སྨུག་ནག་འབར་བའི་མེ་རི་ལས། །རྣམ་ཤེས་བརྒྱད་ཀྱི་དངོས་གྲུབ་སྩོལ། །དུར་ཁྲོད་འབར་བའི་མེ་རི་ལས། །དྲག་ཤུལ་མཐུ་བརྒྱད་དངོས་གྲུབ་སྩོལ། །ཚད་མེད་སྒོ་བཞིའི་དཀྱིལ་འཁོར་ནས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཞེས་བརྗོད་ལ་གསང་བའི་རྫས་དང་བཅས་སྤྱད་དོ། །ཕྲ་མེན་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལས། དངོས་གྲུབ་བླང་བའི་ལེའུ་སྟེ་རྩ་གསུམ་པའོ།། །།དེ་ནས་དཀྱིལ་འཁོར་དེ་ཉིད་དུ་དབང་བསྐུར་བ་ནི། སྒྲུབ་པའི་རྫས་ཐམས་ཅད་ཀྱིས་སློབ་མ་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་རོ། །ཧུ༷་མེ་རི་སྨུག་ནག་འབར་བའི་དཀྱིལ་འཁོར་ནས། །དཔལ་ཆེན་ཡབ་ཡུམ་དབང་མཆོག་ཁྱོད་ལ་སྤྱིན། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཟླ་གམ་དཀྱིལ་འཁོར་ནས། ཁྲུབ་པའི་མ་བརྒྱད་དབང་མཆོག་ཁྱོད་ལ་སྤྱིན། །འབར་བའི་བར་ཁྱམས་བརྒྱད་གྱི་དཀྱིལ་འཁོར་ནས། །ཡང་སྤྲུལ་བརྒྱད་ཀྱི་དབང་མཆོག་ཁྱོད་