Ngb-pt-0349-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

བའི་རྒྱུད་ཆེན་པོ་གསུམ་ཙམ་འགྱུར་བ་རྫོགས་སོ།། །། རྒྱ་གར་སྐད་དུ། བཛྲ་ཀི་ལ་ཡ་དི་དཤ་ཏནྟྲ། བོད་སྐད་དུ། །རྡོརྗེ་ཕུར་པ་བཅུ་གཉིས་ཀྱི་རྒྱུད། རིགས་ལྔའི་བདེབར་གཤེགསཔ་ཐམས་ཅད་ཀྱི་སྲས། བཅོམལྡན་འདས་འཇིགས་བྱེད་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའིདུས་གཅིག་ན། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་བཛྲ་ཀི་ལ་ཡ་དང། ཀུན་གཞི་ཀུན་ཏུ་བཟང་མོ་བཙུན་མོ་ཡུམ་གྱི་བྷ་ག་ལ་ཡིད་ཀུན་ཏུ་བཟང་པོ་ཡེ་ཤེསའཁོར་དང་བཅས་པ་རྣམས། དབྱིངས་ཡེ་ཤེས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པར་གནས་པར་བཞུགས་སོ། །དྲག་པོ་མཐིང་ནག་འབར་བའི་ནང་ནས། བཅོམ་ལྡན་བཛྲ་ཀི་ལ་ཡ་བཞེངས་ནས། ཆོས་ཉིདཞི་བས་འདུལ་བའི་སྐབས་ལ་མ་བབ་སྟེ། མཚན་མ་མེད་པ་དང་བྲལ། མཚན་མ་ཅན་ལ་ཞེན་ཆགས་པས། གདུག་པ་ཅན་དྲེགས་པ་ཅན་དུ་སྨིན་ཏེ་སེམས་ཅན་ཐམས་ཅད་གནོད་ཅིང་འཚེ། སངས་རྒྱས་ཀྱི་བསྟན་ལ་གནོད་པ་ཐམས་ཅད་ཚར་བཅད་པའི་ཕྱིར་མི་གཡོ་བ་རབ་ཏུ་དྲག་པོའི་དཔུང་རྣམ་པར་ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐབས་མཁས་པའི་དྲག་པོའི་ཕྲིན་ལས་ཀྱིས་འདུལ་བར་གཟིགས་ནས། སྐུ་རབ་ཏུ་ཁྲོས་པ་མི་བཟད་པ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ལས་གསང་སྔགས་འདི་བྱུང་ངོ་། ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦབིསྣྲུ༷་བ༷་ཧུ༷་ཕཊ། ཅེས་བརྗོད་པས་ཐུན་མོང་མ་ཡིན་པའི་གནས་ནས། ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་སྤྲུལ་ལོ། །ཅིའི་ཕྱིར་ཞེ་ན། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཔྱེ་ཆེན་པོ་དང་། གནོད་སྦྱིན་དང་། ཡི་དྭགས་དང་། ཤ་ཟ་དང་། དྲི་ཟ་དང་། འབྱུང་པོ་དང་། སྐེམ་བྱེད་དང་། བརྗོད་བྱེད་དང་། སྨྱོ་བྱེད་དང་། ལྷ་ཆེན་པོ་དང་། ཕྱོགས་སྐྱོང་བ་བཅུ་དང་། །མཁའ་འགྲོ་མ་ལ་སོགས་པ་རྣམས་ཐམས་ཅད་གཏི་མུག་གི་དབང་གིས་ལས་རྒྱུ་འབྲས་ཀྱི་དོན་མ་རྟོགས་ཤིང་། མཚན་མ་མེད་པ་དང་བྲལ། །མཚན་མ་ཅན་ལ་མངོན་པར་ཆགས་པས། །ངན་སོང་གསུམ་དུ་ཡང་བསྐལ་པ་མང་པོར་སྡུག་བསྔལ་ཞིང་། མི་བདེ་བ་མང་པོ་ཉམས་སུ་མྱོང་ཞིང་། ལས་ཀྱི་འབྲས་བུས་ལས་ཀྱི་སྲིན་པོར་སྐྱེས་ནས། རྒྱུ་མཐུན་པའི་དབང་གིས་ཤིན་ཏུ་འཇིགས་ཤིང་རྔམ་པ་དང་། མི་སྡུག་པ་དང་། དྲི་ང་བ་དང་། དྲེགས་པ་ཅན་ལ་སོགས་པའི་གཟུགས་སུ་བྱུང་ནས། སེམས་ཅན་ཐམས་ཅད་ལ་འཚེ་བར་བགྱིད། མདངས་འཕྲོག་པར་བགྱིད། གནོད་པར་བགྱིད། བྲེད་སྐད་འདོན་པར་བྱེད། ཡིད་མི་བདེ་བ་མང་པོར་བགྱིད། ཞབྲུག་པར་བྱེད།མྱ་ངན་དུ་བྱེད། སྲོག་དང་བྲལ་བར་བྱེད། འཇོམས་པར་བྱེད་པ་རྣམས་ལ་ཞི་བས་ཕན་པར་མི་འགྱུར་ཏེ། དབུ་དགུ་པ། ཕྱག་བཅོ་བརྒྱད་པ་ཞབས་བགྲད། །སྤྱན་བཟློག་མཆེ་བ་གཙིགས་པ། སྐུ་གསུང་ཐུགས་མི་བཟད་པ་གཅིག་ཏུ་གྱུར་ཏོ། །གསང་བའི་སྔགས་བཅུ་གཉིས་ཕྱུང་ནས་ཀྱང་། སྦྱང་སྒྱུར་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་གྱུར་ཏོ། །ཉིད་ཀྱི་སྐུ་ལས་དིསྟ་ཙཀྲ་ཞེས་འཁོར་ལོ་རྒྱས་འདེབ་མ་གཡོན་ཕྱོགས་སུ་འཐོན་ཏོ། ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལས་སྲས་མཆོག་རྡོ་རྗེ་ཐོ་བ་ལྕགས་ཀྱུ་ཐོགས་པ་གྲངས་མེད་པས། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཛ་ཛ་ཧུ༷་ཧུ༷་ཕཊ་ཕཊ། ཏི་ར་བ༷་ཀི་ལ་ཡ། སོད་ཆོམ། གཏོགས། ཐབས་ཤེས་རབ་ལས། ཆ་འཛིན་ཉི་ཤུ་བྱུང་། དེ་ལས་ཆ་འཛིན་གྲངས་མེད་པ་བྱུང་སྟེ། གདུག་པ་ཅན་བསྒྲལ་ཏེ། རྩ་བ་དབྱིངས་དང་ཡེ་ཤེས་ལས་ཆ་འཛིན་ཉི་ཤུ་བྱུང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཉི་ཤུ་བྱུང་། དེ་ལས་བྱང་ཆུབ་ཀྱི་སེམས་གྲངས་མེད་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། ཡིད་ལ་དྲན་པའི་སྙིང་པོ་བརྗོད་པ་ཙམ་གྱིས། ཉི་ཟེར་ལ་སེར་བ་འབབ་པ་བཞིན་དུ་སྤྲུལ་པའི་སྐུ་བྱུང་སྟེ། གདགས་ཤིང་བསྒྲལ་ལོ། །དེ་ནས་འཇིགས་བྱེད་དྲེགས་པའི་བདག་པོ་རྒྱ་མཚོ་ཙམ་ཞལ་དུ་རྔུབས་སོ། །དེ་ནས་བཛྲ་ཀི་ལ་ཡའི་འོད་ཟེར་ལུས་ལ་བསྟིམ་པ་ལ། བསྒྲལ་འབོག་བཅོལ་བ་བརྒྱལ་བསངས་ཏེ། དྲན་པ་རྙེད་དེ་བཛྲ་ཀི་ལ་ཡའི་ཡང་དག་པའི་བདེན་པ་མཐོང་ངོ་། །དེའི་གདུག་ཅན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་བཅུག་པ་དེའི་ཚེ་དེའི་དུས་སུ། །ཕྱོགས་བཅུའི་ཡེ་ཤེས་ཀྱི་ཁྲོ་བོ་དང་། དབྱིངས་དང་ཁྲོ་མོ་ལས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས། གཏི་མུག་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་མཚན་ཉིད་ཐོབ་པའོ། འཇིགས་བྱེད་ཆེན་པོའི་བྱིན་རླབས་ལས། ཀརྨ་ཤི་ཧེ་རུ་ཀ་ཞེས་པས། ཁྲོ་བོ་ཀརྨ་ཧེ་རུ་ཀ་ལྗང་ནག །སྐུ་གསུང་ཐུགས་ཉིད་ལས་མི་གཞན་པ་འཐོན་ཏོ། །ཐུགས་ཀ་ནས་ཀྱང་སྲས་མཆོག་སྟོད་ཞལ་གསུམ་ཕྱག་དྲུག་པ་ལ། སྨད་ལྕགས་ཕུར་ཟུར་གསུམ་པ་གྲངས་མེད་པ་ཐོན་ཏོ། །སྔོན་གྱི་ཐུགས་དམ་གྱི་དབང་གིས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་རྗེས་སུ་དྲན་ནས་གདུག་པ་ཅན་ཚར་བཅད་དེ། དེའི་ཚེ་འཇིགས་བྱེད་ཆེན་པོ་དང་། ཁྲོ་བོ་རྣམས་ཀྱིས་ལུས་གདན་དུ་ཕུལ་ལོ། །ཡིད་ཕྱི་རབས་ཀྱི་རྗེས་འཇུག་གི་ཚོགས་ཀྱི་གྲོགས་དང་ཆོས་སྐྱོང་བའི་བསྲུང་མར་དམ་བཅས་ཏེ། རྒྱལ་པོ་བཙོན་དུ་བཟུང་ན་དམངས་ཆམ་ལ་ཕེབས་ཏེ། དབང་མེད་དད་པས་བསྡུས་པའི་འཁོར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས། གླེང་གཞིའི་ལེའུ་སྟེ་དང་པའོ།། །།དེ་ནས་ཀརྨ་ཧེ་རུ་ཀས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། །བཅོམ་ལྡན་བཛྲ་ཀི་ལ་ཡ། །དཔྱང་ཐག་ཆད་པའི་བློ་ངན་འཁོར་བ་ལ། ཐུགས་རྗེས་བཟུང་ནས་ཆོ་འཕྲུལ་བསྟན་པ་འདི་ལྟ་བུའི་རྫུ་འཕྲུལ་ངོ་མཚར་ཆེ། དེའི་རྗེས་སུ་སྒྲུབ་པའི་རྣལ་འབྱོར་པས། །དེ་ལྟརདེབཞིནཡངདགདོན། །གསང་བའི་བདག་པོས་བསྟན་དུ་གསོལ། །ཞེས་གསོལ་པས། །དེ་ནས་ཀི་ལ་ཡའི་བདག་པོས། །སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ལ། རྗེས་སུ་འཇུག་པའི་རྣལ་འབྱོར་རྣམས། །ཡང་དག་དོན་ནི་ངས་བསྟན་གྱི། །གསང་སྔགས་ཡང་དག་དོན་དམ་ནི། །ཐེག་པ་གསུམ་ནི་རྒྱབ་ཀྱིས་ཕྱོགས། །སྐལ་བ་ཆུང་བ་སྣོད་མེད་དེ། །དཀའ་ཐུབ་བསྡམས་ཤིང་དམ་ཚིག་མེད། །དོན་གྱི་གསང་སྔགས་མིང་དུ་མིང་བསྒྲག་ཅིང་། །ཉེ་ལམ་གོལ་ཏེ་དོན་ལས་འགྱང་། །ཨེ་མ་ཧོ། རྒྱུད་འདི་རྟོགས་པར་དཀའ། །བསམ་པ་མཆོག་ཏུ་གྱུར་པའོ། །དབྱིངས་ཉིད་རིགས་པ་རྒྱུན་མི་གཅད། །རྟོག་པ་བོར་བའི་ཕ་རོལ་ན། །རྟོག་མེད་བཙལ་བས་མི་རྙེད་པས། །རྟོག་དང་མ་རྟོག་གཉིས་མེད་ལ། །ཡང་དག་དོན་གྱི་སྙིང་པོ་ནི། །བདེ་བར་གཤེགས་པས་མི་གཟིགས་སོ། །ཀུན་ཀྱང་བྱང་ཆུབ་སྙིང་པོ་པས། །སངས་རྒྱས་གཞན་ནས་བཙལ་དུ་མེད། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །དེ་བཞིན་ཉིད་ནི་བརྡལ་བའོ། །སྟོང་ཉིད་ཡེ་ཤེས་དག་པ་ལ། །གཟུགས་སྐུ་རྣམ་གཉིས་བྱིན་རླབ་ཅན། །འདི་ནི་རང་བཞིན་དག་པའོ། །འདི་ནི་དོན་དམ་ནས་བསྔགས་ཏེ། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །རང་བཞིན་སྣོད་མིན་གསང་བས་གྲུབ། །སངས་རྒྱས་ཕྱི་སླད་མི་རེ་བས། །སྔ་མ་སྦྱངས་པའི་མཁྱེན་རབས་ཅན། །རང་ལས་སངས་རྒྱས་ཡེ་ཤེས་རྟོགས། །ཆོས་ཉིད་བདེན་པའི་བྱིན་རླབ་མཐུས། །ཐབས་མང་ཐབས་མཁས་ཐབས་མྱུར་བས། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །གསང་སྔགས་འབྲལ་ཤ་དིསྟ་ཐ་དང་། །རྡོ་རྗེ་ཁྲོས་པ་ཞེས་སོགས་ནས། །མཐར་གནས་ཐུགས་ཀྱི་ས་བོན་བར་དག་གིས། །རྣལ་འབྱོར་དགོངས་དོན་སློང་བར་བྱ། །ཡང་དག་དབྱིག་གི་གཏེར་བྲུས་ལ། །ཞིང་རབ་གཤིན་ལ་ས་བོན་གདབ། །གླེན་པའི་བརྟུལ་ཞུགས་དྲག་པོ་དང་། །སྟུ་སུ་ཀུ་ཡི་སྤྱོད་པ་ཡིས། །བདེན་རྫུན་ལེ་ལོ་རེ་དོགས་དང་། །ཐེ་ཚོམ་མེད་ན་ཀུན་གྱིས་གྲུབ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །རེ་རེ་ལ་ཡང་གསུམ་གསུམ་མོ། །མ་དང་བུ་མོ་ཆུང་མ་དང་། །རབ་ཏུ་བརྒྱན་པ་དག་དང་ནི། །ངག་སྙན་ཚིག་མཚོན་མ་ཤོར་བ། །སྣོད་ངན་གསང་བ་མི་སྤེལ་བ། །སེམས་བསྐྱེད་ང་རྒྱལ་མ་ཡེངས་པ། །གསང་སྔགས་དམ་ལས་མི་འདའ་བས། །དོན་དམ་སེམས་བསྐྱེད་སྲོག་དང་མི་འབྲལ་ལ། །རྫུན་ཚིག་བརླང་པོར་སྨྲ་བ་དང་། །སྦྱོར་སྒྲོལ་མ་བྱིན་ལེན་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དྲི་ཆེན་དྲི་ཆུ་རཀྟ་དང་། །མྱ༷་ས་ཟིལ་པས་བརྒྱན་པར་བྱའོ། །དོན་དམ་ཀུན་རྫོབ་ཕྱིན་ཅི་ལོག །གནང་བཀག་གཉིས་ནི་བདེར་གསུངས་པ། ཁུ།ད་དང་ལུང་དང་མན་ངག་དང་། །རབ་འབྲིང་གསུམ་དུ་བཤད་པར་བྱ། །ཐུགས་སྐུ་མཚོན་ཆེན་སྔོན་པོ་འབར་བ་ཡིས། །སྣང་བ་ཡེ་ཤེས་ཆོ་འཕྲུལ་གསུམ་གྱིས་སྦྱངས། །ཕྱི་ནང་ཡེ་ཤེས་ཆོ་འཕྲུལ་གསུམ་གྱིས་སྦྱངས། །ཕྱི་ནང་ཡེ་ཤེས་རྟོག་པ་གཞིལ་བར་འགྱུར། །ཨ་ཧུ༷་ར༷་ཡ༷་ཁ༷། ཨེ་ཨ༷་ར་སུ༷་ཀེ་བྷན་དྷ་རྒྱུ༷། ར༷་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་པ་ནི། །ཞིང་ཁམས་འབར་བའི་ཀློང་དཀྱིལ་ན། །རྡོ་རྗེ་གཤོན་ནུ་རྒྱས་འདེབས་མོ། །ཧྭ༷་ཀྭ་ར་དང་སྒྲ་འབྱིན་མ། །རྣམ་པ་བརྒྱལ་དང་རྣམ་སྙེམས་མ། །དབྱུག་པ་སྔོ་ན་པོ་སྡེར་མོ་དང་། །གཤིན་རྗེའི་གཤེད་པོ་དུར་ཁྲོད་མ། །མི་གཡོ་མགོན་པོ་གཏུན་ཁུང་མ། །རྟ་མགྲིན་རྒྱལ་པོ་གཏུམ་མོ་མ། །གཞན་གྱིས་མི་ཐུབ་མདའ་སྙེམས་མ། །བདུད་རྩི་འཁྱིལ་བརླུད་འབྱིན་མ། །ཁམས་གསུམ་རྣམ་རྒྱལ་གསོད་མ་དང་། །སྟོབས་པོ་ཆེ་དང་བསྐྱོད་མ་དང་། །གཉིས་སུ་མེད་པའི་སྤྲུལ་པ་ཕྲ་མེན་དང་། །ཕག་མགོ་གཡག་མགོ་སྟག་མགོ་དང་། ཁྲ་བ་གཟིགས་དང་བྱི་ལའི་མགོ །སྤྱང་མོའི་མགོ་དང་སེང་གེའི་མགོ །དྲེད་མོ་དོམ་གྱི་མགོ་རུ་བསྟན། །སྨིག་བུ་བྱ་རོག་བྱ་རྒོད་མགོ །འུག་པ་ཁུ་ཏ་པུ་ཤུད་མགོ །ཁྲ་ཡི་མགོ་དང་ཕ་ཝང་མགོ །སྲེ་མོའི་མགོ་དང་བྱི་བའི་མགོ །ཡང་སྤྲུལ་སུམ་སྤྲུལ་གྲངས་མེད་ཀྱིས། །སྲིད་པ་རླུད་ཡང་མི་འཆོར་གཏམས། །དེབཞིནགཤེགསཔཐམས་ཅད་ཀྱི་སྐུ་གསུང་ཐུགས། །ཀི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས། ཡང་དག་པའི་དོན་གྱི་དགོངས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོས། རྡོ་རྗེ་གསང་སྔགས་དྲག་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །འཁོར་གྱི་བྱང་ཆུབ་སེམས་དཔའ་རྗེས་འཇུག་རྣམས། །ཨེ་མ་ཧོ། སངས་རྒྱས་ཐམས་ཅད་ཀྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །འདའ་དཀའ་དེ་བཞིན་མི་ཤིགས་པ། །འདའ་བར་མི་མཛད་དམ་ཚིག་ཅན། །ཕྱོགས་བཅུ་དུས་གསུམ་རང་བཞིན་དག །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །རང་གི་རྟོག་པ་ཕྲ་རྒྱས་ཀྱིས། །སོ་སོར་སྨིན་ཅིང་སྡུག་བསྔལ་བ། །གྲོལ་བར་བྱ་ཕྱིར་བླ་མེད་རྣམས། །བསྟན་ཕྱིར་རྫོགས་ལོངས་སྤྲུལ་པར་མཛད། །འོག་མིན་བཙུན་མོའི་བྷ་ག་ནས། །དྲག་པོ་མཐིང་ནག་འབར་བ་བཞེངས། །མགོན་པོ་བདག་ཉིད་ཆེན་པོ་བས། །རྡོ་རྗེ་གསང་སྔགས་འཁོར་ལོ་བསྐོར། །སྔགས་ཀྱི་དབང་པོ་བཀྲམ་ནས་ནི། །ཀུན་གྱི་དོན་དུ་གསུངས་པ་འདི། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །འཁོར་གྱི་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྗེས་འཇུག་བརྟན་པོར་བཟུང་། །ནམ་མཁའ་མཐའ་མེད་ཆོས་དབྱིངས་གཞལ་ཡས་ཁང་། ། ཐིགས་པ་ལྟ་བུར་སྣང་སྲིད་དངོས་མེད་ཤར། །སྲོག་སེམས་གོ་རུརྡོརྗེགཤོནནུརཤར། །སྣང་སྲིད་ཕུང་པོ་རྡོ་རྗེར་ཡང་དག་གཏམས། །གསང་སྔགས་དོན་གྱི་དང་པོ་ལ། །དཀྱུས་ཚིག་འབྲུ་ཚིག་དོན་ཚིག་དང་། །དཀྱུས་ཚིག་གཉིས་དང་འབྲུ་ཚིག་དགུ། །དོན་ཚིག་བརྒྱད་དང་མན་ངག་ནི། །རིན་ཆེན་དག་ལ་བྲི་བར་བྱ། །དང་པོ་གཉིས་མེད་བྱང་ཆུབ་སེམས་ལྡན། །གཉིས་པས་རིགས་ནི་སོ་སོར་བསྟན། །གསུམ་པས་དྲག་པོའི་བཛབ་དགོངས་བསྟན། །བཞི་པས་སྐུ་གསུང་ཐུགས་སུ་བསྟན། །དོན་དེ་ཤེས་པའི་རྣལ་འབྱོར་པས། །བཟླས་པའི་ལས་ལ་འཇུག་པར་བྱ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣྲུ༷་བ༷་ཧྭ༷་ཕཊ།ཨོ༷་བཛྲ་ཀྲོ་དྷ་ཧུ༷་ཀྭ་ར་ཧུ༷། ཨོ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧུ༷། ཨོ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧུ༷། ཨོ་བཛྲ་ཀྲོ་དྷ་ཡ་མྱརྙ་ཀ་ཧུ༷། ཨོ་བཛྲ་ཀྲོ་དྷ་ཨུརུ་ཨ་ཙ་ལ་ཧུ༷། ཨོ་བཛྲ་ཀྲོ་དྷ་ཧ་ཡ་རྒི་ཝ་ཧུ༷། ཨོ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧུ༷། ཨོ་བཛྲ་ཀྲོ་་དྷ་ཨ་སྐྲོ་ཏ་ཀུཎྜལི་ཧུ༷། ཨོ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧྭ༷། ཨོ་བཛྲ་ཀྲོ་དྷ་མ་ཧྭ་བ་ལ་ཧུ༷། ཨོ་དིསྟ་ཙཀྲ་ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ཤྭ་ཡ་བྱི་ཏི་ཧུ༷་ཕཊ། །ཨོ་བཛྲ་ཀྲོ་དྷི་ལྭ་པྱ་མུ་ཁ་ཧུ༷་ཕཊ། ཨོ་བཛྲ་་ཀྲོ་དྷི་དྲ་ཏྲེ་ཛ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ཏྲ་ན་བ་རི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ཛ་ལ་རི་རི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ཛ་ཡ་ཧི་ཧི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་ཤ་ཡ་ཏི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་བ་ཡ་བེ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་དྷི་མ་ར་ན་ཧུ༷་ཕཊ། ཨོ་བཛྲ་དྷི་ཙུ་ན་དེ་ཧུ༷་ཕཊ།གརྫ་གརྫ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། ད་ཧ་ད་ཧ་ཧུ༷་ཕཊ། པ་ཙ་པ་ཧུ༷་ཕཊ། བྷརྙ་བྷརྙ་ཧུ༷་ཕཊ། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། ཏིཇི་ཏིཛིཧུ༷ ཕཊ། སྣྲིནྟྲསྣྲིནྟྲཧུ༷ ཕཊ བིསྟོབིསྟོ་ཧུ༷་ཕཊ། སྤྲོ་ཊ་སྤོ་ཊ་ཧུ༷་ཕཊ། བཛྲ་ཨུ་ཀ་མུ་ཁ་ཧེ།བཛྲ་བྱུ་སྒྲི་མུ་ཁ་ཧེ། བཛྲ་ཙ་ཏེ་མུ་ཁ་ཧེ། བཛྲ་ཧ་རི་མུ་ཁ་ཧེ། བཛྲ་བྱ་རི་མུ་ཁ་ཧེ། བཛྲ་ཙ་ལ་མུ་ཁ་ཧེ། བཛྲ་ཤྭ་ན་མུ་ཁ་ཧེ། བཛྲ་སིང་ཧ་མུ་ཁ་ཧེ། བཛྲ་ཤ་ཏ་མུ་ཁ་ཧེ། །བཛྲ་རསྣ་མུ་ཁ་ཧེ། བཛྲ་ཡསྣ་མུ་ཁ་ཧེ། བཛྲ་གྲོ་རྟེ་མུ་ཁ་ཧེ། བཛྲ་ཀ༷་ཀྭ་མུ་ཁ་ཧེ། བཛྲ་ཧུ་ལུ་མུ་ཁ་ཧེ། བཛྲ་བ་ཡ་ཏ་མུ་ཁ་ཧེ། བཛྲ་བི་ཤ་མུ་ཁ་ཧེ། བཛྲ་ཙ་ར་མུ་ཁ་ཧེ། བཛྲ་ན་ཀུ་ལ་མུ་ཁ་ཧེ། བཛྲ་ཏི་ཏི་མུ་ཁ་ཧེ། བཛྲ་ཀ་སི་ཀ་མུ་ཁ་ཧེ། སྲུརུ་ཙནྟྲ་ཡེ། ཨིསྡུ་ཡ། ཨསྣ་ཡེ། ཡ་མ་ཡེ། ནེ་རི་ཏི། བ་རུ་ན། བ་ཡ་བེ། ཀུ་བེ་ར། ཨིསྒྲུ་ཡ། ཨུ་ཏི་ཤན་རེ། ཏི་ར་བ༷། ཨོ་ཨུ༷༷ཧུ༷། ཨ་མྲི་ཏ་ཀུཎྜལི་ཧུ༷། ན་མ༷༷སརྦ་ཏ་ཐུ་ག་ཏ་པ྅་ཨ་མྲི་ཏ་ཁུ་ཧི། །ཨོ་བཛྲ་ཀི་ལི་ཀི་ལ་ཡ། །ཨོ་བུད་དྷ་ཀི་ལི་ཀི་ལ་ཡ།ཨོ་རཏྣ་ཀི་ལི་ཀི་ལ་ཡ། ཨོ་པདྨ་ཀི་ལི་ཀི་ལ་ཡ། ཨོ་ཀརྨ་ཀི་ལི་ཀི་ལ་ཡ། སུསྟ་ནི་སུསྟ་ཧུ༷། གྲོ་ཎྜ་གྲི་ཎྜ་ཧུ༷་ཕཊ། གྲིཟློ་པ་ཡ་གྲོ༔་པ་ཡ་ཧུ༷་ཕཊ། བྷ་ག་བཱན་བིབྱ་རྭ་ཛ་ཡ་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། ཛ་ལ་ཛ་ལ པྲ་ཛ་ལ་པྲ་ཛ་ལ་སརྦ་ན་ས་བ་ནི་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ། སརྦ་དུ་་བག་པྲི་་་་དྷ་ཡ་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀྱི་ལ་ཡ། ཛིསྟོ་ཚིརྙ་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་དུ་་ཧྭ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་པུ་རུ་པུ་རུ་ཨུ་ཙུསྨ་མ་ཧྭ་ཀྲོ་དྷ་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ཡ་བིང་སིད་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡཨུཙུཤསྣྲིསྟོཚིརྙཧུ༷ཕཊ། ཨོ་བཛྲ་ཀྲོ་དྷ་ཀི་ལི་ཀི་ལ་ཡ་ཀྲོ་དྷ་མུ་ཀ་མྱ་ར་ཡ་ཧུ༷་ཕཊ། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ན་མ༷༷ས་མརྙ་པུ་ཤུད་དེ་བེ་ར་བེ་ར་ཧཱུཾ་ཕཊ། ཨོ་ལ༷་ཧུ༷་ལ༷་ཙྭ་བྷ་ནན། མོ་ཧ་ཀྟ་ཡ་བྷ་ག་བཱན། ཤི་ཀྲི་བི་ཀྲི་ཤི་བཛྲ་ཧུ༷་ཀྭ་ར་ཧུ༷་ཧུ༷། ཕཊ་ཕཊ། བཛྲ་ཀི་ལི་ཀི་ཡ་ཛ་ཧུ༷་ཕཊ། སརྦ་བིསྣན། བཛྲ་ཀི་ལ་ཡ་ཧུ༷་ཧུ༷་ཕཊ་ཕཊ། བཛྲ་ཧུ༷་ཀྭ་ར་ཧུ༷་ཕཊ། ཧུ༷་ཀྭ་ར་ཨ། ཧུ༷་པ་ར་སི་ཏ་ད་ཧུ༷་ཕཊ། ཚིརྙ་ཚིརྙ་ཧུ༷་ཕཊ། བིནྟྲ་བིརྙ་ཧྲུ༷་ཕཊ། གྲོ་ཎྜ་གྲོ་ཎྜ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། བརྙ་བརྙ་ཧུ༷་ཕཊ། ཏ་ཐུ་ག་ཏ་ཡ་ཧུ༷་ཕཊ། ཧ་ས་ཡ་ར་ན་ད་ཧ་ཏ་ན་ཧུ༷་ཕཊ། ཤི་སྣྲ༷་ཨུ་ན་ཡ་ཧུ༷་ཕཊ། ཛ་ལ་པ་ཡ་ཛ་ལ་པ་ཡ་ཧུ༷་ཕཊ། ཨུ་བེ་ཤ་ཡ་ཨུ་བེ་ཡ་ཧུ༷་ཕཊ། བིད་ད་ཡ་བིད་ད་ཡ་ཧུ༷་ཕཊ། ཨི་་ན་མ༷༷ས་མརྙ། ཀ་ཡ་བཱཀ་ཙིསྟ་བཛྲ་ཎའ༷། ལྷུ་ལྷུ་ལྷུ་ཏ་ཡ་སརྦ་དུཛི༷་ཕཊ། ཀི་ལི་ཀི་ལ་ཡ། སརྦ་བཱ་པ༷་ཧུ༷་ཕཊ།ཧུ༷་ཧུ༷་བཛྲ་ཀི་ལ་ཡ་བཛྲ་དྷ་ར་ཨུ་ཙྭ་པ་ཡ་ཏི། སརྦ་བིསྣྲུ༷་ཀྭ་ཡུ་ཡ་བཱཀ་ཙིཉི། བཛྲ་ཀི་ལ་ཡ་ཧུ༷་ཕཊ། ཤཱརྙི་ཀུ་རུ་གྲྭ་ཧྭ། ཚུརྙུ་ཀུ་རུ་གྲྭ་ཧྭ། བ་ཤ༷་ཀུ་རུ་གྲྭ་ཧྭ། སྨྱུ་ར་ཡ་ཀུ་རུ་གྲྭ་ཧྭ། ཌའསྐི་ར༷་ཛ་ལ་ར༷་ཁུ་ཧི། ཀྲོ་དྷ་ར༷་ཛ་ལ་ཁ་ར༷་ཁུ་ཧི། ཧ་ལ་ར༷་ཛ་ལ་ར༷་ཁུ་ཧི། ར༷་ར༷་ཏྲ༷་ཤ༷་ཛ་ལ་ར༷་ཁུ་ཧི། ཡོ་གི་ཁ་ར༷་ཛ་ལ་ར༷་ཁུ་ཧི། །ཨེ་གྱེ་ཧི་བྷ་ག་བཱན། མ་ཧྭ་ཀྭ་རུ་ཁི་ཀདྲི་ཤུ། ས་མ་ཡ་ཧོ། ས་མ་ཡ་སྟུ༷། ཨི་་ཨུ༷༷ཧུ༷་གྲྭ་ཧྭ་ཧུ༷་ཧུ༷་བཛྲ་ཙིསྟ་ཧུ༷། ཨ་ཨ་བརྡོ་ས་མརྙ་བྷ་ཏྲི་ཧུ༷། བཛྲ་བྷརྙ་ཨུ་ཡུ་ཨ་བཛྲ་པྲ་བ་ཤ་ཡ། ཨུ་བེ་ཤ་ཡ་ཨ་ཨ་ཧ་ན་ཧ་ན། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ མ་ཐ་མ་ཐ་བཛྲ ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཡེ་བཛྲ། ཛ་ཡེ་བི་ཛ་ཡེ ཨ་ཙི་ཏེ། མ་ར་སེ་ན་པྲ་མར་ད་ནི་ཡེ་ཧུ༷་ཕཊ། ཧུ༷་མ་མ་ནི་ཀུ་མ་ཏྲ༷་བྱ། ཀ་ར་ཨི་ནན། ད་ཏྲི་མ་མ་ཀརྨ་གྲི་ཀྲ༷་ཀ་རེ་ཡེ། སརྦ་ཨུ་ན་ཡ་ཧཱུཾ་ཕཊ། ཏ་ཐུ་ཡ་ཧུ༷་ཕཊ། ཁ་ཐ༷་ཁ་ཐ༷་ཁ་ཐ༷། ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། བཛྲ་ཡསྒ་ཀྲོ་དྷ་ཁུ་ཧེ་ཁུ་ཧི། ཧ་ཧ་ཧ། ཧུ༷་ཧུ༷་ཧུ༷། ཕཊ་ཕཊ་ཕཊ། ཧུ༷་ཕཊ་ཧུ༷་ཕཊ་ཧུ༷་ཕཊ། ཧུ༷་ཧུ༷་ཧྭ༷། ཕཊ་ཕཊ་ཕཊ། ང་ནི་བདུད་ཀྱི་བདུད་བདག་གསང་སྔགས་འདི། །རྡོ་རྗེ་འཛིན་འགུགས་འབེབས་པའི་སྒྲོལ་བའི་མཐུ། །རྡོ་རྗེ་འཛིན་འགུགས་དཀྱུས་ཚིག་ཨེ་ཀ་ནི། །ཨོ་ན་མ་གསང་སྔགས་ཀྱིས། ཕྱོགས་བཅུའི་བདེ་གཤེགས་ཐུགས་ཀྱི་གསང་སྔགས་ཀྱིས། །བྱིན་རླབ་ཆོས་ཉིད་བདེན་པའི་མཐུས། །རྡོ་རྗེ་སྡེར་མོའི་དཀྱུས་ཚིག་གསང་སྔགས་ཀྱིས། །གདུག་པའི་ལུས་ངག་ཡིད་གསུམ་སྙིང་གར་མནན་པའི་མཐུ། །རྡོ་རྗེ་འཛིན་འགུགས་དཀྱུས་ཚིག་ཏྲི་ཡི་གསང་སྔགས་ཀྱིས། །གདུག་པའི་དབང་པོ་འདུ་རྟེན་ཀླད་པ་བརྒྱ་ཚལ་འགས་པའི་མཐུ། །རྡོ་རྗེ་འཛིན་འགུགས་དཀྱུས་ཚིག་ཙ་རའི་གསང་སྔགས་ཀྱིས། །གདུག་པ་ཐམས་ཅད་དབང་པོ་རྣམ་ཤེས་བསྡམས་ཤིང་སྒྲོལ་བའི་མཐུ། །རྡོ་རྗེ་འཛིན་འགུགས་དཀྱུས་ཚིག་པསྩོའི་གསང་སྔགས་ཀྱིས། །གདུག་པའི་སྙིང་ནས་འདེབས་པར་བྱེད་པའི་མཐུ། །རྡོ་རྗེ་སྡེར་མོའི་དཀྱུས་ཚིག་ཆ་ཡི་གསང་སྔགས་ཀྱིས། །གདུག་པ་ཐམས་ཅད་རྩ་སྦུབས་བཙིར་ཞིང་ཁྲག་སྒྱུགས་སྒྲོལ་བའི་མཐུ། །རྡོ་རྗེ་འཛིན་འགུགས་དཀྱུསཚིགཙིསྟའིགསངསྔགས་ཀྱིས། །ཐུགས་ཀྱི་གསང་སྔགས་དབང་དུ་བསྡུས་ནས་གཉིས་མེད་འདེབས་པའི་ཚུལ། །རྡོ་རྗེ་སྡེར་མོ་དཀྱུས་ཚིག་ཙ་ཡི་གསང་སྔགས་ཀྱིས། །ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་ཐུགས་ཀྱི་དངོས་གྲུབ་ཐོབ་པའི་མཐུ། །རྡོ་རྗེ་འཛིན་འགུགས་དཀྱུས་ཚིག་དུ་ཝའི་གསང་སྔགས་ཀྱིས། །གདུག་པ་ཐམས་ཅད་དབང་མེད་འཚིར་པའི་མཐུ། །རྡོ་རྗེ་སྡེར་མོའི་དཀྱུས་ཚིག་བྲིན་ཛའི་གསང་སྔགས་ཀྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པའི་མཐུ། །རྡོ་རྗེ་སྡེར་མོ་དཀྱུས་ཚིག་སྤྲིན་ཛ་ཨེ་ཀའི་གསང་སྔགས་ཀྱིས། །རྡོ་རྗེ་ཕུར་པ་གཟི་བྱིན་བསྐྱེད་ཅིང་དབང་དུ་བསྡུས་ནས་སྒྲོལ་བའི་མཐུ། །བདུད་ཀྱི་བདུད་ཆེན་བདུད་ཀྱི་ཡུམ་བཞིའི་གསང་སྔགས་འདི། །ཕྲིན་ལས་དཀྱུས་ཚིག་ཨེ་ཀའི་གསང་སྔགས་ཀྱིས། །གདུག་པ་དགས་ཤིང་ཡན་ལག་གནོན་པའི་མཐུ། །ཕྲིན་ལས་དཀྱུས་ཚིག་ར་ཡི་གསང་སྔགས་ཀྱིས། །གདུག་པའི་དབང་པོ་བཅིང་ཞིང་གནོན་པའི་མཐུ། །ཕྲིན་ལས་དཀྱུས་ཚིག་ཏྲི་ཡི་གསང་སྔགས་རྣམ་ཤེས་སྡོམ་ཞིང་གནོན་པའི་མཐུ། །ཕྲིན་ལས་དཀྱུས་ཚིག་ཙ་རའི་གསང་སྔགས་ཀྱིས། །གདུག་པའི་གཟུགས་ཕུང་རྡུལ་དུ་བརླག་ཅིང་གནན་པའི་མཐུ། །ཕྲིན་ལས་དཀྱུས་ཚིག་པསྩོརེ་གསང་སྔགས་ཀྱིས། །བཅོམ་ལྡན་འདས་བདུད་བདག་བཀའ་བསྒོ་ཉན་པའི་མཐུ། །ཕྲིན་ལས་དཀྱུས་ཚིག་ཚ་ཡི་གསང་སྔགས་ཀྱིས། །ཁྲོ་རྒྱལ་བྱིན་བརླབ་མི་གཡོ་བ་ཡི་སྔགས། །དབང་དུ་བསྡུས་ནས་དྲག་ཏུ་མནན་སྒྲོལ་མཐུ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །བདུད་ཀུན་གྱི་ནི་བདུད་ཆེན་པོ། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་པོ། །གཡས་པ་དགུ་ནི་ཟ་བྱེད་དགུ། །གཡོན་ང་དགུ་རྣི་གསོད་བྱེད་དགུ། །ཕྲ་མེན་ཕྱག་ནས་འོད་ཟེར་འཕྲོ། ཤེན་ཏུ་མི་སྲུན་ག་་བག་ཅན། །སྣང་བའི་དུག་ལྔ་རབ་ཏུ་འབར། །ཀི་ལ་ཡ་ཡི་སྒྲ་སྒྲོགས་པས། །གཡོས་སོ་རབ་ཏུ་གཡོས་སོ། ཁྲེན་ཏུ་རབ་ཏུ་གཡོས་སོ་གཡོས་པར་གྱུར་ཏོ། །འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་བརྒྱལ་བ་སངས་ནས་རབ་ཏུ་སྐྲག་པར་གྱུར་ནས། འཇིགས་བྱེད་ཆེན་པོའི་བདུད་བདག་གི །ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། སྐྱབས་སུ་གསོལ་ཏེ་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་ཏེ། རྡོ་རྗེ་བདུད་བདག་འཇིགས་བྱེད་ཀྱི། །ཕུར་པའི་འོད་ཟེར་རབ་ཏུ་འབར། །ཁྲོ་བོའི་མེ་དཔུང་འབར་བ་ཡིས། །འཇིགས་ཚུལ་འཆང་བའི་ཁྱད་པར་ཅན། །དབུ་མངས་རྩུབ་པའི་སྒྲ་སྒྲོགས་ཤིང་། །ཕྱག་མངས་འཇིགས་པའི་མཚོན་ཆ་བསྣམས། །འཇིག་རྟེན་ཁམས་ཀུན་ངེས་བཀང་ནས། །ཁྲོ་གཉེར་ཞལ་གདངས་ངར་སྐད་ཀྱིས། །འཇིག་རྟེན་ཁམས་ཀུན་འབྲུག་སྟོང་སྒྲོག །རྒོད་དང་གཤེད་དང་ཟ་བྱེད་པ། །དོན་དང་རྟགས་དང་ལྡན་པ་ཡི། །འབར་བའི་རྒྱན་ཆ་མཚོན་ཆ་འཆང་། །བསྐལ་པ་ཞིག་པའི་སྲིད་རྩེ་འབར། །འཇིག་རྟེན་ཐལ་བར་རླག་མཛད་པ། །དཔའ་བོ་ཁྱོད་ལ་སྐྱབས་སུ་མཆི། །བདུད་བདག་ཁྱོད་ལ་སྐྱབས་སུ་མཆི། །ཁྲོ་རྒྱལ་ཁྱོད་ལ་སྐྱབས་སུ་མཆི། །ཐུགས་རྗེ་ཆེན་པོས་གཟུང་དུ་གསོལ། །ནན་ཏན་ཐུགས་རྗེས་མ་བཟུང་ན། །མགོ་དང་ལུས་ཀྱང་གས་སུ་བགྱི། །མེ་ལྕེ་ཕྲེང་བས་བསྲེག་པར་བགྱིད། །དེ་ཕྱིར་བདག་ཅག་ཐུགས་རྗེས་བཟུང། ཞེས་དྲེགས་པ་ཅན་རྣམས་མཐུན་པར་སྐྱབས་སུ་གསོལ་ནས། མ་དང་སྲིང་མོ་དང་ཆུང་མ་དང་བྲན་མོ་དང་། རིལ་ཕུལ་རེ་སྲས་སུ་གསོལ་ཏེ། གདན་དང་གྲོགས་སྐྱོང་སྟེ། ཆོས་སྐྱོང་བའི་སྲུང་མར་དབང་མེད་དད་པས་བསྡུས་སོ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཀུན་ལ་ཁྱབ་པ་མ་ཡིན་ནོ། །སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མས་ཉམས་དང་འདོད་པས་ཉམས། །འདི་བདུན་སྤང་སྟེ་ཡང་དག་དོན། །བསྒྲུབ་ན་ངེས་པར་འགྲུབ་པའོ། །སྲོག་ལས་ཉམས་པའི་མཚན་ཉིད་ནི། །ཕ་དང་མ་ནི་སློབ་དཔོན་ལ། །འགལ་བ་བསྒྲལ་བ་དམ་པར་བཤད། །དོན་ལས་ཉམས་པའི་མཚན་ཉིད་ནི། །གསང་བ་ལ་སོགས་སྨྲ་ཞིང་སྤེལ། །བཀའ་ལས་ཉམས་པ་འདི་ལྟ་སྟེ། །སྐུར་འདེབས་ལོག་པར་འཁྲིད་ལ་སོགས། །སྦྱོར་སྒྲོལ་ལ་སོགས་གསང་བ་རྣམས། །མངོན་དུ་བྱེད་པ་དམ་པའི་བདུད། །ཡལ་ག་ལ་སོགས་སྐུ་ལ་བསྡོ། །བདག་ལ་མཐུ་དང་རྩལ་འདོད་པ། །ལས་ཀྱིས་ཉམས་པ་དབང་མེད་བསྒྲལ། །སྐྱེ་བ་མེད་པའི་ཆོས་བཤད ཀྱང། །མཚན མའིཆོས ལ ཞེན པསོགས། །མཚན་མ་ཉམས་ཏེ་ཤིན་ཏུ་བསྒྲལ། །རྟག་ཏུ་ཞེན་ཆགས་ཟས་ལ་སོགས། །འདོད་པསཉམས་ཏེ་བསྒྲལ་བ་ཡིན། །དེ་ནས་ཀི་ལ་ཡའི་བདག་པོ་ལ། འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གསོལ་བ། ཀི་ལ་ཡི་བདག་པོ་ལགས། །བསྒྲལ་མ་བསྒྲལ་གྱི་སྐྱོན་ཡོན་ཇི་ལྟར་ལགས། །དེ་དག་བསྒྲལ་ན་རྣལ་འབྱོར་བཙུན། །བདུད་རྣམས་བ་་ན་བསྟན་པ་གཉན། །མེད་པར་བསྒྲལ་ན་བར་ཆད་ཉུང་། །མ་བསྒྲལ་སྐྱོན་ནི་དམྱལ་ཁམས་འཕེལ། །མ་བ་་བར་ཆད་བསམ་མི་ཁྱབ། །ཆོས་ཉིད་བདེན་པ་གསང་སྔགས་བྱིན་རླབས་དང་། །ཐུགས་རྗེ་ཆེན་པོ་སངས་རྒྱས་མཐུ་ཡིས་ནི། །ཨསྟི་ཙྭརུ་གནག་པ་འདི་ཁོ་ནའོ། །ཞེས་ཀི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས། རྡོ་རྗེ་གསང་སྔགས་དྲུག་པོའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཇིགས་བྱེད་ཆེན་པོ་རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྟགས་ཀྱི་དམ་པས་བཀའ་སྩལ་པ། ཨེ་མ་ཧོ་རིགས་ཀྱི་ཁྱད་པར་ཅན། །བྱང་ཆུབ་སེམས་ཀྱི་ཕུར་པ་ལ། །ཕྲིན་ལས་རྣམ་བཞིའི་དཀྱིལ་འཁོར་ལ། །འཁོར་ལོ་བར་ཁྱམས་སྒོ་ཁྱུད་བཅས། ཁེལ་གྱི་དཀྱིལ་འཁོར་བཅས་པ་ལ། །བདུད་ཀྱི་བདུད་བདག་ཁྲོ་བོ་རྣམས། །རྒྱས་འདེབས་ལ་སོགས་ཁྲོ་མོ་རྣམས། །སྟག་གཡག་ལ་སོགས་ཟ་བྱེད་ཚོགས། །གསོད་བྱེད་ལ་སོགས་ཕྲ་མེན་ཚོགས། །ལྕགས་ཀྱུ་ལ་སོགས་དམ་ལ་བཏགས། །གཞལ་ཡས་ཁང་གི་སྒོར་གནས་སོ། །ལྷོ་ནུབ་ཧོམ་ལྔ་ཡང་དགོད་ལ། །ཕྱི་ནང་གསང་བའི་ཧོམ་ཤིང་ལ། །བསྲེག་རྫས་རྣམས་དང་བརྣག་པའོ། ཁྲར་ལྷོར་ཕྲིན་ལས་ཟོར་དཀྱིལ་འཁོར། །མདའ་བཅུ་ལྟས་ངན་སྒྲོ་བཞི་ལ། །ཁྲོ་བཅུའི་སྙིང་པོ་གསལ་བྲིས་ལ། །ཐུན་ཁུང་ཕུར་བདུན་སྐྱེར་མདའ་གཞུ། །ནུབ་བྱང་ཐོད་པའི་མནན་དཀྱིལ་འཁོར། །གདབ་ཕུར་བརྒྱ་ནི་རྩ་བརྒྱད་དེ། ཁུ་གསུམ་ཨེ་ལ་ཐུན་དུ་དབབ། །བྱང་ཤར་རྣག་པ་བསྒྲལ་དཀྱིལ་འཁོར། ཁུ་གསུམ་བང་རིམ་གཉིས་པ་བྲུས། །བརྣག་པའི་རྣམ་ཤེས་དགུག་བསྟིམ་བྱའོ། །དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཆོས་སྐྱོང་དམ་ཅན་དུས་ལ་བབ། །བྲན་དང་ཕོ་ཉ་དེ་བཞིན་བསྐུལ། །སྔོན་དུ་བསྒྲལ་བ་ཉམས་པ་བདུན། །སྔགས་དང་ཏིང་འཛིན་ཕྲིན་ལས་གསུམ། །དཀྱུས་དང་སྦྱར་ལ་གདབ་པར་བྱ། །རབ་འབྲིང་གསུམ་གྱི་རྟགས་བྱུང་ན། །དམ་ཚིག་དྲུག་གི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་སོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང་། །དངོས་གྲུབ་འཕྲོག་ཅིང་འཚེ་བ་བསྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་བཞིན་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །དཀར་ནག་མཚམས་ཀྱི་གནད་ཆེན་ལ། །སོ་སོར་གདབ་དང་དྲིལ་ལ་གདབ། །དགུག་ཅིང་གདབ་དང་བསྲེག་པའོ། །ཞི་རྒྱས་དབང་དང་མངོན་སྦྱོད་དང་། །དྲི་དང་ས་ཡི་ཆོ་གའོ། །ཟློག་དང་རེ་རེ་དྲུག་དྲུག་ག །ཟླུམ་པོའི་དཀྱིལ་འཁོར་རྩིབས་བརྒྱད་ལ། །ལྷ་རྣམས་འཁོར་བཅས་སྤྱན་དྲངས་ཏེ། །མཆོད་རྫས་ཐམས་ཅད་དཀར་པོར་བྱ། །སྔགས་དང་ཏིང་འཛིན་ཕྲིན་ལསརྣམས། །བསྒོམ་ན་ཐམས་ཅད་ཞི་བར་འགྱུར། །ཐོག་མེད་བསགས་པའི་སྡིག་སྒྲིབ་དང་། །གདུག་པ་ཅན་གྱི་དགྲ་བགེགས་རྣམས། །ཐམས་ཅད་མ་ལུས་ཞི་བར་འགྱུར། །འདི་ནི་ཞི་བའི་ལས་ཞེས་བྱ། །དཀྱིལ་འཁོར་ཧོམ་ཁུང་ཟླུམ་པོ་ལ། །རྡོ་རྗེ་པརློས་བརྒྱན་པར་བྱའོ། །བསྲེག་རྫས་དཀར་པོ་མཆོད་བྱས་ནས། །ལྷ་རྣམས་འཁོར་བཅས་ཞི་བར་འགྱུར། །ཆོས་ཉིད་བདེན་པའི་བྱིན་རླབས་མཐུས། །རྣམ་རྟོག་སེམས་འཁྲུག་ཞི་བར་འགྱུར། །འདི་ནི་ཞི་བའི་ཧོམ་ཞེས་བྱ། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་ཟླུམ། །ཁོང་སེང་བྱང་སེམས་གཞལ་ཡས་ཁང་། །ལོགས་ལ་ཞི་བའི་ལྷ་བསྒོམས་ལ། །བཏབ་པས་ཐམས་ཅད་ཞི་བར་འགྱུར། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་ཕྱག་འཚལ་ལོ། །ཏིང་འཛིན་སྔགས་དང་ཞི་བ་གསུམ། །ཆོས་ཉིད་བདེན་པའི་བྱིན་བརླབས་མཐུས། །ཐམས་ཅད་མ་ལུས་ཞི་བར་འགྱུར། །ཞི་བའི་ཕུར་གདབ ཅེས་བྱའོ། །དངུལ་དང་འབྲས་ཆན་འོ་མ་ཞོ། །གཏོར་མ་དཀར་པོ་རྒྱན་དཀར་པོ། །སྔགས་དང་ཏིང་འཛིན་ཕྲིན་ལས་གསུམ། །ཆོས་ཉིད་བདེན་པའི་བྱིན་རླབས་མཐུས། །ཞི་བར་བསྒོམ་ཞིང་གཏོར་བྱས་ན། །དགྲ་བགེགས་དངོས་ལྟ་ཞི་བར་འགྱུར། །ལྷ་དང་ཕོ་ཉ་ཞི་བར་འགྱུར། །ཞི་བའི་གཏོར་མ་ཞེས་བྱའོ། །ལྷ་ཡི་དཀྱིལ་འཁོར་ཆེན་པོ་སྲ །ལྷ་ཡི་བསྙེན་པ་རྫོགས་བསྒོམས་ལ། །ལྷ་རྣམས་གསང་སྔགས་ཞི་བར་སྦྱོར། །འབྲས་ཆེན་འོ་མ་ཞོ་མར་གཉིས། །ཙསྡོན་རྒྱ་ཤུག་སོལ་ཏོག་དཀར། །བལ་ཏོག་མེ་ཏོག་སྣ་ཚོགས་དཀར། །རེ་རེ་གསང་སྔགས་རྩ་བརྒྱད་སྦྱོར། །སྦྱོར་བའི་ལྷ་གྲངས་རེ་རེལ། །སྡིག་སྒྲིབ་སྡིག་པ་ཞི་བར་འགྱུར། །དེ་ལྟར་དེ་བཞིན་སྨོན་ལམ་གདབ། །དེ་ནི་གསང་སྔགས་སྦྱོར་བའི་ལས། །རྗེས་སུ་འཇུག་པའི་རྣལ་འབྱོར་པས། །ཞི་བའི་སྦྱིན་སྲེག་རྩ་བརྒྱད་ཀྱི། །ལྷ་རྣམས་ཞི་ཞིང་ཤིས་པ་དང་། །རྒོལ་བར་སེམས་དཔའ་ཞི་བ་དང་། །གདུག་པས་ཟིན་པ་ཞི་བ་དང་། །སླད་ཀྱི་བར་ཆད་བྱ་སེམས་ཞི། །འདི་དང་གཞན་དུ་དེ་མཆོག་ཐོབ། །སྦྱིན་བསྲེག་སྦྱིན་པའི་ཕ་རོལ་ཕྱིན། །ཚོགས་ཆེན་ཚོགས་གཉིས་རྫོགས་པར་འགྱུར། །ཞི་བ་གྲུབ་པའི་ཡོན་ཏན་ནོ། ཁུ་བཞིའི་དཀྱིལ་འཁོར་རྩིབས་བརྒྱད་པ། །ལྷ་རྣམས་འཁོར་བཅས་སྤྱན་དྲངསཏེ། །མཆོདརྫསསེརཔོམེཏོགསེར། །ཆས་གོས་ཐམས་ཅད་སེར་པོར་བགོས། །ལྷ་རྣམས་ཐམས་ཅད་སེར་པོར་བསྒོམ། །བདག་ཉིད་ང་རྒྱལ་རྡོ་རྗེ་བསྒོམ། །ཀུན་ཏུ་བཟང་མོའི་ཆོས་དབྱིངས་ལ། །ཀུན་ཏུ་བཟང་པོའི་གཟི་བརྗིད་ཀྱིས། །བདག་ཉིད་ལྷ་རྣམས་གཉིས་མེད་བསྒོམ། །དེ་ནི་རྒྱས་བའི་ལས་ཞེས་བྱའོ། །ཧོམ་ཁུང་གྲུ་བཞི་འབར་བ་ལ། །རྡོ་རྗེ་འཁོར་ལོས་བརྒྱན་པར་བྱ། །ཧོམ་ཤིང་སེར་པོའི་ཤིང་རྣམས་ལ། །གསེར་གྱི་ཐག་པས་བཅིངས་བྱས་ལ། །ལྷ་རྣམས་བསྐྱེད་དང་སྤྱན་དྲངས་ལ། །དེ་རུ་བྱིན་མཆོད་བསྲེག་པར་བྱ། །རྒྱས་པའི་དཀྱིལ་འཁོར་ཧོམ་ཞེས་བྱ། །གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ཁོང་སེང་བྱང་སེམས་གཞལ་ཡས་ཁང་། །ལོགས་ལ་རྒྱས་པའི་ལྷ་བསྒོམས་ལ། །བཏབ་པས་ཐམས་ཅད་རྒྱས་པར་འགྱུར། །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ། །ཏིང་འཛིན་སྔགས་དང་ཕྲིན་ལས་གསུམ། །ཆོས་ཉིད་བདེན་པའི་བྱིན་རླབས་མཐུས། །ཐམས་ཅད་མ་ལུས་རྒྱས་པར་ཐེབས། །རྒྱས་པའི་ཕུར་པ་གདབ་ཅེས་བྱའོ། །གསེར་རམ་སེར་པོའི་ཕྱེ་མ་དག །མེ་ཏོག་སེར་པོ་སྣ་ཚོགས་ཕྱེ། །སེར་པོའི་འབྲུ་སྣ་མང་སྦྱར་ལ། །རྒྱས་པར་གྱུར་པའི་གཏོར་མ་སྟེ། །གཏོར་བས་ཐམས་ཅད་རྒྱས་པར་འགྱུར། །རྒྱས་པར་མ་གྱུར་གང་ཡང་མེད། །འདི་ནི་རྒྱས་པའི་གཏོར་མའོ། །རྒྱས་པའི་དཀྱིལ་འཁོར་ཆེན་པོ་སྲ །ལྷ་རྣམས་དཀྱིལ་འཁོར་བསྙེན་རྫོགས་ནས། །ལྷ་རྣམས་གསང་སྔགས་རྒྱས་པར་སྦྱོར། །ཉུངདཀར་མེ་ཏོག་སྡོང་ཤིང་སེར། །རེ་རེ་གསང་སྔགས་རྩ་བརྒྱད་སྦྱོར། །བསྲེག་རྫས་ཧོམ་དུ་བསྲེག་པ་ན། །ཐམས་ཅད་མ་ལུས་རྒྱས་པར་འཀྱུར། །རྒྱས་པའི་གསང་སྔགས་སྦྱོར་བ་ལས། །རྗེས་སུ་འཇུག་པའི་རྣམ་འབྱོརཔས། །རྒྱས་པའི་སྤྱིན་བསྲེག་རྩ་བརྒྱད་ཀྱིས། །ཆོས་ཉིད་བདེན་པའི་གསང་སྔགས་བྱིན་རླབས་མཐུས། །ལྷ་དང་རྣལ་འབྱོར་གཟི་བྱིན་བྱིན་རླབས་རྒྱས། །དཔལ་དང་ཚེ་དང་བསོད་ནམས་རྒྱས། །དོན་དམ་ཀུན་རྫོབ་ལོངས་སྦྱོད་རྒྱས། །རྒྱུ་དང་འབྲས་བུ་བསོད་ནམསཚོགས་ཆེན་རྒྱས། །འདི་ནི་རྒྱས་པའི་ཡོན ཏན་ནོ། །ཟླ་གམ་དཀྱིལ་འཁོར་རྩིབས་བརྒྱད་པར། །ལྷ་བསྐྱེད་དཀྱིལ་འཁོར་སྤྱན་དྲངས་ནས། །མཆོད་པ་ལ་སོགས་གཞུང་བཞིན་བྱ། །ལྷ་རྣམས་གོ་རིམ་དམར་པོར་བསྒོམ། །ཆས་གོས་དམར་པོ་རྣམ་པ་ལྔ། །ཁྲོ་བོ་ཆེནཔོའི་བྱིན་རླབས་ཀྱིས། །རྡོ་རྗེ་ཕྲ་མེན་མ་མངགས་ནས། །མ་དང་བུ་ལ་བྱམས་པའི་ཚུལ། །ཐམས་ཅད་དབང་དུ་བསྡུས་ནས་འགྲུབ། །འདི་ནི་དབང་གི་ལས་ཞེས་བྱའོ། །ཧོམ་གྱི་དཀྱིལ་འཁོར་ཟླ་གམ་ལ། །རྡོ་རྗེ་ཞགས་པས་བརྒྱན་པར་བྱ། །སེང་ལྡེང་མཛོ་མོ་གླང་ལྒབལ་བ། །གཞན་ཡང་ཤིང་རྩི་དམར་པོ་རྣམས། །ཧོམ་ཤིང་ཐག་དམར་བཀྱིགས་པ་ནི། །རྣམ་རྟོག་གནག་པ་གཉིས་བསྲེག་ན། །ཅི་བསྒོ་བཀའ་ཉན་དབང་དུ་འདུས། །འདི་ནི་དབང་གི་ཧོམ་ཞེས་བྱའོ། །ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གཉིས། །ཁོང་སེང་བྱང་སེམས་གཞལ་ཡས་ཁང་། །ལོགས་ལ་དབང་གི་ལྷ་བསྒོམས་ལ། །བཏབ་པས་ཐམས་ཅད་དབང་དུ་འདུས། །དབང་དུ་མ་འདུས་གང་ཡང་མེད། །དབང་མཛད་ལྷ་ལ་ཕྱག་འཚལ་ལོ། །འདི་ནི་དབང་གི་ཕུར་པ་གདབ་པའི་ལས་སོ། །ཟངས་ཕྱེ་ཤིང་དམར་གོང་དམར་ཕྱེ། །འབྲས་ཆེན་དམར་པོ་མེ་ཏོག་དམར་པོའི་ཕྱེ། །བུ་རམ་ཆུ་ཡིས་སྦྱར་ལ་གཏོར། །ཁྲོ་བོ་ཆེན་པོའི་བྱིན་རླབ་ཀྱིས། །ཕྲ་མེན་ཚོགས་ཀྱིས་བཀུག་ནས་ནི། །ཅི་བསྒོ་བཀའ་ཉན་དབང་དུ་འདུ། །དབང་གི་གཏོར་མའི་ལས་ཞེས་བྱའོ། །དབང་གི་དཀྱིལ་འཁོར་ཆེན་པོ་སྲ །ལྷ་དབང་དཀྱིལ་འཁོར་བསྙེན་རྫོགས་ནས། །ལྷ་རྣམས་གསང་སྔགས་དབང་དུ་སྦྱོར། །ཟངས་མེ་སེང་ལྡེང་མཛོ་མོ་མེ། །ཉུང་དམར་ཁ་དོག་དམར་པོའི་འབྲུ། །རེ་རེ་གསང་སྔགས་རྩ་བརྒྱད་སྦྱོར། །བསྲེག་རྫས་ཧོམ་དུ་ཕུལ་བསྲེག་ན། །ཆོས་ཉིད་བདེན་པའི་བྱིན་རླབས་སངས་རྒྱས་མཐུས། །གཉིས་སུ་མེད་པའི་བྱིན་རླབས་ཀྱིས། །སྲིད་གསུམ་ཁམས་གསུམ་དབང་དུ་འདུས། །མི་མཐུན་རྟོག་སྒྲིབ་དབང་དུ་འདུས། །བདག་དང་གཞན་གྱི་ཐ་མི་དད། །ཀུན་བཟང་ཡབ་ཡུམ་གཉིས་མེད་ཀྱིས། །ཐམས་ཅད་དབང་གིརངབཞིནནི། །དབང་གི་གྲུབ་པའི་ཡོན་ཏན་ནོ། །དཀྱིལ་འཁོར་འཁོར་ལོ་རྩིབས་བརྒྱད་ལ། །དེ་ལ་གྲུ་གསུམ་རེ་རེའོ། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །ལྷ་རྣམས་དཀྱིལ་འཁོར་བསྐྱེད་སྤྱན་དྲངས། །གཉིས་སུ་མེད་པར་བསྟིམ་བྱས་ལ། ཁྲ་ཁྲག་དམར་གྱི་མཆོད་བྱས་ལ། །བསྙེན་བསྒྲུབ་རྫོགས་པར་བསྐྱལ་བར་བྱ། །ཕུར་པ་བཞི་བཅུ་རྩ་དྲུག་ལ། །རང་རང་སྙིང་པོ་བྲིས་ལ་ནི། །དཀྱིལ་འཁོར་གོ་ནས་དགོད་པར་བྱ། །སྔགས་དང་ཏིང་འཛིན་ཕྲིན་ལས་ཀྱིས། །ཕྲ་མེན་ཚོགས་ནི་རྦད་པར་བྱ། །དེ་ཡིས་ལས་རྣམས་འགྲུབ་པར་འགྱུར། །འདི་ནི་དྲག་པོའི་ལས་ཞེས་བྱའོ། །ཧོམ་ཁུང་གྲུ་གསུམ་གཉིས་བརྩེགས་ལ། །ཐོད་པ་མེ་རིས་བརྒྱན་པར་བྱ། །གསང་བའི་རྫས་ནི་ཤག་པ་ཡང་ བཅུ་གསུམ་དང་། །གདུག་པ་ཅན་གྱི་ཚེར་དུག་ཤིང་། །ལྕགས་ཐག་བསྡམས་ལ་གཟུག་པར་བྱ། །ཕུར་པ་བརྒྱ་ནི་རྩ་བ་རྒྱ་བརྒྱད་ཀྱིས། །མཐའ་མ་བསྐོར་ལ་དགོད་པར་བྱ། །མིང་བྱང་ཡུགས་ས་མོ་ཡི་སྐྲར། །བརྒྱུས་ལ་མཐའ་མ་བསྐོར་ལ་བཞག །མི་རྟ་ཁྱི་སྤྱང་གླང་དྲེད་སྤྲེལྭ །བསེ་ཞོ་དུག་དུང་སྣ་ཚོགས་དང་། །ལན་ཚྭ་ཚ་མར་ཉུང་ནག་དང་། །སྐྱེ་ཚེ་ལྡོང་རོས་གུ་གུལ་དང་། །ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་དང་། །བཙོས་པའི་ཤ་དང་བསྲེག་པའི་གསུར། །དྲི་ཡི་ཚིལ་དང་སྐྱེ་བའི་རྒྱུ། །རྡོ་རྗེ་གླུ་ཡི་དབྱངས་བླངས་ནས། །ལན་གྲངས་བརྒྱ་དང་སྟོང་དུ་དབུལ་བར་བྱའོ། །ལྷ་རྣམས་གསང་སྔགས་མ་འགྲུབ་པར། །གནག་པ་ཐེམ་པར་བཅུག་པ་ནི། །གཟུགས་དང་མིང་རུས་བསྲེག་པར་བྱ། །དུག་གསུམ་འབྱུང་པོ་ཤ་ཁྲག་བཀང་། །གསོལ་ཏེ་ཐམས་ཅད་རྒྱས་པར་མཛོད། །ཧོམདུབསྲེག་ན་མོད་ལ་འཆི། །འདི་ནི་དྲག་པོའི་ཧོམ་གྱི་ལས་སོ། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ཁོང་སེང་བྱང་སེམས་གཞལ་ཡས་ཁང་། །ལོགས་ལ་དྲག་པོའི་ལྷ་བསྒོམས་ལ། །བཏབ་པས་ཐམས་ཅད་རླག་པར་འགྱུར། །རླག་པར་མ་འགྱུར་གང་ཡང་མེད། །རླག་མཛད་ལྷ་ལ་ཕྱག་འཚལ་ལོ། །ཁྲོ་བོ་ཁྲོ་མོ་ཕྲ་མེན་ཚོགས། །གནག་པའི་གཟུགས་དང་མིང་རུས་ལ། །དྲག་ཏུ་བསྐུལ་ལ་གདབ་པར་བྱ། །གནད་གཅོད་སྲོག་དང་ཕྲལ་བར་འགྱུར། །འདི་ནི་དྲག་པོའི་ཕུར་པ་གདབ་པའི་ལས་སོ། །སྣ་ཚོགས་དུག་གི་པྱེ་མ་དང་། ་་་ནག་སྐེ་ཚེ་ཏིལ་ནག་དང་། །གདུག་པའི་ཚེར་མ་ཕྱེ་མ་དང་། །སྲན་ཆན་བྲ་ཆན་ལྕགས་ཕྱེ་དང་། ཁྲ་ཁྲག་གཏོར་མར་བསྲེགས་པ་ནི། །རྡོ་ནག་ཕྱི་རུ་བསྲེས་ལ་གཏོར། །ཁྲོ་བོ་ཆེན་པོའི་བྱིན་རླབ་ཀྱིས། །ཕྲ་མེན་ཚོགས་ཀྱིས་བཀུག་ནས་ནི། །གདུག་པ་ཅན་རྣམ་རླག་པར་བྱེད། །དྲག་པོའི་གཏོར་མའི་ལས་ཞེས་བྱའོ། །དྲག་པོའི་དཀྱིལ་འཁོར་ཆེན་པོ་སྲ །ལྷ་ཡི་དཀྱིལ་འཁོར་བསྙེན་རྫོགས་ནས། །ལྷ་རྣམས་གསང་སྔགས་དྲག་པོར་སྦྱོར། །ལྕགས་ཕྱེ་དུག་ཕྱེ་ཉུང་ནག་གི། །རེ་རེ་གསང་སྔགས་རྩ་བརྒྱད་སྦྱོར། །གཟས་པར་ཐེམ་པར་བཅུག་ལ་བསྲེག །རྡོ་རྗེ་མེ་དབལ་སྙིང་བསྲེག་གོ། །ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། །གཟས་པའི་རྣམ་ཤེས་ཚེ་རྟེན་ནི། །བྱ་སྒྲོ་མེ་ཡིས་བསྲེགབཞིནཚིག །འདིནི་དྲག་པོའི་སྦྱོར་བའི་ལས་ཞེས་བྱ། །རྗེས་སུ་འཇུག་པའི་རྣལ་འབྱོར་པས། །དྲག་པོའི་སྦྱིན་བསྲེག་རྩ་བརྒྱད་ཀྱིས། །ཆོས་ཉིད་བདེན་པའི་བྱིན་རླབས་མཐུས། །བར་ཆོད་བགེགས་རྣམས་རླག་པ་དང་། །གནག་པ་ཚ་བའི་ནད་ཀྱིས་འཆི། །སྨྱོ་འབོག་བརྒྱལ་ནད་བགེགས་རྣམས་ཐར། །གཟས་པའི་གནད་བདུན་ཚེ་རྟེན་བསྲེག །རྣལ་འབྱོར་གྱུར་ཤོག་དངོས་གྲུབ་ཐོབ། །དྲག་པོ་འགྲུབ་པའི་ཡོན་ཏན་ནོ། །ཕྲིན་ལས་རྣམ་བཞིའི་དཀྱིལ་འཁོར་ལ། །ཧོམ་ལྔ་ཡང་དོག་རྩེ་མོར་བརྩིགས། །ཁ་དོག་རིག་དང་མཐུན་པར་བརྩིག །གདུག་པ་ཅན་གྱི་ཧོམ་ཤིང་ལ། །ལྕགས་ཐག་གི་ནི་བསྐོར་ལ་གཟུགས། །ཏི་ལ་ཡ་ནི་ཉི་ཤུ་གཅིག །སྙིང་པོ་ཉི་ཤུ་གཅིག་གིས་བསྡུས། །ལན་གྲངས་ཉི་ཤུ་གཅིག་ཏུ་ནི། །གཡས་བསྐོར་གཡོན་བསྐོར་ཕུར་བསྐོར་ལ། །ཕུར་པའི་འོད་ཟེར་སྟོང་ཁམས་ཁེངས། །གསང་སྔགས་འབྲུག་སྟོང་སྒྲོགས་པར་བསྒོམ། །མགྱོགས་བྱེད་ཡེ་ཤེས་ཕོ་ཉ་འགྱེད། །བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་པ། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །གསང་བའི་ཡུམ་བཞིའི་གསང་སྔགས་ཀྱིས། །ལྷ་རྣམས་གསང་སྔགས་བསྡུས་ཏེ་དགུག །སྡེར་མོའི་སྔགས་ཀྱིས་དགུག་ཅིང་གཟིར། །བྲན་དང་ཕོ་ཉས་དགུག་ཅིང་བསྟིམ། །དེ་ནས་བཏབ་པའི་ལས་བྱས་ལ། །གནད་ལ་དབབ་ནི་བརྒྱད་དག་ལ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །རྡུངས་ཤིག་རྡོ་རྗེ་འབར་བའི་ག་། །བཀའ་ལས་འདའ་བྱེད་སྡིག་ཅན་ནི། །རྡོ་རྗེ་མེ་དབལ་སྙིང་བསྲེག་གོ །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་རླབས་སོ། །སངས་རྒྱས་ཀྱི་མཐུའོ། །ཨསྟི་ཙརུའི་དུས་ལ་བབ་བོ། །བརྣག་པ་འདི་ཁོ་ན་ལའོ། །རྡོ་རྗེ་མེ་དབལ་གྱིས་སྙིང་བསྲེག་ཅིང་། །སྐོར་ཚོམས་རེ་ཞིང་བཅུ་དྲུག་དག །རྩ་བརྒྱད་དག་ཏུ་དབུལ་བར་བྱ། །གསང་སྔགས་གནག་པ་ཐེམས་པར་འགྱུར། །གནག་པ་འདོད་པའི་བྱ་བ་འགྲུབ། །ཅེས་ཀི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས་རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་ཆེན་པོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ཆེན་པོའི་མཆོད་པའི་སྤྲིན་མངོན་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྗེས་འཇུག་གི་དོན་དུ་མཆོད་པ་དང་། བསྟོད་པའི་དཀྱིལ་འཁོར་འདི་གསུངས་སོ། །བདག་པོའི་ཕྱག་རྒྱ་མཉམ་བཞག་ལ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །ལྷ་རྣམས་དཀྱིལ་འཁོར་སྤྱན་དྲང་ངོ་། །སྲིད་པའི་ཕུར་བུ་སྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེཤེསཁྲོབོགཤེགསསུགསོལ། །ཡེཤེསཁྲོབོགཤེགསནསཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀི་ལི་ཡ་ཡི་དངོས་གྲུབ་གསོལ། །ལྷ་རྣམས་དཀྱིལ་འཁོརཐམས་ཅད་ལ། །སྤྱན་དྲང་ཕྱག་འཚལ་མཆོད་བསྟོད་བྱ། །དངོས་གྲུབ་རྣམ་གཉིས་འཐོབ་བྱའི་ཕྱིར། །དཀྱིལ་འཁོར་ཐམས་ཅད་མཉེས་མཆོད་དོ། །བདག་གི་ཐུགས་ཀའི་འོད་ཟེར་ལས། །མཆོད་པའི་ལྷ་མོ་སྤྲིནཚོགསཙམ། །ནམ་མཁའ་ཁེངས་པའི་ཆར་བཞིན་བབ། །བདག་ལ་མཆོད་པར་བྱད་པར་བསམ། །གཏོར་མ་ཚོགས་མཆོད་རྫས་ལ་ཡང་། །སྦྱང་བའི་ཡི་གེས་སྦྱང་བར་བྱ། །སྤེལ་བའི་ཡི་གེས་སྤེལ་ལ་ནི། །ཐོདཔའི་སྣོད་ནི་འཇིག་རྟེན་ཁེངས། །བདུད་རྩི་ཆེན་པོའི་འོད་ཟེར་ལས། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །འདོད་ཡོན་ལྔ་དང་ལྷ་མོ་བརྒྱད། །ནམ་མཁའ་ཁེངས་པའི་སྤྲིན་ཚོགས་ལས། །བར་སྣང་ཁེངས་པའི་ཆར་བཞིན་བབ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །མཆོད་པའི་སྔགས་ཀྱིས་དབུལ་བར་བྱ། །ཐོག་མར་རྟོགས་གོམ་བདག་ཉིད་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་སེམས་ཅན་ཡུན་དུ་འཁོར། །གཉིས་སུ་མེད་པར་བསྒྲལ་བར་བྱའོ། །དེ་བཞིན་ཉིད་དུ་གནས་བཅས་ཏེ། །ཐུགས་རྗེ་ཆེན་པོ་འབྱུང་བར་བྱེད། །འཚོ་བའི་ཟས་ནི་བྱིན་བརླབས་ནས། །ཧོམ་གཟར་ཧོམ་ཁུང་དཀྱིལ་འཁོར་མཆོད། །བདག་མཆོད་ཀུན་འགྲངས་ཐམས་ཅད་མཉེས། །ཀུན་ལ་ཕན་པའི་སྨན་ཡིན་པས། །ཐམས་ཅད་བཟའ་ཞིང་བརྒྱན་པར་བྱའོ། །དཀྱིལ་འཁོར་ལྷ་རྣམས་མཉེས་གྱུར་ན། །ཉེས་པ་ཐམས་ཅད་རྣམ་པར་དག །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ལྷ་ཚོགས་དཀྱིལ་འཁོར་དམ་ཚིག་ཅན། །སྤྱན་དྲངས་པ་ལ་སྦྱིན་པར་བྱ། །བདུད་རྩི་ལྔ་དང་ཤ་ལྔ་ལ། །མཆོད་དང་བཤགས་དང་དགུག་བསྟིམ་དང་། །བཀུག་ནས་རྡོ་རྗེ་ཕུར་པས་གདབ། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། །ཁ་ཐམ་གྱིས་ནི་རྡུལ་དུ་བརླག །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཤ་ཁྲག་མཚན་མ་མིང་བཅས་བསྟབ། །ཧ་ཧ་དཀྱིལ་འཁོར་མཉེས་པར་འགྱུར། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཀྱིལ་འཁོར་འཁོར་བཅས་སྤྱན་དྲངས་ནས། །དུར་ཁྲོད་མཆོག་གི་གནས་འདི་མྲ །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨསྙེ༷་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས། །མ་ལུས་གཤེགས་ནས་བསྣམ་དུ་གསོལ། །མཆོད་པའི་ཡོ་བྱད་ཐམས་ཅད་ནི། །ནག་པོར་བྱས་ཏེ་དབུལ་བར་བྱ། །བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །དམ་ཅན་ཚོགས་ལ་བསྟབ་པ་ནི། །སྐྲ་བཤིག་གཅེར་བུར་ཕྱུང་ལ་ནི། །ཐལ་བ་རཀྟ་ཞག་གིས་མཚན། །ཁྲོ་བོའི་ཆ་ལུགས་བཟུང་ནས་ནི། །ཁ་ནས་ཁྲག་དང་ཞག་འཛག་པ། །ལག་པར་ཐོད་ཁྲག་ཐོགས་ནས་ནི། །ཧི་ཧི་དགོད་ཅིང་སྒྱུགས་པས་འབོད། །སོ་སོ་རྔམས་ཀྱི་མིང་ནས་འབོད། །གནག་པ་བོས་ནས་ཞལ་དུ་བསྟབ། །སྲིན་མོ་རྣམས་ནི་ཚོགས་ཀྱི་བདག །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །འཁྲིལ་བའི་མཆོད་ཆེན་མཉམ་དུ་སྦྱོར་བས། །མཁའ་དབྱིངས་བྷ་ག་ཀློང་ཡངས་ནས། །བྱང་ཆུབ་སེམས་ནི་མཆོད་པར་སྤྲོ། །ཕྱོགས་བ་་ལྷ་རྣམས་སྐུ་གསུང་ཐུགས། །མཆོད་པ་ཕུལ་བས་མཉེས་རབ་མཆོག །རྒྱལ་བ་མཉེས་པས་དངོས་གྲུབ་ཐོབ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞི་བའི་དཀྱིལ་འཁོར་ཟླུམ་པོ་ལ། །མཁའ་ཀློང་མེ་དཔུང་གཞལ་ཡས་ཁང་། །ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ། །འདི་ཡང་ང་ཡི་གཞལ་ཡས་ཁང་། །སྔགས་དྲན་ཡེ་ནས་བདེ་གཤེགས་སྐུ། །ཡིད་ནི་ཀུན་བཟང་རང་ལ་ཤར། །མཁའ་ཀློང་མེ་དཔུང་དབྱིངས་ནས་བཞེངས། །མེ་ཡི་སྙིང་པོ་སྐུ་དང་ཕྱག་རྒྱར་གསལ། །གཉིས་མེད་རྟོགས་པ་ཆོས་སྐུ་ཡིན། །བྱང་ཆུབ་སེམས་ནི་ཁྱབ་པའི་སྐུ། །འཇིགས་བྱེད་རྔམ་པ་ཁྲོ་རྒྱལ་སྐུ། །དཔལ་ཆེན་འཇིགས་བྱེད་སྐུ་ཡི་མཆོག །ཞི་བའི་སྐུ་ཡི་མཆོད་ཆེན་ཡིན། །མཆོད་པ་ཆེན་པོ་མཆོད་པ་ཆེ། །འདི་ཡང་ང་ཡི་སྐུ་ཡི་མཆོག །བདག་གིས་བདག་མཆོད་ཀུན་མཉེས་མཆོད། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞི་བའི་དཀྱིལ་འཁོར་ཟླུམ་པོ་ལ། །མཁའ་ཀློང་མེ་དཔུང་འབར་བའི་གཞལ་ཡས་ཁང་། །ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ། །འདི་ཡང་ང་ཡི་གཞལ་ཡས་ཁང་། །སྔགས་དྲན་ཡེ་ནས་བདེ་གཤེགས་གསུང་། །ཡིད་ནི་ཀུན་ཏུ་བཟང་པོ་རང་ལ་ཤར། །མཁའ་ཀློང་མེ་དཔུང་དབྱིངས་ནས་བཞེངས། །མེ་དཔུང་གདངས་སྐད་དབྱིངས་ནས་སྒྲོགས། །རྔམས་པའི་ང་རོ་ཁྲོ་བོའི་གསུང་། །སྙིང་པོ་འབྲུག་དགུ་བསྙེན་པའི་གསུང་། །སྤྲུལ་པའི་བརྡའ་ཚིག་མ་མོའི་གསུང་། །སྣ་ཚོགས་མི་ལས་གསུང་མཆོག་སྟེ། །ཞི་བའི་གསུང་གི་མཆོད་པ་ཡིན། །མཆོད་པ་ཆེན་པོ་མཆོད་པ་ཆེ། །འདི་ཡང་ང་ཡི་གསུང་གི་མཆོག །བདག་གིས་བདག་མཆོད་ཀུན་མཉེས་མཆོད། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཞི་བའི་དཀྱིལ་འཁོར་ཟླུམ་པོ་ལ། །མཁའ་ཀློང་མེ་དཔུང་གཞལ་ཡས་ཁང་། །ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ། །འདི་ཡང་ང་ཡི་གཞལ་ཡས་ཁང་། །སྔགས་དྲན་ཡེ་ནས་བདེ་གཤེགས་ཐུགས། །ཡིད་ནི་ཀུན་ཏུ་བཟང་པོ་རང་ལ་ཤར། །མཁའ་ཀློང་མེ་དཔུང་དབྱིངས་ནས་བཞེངས། །ཙིཀྟ་གཞལ་ཡས་གསུམ་རྒྱུད་ཐུགས། །ཕྱི་དྲོ་ནང་བཞི་ལྷ་ཡི་ཐུགས་ལ་ལྟོས། །དབྱིངས་དང་ཡེ་ཤེས་གཉིས་མེད་ཐུགས། །ཀུན་བཟང་ཡབ་ཡུམ་རོལ་པས་མཆོད། །ཞི་བའི་ཐུགས་ཀྱི་མཆོད་པ་ཡིན། །མཆོད་པ་ཆེན་པོ་མཆོད་པ་ཆེ། །འདི་ཡང་ང་ཡི་ཐུགས་ཀྱི་མཆོད། །བདག་གིས་བདག་མཆོད་ཐམས་ཅད་མཉེས། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །རྒྱས་པའི་དཀྱིལ་འཁོར་གྲུ་བཞི་ལ། །མཁའ་ཀློང་མེ་དཔུང་ལ་སོགས་ནས། །དབང་དང་མངོན་སྤྱོད་བར་དག་གི །དེ་ལྟར་དེ་བཞིན་དེ་རྗེས་ལས། །རྒྱས་དབང་མངོན་སྤྱོད་མཆོད་པ་ཆེ། །སྐུ་གསུང་ཐུགས་ཀྱིས་མཆོད་ཆེན་པོ། །དེ་ནི་ཁྲོ་བོའི་དཀྱིལ་འཁོར་ལ། །བདག་གིས་བདག་ལ་འདི་བསྟོད་པ། །ཧུ༷། སྐྱེ་མེད་རྣམ་དག་ཆོས་དབྱིངས་ལས། །སྐྱེ་བའི་ཆོ་འཕྲུལ་བསྟན་པ་ནི། །ཐུགས་རྗེ་ཆེན་པོ་ཐབས་མཁས་པ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །བདུད་ཀུན་གྱི་ནི་བདུད་ཆེན་པོ། །གདུག་པ་འདུལ་ཕྱིར་སྐུར་སྤྲུལ་པ། །ཕྱི་ནང་བདུད་རྣམས་རྣམ་པར་འཇོམས། །འཇིགས་བྱེད་ཆེན་ལ་ཕྱག་འཚལ་ལོ། ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྲིད་གསུམ་འཇོམས་མཛད་ལྷ་ལ་ཕྱག་འཚལ་ལོ། །བརྗིད་པ་ཆེན་པོ་ཉིད་མཉེས་གྱུར། །སྔགས་ཀྱི་སྤྱོད་པ་འདི་གསུངས་སོ། །ཇི་བཞིན་གསུངས་པའི་དབང་སོགས་ལྡན། །བྱང་ཆུབ་སྤྱོད་པས་རྣམ་པར་སྦྱོར། །བྱང་ཆུབ་སེམས་ནི་མ་སྤངས་ཤིག །རྡོ་རྗེ་ཕྱག་རྒྱ་ལ་སོགས་པ། །དམ་པའི་ཆོས་ཀྱང་མི་སྨོད་ཅིང་། །མི་ཤེས་པའམ་བླུན་པོའམ། །གསང་བ་བསྟན་པར་བྱ་བ་ནི། །ང་བདག་ཡོངས་སུ་སྤོངས་པ་ནི། །དཀའ་ཐུབ་ཀྱིས་ཀྱང་གཟིར་བར་བྱས། །རྟག་ཏུ་སྡོམ་པ་བསྐྱངས་པ་སྟེ། །བདུད་རྩི་ལྔ་དང་དཀོན་མཆོག་ལ་གནོད་བསྒྲལ་བར་བྱ། །གསང་སྔགས་བུད་མེད་འདོད་པ་རྣམས། །བྱང་ཆུབ་སེམས་ནི་བླང་བར་བྱ། །རྫུན་ཚིག་བརླང་པོ་གསང་དོན་སྨྲ། །སྦྱོར་སྒྲོལ་མཆོད་པ་གཞུང་དུ་སྨྲ། །ཉམས་བདུན་མ་བཏང་བསྒྲལ་བར་བྱ། །གསངབའིམཆོདཔ ཆེནཔོནི། །གོམས་ལམ་ཏིང་འཛིན་བརྟན་པ་ཐོབ། །གསང་སྔགས་ཐབས་ཆེནཐབསམྱུརབས། །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །དེ་ནས་མ་ཏྲ༷་གྱང་ལ་གཏད་པ་། ཉོན་མོངས་སྐོབོར་བའི་སེམས་ཅན་འདི། །བསྒྲལ་བ་ཆེན་པོའི་ལས་སུ་རུང་། །དཔལ་ཆེན་ཞལ་དུ་བསྟབ་པོ་ཁུ་ཧི། །ཁྲོ་བོ་ཁྲོ་མོའི་ཚོགས་ལ་བསྔོ། །སེམས་ཅན་འདུལ་བའི་སྐལ་དུ་བཞེས། །ཏ་ན་ཆེན་པོའི་ཞིང་དུ་སྦྱོར། །གྱིང་ཆེན་རྡོ་རྗེའི་ཕྱག་ཏུ་འབུལ། །ཡེ་ཤེས་རྒྱ་མཚོར་བཞེས་སུ་གསོལ། །དེ་ནས་མ་ཏྲ༷་སྡིག་ཅན་དེ། །དཀྱིལ་འཁོར་ཆེན་པོར་དྲངས་ནས་ནི། །ཐར་པའི་ལམ་བྱང་དཀྱིལ་འཁོར་འདིར། །དྲེད་པ་ཅན་དག་འོངས་པ་ལྟར། །སལ་བར་ལྡན་པའི་སེམས་ཅན་ཁྱོད། །བདེ་བར་འོངས་སོ་ལེགས་སོ་འོངས། །ཁྱོད་ནི་བསོད་ནམས་སྐལ་པ་ལྡན། །བདེ་གཤེགས་ཐུགས་རྗེས་སྒྲོལ་མཁས་པས། །བློ་ ངན་འཇིག་རྟེན་སྙེང་རྗེ་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་སྣང་། །ཐབས་དང་ཤེས་པ་རྣམས་ཀྱིས་ཀྱང་། །དེ་ནས་གྱི་གིས་བསྟབ་པར་བྱ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས། ཨེ་ཧི་ཨེ་ཧི་ཚུར་བྱོན་འཁོར་དང་བཅས། །ཛ༷༷ཧུ༷་བ༷་ཧོ༷༷སྤྱན་འདྲེན་གཤེགས་སུ་གསོལ། །ཀྱི་ལི་ཀི་ལ་ཡ་དགའ་བའི་བཞད་མོས་བཀང་ངོ་། །བདེ་འགྲོ་བདེ་མཆོག་ཨ་ཧོ་སུ་ཁ་ཤ༷་བ་ར། །ཏི་ཤ་ཞེས་ནི་སློབ་མའི་ཚུལ་ཅིག་སྣང་གནང་ཡང་བར་་ཛོད། །རོལ་ཅིག་དགོངས་ཤིག་འདོད་པའི་ཏི་ར་ཁ་ཁ་ཁུ་ཧི། སྦྱིན་ནོ་བསྐུལ་ལོ་ད་ར་ད་ར་ཧ་ར་ཧ་ར། ཟོ་ཞིག་ངོ་མཚར་མཆོག་ཏུ་བསྟབ་པོ་ཁ་ཁ་ཁུ་ཧི། ཟླ་བ་ལ་སོགས་དམར་ཆེན་སྙིང་པོ་ལྔ། །མྱ༷་ས་ལ་སོགས་རོ་མཆོག་དཔའ་བོ་མཆོག །མ་ཙ་མེ་ཙ་རཀྟ་རུ་དྷི་ར་ཁུ་ཧི། ཉེ་བའི་བསྒྲུབ་པའི་མ་ལུས་བསྒྲུབ་འཚལ་གྱིས། །དྲི་མེད་གཟི་ལྡན་མཆོག་གི་མཆོད་པ་སྦྱར་བ་འདི། །ཡེ་ཤེས་ཚོགས་རྣམས་དགྱེས་ཤིང་བཞེས་སུ་གསོལ། །དེ་ནས་རྣལ་འབྱོར་གྱིང་ཆེན་གྱིས། །མ་ཏྲ༷་ལ་ཡང་སྡང་མིག་བལྟ། །ཞབས་བགྲད་མཛུབ་གཡོན་གཏད་དེ་ནི། །ཡེ་ཤེས་མཁའ་ལྡིང་སྡེར་ཆེན་གྱིས། །འཁོར་བའི་བྱི་ཕྲུག་བླང་བ་ནི། །བུ་ཕྲུག་མ་ལ་གཟན་སྟེར་བཞིན། །འདུས་པ་ཆེན་པོའི་ཚོགས་ཀུན་དགྱེས། །དཀྱིལ་འཁོར་ཆེན་པོའི་སྟེང་དུ་གཞག །གཉིད་མེད་ཡེ་ཤེས་དཀྱིལ་འཁོར་དུ། །འདུས་ཤིང་ཚོགས་ཀྱི་དཀྱིལ་འཁོར་བསྟན། །སུ་དག་ཕྱིན་པ་ཕྱིར་མི་ལྡོག་པར་ངེས། །སྦྱངས་པའི་སྔགས་ཀྱིས་སྦྱང་བར་བྱ། །ཁྲུས་ལུང་རྣམ་གསུམ་རྫོགས་བྱས་ལས། །ཁྲོ་བོ་ཕྲ་མེན་ཕོ་ཉ་བསྐུལ། །ཁྱོད་ནི་ཕོ་ཉ་གྱིང་ཀ་ར། །ཀ་དར་སྔོན་པོ་འདི་ལོང་ལ། །ཨ་སྟི་ཙརུ་གནས་བསྟོད་དེ། །དཀྱིལ་འཁོར་གསང་བར་དབང་བསྐུལ་ཅིག །ཡེ་ཤེས་རྣོ་དབལ་མཚོན་ཆ་འདི། །ཉོན་མོངས་སྡིག་གཅོད་རལ་གྲི་སྟེ། །འཁོར་བའི་རྩ་བ་དྲུང་ནས་ཕྱུང་། །ཙིསྟ་དྲངས་ནས་བྷརྙའི་སྣོད་དུ་བསྩལ། །སྡིག་ཅན་ཤེས་པ་ཡི་གེ་ཧུ༷་དུ་བསྒོམ། །སྤ་ར་ཕཊ་ཀྱིས་དོན་གཉིས་བྱས། །ཧ་ར་ཧུ༷་གིས་ཐུགས་ཀར་འདུས། །རྡོ་རྗེ་ཐུགས་སུ་དབང་མཆོག་བསྐུར། །གསུང་དང་སྐུ་ནས་དེ་བཞིན་དུ། །དུང་ཁང་གསང་ལམ་རྡོ་རྗེའི་ལམ། །པདྨ་ལས་འཕྲོས་བྱང་ཆུབ་སེམས། །ལྷ་རྣམས་དཀྱིལ་འཁོར་སྐུར་རྫོགས་པར། །གསང་བའི་སྔགས་ཀྱིས་བསྐྱེད་པར་བྱའོ། །ལྷ་རྣམས་དཀྱིལ་འཁོར་གནས་གསུམ་ནས། །སྐུ་གསུང་ཐུགས་ཀྱི་འོད་ཟེར་སྤྲོ། །དཀྱིལ་འཁོར་བདེ་གཤེགས་ཐམས་ཅད་མཆོད། །དོན་གཉིས་བྱས་ཤིང་ཚུར་འདུས་ནས། །མགལ་མེ་བཞིན་དུ་བདག་ལ་མཆོད། །ཐུགས་ནས་སྐུ་གསུང་རིམ་བཞིན་དུ། །གསང་བའི་ལམ་བྱུང་རྡོ་རྗེའི་ལམ། །བྱང་སེམས་བྷ་གའི་དཀྱིལ་འཁོར་ཐིམ། །ལྷ་རྣམས་འོད་ཞུ་བྱང་སེམས་ཀྱི། །བྱང་ཆུབ་སེམས་ཀྱི་ཐེག་ལེ་ནི། །ཙ་ན་ཀ་ཡི་འབྲུ་ཙམ་ལ། ཀི་ལ་ཡ་ཡི་གསང་སྔགས་ཀྱིས། །རྡོ་རྗེ་གཤོན་ནུ་ཚོན་གང་བ། །བྷ་གའི་གཞལ་ཡས་ཁང་ནས་ནི། །ཕྱག་རྒྱ་བཞི་ཡི་སྤྱན་དྲངས་ནས། །འོག་ཏུ་ཡ༷་ལས་རླུད་དཀྱིལ་འཁོར། །བཏེགས་ནས་འོག་མིན་གནས་སུ་དྲངས། །རིགས་ལྔ་ཡབ་ཡུམ་ལྷུམས་སུ་དྲངས། །རྡོ་རྗེ་སེམས་ནི་རླུད་ལྟ་བུ། །གང་དག་བསྒྲལ་ནས་རྡོ་རྗེའི་ཚེ། །དེ་ཉིད་སྲས་ཀྱི་དང་པོ་ནི། །རྡོ་རྗེ་སེམས་དཔའ་ཁྱོད་ཉིད་འགྱུར། །ཐབས་ལ་མཁས་པས་མཆོད་པ་སྟེ། །ཏ་ན་ག་ཎ་སྦྱོར་བ་མཆོད་ཆེན་པོ། །སྐྲ་ནི་ཁམ་པ་གྱེན་དུ་བརྗེས། །བྲང་ཐག་སྨ་ལ་གསུས་པ་འབོར། །ཚིགས་བཞི་སྡོམ་ལ་རྡུམ་པ་དང་། །རྐང་པ་སྣོལ་ཕྲ་ཞེང་ཆེ་ཞིང་། །དྲི་དྲེགས་མ་ཡིན་ཤ་དྲེགས་ཆགས། །མིག་ནི་ཤེལ་ལ་འབྲས་བུ་སྟེར། །ཉམས་བདུན་ཞིང་བཅུ་དེ་དང་མཉམ། །ལྐུགས་པས་བྱོལ་སོང་ཇི་བཞིན་ཏེ། །དཀྱིལ་འཁོར་ཆེན་པོར་བཅུགས་ནས་བསྒྲལ། །གོང་བཞིན་དེ་ལྟར་དེ་བཞིན་བྱའོ། །མཆོད་པ་ཆེན་པོས་རྒྱལ་བ་མཉེས། །ཐུན་མོང་དངོས་གྲུབ་ཅི་འདོད་བྱ། །དངོས་གྲུབ་ཡོན་ཏན་འདི་ལ་བླང་། །ཏ་ན་ག་ཎ་མཆོད་ཆེན་པོ། །ཞེས་ཀི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས། མཆོད་པའི་སྤྲིན་མངོན་པར་བྱ་བ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་རྗེས་འཇུག་གི་དོན་དུ་དབང་བསྐུར་བ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར་རྣམས་ལ་བཀའ་སྩལ་པ། རྡོ་རྗེ་གཤོན་ནུའི་རིག་འཛིན་རྣམས། །སྲིད་པའི་རྡོ་རྗེ་གྲུབ་མཛོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་གསུམ་བྱིན་རླབས་འདིར་གསོལ་ཅིག །དོན་དམ་བློ་ཡི་སྩོད་ཡུལ་མིན། །བརྟག་པར་དཀའ་ལ་དཔག་ཏུ་མེད། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ཕྲ་མོ་བཞི་ཡི་སྦྱོར་བ་ལས། །ཡང་དག་དབྱིངས་ནས་རོལ་པ་ལས། །ཐབས་དང་ཤེས་རབ་ལྡན་པས་ན། །སྟོང་པ་ལས་ནི་སྐུ་རུ་བྱུང་། །འགྲོ་བའི་དོན་མཛད་བདག་པོ་ཡིས། །དབང་བསྐུར་དངོས་གྲུབ་ཅི་འདོད་འབྱུང་། །ཞིང་ས་འདྲུ་རློག་ཆུ་ལུད་རྐྱེན། །དེ་ལས་འབྲས་བུ་འབྱུང་བ་བཞིན། །ལོ་གསུམ་སྣོད་བཅུད་བརྟགས་པ་ལ། །ཡང་དག་དབྱིག་གི་གཏེར་བྲུས་ནས། །ཞིང་རབ་གཤིན་ལས་ས་བོན་གདབ། །ནམ་མཁའ་ས་གཞི་པདྨ་བརྒྱད། །ནགས་ཚལ་མེ་ཏོག་གླིང་ཆགས་པ། །རིན་ཆེན་སྣ་ལྔའི་ལུང་པ་དང་། །རིན་པོ་ཆེ་ཡི་ཕུང་པོ་དང་། །བཀྲ་ཤིས་པ་ཡི་གནས་དག་ཏུ། །ས་རིན་བཙལ་ཏེ་བླང་བྱས་ལ། །མཎྜལ་འདོམ་གང་གྲུ་བཞི་ལ། །གསང་རྫས་གསུམ་གྱི་བྱིན་གྱིས་བརླབ། །ཐབས་དང་ཤེས་རབ་གཉིས་མེད་ལས། །བྱང་ཆུབ་སེམས་ཀྱི་ཐིག་གདབ་པའོ། །ཚོན་རྩི་ཡེ་ཤེས་ལྔ་དག་ཏུ། །བྱིན་གྱིས་བརླབ་ལ་བྲི་བར་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །བཟློག་དང་སོ་སོར་བྲི་བ་ནི། །དྲག་ནག་དབང་དམར་རྒྱས་སེར་ཞིང་། །དཀར་པོ་སེར་པོ་བར་ཁྱམས་སེར། །སྒོ་བཞི་རིགས་དང་གནག་པའོ། །ལེའུ་ཚེ་དགུ་ཡི་ཟླུམ་པོ་དཀར། །སྒོ་རྣམས་ཟུར་གཏད་གྲུ་བཞི་སེར། །པདྨ་ཟླ་གམ་དམར་པོ་དག །གྲུ་གསུམ་འཁོར་ལོ་ནག་པོ་ལ། །འབྲུ་ཚིག་སོ་སོར་དགོད་པའོ། །སློབ་དཔོན་འཁོར་གནས་ཕུན་སུན་ཚོགས། །འཚོ་བ་ཟས་དང་རྐྱེན་བཟློག་སྨན། །སྒྲུབ་རྫས་གསང་བའི་དམ་རྫས་སོ། །སྣོད་དུ་རུང་བའི་ཆོ་ག་བྱ། །དཀྱིལ་འཁོར་དམ་པར་གཞུག་ཕྱིར་དུ། །ཕྱི་དབང་དུས་སུ་ཁྲུས་བྱས་ལ། །དེ་ནས་དཀྱིལ་འཁོར་གཞུག་ཕྱིར་དུ། །འཕྲིན་ལན་གནང་ནས་གཞུག་ཡོན་དབུལ། །དར་དཀར་ཡོལ་བྲེས་ཕྱི་རོལ་ནས། །བསྐྱེད་རིམ་རྫོགས་པའི་བླ་མ་ལ། །མེ་ཏོག་དག་ནི་འཕང་བར་བྱ། །མེ་ཏོག་གང་ལ་ཕོག་པ་དེ། །བསྐལ་པའི་མཐའ་དང་རིང་བའི་དུས། །ལས་དང་སྐལ་བར་འཛོམས་པའི་ལྷ། །སྔགས་དང་ཕྱག་རྒྱས་སེམས་བསྐྱེད་དོ། །དོན་དམ་ཀུན་རྫོབ་དེ་བཞིན་ནོ། །མིག་དབྱེ་ཨ་མྲི་ཁ་རུ་བླུད། །རྒྱུ་འབྲས་མི་བསླུ་དམ་ཡང་དགག །བསྙེན་པའི་གནང་བའི་དབང་ཐོབ་ནས། །མངོན་ཤེས་ཡི་གེ་འབྲུ་བརྒྱད་ལ། །རིན་ཆེན་བསྟན་པའི་གཞུད་བཞིན་དུ། །བསྒོམ་བསྒྲུབ་གསལ་བ་ཅི་ནུས་བྱ། །ཧ་ཅང་སྒྲ་ཆེར་མ་ཡིན་ཆུང་བར་གྱིས། །གུག་སྐྱེད་ཀླད་གོར་ཚེག་པར་མ་ཉམས་པ། །སྨྲ་བཞིན་མ་ཡིན་ཧ་ཅང་གཡེང་བ་ཡིན། །རྣམ་གསུམ་གཅིག་ཏུ་ཡིད་ལ་དྲག་གསལ་བ། །བསྒོམ་བསྒྲུབ་གསལ་བ་ཅི་ནུས་བྱ། །ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས། །བྱང་ཆུབ་སེམས་ཀྱི་སེམས་དཔའ་ཡང་། །སྐུ་གསུང་ཐུགས་ཀྱི་གནས་གསུམ་ནས། །དབང་བསྐུར་གསང་ལམ་ཡབ་ཡུམ་གཉིས། །ཐབས་དང་ཤེས་རབ་གཉིས་སུ་མེད། །གསང་ལམ་ཁ་ནས་སྲས་མཆོག་བཏོན། །གཞལ་ཡས་ཁང་ལ་ལན་གསུམ་དུ། །བསྐོར་བ་བྱས་ནས་ལན་གསུམ་དུ། །པདྨ་དབང་སྒོ་སྒོར་ཞུགས་ནས། །དབང་དང་དངོས་གྲུབ་བླང་བར་བྱ། །དཀྱིལ་འཁོར་ལྷ་རྣམས་ལུས་ལ་གཞུག །སྐུ་གསུང་ཐུགས་ཀྱི་དབང་ཐོབ་འགྱུར། །ཀ་བཱ་ལ་ཡི་དབང་བསྐུར་བས། །དུར་ཁྲོད་ཧེ་རུ་ཀ་ཡི་དབང་ཐོབ་འགྱུར། །མུ༷་ས་རཀྟས་དབང་བསྐུར་བས། །དུར་ཁྲོད་མཁའ་འགྲོའི་ཚོགས་ལ་དབང་བསྐུར་ཐོབ། །བདུད་རྩི་ཆེན་པོས་དབང་བསྐུར་བས། །འཆི་མེད་སྲོག་སྦུགས་དམ་ཡང་བརྟན་པ་ཐོབ། །བྱང་ཆུབ་སེམས་ཀྱི་མར་མེས་དབང་བསྐུར་བས། །སྣང་བ་ཡེ་ཤེས་རང་ཤར་དངོས་གྲུབ་ཐོབ་པར་འགྱུར། །རྡོ་རྗེ་དྲིལ་བུས་དབང་བསྐུར་བས། །ཐབས་དང་ཤེས་རབ་གཉིས་མེད་དབང་ཐོབ་འགྱུར། །དངོས་གྲུབ་རྟེན་ནི་ལྔ་དག་སྟེ། །བདུད་རྩི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྟེན། ཁྲར་དུ་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྟན། །ཟླ་ཕྲོམ་ཟླ་རྒྱས་གོ་རོ་ཙ་ནའོ། ལྷོ་རུ་རིན་ཆེན་འབར་བའི་དངོས་གྲུབ་རྟེན། །མྱ༷་ས་མེ་ས་ཟླ་རྒྱས་མུར་གོང་བ་སུ་ཏ། །ནུབ་ཏུ་ཟླ་གམ་དབང་གི་དངོས་གྲུབ་བརྟེན། །རཀྟ་རུག་ཏི་བ་སུ་ཏ། །བྱང་དུ་ཕྲིན་ལས་གྲུ་གསུམ་དངོས་གྲུབ་རྟེན། །འབྲུ་བབ་བདུད་རྩི་ཟླ་ཕྲོམ་རྣམས། །རིགས་དང་སྦྱར་ཏེ་ཕྱོགས་ཕྱོགས་དགོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཕུར་པ་བཞི་ཡང་གདགས་པར་བྱ། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །དབང་དང་དངོས་གྲུབ་བླང་བར་བྱ། ཁྲེས་རབ་མ་ཡི་མཚན་བརྟག་པ། །སྐྲ་ནི་སེར་ལ་ལི་བ་དང་། །མིག་ལ་སྒྲི་ག་ཆགས་པ་དང་། །རྐང་པ་རྒྱུ་མ་ཕྲ་བ་དང་། །ལུས་ལ་དྲི་ཞིམ་ནད་མེད་དང་། །ནུ་མ་ཆུང་ཞིང་སྐེད་སྐབས་དོད། །སྐད་ཀྱང་ངངཔ གཤོན པའདྲ། །རྡོརྗེལྷ་མོར་བྱིན་བརླབ་ནས། །ཨེ་སྟི་ཉི་མ་པདྨ་བརྒྱད། །ཟླ་བ་རྡོ་རྗེ་རྩེ་ལྔ་ལ། །སྟུ༷་དང་ཧོ་ཡིས་བསྐུལ་བ་ནི། །དེ་ནས་གཉིས་མེད་སྦྱར་བ་བྱ། །པཟློ་ལ་ནི་རྡོ་རྗེ་གཞུག །བྱང་ཆུབ་སེམས་ནི་པཟློར་འཁྱིལ། །བདེ་བ་གསལ་ཞིང་མི་དམིགས་པ། །བྱང་ཆུབ་སེམས་ཆུ་རབ་ཕབ་ནས། །གསང་བའི་ཕོ་བྲང་དབུས་སུ་ནི། །བདེ་བར་གཤེགས་པའི་སྐུ་རྣམས་བསྐྱེད། །སྤྲོ་བསྡུས་བྱང་སེམས་འོད་དུ་ཞུ། །དཀར་འཚེར་བྱང་ཆུབ་སེམས་སུ་ཞུ། །བྱང་ཆུབ་སེམས་ནི་སྤྱན་དྲངས་ནས། །བྱང་ཆུབ་སེམས་དབང་ནོད་པ་ལ། །ཡ་རྐན་མ་རྐན་ཟླ་དཀྱིལ་འཁོར། །ལྕེ་དབུས་པདྨ་འདབ་བརྒྱད་དེ། །དབང་བསྐུར་དངོས་གྲུབ་བསྟིམ་པར་བྱ། །དུས་འདི་ཕན་ཆད་རྒྱལ་བའི་སྲས། །ངན་སོང་གསུམ་དུ་ལྷུང་མི་སྲིད། །ལྷ་དང་མི་ཡི་ དབང་རྒྱལ་བསྐྱེད། །བསྐྱེད་རིམ་ལ་ནི་སེམས་ཞུགས་ནས། །ནུས་པའི་དབང་ཐོབ་སེམས་ཟིན་ནས། །ཐར་པའི་ལམ་ནས་ཟློག་མི་སྲིད། །ཟབ་མོའི་དབང་ཡང་ཐོབ་གྱུར་ནས། །རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་ནོན་པའོ། །ཞེས་ཀི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས། དབང་བསྐུར་དམ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་སྣང་སྲིད་ལྷའི་དཀྱིལ་འཁོར་ལ་ཐུགས་ཡེ་ཤེས་གཅིག་ལ་ཡེ་ཤེས་ཀྱི་བྱེ་བྲག་མཚན་ཉིད་རྣམ་པར་དབྱེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྗེས་འཇུག་གི་དོན་དུ་འདི་གསུངས་སོ། །སེམས་གཡེང་སེམས་འཛིན་སྣང་བ་བསྒྱུར། །གཏིང་མཐའ་མེད་པར་གཞལ་ཡས་ཁང་། །སྣང་སྲིད་ཡེ་ནས་སྐུ་གསུང་ཐུགས། །འཇིགས་བྱེད་རྡོ་རྗེ་ཀུ་སྨྱུ་ར། །ང་ནི་ཁམས་གསུམ་འཁོར་བའི་ཡབ། །སྲིད་གསུམ་སྒྲོལ་མཛད་རྡོ་རྗེ་ཐུགས། །དཀར་དང་དམར་དང་དུད་ཁའི་ཞལ། །དཔའ་བོ་སྒེག་པ་འཇིགས་སུ་རུང་། །རྒོད་དང་གཤེ་དང་འཇིགས་པར་སྟོན། །སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །བདུད་བཞི་གདན་དུ་བཏིང་པས་དཔའ་དཔའ་འདྲ། །དུར་ཁྲོད་ཆས་བརྒྱད་ལྡན་པས་སྒེག་སྒེག་འདྲ། །སྐུ་ཆེ་ཡན་ལག་རགས་པས་འཇིགས་འཇིགས་འདྲ། །ཞལ་གཡས་དཀར་ལ་གཞད་པས་དགོད་དགོད་འདྲ། །ཞལ་གཡོད་དམར་ལ་གདངས་པས་གཤེ་གཤེ་འདྲ། །ཞལ་དབུས་མཐིང་ལ་གནག་པས་ཁྲོ་ཁྲོ་འདྲ། །ཞལ་ནས་གདུབ་རྩུབ་འབྱིན་པས་རྔམ་རྔམ་འདྲ། །རྒྱུད་དྲུག་ཐུགས་རྗེས་ཟིན་པས་སྙིང་རྗེ་འདྲ། །ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ། །དེ་འདྲའི་ཁྲོ་བོ་འཇིགས་པའི་ཚུལ་བསྟན་པ། །རྟགས་དང་མཚན་མ་བསྟན་པའི་ཕྱིར། །རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས། །རྡོ་རྗེ་རྩེ་ལྔས་དུག་ལྔ་རབ་ཏུ་སྒྲོལ། །མེ་དཔུང་འབར་བས་ཁམས་གསུམ་ཉོན་མོངས་སྲེག །ཁ་ཊ༷་རྩེ་གསུམ་དུག་གསུམ་རྩད་ནས་གཅོད། །རི་རབ་ཕུར་པས་ཁམས་གསུམ་དབང་དུ་སྡུད། །འཁོར་ལོ་རྒྱས་འདེབས་ཆོས་ཀྱི་དབྱིངས། །གཡས་པ་ཐབས་ཀྱི་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །གཙོ་ལ་འཁྲིལ་བའི་ཚུལ་དུ་གནས། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །གདུག་པ་འདུལ་མཛད་ཁྲོ་བོ་བཅུ། །ཧུ༷་ཀྭ་ར་དང་རྣམ་པར་རྒྱལ། །དབྱུག་པ་སྔོན་པོ་གཤིན་རྗེའི་གཤེད། །མི་གཡོ་མགོན་པོ་རྟ་མགྲིན་རྒྱལ། །གཞན་གྱིས་མི་ཐུབ་བདུད་རྩི་འཁྱིལ། །ཁམས་གསུམ་རྣམ་རྒྱལ་སྟོབས་པོ་ཆེ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བགྲད། །གཡས་དཀར་གཡོན་དམར་དབུས་སྔོ་ཞལ། །གཡས་སྔོ་གཡོན་ལྗང་དབུས་དཀར་ཞལ། །གཡས་དཀར་གཡོན་དམར་དབུས་སྔོ་ཞལ། །གཡས་སྔོ་གཡོན་ལྗངས་དབུས་མཐིང་ཞལ། །གཡས་སྔོ་གཡོན་སྨུག་དབུས་ལྗང་གནག །གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །གཡས་སེར་གཡོན་དམར་དབུས་ལྗང་ཞལ། །གཡས་སེར་གཡོན་དུད་དབུས་ལྗང་ཞལ། །གཡས་དཀར་གཡོན་དམར་དབུས་ལྗང་སེར། །གཡས་དཀར་གཡོན་དམར་དབུས་དུད་ཞལ། །འཁོར་ལོ་མདའ་གཞུ་ཏྲི་ཤཱལ་ལྕགས་ཀྱུ་དང་། །མེ་དབལ་དབྱུག་ཏོ་དགྲ་སྟུ་བེ་ཅོན་དང་། །གཤོལ་མདའ་རལ་གྲི་སྦྲུལ་ཞགས་ལྕག་སྒྲོག་དང་། །བ་དན་རྔ་ཡབ་རྒྱ་གྲམ་དབྱུག་ཏོ་དང་། །ཏྲི་ཤཱལ་མདའ་གཞུ་ཐོ་བ་སོག་མདུང་རྣམས། །དང་པོ་གཉིས་བྷརྙ་ཐ་མ་གཉིས་ཕུར་བུ་བསྣམས། །དོན་རྟགས་གསུམ་དང་ལྔ་དང་བརྒྱད། །གསུམ་དང་གཉིས་དང་དོན་རྟགས་གཅིག །དུརཁྲོདཆེནཔོའིཆས ཀྱིས་བརྒྱན། །ཀུན་ཏུ་བཟང་པོ་ཆོས་ཀྱི་དབྱིངས། །གཡས་པ་ཐབས་ཀྱིས་གཙོ་ལ་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །གཙོ་ལ་འཁྲིལ་བར་བཞུགས་པའོ། །ཕྲ་མེན་ཉི་ཤུ་ཕྱག་མཚན་ནི། །གཙོ་བོ་རྣམས་ཀྱི་བར་མའོ། །ཞལ་ནི་གཡས་གཡོན་རིགས་དང་སྦྱར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྐུ་མདོག་རིགས་དང་སྦྱར་བའོ། །ཡང་སྤྲུལ་ཕྱག་མཚན་སྒོ་བཞི་ཡིས། །འདོད་པའི་བྱ་བ་དོན་སྒྲུབ་པའོ། །སུམ་སྤྲུལ་སྟོད་ཅིང་ཟ་བའོ། །ཟ་བྱེད་ཤས་ཆེར་ཟ་བའོ། །གསོད་བྱེད་ཤས་ཆེར་གསོད་པའོ། །དུག་གསུམ་བསྒྲལ་བའི་ཁོག་པ་ལ། །སྒྲུབ་པའི་རྒྱལ་པོའི་གཞལ་ཡས་ཁང་། །གཞལ་ཡས་ཁང་གི་ཕྱོགས་བཅུ་ནས། །མཉམ་ཉིད་ཕྱོགས་ཉིད་རྟོགས་གྱུར་ན། །བསྒུལ་བསིགས་ཐམས་ཅད་ཕྱག་རྒྱ་ཡིན། །ཐུགས་དམ་ཕྲིན་ལས་མཚོན་པའི་ཕྱག་རྒྱའོ། །ལག་པ་ཐལ་སྦྱར་གྱེན་དུ་བསྒྲེང་། །རྐང་པ་བགྲད་ནས་བརྐྱང་བསྐུམ་དུ། །གོམ་པའི་སྟབས་ཀྱིས་གར་བྱེད་ཅིང་། །གསང་སྔགས་ལས་སྔགས་ལན་གསུམ་དུ། །དྲག་ཏུ་བཟླ་ཞིང་སྡང་མིག་བལྟ། །ཕན་ཚུན་ཡས་མར་སྡང་མིག་གིས། །རེ་རེ་ལ་ཡང་གསུམ་གསུམ་དུ། །རྐན་སྒྲ་ལྗགས་འདྲིལ་ལན་གསུམ་གྱིས། །དངོས་གྲུབ་ཐོབ་དང་ཟིལ་གྱིས་གནོན། །དུ་ཏྲ་བསྒྲལ་བའི་ཁོག་པ་ལ། །བསྒྲུབ་པའི་རྒྱལ་པོའི་གཞལ་ཡས་ཁང་། །གཞལ་ཡས་ཁང་གི་ཕོ་བྲང་ཕྱོགས་བཅུ་སྲ །དེ་ལྟར་དེ་བཞིན་གསང་སྔགས་སོ། །བྱ་བ་དེས་ཀྱང་འགྲུབ་པའོ། །ཏིང་འཛིན་ཞན་ན་གཞུང་དུ་བྱའོ། །ཞེས་ཀི་ལ་ཡ་བཅུ་གཉིས་ཀྱི་ཏན་ཏྲ་ལས། མཚན་ཉིད་རྣམ་པར་དབྱེ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་དཔལ་ཁྲག་འཐུང་རྔམས་པ་ཆེན་པོས་གདུག་པ་ཅན་བསྒྲལ་བའི་ཕྱིར། བསད་པ་ལས་ཀྱི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཕྲིན་ལས་ཕུན་སུམ་ཚོགས་པ་འདི་གསུངས་སོ། །ཁྲོ་བོ་རོལ་པའི་ཆ་བྱད་དང་། །ལུང་པ་གྲུ་གསུམ་ཟླ་གམ་དབྱིབས། །ནགས་རི་ཚེར་མ་ཅན་གྱི་ཤིང་། །དུར་ཁྲོད་ཆེན་པོའི་གླིང་ཡོད་པར། །སྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱ། །ཁྲོ་བོའི་དཀྱིལ་འཁོར་བསྒོམ་ལ་ནི། །ཕུར་པ་བྱིན་གྱིས་བརླབ་པར་བྱ། །ནང་གི་བྱང་སེམས་གཞལ་ཡས་ཁང་། །གཞལ་ཡས་ཁང་ནི་གསུམ་བརྩེགས་ལ། །སྟེང་འོག་སྐེད་པའི་གནས་ནས་སུ། །བཞི་བཅུ་རྩ་དྲུག་གསལ་བསྒོམས་ལ། །བསྐྱེད་ལ་བདེ་གཤེགས་གཞུགས་པར་བྱ། །ཀི་ལ་ཡ་ནི་ཉི་ཤུ་གཅིག །གྲངས་འཛིན་ཉི་ཤུ་གཅིག་གིས་ནི། །ཕུར་པ་བསྐྱེད་ཅིང་གཟི་བྱིན་བསྐྱེད། །ཉི་ཤུ་གཅིག་གིས་འོད་ཟེར་འཕྲོ། །མགར་གྱི་ཚྭ་ཚྭ་རྣོ་མྱུར་ཆས། །ཡུངས་ཀར་རྒྱལ་པོས་བརྡེག་པར་བྱ། །གུ་གུལ་ཚིལ་ཆེན་བདུག་ཕྱུག་ལ། །རཀྟས་བྱུག་ལ་ཨེ་ཡིས་གདབ། །བརྒྱ་མཚམས་བསྟོད་མཚམས་མཆོད་པ་འབུལ། །བསྟོད་དང་བསྟིམ་དང་ཕན་གནོད་སྨོན་ལམ་གདབ། །བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་ལ། །གྲུ་གསུམ་མཐུར་དུ་བྲུས་པ་ཡི། །བརྣག་པ་དེ་ཁོ་ན་གཞུག་པར་བྱ། །བརྒྱ་བརྒྱད་གཟུགས་ནི་དེ་ཡི་ནང་། །མགོ་ནི་ལྷོ་ནུབ་མཐུར་དུ་བསྟན། །དབྲལ་སྙིང་རུས་དང་མིང་གཞུག་ལ། །སྙིང་གའི་སྤོ་སྟེ་ཛ་བཞག་ལ། །འོད་ཟེར་ལྕགས་ཀྱུས་དྲངས་ནས་ནི། །བརྣག་པའི་གཟུགས་ལ་བསྟིམ་པར་བྱ། །དབབ་པའི་སྔགས་ཀྱིས་བསྟིམ་བྱས་ལ། །ཕྱག་རྒྱ་བཞི་ཡི་རང་བཞིན་གྱིས། དགུག་ཅིང་གདབ་བརྡེག་ཡང་ནས་ཡང་། །ཕྲིན་ལས་དྲུག་དང་སྔགས་དྲུག་དང་། །བདག་ཉིད་ལས་ཀྱི་ལྷར་ཞུགས་ནས། །ལུས་ནི་སུམ་བརྒྱུད་འབྲུ་དགུ་ལས། །ཕུར་པའི་ཁྲོ་བོ་སྐུ་ཕྱུང་ནས། །བདེ་གཤེགས་འཇིགས་ཚོགས་ཡན་ཆད་དུ། །གསེར་གྱི་བར་ཐག་གཟིངས་པ་ཡིས། །རྡོ་རྗེ་ཕུར་པའི་ལྷར་ཐིམ་བྱ། །འབུམ་ཕྲག་གཅིག་གམ་ས་ཡ་འམ། །བྱེ་བ་བཟླས་ཏེ་དབང་བསྐུར་ནས། །ཏིང་འཛིན་བསྙེན་པ་རྫོགས་བྱས་ཏེ། །གྱུར་་་ག་དངོས་གྲུབ་ཐོབ་པར་འགྱུར། །དྲག་པོའི་ཕྲིན་ལས་འཇུག་པ་ཡིས། །འབྲུ་དགུའི་ཕུར་པ་སྐུར་ཕྱུང་ལ། །ཕྱོགས་བཅུ་དག་ཏུ་ཁྱབ་པའི་སྐུ། །ཁྲོ་སྐུ་ལྕགས་ཕུར་ཟུར་གསུམ་པོ། །མགར་གྱི་ཚྭ་ཚྭ་རྣོ་མྱུར་ཆས། །ཉི་ཟེར་སེར་བ་བབས་པ་བཞིན། །གནག་པའི་སྟེང་དུ་བབས་པར་བསམ། །ཕྱག་རྒྱ་བཞི་ཡིས་བཀུག་བསྟིམ་བྱ། །གསང་སྔགས་དྲག་སྔགས་ཡང་ནས་ཡང་། །དམ་ཚིག་ཆེན་པོའི་དུས་ལ་བབ། །མགྱོགས་བྱེད་ཡེ་ཤེས་ཕོ་ཉ་ཡིས། །དེ་ལྟར་དེ་བཞིན་དགུག་བསྟིམ་བྱ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཐུགས་རྗེ་སྤྲུལ་པའི་ཕོ་ཉའོ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཟ་བྱེད་གསོད་བྱེད་ཕོ་ཉའོ། ཁུ་ན་མུ་ཁའི་དུས་ལ་བབ། ཁྲ་ན་བཞི་ཡི་ཕོ་ཉའོ། །བདག་ཉིད་ཆེན་པོའི་དུས་ལ་བབ། །རེ་ཏི་མཆེད་བཞིའི་ཕོ་ཉའོ། །ས་བདག་ཆེན་མོའི་དུས་ལ་བབ། །ཚ་བའི་མ་མོ་བཞི་ཡི་ཕོ་ཉའོ། །ཡང་ནས་ཡང་དུ་དགུག་བསྟིམ་བྱ། །སོ་སོའི་དྲག་སྔགས་བསྟིམ་པར་བྱ། །ཁྲག་ཟོར་དུག་ཟོར་ཉུང་ཟོར་བརྡེག །དུག་གི་གཏོར་མ་ཟ་རུ་གཞུག །ཕྲ་མེན་རྣམས་དང་མགྱོགས་མ་རྣམས། །བློ་སྙིང་ཟ་ཞིང་དབང་པོ་འཐོག །བསྟོད་ཅིང་དབབ་པའི་ཏིང་འཛིན་བསར། །དངོས་གྲུབ་བར་དུ་གཅོད་པའི་བགེགས། །གདུག་ཅིང་ལྡང་སེམས་བྱེད་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ནི། །བསྒོ་བའི་བཀའ་རྣམས་ཉན་ པར་ གྱིས། །མཐུ་དབྲོག་གུ་གུལ་གྲོགས་དང་བྲལ། །མངག་གཞུག་བསྙེན་ཕུར་དབབ་པ་དང་ ། །དབང་དུ་བསྡུ་བ་སྔོན་དམར་བཅིངས། །སྡིག་ཕུར་ཁ་ཐམ་ཐོ་ བས་བརྡུང་། །ཟིལ་གནོན་དྷ་མདའ་དུག་ཀྱང་ དུ་ལུག་མིག་སྨྲ། །རྟགས་ཕྱིན་དྲག་པོའི་དམ་རྫས་བསྒོ་བའི་བཀའ་ཉན་བྱེད་། །གབ་སྲས་གླང་གི་རུས་སྦལ་ཡན་ལག་འདྲ་། །གདབ་པའི་རིན་ཆེན་དག་ལ་བྲི། །རྟགས་ཕྱིན་དྲག་པོའི་ཕུར་པ་ཡིས། །ཚེ་ཡི་དྭངས་མའི་རྟེན་ཕྲལ་ནས། །གཏི་མུག་རྩད་ནས་གཅོད་པའི་མཐུ། །མཐུ་དབྲོག་ཕུར་པ་སྲས་མརྨོག་གིས། །ཁྲག་གི་དྭངས་མ་གནད་སླེབ་ནས། །འདོད་ཆགས་རྩད་ནས་གཅོད་པའི་མཐུ། །མངགས་པའི་སྲས་མཆོག་ཕུར་པ་ཡིས། །དབུགས་ཀྱི་དྭངས་མའི་རྟ་ཕྲལ་ནས། །ཕྲག་དོག་རྩད་ནས་གཅོད་པའི་མཐུ། །བསྡིག་པའི་ཕུར་པ་སྲས་མཆོག་གིས། །འོད་དང་མདངས་ཀྱང་སེམས་ཀྱི་གནས་སྐབས་ནས། །ང་རྒྱལ་རྩད་ནས་གཅོད་པའི་མཐུ། །ཟིལ་གནོན་སྲས་མཆོག་ཕུར་པ་ཡིས། །རྩ་དང་ཀུན་གཞིའི་རྟེན་ཕྲལ་ནས། །ཞེ་སྡང་རྩད་ནས་གཅོད་པའི་མཐུ། །དབང་གི་སྲས་མཆོག་ཕུར་པ་ཡིས། །རྒྱུ་བཞི་གནད་ནས་བསྲེག་པའི་མཐུ། །བསྙེན་པའི་སྲས་མཆོག་ཕུར་པ་ཡིས། །འབྱུང་བ་ཀུན་གྱི་རྟེན་འབྲེལ་བསྲེག་པའི་མཐུ། །ཨ་་་ག་པ་ཡི་རྒྱ་དེབ་བརྩེགས་འདྲ་ལ། །གནད་བདུན་གཅིག་ཏུ་དྲིལ་བ་ལས། །སོ་མལ་ལྕགས་མདའ་སྲ་རྣོ་ཡིས། །སྐད་ཅིག་མ་ཡིས་དྲངས་ཡོད་ཀྱིས། །དུས་གཅིག་ཐོག་རྫས་གླང་ཕག་རླང་ཕབ་གནད་སླེབ་པས། །ཀུན་གྱི་དྲན་བྲལ་ཚེ་ལུང་རྣམ་པ་གཉིས། །བརྣག་པའི་ཚེ་ལུང་འོག་མིན་གནས་གསུམ་མོ། །བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། སྔོན་ཆད་ཇི་བཞིན་དམ་བཅས་པ། །མངོན་སྤྱོད་ཕྲིན་ལས་མྱུར་དུ་ལ་སྐྱེ་མེད་མཚོན། །དེ་གསུམ་སྐྱེ་མེད་མཚོན་འཕྲོས་པས། །སྲིད་པ་གསུམ་དུ་གསལ་འཚེར་ནས། །ཉེས་བྱས་གསུམ་པོ་བསྲེག་པ་ནི། །འདི་ནི་བྱང་ཆུབ་སེམས་ཀྱི་བྲུས། །ཕྲིན་ལས་གསང་སྔགས་སྒྲོ་ལ་བའི་ཁྲུས། །ཨེ་ཀ་ར་དང་མཐར་གནས་སོ་། །ཨེ་ཀ་ར་ཡི་ཨེ་ཀ་ར། །ཨེ་ཀ་ར་ཡིས་དབུས་མ་གནས། །ཨེ་ཀ་ར་ཡི་མཐར་གནས་སོ་། །ཨེ་ཀའི་དོན་ཚིགས་ཨེ་ཀའི་གསང་སྔགས་ཀྱིས། །ཆོས་ཉིད་བདེན་པའི་གསང་སྔགས་སྒྲོ་ལ་བའི་མཐུས། །སྐུ་ཡི་བྱང་ཆུབ་སེམས་ཀྱིས་ལུས་ནི་རྣམ་དག་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་ཙ་ཡི་གསང་སྔགས་ཀྱིས། །ལུས་ངག་ཡིད་གསུམ་བྱང་ཆུབ་སེམས་ཀྱིས་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་ར་ཡི་གསང་སྔགས་ཀྱིས། །ཐུགས་ཀྱི་བྱང་ཆུབ་སེམས་ནི་ཡིད་ནི་རྣམ་དག་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་པསྩོའི་གསང་སྔགས་ཀྱིས། །བཅོམ་ལྡན་འདས་བཀའ་དྲི་མ་དག་པའི་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་ཏྲི་ཡི་གསང་སྔགས་ཀྱིས། །གསུང་གི་བྱང་ཆུབ་སེམས་ནི་ངག་གི་རྣམ་དག་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་ཚ་ཡི་གསང་སྔགས་ཀྱིས། །བག་ཆགས་ཐབས་ནི་བྱང་ཆུབ་སེམས་ཀྱི་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་ཏ་ཡི་གསང་སྔགས་ཀྱིས། །ཤེས་རབ་དམིགས་མེད་བྱང་ཆུབ་སེམས་ཀྱི་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་དེ་ཝའི་གསང་སྔགས་ཀྱིས། །ཕུར་པ་བྱང་ཆུབ་སེམས་ཀྱི་གནད་བདུན་དྲི་མའི་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་རྩ་བརྒྱའི་གསང་སྔགས་ཀྱིས། །ཐུགས་ཀྱི་ཕྲིན་ལས་བྱང་སེམས་རྣམ་གསུམ་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་སྤྲིན་ཛའི་གསང་སྔགས་ཀྱིས། །ཚད་མེད་སྒོ་མ་གསང་ཡུམ་བྱང་སེམས་ཁྲུས། །ཨེ་ཀ་ར་ཡི་སྤྲིན་དོན་ཚིག་ཨེ་ཀའི་གསང་སྔགས་ཀྱིས། །རྡོ་རྗེ་ཕུར་པ་དགྲ་ཡི་བག་ཆགས་བྱང་སེམས་ཁྲུས། །ཨེ་ཀ་ར་ཡི་སྤྲིན་རིན་དོན་ཚིག་གསང་སྔགས་ཀྱིས། །དགྲ་བགེགས་མནན་གཟིར་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཁྲུས། །ཨེ་ཀ་ར་ཡི་སྤྲིན་ཏྲིའི་དོན་ཚིག་གིས། །རྡོ་རྗེ་ཕུར་པ་ཐུགས་ཀྱི་བྱང་སེམས་ཀྱིས། །སྲིད་གསུམ་བསྒྲལ་བའི་དྲག་ཏུ་བྱང་སེམས་ཁྲུས། །ཨེ་ཀ་ར་ཡི་སྤྱིན་ཙ་ར་ཡི་དོན་ཚིག་གིས། །རྡོ་རྗེ་གཞོན་ནུ་ཐུགས་ཀྱི་ཕྲིན་ལས་ཀྱིས། །ཆགས་པ་དབང་དུ་བསྡུས་ནས་སྒྲོལ་བའི་བྱང་སེམས་ཁྲུས། །ཨེ་ཀ་སྤྲིན་གྱི་པསྟེའི་དོན་ཚིག་གསང་སྔགས་ཀྱིས། །ཐུགས་ཀྱི་ཐུགས་ནི་ཕྲིན་ལས་ཆགས་པ་ཡིས། །ཆོས་རྣམས་ཐམས་ཅད་སྐྱེ་བ་མེད་པའི་ཁྲུས། །ཨེ་ཀ་ར་ཡི་དོན་ཚིག་ཨེ་ཀ་ར་ཡི་གསང་སྔགས་ཀྱིས། །ཆོས་ཉིད་བདེན་པའི་གསང་སྔགས་བྱིན་རླབ་མཐུས། །བརྣག་པའི་རི་བོ་ཡེ་ཤེས་ལྔ་ཡི་མནན། །ཙ་རའི་དོན་ཚིག་གསང་སྔགས་ཀྱིས། །རྩ་བརྒྱད་ཕུར་པས་བརྣག་པ་མནན། །ང་ཡི་དོན་ཚིག་གསང་སྔགས་ཀྱིས། །རི་བོའི་འོག་ཏུ་ཐུགས་ནི་བྱང་ཆུབ་སེམས་ཀྱིས མནན། །པཉུའིདོན ཚིག གསང་སྔགས་ཀྱིས། །བདུད་བདག་བཅོམ་ལྡན་འཇིགས་བྱེད་ཀྱིས། །བྲན་དང་ལྷ་འདྲེ་གདུག་པ་བཀའ་བསྒོ་ཉན། །ཏྲི་ཡི་དོན་ཚིག་གསང་སྔགས་ཀྱིས། །གདུག་པ་ཅན་ལ་གཏད་མནན་པའོ། །སད་དང་ཙ་ཡི་དོན་ཚིག་གཉིས་ཀྱི་གསང་སྔགས་ཀྱིས། །གནག་པ་ཐབས་དང་ཤེས་རབ་གཉིས་མེད་མནན། །ཙརུའི་དོན་ཚིག་གསང་སྔགས་ཀྱིས། །རྡོ་རྗེ་ཁྲོ་བོའི་ཕུར་པ་ཡིས། །ཕྲིན་ལས་ཆགས་པས་དབང་དུ་བསྐུལ་ནས་བཏབ། །བསྐལ་པར་མི་འབྱུང་མནན་པའི་གསང་སྔགས་སོ། །དེ་བའི་དོན་ཚིག་གསང་སྔགས་ཀྱིས། །མནན་ཕུར་གསོ་ཞིང་གཟི་བྱིན་བསྐྱེད། །ཨེ་ཀའི་སྤྲིན་གྱི་དོན་ཚིག་གསང་སྔགས་ཀྱིས། །གཟུང་ཞིང་བསྡམ་བརྡེག་མནན་པའི་གསང་སྔགས་ཀྱི་མཐུའོ། །སྤྲིན་རའི་དོན་ཚིག་གི་གསང་སྔགས་ཀྱིས། །ཁྲོ་བོ་ཕུར་པས་ཐུགས་དབང་དྲག་ཏུ་བསྒྲལ་ཞིང་མནན། །སྤྲིན་ཏྲིའི་དོན་ཚིག་གསང་སྔགས་ཀྱིས། །དཀྱིལ་འཁོར་རྣམ་གསུམ་ཐུགས་ནི་ཡང་དག་གིས། །ཕྲིན་ལས་ཆགས་པས་དབང་བསྡུས་དྲག་བསྐུལ་མནན། །སྤྲིན་དག་པ྅་དོན་ཚིག་གསང་སྔགས་ཀྱིས། །ཐུགས་ཀྱི་ཕྲིན་ལས་ཆགས་པས་དབང་སྡུད་སྐྱེ་བ་མེད་པར་མནན། །ཨེ་ཀའི་དོན་ཚིག་གསང་སྔགས་ཀྱིས། །ཡིད་དང་ཞེ་སྡང་མ་རིག་གནས་སུ་བསྒྲལ་བའི་མཐུ། །ཙ་རའི་དོན་ཚིག་གསང་སྔགས་ཀྱིས། །གནག་པའི་ཚེ་རྟེན་འཁོར་བ་རྩད་གཅོད་མཐུ། །ར་ཡི་དོན་ཚིག་གསང་སྔགས་ཀྱིས། །ཉོན་མོངས་ཡིད་ཀྱི་བག་ཆགས་འདོད་ཆགས་རྩད་ནས་གཅད། །ཏྲི་ཡི་དོན་ཚིག་གསང་སྔགས་ཀྱིས། །བག་ཆགས་སོ་བཞི་གཏི་མུག་རྩད་ནས་གཅད། །པསྩོའི་དོན་ཚིག་གསང་སྔགས་ཀྱིས། །བཅོམ་ལྡན་བདུད་བདག་སྐུ་ནི་མྱུར་བསྐུལ་མཐུ། །ཚ་ཡི་དོན་ཚིག་གསང་སྔགས་ཀྱིས། །དཔལ་ཆེན་རྡོ་རྗེ་ཁྲོ་བོ་ཐབས་དང་ཤེས་རབ་དང་། ཧཱུཾ༷་གིས་ཕྲིན་ལས་དབང་སྡུད་ཚེ་རྟེན་རྣམ་ཤེས་བསྲེག །ས་ཏའི་སསྟ་ཡང་དོན་ཚིག་གསང་སྔགས་ཀྱིས། །སྐུ་སྟོད་སྐུ་སྨད་ཁྲོ་བོ་ལྕགས་ཕུར་ལ། །རྣོ་མྱུར་ཆས་པའི་བར་སྣང་སེར་བབས་བཞིན། །རྩ་བརྒྱའི་དོན་ཚིག་གསང་སྔགས་ཀྱིས། །གསང་བ་ཡུམ་བཞི་བཟུང་ཞིང་བསྡམ་རྟེན་མཐུ། །དེ་བའི་དོན་ཚིག་གསང་སྔགས་ཀྱིས། །བརྣག་པ་མནན་ཅིང་རབ་གཟིར་ཏེ། །རྡོ་རྗེ་ཕུར་པས་དབང་སྡུད་བསྐུལ་སྒྲོལ་མཐུ། །སྤྲིན་ཛའི་དོན་ཚིག་གསང་སྔགས་ཀྱིས། །རྡོ་རྗེ་ཁྲོ་བོ་ཕྲིན་ལས་ཀྱི། །ཆགས་པས་དབང་དུ་བསྡུས་ནས་དྲག་ཏུ་བསྒྲལ། །སྤྲིན་ཛའི་ཨེ་ཀའི་དོན་ཚིག་གསང་སྔགས་ཀྱིས། །ཆོས་རྣམས་ཐམས་ཅད་སྐྱེ་མེད་ངང་དུ་སྒྲོལ་བའི་མཐུ། །དཀྱུས་ཚིག་དོན་ཚིག་འཕེལ་འགྲིབ་ནི། །རེ་རེ་ལ་ཡང་གདམ་པར་བྱ། །ཨེ་ཀའི་དམ་ཚིག་གསང་སྔགས་ཀྱིས། །ཆོས་ཉིད་བདེན་པའི་བྱིན་བརླབས་མཐུས། །ཡན་ལག་བཅིངས་པའི་གནད་བརྡེག་གཟེར། །ར་ཡི་དོན་ཚིག་གསང་སྔགས་ཀྱིས། །སེམས་དྲན་མྱོས་བྱེད་གནད་བསྡིག་ཟོར། །པསྣེའི་དོན་ཚིག་གསང་སྔགས་ཀྱིས། །བཅོམ་ལྡན་བདུད་བདག་གང་གདོན་བཀའ་བསྒོ་གནད་བརྡེག་གོ །ཏྲི་ཡའི་དོན་ཚིག་གསང་སྔགས་ཀྱིས། །དབང་པོ་རྣམ་ཤེས་བསྡམ་བརྡེག་ཟོར་གྱི་མཐུ། །ཚ་ཡི་དོན་ཚིག་གསང་སྔགས་ཀྱིས། །ཐབང་་དང་ཤེས་རབ་རབ་ཏུ་ལུས་བཤིག་གནད་བརྡེག་ཟོར། །ཙ་རའི་དོན་ཚིག་གསང་སྔགས་ཀྱིས། །གནག་པའི་སྙིང་ཁྲག་གཙོ་བོའི་གནད་བརྡེག་ཟོར། །པ་རའི་དོན་ཚིག་གསང་སྔགས་ཀྱིས། །དཔལ་ཆེན་རྡོ་རྗེ་ཁྲོ་བོའི་ཐུགས་ཀྱི་ཕྲིན་ལས་ཀྱི། །ཆགས་པས་དབང་སྡུད་བསྐུལ་བསྒྲལ་ཚེ་རྟེན་གནད་བརྡེག་ཟོར། །དེ་ཝའི་དོན་ཚིག་གསང་སྔགས་ཀྱིས། །གཟུང་ཞིང་བསྡམ་བརྡེག་གནད་བརྡེག་གཟོར། །རྩ་བརྒྱའི་དོན་ཚིག་གསང་སྔགས་ཀྱིས། །བཅུ་གཅིག་མདའ་ཕུར་གནད་བདུན་རྩ་བརྒྱད་ཟོར། །སྤྲིན་ཛ་དོན་ཚིག་གསང་སྔགས་ཀྱིས། །གནག་པ་མནན་བརྡེག་གནང་བརྡེག་ཟོར། །རྡོ་རྗེ་ཕུར་པས་ཁྲག་རྦལ་ནི་ཁྲག་ཟོར། །སྤྲིན་ཛ་ཨེ་ཡི་དོན་ཚིག་གསང་སྔགས་ཀྱིས། །རྡོ་རྗེ་ཁྲོ་བོ་ཐུགས་ཀྱི་ཕྲིན་ལས་ཀྱིས། །བག་ཆགས་ཕུང་པོ་སྐྱེ་མེད་ངང་དུ་བསྒྲལ་བའི་ཕྱིར། །ཨེ་ཀ་ཨེ་ཀའི་དོན་ཚིག་གསང་སྔགས་ཀྱིས། །ཆོས་ཉིད་བདེན་པའི་བྱིན་རླབས་མཐུ། །བརྣག་པའི་ལུས་དང་གཏི་མུག་བསྲེས། །རྣལ་འབྱོར་སྐུ་ཡི་དངོས་གྲུབ་ཐོབ་པའི་མཐུས། །ར་ཡི་དོན་ཚིག་གསང་སྔགས་ཀྱིས། །བརྣག་པའི་ཡིད་དང་ཚ་གྲང་བསྲེག །རྣལ་འབྱོར་ཐུགས་ཀྱི་དངོས་སྡོང་བསྲེག །ཨེ་ཀ་ར་ལ་འབྲུ་ཚིག་གཉིས་གཉིས་སོ། །དྲི་ལ་དོན་ཚིག་གཉིས་དང་འབྲུ་ཚིག་ལྔ། །ཙ་རིལ་འབྲུ་ཚིག་ལྔ་དང་དོན་ཚིག་གཉིས། །པསྩོརེ་འབྲུ་ཚིག་བཞི་དང་དོན་ཚིག་གཅིག །ཚ་ཡི་བ་ར་དོན་ཚིག་གཉིས་དང་འབྲུ་ཚིག་གཉིས་གཉིས་སོ། །རྩ་བརྒྱད་འབྲུ་ཚིག་བཅུ་གསུམ་དོན་ཚིག་དགུ། །དི་བལ་དོན་ཚིག་གསུམ་དང་འབྲུ་ཚིག་དགུ། །སྤྲིན་ཛ་ལ་ནི་འབྲུ་ཚིག་བཞི། །སྤྲིན་ཛ་ཨེ་ཀ་ལ་དོན་ཚིག་གཉིས་དང་འབྲུ་ཚིག་དྲུག །སྤྲིན་ར་དོན་ཚིག་གཉིས་དང་འབྲུ་ཚིག་ལྔ། །སྤྲིན་ཏྲི་དོན་ཚིག་གཉིས་དང་འབྲུ་ཚིག་དྲུག །མཐར་གནས་སྤྲིན་ཛ་ཙ་རའི་དོན་ཚིག་ལྔ་དང་འབྲུ་ཚིག་བཅུ་གསུམ་མོ། །རྡོ་རྗེ་ཐུགས་ཀྱི་ཕྲིན་ལས་གསང་སྔགས་ཀྱིས། །ཁྱབ་པའི་དྲག་སྔགས་སྦྱོར་བ་ལ། །བཙན་དུག་སྦྱོར་བ་མེ་དང་འདྲ། །གནག་པའི་སྦྱོར་བ་དུག་སྡོང་ཚེ་རྟེན་བསྲེག །གདམས་པ་རིན་ཆེན་དག་ལ་བྲིས། །ཨེ་ཀའི་དབུས་མ་ནི་དཀྱུས་ནི་སྐོར་ཚོམས་ལ། །ཨེ་ཀའི་དཀྱུས་ཚིག་གསང་སྔགས་ནི། །ཁྱབ་པའི་སྦྱོར་བ་ཆེན་པོའི་དོན། །ཕ་རོལ་ཕྱིན་པ་གྲོལ་བའོ། །ར་ཡི་དཀྱུས་ཚིག་གསང་སྔགས་ཀྱིས། །ཆོས་ཉིད་བདེན་པའི་བྱིན་རླབས་མཐུ། །ཞེ་སྡང་སྒོ་ལ་ཚེ་ལ་གནད་གཅོད་མཐུ། །ཏྲི་ཡི་དཀྱུས་ཚིག་གསང་སྔགས་ཀྱིས། །ཕྲག་དོག་སྒོ་ལ་ཚེ་གནད་འབྲེལ། །ཙ་རའི་དཀྱུས་ཚིག་གསང་སྔགས་ཀྱིས། །ང་རྒྱལ་ཆེ་ལ་ཚེ་གནད་འབྲེལ། །ཚེ་ཡིས་དཀྱུས་ཚིག་གསང་སྔགས་ཀྱིས། །གཏི་མུག་སྒོ་དག་ཚེ་གནད་འབྲེལ། །པཉུའི་དཀྱུས་ཚིག་གསང་སྔགས་ཀྱིས། །གཏི་མུག་སྒོ་དག་ཚེ་གནད་འབྲེལ། །པསྩོའི་དཀྱུས་ཚིག་གསང་སྔགས་ཀྱིས། །འདོད་ཆགས་སྒོ་དག་ཚེ་ཡི་གནད་གཅོད་འབྲེལ། །སྐོར་ཚོམས་དཀྱུས་ཚིག་རྩ་བརྒྱད་ལ། །དོན་གྱི་དཀྱུས་ཚིག་ཨེ་ཀའི་ས། །ཨེ་ཀའི་གསང་སྔགས་སྐོར་ཆོམས་གསང་སྔགས་ཀྱིས། །སྦྱོར་བ་ཨེ་ཀར་སྦྱར་བྱས་ནས། །གྲོགས་བྲལ་ཁྲག་དང་མེ་དབལ་ཁྲག་དཀྱུག་གནད། །ཆོས་ཉིད་བདེན་པའི་བྱིན་རླབས་མཐུ། །འདོད་པའི་བྱ་བ་དོན་འགྲུབ་པའོ། །ར་ཡི་དཀྱུས་ཚིག་གསང་སྔགས་ཀྱིས། །དབབ་པའི་སྙིང་གཟེར་དབྱུག་གདངས་མེ་དབལ་སྙིང་གཟེར་གནད། །འདོད་པའི་བྱ་བ་དོན་འགྲུབ་བོ། །ཏྲི་ཡི་དཀྱུས་ཚིག་གསང་སྔགས་ཀྱིས། །ཙ་དང་ཡན་ལག་མེ་དབལ་བཅིང་བའི་གནད། །སྐོར་ཚོམས་ཨེ་ཀའི་དཀྱུས་ཚིག་གསང་སྔགས་ཀྱིས། །གཟིར་གནོན་སེམས་དང་མེ་དབལ་སྙིང་ཁྲག་སྦྱོ་བའི་གནད། །ཙི་རིའི་དཀྱུས་ཚིག་གསང་སྔགས་ཀྱིས། །སྨྱོ་དང་མེ་དབལ་རྣམ་ཤེས་སྡོམས་པའི་གནད། །ཚ་བའི་དཀྱུས་ཚིག་གསང་སྔགས་ཀྱིས། །སྟོབས་བྱེད་ཚེ་བརྟེན་མེ་དབལ་སྲོག་རྩ་གཅོད་པའི་གནད། །ཡང་སྙིང་བདུན་གྱི་དོན་བཞི་རེ་རེ་དྲུག །ཐུན་འཕང་མེ་དབལ་གནད་བདུན་དགུག་བསྟིམ་ལ། །དགུག་ཐུལ་བསྡམས་གཟེར་སྨྱོས་བརྒྱལ་ཤ་རུས་རུལ། །གནག་པ་མེ་དཔལ་འབྱུང་ལྔ་རིམ་བཞིན་བགེགས་པའི་མཐུ། །ཨེ་ཀའི་མཐར་གནས་ཨེ་ཀའི་དཀྱུས་ཚིག་གསང་སྔགས་ཀྱིས། །ཚོར་བྱེད་རྣམ་ཤེས་རྟེན་ལ་དབབ། །ཡུམ་བཞི་འཛིན་བྱེད་གསང་སྔགས་ཀྱིས། །སྦྱོར་བ་བཅོ་ལྔ་གནད་རེའོ། །ར་ཡི་དཀྱུས་ཚིག་གསང་སྔགས་ཀྱིས། །མཐོང་ཤེས་རྣམ་ཤེས་རྟེན་ལ་དབབ། །ཏྲི་ཡི་དཀྱུས་ཚིག་གསང་སྔགས་ཀྱིས། །ཐོས་བྱེད་རྣམ་ཤེས་རྟེན་ལ་དབབ། །ཙ་རའི་དཀྱུས་ཚིག་གསང་སྔགས་ཀྱིས། །རྟེན་བྱེད་རྣམ་ཤེས་རྟེན་ལ་གདབ། །པསྩོརེ་དཀྱུས་ཚིག་གསང་སྔགས་ཀྱིས། །མྱོང་བྱེད་རྣམ་ཤེས་རྟེན་ལ་དབབ། །ཚ་ཡི་དཀྱུས་ཚིག་གསང་སྔགས་ཀྱིས། །འཁོར་རྒྱུ་རྣམ་ཤེས་རྟེན་ལ་གདབ། །པ་ཏའི་དཀྱུས་ཚིག་གསང་སྔགས་དང་། །སྤྲིན་ཛའི་གསང་སྔགས་བར་གྱིས་ནི། །བྲན་དང་ཕོ་ཉ་སྦྱོར་བའོ། །མཐར་གནས་དབུས་མ་ན་ཡི་གསང་སྔགས་ཀྱིས། །མཐུ་དབྲོག་ཟིལ་གྱིས་གནོན་པར་བྱེད། །མཐར་གནས་དཀྱུས་ནི་སྐོར་གསུམ་གྱིས། །རྡོ་རྗེ་མེ་དབལ་གཟིར་གནོན་སྒྲོལ་མཆོད་དང་། །སྐུར་སྟོན་བྱང་སེམས་རིན་ཆེན་རྣམ་གསུམ་དོན། །བཅོ་བརྒྱད་ཉི་ཤུ་གཅིག་དང་གནད་བདུན་པ། །མནན་པའི་རྒྱུ་དང་སྐུ་མཆོག་ཕན་གནོད་སྨོན་ལམ་མོ། །ཞེས་ཀི་ལ་ཡ་བཅུ་གཉིས་ཀྱི་ཏན་ཏྲ་ལས། སྔགས་ཀྱི་སྦྱོར་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བཛྲ་ཀི་ལ་ཡས་རྗེས་འཇུག་གི་དོན་དུ་ཚིག་དང་ཡི་གེ་སྒྲའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། །ཀ་ཁ་ག་བྷ་ང་། ཙ་ཚ་ཛ་རྙོ་ཉ། ཊ་ཋ་ཌ་རྟེ་ཎ། ཏ་ཐ་ད་དྷ་ན། པ་ཕ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྟ། ཨ་ཨུ། ཨི་སྙི། ཨུ་ཨུ། རི་རྡི། ལི་ལྷོ། ཨེ་ཨེ། ཨོ་ཨོ། ཨ༷་ཨ། འཁུམ་པར་བྱེད་དང་སྡུད་པ་དང་། ཁོང་དུ་འགྲོ་དང་སྦྱོར་བའོ། །ལྷག་མ་གཉིས་དང་རྭ་བོ་གཉིས། །ཟླ་ཚེས་ཐིག་ལེ་ངག་ཡིད་དང་། །རིང་དང་ཐུང་དང་དྲག་གཞན་དང་། །རྩེ་མོ་སྐེད་པ་རྩ་བ་དང་། སྒྲ་ཡིག་སྒྲ་ཡིག་བོད་ཅིང་དྲང་བར་བྱའོ། །ཡི་མེད་དྭ་པོ་སྐབས་དང་སྦྱར། །སྒྲ་ཡི་ས་བོན་སྒྲ་ཡི་བོད། དོན་ནི་སྒྲ་ལས་བྱུང་བ་སྟེ། །སྒྲ་དོན་ཕྱི་མོ་དེ་ལས་དྲངས། །ཟླ་ཚེས་ཐིག་ལེ་གདགས་ཡིག་དང་། །ཞེས་ཀི་ལ་ཡ་བཅུ་གཉིས་ཀྱི་ཏན་ཏྲ་ལས། ཚིག་དང་ཡི་གེ་སྔགས་ཀྱི་སྒྲའི་ལེའུ་སྟེབཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཆོས་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་རྫོགས་པར་མཛད་པས། ཐབས་ཀྱི་སྤྱོད་པས་འགྲོ་བའི་དོན་འདི་གསུངས་སོ། །སྣང་བ་ཐམས་ཅད་ཡུལ་ཡིན་ཏེ། །ཡུལ་གྱི་རྣམ་པ་སེམས་ཡིན་པས། །སེམས་ལས་མ་གཏོགས་གང་ཡང་མེད། །སེམས་ནི་ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ཡིན། །རྣམ་རྟོག་སྐྱེ་བའི་གཞི་མེད་པར། །རྣམ་རྟོག་ཉིད་ཀྱང་ཡང་གསང་ཐུགས། །འཁོར་བ་མྱ་ངན་འདས་པའི་ཆོས། །ཐམས་ཅད་ཀུན་གྱི་དངོས་གཞི་སྟེ། །གཉིས་སུ་འབྱུང་བ་གང་ཞེ་ན། །རྟོགས་དང་མ་རྟོགས་བྱུང་བས་ན། །སེམས་ཅན་སངས་རྒྱས་གཉིས་མེད་ལ། །འཁོར་བ་སྔའམ་མྱང་འདས་སྔ། །མྱང་འདས་སྔ་ན་འཁོར་བ་མིན། །འོན་ཏེ་འཁོར་བ་སྔ་གྱུར་ན། །རང་རྡོལ་བྱུང་ངམ་ཐ་དད་བྱུང་། །ཉི་མ་གྲིབ་སོའི་རང་བཞིན་ནམ། །མོ་གཤམ་བུ་དང་རི་བོང་རྭ། །མེ་དང་དུ་བ་དེ་བཞིན་པས། །དེ་ལྟར་དེ་བཞིན་རྩོད་གཞི་རྟོགས་། །དཀའ་སྤྱད་ཐེག་ཆེན་རིགས་ཅན་གྱིས། །རྒྱུ་དང་གོམས་དང་འབྲས་བུ་འབྱུང་། །ཅི་ཕྱིར་འཁོར་བ་ཡུལ་ལ་ཤོར། །སངས་རྒྱས་སེམས་ཅན་དེ་བཞིན་པས། །ཉི་མའི་ངོ་ལ་མུན་པའི་གཞི་མེད་ལྟར། །འཁོར་འདས་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །འཁོར་འདས་བྱང་སེམས་རང་བྱུང་གཞན་ལ་མེད། །རིན་ཆེན་གླིང་དུ་ཕྱིན་པས་གཞན་ལ་བཙལ་མི་དགོས། །རིག་པ་ཁོང་ནས་ཤར་བས་སངས་རྒྱས་ད་ལྟ་ཉིད། །སེམས་རྟོགས་ཡེ་བསྒོམ་བསྒོམ་མེད་ཡེངས་སུ་མེད། །ཡེངས་སུ་མེད་པས་འབྲེང་ཐག་སྐྱོན། །བསྒོམ་མེད་ཡེངས་དང་མ་ཡེངས་མེད་ཉིད་ན། །ད་ལྟ་ཉིད་ན་ཐམས་ཅད་མཁྱེན་པའི་རིགས། །ནུས་པ་ཐོབ་པས་བསྒོམ་དང་མི་བསྒོམ་གཉིས། །དེ་ལྟར་དེ་གཞིན་གདམས་པ་རིན་ཆེན་དག་ལ་བྲི། །ནང་རྟོགས་ན་ནང་སངས་རྒྱས་ནུབ་རྟོགས་ན་ནུབ་སངས་རྒྱས། །སངས་རྒྱས་གཞན་ནས་བཙལ་མི་དགོས། །བསྒོམ་མེད་དགོས་འདོད་རྣམ་རྟོག་སྤང་དུ་མེད། །བདེན་པའི་བྱིན་རླབས་མཐུ་སྟེ་གཞན་ནས་འབྱུང་བ་མེད། །བདེན་པའི་བྱིན་རླབས་ཡང་དག་བསྟན་བསྲུང་མཐུ། །ཐབས་ཀྱི་ཕྲིན་ལས་འགྲོ་དོན་རྫོགས་མཛད་མཐུ། །སངས་རྒྱས་དངོས་གྲུབ་བར་ཆོད་བསྒྲལ་བར་བྱའོ། །སྟག་དང་སྟག་ཕྲུག་གཉིས་ཆར་རྩལ་མ་ཤོར། །དགུག་གདབ་མནན་འཕང་བསྲེག་པའི་མཐུ། །དཀྱིལ་འཁོར་གྲུ་གསུམཟླ་གམ་འཁོར་ལོ་དང་། །གྲུ་ཆད་ཟླ་གམ་བར་ཁྱམས་སྒོ་ཁྱུད་དང་། །ཐོད་པའི་ཐུན་དང་རྩ་བའི་ལྷ་སྔགས་བྲན་དང་ཕོ་ཉའི་སྔགས། །ཁྲག་ཟོར་ཡུངས་ཟོར་དུག་ཟོར་དང་། །གཏོར་ཟོར་རྟིང་ལ་ཕུར་ཟོར་དང་། །ཐུན་ཟོར་མཐུ་དབྲོག་ཟིལ་གནན་དང་། །ཁམས་གསུམ་བསྒྲལ་བའི་མཆོད་པ་བྱའོ། །མདའ་གཞུ་ཐལ་ཆེན་ཁྲག་ཆེན་བྱུག །ཐོད་ཁྲག་ཐུན་ནི་ཕྱར་བར་བྱ། །དམ་ཚིག་བརྒྱད་ཀྱི་དུས་ལ་བབ། །ལས་ཀྱི་མནར་བའི་བྱུར་ངན་ལས་ཟད་འདི། །དྲག་པོའི་ཕྲིན་ལས་ཤུགས་ཀྱིས་མི་བསྒྲལ་དུ། །བསྟན་པ་འཇིགས་པའི་ཆོས་འཁོར་རློག །དྲག་པོར་གྱུར་པའི་ཁྲག་ཟོར་འདི། །སྙིང་ཁྲག་སྤྱོས་ཤིག་གུ་ལུ་ན། །རྣམ་ཤེས་སྡོམས་ཤིག་ཤ་ན་རམ། །སྲོག་རྩ་ཆོད་ཅིག་པུ་ཏྲི་རམ། །ཕོག་པར་རྒྱོབ་ཅིག་སྙིང་གི་དཀྱིལ། །གནད་དུ་རྒྱོབ་ཅིང་སྲོག་པ་རྩ། །གནག་པའི་ཁོང་དུ་ཁྲག་ཐུན་ཁྲག་ཟོར་སྤྱོས། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། བདུད་བདག་འཇིགས་བྱེད་ཆེན་པོ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་ལ། །གཉིས་སུ་མེད་པའི་བྱིན་རླབས་ལས། །གདུག་པ་འདུལ་མཛད་ཁྲོ་བོ་ཁྲོ་མོ་བྱུང་། །ཁྲོ་བོ་ཁྲོ་མོའི་བྱིན་རླབ་ལས། །སྤྲུལ་པའི་མགོ་བརྙན་རྣམས་བྱུང་བ། །ད་ནི་ཟོར་གྱི་ལས་མཛོད་ཅིག །ཕྱོགས་བཅུའི་ཟོར་ལ་མངའ་མཛད་པས། །ཕྱོགས་བཅུའི་ཁྲོ་བོའི་ཕྱག་བརྙན་ཏེ། །བུད་མེད་འདི་ལྟར་ཡ་མཚན་ཅན། །བུད་མེད་ལུས་ལ་ཁྲ་ཐབས་མགོ །ཁྲ་ཐབས་མགོ་ཅན་བྱང་སེམས་ཕྱག་རྒྱ་མོ། །ཕྲ་མེན་མགོ་ཅན་མ་ནི་བྱང་སེམས་ཕྲ་མེན་མ། །གཡས་པ་རང་རྟགས་ཞིང་མཆོག་གཞུ། །གཡོན་པ་ལྟས་ངན་མདེའུ་ཕུར། །གཡོན་བདུངས་གཡས་དྲངས་ཐུགས་ཀར་བཀང་། །གནག་པའི་གནད་ལ་ཐུན་ཟོར་ཡ། །དེ་ལྟར་དེ་རྗེས་དེ་བཞིན་ནོ། །བདེན་པའི་བྱིན་རླབས་ཟོར་གྱི་མཐུ། །གུ་ལུས་ཁྲག་སྒྱུག་རྒྱུ་གཟེར་མཐུ། ཁུ་རམ་གྱིས་ནི་སྨྱོ་འབོག་སྒྱུགས་པའི་མཐུ། །པུ་ཏྲི་རམ་གྱིས་སྲོག་དང་བྲལ་བའི་མཐུ། །འབའ་ལིས་སྙིང་ནི་ཞགས་པར་བྱེད་པའི་མཐུ། །ཀི་ལིས་གནད་འདུས་ཚེ་བརྟེན་བདུན་རྒྱུད་གཅད་པའི་མཐུ། །མཐུ་དབྲོག་ཟིལ་གནོན་རིག་པའི་རྒྱུད་གཅོད་མཐུ། །ཁམས་གསུམ་བསྒྲལ་ཆོད་དཀྱུས་དོན་བཅུ་གཅིག་མཐུ། །སྟག་དང་སྟག་ཕྲུག་རྩལ་མ་ཤོར་བའི་མཐུ། །ལྷ་སྤྱོད་བརླང་པོ་སྤྱད་ན་ཚོགས་སུ་འགྱུར། །གསང་བའི་དཀྱིལ་འཁོར་རྣམ་གསུམ་དང་། །སྐུ་མཆོག་རྒྱུན་གྱི་སྤྱོད་པ་རྣམ་བཞི་ཡིས། །ཤེས་པའི་རྒྱུད་དང་གོམ་པའི་ལམ། །ཁ་ཚར་ཁ་ཉིད་ད་ལྟའི་ཤེས་པ་བཞིན། །འཆད་དང་ཉན་དང་བསྒོམ་དང་འདོན། །མེ་ཡི་གཞལ་ཡས་ཁང་ན་གནས་ཀྱང་དེ་ལྷར་དེ་བཞིན་ནོ། ཁོརྐོས་པའི་བག་ཆགས་གོམས་པས་གང་ལྟར་བྱས་པའི་མཐུ། །མདའ་མདེའུ་གཞུ་དང་སྐྱེས་བུའི་མཐུ། །གང་ལྟར་བྱས་པའི་འདོད་པ་དེ་བཞིན་དུ། །དབུས་མའི་དྲག་པོ་དྲུག་གི་སྦྱོར་བའི་ཕྲིན་ལས་ཀྱིས། །ཆོས་ཉིད་བདེན་པའི་བྱིན་རླབས་མཐུ། །གང་ལ་བྱ་བ་འདོད་པའི་དོན་གྲུབ་པའོ། །སྐོར་ཚོམས་ལྔ་ལྔའི་མཚན་ཉིད་གསང་སྔགས་དང་། །བྲན་དང་ཕོ་ཉ་གང་ལ་དམིགས་པའི་སྔགས། །བདུན་འབུམ་བསྙེན་པ་ཐོན་ནས་འདོད་པའི་བྱ་བ་འགྲུབ། །ཨེ་ཀ་དབུས་མ་གནས་པའི་གསང་སྔགས་དྲུག །ཨེ་ཀའི་གསང་སྔགས་སྦྱོར་བའི་མཐུ། །བདེ་བར་གཤེགས་པའི་ཟོར་གྱི་མཐུ། །སྐོར་ཚོམས་ལྔ་ཡིས་གསང་སྔགས་ལ། །བྲན་དང་ཕོ་ཉའི་གསང་སྔགས་འདུས། །ཨེ་ཀའི་གསང་སྔགས་དྲག་པོའི་བསྡུས་ལ་གདབ། །གནད་ས་རེ་རེ་ཕུར་པ་བདུན་ཚོ་ལ། །ཕུར་པ་རེ་ལ་གཟིར་གནོན་རེ། །འཛིན་ཅིང་འགུགས་པའི་སྔགས་ཀྱིས་གཟིར་ཅིང་གདབ། །ཡུམ་བཞིའི་སྔགས་དང་ཕྱག་རྒྱས་མནན། །གནད་རེར་དེ་ལྟར་བདུན་བདུན་གྱིས། །འཛིན་འགུགས་གསང་སྔགས་དམཔནི། །བདེགཤེགསཐུགས་ཀྱི་གསང་སྔགས་ཡང་ཞུན་མཐུ། །བཅོ་བརྒྱད་གནད་རེར་བདུན་གྱིས་གནག་པ་ཚེ་རྟེན་འབྲལ་པར་བྱེད། །ཨེ་ཀའི་དབུས་མ་ནི་ཨེ་ཀའི་གསང་སྔགས་ནི། །ཐུགས་ཀྱི་གསང་སྔགས་ཨེ་ཀའི་གསང་སྔགས་དང་། །འཛིན་ཅིང་འགུགས་པའི་རྡོ་རྗེ་ཡུམ་བཞིའི་སྔགས། །སྦྱོར་བ་བཞི་ཡི་གནག་པའི་སྔགས། །ཞེ་སྡང་ཉམས་དང་སྙིང་ཡང་འགས་ནས་འཆི། །ཨེ་ཀ་དབུ་མ་ར་ཡི་གསང་སྔགས་ལ། །ཐོགས་མ་ཐུགས་ཀྱི་འཛིན་འགུགས་རྡོ་རྗེ་ཡུམ་བཞིའི་སྔགས། །སྦྱོར་བཞིས་གནག་པ་ཕྲག་དོག་རྐང་བསྐུམ་འཆི། །ཨེ་ཀ་དབུས་མ་ཏྲི་ཡི་གསང་སྔགས་ལ། །ཐོགས་མ་ཐུགས་ཀྱི་འཛིན་འགུགས་རྡོ་རྗེ་ཡུམ་བཞིའི་སྔགས། །སྦྱོར་བཞིས་གནག་པ་ང་རྒྱལ་ལག་བསྐུམ་འཆི། །ཨེ་ཀའི་དབུས་མའི་ཙ་རའི་གསང་སྔགས་ལ། །ཐོག་མ་ཐུགས་ཀྱི་གསང་སྔགས་འཛིན་འགུག་རྡོ་རྗེ་ཡུམ་བཞིའི་སྔགས། །སྐྱོར་བཞིས་གནག་པ་འདོད་ཆགས་ཆུ་འགག་འཆི། །ཨེ་ཀའི་དབུས་མ་པ྅་གསང་སྔགས་ལ། །ཨེ་ཀ་དབུས་མ་ན་ཡི་གསང་སྔགས་དང་། །ཐོག་མ་ཐུགས་ཀྱི་འཛིན་འགུགས་རྡོ་རྗེ་ཡུམ་བཞིའི་སྔགས། །སྦྱོར་བཞིས་གཏི་མུག་ཀླད་འཁོར་མགོ་འགས་འཆི། །ཨེ་ཀའི་མཐར་གནས་ཨེ་ཀའི་གསང་སྔགས་ལ། །ཨེ་ཀའི་ཨེ་ཀའི་ཀར་མའི་གསང་སྔགས་དང་། །ཐུགས་ཀྱི་འཛིན་འགུགས་རྡོ་རྗེ་ཡུམ་བཞིའི་སྔགས། །གནག་པའི་དྲི་འགགས་ཚ་བའི་ནད་ཀྱིས་འཆི། །ཨེ་ཀའི་མཐར་གནས་ར་ཡི་གསང་སྔགས་ལ། །ཨེ་ཀའི་ཨེ་ཀའི་ཀར་མའི་གསང་སྔགས་དང་། །ཐུགས་ཀྱི་འཛིན་འགུགས་རྡོ་རྗེ་ཡུམ་བཞིའི་སྔགས། །༄༅ །གནག་པའི་གཟུགས་འགས་མཁྲིས་ནད་ནད་ཀྱིས་འཆི་བར་འགྱུར། །ཨེ་ཀའི་མཐར་གནས་ཏྲི་ཡི་གསང་སྔགས་ལ། །ཨེ་ཀའི་ཨེ་ཀའི་ཀར་མའི་གསང་སྔགས་དང་། །ཐོག་མ་ཐུགས་ཀྱི་འཛིན་འགུགས་འདེབས་པའི་རྡོ་རྗེ་ཡུམ་བཞིའི་སྔགས། །དགྲ་བགེགས་རྣ་གཟེར་ནད་ཀྱི་འཆི་བར་འགྱུར། །ཨེ་ཀའི་མཐར་གནས་ཙ་ཏྲ་རའི་གསང་སྔགས་ལ། །ཨེ་ཀའི་ཨེ་ཀའི་ཀར་མའི་གསང་སྔགས་དང་། །ཐོག་མ་ཐུགས་ཀྱི་འཛིན་འདུགས་འདེབས་པ་རྡོ་རྗེ་ཡུམ་བཞིའི་སྔགས། །ལུས་འཛིང་ལུས་འཇིག་རླུད་འགག་ནད་ཀྱིས་འཆི་བར་གྱུར། །ཨེ་ཀའི་པ྅་མཐར་གནས་གསང་སྔགས་ལ། །ཨེ་ཀའི་ཨེ་ཀའི་ཀར་མའི་གསང་སྔགས་དང་། །ཐོག་མ་ཐུགས་ཀྱི་གསང་སྔགས་འཛིན་འགུགས་ཡུམ་བཞིའི་སྔགས། །སྨྱོ་འབོག་བརྒྱལ་ནད་ལྐུགས་ནས་འཆི་བར་འགྱུར། །ཨེ་ཀའི་མཐར་གནས་ཚ་ཡི་གསང་སྔགས་ལ། །ཨེ་ཀའི་ཨེ་ཀའི་ཀར་མའི་གསང་སྔགས་དང་། །ཐུགས་ཀྱི་འཛིན་འགུགས་འདེབས་པའི་རྡོ་རྗེ་ཡུམ་བཞིའེ་སྔགས། །སྐྱེ་བའི་རྒྱུན་བཅད་ཆུ་འགག་ནད་ཀྱིས་འཆི་བར་འགྱུར། །མཐར་གནས་ཨེ་ཀའི་གསང་སྔགས་ལ། །ཨེ་ཀའི་ཨེ་ཀའི་གསང་སྔགས་དང་། །ཐུགས་ཀྱི་འཛིན་འགུགས་འདེབས་པའི་རྡོ་རྗེ་ཕུར་པ་ཡིས། །དབང་པོ་རྟེན་མགོ་ཀླད་པ་འགགས་ནས་འཆི། །མཐར་གནས་ཨུརྫི་ཎ་ཡི་གསང་སྔགས་ལ། །ཨེ་ཀའི་ཨེ་ཀའི་ཀར་མའི་གསང་སྔགས་དང་། །ཐུགས་ཀྱི་འཛིན་འགུགས་འདེབས་པའི་རྡོ་རྗེ་ཡུམ་བཞིའི་སྔགས། །ཆེ་སྲི་ཆུང་སྲི་གོད་སྲི་དང་། །ལྷ་འདྲེ་གདུག་པ་ཅན་གྱིས་རིགས་རྒྱུད་རྩད་བཅད་ན། །དེ་ཡི་མཐུ་འཕྲོག་ཟིལ་གནོན་བསླང་མི་སྲིད། །མཐར་གནས་ཨེ་མཐར་དབུས་མ་ནས། །གསང་སྔགས་གསུམ་ལ་དཀྱིལ་འཁོར་གསུམ། །ཨེ་ཀའི་ཨེ་ཀའི་ཀར་མའི་གསང་སྔགས་དང་། །ཐུགས་ཀྱི་འཛིན་འགུགས་འདེབས་པའི་རྡོ་རྗེ་ཡུམ་བཞིའི་སྔགས། །ཕུར་པ་བཅུ་གཅིག་སྙིང་པོ་བྲིས་སྔགས་བཏབ། །ཐོག་དང་སེར་བ་ཆུ་ཆེན་ཟློག་པར་འགྱུར། །རྒྱལ་པོའི་ཕོ་བྲང་མཁར་བཏབ་འཇིག་པར་འགྱུར། །གང་ལ་དམིགས་པའི་རི་འགྱེལ་བྲག་གྲུམ་འགྱུར། །ཆོས་ཉིད་བདེན་པའི་གསང་སྔགས་བྱིན་རླབས་མཐུ། །གང་ལ་གཏབ་ཀྱང་ཐོགས་མེད་ཐེབས་པའི་མཐུ། །ཞེས་ཀི་ལ་ཡ་བཅུ་གཉིས་ཀྱི་ཏན་ཏྲ་ལས། ཆོས་ཉིད་བདེན་པའི་གསང་སྔགས་དང་ཕྲིན་ལས་རྫོགས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་བདུད་བདག་ཆེན་པོས་བདུད་རྣམ་པར་བཅོམ་ནས་འབྲས་བུ་མཐར་ཐུག་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས།འབྲས་བུ་ཏན་ཏྲ་ཡོངས་སུ་གཏད་པ་ལ་ཆེད་དུ་བཟུང་བ་འདི་གསུངས་ཏེ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང། །བདེགཤེགསདངོས་གཞི་མ་གཟིགས་སོ། །རང་བཞིན་སྦས་པ་གབ་པ་དང་། །རྒྱུད་ལུང་༄༅ །མན་ངག་གསང་ཕྱིར་གཅུས། །རིན་ཆེན་དག་ལ་བྲི་བར་བྱ། །རྟོག་གེ་པ་ཡི་སྤྱོད་ཡུལ་མིན། །ཀུན་གྱིས་དངོས་གཞི་རྟོགས་པར་ཤོར། །གཟུགས་སོགས་འབྱུང་བ་བཞི་པོ་ཡང་། །ཉེ་བར་ལེན་པ་ལེན་བྱེད་ལྔ། །འཕེན་པར་བྱེད་པ་ལས་ཡིན་པས། །སྨིན་པའི་འབྲས་བུ་རྒྱུ་དྲུག་ཏུ། །རྟེན་ཅིང་འབྲེལ་བའི་འཁོར་ལོ་བསྐོར། །དེ་ལས་བཟློག་ཐབས་ཡང་དག་དོན། །བསྐྱེད་པའི་རིམ་པ་ཡང་དག་དོན། །དེ་ལྟར་དེ་བཞིན་དཀྱིལ་འཁོར་ལྷ། །གཉིས་སུ་འབྱོར་པ་གཅིག་ཏུ་གསལ། །ནུས་འཇུགས་སྐྱེས་པ་ལྟས་ཐོབ་པ། །ཨོ་ཨུ༷༷ཧཱུཾ་གིས་གཟུངས་ལ་སོགས། །ཉོན་མོངས་སྒྲིབ་པ་བྱི་གཟུང་ཡུལ་ལས་འདས། །ཨོ་དང་ཨ༷་དང་ཧཱུཾ༷་གི་ངོ་བོ་ལས། །འཛིན་པ་ཤེས་བྱའི་སྤྲིབ་པ་དོན་མ་ལོངས། །ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ། །སེམས་ཀྱི་རྣམ་པ་ལྷ་ཡི་སྐུ། །བདེ་གཤེགས་གཉིས་སུ་འཛིན་པའི་རིག་པ་གསལ། །དེ་ཉིད་སངས་རྒྱས་དགོངས་མ་ལོངས། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བདེ་གཤེགས་དཀྱིལ་འཁོར་ཀློང་དུའོ། །ལུས་ངག་ཡིད་གསུམ་ཕུར་པའམ། །དཀྱིལ་འཁོར་གསུམ་གྱི་ཀློང་དཀྱིལ་འཁོར། །སྣང་ལ་རང་བཞིན་མེད་པའི་འཇའལྟ་བུ། །ཁ་མིག་རྣ་བ་ཡན་ལག་གཟུང་འཛིན་གཉིས། །རང་བཞིན་མེད་པར་འཛིན་པ་ཡང་གསང་མིན། །མར་མེའི་འོད་ཀྱིས་མུན་པ་གསལ་འགྱུར་ཏེ། །ཕྱོགས་གཅིག་མུན་པ་སེལ་མི་འགྱུར། །འོད་ཆུང་མུན་པ་སེལ་མི་གྱུར། །བཅུ་དྲུག་འོད་ཀྱིས་མུན་པ་སེལ། །ཐ་དད་རིན་ཆེན་རྙེད་གྱུར་ཙམ། །དང་པོ་དེ་ལྟར་དེ་བཞིན་ནོ། །རིན་ཆེན་རང་ལ་རྟོགས་པ་རྙེད། །མུན་པའི་སྨག་ནི་མཚོ་ནག་བཞིན། །སྤྲིན་གྱིས་བསྒྲིབས་པའི་ཉི་མ་ལྟར། །རིན་ཆེན་ཐ་དད་དེ་བཞིན་ནོ། །སྤྲིན་མེད་ཉི་མ་ཤར་བའི་འོད། །ཉི་ཟེར་དྲོ་གསལ་བདེ་འབྲས་འབྱུང་། །རང་ལ་རིན་ཆེན་རྙེད་གྱུར་ཏེ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །གཟུགས་སྐུ་རྣམ་གཉིས་འབྱུང་བའོ། །དག་དང་མ་དག་འགྲོ་དོན་ནི། །སྐད་ཅིག་མ་ནི་ཕྲིན་ལས་བཞི། །སྐུ་གཉིས་འགྲོ་དོན་བྱིན་རླབ་སྣང་། །འགྲོ་བ་རྣམས་ལ་བདེ་འབྲས་སྣང་། །རྒྱ་མཚོའི་ཁ་དང་རྒྱ་མཚོའི་གཏིང་། །རྐྱེན་གྱིས་དེ་ལྟར་དེ་བཞིན་དུ། །ཐ་དད་པ་དང་ཐ་དད་མིན། །རིན་ཆེན་རྙེད་པ་དེ་བཞིན་ནོ། །ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ནི། །ཆོས་རྣམས་ཐམས་ཅད་སེམས་ཡིན་ནོ། །སེམས་ཉིད་རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཆོས་ཅན་ཆོས་ཉིད་གཉིས་སུ་མེད། །ཆོས་རྣམས་ཐམས་ཅད་འཁོར་བ་ལ། །འཁོར་བ་ཉིད་ཀྱང་སེམས་ཡིན་པས། །སེམས་ཉིད་རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །འཁོར་འདས་ཀུན་རྫོབ་སེམས་ཉིད་པས། །དོན་དམ་ཀུན་རྫོབ་གཉིས་སུ་མེད། །སངས་རྒྱས་སེམས་ཅན་དེ་བཞིན་ནོ། །གསང་བ་ཆེར་གསང་ཡང་གསང་ཐུགས། །གཉིས་ལ་གདམས་ངག་རེ་རེ་ནི། །འོད་ཀྱིས་མུན་པ་སེལ་མི་༄༅ །སེལ། །ཐ་དད་པ་དང་ཐ་མི་དད། །རིམ་བཞིན་རིན་ཆེན་གདམས་ངག་འབྱུང་། །ཆོས་རྣམས་ཐམས་ཅད་སྐྱེ་མེད་ལ། །རྟོག་པའི་དབང་གིས་སྡུག་བསྔལ་སྨིན། །དེ་དག་འགྲོལ་བར་བྱ་བའི་ཕྱིར། །འོག་མིན་གཙོ་མོའི་བྷ་ག་ནས། །དྲག་པོ་འཇིགས་བྱེད་བདུད་བདག་བཞེངས། །མགོན་པོ་བདག་ཉིད་ཆེན་པོ་ངས། །ཐམས་ཅད་རྒྱུད་ཀྱི་རྒྱུད་བརྟག་དཀའ། །ལྗགས་ཀྱི་དབང་པོ་བཀྲམ་ནས་ནི། །ཀུན་གྱི་དོན་དུ་གསུངས་པ་ཡིན། །རྗེས་འཇུག་རྣམས་ཀྱིས་བརྟན་པོར་ཟུང་། །འགྲོ་བ་ལས་ནི་དང་པོ་ཡིས། །རྡོ་རྗེའི་རྒྱུད་འདི་བྲིས་གྱུར་ནས། །ཀློག་དང་ཁ་ཏོན་བྱེད་པ་རྣམས། །སྒྲ་མེད་གནས་སུ་མི་སྐྱེ་བར། །དཀོན་མཆོག་སྒྲ་སྒྲོགས་གནས་སུ་སྐྱེ། །སྐྱེ་བ་ངན་པ་ལེན་པ་བོར། །རིམ་པར་འགྲོད་ནས་བྱང་ཆུབ་ཐོབ། །རྡོ་རྗེ་རྒྱུད་འདི་ཐོས་བསམ་ན། །རྗེས་འཇུག་ཐོགས་མེད་ཤེས་རབ་འགྱུར། །རྡོ་རྗེ་རྒྱུད་འདི་བཤད་གྱུར་ན། །སྐྱེ་བ་མང་བརྒྱུད་གནས་ལྔ་ལ། །འདི་ཡིས་འབྲས་བུ་འཕེལ་བར་འགྱུར། །རྡོ་རྗེ་རྒྱུད་ལ་བསྒོམ་གྱུར་ན། །ཚེ་འདི་ཉིད་ལ་ཕྱིར་མི་ལྡོག །མངོན་ཤེས་དྲུག་ནི་འཆར་བར་འགྱུར། །ཡིད་བཞིན་ནོར་བུ་རིན་ཆེན་ལ། །ཅི་འདོད་དོན་ནི་འབྱུང་བར་འགྱུར། །ཀི་ལ་ཡ་སྤྲིན་ཛ་ཏནྟྲ་ཀ་པ་ཙ། །སྔ་རབས་ད་ལྟ་སླད་ཀྱིས་འབྱོན། །སངས་རྒྱས་འདི་ལས་བྱུང་བ་ཡིན། །རྒྱུད་ཀུན་གྱི་ནི་གསང་སྔགས་སྒྲོན་གསལ་འདི། །རྗེས་འཇུག་ལས་ནི་དང་པོ་ཡིས། །མཐོང་ཞིང་ཐོས་ན་རྟོགས་པར་འགྱུར། །འདི་ལ་མ་ཡེངས་དམ་ཚིག་ཆེ། །རྡོ་རྗེ་ཐུགས་སྐྱེས་ལས་ཀྱི་རྟོགས་གྱུར་ན། །ཐུགས་ཀྱི་སྐུ་དང་ཐུགས་ཀྱི་གསུང་། །བདེ་བར་གཤེགས་པས་རབ་བསྔགས་པས། །ཡོན་ཏན་ཐམས་ཅད་འདི་ལས་འབྱུང་། །དངོས་པོར་བལྟ་བའི་གསང་སྔགས་ཀྱང་། །འདི་ཉིད་གཟུང་ཞིང་གསང་སྤྱད་ན། །དམ་པ་རྣམས་ཀྱི་དམ་པའི་མཆོག །དངོས་པོ་སྒྱུ་མ་ན་བུན་མཐོང་། །ལོངས་སྤྱོད་་ང་རྗེངམེངངེཛིཞེཏེ་་རྗེངམེ་ཅིཞིཞིབྱེརྫགས་པའ་སྐུ་དང་གསུང་ཐུགས་རྡ་ ་ལ་ཞུགས་ནས་གཉས་སུ་ ད་པར་ཏང་ ་འ ན་ལས་བ ངས་ ། སྡུད་པ་པ་ཐུགས་རྡ་ ་ལ་གཉས་སུ་ ད་པར་ཞུགས་ཏ། ག ག་པར་རང་བ ན་དུ་མཉམ་ ང་ད ར་མེད་པར་གྱུར་དེ་མི་སྣང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཀི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས། འབྲས་བུ་མཐར་ཐུག་པར་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོམམོསྲིདཔའིརྫོངསལུངཆེནམོ།།