Ngb-pt-0342-vol-04-text
Front
Body
འབྱུང་།། །། རྒྱ་གར་སྐད་དུ། །ནཱ་མ་བཛྲ་ཛ་ལ་ཏནྟྲ། །བོད་སྐད་དུ། །རྡོ་རྗེ་འབར་བའི་རྒྱུད་ཅེས་བྱ་བ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་དེ་བཙུན་མོའི་དཀྱིལ་ན་རྟག་ཏུ་བཞུགས་སོ། །དེ་ནས་བྱིན་གྱིས་བརླབས་ལས་བྱུང་བའི་ལོངས་སྤྱོད་པར་མཛད་པའི། རྣམ་པར་སྣང་མཛད་ཆེན་པོའི་གཟུགས་ཞལ་གསུམ་ཕྱག་དྲུག་པ། སེར་པོ། དམར་པོ། དཀར་པོའི་ཚུལ་དུ་གནས་པ། འཁོར་ལོ་ལ་སོགས་པའི་འཛིན་པའི་ཆ་བྱད་ཅན། །མཚན་དང་དཔེ་བྱད་དུ་ལྡན་པ་དེ། འོག་མིན་གྱི་གནས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ། ཡེ་ཤེས་ཀྱི་རང་བཞིན་རིན་པོ་ཆེ་ལྔ་ལས་གྲུབ་པ་ཚད་དཔག་ཏུ་མེད་པ། དབྱིབས་དང་དོག་དང་ཁྱད་པར་དུ་གྱུར་པ། གྲུ་བཞི་དང་གྲུ་ཆད་དང་སྒོ་བཞི་སྒོ་དང་བཅས་པ། རྟ་བབས་དང་། ཐེམ་སྐས་དང་བཅས་པ། ཀ་བ་བརྒྱད་ཀྱིས་རྣམ་པར་སྤྲས་པ། སྣ་ཚོགས་པའི་གཟུགས་ལ་སོགས་པས་བརྒྱན་པ། ལྷ་མོ་ལ་སོགས་པའི་རྒྱན་གྱིས་བཀླུབས་པ་ནི། ཉིད་ལས་མི་གཞན་པའི་འཁོར་རྣམས་དང་ཐབས་ཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ། བཅོམ་ལྡན་འདསདེབཞིནགཤེགསཔརྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་།དཀོན་མཆོག་དཔལ་དང་། ཚེ་དཔག་ཏུ་མེད་པ་དང་། གྲུབ་པ་གདོན་མི་ཟ་རྣམས་བཙུན་མོ་རྣམས་དང་བཅས་པ་དང་། གཞན་ཡང་སྒེག་མོ་མ་དང་། ཕྲེང་བ་མ་དང་། དབྱངས་ལེན་མ་དང་། གར་སྒྱུར་མ་དང་།བདུག་སྤོས་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། དྲི་ཆབ་མ་དང་། ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། དྲིལ་བུ་མ་རྣམས་དང་། གཉིས་སུ་མེད་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལོངས་སྤྱོད་པར་མཛད་དེ། སྟོང་གསུམ་གྱི་སྟོང་ཆེན་པོ་ཡང་སྣང་བར་མཛད་པ་དང་། གཞན་ཡང་དང་པོར་ཉིད་ཀྱི་དཀྱིལ་འཁོར་ནང་དུ་ཞལ་འཛུམ་པ་མཛད་དེ་མི་སྣང་བར་གྱུར་ཏོ། །ཀྱེ། ཁྱོད་ནི་སྙིང་རྗེ་དང་ལྡན་འགྲོ་བའི་གཉེན་མཆོག་སྟེ། །བྱམས་པས་ཀུན་ལ་སྐྱོབ་ཅིང་ཕན་མཛད་པ། །དགའ་བའི་པདྨ་རྒྱས་པ་བདག་ལ་ཡོད། །བདེ་བ་ཆེན་པོ་བཏང་སྙོམས་བདེ་བའི་གར་མཛོད་ཅིག །དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་དེ་ཞལ་གསུམ་ཕྱག་དྲུག་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པས། རྙུ་པེ་ལ་སོགས་པ་ཕྱིའི་མཆོད་པ་དང་། སྒེག་མོ་ལ་སོགས་པ་ནང་གི་མཆོད་པདང། མེཏོགཀནིསྐོལསོགས་པ་གསང་བའི་མཆོད་པས་ཡང་དག་པར་མཆོད་དེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གནས། །སྐུ་གསུང་ཐུགས་ཀྱི་གསང་བ་རྣམས། །རབ་དགྱེས་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་བརྗོད་པས། །ཉིད་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས། ཟིལ་གྱིས་གནོན་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཨོ་མ་ཧྭ་ཤཱ་རྒྱ་ཏྭ་ཙྭ་ན་བཛྲ་སུ་བྷ་ཝ་ཨུཏྣ་ཀོ྅ཧ༷། །ངོ་བོ་ཉིད་ཀྱིས་སྟོང་པ་ལ། །བདག་དང་ཆོས་དང་རྣམ་རིག་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་ཉིད་ཡེ་ནས་གནས་པ་ལས། ཁྲེས་པས་མཐོང་བའི་ཡུལ་མིན་ཏེ། །གང་གིས་ཡེ་ཤེས་བསྐྱེད་འགྱུར་བ། །དེ་ཡིས་ཡང་དག་རྣམ་པར་མཐོང་། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས། སེམས་བསྐྱེད་པ་འདི་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། །སྙིང་རྗེའི་ཡུལ་ནི་རྣམ་བསྒོམ་སྟེ། །ཆོས་གཅིག་པོ་འདི་རྩ་བའི་ཕྱིར། །ཆོས་རྣམས་ཀུན་དང་འདྲ་བར་གསུངས། །དེ་བས་ཤེས་རབ་སྙིང་རྗེ་ནི། །ཐེག་པའི་རང་བཞིན་ཁོ་ནའོ། །གཞན་གྱི་དོན་དུ་སེམས་བསྐྱེད་ཕྱིར། །བྱམས་དང་དགའ་དང་བཏང་སྙོམས་སོགས། །རྣལ་འབྱོར་པ་ཡིས་ལྡན་པར་བྱ། །སེམས་ཅན་དོན་ལ་དམིགས་པ་དང་། །ཆོས་ཙམ་ལ་ནི་དམིགས་པའོ། །མི་དམིགས་པ་ལ་དམིགས་པ་ཡིས། །ཚད་མེད་བཞི་པ་བསྒོམ་པར་བྱ། །དེ་ནས་རྒྱུ་ཡི་ས་བོན་བསམ། །ཧུ༷་གནས་བསྡུ་བ་བརྩམ་པ་དང་། །དཀྱིལ་འཁོར་རྡོ་རྗེ་ཀུན་ལས་སྐྱེས། །དེ་རུ་ཡི་གེ་འབྲུ་བསམ་མོ ཡ༷་ར༷་བ༷་ལ༷་ཏ༷་རྒྱུ༷་ཧུ༷། དེ་ནས་དགྱེས་པ་ཆེན་པོ་དེ། སྐུ་གསུང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ཉིད་སྔགས་ཀྱི་བདག་པོ་ཆེན་པོར་བྱིན་གྱིས་བརླབས་སོ། །བརླབས་མ་ཐག་ཏུ་ཞལ་གསུམ་ཕྱག་དྲུག་པར་སྣཛི་བར་གྱུར་ཏོ། །དེ་ནས་དེ་ཉིད་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །འཁོར་སྐུལ་བསྡུས་ནས་ཤེས་རབ་མ་དང་དགའ་བར་བྱས་སོ། །དེ་ནས་ཡང་དཀྱིལ་འཁོར་འབྱིན་པའི་སྔགས་འདི་གསུངས་སོ། །ཨོ་ཨུ༷༷ཧུ༷། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། །བཙུན་མོ་ཡུམ་གྱི་བྷ་ག་ལ། །རིམ་པ་བཞིན་དུ་དགོད་བྱ་སྟེ། །གསང་བ་ཡུམ་གྱི་དམ་ཚིག་རྣམས། །ལྡན་པར་བྱ་ཕྱིར་གདོན་པར་བྱ། །དེ་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པ་རྣམས།དཀྱིལ་འཁོར་གྱི་ལྟེ་བ་དང་རྩིབས་དང་རྩིབས་མཆན་དང་། གྲུ་ཆད་དང་། སྒོ་བཞི་གོ་རིམ་བཞིན་དུ་གནས་པར་གྱུར་ཏོ། །དེ་ཡང་རྣམ་པར་སྣང་མཛད་དང་། མི་སྐྱོད་པ་དང་། དཀོན་མཆོག་དཔལ་དང་། ཚེ་དཔག་ཏུ་མེད་པ་དང་། གྲུབ་པ་གདོན་མི་ཟ་བ་རྣམས་དང་། དཀར་པོ་དང་། མཐིང་ག་དང་། དམར་པོ་དང་། སེར་པོ་དང་། ལྗང་གུའི་མདོག་ཏུ་སྣང་བ་དང་། འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་རྣམས་ཕྱག་དང་པོ་ན་འཛིན་པ། གཡོན་པས་རང་དང་འདྲ་བའི་ཤེས་རབ་མ་རྣམས་ལ་འཁྱུད་པ། བཛྲ་དྷ་རས་དབང་བསྐུར་བ། མཚན་དང་དཔེ་བྱད་དུ་བཅས་པ། སྙན་ཆ་དང་མགུར་ཆུ་དང་། དཔུང་རྒྱན་དང་། སེ་མོ་དོ་ལ་སོགས་པས་མཛེས་པར་བྱས་པ་དང་། སྒེག་མོ་ལ་སོགས་པ་རྣམས་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་ལ་ལ་སོགས་རང་རང་གི་མདོག་དང་། ལག་ཆ་འཛིན་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་གདན་ལ་འཁོད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། དཀྱིལ་འཁོར་གྱི་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོ་དེ་བསྙེངས་པ་མི་མངའ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནས་བསྲུང་བ་འདི་ལྟ་བུ་གསུངས་སོ། །དངོས་པོ་མེད་ལས་དངོས་པོའི་ཚོགས། །སྣ་ཚོགས་རྣམ་པར་འབྱུང་བར་འགྱུར། །ངོ་བོ་ཉིད་ཀྱིས་ཡང་དག་པར། །དངོས་རྣམས་ཉིད་ན་དངོས་མེད་པའོ། །ཆོས་ཀྱི་དབྱིངས་ཀྱི་ཁྱད་པར་ལས། ཁུ་ཡི་དངོས་པོ་གསལ་བྱས་ཏེ། །གནས་ནས་གནས་བསྲུང་རྣམ་པར་བརྩམ། །ཨ་ཡིག་དང་པོ་ལྔ་པར་ལྡན། །བཅུ་གཅིག་པ་ཡི་ཐིག་ལེ་ཡིས། །སྤྱི་བོ་གཙུག་ཏུ་བརྟག་པར་བྱའོ། །གྲངས་ལས་འཁོར་ལོའི་རྩིབས་བཅུ་པ། །རིག་པ་ཅུང་ཟད་སེར་བ་ལས། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །སྟེང་འོག་པདྨ་ལྷ་ཆེན་པོ། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །ཁྲོ་བོ་ཞེ་སྡང་གནས་ལས་བསྐྱེད། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །ཕྱག་གཉིས་ཧུ༷་གི་རྒྱ་བཅིངས་ཏེ། །དང་པོ་རྡོ་རྗེ་དྲིལ་བུ་འཛིན། །ལྷག་མ་ཇི་ལྟར་འདོད་པ་ཡིན༷། །སྙིང་གར་ཡེ་ཤེས་སེམས་དཔའ་གནས། །ཧུ༷། དེ་ལས་གནོད་མཛེས་རྒྱལ་པོ་ནི། །ཐུགས་ཀ་ནས་ནི་བྱུང་གྱུར་ཏེ། །སྤྱན་སྔར་བཀའ་ནོད་ཚུལ་དུ་གནས། །རྡོ་རྗེ་ཐོ་བ་གཡས་པ་སྟེ། །གཡོན་པ་ན་ནི་ཞགས་པའོ། །ཨཱོཾ་སུམ་བྷ་ནི་སུམ་བྷ་ནི་ཧུ༷། གྲོ་ཎྜ་གྲོ་ཎྜ་ཧུ༷། གྲོ་ཟློ་པ་ཡ་གྲོ་སྣྲུ་པ་ཡ་ཧྭ༷། ཨུ་ན་ཡ་ཧོ། བྷ་ག་བཱན། བིབྱུ་རྭ་ཛ་ཧུ༷་ཕཊ། བགེགས་ཀྱི་ཚོགས་ནི་རབ་བཀུག་སྟེ། །དཀྱིལ་འཁོར་རྣམས་ཀྱི་རྒྱན་དུ་བྱ། །ཨ་ཀོ་ཊ་ཡ་མུཏྣ་ར་ན། །རྡོ་རྗེ་ཕུར་པའི་ཁྲོ་བོ་ནི། །སྐུ་སྟོད་བདུད་རྩི་འཁྱིལ་པ་སྟེ། །དབྱར་གྱི་སྤྲིན་ཕུང་འདྲ་བ་ལ། །བསྐལ་པའི་མེ་བཞིན་རབ་ཏུ་འབར། །ཨིནྟྲ་ནི་ལའི་ཁ་དོག་འདྲ། །རྡོ་རྗེ་ཕུར་བུ་ཕྱག་རྣམས་མཆོག །སྨད་ནི་གསལ་ཤིང་ལྟ་བུ་ལ། །འོད་ཟེར་རྣམ་པར་འཕྲོ་བར་བསམ། །རྡོ་རྗེ་ཕུར་བུས་ངེས་བཏབ་ན། །བགེགས་ལུས་ཤིན་ཏུ་མི་གཡོའོ། །ཨོ་ན་མ༷༷ས་མརྙ་ཀྭ་ཡ་ལྷུཀ་ཙིསྟ་བཛུ་ཎ༷། །ཀྟ་བྷ་ལྷུ་ཏ་ཡ་ལྷུ་ཏ་ཡ། སརྦ་དུཛི༷་ཧུ༷་ཕཊ། ཀི་ལི་ཀི་ལ་ཡ་སརྦ་བཱ་པ༷་ཧུ༷་ཕཊ། ཧུ༷་ཧུ༷་བཛྲ་ཀི་ལ་ཡ་བཛྲ་དྷ་རོ་ཨུ་ཙྭ་བཱ་ཡ་ཏི། སརྦ་བིསྣན། ཀྭ་ཡ་ལྷུ་ཀ་ཙིསྟ་བཛྲ་ཀི་ལ་ཡ་ཧུ༷་ཕཊ། སྙིང་གའི་ཆུ་སྐྱེས་ཉིད་གཟུགས་ལས། །ཧུ༷་ཡིག་རྣམ་པར་བྱུང་ནས་ནི། ཁྲོ་བོ་བཅུ༷་ཡི་གཟུགས་སུ་གྱུར། །ཨོ་བཛྲ་ཀྲོ་ཏ་ཧྭ༷་ཀྭ་ར་ཧུ༷། གརྫ་གརྫ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧུ༷། ཧ་ན་ཧ་ན་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཡ་སྨྱུརྙ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཧ་ཡ་རྒི་བ་ཧུ༷། ཧུ་ལུ་ཧུ་ལུ་ཧུ༷་ཕཊ། །ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲི་ཏ་ཀུཎྜལི་ཧུ༷། ཙིརྙ་རྩིསྟོ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ནི་ལ་དནྟྲ་ཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཨུརུ་ཨ་ཙ་ལ་ཧུ༷། བྷརྙ་བྷརྙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཀྟ་ཧུ༷། ཏིཛི་ཏིཇི་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧུ༷། སྟིརྙ་སྟིརྙ་ཧུ༷་ཕཊ། ཨོ་བཛྲ་ཀྲོ་ཏ་མ་ཧྭ་བ་ལ་ཧུ༷། སྤྲོ་ཊ་ཡ་སྒྲོ་ཊ་ཡ་ཧུ༷་ཕཊ། མི་གཡོ་ལྟ་བུའི་འཁོར་བ་ཡི། །མེ་སྟག་མང་པོ་འཕྲོ་བ་ཅན། །ཕྱོགས་བ་་གནས་སུ་འཁོད་པར་གྱུར། །རྡོ་རྗེ་ཕུར་བུས་བྱིན་བརླབས་ནས། །ཕྱོགས་བཅུའི་གནས་སུ་རྣམ་པར་བསམ། །དེ་ནས་རྒྱུ་ཡི་ས་བོན་ལས། །འོད་ཟེར་ལྔ་བཅུ་འཕྲོས་ནས་ནི། །འོད་ལས་སྤྲུལ་པའི་ཁྲོ་བོ་རྣམས། །ཡན་ལག་བྱིན་གྱིས་བརླབ་བྱས་ཏེ། །ཡབ་ཡུམ་སྦྱོར་བའི་མཚམས་ནས་ནི། རྡོ་རྗེའི་རིགས་ལ་སོགས་པ་ཡིས། །རང་རང་ལག་ཆ་རྣམ་འཕྲོས་པས། །བར་ཆོད་བགེགས་རྣམས་གཞིལ་བ་དང་། །གནས་བསྲུང་བ་ནི་བྱས་ནས་ཀྱང་། །རྡོ་རྗེ་ལ་སོགས་གུར་དུ་གྱུར། །སྐུ་ལ་སོགས་པའིརངབཞིནནི། །ཡེནསཡིན་ཕྱིར་ཕྱག་རྒྱའི་བདག །སྟེང་དུ་མེ་ཡི་དཀྱིལ་འཁོར་དང་། །ཆུ་ཡིས་རྣམ་པར་གཡོགས་པར་བསྒོམ། །རྡོ་རྗེ་ལ་སོགས་རྣམ་ལྔ་ཡིས། །ཞེ་སྡང་གཏི་མུག་འདོད་ཆགས་དང་། །ང་རྒྱལ་ཕྲག་དོག་གཅོད་བྱེད་པའོ། །སྐུ་གསུང་ཐུགས་ཀྱི་རང་བཞིན་དང་། །ཡོན་ཏན་འཕྲིན་ལས་རྣམས་ཀྱིས་རྒྱན། །བགེགས་རྣམས་རྣམ་པར་གཞིག་པའི་ཕྱིར། །བརྒྱལ་ཞིང་རབ་ཏུ་བརྒྱལ་བར་འགྱུར། །མོས་ཤིང་རྣམ་པར་འགལ་འགྱུར་ཏེ། །ཚིག་ཅིང་རྣམ་པར་འབྲོས་པར་འགྱུར། །ནམ་མཁའ་དྭངས་པའི་རང་བཞིན་ལས། །རྡོ་རྗེ་ལ་སོགས་གུར་ལྔ་ཤར། །སྟེང་འོག་གུར་དང་ས་བཞི་དང་། །བླ་རེ་དང་ནི་ར་བ་དང་། །རྩིགས་པར་བྱས་ཤིང་བར་མཚམས་མེད། །མེ་སྟག་འཕྲོ་ཞིང་རྣམ་པར་བཀྲིག །མདངས་ཅན་ཁ་དོག་ལྔ་དང་ལྡན། །ཡོན་ཏན་ཀུན་གྱིས་རབ་བརྒྱན་པ། །ཐུན་མོང་མ་ཡིན་བཀའ་ཡི་མཚམས། །ཐུན་མོང་དབང་ཆེན་མཚམས་རྣམས་ནི། །ས་བོན་ཡི་གེ་ཧུ༷་ཉིད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །དབང་ཆེན་དཀྱིལ་འཁོར་བསྐྱེད་པའོ། །ནམ་མཁའི་ཁམས་ཀྱི་དབུས་དག་ཏུ། །ཡི་གེ་ཧུ༷་གི་ཁྱད་པར་ལས། །ཨ་རྣམས་འབྲོས་ཤིང་འདུས་པ་ནི། །སྔོན་པོ་གཞུ་འདྲ་བ་དན་ཕྱར། །དུ་བའི་འོད་ཀྱི་ཕྲེང་བས་བསྐོར། །སྐུ་ལ་སོགས་པའི་རྡོ་རྗེ་རྣམས། །རྒྱུ་ལ་གནསཔདེབཞིནཏེ། །འབྲས་བུལ་ཡང་གནས་བྱའི་ཕྱིར། །རླུད་གི་སྟེང་ན་ཡི་གེ་ཨོ། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །དེ་སྟེང་ར༷་ལས་བྱུང་བ་ཡི། །དམར་པོ་གྲུ་གསུམ་རྡོ་རྗེས་མཚན། །དམར་པོའི་འོད་ཀྱི་ཕྲེང་བས་བསྐོར། །དེ་ཡི་སྟེང་ན་ཡི་གེ་ཨོ། རྡོ་རྗེ་གཉིས་དང་ཡང་དག་ལྡན། །དེ་སྟེང་པ༷་ལས་བྱུང་བ་ཡི། །བ་མོའི་མདོག་ལ་བུམ་པས་བརྒྱན། །དཀར་པོ་འོད་ཀྱི་ཕྲེང་བས་བསྐོར། །དེ་ཡི་སྟེང་ན་ཡི་གེ་ཧུ༷། །རྡོ་རྗེ་གཉིས་དང་ཡང་དག་ལྡན། །དེ་སྟེང་སུ༷་ལས་བྱུང་བ་ཡི། །སེར་པོ་གྲུ་བཞི་རྡོ་རྗེས་མཚན། །སེར་པོ་འོད་ཀྱི་ཕྲེང་བས་བསྐོར། །དེ་ཡི་སྟེང་ན་ཡི་གེ་ཨོ། །རྡོ་རྗེ་ཉིད་དང་ཡང་དག་ལྡན། །དེ་སྟེང་ལ༷་ལས་བྱུང་བ་ཡི། །རིན་ཆེན་གྲུ་བཞི་རིན་ཆེན་བརྒྱན། །འོད་ཟེར་ལྔ་ཡི་ཕྲེང་བས་བསྐོར། །རྩེ་མོ་གཅིག་ནི་བརྒྱད་ཀྱིས་སྤྲས། །བྱ་སྐྱིབས་བྱ་འདབ་ལྡན་པ་ལ། །རྡོ་རྗེ་རྒྱ་གྲམ་མཛེས་པར་གཏམས། །དཔུང་རྣམ་པར་བཟློག་པའི་ཏིང་ངེ་འཛིན་ཏོ། །ནད་རྣམས་མྱུར་དུ་བཟློག་པའི་ཕྱིར། ཁུན་དུ་གཏོར་མ་བསྔོ་བ་དང་། །མཚམས་གཅོད་པ་ཡི་དུས་སུ་ནི། །འབར་བ་ཆེན་པོའི་གར་དགུ་དང་། །ལྡན་པའི་ཁྲག་འཐུང་གསལ་བྱས་ཏེ། །མཁའ་འགྲོ་ཕྱོགས་སྐྱོང་ལ་སོགས་མཆོད། །བརྡ་ཡིས་མཁའ་འགྲོ་བོད་པའི་ཕྱིར། །སྤྱི་བོར་གར་སྟབས་བསྒྱུར་ནས་སུ། །གྱེན་དུ་ཕེ་གྱི་སྒྲ་སྒྲོགས་ཤིང་། །མཁའ་འགྲོ་མ་རྣམས་བསྐུལ་བར་བྱ། །དཔའ་བོ་ཆེན་པོའི་གར་དགུ་ནི། །གདོན་རྣམས་འཇོམས་པ་ཆེན་པོའི་མཆོག །དེ་ཉིད་རྣམ་པ་དགུ་པོ་འདིའོ། །གཡས་རྐྱང་པ་དང་གཡོན་བསྐུམ་པ་དང་། གྱད་ཀྱི་དོར་ཐབས་སུ་འདུག་པ་དང་། འགྱིང་བག་ཏུ་བཞུགས་པ་དང་། ཁུ་ཚུར་གཉིས་དཀུ་རུ་རྟེན་པ་ནི་སྒེག་པའོ། །གྱད་ཀྱི་དོར་ཐབས་སུ་བྱས་པ་ལ། གཡོན་གྱིས་འཛིན་པ་ལྟར་བྱས་ནས། གཡས་ཀྱི་སོར་མོ་གདེངས་ཏེ། བརྡེག་པ་ལྟར་བྱས་པ་ནི་དཔའ་བོའི་འོ། །དེ་ཉིད་ལས་གཡས་པའི་ཁུ་ཚུར་བཅངས་ཏེ། སོ་བསྡམས་ཤིང་མཆེ་བ་གཙིགས་པ་ནི། །འཇིགས་སུ་རུང་བའོ། །དེ་ཉིད་ལག་པ་གཉིས་བསྣོལ་ནས་ཡུམ་ལ་འཁྱུད་པ་ལྟར་བྱས་པ་ལས། ཧི་ཧི་ནི་བགད་པའོ། །དེ་ཉིད་ལས་ཧ་ཧ་ནི་རྒོད་པའོ། །རྐང་པ་གཉིས་དེ་ཉིད་ལས་ལག་པ་གཉིས་དཀུ་ལ་བརྟེན་ཏེ། ཁ་གདངས་ནས་ལྕེ་བརྐྱང་བ་སྟེ། ཕན་ཚུན་དུ་བསྙེར་ཞིང་བལྟས་ན་ནི་གཤེ་བར་བྱེད་པའོ། །དེ་ཉིད་ལས་མིག་ཕབ་སྟེ།བསྙེར་ནས་འདུག་པ་ནི་སྙིང་རྗེ་བའོ། །རྐང་པ་དོར་ཐབས་སུ་བྱས་ནས། གཡོན་ཐོ་བ་འཛིན་པ་ལ་གཡས་ཀྱི་རྡོ་རྗེ་དགུག་ཅིང་། ཧ་ཧ་ཞེས་བརྗོད་ཅིང་འཐུང་བ་ནི་རྔམ་པའོ། །དེ་ཉིད་ལས་མཉམ་པའི་ཕྱག་རྒྱ་བཅས་ཏེ། ཐ་མར་འདུག་པ་ནི་ཞི་བའོ། །དེས་ཧེ་རུ་ཀའི་ཕྱག་རྒྱ་བཅས་ཏེ། དཔྲལ་བའི་སྐྲ་མཚམས་སུ་བཞག་ལ། ཨ་ཨ་ཨེ་ཨ་ར་ལི་ཧོ༷་ ཛ་༷༷ཧུ༷་བ༷ཧོ༷་ ས་མ་ཡ་སྟ༷། བཛྲ་ཌ་ཀི་དྲི་ཤུ་ཧོ། ས་མ་ཡ་ཕཊ། ཁ་ཁ་ཁུ་ཧི་ཡིས་བསྐུལ་བར་བྱའོ། །སརྦ་དྷ་ཀི་ནི། སརྦ་རསྒ། སརྦ་ཡསྒ། སརྦ་ ་ཏ། སརྦ་པྲེ་ཏ། སརྦ་པི་ཤཱ་ཙ། སརྦ་ཁྲུ་ད། སརྦ་ཨུ་པསྨ་ར། ཨི་ད༷་བ་ལི་བྱུརྫི་ཐ། པི་བ་ཐ་གྲི་ཎྜ་ཏུ། རྫི་སྨྲ་ཐ། མ་ཏི་ཀྲ་མ། མ་མ་སརྦ་ཀརྟ་ཡ། ས་ཏྭ་ཁ༷་བི་ཤུདྷི། ས་ཧྭ་ཡི་ཀ༷ བྷ་ཝ྅། ཧུ༷་ཧུ༷་ཕཊ་ཕཊ་གྲྭ་ཧྭ། ཨིསྡོ་ཛ་མ། ཛ་ལ་ཛཁྲི། ་་ཏ་བ་སྣི་ཏེ་ཛོ། རཁྲི་ཙན་དྷ། སུརྫོ་མ་ད། ཏ་ལ་བཱ་ཏྭ་ལེ། ཨགྱོ། སསྒ་སྲུ་ཧྭ། ཨི་ད༷་བ་ལི་སྣུསྤ ཛིསྣྲ། ཕུལྤ། དྷསྤ། མུ༷་ས། སི་བྷ། ཨསྦ། སསྒ། ཀསྒྲོ སྭ་དྭ། ཁན་ཏི། ཁུ་ཁེ། ཕེཌ་ག་ཏ། །ཨ་ཀྭ་རོ་མུ་ཁ༷་སརྦ་དྷཨཱོཾ་ཁོ་ཨུབྱ་ནུམོ་ཏྭཏ་ཏ་ཨོ་ཨུ༷༷ཧུ༷་ཕཊ་ཕཊ་གྲྭ་ཧྭ། ནད་རྣམ་སེལ་ཞིང་དོག་པ་མེད། །དུག་དང་མཚོན་གྱིས་མི་་ཚུགས་ཤིང་། །བར་ཆོད་བྱེད་པའི་བགེགས་རྣམས་ནི། །འཇིགས་པར་འགྱུར་བ་གདོན་མིཟ། །དེ་བནིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། མཚམས་བསྲུང་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ་དེ། །མཁའ་དབྱིངས་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གཞི་ཡི་ཏིང་ངེ་འཛིན་འདི་གསུངས་སོ། །འདོད་པའི་ཁམས་ལ་སོགས་པ་ཡིས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ། །དེ་ཉིད་སྣང་བ་མ་ཡིན་པ། །ཡང་དག་པར་ན་རང་བཞིན་མེད། །རྣམ་པར་ཐར་པའི་སྒོ་རྣམས་ཀྱིས། །སྟོང་པའི་བདག་ཉིད་ལྡན་པར་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ། །དེ་ཉིད་ལས་ནི་མ་རྟོགས་པ། །ཐ་དད་མཡིནདོནགཅིགམིན། །འགག་པ་མེད་པ་སྐྱེ་མེད་པར། །རྟག་པ་མ་ཡིན་ཆད་པའང་མེད། །འོང་བ་མེད་དང་འགྲོ་མེད་པ། །དེ་བས་རྒྱུ་ཡི་རང་བཞིན་ནི། །ངོ་བོ་ཉིད་ཀྱིས་མ་གྲུབ་པས། །ཡོད་པ་མ་ཡིན་མེད་པའང་མིན། །བདག་དང་གཞན་ཡང་མེད་པ་སྟེ། །ཅི་ལའང་མི་དམིགས་མི་རྟོག་པ། །དེ་ཉིད་རྣམ་པར་ཐར་པའི་སྒོ། །རྐྱེན་གྱིས་རང་གི་ངོ་བོ་ནི། ་།་མ་གྲུབ་པས་མི་བསྒྲུབ་ཅིང་། །ངོ་བོ་ཉིད་ཀྱིས་མ་བསྐྱེད་པས། །མཚན་མ་མེད་པའི་རྣམ་ཐར་རོ། ཁུ།་དང་རྐྱེན་གྱི་མ་བསྐྱེད་ཅིང་། །འབྲས་བུ་རང་ཉིད་མི་སྐྱེ་བས། །སྨོན་པར་བྱ་བའི་ངེས་བྲལ་ཏེ། །སྨོན་པར་བྱ་བ་རྣམ་ཐར་རོ། །ཨོ་མ་ཧྭ་ཤཱ་རྒྱ་ཏྭ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། །དམ་པའི་དོན་དུ་བསྒོམ་པ་ནི། །དོན་དམ་པ་ཡི་སེམས་བསྐྱེད་ལ། །འགྲོ་བའི་དོན་དུ་བྱ་བའི་ཕྱིར། །ཀུན་རྫོབ་པར་ཡང་སེམས་བསྐྱེད་དེ། །བྱམས་དང་སྙིང་རྗེ་ལྡན་པ་དང་། །དགའ་དང་བཏང་སྙོམས་སེམས་བསྐྱེད་དེ། །སྟོང་པ་ཉིད་ཀྱི་རང་བཞིན་ལས། ཁུགས་ཀྱིས་སྙིང་རྗེའི་ཡུལ་དག་འབྱུང་། །ཐེག་པ་ཆེན་པོར་གྲགས་པས་ན། །ཐབས་དང་རབ་ཏུ་འབྲེལ་བའོ། །གང་རྣམས་སྡུག་བསྔལ་ཉེན་པ་ལས། །བྲལ་བར་འདོད་པ་སྙིང་རྗེ་ཡིན། །བྱམས་པས་ཕན་པ་སྒྲུབ་པ་སྟེ། །ཀུན་ལ་སྐྱོབ་ཅིང་ཕན་པར་དགའ། །དགའ་བ་རབ་ཏུ་དགའ་བ་སྟེ། །དམ་པའི་དོན་ལ་འདུན་པའོ། །ཆགས་སྡང་གཉིས་དང་བྲལ་བ་ནི། །བར་མའི་སེམས་དང་ལྡན་པ་སྟེ། །དོན་དམ་པ་ཡིས་བཏང་སྙོམས་སོ། ཁྱབ་པར་བྱེད་པའི་བདག་ཉིད་ནི། །རིགས་སུ་མ་ཡིན་མཚུངས་པའི་ཕྱིར། །ཚད་མེད་པའོ་ཞེས་བྱའོ། །དམ་པའི་དོན་གྱི་བདེ་ཆེན་དེ། ཀུན་རྫོབ་སེམས་བསྐྱེད་གཟུགས་རྣམ་གཉིས། །རྡོ་རྗེ་དབྱིངས་ལ་སོགས་པའི་གཟུགས། །སངས་རྒྱས་ལ་སོགས་འཁོར་ལོ་བསྐོར། །མཚན་མེད་པ་ཡི་ཏིང་ངེ་འཛིན། །ཧུ༷་ཡིག་དཀར་པོའི་ཁྱད་པར་ལས། །གྲུ་གསུམ་དཀར་པོ་ཡར་བསྒྲེང་ནས། །སྣ་ཚོགས་འོད་ཕྱོགས་འཁོར་སྒྱུར་བ། །བྷ་གའི་རང་བཞིན་རྡོ་རྗེས་མཚན། །ཆོས་འབྱུང་ཡེ་ཤེས་རང་བཞིན་ནི། །དྲི་མ་མེད་ཅིང་ཞི་བའོ། །དེ་ནི་ནང་གི་འཁོར་ལོ་ཉིད། །སྣ་ཚོགས་པདྨ་རྡོ་རྗེས་བརྒྱན། །དེ་ཡི་སྟེང་དུ་བྷ༷་འཁོར་ལོ། རིག་མར་བཅས་པའི་སྣང་མཛད་བསྐྱེད། །ཞལ་གསུམ་པ་ལ་ཕྱག་དྲུག་སྟེ། །ཞལ་གཡས་ནག་ཅིང་གཡོན་པ་དམར། །རྩ་ཞལ་དབུས་ནི་དཀར་པོའོ། །ཕྱག་གཉིས་རིག་མ་འཁྱུད་ནས་ནི། །གཡས་ན་འཁོར་ལོ་རལ་གྲི་སྟེ། །གཡོན་ན་རིན་ཆེན་པདྨའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ལྟེ་བ་རྩིབས་དང་བཅས་པ་དང་། ཁྲུ་ཆད་བར་ཁྱམས་རིན་ཆེན་ཤར། །ཐེམ་སྐས་རྟ་བབས་རྣམས་ཀྱིས་བརྒྱན། །སྒོ་ཁྱུད་བཞི་ནི་མཆོག་ཏུ་མཛེས། །གར་དང་རིན་ཆེན་པདྨ་དང་། །རིན་ཆེན་ཕ་གུས་སྒོ་འགྲམ་བྱས། །དྲ་བ་དྲུ་ཕྱེད་ཕྱེད་པདང། །མུཏིགཕྲེངབཧརདང་། །ཡ་ཕུབ་རྡོ་རྗེ་བཅུ་གཅིག་འབུར། །རིནཆེནཤརབུསཕྱོགས་རྣམས་བརྒྱན། །ཆུན་འཕྱང་རྣམས་དང་ལྡན་པ་དང་། །དར་བུ་ཁྱད་ཀྱིས་རྣམ་པར་སྤྲས། །ཆོས་ཀྱི་འཁོར་ལོ་རི་དྭགས་གཉིས། ཕྱོགས་རྣམས་ཀུན་ཏུ་མཛེས་པར་གནས། །གདུགས་ཆེན་གསེར་གྱི་ཡུ་བ་ཅན། །གསལ་འཚེར་མཛེས་པའི་སོར་ཕྲེང་ཅན། །རྣམ་པ་སྣ་ཚོགས་རྒྱན་གྱིས་བཀླུབས། །དབྱིབས་དང་ཁ་དོག་ཁྱད་པར་ཅན། །ཚད་རྣམས་དཔག་ཏུ་མེད་པ་སྟེ། གཞལ་ཡས་བརྩེགས་པ་དེ་ལ་བསྒོམ། །སྣ་ཚོགས་པདྨ་དེ་ལ་བསྒོམ། །ཉི་ཟླ་བརྩེགས་པ་མནན་པ་ནི། །སངས་རྒྱས་དམ་པ་རྣམས་ཀྱི་གདན། །རང་གི་མཚན་དང་ལྡན་པ་ཡིས། །འདོད་ཆགས་ཨ་ལ་སོགས་ཡིག་འབྲུ། །དབུས་ཀྱི་ཉི་མའི་གདན་ལ་སེམས། །ཡེ་ཤེས་ཟླ་བ་བརྩེགས་པ་བསྒོམ། །དཀྱིལ་ན་ཨ་དང་ལི་ཉིད་དེ། ཁ་འཐོར་ཐབས་ཀྱི་ཡི་གེ་ནི། ཁྲེས་རབ་ཡེ་ཤེས་རྣམ་པར་སྤྲས། །མཚན་དང་དཔེ་བྱད་ལྡན་པར་བྱེད། །ཤེས་རབ་སྒྲ་ཡིག་བཅུ་དྲུག་ནི། །རྣམ་པ་གཉི་སུ་གྱུར་པའོ། །ཨ་ཨུ། ཨི་ སྙི། ཨུ་སྐྲུ། ཨེ་ཞི། ཨོ་ཨཱོཾ། ཨ༷་ཨུ། རི་༢། ལི་ལྟོ། ཡེ་ཤེས་ལྔ་ཡི་རང་བཞིན་ལས། །རིགས་ལྡན་རྣམ་པར་སྣང་མཛད་ནི། །ཆོ་ག་ལྔ་ཡི་སྤྲོ་བསྡུ་ཡིས། །ཡེ་ཤེས་མངོན་པར་བྱང་ཆུབ་པའོ། ་།ན་དུ་དཀྱིལ་འཁོར་མ་ལུས་ཐོགས། །སྐུ་གསུང་ཐུགས་སུ་ཡང་དག་ལྡན། །དབང་བསྐུར་བྱ་སྟེ་བསྒྲུབ་པར་བྱ། །ཐབས་མཁས་ཐབས་དང་ལྡན་པ་སྟེ། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་ནས་ནི། །ཐབས་དང་ཤེས་རབ་ཡི་གེར་བཅས། །སྙིང་གའི་པདྨ་ཁ་སྦྱར་བ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །སྣང་མཛད་འཁོར་ལོ་འཛིན་པ་གནས། །ལྟེ་བ་ཨཱོཾ༷་གྱིས་མཚན་པ་ལ། །འོད་ཟེར་མཚོན་ཆར་ལྡན་པ་རྣམས། །བྱུང་སྟེ་ནམ་མཁའི་ཁམས་ཁྱབ་པས། །རྒྱལ་བའི་ཚིག་དྲངས་ཀློང་དུ་གྱུར། །ས་ལ་སོགས་པའི་རང་བཞིན་ལ། ཁ་དོག་ལྔ་ཡི་རང་བཞིན་ནི། །སྣ་ཡི་རྩེ་མོར་བརྟག་པར་བྱ། །བདག་ཉིད་ཆོས་ཀྱི་ཕྱག་རྒྱ་ལས། །གཟུགས་རྣམས་མཐོང་བར་གྱུར་པ་ནི། །མཚོན་ཆ་མཆོག་གི༷ས་དྲངས་ནས་སུ། །པདྨའི་དཀྱིལ་འཁོར་ཐིམ་གྱུར་ནས། །སྙིང་གའི་རྩེ་མོར་བརྟག་པར་བྱ། །གཉིས་སུ་མེད་པར་རབ་སྦྱོར་བ། །འོད་ཟེར་ལྕགས་ཀྱུ་རྣམ་འཕྲོས་པས། །ཡེ་ཤེས་དཀྱིལ་འཁོར་རྒྱུན་བཞུགས་ནས། །ཨཱོཾ་གྱིས་འཛིན་པར་བྱེད་པ་ལ། །ཕཊ་ཀྱིས་འཕངས་པས་གསང་བར་འདུས། །ཡེ་ཤེས་ལྔ་ཡི་བདག་ཉིད་ནི། །སྣ་ཡི་རྩེ་མོར་བརྟག་པར་བྱ། །བྱང་ཆུབ་སེམས་ཀྱི་བདག་ཉིད་ནི། །ཡེ་ཤེས་འོང་བའི་རང་བཞིན་ལས། །ཟུང་འཇུག་ཏིང་འཛིན་ལ་གནས་པས། །གསང་བའི་དབྱིངས་སུ་བརྟག་པར་བྱ། །ཡེ་ཤེས་ལྔ་ཡི་དངོས་ཉིད་ནི། །ཕྱི་ནང་གསང་བར་རབ་བརྟག་པ། །གསང་བ་མཆོག་གི་དམ་ཚིག་ཡིན། །ནད་རྣམས་མེད་ཅིང་འཆི་བ་མེད། །དུས་མིན་འཆི་བ་མི་འབྱུང་ཞིང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །སྔགས་ཀྱི་ངོ་བོས་བརྟགས་པ་ན། །མཚན་མ་རྣམས་ཀྱང་འབྱུང་འགྱུར་ཏེ། །བྱང་ཆུབ་འཚང་རྒྱ་གདོན་མི་ཟ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །གསང་བ་དམ་པ་མཆོག་གི་ས། །འདའ་བར་མི་བྱེད་དམ་ཚིག་ཡིན། །བླུན་པོ་གང་ཞིག་འདའ་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ཞིང་། །དུག་དང་མཚོན་དང་ནད་བགེགས་ཀྱིས། །བསད་ནས་སེམས་ཅན་དམྱལ་བར་སྐྱེ། །གང་གིས་གསང་བ་མི་ཤེས་པར། །དམ་པའི་དོན་ལ་འཇུག་པ་ནི། །ལྡངས་པས་ནམ་མཁའ་བསྙེག་པ་འདྲ། །རྣམ་པར་དབེན་དོན་མི་ཤེས་པར ཐོས་པ་ཙམ་ལ་འཇུག་བྱེད་པ། །གང་དག་བསོད་ནམས་མི་བྱེད་པ། །སྐྱེས་བུ་ཆེན་པོ་དེ་དག་བརླག །ཡང་དག་དོན་གྱི་རང་བཞིན་ལ། །གཏོང་བ་ལ་སོགས་རྣམ་བརྒྱན་པ། །འགལ་བར་མི་བྱ་དགག་པ་མིན། །ཐབས་དང་ཤེས་རབ་ལྡན་པར་བྱ། །རྣམ་པར་དབེན་པ་རབ་ཤེས་ནས། །གསང་བའི་དོན་ལ་འཇུག་འགྱུར་ཏེ། །དེ་ཡིས་ཡང་དག་རྣམ་པར་མཐོང་། །སྒྲ་ཡི་དོན་ལ་འཇུག་པ་མིན། །དོན་དམ་ཚོལ་ལ་དང་པོར་ནི། །དངོས་པོའི་རང་བཞིན་གསུངས་པ་སྟེ། །དོན་རྣམས་རྟོགས་ཤིང་ཆགས་མེད་ན། །གསང་བ་དམ་པ་སྦྱིན་པར་བྱ། །དབང་སྐུར་གནང་བ་ཐོབ་ནས་ནི། །ཉན་དང་བསམ་པ་ལ་སོགས་པའི། །བླ་མའི་རྒྱུད་ལ་གནས་པ་རྣམས། །སྦྱངས་ཤིང་རྟོགས་པར་མ་བྱས་ན། །གཅེར་བུ་ལག་པ་སྟོང་པར་འགྲོ། །དེབཞིནགཤེགསཔཐམས་ཅད་ཀྱི། །གསང་བགསངཆེནསྙིངཔོརྣམས། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ནས་བརྟག་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། རྟེན་གྱི་དཀྱིལ་འཁོར་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་དགྱེས་པ་ཆེན་པོ་དེ། འཁོར་ལོས་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །གསང་བའི་དཀྱིལ་འཁོར་བསྐྱེད་པ་འདི་གསུངས་སོ། །རྣམ་པར་སྣང་མཛད་མངོན་བྱང་ཆུབ། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་སེར་བའི་ཞལ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །རྡོ་རྗེ་པདྨ་རྒྱ་གྲམ་འཛིན། །ཕྱག་རྒྱ་བཞི་དང་རབ་ལྡན་ཞིང་། །ཡན་ལག་བཞི་དང་གར་སྦྱོར་བས། །ཆ་སྟོད་ཆ་སྨད་མེད་པ་ཡི། །སྐྱ་རེངས་ཤར་བའི་ཚེ་ན་ནི། །བསྒྲུབ་པ་ཆེན་པོ་བརྩམས་པར་བྱ། །ལྷ་མོ་ཀླུ་མོ་མི་མོ་རྣམས། །བཞིན་བཟང་མིག་གི་དཀྱུས་རིང་བ། །གཟུགས་བཟང་གཤོན་པས་བརྒྱན་པ་དང་། །དཀར་ཞིང་འཇམ་ལ་འདོད་པར་དགའ། །ལོ་གྲངས་བཅུ་དྲུག་ལོན་པ་དང་། །ཉི་ཤུ་རྩ་ལྔ་པའམ་རུང་། །རིགས་ལྡན་པ་དང་ཡོན་ཏན་ལྡན། །མདོག་གཟུགས་ན་སོ་ལྡན་པ་ནི། །བདེ་བར་གཤེགས་པའི་སྔགས་འགྲུབ་པ། །མངོན་དུ་ཉེ་བར་སྤྱད་པར་བྱ། །རྒྱལ་རིགས་ལ་སོགས་བུ་མོ་ལ། །འདོད་པ་ལ་སོགས་མཉེས་བྱས་ནས། །ཐེག་ཆེན་མཆོག་གི་སྣོད་དུ་འགྱུར། །སྨེ་ཤ་ཅན་དང་གདོལ་པ་དང་། །སྤྱིག་མ་མཁན་དང་ཤན་པའི་རིགས། །བཙོ་བླག་མཁན་གྱི་བུ་མོ་རྣམས། །རྙེད་ནས་དོར་བར་མི་བྱའོ། །གསལ་ལྡན་མ་ཡི་རང་བཞིན་ལ། །ཡན་ལག་བརྒྱད་དང་ལྡན་བྱས་ཏེ། །སྔགས་གྲུབ་འདོད་པ་གང་ཡིན་པས། །བྱིན་གྱིས་བརླབ་པ་རབ་ཏུ་བརྩམ། །སྙིང་ག་སྨིན་མཚམས་ལྟེ་བ་དང་། །གསང་བའི་གནས་དང་རྐང་པའི་བར། །ཉི་མ་དང་ནི་ཟླ་བར་བཅས། །རིན་ཆེན་ཟུར་བརྒྱད་པདྨ་བརྒྱད། །མེ་ ཡི་དཀྱིལ་འཁོར་གྲུ་གསུམ་ལ། །ཕྱག་རྒྱ་བཞི་དང་རབ་ལྡན་པའི། །རྒྱལ་༷བའི་བདག་ཉིད་གསང་ལས་སྐྱེས། །རིགས་ལྔ་ལ་ནི་རབ་ཏུ་དམིགས། །སྤྱི་བོ་ལོང་བུ་རྐང་པའི་མཐིལ། །ཨ་ཡིག་རྣམས་ཀྱིས་ཐེམ་པར་གཏམས། །གསང་བའི་གནས་སུ་ཨ་དང་ཧུ༷། །གསང་བའི་ནོར་བུ་ཨཱོཾ་བསྐྱེད་པ། །རྩེ་མོ་ཕཊ་ནི་ནག་པོར་བསམ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཡེ་ཤེས་ས་བོན་འཕེལ་བར་བྱེད། །རྒྱལ་བ་རྣམས་ཀྱི་བདག་ཉིད་པས། །རྣལ་འབྱོར་པས་ཀྱང་བསྒྲུབ་པར་བྱའོ། །འདོད་ཆགས་ཆེན་པོའི་ཚུལ་གྱིས་སུ། །ཡེ་ཤེས་དཀྱིལ་འཁོར་ཀུན་བསྡུས་ཏེ། །འཁོར་རྣམས་ཐུགས་ལ་བཞུགས་པ་ཡིས། ཁྲེས་རབ་མ་ནི་དགའ་བར་བྱ། །ཨོ་སརྦ་ཏ་ཐུ་ག་ཏ་ཨ་ནུ་ར་ག་ཎ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། །བྱང་ཆུབ་སེམས་ནི་བྱུང་བའི་ཚེ། །མཁས་པས་སྔགས་ནི་ཕཊ་ཅེས་བརྗོད། །ཨ་ཀྭ་རོ་མུ་ཁ༷་སརྦ་དྷསྨྱུ་ཎའ༷་ཨུབྱ་ནུམོ་ཏྭཏ་ཏ་ཨོ་ཨུ༷༷ཧུ༷། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །དཀྱིལ་འཁོར་ཐམས་ཅད་མཆོད་པ་བྱ། །ཨོ་སརྦ་ཏ་ཐུ་ག་ཏ་མ་ཧྭ་པྲུ་ཛ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མེད་དེ། །དཀྱིལ་འཁོར་ཐམས་ཅད་སྐྱེད་མཛད་པ། །འཁོར་རྣམས་སྐུ་གསུང་ཐུགས་ཉིད་དེ། །ངོ་བོར་བྱ་ཕྱིར་རིམ་པར་བྱ། །རྒྱུ་ཡི་ངོ་བོ་གནས་པ་རྣམས། །རྣམ་པ་གཉིས་དང་ཡང་དག་ལྡན། །དོན་དམ་པ་དང་ཀུན་རྫོབ་བོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། །བཙུན་མོའི་མཁའ་རིན་པོ་ཆེའི་ཁང་པར་བྱིན་གྱིས་བརླབས་ཏེ། རྒྱན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱས་ནས། ཕྱི་དང་འདྲ་བ་ཉིད་དུ་གྱུར་ཏོ། །དེ་ནས་འཁོར་སྐུ་ལས་བཏོན་ཏེ། ཉིད་ཀྱིས་དཀྱིལ་འཁོར་འཕྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་ཀྱི་བདག་ཉིད་འདི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། ཁྲེན་ཏུ་མི་རྟོག་གནས་མེད་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །གསང་བའི་མཆོད་པས་མངོན་པར་མཆོད་དེ། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་རྒྱལ་བ་ཐམས་ཅད་ཀྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ལ། །རབ་དགྱེས་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་བརྗོད་པས། །དགྱེསཔཆེནཔོསདེབཞིནགཤེགསཔཐམས་ཅད་ལ་གཟིགས་ནས། ཅང་མི་གསུང་བར་གྱུར་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེར་བྱིན་གྱིས་རླབས་སོ། །དེ་ནས་ཡང་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འཁོར་སྐུ་ལ་བསྡུས་སོ། །བྱང་ཆུབ་སེམས་སྤྲིན་འཕྲོ་བ་ལས། །རྒྱལ་བ་ཐམས་ཅད་བསྐྱེད་མཛད་པ། །ཡི་གེ་འཁོར་ལོ་མཚོན་ཆེན་ཏེ། །སྐུ་ཡི་དཀྱིལ་འཁོར་རྫོགས་མཛད་པའོ། །རྒྱུ༷་ཡ༷་ཨ༷་མུ༷་རྫ་མ༷་ཁ༷་བྷ༷ཧ༷་ཏ༷་ལ༷་མ༷། གི་ནི་དྷ༷་བུ་ཨུ་བྷ་ཛ༷༷ཧུ༷་བ༷་ཧོ༷༷ །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོག །ཐབས་དང་ཤེས་རབ་ས་བོན་བྱུང་། །དེ་འོག་ཡི་གེ་འབྲུར་གྱུར་པ། །གསུམ་པ་སྐུ་རབ་རྫོགས་བྱེད་པ། །ཙོདི་པན་ཡིག་འབྲུ་རྣམས་ཀྱིས་བརྒྱན། །ཨི༄་ནི་ཧུ༷་ཁ༷། ནམ་མཁའི་ཁམས་ནི་ངོས་གནས་པ། །སེམས་ཅན་རྣམས་ནི་མ་ལུས་པ། །འོད་ཟེར་ལྕགས་ཀྱུས་དྲངས་པ་ཡིས། །རྒྱལ་བའི་སྲས་སུ་ཞུགས་པར་གྱུར། །གཟུགས་དང་མྱོང་པ་མཚན་མ་དང་། །འདུ་བྱེད་རྣམ་པར་ཤེས་པ་རྣམས། །རྟག་པ་ལ་སོགས་སངས་རྒྱས་ལྔ། །རིམ་པ་བཞིན་དུ་ཡང་དག་གནས། །ནམ་མཁའ་ས་ཆུ་མེ་རླུ་་རྣམས། །རྡོ་རྗེ་སྤྱན་མ་ལ་སོགས་ལྔ། །རིམ་པ་བཞིན་དུ་རྣམ་པར་གྲགས། །མིག་དང་རྣ་བ་སྣ་དང་ལྕེ། །སྒེག་མོ་ལ་སོགས་རྣམ་པ་བཞི། །ཐམས་ཅད་དུ་ནི་ཡང་དག་ལྡན། །མིག་ལ་སོགས་པའི་རྣམ་ཤེས་ནི། ། ་པེ་ལ་སོགས་གྲགས་རྣམས་སོ། །རྟག་པར་མ་ཡིན་ལ་སོགས་པ། །དམ་པའི་སྒོ་སྲུང་དམ་པའི་ཐུགས། །ཡུལ་ལ་སོགས་པའི་དབང་གིས་ན། །ཐབས་དང་ཤེས་རབ་རྣམ་འབྲེལ་བ། །གདུང་རྒྱུད་འཛིན་པའི་བདག་ཉིད་པས། །གསང་བ་མཆོག་གི་དམ་ཚིག་ཡིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདའ་བར་མི་མཛད་དམ་ཚིག་མཆོག །བླུན་པོ་གང་ཞིག་འདའ་བྱེད་ན། །དེ་ལ་དངོས་གྲུབ་མཆོག་མེད་འགྱུར། ཁྲེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །རྒྱལ་བའི་དཀྱིལ་འཁོར་རྒྱུན་ཞུགས་ནས། །རྡོ་རྗེའི་ལམ་བྱུང་འོད་ཟེར་གྱིས། །གསང་བའི་དབྱིངས་སུ་ཞུ་མཛད་དོ། །དེ་ནས་དཀྱིལ་འཁོར་ཐམས་ཅད་ཀྱི། །ཐུགས་ཀ་ནས་ནི་བྱུང་གྱུར་ཏེ། །འགྲོ་བའི་དོན་ཀུན་རབ་མཛད་ཕྱིར། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །དོན་རྣམས་མཛད་ནས་བརྟུལ་ཞུགས་ཀྱིས། །ཉིད་ཀྱི་ཐུགས་ཀར་ཐིམ་གྱུར་ཏེ། །ཧོ་ཨོ་ཨུ༷༷ཧུ༷་ཧོ། བྱང་ཆུབ་སེམས་ཀྱི་བདག་ཉིད་ལ། །ལྷ་མོས་བསྐུལ་བས་ཕྱག་རྒྱ་གསལ། གསང་བའི་དཀྱིལ་འཁོར་བསྐྱེད་མཛད་ནས། །དཀྱིལ་འཁོར་ཐམས་ཅད་རྫོགས་པ་ལ། །གསང་བའི་དོན་རྣམས་སྟོན་པར་མཛད། །དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་གསང་བའི་དཀྱིལ་འཁོར་རྫོགས་པར་བསྐྱེད་ནས། །འདི་སྐད་ཅེས་གསུངས་ཏེ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། །དཀར་དམར་་དངས་ཀུདང་བའི་རང་བཞིན་གཟུགས། །རྣམ་པར་སྣང་མཛད་ཀྱི་བདག་ཉིད། །མོས་པའི་དགའ་བ་རིན་ཆེན་འབྱུང་། །མཚན་མར་འཛིན་པ་འོད་དཔག་མེད། །མངོན་པར་འདུ་བྱེད་དོན་ཡོད་གྲུབ། །གསལ་བར་འཛིན་པ་རྣམ་ཤེས་གནས། །མི་བསྐྱོད་པ་ཡི་བདག་ཉིད་དོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །འབྱུང་བ་ལྔ་ཡི་རང་བཞིན་ཅན། །སྤྱན་ལ་སོགས་པའི་བདག་ཉིད་ཅན། །ལམ་ནི་སྒེག་མོར་བསྟན་པ་སྟེ། །བཅུ་པ་ཕྲེང་བ་མ་ཡི་བདག །བསྐུལ་བ་དབྱངས་ཞེས་བྱ་བ་སྟེ། །བསྐྱོད་པ་གར་སྒྱུར་མ་ཡིན་ནོ། །དྲི་ཆེན་སྤོས་མེའི་རང་བཞིན་ཏེ། །རཀྟ་མེ་ཏོག་མར་ནི་བརྗོད། ཁྲ་ནི་མར་མེ་ཁོ་ནར་གསུངས། །དྲི་ཆུ་དྲི་ཆབ་མ་ཡི་བདག །ཆགས་པ་ལྕགས་ཀྱུ་ཞེས་བྱ་སྟེ། །པདྨར་ཆུད་པ་ཞགས་པ་མ། ཁ་ཕྱེད་པ་ནི་སྒྲོག་ཡིན་ཏེ། །སྒྲ་གྲགས་པ་ནི་དྲིལ་བུ་མ། །དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པའི་འཁོར་རྣམས་ངོ་མཚར་རྨད་དུ་གྱུར་ནས། རང་རང་གི་སྤྱན་རྒྱས་པར་བྱས་ནས། དཀྱིལ་འཁོར་གྱི་བདག་པོ་ལ། མགྲིན་གཅིག་དང་དབྱངས་གཅིག་ཏུ་བསྟོད་པ། སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག །དཀྱིལ་འཁོར་ཐམས་ཅད་སྟོན་མཛད་པའི། །གསེར་གྱི་མདོག་དང་འདྲ་བ་ཡི། །རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་ལོ། །ངེས་དོན་ཀུན་གྱི་བདག་ཉིད་ཅན། །གསང་བའི་དོན་རྣམས་སྟོན་མཛད་པ། །དྲི་མེད་དབྱིབས་དང་ལྡན་པ་ཡི། །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་ལོ། །ཡེ་ཤེས་ཀུན་གྱིརངབཞིནཅན། །ཅིཡང་ས་ལེར་མཁྱེན་མཛད་པ། །མི་རྟོག་ཡེ་ཤེས་དང་ལྡན་པ། །རྡོ་རྗེ་ཐུགས་ཁྱོད་ཕྱག་འཚལ་ལོ། །ཞེས་བསྟོད་པས། །དེ་བཞིན་གཤེགས་པ་ཉིད་དགྱེས་པ་ཆེན་པོས་ཁྱབ་པར་གྱུར་ཏེ། དེ་བཞིན་གཤེགས་པ་རྣམས་དང་ཐ་མི་དད་པར་གྱུར་ཅིང་། དབྱེར་མེད་པ་ནི་མཁའ་དང་འདྲ་བ་ཉིད་དུ་མཐོང་སྟེ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན། མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པ་རྣམས་རང་བཞིན་གྱིས་སྟོང་། གཟུགས་ལ་སོགས་པ་དང་སྟོང་པ་ཉིད་ཐ་མི་དད་སྟེ། དངོས་པོ་ཐམས་ཅད་སྒྱུ་མ་དང་འདྲ་བར་མཐོང་ནས། ཅི་སྤྱོད་པའི་བྱ་བ་ལ་འཇུག་པར་གྱུར་ཏེ། སྤྱོད་ལམ་གྱི་རྣམ་པ་རྣམས་རྟག་ཏུ་སྒོམ་པར་བྱེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོ་དེ། སྐུ་གསུང་ཐུགས་ཀྱི་རང་བཞིན་ལས་གནས་བཞིན་དུ་སྐུའི་དཀྱིལ་འཁོར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །དཀྱིལ་འཁོར་གྱི་རིམ་པ་འདི་གསུངས་སོ། །ནམ་མཁའི་ཁམས་ཀྱི་དབུས་དག་ཏུ། །གཞལ་ཡས་བརྩེགས་པ་བསྒོམ་ནས་ནི། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །རྣམ་སྣངམཛདཆེནཡེཤེསནི། །ཞལ་གསུམ་པ་ལ་ཕྱག་དྲུག་པ། །ཞལ་གཡས་གནག་ཅིང་གཡོན་པ་དམར། །རྩ་ཞལ་དབུས་ནི་དཀར་པོ་སྟེ། ཁྲེལ་གྱི་མདོག་དང་འདྲ་བ་ཡིན། །འཁོར་ལོ་དང་པོ་རྡོ་རྗེ་རིན། །གཡས་ཀྱི་ཕྱག་ན་རྣམ་པར་བསྒོམ། །གཡོན་པ་དྲིལ་བུ་པདྨར་ལ། །གཏི་མུག་རྣམས་ཀྱི་དོན་མཛད་ཅིང་། །དབུས་ཀྱི་ཟླ་བའི་དཀྱིལ་ན་བཞུགས། །མི་བསྐྱོད་ཨིནྟྲ་ནི་ལའི་མདོག །ཞལ་གཡས་དཀར་ཞིང་གཡོན་པ་དམར། །རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །ཞེ་སྡང་རྣམ་པར་འཇོམས་མཛད་ཅིང་། ཁྲར་གྱི་རྩིབས་ལ་ཡང་དག་བཞུགས། །རིན་ཆེན་དབང་ཕྱུག་གསེར་གྱི་མདོག །གཡས་པ་ནག་ལ་གཡོན་པ་དམར། །དང་པོ་རིན་ཆེན་འཁོར་ལོ་དང་། །རྡོ་རྗེ་འབར་བ་འཛིན་པའི་མཆོག །དྲིལ་བུ་དང་ནི་པདྨ་དང་། །རལ་གྲི་འབར་བ་གཡོན་པ་ནའོ། །ང་རྒྱལ་རྣམས་ཀྱི་དོན་བྱེད་ཕྱིར། །ལྷོ་ཡི་རྩིབས་ལ་རྣམ་པར་བཞུགས། །དཔག་མེད་པདྨ་རྭ་ག་དམར། །གཡས་པ་དཀར་ལ་གཡོན་པ་སེར། །པདྨ་འཁོར་ལོ་རྡོ་རྗེ་གཡས། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །འདོད་ཆགས་ཟད་མཛད་གཞོན་ནུའི་ཞལ། །ནུབ་ཕྱོགས་རབ་དགྱེས་རྒྱབ་ཏུ་བཞུགས། །དོན་འགྲུབ་བིཌརུ་གཞོན་ནུའི་ཞལ། །ཞལ་གཡས་གསེར་ལ་གཡོན་པ་དམར། །རལ་གྲི་འཁོར་ལོ་རྡོ་རྗེ་གཡས། །དྲིལ་བུ་རིན་ཆེན་པདྨ་གཡོན། །ཕྲག་དོག་རྣམ་པར་འདྲེན་མཛད་ཅིང་། །བྱང་གི་ཕྱོགས་ན་རྟག་པར་བཞུགས། །ཐམས་ཅད་རང་འདྲའི་ཤེས་རབ་འཁྱུད། །རལ་པའི་དབུ་རྒྱན་སྙན་ཆ་དང་། །མགུལ་ཆུ་དཔུང་རྒྱན་དོ་ཤལ་བཅས། །སེ་མོ་དོ་ལསོགས་པ་ཡིས། །ཐམས་ཅད་རྒྱན་དང་གོས་རབ་ཅན། །མཛེས་པར་བྱས་ཤིང་རྣམ་པར་བསྒོམ། །ལྭ་པྱེ་སྒེག་མོ་མཛེས་པ་དཀར། ཁུ་ཚུར་འཛིན་ཅིང་འགྱིང་བག་ཅན། །སྙིང་རྗེ་ཐབས་ཀྱིས་དོན་བྱེད་ཕྱིར། །རྩིབས་མཆན་ཤར་གྱི་ངོས་སུ་བཞུགས། །མུ་ལེ་མཛེས་པ་གསེར་བསྲེགས་འདྲ། །ཕྱག་ན་རིན་ཆེན་ཕྲེང་བ་འཛིན། །བྱམས་དང་སྨོན་ལམ་དོན་བྱེད་ཕྱིར། །ལྷོ་ཡི་རྩིབས་མཆན་དག་ཏུ་བཞུགས། །བྱི་རུ་དང་འདྲ་གིརྟི་མ། །པི་ཝང་རྒྱུད་ནི་ཕྱག་ན་བསྣམས། །དགའ་དང་སྟོབས་ཀྱིས་དོན་བྱེད་ཅིང་། །ནུབ་ཀྱི་རྩིབས་མཆན་ཡང་དག་གནས། །ནིརྟི་ཨིནྟྲ་ལྗང་གུ་སྟེ། །ཕྱག་གཉིས་གར་ནི་བསྒྱུར་བ་མཛད། །བཏང་སྙོམས་ཡེ་ཤེས་དོན་གྲུབ་པ། །བྱང་གི་རྩིབས་མཆན་དག་ཏུ་བཞུགས། །དྷ་པེ་དཀར་སེར་སྤོས་ཕོར་འཛིན། །སྦྱིན་དང་ཚུལ་ཁྲིམས་རྣམ་ལྡན་པས། །སེར་སྣ་འཆལ་བའི་ཚུལ་ཁྲིམས་རྣམས། །དོན་བྱེད་མི་ཡི་གྲུ་ལ་བཞུགས། །པྲརྫེ་དམར་སེར་མེ་ཏོག་འཐོར། །བཟོད་དང་བརྩོན་འགྲུས་རྣམ༄་ལྡན་པས། །འཁྲུལ་དང་ལེ་ལོ་ཅན་རྣམས་ཀྱི། །དོན་བྱེད་ཕྱིར་ན་བདེན་བྲལ་ཕྱོགས། །ཨུ་ལོ་དམར་ལྗང་མར་མེ་སྟེ། །བསམ་གཏན་ཕ་རོལ་ཕྱིན་མཛད་པས། །རྣམ་པར་གཡེང་བའི་དོན་མཛད་ཕྱིར། །རླུད་གི་མཚམས་སུ་ཡང་དག་གནས། །དཀར་ལྗང་གརྙེ་དུང་ཕོར་བསྣམས། ཁྲེས་རབ་ཕ་རོལ་ཕྱིན་མཛད་པས། །གཏི་མུག་ཅན་གྱི་དོན་མཛད་ཕྱིར། །དབང་ལྡན་གྲ་རུ་རྣམ་པར་བཞུགས། །དབུ་རྒྱན་ཐམས་ཅད་རྒྱན་གྱིས་མཛེས། །ཐམས་ཅད་དུ་ནི་ཡང་དག་ལྡན། །གཤེད་མོ་དཀར་མོ་ལྕགས་ཀྱུ་ཐོགས། །ཡེ་ཤེས་མེ་ལོང་ལྡན་པ་ཡིས། །ཕུང་པོའི་བདུད་རྣམས་འཇོམས་མཛད་དེ། ཁྲར་གྱི་སྒོར་ནི་རྣམ་པར་བཞུགས། །མི་ཐུབ་ནག་མོ་སྦྲུལ་ཞགས་འཛིན། །མཉམ་ཉིད་ཡེ་ཤེས་ལྡན་པས་ན། །ཉོན་མོངས་རྣམ་པར་དག་བྱེད་ཅིང་། །དམ་པའི་སྒོ་སྲུང་ལྷོ་ན་བཞུགས། ཁྲོ་གཉེར་དམར་ཞིང་ལྕགས་སྒྲོག་སྡོམ། །ཡེ་ཤེས་འོད་ཟེར་རྟོགས་པའི་ས། །འཆི་བདག་སྡེ་ནི་འཇོམས་མཛད་ཕྱིར། །ནུབ་ཕྱོགས་སྒོར་ནི་བཞུགས་པར་མཛད། །ཞལ་གཅིག་ལྗང་ལ་དྲིལ་བུ་འཛིན། །བྱ་བ་གྲུབ་པའི་ཡེ་ཤེས་འཆང་། །ལྷ་ཡི་བདུད་རྣམས་རྣམ་པར་སེལ། །བྱང་གི་སྒོར་ནི་རྣམ་པར་བཞུགས། །འཇིགས་པའི་གཟུགས་ཅན་འཇིགས་པས་བརྒྱན། །དབུ་སྐྲ་ཁམས་ནག་གྱེན་དུ་བརྗེས། །ཕྱག་གདུབ་ཞབས་གདུབ་ལ་སོགས་རྣམས། །ལྟོ་འགྲོ་སྦྲུལ་གྱིས་བརྒྱན་ཅིང་བཞུགས། ཁྲོ་གཉེར་འབྲུ་ཚུགས་འཇིགས་པར་བལྟ། སྨིན་མ་སྨ་ར་མིག་ཀྱང་སེར། །ཞལ་གདངས་པ་ལ་འཇགས་ཀྱང་འདྲིལ། །མཆེ་བ་གཙིགས་ཤིང་ཧི་ཧི་བཞད། །དངོས་པོ་ཐམས་ཅད་འཇོམས་མཛད་མ། །མེ་སྟག་འཕྲོ་ཞིང་རྣམ་པར་བཞུགས། །ཨོ་དྷརྨ་དྷ་ཏུ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། །དཀྱིལ་འཁོར་རྣམས་ནི་ཐམས་ཅད་ཀྱང་། །ཡན་ལག་བཞི་དང་རྟག་ཏུ་ལྡན། །སེམས་བསྐྱེད་པ་ནི་བསྙེན་པ་སྟེ། །དོམ་དམ་དང་ནི་ཀུན་རྫོབ་བོ། །ཀུན་རྫོབ་སེམས་བསྐྱེད་བྱིན་བརླབས་པ། །ཉེ་བར་བསྙེན་པ་ཞེས་བྱ་སྟེ། །འགྲུབ་ཚེ་རྡོ་རྗེ་བསྐུལ་བའོ། །སྒྲུབ་པ་ཆེན་པོའི་མཐའ་རུ་ནི། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའོ། །གཙོ་དང་འཁོར་གྱི་རང་བཞིན་ནི། །རང་རང་བསྙེན་པའི་གཟུགས་འཛིན་ཏེ། །བྱང་ཆུབ་མཆོག་ནི་སྒོམ་པར་བྱེད། །གཟུགས་སོགས་ཕུང་པོའི་རང་བཞིན་ནི། །རྒྱུ༷་ལ་སོགས་པའི་ཡི་གེ་ཡིས། །སངས་རྒྱས་ལྔ་རུ་བྱིན་གྱིས་བརླབས། །སྤྱན་ལ་སོགས་པའི་བདག་ཉིད་རྣམས། །ལུས་ཀྱི་འབྱུང་བ་ས་བོན་བསྐྱེད། །མིག་ལ་སོགས་པའི་རང་བཞིན་ནི། །ས་བོན་རྣམས་ཀྱི་གསང་བ་དཛི་། མཆོད་པའི་ལྷ་མོ་རྣམས་སུ་གསལ། །ལུས་ཀྱི་རྟག་པ་ལ་སོགས་པ། །དམ་པའི་ཁྲོ་བོར་བྱིན་བརླབས་པས། །ཉེ་བར་གྱུར་པ་ཞེས་བྱ་བར། །སྙིང་ག་མགྲིན་པ་སྤྱི་བོ་སྲ །ཟླ་བའི་དཀྱིལ་འཁོར་བསམ་ནས་ནི། །རྡོ་རྗེཔདྨ་འཁོར་ལོ་དག །ཧུ༷་ཨ༷་ཨཱོཾ་གྱིས་མཚོན་པ་ལས། །ཐུགས་ཀྱི་རྡོ་རྗེ་ལ་སོགས་བསྒོམ། །དེ་ཉིད་ཤེས་རབ་སྐུ་རྒྱལ་མ། །ལྷ་མོ་རྣམས་ཀྱི་འོད་ཚོགས་ཀྱིས། །དུས་གསུམ་ཕྱོགས་རྣམས་ཁྱབ་པ་ཡིས མ་ལུས་སངས་རྒྱས་ངས་མཆོད་ནས། །བཀྲ་ཤིས་དོན་བྱེད་རྣམས་ལ་ནི། །རང་གི་ཐུགས་སོགས་རྡོ་རྗེ་ཡིས། །དེ་ལ་བྱིན་བརླབས་བསྐུལ་བར་བྱ། རྡོ་རྗེ་ཐུགས་འཛིན་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བྱེད་པ། །བྱིན་གྱིས་བརླབས་ཀྱིས་གན༷ས་བྱ་སྟེ། །རྡོ་རྗེ་ཐུགས་དང་ལྡན་པར་བྱ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །དེ་ལ་ཐུགས་ལས་བྱུང་བ་ཡིས། །བྱིན་གྱིས་བརླབས་པའི་གནས་མཛད་དོ། །ཨཱོཾ་སརྦ་ཏ་ཐུ་ག་ཏ་ཙིསྟ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། །རྡོ་རྗེ་གསུང་འཛིན་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུང་བྱེད་པ། །བྱིན་གྱིས་བརླབས་ཀྱིས་གནས་བྱས་ཏེ། །རྡོ་རྗེ་གསུང་དང་ལྡན་པར་བྱ། །རྡོ་རྗེ་མི་ཕྱེད་གསུང་བསྒོམ་པས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །དེ་ལ་གསུང་ལས་བྱུང་བ་ཡིས། །བྱིན་གྱིས་བརླབས་ཀྱིས་གནས་མཛད་དོ། །ཨོ་སརྦ་ཏ་ཐུ་ག་ཏ་ལྷ་ཀ་བཛྲ་སྭ་བྷ་ཝ་ཨུཏྣ་ཀ྅ཧ༷། །རྡོ་རྗེ་སྐུ་འཛིན་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བྱེད་པ། །བྱིན་གྱིས་བརླབས་ཀྱིས་གནས་མཛད་དེ། །རྡོ་རྗེ་སྐུ་དང་ལྡན་པར་བྱ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །དེ་ལ་སྐུ་ལས་བྱུང་བ་ཡིས། །བྱིན་གྱིས་བརླབས་ཀྱིས་གནས་མཛད་དོ། །ཨོ་སརྦ་ཏ་ཐུ་ག་ཏ་མ་ཧྭ་ཀྭ་ཡ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། །བསྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །ཡེ་ཤེས་དཔའ་བོའི་ཐུགས་ཀ་ཡི། །འོད་ཀྱིས་མགོན་པོ་རྣམས་བསྐུལ་ནས། །དེ་དག་ཐུགས་ལས་བྱུང་བ་ཡིས། །རིགས་མས་བདུད་རྩི་བུམ་ཆུ་ཡི། །དབང་བསྐུར་བྱས་ཏེ་ཐིམ་གྱུར་ནས། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་རྣམས་ལ་རིགས་ལྔ་དང་། །རིགས་ཀྱི་བདག་པོ་རྣམས་ཀྱིས་བརྒྱན། །ཨོ་མ་ཧྭ་ཤཱ་རྒྱ་ཏྭ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨོ་མ་ཧྭ་ཨུ་དརྙ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨོ་མ་ཧྭ་པྲཏུ་བེ་ཀྟ་ཎ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། ཨཱོཾ༷་མཧྭ་ས་མ་ཏྭ་ཙྭ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། །ཨཱོཾ༷་མ་ཧྭ་ཀྲི་སྐྱུ་ཞུཁུ་ཙྭ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །གསང་བ་ཡུམ་གྱི་བྷ་ག་ལ། །དཀྱིལ་འཁོར་རྫོགས་པར་བསྒོམ་པར་བྱ། །སངས་རྒྱས་གནས་ཁང་རྫོགས་ནས་སུ། །དཀྱིལ་འཁོར་ཡན་ལག་བཞི་ལྡན་པས། །རྣལ་འབྱོར་པ་ཡིས་བསྒོམ་ནས་སུ། །སྙིང་གའི་པཟློ་ཁསྦྱོར་བ། །རིན་ཆེན་ཁང་པར་དམིགས་ནས་སུ། །གསང་བའི་གནས་ནས་པདྨ་གསལ། །དེ་སྟེང་སྒྲ་ཡི་ལྷ་མོ་སེར། །ཕྱག་ན་པི་ཝང་རྒྱུད་འཛིན་མ། །བསམས་ནས་ཡེ་ཤེས་ཐུགས་འོད་ཀྱིས། །རྒྱལ་བ་རྣམས་ནི་སྐུལ་བར་བྱེད། ཁྲར་སྒོའི་སྒྲ་ཡི་ལྷ་མོ་ཡིས། །སྒྲ་ཡི་མཆོད་པ་རྒྱུན་མི་གཅད། །ཡང་དག་མཐོང་བས་རྣམ་པར་གྲོལ། །དེ་བཞིན་ཉིད་དུ་གང་བལྟ་བ། །དེ་ཡིས་སྡིག་པ་ཆེན་པོ་བྱང་། །རྣམ་དག་གསལ་བའི་བདག་ཉིད་ལ། །མཐའ་དང་དབུས་སུ་མི་དམིགས་ཏེ། །མི་དམིགས་པ་ཉིད་དམིགས་པར་བྱ། །གང་གིས་ཡེ་ཤེས་སྐྱེས་གྱུར་པ། །དེ་ལ་འཇིགས་པ་ཕྲ་བའང་མེད། །སྟོང་ཉིདཡེཤེསཆེནཔོསནི། །སྒྲིབཔ་ཐམས་ཅད་གཅོད་བྱེད་སྟེ། །རྡོ་རྗེ་ལྟ་བུར་འཇོམས་པར་བྱེད། །གཉིས་མེད་ཡེ་ཤེས་བདེ་བ་ཆེ། །གང་གིས་སྔགས་ལ་དམིགས་པ་ཡིས། །སྙིང་གའི་པདྨ་ཡང་དག་བཞུགས། །ཕྱག་རྒྱ་བཞི་ཡིས་ལྷ་མོ་རྣམས། །དགུག་དང་བཅིངས་དང་བསྡམས་ནས་ནི། །དྲིལ་བུ་མས་ནི་མཉེས་མཛད་དེ། །སྒྲ་མཐར་སྟོང་པ་ཐར་པ་སྟེ། །བདེ་བས་ས་ལ་གནས་པར་བྱེད། །ཐབས་དང་ཤེས་རབ་གཉིས་མེད་པའོ། །བྱང་ཆུབ་སེམས་ཀྱི་སྒྲ་བསྒྲགས་པས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །སྟོང་པའི་ང་རྒྱལ་བསྐྱེད་པར་བྱེད། །ཡང་དག་བདེ་བ་རྣམ་པར་ལྡན། །འཁོར་བའི་མཐའ་ཡས་རྣམ་པར་གྲོལ། །གང་གིས་དཀྱིལ་འཁོར་སྐྱེད་མཛད་པ། །སྟོང་པའི་ང་རྒྱལ་ཆེན་པོ་དང་། །ལྡན་པར་བྱས་ཏེ་མི་དམིགས་པ། །དངོས་པོ་ཟིལ་གྱིས་མནན་པ་ཡིས། །དཀྱིལ་འཁོར་རྣམས་ནི་བསྐྱེད་ནས་སུ། །སྒྲ་རྣམས་ལྡན་པས་སྒྲ་མཐར་སྟོང་། །ཡོད་དང་མེད་པ་རྣམ་པར་གྲོལ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་རྣམས། །སྐྱེད་པར་བྱེད་པའི་རྒྱུ་ཡིན་པས། །ཀུན་ལ་ཁྱབ་པའི་རང་བཞིན་པས། །ཐབས་ཀྱི་རིམ་པའི་ཁྱད་པར་གྱིས། །སྐས་ཀྱི་རིམ་པ་ལྟ་བུར་སྣང་། །གང་རྣམས་དམ་པའི་དོན་སྒྲུབ་པའི། །དེ་བཞིན་ཉིད་ལ་གནས་བཅས་ཏེ། །གསང་བའི་དོན་ལ་ཞུགས་གྱུར་ནས། །སངས་རྒྱས་ས་ལ་གནས་པར་འགྱུར། །ཞེསདེབཞིནགཤེགསཔརྣམས་ཀྱིས་མཁྱེན་པར་གྱུརཏེ། །དེབཞིནགཤེགསཔཐམས་ཅད་ཀྱི་སྐུ་དངགསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། སྐུ་ཡི་དཀྱིལ་འཁོར་བཀོད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས། །དཀྱིལ་འཁོར་གདོན་པའི་ཕྱིར། སྔགས་ཀྱི་སྙིང་པོ་རྣམས་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །བྷ༷་བི་ཤྭ་ཤུརྗེ། ཨོ་ཛི་ན་ཛི་ཀ ལྭ༷་དེ་ཥ་ར་ཏི། ཧུ༷་བཛྲ་སྙིཀ མྱུ༷་དྷ་ཏི་ཤྭ་རྡི། སྭ་རཏྣལྷོཀ བཱ༷་མོ་ཧ་ར་ཏི། ཨེ་ཨུ་རོ་ལིག པྱུ༷་རྭ་ག་ར་ཏི། ཧ་པྲ་ཙྭ་སྒྲིཀ ཏྭ༷་བཛྲ་ར་ཏི། ཧུ༷་ལྭ་པྱ་ས་མ་ཡ་སྟུ༷། ཏྲ༷་བཱ་ལེ་ས་མ་ཡ་ཧོ། །སྒྲུ་གིརྟི་རྭ་ཀོ྅ཧ༷། ཨ༷་ནིརྟི་རྭ་ག་ཡུ་མི། ཛ༷༷རྙུ་པེ་པྲ་བེ་ཤ །ཧུ༷་པུསྤྲོ་པ་ཨུ་བེ་ཤ །བ༷་ཎྜའ་པ་སུ་གི་རྡི། ཧོ་གརྙེ་ཙིསྟ། །ཧུ༷་བཛྲ་དྷ་རོ་མ་ཧྭ་ཀྲོ་ཏི་ཤཱ་རྡི་ཛ་ལ་ནི་ཧུ༷་ཕཊ། ཨོ་རཏྣ་དྷ་ར་མ་ཧྭ་ཀྲོ་ཏི་ཤྭ་རྡི་ནི་ཛ་ལ་ནི་ཧུ༷་ཕཊ། ཨོ་པདྨ་དྷ་ར་མ་ཧྭ་ཀྲོ་ཏི་ཤཱ་རྡི་ཛ་ལ་ནི་ཧུ༷་ཕཊ། །ཨོ་ཀརྨ་དྷ་ར་མ་ཧྭ་ཀྲོ་ཏི་ཤཱ་རྡི་ཛ་ལ་ནི་ཧུ༷་ཕཊ། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །རྒྱལ་བ་སྲས་དང་བཅས་པ་ཀུན། །རྒྱ་དང་བྲལ་བའི་གཞལ་ཡས་ནས། །རང་བྱུང་དཀྱིལ་འཁོར་སྤྱན་དྲང་ངོ་། །བདག་ཉིད་ཐུགས་ཀྱི་འོད་ཟེར་གྱིས། །མཚོནཆཚོགསཀྱིས་དྲངས་ནས་ནི། །མདུན་དུ་དཀྱིལ་འཁོར་གསལ་བར་དམིགས། །ཐ་དད་མ་ཡིན་དབྱེར་མེད་དོ། །ཨེ་གྱེ་ཧི་བྷ་ལྷུན། མ་ཧྭ་ཀ་རུ་ཁི་ཀདྲོ་ཤུ་ཧོ། ས་མ་ཡ་སྟུ༷། ས་མ་ཡ་ཧོ། ཛ༷༷ཧུ༷་བ༷་ཧོ། ཨེ་ཨ་ར་ལི་ཧོ། ཛུ་ཛུ་ཛུ༷༷ ཨཱོཾ༷་བཛྲ་ས་མ་ཡ་ཨཱོཾ༷། ཨཱོཾ༷་བཛྲ་ས་མ་ཡ་ཨ༷། ཧུ༷་བཛྲ་ས་མ་ཡ་ཧུ༷། སུ་བཛྲ་ས་མ་ཡ་སྭ། ཧ་བཛྲ་ས་མ་ཡ་ཧ། ཨཱོཾ༷་པུསྤྲོ་ཕུ་ཨ་ཧུ༷། ཨོ་པྲ་བ་སད་ཀ་ཧི། །ཨ་ཧུ༷། ཛ༷༷ཧུ༷་བ༷་ཧོ༷༷ ཁ༷་ར༷་སྲུ་ཧྭ། ཨོ་ཨུ༷༷ཧུ༷། བཛྲ་སྐྱི་པ་དྷ་གྲྭ་ཧྭ། ཨོ་ཨུ༷༷ཧུ༷། བཛྲ་ཏེ་པ་ཏེ་གྲྭ་ཧྭ། ཨོ་ཨུ༷༷ཧུ༷། བཛྲ་གརྙེ་གན་གྲྭ་ཧྭ། ཨོ་བཛྲ་ནི་ཝི་ཏྲེ་གྲྭ་ཧྭ། །ཨོ་ཨུ༷༷ཧུ༷། བཛྲ་མ་ཧྭ་སྭ་ཏྭ་ས་མ་ཡ་གྲྭ་ཧྭ། ཨོ་ཨ་མྲི་ཏེ་ཨི་ད༷་གྲྭ་ཧྭ། །སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག །ཡོན་ཏེན་ཕྲི༄ན་ལས་རྣམ་བརྒྱན་པ། །མི་ཟད་རྒྱན་གྱི་འཁོར་ལོར་ལྡན། །སྐུ་ཡི་དབྱིག་ཏུ་བདག་བསྒྱུར་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །དབང་དང་བྱིན་རླབ་མཐུ་ལྡན་པ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོ་བཛྲ་ས་མ་ཡ་སྟུ༷། ཨོ་བཛྲ་ས་མ་ཡ་ཧུ༷། ཨོ་བཛྲ་ས་མ་ཡ་ཕཊ། །ཅེས་དངོས་གྲུབ་གསོལ་བར་བྱའོ། །ཨོ་བཛྲ་ཨུ་བེ་ཤ་ཨུ། ཨོ་ཨ༷། བདག་ཉིད་གཟུགས་བརྙན་དབྱེར་མེད་པས། །ཐ་དད་མིན་པ་ལྟ་བུར་སྣང་། །ཡེ་ཤེསརྣམས་ཀྱི་བདག་ཉིད་ནི། །གཉིས་མེད་ཐ་དད་མ་ཡིན་ཏེ། །ཉིད་ལ་རོལ་པས་ཉིད་ལ་སྤྱོད། །བདག་ཉིད་མཆོད་པ་ཆེན་པོ་ནི། །སངས་རྒྱས་ཐམས་ཅད་མཆོད་པ་ཡིན། །ཉིད་ལ་རྫོགས་པར་ལོངས་སྤྱོད་པ། །དེ་ཡིསཐེགཔཆེནཔོམཐོང་། །ཉིད་ལ་དབང་བསྒྱུར་ཉིད་སྤྱོད་པས། །གཞན་དུ་སྤྱད་པར་བྱ་བ་མིན། །འགྲོ་བ་རྣམས་ཀྱིས་སེམས་བསྐྱེད་ཅིང་། །དམན་པའི་ཚོགས་རྣམས་བསགས་པ་དང་། །རྣམ་པར་དབེན་དོན་མི་ཤེས་པས། །སྤྱན་དྲངས་མཆོད་བསྟོད་ཚུལ་བཞིན་པས། །ཡང་དག་དོན་ལ་དམིགས་འགྱུར་ན། །གསང་བའི་དོན་ལ་དམིགས་པ་ནི། །ཡེ་ཤེས་དཀྱིལ་འཁོར་རང་བཞིན་ཏེ། །གསལ་བ་ལ་སོགས་གང་ཡིན་པ། །མཆོད་དང་བསྟོད་པའི་བདག་ཉིད་ཅན། །བདག་ཉིད་ཡང་དག་གསལ་གྱུར་ན། །སྦྱོད་ཡུལ་རྣམས་དང་མཎྜལ་ལ། །སྟོང་ཉིད་ཡེ་ཤེས་ཆེན་པོ་ནི། །ཡེ་ཤེས་རྣམས་ཀྱི་རྒྱུ་ཡིན་ཏེ། །དྲི་མ་མེད་ཅིང་འོད་གསལ་བས། །ཡེ་ཤེས་སྤྱན་དུ་རྣམ་པར་གྲགས། །ངོ་བོ་ཉིད་ཀྱི་སྐུར་གྱུར་པ། །གཟུགས་རྣམས་ཉིད་ཀྱི་རྒྱུ་ཡིན་ཏེ། །སྣང་བ་མེད་ཅིང་ཀུན་ཁྱབ་པ། །རྟག་པ་རྡོ་རྗེ་ཀུན་ཏུ་འོད། །གྲུབ་པ་བསྐྱེད་པར་མི་བྱ་སྟེ། ཁེས་པའི་ཡུལདུ་མ་གྱུར་པས། །སྟོང་ཉིད་ཡེ་ཤེས་བསྐྱེད་པར་བྱ། །རྣལ་འབྱོར་པ་ཡི་ཤེས་པ་རྣམས། །རིག་པ་ལྔ་ཡི་བྱེ་བྲག་གིས། །ས་རྣམས་རིམ་པར་ས་སྦྱངས་ཏེ། །འཇིག་རྟེན་པ་དང་འཇིག་རྟེན་འདས། །མཐར་ཐུག་རྩེ་མོ་མངོན་བྱང་ཆུབ། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །ཆོས་སྐུ་བདེ་ བ་ཆེན་པོ་ལ། །ཡེ་ཤེས་བཞི་ཡི་བྱེ་བྲག་རྣམས། །གཟུགས་རྣམས་གཉིས་ལ་ཡང་དག་ལྡན། །ཐུགས་རྗེས་འགྲོ་དོན་རྫོགས་པར་མཛད། །མཁའ་དབྱིངས་གཞལ་ཡས་བརྩེགས་པ་སྲ །སངས་རྒྱས་དཀྱིལ་འཁོར་རྣམ་བསྒོམས་ཏེ། །རང་གི་རིག་མ་རྣམ་པར་འཁྱུད། །ཟས་སུ་བཤང་ལྕི་ལ་སོགས་བཟའ། །བདེ་བའི་རོས་ནི་ཚིམས་བྱེད་པས། །གསང་བའི་པདྨར་གནས་ཁང་ལྡན། །ཟླ་བའི་གདན་དང་བཅས་པ་ལ། །བྱང་ཆུབ་སེམས་ཀྱི་བདག་ཉིད་ནི། །དཀར་དམར་འདུས་པའི་རང་བཞིན་ཏེ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །བླ་ན་མེད་པའི་བྱང་ཆུབ་སེམས། །སྟོང་ཉིད་དམ་པར་སྒྲུབ་པའི་ཐབས། །དངོས་གྲུབ་རབ་མཆོག་གྲུབ་པའོ། །བྱང་ཆུབ་སེམས་དེ་རྒྱུ་ཉིད་ནས། །ཡིག་འབྲུ་ཕྱག་མཚན་ཕྱག་རྒྱར་གསལ། །གང་ལ་དམིགས་ཤིང་འཛིན་པ་ནི། །མཚན་མ་ལྔ་དང་ཡངདག་ལྡན། །བླ་མེད་བྱང་ཆུབ་ཐོབ་པར་བྱ། །ས་དང་ཕ་རོལ་མཐར་ཕྱིན་ནས། །བདེ་བ་ཆེན་པོ་རྣམ་པར་ཐོབ། །མི་རྟོག་ཐིག་ལེ་ལ་སོགས་པ། །གང་ལ་དམིགས་པར་ཞིག་གནས་པས། །ཡང་དག་མངོན་དུ་མི་འགྱུར་ཏེ། །ནོར་བུ་འོད་ལ་ནོར་བུ་བཞིན། །དོན་དམ་རིགས་མཐུན་གང་བསྒྲུབ་པ། །རྗེས་སུ་དཔོགས་པ་ཤེས་པ་སྟེ། །ཡང་དག་ལམ་དུ་ཞུགས་པ་ཡིན། །ཐོས་བསམ་བསྒོམ་པའི་རྣལ་འབྱོར་པས། །ཡང་དག་ལམ་གྱི་མཐར་ཕྱིན་ན། །མི་རྟོག་ཡེ་ཤེས་སྐྱེ་བར་བྱེད། །དེ་ཡིས་དོན་དམ་མངོན་སུམ་མཐོང་། །དེ་ཡངགསང་བའི་དབང་གིས་ཏེ། །འཇིག་རྟེན་ཐ་སྙད་བཏགས་པ་ནི། །མངོན་སུམ་རྗེས་སུ་དཔག་པ་རྣམས། །བསམ་པའི་དབང་དང་དངོས་པོའི་དབང་། །ལམ་དང་འབྲས་བུར་མི་དགོས་སོ། །རིག་པ་སྦྱང་ནསབདེཆེནཏེ། །ཡངདག་མཐའ་ལ་རྣམ་པར་གནས། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཡང་དག་ཉིད་ལ་འཇུག་བལྟ་བ། །ཡང་དག་བདེ་བ་ཐོབ་པར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་དང་རྡོ་རྗེ་འབར་བའི་རྒྱུད་ལས། གསུང་གི་དཀྱིལ་འཁོར་བཀོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། བྲོ་གར་དང་སྤྱོད་པ་རྣམས་ཕྱག་རྒྱ་ཡིན་པར་འདོད་པས། ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པ་འདི་གསུངས་སོ། །ཆོས་ཀྱི་འབྱུང་གནས་ཁྱད་པར་ལས། །ལྷ་དང་ལྷ་མོའི་ངང་ཉིད་དུ། །ཡན་ལག་ཐམས་ཅད་བྱིན་བརླབས་ན། །བསྐྱོད་བསྒུལ་ཐམས་ཅད་ཕྱག་རྒྱ་ཡིན། ཁེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་རོལ་མོ་རྣམ་འཕྲོས་པས། །ངག་དང་ལུས་ཀྱི་ཡོད་པ་རྣམས། །སྔགས་དང་ཕྱག་རྒྱ་ཡིན་པར་གྲགས། །རྡོ་རྗེ་རིགས་དང་རིན་ཆེན་རིགས། ཁྲེས་རབ་ཐབས་སུ་སྦྱོར་བ་ཡིས། །གཉིས་སུ་མེད་པར་སྦྱོར་བ་ནི། །རྡོ་རྗེ་ཐལ་མོ་བཤད་པ་ཡིན། །ལག་གཉིས་སོར་མོས་ནང་དུ་བསྣོལ། །གུང་འཛུབ་མཐེ་བོང་མཐེའུ་ཆུང་རྣམས། །སོར་མོ་རྩེ་སྤྲད་སྲིན་ལག་བསྒྲེང་། །སྤྱི་ཡི་དམ་ཚིག་ཕྱག་རྒྱ་ཡིན། །ལག་པ་སོར་མོ་རྒྱབ་བསྣོལ་ཏེ། །གཡས་ཀྱི་མཐེ་བོང་བཀུག་ནས་ནི། །གཡོན་གྱི་མཐེ་བོང་རྩེ་སྤྲད་པ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཡིན། །སོར་མོ་ནང་དུ་བསྣོལ་ནས་ཀྱང་། །གུང་མཛུབ་ལ་སོགས་རྩེ་སྤྲད་ནས། །སྲིན་ལག་བཞིབས་ཏེ་བསྒྲེང་བ་ནི། །མི་བསྐྱོད་པ་ཡི་ཕྱག་རྒྱ་མཆོག །སོར་མོ་རྒྱབ་ཏུ་བསྣོལ་ནས་ཀྱང་། །གུང་བསྒྲེང་རྩེ་སྤྲད་མཐེ་བོང་བཀུག །མཛུབ་མོ་ངོས་ལ་སྦྱར་བ་ནི། །རིན་ཆེན་འབྱུང་བའི་ཕྱག་རྒྱ་ཡིན། །ལག་གཉིས་སོར་མོ་རྒྱབ་ཏུ་བསྣོལ། །མཛུབ་མོ་གཉིས་ནི་བསྒྲེང་ནས་ཀྱང་། །རྩེ་སྤྲད་པདྨའི་ཚུལ་དུ་བྱ། །མཐེབ་བཀུག་ཚེ་དཔག་མེད་པའི་རྒྱ། །ལག་གཡོན་ཁུ་ཚུར་བཅངས་ནས་ནི། །དཀུར་བརྟེན་གཡས་ཀྱི་སོར་མོ་རྣམས། །ཐལ་མོ་སྦྱར་ནས་གདེངས་པ་ནི། །གདོན་མི་ཟ་བའི་ཕྱག་རྒྱ་ཡིན། །ཡུམ་རྣམས་རྟགས་ཀྱི་ཕྱག་རྒྱ་ནི། །ཐབས་ལ་འཁྱུད་ཅིང་ཟུར་གྱིས་བལྟ། །འཇོ་བསྒེག་རང་རྟགས་ཚུལ་འཛིན་པ། །དྲིལ་བུ་དང་པོས་འཛིན་པར་བྱེད། །ལག་གཉིས་སོར་མོ་རྒྱབ་ཏུ་བསྣོལ། །གུང་བསྒྲེང་རྩེ་མོ་སྤྲད་ནས་ནི། །བུག་བུག་པོར་ནི་བྱས་ནས་ནི། །དྲིལ་བུ་འཛིན་པའི་ཕྱག་རྒྱ་ཡིན། ཁུ་ཚུར་གཉིས་ནི་བཅངས་ནས་ཀྱང་། །འགྱིང་བག་སྐུ་རུ་འཛིན་པ་ལ། །གཡོན་དུ་ཟུར་མིག་བལྟ་བ་ནི། །རྡོ་རྗེ་སྒེག་མོའི་ཕྱག་རྒྱ་ཡིན། །ལག་པ་གཉིས་ཀྱི་སོར་མོ་རྣམས། །སོར་མོ་རྒྱབ་ཏུ་བསྣོལ་ནས་ནི། །རྣ་ལྟག་གཉིས་སུ་བཟུང་ན་ནི། །དེ་ཉིད་ཕྲེང་བ་མ་ཡི་རྒྱ། །གཡོན་གྱི་ཁུ་ཚུར་བཅངས་ནས་ནི། །སོར་མོ་ཅུང་ཟད་བསྣོལ་བ་ལ། ཁ་འགྲམ་བཟུང་ནས་གཡས་པ་ཡི། །འཛུབ་མོ་བསྒྲེང་ནས་འགྱེད་པ་ནི། །པི་ཝང་ཚུལ་འཛིན་དབྱངས་མའི་རྒྱ། །ལག་པ་གཉིས་ཀྱི་སོར་མོ་རྣམས། །གཡས་ནས་གཡོན་དུ་སྐོར་བྱེད་ཅིང་། །གར་ཐབས་སྒྱུར་བར་བྱེད་པ་ནི། །གར་སྒྱུར་མ་ཡི་ཕྱག་རྒྱ་ཡིན། །ལག་པ་གཉིས་ཀྱི་ཁུ་ཚུར་གཉིས། ཁ་སྤྲོད་གཡོག་པའི་ཚུལ་བྱས་ཏེ། །སྣ་ཡི་ཐ་ཀར་བཟུང་བ་ནི། །བདུག་སྤོས་མ་ཡི་ཕྱག་རྒྱ་ཡིན། །ལག་པ་གཉིས་ཀྱི་སོར་མོ་རྣམས། །སྙིམ་པའི་ཚུལ་དུ་བྱས་ནི། །སྙིང་གའི་ཐད་ཀར་འཛིན་པ་ཡིན། །འདི་ནི་མེ་ཏོག་མ་ཡི་བརྒྱ། །ལག་པ་གཉིས་ཀྱི་སོར་མོ་རྣམས། །སོར་མོ་བཀུག་ནས་གུང་མོ་བསྒྲེང་། །ཐུགས་ཀར་མཛེས་པ་མར་མེ་མའི། །ཕྱག་རྒྱ་ཡིན་པར་རྣམ་པར་གྲགས། །ལག་པ་གཡས་པ་ཐུགས་ཀར་མནན། །གཡོན་པ་དཀུ་ལ་བརྟེན་པ་ནི། །དྲིལ་བུ་མ་ཡི་ཕྱག་རྒྱ་ཞེས། །དཔའ་བོ་ཆེན་པོས་རྣམ་པར་བཤད། །ལག་གཉིས་ཁུ་ཚུར་བཅངས་པ་ལས། །མཐེ་བོང་གཉིས་ནི་རབ་བསྒྲེང་སྟེ། །འཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བྱ། །གཤིན་རྗེ་འཇོམས་པའི་ཕྱག་རྒྱ་ཡིན། །གཡས་དང་གཡོན་གྱི་སོར་མོ་རྣམས། །སོར་མོ་རྒྱབ་ཏུ་བསྣོལ་ནས་ནི། །གཡས་སུ་གདེངས་ནས་འཕེན་པའི་ཚུལ། །བྱས་པ་མི་ཐུབ་མ་ཡི་རྒྱ། །ལག་གཉིས་རྒྱབ་ནི་སྤྲད་ནས་ཀྱང་། །མཐེ་ཆུང་གཉིས་དང་མཛུབ་མོ་གཉིས། །སོ་སོར་འཁྱུད་ནས་བསྣམས་པ་ནི། ཁྲོ་གཉེར་མ་ཡི་ཕྱག་རྒྱ་ཡིན། །གཡས་པ་བསྐུམ་ནས་གཡོན་པ་ཡིས། །དྲིལ་བུ་འཛིན་པའི་ཚུལ་དུ་བྱ། །རལ་གཅིག་མ་ཡི་ཕྱག་རྒྱ་ཞེས། །དཔའ་བོས་རབ་ཏུ་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོས། །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར། ཉིད་ཀྱི་སྙིང་པོའི་རང་བཞིན་སྤྲོས་པ་ཉེ་བར་ཞི་བ་འདི་གསུངས་སོ། །བདག་དང་སེམས་ཅན་སྐྱེས་བུ་དང་། །བྱེད་པ་པོ་ལ་སོགས་པ་ཡི། །དངོས་པོའི་བདག་ཉིད་སྟོང་ཉིད་ལྟར། །བྱིས་པ་རྡུལ་ལས་དངོས་པོར་འདོད། །ཆོས་ཙམ་ལ་ནི་དམིགས་པར་བྱེད། །དེ་ཉིད་ཕྱོགས་ཆས་མི་འགྲུབ་ཅིང་། །གཅིག་མིན་དུ་མ་མ་ཡིན་ནོ། །དེ་ཉིད་ཕྱིར་ན་དེ་སྟོང་མིན། །དེ་སྟོང་པ་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་བའང་མེད། །རྟག་མིན་ཆད་པ་མ་ཡིན་ལ། །མཚན་མེད་སྨོན་པ་མེད་པ་ཞེས། །དེ་ལ་སོགས་པ་རྣམ་པར་བཤད། །དེ་བས་དམ་པའི་དོན་ཉིད་ནི། །རྟེན་ཅིང་འབྲེལ་བ་གང་བྱུང་བ། །སྔོན་དང་ཕྱི་མའི་མཐའ་སྤངས་ཏེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་པ། །དེ་ཕྱིར་དྲི་ཟའི་གྲོང་ཁྱེར་འདྲ། །རྟེན་འབྲེལ་ངོ་བོ་མ་སྐྱེས་པས། །སྐྱེ་དང་འགག་པར་མི་འགྲུབ་སྟེ། །ཡང་དག་དོན་དུ་མི་བལྟ་བས། །སྒྱུ་མ་བཞིན་དུ་རྣམ་པར་སྣང་། །འཇིག་ཆགས་སྟོངས་ལ་སོགས་པ་ཡི། ཁུ་ཉིད་རྟེན་ཅིང་འབྲེལ་འབྱུང་བས། །དེ་བཞིན་ཉིད་ནི་མེད་འགྱུར་ཏེ། །ནམ་མཁའ་དང་པའིརངབཞིནཏེ། །རྟེནཅིང་འབྲེལ་འབྱུང་གང་མཐོངབ། །དེབཞིནཉིདལསབདེབརགཤེགས། །ཀུན་ལ་ཁྱབ་པར་གནས་པས་ན། །མཁའ་དང་མཚུངས་ཤིང་མཉམ་པར་འགྱུར། །དངོས་པོ་རྣམས་ནི་སྟོང་པ་སྟེ། །སྟོང་པ་ཉིད་ཀྱིས་དངོས་པོ་ལ། །ཐ་དད་མ་ཡིན་དབྱེར་མེད་པས། །གཞན་དུ་བྱས་པ་ཅི་ཡང་མེད། །སྲིད་དང་ཞི་བའི་ཁྱད་པར་ནི། །ཆ་ཤས་ཙམ་ཡང་ཡོད་པ་མིན། །གང་ལ་གོམས་པ་དེར་སྣང་བས། །སྤྱིན་ལ་སོགས་པ་རྣམ་མི་འགལ། །གཟུགས་ལ་སོགས་པའི་དངོས་པོ་རྣམས། །ཀུན་གྱི་རང་བཞིན་ཆོས་ཉིད་ལས། །གཟུགས་ལ་སོགས་པ་མཐོང་བ་ན། །ཆོས་ཉིད་མཐོང་བས་བདེ་བར་གཤེགས། །དམ་པའི་ཡུལ་དུ་གྱུར་པ་ན། །རྣམ་ཀུན་མཁྱེན་པས་མ་གཟིགས་ཏེ། །མཐོང་བར་བྱ་བའི་རང་བཞིན་དག ཁྲེས་རབ་ཅན་གྱིས་རྟོགས་པར་གྱིས། །འགའ་ཡང་མཐོང་བ་མེད་པ་ནི། །དེ་ཉིད་མཐོང་བས་ཆེན་པོར་བས། །སྟོང་ཉིད་ཡེ་ཤེས་ཆེན་པོས་ནི། །ཡང་དག་མཐོང་ནས་རྣམ་པར་གྲོལ། ཁྲེས་པས་མཐོངབའི་ཡུལ་མེད་དེ། །ལམ་ལྔ་དག་ཏུ་ཚོགས་བསགས་ཤིང་། །སྒྲིབ་པ་རྣམ་པར་དག་བྱས་ཏེ། །པདྨ་སྤྱན་དུ་གྱུར་པ་ནི། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །པདྨ་ཅན་གྱི་ཡེ་ཤེས་ནི། །རང་བྱུང་ཡེ་ཤེས་ཆེན་པོ་སྟེ། །དམ་པའི་དོན་ལ་འདུས་བསྒོམ་ནས། །གོམས་པས་འཇུག་ཏུ་རང་བྱུངའཆར། །གོམས་ཏེ་སླ་བར་མི་འགྱུར་བའི། །དངོས་མེད་གང་ཡང་ཡོད་མི་འགྱུར། །ཡང་དག་དོན་གྱི་རང་བཞིན་ལས། །བརྗོད་པར་བྱ་བའི་དངོས་པོ་དག །རྡུལ་ཆ་ཙམ་ཡང་མེད་པའི་ཕྱིར། །ཅི་ཡང་གསུང་དུ་མེད་པའོ། །དེ་ལྟར་ཤེས་པར་བྱས་ནས་ནི། །གསང་བའི་དོན་ལ་འཇུག་པར་བྱ། །གཞལ་ཡས་བརྩེགས་པའི་དབུས་སུ་ནི། །སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །ཐབས་དང་ཤེས་རབ་གཉིས་མེད་པས། །ལྟེ་བའི་སྟེང་དུ་ཡི་གེ་ཨུ། །བསྒོམ་ནས་སྙིང་གའི་པདྨར་བཞག །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས། །དེ་མ་ཐག་ཏུ་བདེར་འགྱུར་རོ། །ཧུ༷་ཡིག་ཟླ་བར་བཅས་པ་ནི། །རྡོ་རྗེ་མཚོན་ཆ་མཆོག་འོད་འབར། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །རྒྱ་ཆེན་རབ་ཟབ་མདོར་བསྡུས་པའོ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱིས། །བླ་ན་མེད་པ་སྒྲུབ་བྱེད་པའི། །ཐབས་ཀྱི་མཆོག་ཏུ་གསུངས་པ་སྟེ། །བསྟན་པས་ཡོངས་སུ་གྲོལ་བར་བྱ། །གསང་སྔགས་ཚུལ་ལ་མི་གནས་ཤིང་། །དེ་བཞིན་ཉིད་དོན་མི་རྟོགས་པར། །ཚིག་ཙམ་ལ་ནི་གནས་བྱེད་དེ། །དད་མེད་ཉེས་ན་ཕུང་བར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། ཐུགས་ཀྱི་དཀྱིལ་འཁོར་བཀོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་དབྱེར་མེད་པའི་དགྱེས་པ་ཆེན་པོ་དེས། །སྒྱུ་མའི་དཀྱིལ་འཁོར་དུ་བཞེངས་ཏེ། །སྒྱུ་འཕྲུལ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གཞན་གྱི་དོན་དུ་རི་མོའི་དཀྱིལ་འཁོར་བྲི་བར་བཞེད་ནས། །ཞལ་འཛུམ་པ་མཛད་དེ།བཞུགས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པས་མཆོད་དེ། འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་སངས་རྒྱས་ཀྱེ་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །སྐུ་ཡི་དཀྱིལ་འཁོར་རབ་ཏུ་དག །དཀྱིལ་འཁོར་རབ་དགའ་བཤད་དུ་གསོལ། །ཨེ་མ་ཧོ་ཆོས་ཀྱི་དོན་འབྱུང་བ། །ཆོས་དོན་དག་པ་བདག་མེད་པ། །གསུང་གི་དཀྱིལ་འཁོར་དྲི་མ་མེད། །དཀྱིལ་འཁོར་དག་པ་དྲི་མ་མེད་པ་གསོལ། དེ་བཞིན་གཤེགས་པ་ཀུན་གྱི་བདག ཁེས་བྱ་ལ་སོགས་སྒྲིབ་གཉིས་གྲོལ། །ཡེ་ཤེས་རྣམས་ཀྱིས་དོན་མཛད་པ། །ཐུགས་ཀྱི་དཀྱིལ་འཁོར་བཤད་དུ་གསོལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོག །འགྲོ་བ་དག་ཕྱིར་རི་མོ་ཡི། །དཀྱིལ་འཁོར་ཉམས་ནི་དགའ་བར་བཤད། །རི་བོ་དབེན་པ་རི་སུལ་ཡོད། །ཆུ་ཀླུང་རྣམས་དང་འབབ་པ་དང་། །མེ་ཏོག་ནགས་ཚལ་རྣམས་ཀྱིས་བརྒྱན། །ཡོན་ཏན་ཐམས་ཅད་ལྡན་པ་ཡི། །ཉམས་དགའི་གནས་སུ་བསམ་གཏན་བྱ། །མང་དུ་ཐོས་ཤིང་སྐྱོ་བ་བཟོད། །བརྟན་ཞིང་རྡུལ་ལ་བློ་གྲོས་ཆེ། །བྱ་བ་མཁས་པ་གཡོ་སྒྱུ་མེད། །འཁོར་དང་འཇིག་དང་རྣམ་བྲལ་ཏེ། །སེམས་ཅན་ཀུན་ལ་མི་འཇིགས་སྟེར། །དེ་ནི་སློབ་དཔོན་ཡིན་པ་སྟེ། །དཀྱིལ་འཁོར་པ་ཡི་ལས་བྱའོ། །ཡིད་གསལ་སྤྲོ་ཞིང་བྱ་བ་མཁས། །དད་དང་བརྟུལ་ཞུགས་བརྩོན་འགྲུས་ཅན། །ཡིད་ཆེས་སེར་སྣ་རྣམ་གྲོལ་ཏེ། །ཐེ་ཚོམ་མི་བྱེད་དམ་ཚིག་ལྡན། །སློབ་མ་རྣམས་ཀྱི་དམ་ཚིག་ཡིན། །དང་པོར་ས་བཞི་བརྟགས་ནས་ནི། །དེ་ཡི་སྟ་གོན་བཀྲ་ཤིས་ལ། །ཐ་མར་དཀྱིལ་འཁོར་འཇུག་པ་ཡིན། །སངས་རྒྱས་དཀྱིལ་འཁོར་བསྒོམས་ནས་ནི། །རིག་པའི་མེ་ཏོག་བོར་བྱས་ཏེ། །སྡིག་པ་བཤགས་པ་ལ་སོགས་བྱ། །གོས་རྒྱན་མཛེས་པར་བྱས་པ་ཡི། །བློ་གྲོས་ཅན་གྱི་མཁས་པ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། ཁྲུ་བཞི་པའམ་ཁྲུ་བརྒྱད་པ། །བཅུ་དྲུག་ཉི་ཤུ་རྩ་ལྔར་བྱས། །སོར་བཞི་པ་ནས་བཟུང་ནས་ནི། །ཇི་སྲིད་དཔག་ཚད་རྒྱང་གྲགས་པར། །སེམས་ཅན་བསམ་པའི་དབང་གིས་ནི། །ཚད་རྣམས་ངེས་པར་མ་གསུངས་སོ། །གཙང་མའི་སྐྲུ་དང་ཨ་ཤྭཏ་ཤུན། །ཚད་མ་རབ་ཏུ་མཛེས་པ་ཡི། །ཚོན་སྣ་ལྔ་སྐུད་བུ་ཆོས་བཀལ། །དེ་ཡིས་དཀྱིལ་འཁོར་ཐིག་གདབ་བོ། །རང་གི་རིགས་ཀྱི་ས་བོན་རྣམས། །ཐིག་སྐུད་ཡེ་ཤེས་ལྔ་ལྡན་པས། །ཉི་ཤུ་རྩ་ལྔར་དབྱེ་བ་ཉིད། །བདག་ཉིད་བདག་པོའི་གཟུགས་བསྒོམས་ལ། །ཛ་ལས་ཉི་མ་ཟླ་བའི་མིག །དེ་ཡིས་མཚོན་ཆར་གྲངས་ནས་ནི། །དཀྱིལ་འཁོར་རྣམས་ལ་ཐིམ་པར་བྱ། །བདུད་རྩི་ལྔ་ཡི་དྲི་ཡིས་ནི། །བསྐུས་ནས་དེ་ནས་བ་་བར་བྱ། །རྡོ་རྗེ་ལས་རབ་ལྗང་གུ་ནི། །ཀརྨ་བཛྲ་ཧ་ཞེས་དབྱུང་། །ཐིག་སྐུད་ཡེ་ཤེས་ལྔ་ལྡན་པ། །ལྟེ་བར་ཁུ་ཚུར་གཡོན་གྱིས་མནན། །ལས་ཀུན་བྱེད་པར་བཟུང་ནས་ནི། །ནམ་མཁར་བཏབ་པ་རང་བཞིན་དང་། །ཏིང་འཛིན་དཀྱིལ་འཁོར་གསལ་བར་བྱེད། །གཟུགས་བརྙན་གསལ་ཕྱིར་ས་ཐིག་གདབ། །ཨོ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧུ༷། ཁྲར་ནས་ནུབ་བལྟས་ལྷོ་ནས་བྱང་། །ཕྱི་ཡི་ཕྱོགས་བཞིར་རབ་ཏུ་གནས། །མེ་དང་བདེན་བྲལ་མཚམས་གནས་ཤིང་། །གྲྭ་བཞིའི་ཐིག་ནི་རབ་ཏུ་གདབ། །དབུས་སུ་ཕུར་པ་བཏབ་བྱས་ཏེ། །མུ་ཁྱུད་ཟླུམ་པོར་བསྐོར་ནས་ཀྱང་། །གྲ་བཞི་ལ་སོགས་སྒོ་བཞིར་ལྡན། །ཏྭ་ར་ཎ་བཞིས་ཀླུབ་པའོ། །རྡུལ་ཚོན་རྣམས་ནི་བྲི་བར་བྱ། །དེ་ལ་རིགས་རྣམས་ས་བོན་ལས། །ལྷ་ཡི་རང་བཞིན་ལྡན་བྱས་ཏེ། །འོད་ཟེར་ལྕགས་ཀྱུས་དྲངས་པ་རྣམས། །ཚོན་གྱི་ཕྱེ་མ་ལྔ་ལས་ཐིམ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །དཀྱིལ་འཁོར་ནང་དུ་འདུག་ནས་ཀྱང་། །དཀར་པོ་ལ་སོགས་རྣམ་པ་ལྔ། །འདུལ་བའི་ཆོ་ག་ཇི་བཞིན་དུ། །དབང་ལྡན་ཕྱོགས་ནས་བྲི་བར་བྱ། །གཡས་གཡོན་མཉམ་པོ་རྒྱུན་མི་གཅད། །ཚོན་གྱི་ཕྱེ་མ་སྣ་ལྔ་ཡི། །དཀྱིལ་འཁོར་སྡུག་གུར་བྲི་བར་བྱ། ཁྲར་དུ་ཨིནྟྲ་ནི་ལའི་སྟེང་། །ལྷོ་དང་ནུབ་ཏུ་སེར་དང་དམར། །བྱང་དུ་ལྗང་གུ་ལྡན་པ་སྟེ། །དབུས་སུ་དཀར་པོ་བྲི་བར་བྱ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པདྨ་རལ་གྲི་ལ་སོགས་པའི། །དཀྱིལ་འཁོར་རྣམས་ནི་རབ་ཏུ་དམིགས། །སྐུ་གསུང་ཐུགས་ཀྱི་ས་བོན་གྱིས། །ཚེ་དཔག་མེད་དང་མི་བསྐྱོད་དང་། །རིགས་ཀྱི་བྱེ་བྲག་ཤེས་བྱས་ལ། །རང་གི་དཀྱིལ་འཁོར་དབུས་སུ་དགོད། །དད་བརྩོན་བརྟུལ་ཞུགས་ལྡན་པ་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་དབང་རྣམས་ནི། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྡིག་བཤགས་སྐྱབས་སུ་སོང་ནས་ནི། །པདྨའི་གདན་ལ་མེ་ཏོག་གཏོར། །ཡོན་ཕུལ་ཡེ་ཤེས་སྤྱན་ཕྱེ་ནས། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་བསྟན། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་སེམས། །ཡེ་ཤེས་ཆུ་ཡིས་གང་བ་ཡི། །ཕྱི་ནང་གསང་བ་བུམ་པ་ཡིས། །སློབ་མ་བདག་པོའི་གཟུགས་སུ་བྱ། །དབུ་རྒྱན་རྡོ་རྗེ་དྲིལ་བུ་སོགས། །བདག་པོའི་དབང་ནི་བསྐུར་ནས་ཀྱང་། །རིགས་རྣམས་ཀུན་དང་ལྡན་པར་བྱ། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་ལས་རྣམས་དབང་དུ་བསྐུར་རོ། ཁྲཁྲག་དྲི་ཆེན་དབང་བསྐུར་རོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །རྣལ་འབྱོར་པས་ནི་སྦྱད་པར་བྱ། །གླང་པོའི་ཤ་དང་རྟ་ཡི་ཤ ཁྲ་ཆེན་བ་ལང་ཁྱི་ཤ་རྣམས། ཁམས་ཀྱི་ཟས་སུ་བཟའ་བར་བྱ། །མ་དང་བུ་མོ་སྲིང་མོ་ལས། །རྟག་ཏུ་འདོད་པ་སྤྱད་པར་བྱ། །གཙང་སྨེ་རྟོག་པ་དང་བྲལ་ན། །དེ་ཉིད་རིག་པའི་བརྟུལ་ཞུགས་ཡིན། །འདི་ལ་མི་བྱ་ཅི་ཡང་མེད། །བཟའ་བར་མི་བྱ་ཅི་ཡང་མེད། །དེ་ཉིད་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་གྱིས་དབང་བསྐུར་རོ། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །བླ་ན་མེད་པའི་བྱང་ཆུབ་སེམས། །བདུད་རྩི་རྣམས་དང་གང་ལྡན་པའི། །རྡོ་རྗེའི་གསང་བའི་ལམ་ཕྱུང་ནས། །སློབ་མ་རྣམས་སུ་ཐིམ་པར་བྱ། །དེ་འདི་རྒྱལ་བ་ཐམས་ཅད་ཀྱི། །དབང་བསྐུར་བ་ཡི་ཐབས་མཆོག་སྟེ། །གང་གིས་བླ་མེད་སྒྲུབ་པ་ན། །རྟག་ཏུ་འབྲལ་བར་མི་བྱའོ། ཁྲེས་རབ་ཐབས་སུ་གར་སྦྱོར་བས། །གསང་བ་རྣམས་དང་ལྡན་བྱས་ཏེ། །སློབ་མར་དབང་བསྐུར་ཆེན་པོ་སྤྱིན། །དངོས་གྲུབ་མཆོག་ཏུ་གྱུར་པས་ན། །རང་གི་བཀའ་ལས་རང་མི་འདའ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །བདེ་བ་ཆེན་པོ་གྲུབ་པའི་ཐབས། །མཉམ་མེད་རྙེད་པར་ཐོབ་གྱུར་ཏེ། །ས་དང་ཕ་རོལ་ཕྱིན་པ་ཡི། །ལམ་གྱི་མཆོག་ཏུ་གྱུར་པས་ན། །རང་བྱུང་ཡེ་ཤེས་ཆེན་པོ་ནི། །ད་ལྟ་ཉིད་དུ་མཐོང་བར་འགྱུར། །དུས་མིན་འཆི་བ་མི་འབྱུང་ཞིང་། །ཕྱི་ནང་ནད་རྣམས་སེལ་བར་བྱེད། །འཁྲུག་དང་སྡུག་བསྔལ་བརྒྱད་པོ་རྣམས། །འཇིགས་ཤིང་མྱ་ངན་འཆིང་བ་མེད། །ཡམས་ནད་འཚེ་བ་མི་འབྱུང་ཞིང་། །ཕ་རོལ་དམག་ཚོགས་འཇིགས་པར་བྱེད། །ད་ལྟ་བདེ་དང་ཕྱི་མ་བདེ། །ཐམས་ཅད་ཀུན་གྱི་རྒྱུར་གྱུར་པ། །རྟག་ཏུ་སྤང་བར་མི་བྱ་སྟེ། །འདས་ན་དམྱལ་བར་ལྟུང་བར་འགྱུར། །སངས་རྒྱས་དཀྱིལ་འཁོར་རྣམས་བསྒོམ་ནས། །རྒྱལ་བ་ཐམས་ཅད་མཉེས་མཆོད་དེ། །འགྲོ་བའི་དོན་རྣམས་རྫོགས་བྱའི་ཕྱིར། །སྦྱིན་བསྲེག་ལས་རྣམས་རྫོགས་པར་བྱ། ཁུ།་བཞི་པ་ཡི་དཀྱིལ་འཁོར་ལ། །ཧོམ་ཁུང་ཁྲུ་གང་ཚད་དུ་བྱ། །ཟབས་སུ་ཁྲུ་གང་ཁ་ཁྱེར་རྣམས། །སོར་ནི་བཞི་པའི་ཚད་དུ་བྱ། །ཟླུམ་པོ་གྲུ་བཞི་ཟླ་གམ་གདེངས། ཁུ་གསུམ་དཀར་སེར་དམར་དང་ནག །མེ་འོད་ངེས་ལ་རྡོ་རྗེ་ཁ། །རིན་ཆེན་པདྨ་ཐོད་པས་བརྒྱན། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པདྨ་རལ་གྲི་ལ་སོགས་པ། །ཁུང་གི་མཐིལ་དུ་ལྷག་པར་དགོད། ཁྲར་དུ་ཁྲི་སྟེ་ཀུ་ཤ་ལྷོ། །ནུབ་ཏུ་པདྨ་གྲུ་གསུམ་བྱང་། ཁེང་གི་ལྷ་སྟེ་མདོག་དཀར་ལ། །མཆོད་ཡོན་རྣམས་ཀྱིས་མཉེས་བྱས་ལ། །མེ་ཡི་གྲ་ནས་གཅད་པར་བྱ། །ཞི་རྩེ་རྒྱས་པར་དབང་གི་སྦོམ། །དྲག་པོ་དྲུང་པ་དག་ལ་བྱ། །དྲི་དཀར་སྦྲང་རྩི་ཙསྡོན་དམར། ཁྲག་སྤོས་སྦྱར་ཏེ་བསྐུར་བར་བྱ། །བསྲེག་ཤིང་ཁྲུ་དོ་ཡམ་ཤིང་སོར། །བཅུ་གཉིས་པ་ཡི་ཚད་དུ་བྱ། །དཀར་སེར་དམར་དང་ནག་པོའོ། །འོ་མ་ཙསྡོན་མངར་གྱུར་པ། །དུག་ཤིང་ཚེར་མ་ཅན་ལ་སོགས། །སོ་སོའི་མཚན་དང་སྦྱར་བ་ཡིན། །དགང་གཟར་བླུག་གཟར་སོ་སོའི་དབྱིབས། །ཡུ་བ་ཁྲུ་གང་ཚད་དུ་བྱ། །དགང་གཟར་སོར་བཞི་སོར་གཉིས་ཟབས། ཁ་རན་སོར་གཅིག་དཀྱིལ་རིན་ཆེན། །ངོས་ལའང་ཡི་གེ་འབར་བ་བསྒོམ། །བླུགས་གཟར་སོར་གཉིས་སོར་གཅིག་ཟབས། ཁ་ཁྱེར་སོར་གཅིག་དཀྱིལ་རྡོ་རྗེ། །ངོས་ལ་ཡི་གེ་རྣམ་བསྒོམ་ནས། །ག་་ཁུང་རང་རང་དབྱིབས་དང་མདོག །རི་རབ་རི་བདུན་མཚོ་དང་བཅས། །དངུལ་ཕྱེའབྲསཆེནདཀརཔོདང་། །གསེར་ཟངས་ལྕགས་དང་འབྲས་ཆེན་ཐུག །དུང་དང་ཁྲག་ལ་སོགས་པ་ཡིས། །སོ་སོའི་གཏོར་མ་མཛེས་པར་བྱ། །གསེར་དངུལ་ཟངས་ལྕགས་སོ་སོའི་ཤིང་། །མགོ་བོ་རྒྱན་མདུད་རྩེ་མོ་རྣམས། །ཟླུམ་པོ་གྲུ་བཞི་ཟླ་གམ་ཟུར། །དཀྱིལ་འཁོར་རྣམས་ནི་བསྒོམ་བྱ་སྟེ། །མཚན་མར་བཅས་པའི་གཟུགས་བརྙན་ལ། །བཀུག་ནས་ཕུར་པ་བཏབ་ནས་ནི། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །རྒྱན་ཆས་ལྔ་དང་ལྡན་པ་ཡིས། །ཡོ་བྱད་བསངས་གཏོར་བྱས་ནས་ནི། །ཀུ་ཤ་བཏིང་ནས་ཡམ་ཤིང་ལ། །མེ་སྤར་ཡི་གེ་གསུམ་པོས་སྦྱངས། །དཀྱིལ་འཁོར་ཞལ་དུ་གྱུར་པའི་མེ། །ས་བོན་མར་གྱིས་བྱུག་པར་བྱ། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །དང་པོ་རང་རྟགས་ཤེས་རབ་འཁྱུད། །གཡས་གཉིས་བགྲང་འཕྲེང་སྐྱབས་སྦྱིན་ལ། །གཡོན་པ་གུསྡེ་རིག་པ་འཛིན། །དེ་ནས་ཡེ་ཤེས་དམ་པའི་མེ། །བོས་ནས་མཆོད་ཕུལ་གཉིས་སུ་མེད། །མེ་ལྷ་རྣམས་ཀྱི་གཞལ་ཡས་ཁང་། །དམ་པའི་འཁོར་ལོ་བསྒོམས་ནས་ནི། །ལས་བཞིའི་མཆོད་པ་རབ་ཏུ་དབུལ། །མར་ཁུ་ཏིལ་དང་དར་བ་དང་། །འབྲས་དང་ཞོ་དང་ཀུ་ཤ་རྣམས། །རིམ་པར་ཕུལ་ཏེ་ལས་རྣམས་བསྟན། །མཆོད་དང་བསྟོད་པ་ཚུལ་བཞིན་བྱ། །དབང་བསྐུར་བ་ཡི་རིམ་པ་དང་། །སྦྱིན་སྲེག་ལས་རྣམས་བྱེད་དོན་དུ། །དཀྱིལ་འཁོར་གྱི་ནི་ཆ་བྱད་རྣམས། །སློབ་དཔོན་གྱིས་ནི་བགྱེར་བར་བྱ། །སློབ་མས་ཁྱེར་ན་དམ་ཚིག་ཉམས། །བླ་མ་སྤང་བར་མི་བྱ་སྟེ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ནམ་ཀྱང་སྤང་བར་མི་བྱའོ། །དཀའ་ཐུབ་ཀྱིས་ནི་མི་གདུང་སྟེ། །བླ་མ་བརྙས་པར་བྱ་བ་མིན། །གང་གིས་བླ་མ་བརྙས་བྱེད་ན། །སངས་རྒྱས་ཐམས་ཅད་བརྙས་པ་ཡིན། །དུག་དང་ཚ་བའི་རིམས་ནད་དང་། །གདོན་བགེགས་མཁའ་འགྲོའི་འཚེ་བ་དང་། །ཚོགས་བདག་དྲག་པོས་བསད་ནས་ནི། །དམྱལ་བ་རྣམས་སུ་ངེས་པར་བསྲེག །དེ་བས་རིན་ཆེན་བླ་མ་ལ། །རིན་ཆེན་རྣམས་དང་ལུས་ཀྱི་བར། །རྗེས་སུ་རིག་པ་དེ་ལ་དབུལ། །བདག་པོ་ཕྱག་རྒྱ་མཉམ་བཞག་ལ། །དཀྱིལ་འཁོར་བཞི་ནི་བསྐྱེད་བྱ་སྟེ། །མགྲིན་པ་སྙིང་ག་ལྟེ་བ་གསང་། །ཆུ་དང་རྡོ་རྗེ་མེ་རླུད་རྣམས། །རིམ་པ་བཞིན་དུ་ཡང་དག་ལྡན། །རླུ་་གིས་མེ་ནི་སྦར་བྱས་པས། །དབང་ཆེན་གནས་སུ་ཆུ་བདག་བསྐྱེད། །བཟའ་བའི་ཁ་ཟས་བྱེ་བྲག་རྣམས། །རིམ་བཞིན་དུ་ནི་མཆོད་ནས་ཀྱང་། །པདྨ་ལ་ནི་པདྨ་ཅན། །ཐལ་བ་མཐར་ནི་རྣམ་པར་རྟགས། །ཕུང་པོ་བུད་ཤིང་བསྲེགས་ནས་ནི། །བླ་མེད་དམ་པའི་མེ་སྦར་ལ། །དམ་པའི་འཁོར་ལོ་རྣམས་བསྒོམ་ནས། །དཀྱིལ་འཁོར་ཐམས་ཅད་མཆོད་པར་བྱ། །རིམས་དྲུག་གིས་ནི་མི་ཚུགས་ཤིང་། །ནད་དོ་ཅོག་ལས་ཐར་བར་བྱེད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་། །མྱུར་དུ་ཐོབ་པར་གདོན་མི་ཟ། །མ་ནིང་བཟླས་པ་བྱེད་འདོད་པས། །དཀྱིལ་འཁོར་བཞི་ཡི་རང་བཞིན་ལ། །རྟག་ཏུ་འབྲལ་བར་མ་བྱེད་ཅིག །བདག་པོའི་ཕྱག་རྒྱ་འཛིན་པ་ཡིས། །རང་གི་རིག་མ་ལྡན་བྱས་ནས། །རིག་མ་དང་ནི་དམ་ཚིག་བྱས། །གསང་བའི་པདྨར་མེ་ཏོག་བརླན། །དབྱིབས་དང་ཁ་དོག་མཚན་ལྡན་པའི། །གསང་བའི་རི་བོང་མེ་ཉིད་སྦྱང་། །དེ་ཡི་མཁའ་དབྱིངས་དཀྱིལ་འཁོར་ནས། །ཡེ་ཤེས་བདུད་རྩི་ཆུ་རྒྱུན་གྱིས། །རྒྱལ་བ་ཐམས་ཅད་རྟག་ཏུ་མཆོད། །རྒྱལ་བ་མ་ལུས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་སུ་བྱིན་རློབས་ཤིང་། །སྲས་ཀྱི་དམ་པར་དེ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། དངོས་པོ་འཇོམས་ཤིང་ཟད་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གནས་སྤར་བའི་ཐབས་འདི་གསུངས་སོ། །བཀྲ་ཤིས་པ་དང་གདུལ་བྱ་དང་། །ཞིང་དུ་གྱུར་པའི་བདག་ཉིད་ལ། །སྙིང་གི་པདྨ་ལས་བྱུང་བ། །འོད་ཟེར་འབར་བའི་མཚོན་ཆ་ཡིས། །རྣམ་པར་ཤེས་པ་ལྡན་བྱས་ཏེ། །དེ་ཉིད་གསུམ་གྱིས་རྣམ་སྦྱངས་ནས། །ཉི་ཟླའི་སྟེང་དུ་ཡང་དག་བཞག །ཧེ་རུ་ཀར་ནི་གསལ་བྱས་ནས། །ཧུ༷་ཧུ༷་ཧུ༷་གིས་ང་རྒྱལ་བྱ། །ལྕགས་ཀྱུ་གྲི་ནག་འབར་བ་འཆང་། །ཙིསྟ་ནང་གི་ལུས་ཉིད་ལ། །སྦྱང་བ་རྣམས་ཀྱི་རྣམ་སྣང་མཛད། །དཀྱིལ་འཁོར་ཀུན་དང་བཅས་པ་ལ། །རླུ་་དང་ཉི་ཟླའི་སྟེང་དུ་བཞག །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི །དཀྱིལ་འཁོར་ཐམས་ཅད་མཆོད་བྱས་ཏེ། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕངས། །དེབཞིན གཤེགས པའིསྲས་སུ་བྱས། །དེ་ནི་དེ་མ་ཐག་ཏུ་ཡང་། །ལས་ཀྱི་སྒྲིབ་པ་དག་གྱུར་ནས། །བདེ་བ་ཅན་གྱི་ཞིང་ཁམས་སུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྲས་དང་སྤུན་དགོངས་དངོས་གྲུབ་སྟེར། །ཉེས་པ་མ་ལུས་རྣམ་དག་ནས། །དེ་ཉིད་སངས་རྒྱས་ཀུན་དང་མཉམ། །གོ་འཕང་བླ་ན་མེད་པ་ཐོབ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་། དགྱེས་པ་ཆེན་པོ་ཉིད་དགོངས་པ་གཅིག་ཏུ་གྱུར་ནས། མཉམ་པ་ཉིད་ཀྱི་དོན་དང་། སྤྲོས་པ་རྣམས་ཐ་མི་དད་ཅིང་དབྱེར་མེད་པས། དཀྱིལ་འཁོར་གྱི་རང་བཞིན་དུ་གཟིགས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་དབེན་པའོ། །ཞི་བའོ། །བདེ་བ་དང་ལྡན་པའོ། །སངས་རྒྱས་ཀྱི་རང་བཞིན་ཅན་ནོ། །ཞིང་ཁམས་རྣམ་པར་དག་པའོ། །སྣང་བ་ནི་དམ་པའི་ཡུལ་དུ་མ་གྱུར་པས། ཀུན་ཏུ་བརྟག་པའོ། །དམ་པའི་ཡུལ་ནི་དེའི་རང་བཞིན་པས། །ཡང་དག་པའི་བདེན་པའོ། །ཞེས་གསུངས་ནས། །དེ་དག་གི་ཐབས་འདི་ལྟ་བུ་གསུངས་སོ། །རིག་མར་བཅས་པའི་སེམས་ཀྱིས་ནི། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་རྣམས། ཁུན་ཞུགས་ཡི་གེ་ཕཊ་ཀྱིས་འཕངས། །སླར་ཡང་ཕཊ་ཀྱིས་ཡེ་ཤེས་ཉིད། །ཀླད་པའི་སྟེང་དུ་འཕངས་པར་གྱུར། །ཙ་ན་ཀ་དང་ནས་ཀྱི་འབྲུ། །ཕྲ་མོའི་ཐིག་ལ་ཡང་ཏིང་འཛིན་རྫོགས་པར་བསྒོམ། །དེ་ནིབདེབཆེནཔོཡི། །ཐབས་སུ་རྒྱལ་བ་རྣམས་ཀྱིས་བསྟན། །དེབཞིནགཤེགསཔཐམས་ཅད་ཀྱི། །བླ་ན་མེད་པ་ཐོབ་པར་བྱེད། །ཡང་དག་དོན་ལ་གང་བལྟ་བ། །ཡང་དག་མཐོང་ན་དེ་བཞིན་གཤེགས། །དེ་ཉིད་མཚན་མར་དམིགས་གྱུར་ན། །གླང་པོ་རྙེད་བཞིན་རྗེས་ཚོལ་འདྲ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། གཟུགས་བརྙན་སྐུ་གསུང་ཐུགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྣམ་པར་སྣང་མཛད་ཀྱི་དེ་ཁོ་ན་ཉིད་ཀྱི་ཕྲིན་ལས་རྣམ་པར་འཕྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཚོགས་ཀྱི་མཆོད་པ་འདི་གསུངས་སོ། །གསང་བའི་དབྱིངས་ཀྱི་དབུས་དག་ཏུ། །སངས་རྒྱས་དཀྱིལ་འཁོར་བསྒོམས་ནས་སུ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །མཆོད་པ་བླ་ན་མེད་པས་མཆོད། །ཐམས་ཅད་བདག་ཉིད་བདེ་ཆེན་སྐུ། །ཡང་དག་བརྗོད་མེད་ལོངས་སྤྱོད་མཛད། །མི་རྟོག་ཡེ་ཤེས་འཁོར་ལོ་བསྐོར། །སྐུ་གསུང་ཆེ་ལ་ཕྱག་འཚལ་ལོ། །སྙིང་གི་པདྨ་ལས་བྱུང་བ། །ནམ་མཁའི་ཁམས་ཀྱི་བུད་མེད་རྣམས། །གདན་དང་རྒྱན་རྣམས་སྣ་ཚོགས་དང་། །སྤོས་ཕོར་ལ་སོགས་མཐའ་ཡས་པ། །སྤྱན་ལ་སོགས་པའི་རང་བཞིན་ལ། །ལྷ་ཚོགས་མཛེས་པ་ཕུལ་ཏེ་ཐིམ། །འཇིག་རྟེན་ཁམས་རྣམས་ཇི་སྙེད་པ། །རིན་ཆེན་རྣམས་ཀྱིས་བཀང་ནས་ནི། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། ཁྲ་ཁྲག་དྲི་ཆེན་རྡོ་རྗེ་ཆུ། །བྱང་ཆུབ་སེམས་སུ་བཅས་པ་རྣམས། །རྟ་ཤ་ཁྱི་ཤ་བ་གླང་ཤ །གླང་ཆེན་ཤ་དང་ཤ་ཆེན་དང་། །སྣ་ཚོགས་ཤ་རྣམས་ཐམས་ཅད་ནི། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། ཁྲེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །རྒྱལ་བའི་ཚོགས་རྣམས་རྒྱུན་ཞུགས་ནས། །གསང་བའི་པདྨར་བྱུང་ནས་ནི། ཁྲེས་རབ་སོ་སོའི་བ་སྐྲུ་ནས། །ལྷ་མོ་རྣམས་ཀྱི་འོད་ཚོགིས་རྣམས། །བྱུང་ནས་རྒྱལ་བ་མཉེས་མཆོད་དེ། ཁུན་ཞུགས་ཀ་ནིགི་ར་སྟེ། །རྡོ་རྗེ་ལས་བྱུང་མ་ལི་ཀ །ཨུ་ནི་ཀ་ནི་ས་བོན་འཕངས། །གསང་བའི་པདྨར་མེ་ཏོག་རླན། །ཀ་ར་བི་ཁ་ཞེས་གསུངས་ཏེ། །ལྷ་མོ་རྣམས་ནི་ཐམས་ཅད་ཀྱིས། །མཆོད་པས་དངོས་གྲུབ་རབ་ཏུ་སྟེར། །དེ་བཞིན་གཤེགས་པའི་རང་བཞིན་པས། །བྱང་ཆུབ་སེམས་ཀྱི་ཉི་ཟླ་སྟེ། །སྲིན་མཐེབ་གཉིས་ཀྱིས་བླངས་ནས་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོད། །ཐབས་དང་ཤེས་རབ་གཉིས་མེད་པས། །རྡོ་རྗེ་པདྨར་རབ་ལྡན་ཏེ། །སངས་རྒྱས་དཀྱིལ་འཁོར་མ་ལུས་ལ། །དགྱེས་པའི་རོས་ནི་ཚིམས༷་བྱེད་པ། །རེག་པའི་སྦྱོར་བ་དབུལ་བར་བྱ། །རྟག་ཏུ་རྒྱལ་བ་མཉེས་མཆོད་ནས། །ཚོགས་བསགས་སྒྲིབ་པ་རྣམས་སྦྱངས་ནས། །རང་བྱུང་བླ་ན་མེད་པ་འཆར། །རླུད་མེའི་དཀྱིལ་འཁོར་ལ་གནས་པ། །བདུད་རྩི་ཨཱོཾགྱིསམཚོནཔདེ། །སྐུགསུང་ཐུགས་དང་ཡང་དག་ལྡན། །དྲི་མ་མེད་ཅིང་མདངས་འཆར་བ། །ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་རྣམས། །དེ་ཡིས་ཡེ་ཤེས་སེམས་དཔའ་མཆོད། །རྡོ་རྗེ་གསུམ་གྱི་བདག་ཉིད་ཅན། །རྡོ་རྗེ་གསུམ་དུ་རྣམ་བསྒོམས་ཏེ། ཁ་དང་ལྕེ་ཡི་དམ་ཚིག་ཀྱང་། །རྡོ་རྗེ་གསུམ་དུ་ལྡན་བྱས་ཏེ། །བདུད་རྩི་ལྔ་ཡི་རང་བཞིན་ལ། །རྡོ་རྗེ་གསུམ་དུ་བྱིན་བརླབས་ཏེ། །ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། །རང་བཞིན་གྱི་ནི་སྦྱོར་སྒྲོལ་དང་། །ཐལ་ཆེན་དག་གི་སྦྱོར་སྒྲོལ་དང་། །དབང་པོ་ཡུལ་དུས་སྦྱོར་སྒྲོལ་དང་། །མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་རྣམས། །རྣལ་འབྱོར་པས་ནི་སྤྱད་པར་བྱ། །སྦྱོར་བ་ཉིད་ན་སྒྲོལ་བ་སྟེ། །སྒྲོལ་བ་ཉིད་ན་སྦྱོར་བ་ཡིན། །བཟའ་དང་བཏུང་དང་གོས་བརྒྱན་དང་། །བླ་རེ་རྒྱལ་མཚན་འཕན་རྣམས་དང་། །གདུགས་དང་བ་དན་མཛེས་པ་རྣམས། །བྲོ་དང་གར་ཐབས་བསྐྱོད་རྣམས་དང་། །གླུ་ཚིག་སྙན་པར་བྱས་པ་ཡིས། །རྒྱལ་བ་ཐམས་ཅད་མཆོད་པར་བྱེད། །མེ་ཏོག་ལ་སོགས་མཛེས་པ་ཡིས། །མངོན་ཤེས་དྲུག་དང་ལྡན་པར་འགྱུར། །རིན་ཆེན་བདུན་ལ་སོགས་པ་ཡིས། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བདུད་རྩི་ལྔ་ཡི་རང་བཞིན་གྱིས། །དྲི་མ་ལྔ་པོ་དག་གྱུར་ནས། །རྒྱལ་བ་ཀུན་དང་མཉམ་པར་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་མཆོག་ནི་འགྲུབ་པར་བྱེད། །བ་ལང་ཤ་ཡི་དམ་ཚིག་གིས། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །རྡོ་རྗེའི་རིགས་མཆོག་དམ་པར་འགྱུར། ཁྲ་ཆེན་དག་གི་དམ་ཚིག་གིས། །དོན་རྣམས་ཐམས་ཅད་འགྲུབ་པར་བྱེད། །བུད་མེད་ཐམས་ཅད་མཆོད་པ་ཡིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེར། །བྱང་ཆུབ་སེམས་ཀྱི་མཆོད་པ་ཡིས། །རྡོ་རྗེ་འཛིན་པར་བདག་ཉིད་འགྱུར། །རིག་པ་སྦྱོར་བའི་མཆོད་པ་ཡིས། །ཐམས་ཅད་བདག་ཉིད་ཆེན་པོར་འགྱུར། །སྐུ་གསུང་ཐུགས་ཀྱི་བདུད་རྩིས་ནི། །ངན་སོང་སྦྱང་ཞིང་རྣམ་རྟོག་མེད། །ཨ་ལི་ཀ་ལིའི་མཆོད་པ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་བྱེད། །བཟའ་བཏུང་གོས་རྒྱན་མཆོད་པ་ཡིས། །མཆོག་གི་དངོས་གྲུབ་ཐོབ་པར་འགྱུར། །གདུགས་ལ་སོགས་པའི་མཆོད་པ་ཡིས། །ཡིད་བཞིན་རིན་ཆེན་ལྡན་པར་བྱ། །བྲོ་གར་བསྐྱོད་པའི་ཕྱག་རྒྱ་ཡིས། །ནམ་མཁའ་ཆུ་ལ་སོགས་པ་ལ། །འཆགས་ཤིང་རབ་ཏུ་ཐོགས་པ་མེད། །གླུ་ཚིག་སྒྲ་ཡི་མཆོད་པ་ཡིས། །ཆོས་ཀྱི་གསུང་ཡང་ཐོབ་པར་བྱེད། །མཆོད་པའི་ཕྱག་རྒྱ་ཐམས་ཅད་ཀྱིས། །མི་སྣང་ལ་སོགས་དངོས་གྲུབ་དང་། །མཆོག་གི་དངོས་གྲུབ་ཐོབ་པར་བྱེད། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་བསྟོད་པའི་རྒྱལ་པོ་ཆེན་པོ་འདིས་བསྟོད་དོ། །རྣམ་པར་སྣང་མཛད་མཆོག་གི་དཔལ། །མེ་ལོང་ཡེ་ཤེས་དཀྱིལ་འཁོར་ལྡན། །གཟུགས་དང་གཏི་མུག་རྣམ་དག་པ། །རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་ལོ། །ཚེ་དཔག་མེད་པ་བདེ་བ་ཆེ། །ཡེ་ཤེས་སོ་སོར་རྟོག་པ་འཆང་། །འདུ་ཤེས་འདོད་ཆགས་རྣམ་པར་དག །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་མི་བསྐྱོད་མཆོག་གི་དབང་། །སྟོང་ཉིད་ཡེ་ཤེས་ཆེན་པོ་སྟེ། །དེ་ཡི་རྣམ་ཤེས་ཞེ་སྡང་འཇོམས། །རྡོ་རྗེ་ཐུགས་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་རིན་ཆེན་འབྱུང་གནས་དཔལ། །མཉམ་ཉིད་ཡེ་ཤེས་ཐོབ་བྱེད་པ། །མྱོང་དང་ང་རྒྱལ་དག་བྱེད་པ། །ཡོན་ཏན་སྐུ་ཁྱོད་ལ་ཕྱག་འཚལ་ལོ། །གདོན་མི་ཟ་བ་མཆོག་གི་དཔལ། །བྱ་བ་གྲུབ་པའི་ཡེ་ཤེས་འཆང་། །ཕྲག་དོག་འདུ་བྱེད་རྣམ་པར་དག །ཕྲིན་ལས་སྐུ་ཁྱོད་ཕྱག་འཚལ་ལོ། །དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། །གསང་བ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མན་ངག་དམ་པ་འདི་གསུངས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་དག་ཏུ། །སངས་རྒྱས་དཀྱིལ་འཁོར་རྣམ་བསྒོམས་ནས། །ཕྲ་མོའི་སྦྱོར་བ་ཀུན་ཏུ་བརྩམ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །གསང་བའི་རྡོ་རྗེ་ལས་བྱུང་བའི། །བུམ་པའི་རྩེ་མོར་རྣམ་པར་བསམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་མཆོག་ཏུ་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། ཚོགས་ཀྱི་དཀྱིལ་འཁོར་ལ་མཆོད་པ་དང་བསྟོད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདསདེབཞིནགཤེགསཔའིསྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། རྣམ་པར་སྣང་མཛད་དགྱེས་པ་ཆེན་པོ་དེས། ཤིན་ཏུ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཤིན་ཏུ་གསང་བའི་དོན་རྣམས་ཐབས་མ་ནོར་བ་འདི་ལྟ་བུ་གསུངས་སོ། །བསྐྱེད་དང་རིམ་པར་འབྲེལ་བ་དང་། །རྫོགས་དང་རིམ་པར་འབྲེལ་བ་ཡིས། །གསང་བའི་དབྱིངས་ཀྱི་དབུས་དག་ཏུ། །སངས་རྒྱས་དཀྱིལ་འཁོར་རབ་བསྒོམ་སྟེ། །སྐུ་ཡི་དཀྱིལ་འཁོར་ལྡན་བྱས་ལ། །བདག་གི་དེ་ཉིད་ཁོ་ན་དེ། །བྱིན་གྱིས་བརླབ་པར་བྱ་བ་དང་། །འཁོར་ལོ་བཞི་དང་སྡོམ་པ་བཞི། །ལྡན་པར་བྱས་ཏེ་སྔགས་བསྒྲུབ་པ། །ཐབས་དང་ཤེས་རབ་བདེ་བ་ནས། །གྱེན་དུ་རྒྱུ་དང་ཐུར་དུ་རྒྱུ། །རྣམ་པ་བཅུ་པ་གཉིས་སུ་འགྱུར། །སྲོག་དང་རྩོལ་བ་ལས་བྱུང་བའི། །རིམ་པ་རླུད་གི་དེ་ཁོ་ན། །སྔགས་ལ་དམིགས་པ་ཞེས་བྱ་བ། །སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལ་བདག་གི་དེ་ཁོ་ན་ཉིད་ནི། །ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི། །སངས་རྒྱས་གནས་ཁང་རྫོགས་བྱས་ཏེ། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཡི་དབུས་སུ་རྒྱལ་བ་རྣམས། །རིམ་པ་གཉིས་ཀྱིས་རྫོགས་བྱས་ཏེ། །ཕྱག་རྒྱ་བཞི་དང་ལྡན་པ་ལ། །སྙིང་གར་ཡེ་ཤེས་སེམས་དཔའ་གནས། །རང་གི་བདག་པོའི་ཅོད་པན་ཅན། །ཐབས་དང་ཤེས་རབ་རྣམ་འབྲེལ་ཏེ། །ཡན་ལག་བཞི་ནི་ཤིན་ཏུ་མཛེས། །དཀྱིལ་འཁོར་བཞི་ནི་བསྐྱེད་བྱས་ནས། །དཀྱིལ་གོབོར་བཞི་དང་ལྡན་པར་བྱ། །བདག་གི་དེ་ཉིད་རིམ་གྱིས་ནི། །རླུད་གི་དེ་ཉིད་ཡང་དག་འཇུག །དང་པོ་རང་ཉིད་བྱིན་བརླབས་ནས། །དཀྱིལ་འཁོར་ཀུན་དང་ལྡན་པ་ལ། །སྦྱོར་བའི་ཆོ་ག་ལས་བྱུང་བའི། །འཁོར་ལོ་བཞི་རྣམས་རབ་ཏུ་དམིགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །པདྨ་པདྨ་ལས་བྱུང་བ། །ས་བོན་ཡི་གེ་རྣམས་ཀྱིས་མཚན། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སེམས་དཔའ་རྣམས་ཀྱི་ཡི་གེ་དང་། །ལྟེ་བ་ལ་ནི་ཡི་གེ་ཧོ། ཧི་ཡང་། །དེ་ཉིད་འགོག་པ་མྱ་ངན་འདས། །བདེ་བ་ཆེན་པོ་རྡོ་རྗེའི་སྐུ། །དང་པོ་བུམ་པའི་དབང་དུ་གསུངས། །ལམ་གྱི་འབྲས་བུའི་ཚུལ་འཆང་བ། །རིགས་བཞིའི་ས་བོན་ཕྱོགས་དག་ཏུ། །ངག་གི་ལམ་གྱི་ལྟེ་བར་སྙི༷༷ །དེཉིད་ལམ་དུ་གསུངས་པས་ན། །ལོངས་སྤྱོད་མཛད་པས་ལོངས་སྤྱོད་སྐུ། །གཉིས་པ་གསང་བའི་དབང་ཡིན་ནོ། །བདེན་པ་བཞི་ཡི་རང་བཞིན་དང་། །ཐུགས་ཀྱི་ཡེ་ཤེས་རྩེ་གཅིག་པས། །ལྟེ་བའི་སྟེང་ན་ཡི་གེ་ཧུ༷། །ཐབས་དང་ཤེས་རབ་བསྡུད་པར་བྱེད། །དེ་ཉིད་རྣམ་པ་ཀུན་འབྱུང་བ། །ཆོས་ཀྱི་སྐུ་ཡི་བ༷དག་ཉིད་པས། །གསུམ་པ་ཤེས་རབ་ཡེ་ཤེས་སོ། །ཐུན་མོང་མཚན་དང་ལྡན་པ་ཡི། །རྣམ་པ་གཉིས་སུ་འགྱུར་བས་ན། །ཕྱོགས་མཚམས་དག་གི་རིགས་ཀྱི་རྣམས། །ས་བོན་གཉིས་ཀྱིས་མཚན་མ་ལས། །ལྟེ་བར་ཨཱོཾ་ཡིག་རྣམ་པར་བསམ། །སྡུག་བསྔལ་བདག་ཉིད་ལྡན་པས་ན། །སྤྲུལ་པའི་དོན་རྣམས་རབ་མཛད་པ། །བཞི་པའི་དོན་ཉིད་འབྱིན་པའི་དབང་། །བདེན་པ་བཞི་ཡི་བྱེ་བྲགགིས། །ཆོས་དང་ཡེ་ཤེས་རྣམ་ལྡན་པའོ། །ཡན་ལག་བཞི་པའི་རང་བཞིན་དང་། །སྙིང་པོ་ཕྱག་རྒྱ་སྔགས་རིགས་པ། །ཆོ་འཕྲུལ་བཞི་དང་རྣམ་ལྡན་པས། །དགོངས་དོན་འབྲེལ་བ་རབ་སྒྲུབ་བོ། །རིམ་པ་གཉིས་དང་རབ་ལྡན་ཞིང་། །བརྗོད་པ་ཐམས་ཅད་འདུས་པ་ཡིན། །ལུས་ཀྱི་རྩ་ནི་ཇི་སྙེད་པ། །སུམ་བརྒྱ་དྲུག་ཅུ་ལྡན་པ་ལ། །རྣམ་པ་དྲུག་ཏུ་བསྟན་པ་ཡིན། །དེ་ཉིད་གསུམ་གྱི་བདག་པོ་སྟེ། །ཐབས་དང་ཤེས་རབ་བདེ་ཆེན་རྩ། །དེ་ཁོ་ན་ཉིད་གསུམ་དུ་འདུས། །བདུད་རྩི་ལྔ་ཡི་བདག་ཉིད་པས། །བདུད་རྩི་ལྔ་ནི་འབྱུང་བར་བྱེད། །དེ་ཉིད་བདུད་རྩི་ལྔར་འགྱུར་རོ། །འབྱུང་བ་ལྔ་ཡི་རང་བཞིན་དང་། ཁ་དོག་ལྔ་ཡི་རང་བཞིན་གྱིས། །གྱེན་དང་ཐུར་དུ་རྒྱུ་བའི་རླུད་། །སྲོག་དང་རྩོལ་བ་ཞེས་བྱ་སྟེ། །རྣམ་པ་བཅུ་པ་གཉིས་སུ་འགྱུར། །དེ་ཡིས་འབྱུང་བའི་རིམ་པ་ཡིས། །གསང་བའི་གནས་ནི་ཐམས་ཅད་དུ། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །ཟུང་འཇུག་ཏིང་འཛིན་གནས་གྱུར་ན། །གང་དུ་བསླབ་པར་མི་བྱའོ། །སྔགས་ཀྱི་དེ་ཉིད་འདིར་གསུངས་པས། །རྣལ་འབྱོར་རྣམས་ཀྱིས་ཤེས་པར་གྱིས། །གང་ལ་སངས་རྒྱས་གནས་གྱུར་པ། །དེ་ཉིད་གསང་བ་དམ་པ་སྟེ། །དེ་བཞིན་གཤེགསཔའིསྤྱོད་པ་ཡིན། །རྣལ་འབྱོར་རྣམས་ཀྱིས་དེ་ཤེས་ན། །ཡང་དག་དོན་ལ་ཞུགས་པ་ཡིན། །སྟོང་ཉིད་ངོ་བོར་གནས་པ་ཡིན། །ཚད་མེད་བཞི་ཡང་ཟིལ་གྱིས་གནོན། །འདོདཆགསཆེནཔོའིཚུལགྱིས་ནི། །ཡེ་ཤེས་བདེ་བ་ཐོབ་པར་བྱེད། །ཕྱག་རྒྱ་བཞི་དང་ཡན་ལག་བཞི། །དེ་ལྟར་ཆོས་ཀྱི་སྐུ་དང་ནི། །ཐུན་མོང་མཆོག་ཏུ་གསུངས་པ་ཡིན། །དེ་ཉིད་ས་བོན་བདག་ཉིད་པས། །ཕྲ་མོའི་ཐིག་ལེ་གསལ་བར་བྱེད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཆེན་པོ་བླ་མེད་པས། །སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །སྔགས་ལ་དམིགས་པ་ཐོབ་པར་འགྱུར། །སྔགས་ལ་དམིགས་པའི་བདག་ཉིད་ཀྱིས། །སྟོང་ཉིད་ཡེ་ཤེས་ཐོབ་པར་བྱེད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས། །ཡང་སྔགས་བསྒོམ་པ་འདི་གསུངས་སོ། །སྔགས་ལ་དམིགས་པའི་ལུས་ཀྱིས་ནི། །བྱང་ཆུབ་སེམས་ཀྱི་རང་བཞིན་དག །སྦྱོར་བའི་ལྷུམས་སུ་འཕངས་པས་ཏེ། །པདྨ་ཟླ་བ་ཁ་སྦྱར་བ། །དེ་ཡི་ཚངས་པའི་བུ་ག་ནས། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །དབུག་ནི་ཐིག་ལེ་ཉིད་དུ་བཞ་ ག །ཡང་ན་སྔགས་ལ་དམིགས་པ་ཡིས། །བྱང་ཆུབ་སེམས་ཀྱི་རང་བཞིན་དག །གསང་བའི་གནས་སུ་ཞུ་བར་བྱེད། །འོད་ཟེར་རྣམས་ཀྱིས་རང་བཞིན་གྱི། །བྱང་ཆུབ་སེམས་ནི་ཞུ་མཛད་དེ། །མི་རྟོག་ཡེ་ཤེས་སྐྱེ་བར་བྱེད། །ལུས་དང་ངག་དང་སེམས་རྣམས་ནི། །སྔགས་ལ་དམིགས་པའི་མཚན་མ་དག །འདར་ཞིང་སྤྲུགས་པར་འབར་བ་དང་། །བར་སྣང་དག་ལ་གནས་པར་བྱེད། །དེ་ཉིད་ཞུ་བར་གྱུར་པ་དང་། ཁམས་ཀྱི་ཟས་དང་རྣམ་བྲལ་ཏེ། །མི་རྒོད་དབུགས་ནི་ཞི་བ་དང་། །དལ་བར་འགྱུར་བ་འབྱུང་བར་འགྱུར། །དེ་ནས་སྨིག་སྒྱུ་ལྟ་བུ་དང་། །དུ་བ་སྲིན་བུ་མེ་ཁྱེར་འདྲ། །མར་མེའི་ཚུལ་དང་ནམ་མཁའ་བཞིན། །བརྟན་ནས་ཆོས་སྐུ་བདེ་བ་ཆེ། །ཡེ་ཤེས་སྐུ་མཆོག་དེ་ཉིད་འབར། །ཟླ་བ་དྲུག་དང་བཅུ་གཉིས་དང་། །བཅོ་བརྒྱད་དག་གིས་འགྲུབ་པར་འགྱུར། །གང་ཚེ་དེས་ཀྱང་མ་འགྲུབ་ན། །དྲག་ཤུལ་ཚུལ་གྱིས་བསྒྲུབ་པར་བྱ། །བློ་དམན་རྣམས་ཀྱིས་བསྒྲུབས་གྱུར་ཀྱང་། །ཚེ་འདི་ཉིད་ཀྱིས་འགྲུབ་པར་འགྱུར། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །བསྐྱེད་པའི་ཞིང་དུ་རྣམ་པར་གྲགས། །གང་གིས་ཐོས་དང་ཀློག་པ་དང་། །འཆད་པར་བྱེད་དང་སེམས་པ་དང་། །ཚུལ་བཞིན་སེམས་པ་འཆང་བ་རྣམས། །ངན་སོང་ལས་ནི་རྣམ་པར་གྲོལ། །མཐོ་རིས་ཐར་པའི་བདག་པོར་འགྱུར། །གང་གིས་འདི་ལ་མཉམ་བཞག་ན། །རྣམ་པར་ཤེས་པ་ཡེ་ཤེས་འགྱུར། །ཟབ་མོའི་དོན་ལ་སྣང་འགྱུར་ཏེ། །སྐུ་གསུང་བདེ་བ་མངོན་བྱང་ཆུབ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །འདི་ལ་གཤེགས་པའི་གནས་མེད་དེ། །འདས་དང་ད་ལྟར་མ་བྱོན་རྣམས། །ཆོས་ཀྱི་སྐུ་ལ་དམ་མི་འདའ། །ཆོས་ཀྱི་སྐུ་ཡི་ཡོན་ཏན་ཆེན་པོ་ནི། །ཐམས་ཅད་དུ་ནི་སྣང་བར་བྱེད། །ཅེས་བརྗོད་པས། དེབཞིནགཤེགསཔཉིདདེབཞིནགཤེགསཔཉིད་ལ་གནས་པར་གྱུར་ཏེ། ལོངས་སྤྱོད་པར་མཛད་ཅིང་བྱང་ཆུབ་པར་མཛད་པས། དེབཞིནགཤེགསཔཐམས་ཅད་ཀྱིས་ཀྱང་གཟིགས་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བསྐྱོད་པ་མེད་ཅིང་མི་བརྗོད་པ་དང་། མི་རྟོག་པས་མཐོང་བ་དང་། ཐོས་པ་དང་། རྟོགས་པའི་གནས་མེད་དོ། །དུས་ཐམས་ཅད་དུ་སྣང་བའི་ལམ་ལས་འདས་པ་དང་།ཀུན་ལ་ཁྱབ་པའི་མཚན་ཉིད་པས། ནམ་མཁའ་དང་འདྲ་བ་ཉིད་དུ་མཐོང་སྟེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། གསང་བ་མན་ངག་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དགྱེས་པ་ཆེན་པོས། དཔུང་རྣམ་པར་བཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། ཡི་དྭགས་དང་། དྲི་ཟ་དང་། ཤ་ཟ་དང་། འབྱུང་པོ་དང་། སྐེམ་བྱེད་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། མཁའ་འགྲོ་ལ་སོགས་པ་ཐམས་ཅད་གཏི་མུག་འདི་དག་གིས་རྒྱུ་འབྲས་ཀྱི་དོན་ལ་མ་རྟོགས་ཤིང་།མཚན་མ་མེད་པ་དང་རྣམ་པར་བྲལ་ཏེ། མཚན་མ་ལ་མངོན་པར་ཆགས་པས། ངན་སོང་གསུམ་དུ་ཡང་བསྐལ་པ་མང་པོར་སྡུག་བསྔལ་ཞིང་མི་བདེ་བ་ཉམས་སུ་མྱོང་ནས། ལས་དང་ལས་ཀྱིས་རིམ་པར་སྲིན་པོ་ཆེན་པོ་རྣམས་སུ་སྐྱེས་ཏེ། རྒྱུ་མི་མཐུན་པའི་དབང་གིས་ཤིན་ཏུ་གཟིངས་ཤིང་སྡང་བ་དང་མི་སྡུག་པ་དང་དྲི་བ་དང་། དྲེགས་པ་ཅན་ལ་སོགས་པའི་གཟུགས་སུ་གྱུར་ནས། སེམས་ཅན་ཐམས་ཅད་ལ་འཚེ་བར་བགྱིད།མདངས་འཕྲོག་པར་བགྱིད། གནོད་པར་བགྱིད། སྡུག་བསྔལ་བར་བགྱིད། བྲེད་སྐད་འདོན་པར་བགྱིད། ཡིད་མི་བདེ་བར་བགྱིད། འཁྲུགས་པ་དང་མྱ་ངན་དུ་བགྱིད། སྲོག་དང་བྲལ་བར་བགྱིད། འཇོམས་པར་བགྱིད། དེའི་སླད་དུ། དྲེགས་བྱེད་རྣམས་ཞི་བས་ཕན་པར་མི་འགྱུར་ཏེ། ཁྲོ་བོའི་དཀྱིལ་འཁོར་དུ་རྣམ་པར་བསྒྱུར་ན། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་པ་ནི། ཞིང་ཁམས་འབར་བའི་ཀློང་ན། རྡོ་རྗེ་གཞོན་ནུ་ཉིད་རྡོ་རྗེ་རྒྱས་འདེབས་མ་དང་། སྒྱུ་མའི་སྐུར་བཞེངས་ཏེ། གཉིས་སུ་མེད་པར་བཞུགས་སོ། །གཞན་ཡང་དཔལ་ཁྲག་འཐུང་ཧུ༷་ཀྭ་ར་དང་། རྣམ་པར་རྒྱལ་བ་དང་། གཤིན་རྗེའི་གཤེད་པོ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་དང་། དབྱུག་པ་སྔོན་པོ་དང་། མི་གཡོ་བ་དང་། གཞན་གྱིས་མི་ཐུབ་པ་དང་། ཁམས་གསུམ་རྣམ་པར་རྒྱལ་བ་དང་། སྟོབས་པོ་ཆེ་རྣམས། རྡོ་རྗེ་སྒྲ་འབྱིན་མ་དང་། རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་དུར་ཁྲོད་བདག་མོ་དང་། རྡོ་རྗེ་གཏུམ་མོ་དང་། རྡོ་རྗེ་སྐུལ་བྱེད་མ་དང་། རྡོ་རྗེ་སྡེར་མོ་དང་། རྡོ་རྗེ་ག་་ཁུང་མ་དང་། རྡོ་རྗེ་མདའ་སྙེམས་མ་དང་། །རྡོ་རྗེ་གསོད་མ་དང་། རྡོ་རྗེ་བསྐྱོད་མ་རྣམས་དང་གཉིས་སུ་མེད་པར་བཞུགས་སོ། །གཞན་ཡང་སྐུལ་བའི་ཕྲ་མེན་མ་ཕག་གིས་མགོ་ཅན་དང་།སྟག་གི་མགོ་ཅན་དང་། ཤ་བའི་མགོ་ཅན་དང་། བྱི་ལའི་མགོ་ཅན་དང་། སེང་གེའི་མགོ་ཅན་དང་། གཡག་གི་མགོ་ཅན་དང་། གཟིག་གི་མགོ་ཅན་དང་། སྤྱང་ཀིའི་མགོ་ཅན་དང་། དྲེད་ཀྱི་མགོ་ཅན་དང་། དོམ་གྱི་མགོ་ཅན་དང་། སྨིག་བུའི་མགོ་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་དང་། འུག་པའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་དང། ཕྱ་རོག་གི་མགོ་ཅན་དང་། ཁུ་ཡི་མགོ་ཅན་དང་། ཟེར་མོའི་མགོ་ཅན་དང་། བྱི་བའི་མགོ་ཅན་རྣམས་དང་ཡང་ཐབས་ཅིག་ཏུ་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། ཁྲོ་བོ་གླེང་གཞིའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་ཉིད་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་ནས། སྲིད་པ་གསུམ་གྱི་དྲེགས་པ་ཅན་འདུལ་བའི་ཕྱིར། མི་གཡོ་བའི་ཏིང་ངེ་འཛིན་དུ་བཞུགས་པ་ལ། འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །རྡོརྗེགཞོནནུའིརིགའཛིན་རྣམས། །སྲིད་པ་རྡོ་རྗེ་སྒྲུབ་མཛོད་ཅིག །སྲིད་པའི་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་བསྒྲུབ་པར་འདོད། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེ་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་བརྗོད་པས། སླར་ཁྲོ་བོའི་དཀྱིལ་འཁོར་དུ་བཞུགས་པ་ལ། ཞིང་དང་སྤྱོད་ཡུལ་གྱི་མཆོད་པས་ཡང་དག་པར་མཆོད་དེ། ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །རྡོ་རྗེ་འཇིགས་བྱེད་གཤོན་ནུའི་སྐུ། །འཇིགས་པའི་གཟུགས་ཅན་འཇིགས་པར་བྱེད། །གདུག་པ་ཆེན་པོའི་མདོག་འདྲ་བ། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །ཞལ་གཡས་དཀར་ཞིང་གཡོན་པ་དམར། །རྩ་ཞལ་དབུས་ནི་མཐིང་ནག་ཞལ། །རྡོ་རྗེ་དགྲ་སྟུ་རྡོ་རྗེ་གཡས། །མེ་དཔུང་ཕུར་པ་ཞགས་པ་གཡོན། །གླང་ཆེན་ཀོ་རློན་ཡ་བ་ཀོར། །གདུག་པ་སྦྲུལ་གྱིས་རྣམ་པར་བརྒྱན། །གཅན་གཟན་སྟག་གི་ཤམ་ཐབས་ཅན། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཉིད་ཟིལ་གྱིས་གནོན་པ་རྡོ་༷རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དམ་པའི་དོན་དུ་བསྒོམ་པ་ནི། །སྲིད་གསུམ རངབཞིན མེདཔསྟེ། །དངོས་པོ་རྣམས་སུ་རྣམ་པར་བསྒྲགས། །དངོས་རྣམས་ཉིད་ན་དངོས་མེད་པའོ། །ཨཱོཾ་མ་ཧྭ་ཤཱ་རྒྱ་ཏྭ་རྙོ་ན་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། །ཕྱི་དང་ནང་འདིར་གནས་པ་རྣམས། །སྟོང་པ་ཉིད་ཀྱི་རང་བཞིན་ལས། །ཀུན་རྫོབ་དོན་དུ་སེམས་བསྐྱེད་ཕྱིར། །སྙིང་རྗེ་ཡུལ་ནི་སྙོམས་པར་བྱེད། ཁུ་ཡི་ས་བོན་ངེས་པ་ལས། །འདི་ལས་སྤྲུལ་པའི་ཁྲོ་བོ་ནི། །རྡོ་རྗེ་རིགས་ལ་སོགས་པ་སྟེ། ཁྲོས་པས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་གཅོད་བྱེད་པའོ། ཁྲོ་བོ་རྣམས་ནི་ཐམས་ཅད་ཀྱི། །བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས། །ཧུ༷་་༷་ཨོ་་༷་ཏྲ༷་་༷་སྣྲི་་༷་ཧ་་༷། །དེས་ནི་དེ་མ་ཐག་ཏུ་ཡང་། །མཚོན་ཆེན་རབ་ཏུ་འབར་བ་རྣམས། །ཕྱོགས་མཚམས་ཀུན་ཏུ་རྣམ་པར་གཏམས། །ནམ་མཁའི་ཁམས་ཀྱི་རྡོ་རྗེ་སྐུ། །བ་སྐྲུ་བུ་ག་ཐམས་ཅད་ནས། །རྡོ་རྗེ་་འབྱུང་་བ་བྱུ་ང་ནསེ་ནི།་།ཕྱོགས་མཚམས་ཀུན་ཏུ་འདེགས་པར་བྱེད། །སྐུ་སྟོད་མེ་རི་འབར་བ་དང་། །དེ་ཡིས་རྣམ་པར་གཡོས་པ་དང་། །ཆུ་ཡིས་གཡོས་པའི་ནང་དུ་ནི། །ཆོས་ཀྱི་འབྱུང་གན་དྲི་མེད་པའོ། །མཚོན་ཆས་དེ་མ་ཐག་ཏུ་ཡང་། །ལྷ་ཀླུ་གནོད་སྦྱིན་དྲི་ས་དང་། །ཡི་དྭགས་འབྱུང་པོ་དྲེགས་བྱེད་རྣམས། །འདར་ཞིང་རབ་ཏུ་བརྒྱལ་བ་དང་། །རྣམ་པར་ཚིག་ནས་བྲོས་འགྱུར་ཏེ། །མོད་ཁྲག་སྒྱུག་ཅིང་འགས་པར་བྱེད། །ཕྱག་ན་རྡོ་རྗེ་ཉིད་དང་ནི། །བརྒྱལ་ཞིང་རབ་ཏུ་མྱོས་གྱུར་ནས། །འདར་ཞིང་རབ་ཏུ་སྒྱུག་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དགྱེསཔཆེནཔོས། དེདག་ཐམས་ཅད་བརྒྱལ་བ་བསླང་བའི་ཕྱིར། སྐུ་གསུང་ཐུགས་ཀྱི་བདག་པོར་བྱས་ཏེ། ཕྱོགས་མཚམས་བསྲུང་བར་བྱས་ནས། དཀྱིལ་འཁོར་དུ་ཞུགས་པ་དབང་མནོས་ཏེ། མནའ་བོར་ནས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྲུང་བ་དང་། བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་གྱུར་པ་དང་། བཀའ་བསྒོ་བ་ཉན་པར་དམ་བཅས་ཤིང་མནས་བོར་བའོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོས། བཙུན་མོའི་བྷ་ག་ལ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །བར་ཁྱམས་སྒོ་ཁྱུད་ལྡན་པ་ལ། །རྟ་བབས་རྣམས་ཀྱིས་མཛེས་པར་བརྒྱན། །ཧ་ར་ཧ་ར་ཕྱེད་ཉི་ཟླ། །དྲིལ་བུ་དར་དཔྱངས་འཕན་ལ་སོགས། །ཐོད་སྦྲུལ་ལ་སོ་གས་བརྒྱན་པ་ལ། །པདྨ་ཉི་མར་བཅས་པ་དང་། །ཕྱོགས་སྐྱོང་རྣམས་ཀྱང་གདན་དུ་བྱས། །དཀྱིལ་འཁོར་ཐམས་ཅད་བསྐྱེད་བགྱིད་པ། །དེ་ཡི་དབུས་སུ་བསམ་པར་བྱ། །མདུན་དུ་ཧུ༷་ཀྭ་ར་བསྒོམས་ལ། །རྒྱབ་ཏུ་སྟོབས་ཆེན་གཞག་པར་བྱ། ཁྲར་དུ་རྣམ་པར་རྒྱལ་བ་སྟེ། །ལྷོ་དང་ནུབ་ཏུ་གཤིན་རྗེ་དང་། །རྟ་མཆོག་ཉིད་ནི་བསྒོམ་པར་བྱ། །བདུད་རྩི་འཁྱིལ་པ་བྱང་ཉིད་དུའོ། །མེ་ཡི་གྲ་ལ་དབྱུག་པ་སྟེ། །མི་གཡོ་བ་ནི་བདེན་བྲལ་ཕྱོགས། །རླུད་མཚམས་གཞན་གྱིས་མི་ཐུབ་ལ། ཁམས་གསུམ་རྣམ་པར་རྒྱལ་བ་ནི། །དབང་ལྡན་མཚམས་སུ་ཡང་དག་གནས། །རང་དང་འདྲ་བའི་ཤེས་རབ་མ། །སྤྲུལ་པའི་ཕྲ་མེན་མ་རྣམས་ནི། །གཡས་དང་གཡོན་གྱི་ཕྱོགས་ན་གནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། གཞི་ཡི་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ཁྲག་འཐུང་རྔམ་པ་ཆེན་པོ་གཟི་བརྗིད་དང་ལྡན་པ་དེས། སྐུ་གསུང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་འདི་གསུངས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །སངས་རྒྱས་གནས་ཁང་རྫོགས་བྱས་་།ས། །ལྟེ་བའི་དབུས་སུ་ཉི་མ་ལ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །འཇིགས་བྱེད་རྡོ་རྗེ་གཞོན་ནུ་ཉིད། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །ཞལ་གཡས་དཀར་ཞིང་གཡོན་པ་དམར། །རྩ་ཞལ་དབུས་ནི་མཐིང་ནག་ཞལ། །རྡོ་རྗེ་དགྲ་སྟུ་རྡོ་རྗེ་གཡས། །མེ་དཔུང་ཞགས་པ་གཡོན་ན་བསྣམས། །སྐུ་སྟོད་གླང་ཆེན་ཀོ་རློན་དང་། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །དང་པོའི་ཕྱག་གཉིས་ཤེས་རབ་འཁྱུད། །དབུ་ལ་ཐོད་སྐམ་ཕྲེང་བ་དང་། །ཐོད་རློན་རྣམས་ཀྱི་དོ་ཤལ་བྱས། །མི་ཡི་རུས་པ་རྒྱན་དང་བཅས། །ཕྱག་དང་ཞབས་དང་སྙན་ལ་སོགས། །ལྷོ་འཔྱེ་དག་གིས་རྣམ་པར་བརྒྱན། །དོམ་དྲེད་པགས་པས་དཀྲིས་པ་དང་། །མི་སྡུག་འཇིགས་སུ་རུང་བ་དང་། །སྨིན་མ་སྨ་ར་མིག་ཀྱང་སེར། །ཞལ་གདངས་མཆེ་གཙིགས་ལྗགས་ཀྱང་འདྲིལ། །ཐོད་ཁྲག་འཐུང་ཞིང་ཧ་ཧ་བཞད། །ཞིང་ལ་འབྲུ་ཚུགས་བལྟས་ནས་ནི། །ཞལ་ནས་ཁྲག་འབབ་ཧི་ཧི་བཞད། །ཞག་གི་ཐིག་ལེ་ཚོམ་བུར་བཅས། །ཐལ་བ་རཀྟས་མཚན་པ་དང་། །འཇིགས་པའི་དཔུང་ཡང་འཇིགས་པར་བྱེད། ཁྲོ་བོའི་དཀྱིལ་འཁོར་བསྒོམ་པར་བྱ། །སྙིང་གར་ཡེ་ཤེས་དམ་ཚིག་གནས། །དེ་ནས་འདོད་ཆགས་ཆེན་པོ་ཡིས། །གསང་བའི་པདྨ་རྒྱས་མཛད་ནས། །བྱང་ཆུབ༷་སེམས་ཀྱི་འོད་ཟེར་དང་། །གསང་༷བའི་དབུས་སུ་ཐིམ་པར་བྱ། །བྱང་ཆུབ་སེམས༷་ཀྱི་སྤྲིན་དག་ལས། ཁྲོ་བོའི་དཀྱིལ་འཁོར་ཐ༷མས་ཅད་ནི། །ཐུགས་ཀ་ནས་ནི་བྱུང་གྱུར་ཏེ། །༷ཁྲོ་བོའི་དཀྱིལ་འཁོར་ཉིད་དུ་ཞུགས། །ཨཱོཾ་བཛྲ་ཀུ་མུ་ར་མ་ཧྭ་ཀྲོ་ཏ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧུ༷་ཀྭ་ར་ཧུ༷། ༷གརྫགརྫ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧུ༷། ཧ་ན་ཧ་ན་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཡ་མྱརྙ་ཀ་ཧུ༷། པ་ཙ་པ་ཙ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧ་ཡ་རྒི་བ་ཧུ༷། ཧུ་ལུ་ཧུ༷་ལུ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཨ་མྲི་ཏ་ཀུཎྜ་ལི་ཧུ༷། ཚིརྙ་ཚི༷སྟོ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ནི་ལ་དཎྜ་ཧུ༷། ད་ཧ་ད་ཧ་ཧུ༷་ཕཊ། ཨཱོཾ༷བཛྲ་ཀྲོ་ཏ་ཨུརུ་ཨུ་ཙ་ལ་ཧུ༷། བྷརྙ་བྷརྙ་ཧུ༷་ཕཊ། ཨཱོཾ༷་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧུ༷། །ཏིཁྱི་ཏིཛི་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧྭ༷། སྙིསྡོ་དྷིསྡོ་ཧྭ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་མ་ཧྭ་བ་ལ་༷། སྤྲོ་ཊ་ཡ་སྤྲོ་ཊ་ཡ་༷་ཕཊ། སརྦ་མ་མ་༷་སརྦ་ཡོ་གི་ ་ཧ་ཧ་ཨ་ཕཊ་ཨ་ ་ཧྭ། རྡོ་རྗེ་འཇིགསབྱེདགཞོན འིཚུལ། །ཞལ་གསུམ་ཕྱག་ནི་དྲུག་པ་ ། །དབུས་ཀྱི་ཉི་མའེ་དཀྱིལ་འཁོར་གྱི། །གདན་ལ་བརྐྱང་བསྐུམ་ཚུལ་གྱིས་བཞུགས། །སྟེང་ཕྱོགས་ཧུ༷་མཛད་ཀ་ར་ནི། །ཞལ་གཡས་སེར་ཞིང་གཡོན་ཡང་དམར། །དབུས་ཞལ་སྐུ་ནི་དམར་པོའོ། །དང་པོ་གཉིས་ནི་རིག་མར་འཁྱུད། །འཁོར་ལོ་རལ་གྲི་གཡས་པ་ན། །རིན་ཆེན་པདྨ་གཡོན་པ་ན། །འོག་ཏུ་སྟོབས་ཆེན་བཞག་པ་ནི། །གཡས་དཀར་གཡོན་དམར་དབུས་གནག་སྐུ། །དང་པོ་རིག་མར་འཁྱུད་པ་དང་། །གཡས་པ་ཏྲི་ཤུལ་རལ་གྲི་འཛིན། །གཡོན་པ་རིན་ཆེན་པདྨའོ། །རྣམ་པར་རྒྱལ་བ་དཀར་བ་སྟེ། །གཡས་པ་ནག་ཅིང་དམར་བའི་མདོག །རང་གི་རིག་མ་དང་པོས་འཁྱུད། །དབྱུག་པ་དཀར་པོ་རལ་གྲི་གཡས། །རིན་ཆེན་པདྨ་གཡོན་པ་ཡིན། ཁྲར་གྱི་རྩིབས་སུ་གཞག་པར་བྱ། །ལྷོ་ཕྱོགས་གཤིན་རྗེ་འཇོམས་པ་ནི། །ཞལ་གཡས་གནག་ཅིང་གཡོན་པ་དམར། །རྩ་ཞལ་དབུས་ནི་སེར་བ་སྟེ། །ཕྱག་གཉིས་རང་གི་ཤེས་རབ་འཁྱུད། །གཡས་པ་ཐོ་བ་རལ་གྲི་ལ། །གཡོན་པ་རིན་ཆེན་པདྨའོ། །ནུབ་ཕྱོགས་རྟ་མགྲིན་དབུས་ཀྱི་ཞལ། །དམར་ཞིང་དཀར་བ་སྔོ་བ་གཡོན། །ཕྱག་གཉིས་འཁྱུད་པ་རིག་མ་ལ། །པདྨ་དང་ནི་རལ་གྲི་གཡས། །འཁོར་ལོ་རིན་ཆེན་གཡོན་ཡིན་ཏེ། །བདུད་རྩི་འཁྱིལ་པ་ཞལ་གསུམ་ལྗང་། །གཡས་དང་གཡོན་ནི་དཀར་དང་དམར། །དང་པོ་གཉིས་ནི་རིག་མ་ལ། །འཁྱུད་ཅིང་རྒྱ་གྲམ་རལ་གྲི་འཛིན། །རིནཆེནཔདྨགཡོནཔ་སྟེ། །བྱང་དུ་བརྐྱང་བསྐུམ་ཚུལ་གྱིས་གནས། །མེ་ཡི་ཕྱོགས་སུ་དབྱུག་སྔོན་ཅན། །ཞལ་གཡས་དཀར་ཞིང་གཡོན་པ་དམར། །སྐུ་ཞལ་དབུ་མ་དཀར་ལ་སེར། །དང་པོ་གཉིས་ནི་ཁྲོ་མོར་འཁྱུད། །གཡས་པ་དབྱུག་པ་རལ་གྲི་སྟེ། །གཡོན་གཉིས་རིན་ཆེན་པདྨའོ། །མི་གཡོ་མགོན་ནི་བདེན་བྲལ་ཕྱོགས། །གཡས་དཀར་གཡོན་དམར་དམར་སེར་ཞལ། །དང་པོ་གཉིས་ནི་རིག་མ་འཁྱུད། །འཁོར་ལོ་རལ་གྲི་གཡས་པ་ན། །རིན་ཆེན་པདྨ་གཡོན་པ་ན། །དཔལ་ལྡན་གཞན་གྱིས་མི་ཐུབ་པ། །གཡས་པ་དཀར་ཞིང་གཡོན་པ་དམར། །དམར་ལྗང་དང་པོས་རིག་མ་འཁྱུད། །རྡོ་རྗེ་རལ་གྲི་གཡས་པ་གཡོན། །རིན་ཆེན་པདྨ་འཛིན་པ་སྟེ། །རླུ་་གི་མཚམས་སུ་ཡང་དག་གནས། །དབང་ལྡན་གྲར་ནི་གཞག་བྱ་བ། ཁམས་གསུམ་རྒྱལ་བ་ཞལ་གསུམ་པ། །ཞལ་གཡས་གཡོན་པ་དཀར་དང་དམར། །སྐུ་དང་དབུས་ནི་ལྗང་སྐྱ་ཡིན། །ཕྱག་གཉིས་རིག་མར་འཁྱུད་པ་ལ། །ལྕགས་ཀྱུ་རལ་གྲི་རིན་ཆེན་པད། །གཡས་དང་གཡོན་གྱི་ཕྱག་ཏུ་བསྒོམ། ཁྲོ་བོ་དག་ནི་ཐམས་ཅད་ཀྱང་། །རྒྱན་ཆ་རྡོ་རྗེ་འཇིགས་བྱེད་འདྲ། ཁྲོ་མོ་རྣམས་ནི་རིགས་ཀྱི་མདོག །རང་རང་ལག་ཆ་འཛིན་པར་བྱེད། །ཕྲ་མེན་རྣམས་ཀྱི་མགོ་དང་སྐུ། །ཅི་ཡང་འགྱུར་ཞིང་སྣ་ཚོགས་ཐོགས།ཁྲོ་རྒྱལ་ཡེ་ནས་ཡིན་པསན། དེབཞིནཉིདཀྱིདབྱིངས་ནས་ནི། ཁྲོ་བོའི་དཀྱིལ་འཁོར་རྣམ་འཕྲོས་ཏེ། །ནམ་མཁའི་དབྱིངས་སུ་བརྟན་པར་གནས། །དེ་ནསདཔལཆེནཁྲོབོའིརིགས། །བསྐུལ་བའི་ཕྱིར་ནི་སྔགས་འདི་བརྗོད། ཨོ་བཛྲ་ས་མ་ཡ་སྟུ༷། ཨཱོཾ༷་བཛྲ་ས་མ་ཡ་ཧུ༷། ཨཱོཾ༷་བཛྲ་ས་མ་ཡ་ཧོ། ཐབས་དང་ཤེས་རབ་གཉིས་མེད་པའི། །བྱང་སེམས་ཧོ་ཡི་བར་བཞག་སྟེ། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །སྒྱུ་མའི་ཕྱག་རྒྱ་འོད་འབར་ཏེ། །ཐབས་དང་ཤེས་རབ་ལྡན་བྱས་ལ། །བསྙེན་པ་དང་ནི་ཉེ་བར་བསྙེན། །བསྒྲུབ་དང་བསྒྲུབ་པ་ཆེན་པོ་ཡིས། །གསང་བའི་ཕྱག་རྒྱ་རྒྱས་མཛད་དེ། །རྗེས་སུ་སྦྱར་བ་བརྩམ་པར་བྱ། །དེ་ནས་དཀྱིལ་འཁོར་ཐམས་ཅད་ནི། །ནམ་མཁའི་དབྱིངས་སུ་བརྟན་པར་གནས། །དེ་ཡི་ཡེ་ཤེས་ལྔ་བདག་ཉིད། །གསང་བའི་བུམ་པ་ལས་བྱུང་བ། །འཁོར་ལོ་བཞི་ལ་རབ་ཏུ་དམིགས། །གང་ཞིག་འདི་ལ་མོས་འགྱུར་བ། །རྡོ་རྗེ་རིག་པ་འཛིན་པ་སྟེ། །བླ་ན་མེད་པ་ཐོབ་པར་བྱེད། །རྒྱབ་ཀྱིས་ཕྱོགས་ཤིང་འདུན་པ་མེད། །བླུན་པོས་མི་ཤེས་ལོག་པར་བལྟ། །གཤིས་ངན་དག་ཏུ་ཤི་གྱུར་ནས། །འོ་དོད་འབོད་ཅིང་ལྟུང་བར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྐྱེད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དེས། མཆོད་པའི་སྤྲིན་མངོན་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདག་དང་གཞན་ལ་ཕན་པའི་ཕྱིར། མཆོད་པ་དང་བསྟོད་པའི་རྒྱལ་པོ་འདི་གསུངས་སོ། །བདག་པོའི་ཕྱག་རྒྱ་མཉམ་གཞག་ལ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ཨཱོཾ༷་བཛྲ་ཀྲོ་ཏ་ཤི་ཧེ་རུ་ཀ མ་ཧྭ་བཛྲ་ཨུ་གསྣྲོ་ཡ། ཨུ་ག་སྣྲོ་ཡ། པྲ་བེ་ཤ་ཡ།པྲ་བེ་ཤ་ཡ། བྷརྙ་ཡ་བྷ་་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། སརྦ་ཌ་ཀི་ནིཙྭ་ད་ཡ་ཧུ༷་ཕཊ། སྲིད་པའི་ཕུར་བུ་བསྒྲུབ་པ་དང་། །དབང་དང་དངོས་གྲུབ་བླང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ། ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་། །རྟགས་དང་མཚན་མ་བསྟན་པ་དང་། །ཀི་འལ་ཡ་ཡི་དངོས་གྲུབ་སྩོལ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཕྱག་དང་སྙན་དང་རྒྱན་ལ་སོགས། །མཆོད་པ་བླ་ན་མེད་པས་མཆོད། །སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །རྒྱལ་བ་ཐམས་ཅད་མཉེས་མཆོད་དེ། །བདུག་པ་མེ་ཏོག་མར་མེ་དང་། །དྲི་ཆབ་བཤོས་དང་ཡི་གར་འོང་། །རྩུབ་ཅིང་ཚ་བ་རྣམ་སྦྱར་ཏེ། །དཀྱིལ་འཁོར་ཀུན་ལ་དབུལ་བར་བྱ། །འབུལ་བར་བདུད་རྩི་རང་བཞིན་དག །སྐུ་གསུང་ཐུགས་སུ་རབ་ལྡན་པས། །སྐུ་གསུང་ཐུགས་སུ་བྱིན་རླབས་ཏེ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཆོད། །ཨོ་ཨུ༷༷ཧུ༷་མ་ཧྭ་ས་མ་ཨསྙེ༷་པྲ་ཏི་སྣྲོ་ཧུ༷། དེ་བཞིན་ཉིད་དུ་རབ་གནས་པས། །ཐུགསརྗེཆེནཔོའབྱུངབར་བྱེད། །བདག་དང་སེམས་ཅན་བསྒྲལ་བ་ཡིན། །རེག་པ་སྦྱོར་བ་མཉམ་བཞག་ན། །བདག་ཉིད་མཉེས་པར་ཚིམ་པར་བྱ། །ཕྱག་རྒྱ་ཆེནཔོའིབདགཉིད་ཀྱིས། །ཡུམ་གྱི་གསང་བའི་པདྨ་སྲ །བདེ་བ་ཐུགས་ཀྱི་རང་བཞིན་ལས། །ལྷ་མོ་རྣམས་སུ་སྤྲོས་ནས་ཀྱང་། །དཀྱིལ་འཁོར་ཐམས་ཅད་མཆོད་པར་བྱ། །གཟུགས་དང་སྒྲ་ལ་སོགས་པ་ཡི། །འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། ཁྲོ་བོའི་དཀྱིལ་འཁོར་མཉེས་བྱས་ན། །མཉེས་བྱས་མ་ལུས་རྣམ་དག་ནས། །ལྷ་མོ་རྣམས་སུ་སྤྲོས་ནས་ཀྱང་། །དཀྱིལ་འཁོར་དངོས་གྲུབ་རབ་མཆོག་སྒྲུབ་པར་བྱེད། ཁྲོ་བོའི་དཀྱིལ་འཁོར་དམ་པ་ཅན། །བཀུག་ནས་བ་ལིང་སྦྱིན་པར་བྱ། །བདུད་རྩི་ལྔ་དང་ཟས་ལྔ་ལ། །མིང་དང་མཚན་མར་བཅས་ནས་ནི། །བཀུག་ནས་རྡོ་རྗེ་ཕུར་པས་གདབ། །རྡུལ་དུ་བྱས་ཏེ་ཚོགས་ལ་དབུལ། ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ལ། །སྣ་ཚོགས་ཤ་རྣམས་ཕུལ་བྱས་ན། །དཀྱིལ་འཁོར་མ་ལུས་མཉེས་པར་འགྱུར། །དེ་ནས་ཨསྙེ༷་མཆོད་པར་བྱ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་སྲ །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨསྙེ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས། །མ་ལུས་གཤེགས་ཤིང་མནབས་སུ་གསོལ། །མཆོད་པའི་ཡོ་བྱད་ཐམས་ཅད་ནི། །ནག་པོར་བྱས་ཏེ་དབུལ་བར་བྱ། །མ་ཚོགས་རྣམས་ལ་བསྟབ་པ་ནི། །སྐྲ་བཅིང་གཅེར་བུར་ཕྱུང་ནས་ནི། །ཐལ་བ་རཀྟ་ཞག་གིས་མཚན། ཁྲོ་བོའི་ངང་དུ་ཚུལ་བརྡུང་བ། ཁ་ནས་ཞག་དང་ཁྲག་འཛག་པ། །ལག་པ་ཐོད་ཁྲག་ཐོགས་ནས་ནི། །ཧི་ཧི་བཞད་ཅིང་སྒྱུགས་པས་གདབ། །སོ་སོ་རྣམས་ཀྱི་མིང་ཕྱུང་ནས། །བོས་ནས་ཞལ་དུ་བསྟབ་པར་བྱ། །དེ་ནས་ཁྲོ་བོའི་དཀྱིལ་འཁོར་ལ། །བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ། །ཧཱུཾ། རང་བཞིན་རྣམ་དག་དབྱིངས་ནས་བསྐྱེད་པའི་ཆོ་འཕྲུལ་བསྟོན། །ཐུགས་རྗེ་ཆེན་པོ་ཐབས་མཁས་པ། །གདུག་པ་འདུལ་ཕྱིར་སྐུ་སྤྲུལ་པ། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་དགྱེས་པ་ཆེན་པོ་དེ་ཉིད་མཉེས་པར་གྱུར་ཏེ། །སྔགས་ཀྱི་སྦྱོད་པ་འདི་གསུངས་སོ། །ཇི་བཞིན་གསུངས་པའི་དབང་སོག་ལྡན། །བྱང་ཆུབ་སྤྱོད་པའི་རྣལ་འབྱོར་པས། །བྱང་ཆུབ་སེམས་ནི་མི་སྤང་ཞིང་། །རྡོ་རྗེ་ཕྱག་རྒྱ་ལ་སོགས་དང་། །དམ་པའི་ཆོས་ཀྱང་མི་སྨད་ཅིང་། །ནམ་ཀྱང་སྤང་བར་མི་བྱའོ། །མི་ཤེས་པའམ་བླུན་པ་ལ། །གསང་བ་བསྟན་པར་བྱ་བ་མིན། །བདག་ཉིད་ཡོངས་སུ་སྤངས་ནས་ནི། །དཀའ་ཐུབ་ཀྱིས་ཀྱང་གཟིར་མི་བྱ། །རྟག་ཏུ་སྡོམ་པ་བསྐྱང་བ་ནི། །བདུད་རྩི་ལྔ་དང་ཤ་ལྔ་ཟ། །དཀོན་མཆོག་ལ་གནོད་གསད་པར་བྱ། །གསང་བའི་བུད་མེད་འདོད་པ་སྤྱད། །བྱང་ཆུབ་སེམས་ནི་མ་བྱིན་བླང་། །གསང་བའི་དོན་དུ་རྫུན་ཉིད་སྨྲ། །སྦྱོར་བའི་རྒྱུད་ལས་ཅི་བསྔགས་པ། །དེ་ལྟར་རིམཔབཞིནདུབསྲུང། །སངས་རྒྱས་དཀྱིལ་འཁོར་བསྒོམས་ནས་ནི། མ་ཏྲ༷་རྣམས་ཀྱི་གཟུགས་བརྙན་ལ། །དགུག་ཅིང་བསྟིམ་པ་བྱས་ནས་ཀྱང་། ཁྲོ་བོའི་ང་རྒྱལ་ཧྭ༷་བསྒོམ་སྟེ། །ལྕགས་ཀྱུ་གྲི་ནག་འབར་བ་ཡིས། །ཙིསྟ་ཕྱུང་ནས་སྦྱར་བྱས་ཏེ། །མགོ་བོ་སྙིང་ག་ལྟེ་བ་དང་། །གསང་བའི་ལས་བཞི་སོ་སོ་རྣམས། །གོ་རིམ་བཞིན་དུ་འཇུག་པར་བྱ། །གདུག་པ་ཅན་རྣམས་གདུལ་བྱའི་ཕྱིར། །ཐམས་ཅད་ཐམས་ཅད་ཅི་བདེ་བར། །ཐམས་ཅད་ཐམས་ཅད་བྱ་བ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། །མཆོད་པའི་སྤྲིན་རྣམ་པར་འཕྲོ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་གཞོན་ནུ། དཔལ་ཁྲག་འཐུང་རྔམ་པ་ཆེན་པོས་བདུག་པ་ཅན་བསྒྲལ་བའི་ཕྱིར། བསད་པ་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཕྲིན་ལས་ཕུན་ཚོགས་པ་འདི་གསུངས་སོ། །དང་པོ་ས་གཞི་ཡོངས་བརྟགས་ནས། །བསྐྲད་དང་མཚམས་བཅད་རྫོགས་བྱས་ཏེ། །གསང་བ་དབྱིངས་ཀྱི་དྭབུས་དག་ཏུ། ཁྲོ་བོའི་དཀྱིལ་འཁོར་བསྒོམས་ནས་ནི། །ཕུར་པ་བྱིན་གྱིས་བརླབ་པ་བརྩམ། །རྡོ་རྗེ་ཕུར་པའི་ཁྲོ་བོ་དག །ཐུགས་ཀ་ནས་ནི་བྱུང་གྱུར་ཏེ། །འཇིགས་པའི་གཟུགས་ཅན་འཇིགས་པར་བྱེད། །ཨཱོཾ་བཛྲ་ཀི་ལ་ཀི་ལ་ཡ་སརྦ་བིསྣྲུན་བ༷་ཧུ༷་ཧུ༷་ཕཊ། །སྤྱི་བོར་གཞལ་མེད་བསམ་ནས་ཀྱང་། །ཧུ༷་མཛད་དཀྱིལ་འཁོར་བརྟན་པར་བཞུགས། །འོག་ཏུ་སྟོབས་ཅན་བཞག་པ་སྟེ། །རྣམ་པར་རྒྱལ་བ་ལ་སོགས་པའི། །ཕྱོགས་རྣམས་ཀུན་ཏུ་བརྟན་པར་གནས། །རྩེ་མོ་ངོས་དང་བཅས་པ་ལ། །མ་ཚོགས་རྣམས་ནི་བཞག་པ་ཡིན། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་རློབས་ཤིང་། །མེ་སྟག་འཕྲོ་ཞིང་གཟི་བརྗིད་འཆང་། །ཨེ་ཡི་གདན་ལ་ངེས་པར་བཞག །ཉུང་དཀར་རྒྱལ་པོས་བརྡེག་པ་དང་། །གུ་གུལ་ཚིལ་ཆེན་གྱིས་བདུག་སྟེ། །མཆོད་པ་རྣམས་ཀྱང་དབུལ་བར་བྱ། །གང་འདོད་ལས་རྣམས་བཅོལ་བྱས་ལ། །རང་རང་མདུན་དུ་བཞག་པ་ཡིན། །གཞན་ཡང་རྡོ་རྗེ་ཕུར་པ་བཅུ། ཁུ་ཆད་གྲུ་གསུམ་བསྐོར་བར་བྱ། །དེ་ནས་དཀྱིལ་འཁོར་སྤྱན་དྲངས་ཏེ། །མཆོད་པ་རྫོགས་དང་བ་ལིང་བསྔོ། །མངག་གཞུག་གསུམ་པའི་སྦྱོར་བ་དག །སྙིང་གར་མ་ཡི་དཀྱིལ་འཁོར་ལ། །ཡི་གེ་ཛ་ནི་གཞག་བྱ་སྟེ། །འོད་ཟེར་ལྕགས་ཀྱུས་དྲངས་ནས་ནི། །གཟུགས་སམ་རི་མོར་ཐིམ་པར་བྱ། །ཕྱག་རྒྱ་བཞི་ཡི་རང་བཞིན་གྱིས། །དགུག་ཅིང་སྡོམ་དང་དགུག་པར་བྱ། ཛ༷༷ཧུ༷་བ༷་ཧོ༷། བཛྲ་ཨ་ཀུ་ཤ་ཧུ༷། ཛ་ཛ་ཛ། ཛ༷༷ཧུ༷་་བ༷་ཧོ༷། པྲ་བེ་ཤ་ཡ་ཧུ༷། ཨུ་བེ་ཤ་ཡ་ཨ་ཨ། གཟུགས་བརྙན་རྣམས་ནི་ཞིང་ཆེན་གྱི། །ཐལ་བ་སྐེ་ཚེ་ལན་ཚྭ་དང་། ཁྲེ་དང་ཇུ་ཚེ་སྲུབ་མའི་ལོ། །ཕུབ་མ་གྲོག་མཁར་ས་རྣམས་ལ། །རཀྟ་བདུད་རྩིས་སྤྲུས་ནས་ཀྱང་། །སྨུག་ནག་སྙིང་གར་མིང་རུས་གདགས། །དཀྱིལ་འཁོར་ལྷོ་ནུབ་གྲུ་ཆད་ལ། །འབྲུབ་ཁུང་གྲུ་གསུམ་བྱས་ནས་ནི། །ནང་དུ་གན་རྐྱལ་བཞག་པར་བྱ། །བཀུག་ནས་ཕེབས་པར་གྱུར་པ་དང་། །གུ་གུལ་ཚིལ་ཆེན་བདུག་པ་དང་། །རྡོ་ཕྱེ་དུག་དང་ཁྲག་ལས་ཀྱང་། །གཏོར་མ་རྣམས་ནི་ཟ་རུ་གཞུག །ཕྲ་མེན་རྣམས་དང་མགྱོག་མ་རྣམས། །གློ་སྙིང་ཟ་ཞིང་དབང་པོ་འཐོག །དེ་ལྟར་ཉམས་པར་བྱས་ནས་ནི། །བསྟོད་པ་བྱས་ནས་གཉིས་མེད་བསྟིམ། །དེ་ནས་བཟླས་པ་བྱེད་འདོད་ན། །བདག་ཉིད་ལས་ཀྱི་ཏིང་འཛིན་ཞུགས། །སྙིང་གར་ཉི་མའི་དཀྱིལ་འཁོར་བསམ། །དེ་ནས་བཟླས་པའི་ཡིག་འབྲུ་འམ། །ཧུ༷་ཡིག་རྣམ་པར་བསམ་ནས་ནི། །ཕུར་པའི་ཁྲོ་བོའི་གཟུགས་བྱུང་སྟེ། །ཕྱོགས་བཅུ་དག་ཏུ་གཤེགས་ནས་ཀྱང་། །འགྲོ་བའི་དོན་རྣམས་རྫོགས་བྱས་ཏེ། །རྡོ་རྗེ་ཕུར་པ་ལ་ཐིམ་བྱ། །འབུམ་ཕྲག་གཅིག་གམ་ས་ཡའམ། །བྱེ་བ་བཟླས་ཏེ་དབང་བསྐུར་ན། །ཏིང་འཛིན་བསྙེན་པ་རྫོགས་བྱས་ཏེ། །གཟིར་མནན་བྱས་ལ་གསད་པར་བྱ། །དམ་ཚིག་ཆེན་པོའི་དུས་ལ་བབ། ། སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། ཁྲ་ན་མུ་ཁའི་དུས་ལ་བབས། །བདག་ཉིད་ཆེན་མོའི་དུས་ལ་བབ། །མཐུ་རྩལ་ཕྱུང་བའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་འཆོབ་པ། །རིག་འཛིན་བདག་ཅག་རྣམས་ལ་ནི། །གདུག་ཅིང་སྡང་བའི་དགྲ་བགེགས་དང་། །བདག་་བདུད་ཀུདང་བར་དུ་གཅོད་པ་རྣམས། ཁྲོ་བོ་ཆེན་པོའི་བྱིན་རླབ་ཀྱིས། །ཡུད་ཙམ་གྱིས་ནི་འདིར་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག༷་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོ་ལ༷་ཧུ༷་ལ༷། སྟུ༷་བྷ་ནན། །མོ་ཧྭ་ག་ཡ་བྷ་ག་ལྷུན། །ཕྲི་བཛྲ་ཧཱུཾ་ཀྭ་ར་ཧུ༷་ཕཊ། །བཛྲ་ཀི་ལི་ཀི་ལ་ཡ། ཛ༷༷ཧུ༷་བ༷་ཧོ༷༷། སརྦ་བིསྣྲུ༷། ཀྭ་ཡ་ལྷུ་ཀ་ཙིསྟ། བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། ཨཱོཾ་བཛྲ་ཀྲོ་ཏ་ཧུ༷་ཀྭ་ར་ཕཊ། ཧུ༷་ཀྭ་ར་ཧུ༷་ཨ་ཨ་ཨ། ཛ༷༷ཧཱུཾ་བ༷་ཧོ༷༷། ཨུ་བེ་ཤ་ཡ་ཨ། དངོས་གྲུབ་བར་དུ་གཅོད་པའི་བགེགས། །གདུག་ཅིང་སྡང་སེམས་བྱེད་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རིངས་པར་ཁུར་ལ་སྨྲ་རུ་ཆུག །ཕོབ་གཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ནི། ། བསྒོ་བའི་བཀའ་རྣམས་ཉན་པར་གྱིས། ཧུ༷་པ་ར་བིབྱུན་ཧུ༷་ཕཊ། ཚིརྙ་ཚིརྙ་ཧུ༷་ཕཊ། བི་་བིརྙ་ཧཱུཾ་ཕཊ། གྲོ་ཎྜ་གྲོ་ཎྜ་ཧུ༷་ཕཊ། ཧ་ན་ཧ་ན་ཧུ༷་ཕཊ། བརྙ་བསྟོ་ཧུ༷་ཕཊ། ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷་ཕཊ། ཧ་ས་ཡ་ར་ཧ་ས་ཡ་ར་ཧི་དཎྜཧུ༷་ཕཊ། ཏོ།་སྨྲ༷ཨ་ན་ཡ་ཧུ༷་ཕཊ། ཛ་ལ་ཡ་ཛ་ལ་ཡ་ཧུ༷་ཕཊ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧུ༷་ཕཊ།སྙིརྙ་དྷི་་ཡ་ཧུ༷་ཕཊ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཁས་བླངས་དམ་བཅས་བཞིན། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། །ད་ཧ་ད་ཧ་བཛྲ། །པ་༄༅ ཙ་པ་ཙ་བཛྲ མ་ཐ་མ་ཐ་བཛྲ ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། །ཀ་ཏ༷་ཀ་ཡེ་བི་ཛ་ཡེ། ཨ་ཛི་ཏེ་ཨ་པ་ར་ཛི་ཏེ མུ་ར་སེ་ན་པྲ་མརྡ་ནི་ཧུ༷་ཕཊ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧུ༷་མ་མ་པ་ཤ༷་ཀུ་རུ་མ་ཏ༷་ཉ་ཀ་ར་ཨི་ནན། །ཏ་ཏི་མ་མ་ཀརྨ་ཤི་སྨྲ༷་ཀྭ་ར་ཡ་ཧུ༷། །གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་དུ་གཅོད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨུ་ན་ཡ་ཧུ༷། །ཏ་ཐུ་ཡ་ཏ་ཐུ་ཡ་ཧུ༷། །རྡུངས་ཤིག་རྡོ་རྗེ་འབར་བའི་ག་། །དམ་ལས་འདའ་བྱེད་སྡིག་ཆེན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། ཁྲོ་མོ་འབར་བའི་ག་་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱའོ། །ཁ་ཐ༷། རྡོ་རྗེ་ཕུར་པ་གདབ་བྱ་བ། །བདག་ཉིད་ཁྲོས་པའི་ང་རྒྱལ་ཅན། ཁེན་ཏུ་གསལ་བར་བྱས་ནས་ནི། །གཟས་པ་པོ་ཡང་གསལ་བྱས་ཏེ། །རྡོ་རྗེ་ཕུར་པ་མཆོག་འོད་འབར། ཁྲེན་ཏུ་འཇིགས་པ་གསལ་བྱས་ལ། །རང་གི་སྔགས་ནི་བརྗོད་བྱ་སྟེ། །ཐལ་མོ་སྦྱར་ཐབས་གསོར་ནས་ཀྱང་། །ཏིང་འཛིན་ཁུགས་པར་གྱུར་པ་དང་། །སྙིང་ག་མགོ་བོ་ལྟེ་བ་དང་། །དཔུང་པ་གཉིས་དང་བརླ་གཉིས་ལ། །ཕུར་པའི་ཁྲོ་བོ་རྫོགས་བྱས་ཏེ། །གཡོན་པས་རྐེ་ནས་བཟུང་ནས་ནི། །གཡས་པའི་རྡོ་རྗེའི་ཐོ་བས་བརྡེག །ཨོ་ན་མ༷༷ས་མརྙ། ཀྭ་ཡ་ལྷུཀ་ཙིསྟ་བཛྲ་ནཱན། བྷ་ཀྟ་ལྷུ་ཏ༷་ཡ་ལྷུ་ཏ་ཡ། སརྦ་དུཛི༷་ཕཊ། །ཀི་ལ་ཡ་ཀི་ལ་ཡ་སརྦ་བཱ་པ༷་ཕཊ། ཧུ༷་ཧུ༷་བཛྲ་ཀི་ལ་ཡ། བཛྲ་དྷ་རོ་ཨུ་ཙྭ་བཱ་ཡ་ཏི། སརྦ་བིལྷུ༷་། ཀྭ་ཡ་ལྷུཀ་ཙིསྟ་བཛྲ་ཀི་ལ་ཡ་ཧུ༷་ཕཊ། ཨོ་ཨ་ཀོ་ཊ་ཡ་མུ་ད་ག་ར་ཧུ༷་ཕཊ། ཧུ༷་ཧུ༷་ཧུ༷། ཨཱོཾ་བཛྲ་ཀྲོ་ཏ་ཡསྒ་ཁ་ཁ་ཁྭ་ཧི་ཁུ་ཧི། །འབར་བ་གཏུམ་ཆེན་རྔམ་པ་ལ། །མཛུབ་མོ་གཉིས༷ ་ནི་བསྒྲེང་ནས་ཀྱང་། ཁ་འགྲམ་གཉིས་སུ་བཟུང་བྱས་ཏེ། །རྡོ་རྗེ་གནོད་སྦྱིན་ཁྲོས་པ་ཡིས། །ཡིད་ཀྱི་ཡུལ་དུ་བསྟབས་ནས་ནི། །འཁོར་ལོ་ལ་སོགས་མཚོནི་ཆ་ཡིས། །གཟུགས་བརྙན་ཕྱེ་མར་གདབ་པར་བྱ། །ཨཱོཾ་སྣྲི༷༷྅༷༷ཝི་ཀྲི་ཏ་ཡ་ནན་ཧུ༷་ཕཊ། །ཐོད་པ་གཞུང་དང་བཅས་པ་ཡི། །ཧོམ་ཁུང་གྲུ་གསུམ་སྒོ་ཅན་དུ། །ར༷་ཞེས་བྱ་བས་མེ་སྤར་ཏེ། །ཡེ་ཤེས་མེ་ལྷ་བོས་ནས་ཀྱང་། །ངང་དུ་འཁོར་ལོ་བསྒོམ་ནས་ནི། །གདུག་པ་ཅན་རྣམས་བསྲེག་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམ་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་ཧུ༷་ཕཊ། །ནམ་མཁའི་ཁམས་ཀྱིདེབཞིནགཤེགས། །འོད་ཟེར་རྣམས་ཀྱིས་དྲངས་ནས་ནི། །ཐམས་ཅད་ཐུགས་ཀར་ཐིམ་པར་འགྱུར། །རླུད་དུ་གྱུར་པས་ཨོ་ཨུ༷༷ཧུ༷། །བདེ་བ་ཆེན་པོའི་རྩ་ཉིད་ནས། །དམ་ཚིག་རིན་ཆེན་གསུམ་པོ་དང་། །རིམ་པར་བྱུང་ནས་སྣ་བུག་ནི། །གཡས་ནས་གཡོན་དུ་ཞུགས་པ་ལ། །སྤྱི་བོར་ཚོན་གང་མ་རག་པར། །ཡི་གེ་འབྲུ་གསུམ་ཚོན་རེ་བས། །ཧུ༷་ཉིད་ཞུ་བ་ཨ་ལ་ཐིམ། །ཨ་ཉིད་ཨོ་གྱི་བདག་ཉིད་ཞུ། །བྱང་ཆུབ་སེམས་སུ་གཅིག་པ་ནི། ཁ་དོག་གསུམ་གྱི་རིན་པོ་ཆེ། །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས། །ཞི་བ་ཉིད་དུ་འགྱུར་བ་ཡིན། །གསང་བའི་གནས་ནི་ཐམས་ཅད་དུ། །རིམ་པ་མིན་པ་མ་ཡིན་པའི། །གསང་བའི་དཀྱིལ་འཁོར་རབ་ཏུ་དམིགས། ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་འདི། །བྱང་ཆུབ་གཞོལ་ཞིང་མང་དུ་ཐས། །དད་པ་བརྩོན་འགྲུས་རབ་ལྡན་པས། །ལྷ་ཉིད་ཉེ་བར་གྱུར་པ་ལ། །དམ་ཚིག་མ་ཉམས་བརྟུལ་ཞུགས་ཅན། །དྲག་ཤུལ་སྒྲུབ་པར་འདོད་པ་ཡི། །རྣལ་འབྱོར་རྣམས་ཀྱིས་བསྒྲུབ་པར་བྱ། །མ་མོའི་གནས་དང་སྡོང་གཅིག་དང་། །རི་བོ་རི་སུལ་རྣམས་སུ་ནི། ཁྲོས་པས་བསྒྲུབ་པ་རབ་ཏུ་བྱ། ཁྲོ་བོའི་དཀྱིལ་འཁོར་བསྒོམ་ནས་ནི། །མཚན་མ་མིང་དུ་བཅས་པ་རྣམས། །གསང་བའི་པདྨར་བཅུག་ནས་ནི། །ཟླ་བ་གཟས་ནི་ཟིན་པའི་ཚེ། །དྲག་ཤུལ་གྱིས་ནི་བསྒྲུབ་པར་བྱ། །མི་ཡི་རུས་པ་ལས་བྱས་པའི། །བཅུ་གཉིས་པ་ཡི་ཚད་རྣམས་ལ། ཁྲོ་བའི་དཀྱིལ་འཁོར་བསྒོམ་ནས་ནི། །གཅིག་གམ་བཅུ་གཅིག་རྩ་གཅིག་པར། །བདག་ཉིད་གང་སྒྲུབ་འདོད་པ་ཡིས། །གང་ལ་བྱ་བའི་གཟུགས་ཉིད་ཀྱི། །མཚམས་དང་དམ་ཚིག་རྫོགས་པའམ། །བསྙེན་པ་ཚང་ནས་གདབ་པར་བྱ། །རྡུལ་དུ་བྱས་ལ་ཚོགས་ལ་དབུལ། །བཅུ་གཉིས་བདུན་ཡང་ཉི་ཤུ་རྩ་གཅིག་དང་། །རྩ་ལྔ་དགུ་དང་མར་གྱིང་ངོ། །ནམ་དང་ཉི་མའི་གུང་རྣམས་ལ། །བརྟུལ་ཞུགས་ཅན་གྱིས་བསྒྲུབ་ན་ནི། །ཟླ་བ་གཅིག་གིས་ངེས་པ་སྲ །འཆི་བར་འགྱུར་བ་གདོན་མི་ཟ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། །ཕྲིན་ལས་ཕུན་སུམ་ཚོགས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཆེན་པོ་ལ། །རྡོ་རྗེ་གཞོན་ནུའི་འཁོར་འབུམ་ཕྲག་དུ་མས་མངོན་པར་བསྟོད་པ། །བསྐལ་པའི་མེ་བཞིན་རབ་ཏུ་འབར། །ཉོན་མོངས་འཆིང་བར་བྱེད་པའི་ཕྱིར། །དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ། །མཚན་མ་ཐམས་ཅད་རྣམ་འཇོམས་པས། ཁྲོ་གཉེར་གློག་སྟོང་འགྱུ་བ་སྟེ། །ཡོན་ཏན་ཐམས་ཅད་རྒྱས་མཛད་པའི། །སྨིན་མ་སྨ་ར་མིག་ཀྱང་སེར། །ལོག་པར་བལྟ་བའི་ཚོགས་རྣམས་ལ། །སྡང་མིག་བཙུག་ནས་ག་་པར་མཛད། །མཆེ་བ་ཟང་ཡག་གཙིགས་པ་ནི། །སྐྱེ་བཞི་རྩ་བ་གཅོད་པའི་ཚུལ། །ཞལ་གདངས་རྔམ་པའི་ཆ་ལུགས་ཀྱིས། །འཁོར་བ་རིལ་མིང་མཛད་པ་པོ། །སྒྲ་སྒྲོགས་ཧི་ཧིའི་གད་རྒྱངས་ཅན། །གདུག་པ་ཅན་རྣམས་ཉམས་པར་བྱེད། །སྒྱུགས་པས་མཐོར་ཞིང་གཡེང་བ་ལ། །ཞལ་ནས་བདུད་དང་སྲིན་པོ་སོགས། ཁྲག་འབབ་འཁོར་བའི་ཞག་གིས་བསྐུས། །ཞེ་སྡང་འཇོམས་མཛད་སྟག་ལྤགས་ཅན། །གདུག་པ་སྐྲུལ་གྱིས་རྣམ་བརྒྱན་པ། །གཏི་མུག་འཇོམས་མཛད་གླང་ཆེན་ཀོ་རློན་གོས། །འདོད་ཆགས་ཟད་མཛད་རིག་མ་འཁྱུད། །གདུག་པ་འཇོམས་པས་མཐིང་ནག་ཞལ། །ཉོན་མོངས་མ་གོས་ཆགས་པས་དགྱེས། །གཡས་གཡོན་དཀར་དང་དམར་བའི་ཞལ། །ཡེ་ཤེས་ལྔ་བདག་རྡོ་རྗེ་ཐོགས། །མཚན་མ་སྲེག་མཛད་མེ་དཔུང་ཅན། །ཞགས་པས་མི་གཏོང་འཆིང་བ་ལ། །རྡོ་རྗེ་དགྲ་སྟུས་འཇོམས་པའོ། །རྡོ་རྗེ་ངན་སོང་གསུམ་དག་འཇིག །ཕུར་པས་བདུད་ཀུན་འཇོམས་པ་ཡིན། །རྡོ་རྗེ་ཆེ་མཆོག་སྟོབས་པོ་ཆེ། །འཇིགས་པ་ཆེན་པོ་འཇིགས་པར་བྱེད། །དགའ་བ་ཆེན་པོ་མགུ་བར་བྱེད། །ཡོན་ཏན་ཐམས་ཅད་འབྱུང་བར་བྱེད། ཁྲོས་པའི་དཀྱིལ་འཁོར་འབྱུང་བར་བྱེད། །ཐམས་ཅད་ཀུན་གྱི་བདག་པོའོ། །ཞེས་བསྟོད་པས། ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ལ་གཟིགས་ནས། ཐམས་ཅད་ཀྱང་གཟི་བརྗིད་ཆེན་པོ་དང་ལྡན་པར་གྱུར་ཏེ། བཞུགས་པ་ལ་སྙིང་པོ་ངོ་མཚར་རྨད་དུ་གྱུར་ཏེ། ཁྲོ་བོའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་འདི་ལྟ་བུ་གསུངས་སོ། །གསང་བའི་དབྱིངས་ཀྱི་དབུས་དག་ཏུ། ཁྲོས་པའི་དཀྱིལ་འཁོར་བསྒོམ་བྱ་སྟེ། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ངོས་རྣམས་ཁྲོ་བོར་རྣམ་བསྒོམས་ཏེ། །བཏབ་ན་ལྷ་ཡང་རླག་མཛད་པས། །གཟུགས་སམ་རི་མོ་བྲིས་ནས་ནི། །མཚན་མ་མིང་དུ་བཅས་པ་ལ། །བཀུག་ནས་རྡོ་རྗེ་ཕུར་པས་གདབ། །དེ་ནས་གང་དུ་བྱ་བའི་གནས། །མ་མོའི་གནས་དང་ཆུ་ཀླུང་དང་། །ལམ་གྱི་བཞི་མདོ་ཤིང་གཅིག་དྲུང་། །དཀྱིལ་འཁོར་འོག་ལ་སོགས་པ་སྲ །བདུད་རྩི་འཁྱིལ་པའི་ཕུར་པ་ཡིས། །སྔགས་བཟླས་གྲུ་གསུམ་བརྐོས་ནས་ནི། །ཐོད་པ་ཁ་སྦྱར་ནང་དུ་ནི། །གོང་གི་གཟུགས་བརྙན་བཅུ་གནས་ཀྱང་། །ཕུར་པ་རྣམས་ཀྱིས་སྤྱི་བོ་སྲ །རི་རབ་གླིང་བཞི་བྲིས་ནས་ནི། །སྟེང་དུ་དོན་ཡོད་གྲུབ་པ་ནི། །ཡི་གེ་ཧུ༷་ལས་བསྐྱེད་བྱས་ཏེ། །རྟག་ཏུ་བརྟན་པར་བཞུགས་པར་བྱ། །བདག་ཉིད་འབར་བའི་གར་ལ་སོགས། །སྟང་སྟབས་རྫོགས་ནས་བྲོ་བརྡུང་བྱ། །རྡོ་རྗེ་བརྗིད་གནོན་ཕྱག་རྒྱ་ཡིས། །ཕུར་པ་རྣམས་ནི་བྱིན་ལྡན་ཏེ། །བགེགས་ལུས་རྣམ་པར་མི་གཡོའོ། །སློབ་དཔོན་དག་ལ་བརྙས་བྱེད་དང་། །དམ་ཚིག་གཉེན་པོ་འདྲལ་བ་དང་། །རྣལ་འབྱོར་སྐྲུན་ལ་འཁུ་བ་དང་། །རྣལ་འབྱོར་བར་དུ་གཅོད་པ་རྣམས། །གནོད་བྱེད་མ་ལུས་གཏན་མས་ཕྱུང་། ཁྲོ་བོའི་དཀྱིལ་འཁོར་བསྒོམ་བྱས་པས། །གདུག་པ་ཅན་ལ་སོགས་པ་རྣམས །མནན་དང་གཟིར་དང་བསྐྲད་པ་དང་། །རྡུལ་དུ་བྱས་ལ་ཚོགས་ལ་དབུལ། །དམ་ཚིག་ཅན་གྱི་བདག་པོ་རྣམས། །བོས་ནས་ལས་རྣམས་མ་ལུས་བཅོལ། །བགེགས་རྣམས་མྱུར་དུ་གཞོམ་པ་དང་། །བསོད་ནམས་དམ་པ་འཕེལ་བྱའི་ཕྱིར། །རྒྱུན་དུ་བ་ལིང་སྦྱིན་པར་བྱ། །སྣོད་བཅུད་གདུག་པ་ཅན་རྣམས་ཏེ། ཁྲོ་བོ་ཁྲོ་མོ་རྣམ་བསྒོམས་ཏེ། །ཐམས་ཅད་མ་ལུས་ཞི་བར་བྱེད། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱིས། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསྐྲད་པའི་ཆོ་ག་འདི་གསུངས་སོ། །དུར་ཁྲོད་འབར་བའི་དབྱིངས་ཉིད་དུ། ཁྲོ་བོའི་དཀྱིལ་འཁོར་བསྒོམ་ནས་ནི། །མ་ཏྲ༷་རྣམས་ཀྱི་གཟུགས་བརྙན་ལ། །ཀུན་ཏུ་རྡོ་རྗེ་ཕུར་པས་གདབ། །དེ་ཡི་གསང་བའི་གནས་དག་ཏུ། །ཧོམ་ཁུང་གྲུ་གསུམ་སྒོ་ཅན་ལ། །གཙང་ཐོད་རྒྱན་གྱིས་མཛེས་བརྒྱན་པས། །བྱིན་ཟ་དགེ་བ་ར༷་སྤར་ཏེ། །དྲང་སྲོང་རྣམས་ནི་གཡབ་མོས་བོད། ཁྲོ་བོའི་དཀྱིལ་འཁོར་བསྒོམས་ནས་ནི། །དང་པོ་མེ་སྦྱང་སྤྱན་དྲངས་ཏེ། །གདན་དང་སྐུ་ཁྲུས་བསིལ་བར་བྱ། །ལས་ལ་གཞུག་ཅིང་བརྟན་བཞུགས་གསོལ། །ཕྱག་དང་མཆོད་པ་ཚུལ་བཞིན་བྱ། །བསྟོད་ནས་གཤེགས་སུ་གསོལ་བ་དང་། །རང་གི་དཀྱིལ་འཁོར་དག་ལ་ཐིམ། །བདག་ཉིད་ཁྲོས་པར་བྱས་པ་ཡིས། །ཡང་ན་ཟླ་བའི་དཀྱིལ་དུ་བཞག །རྣམ་ཤེས་ཧུ༷་གིས་བསྡུས་བརྡུངས་ཏེ། །ཡེ་ཤེས་རླུ་་གིས་འཕེན་པར་བྱེད། །དེ་ཡིས་ཕྱོགས་བཅུར་འཕྲོས་པར་བསམ། །མ་རུངས་པ་ནི་ཚིག་བསམ་ནས། །དེ་མ་ཐག་ཏུ་བདེར་འགྱུར་རོ། །གསང་བའི་དབྱིངས་ཀྱི་དབུས་དག་ཏུ། ཁྲོ་བོའི་དཀྱིལ་འཁོར་བསྒོམ་ནས་ཀྱང་། །གཟུགས་བརྙན་དག་ནི་བྱས་ནས་ཀྱང་། །བཀུག་ནས་དེ་ཡི་གཟུགས་ཉིད་ལ། །རལ་གྲིས་དུམ་བུར་ག་ས་ནས་ཀྱང་། །དུམ་བུ་དུམ་བུར་ཆད་བསམ་ན། །འཆིའམ་ཡང་ན་སྐམ་པར་འགྱུར། །ཟིན་པའི་སེམས་ཅན་བསྲུང་བ་ནི། །སྐུད་པ་ནག་པོས་བཅིངས་ནས་ཀྱང་། །དགུག་ཅིང་བསྟིམ་པ་རྣམས་བྱས་ཏེ། །རལ་གྲི་དགྲ་སྟུ་མཚོན་ཆ་ཡིས། །དེ་ཉིད་དུམ་བུར་གཅད་པར་བྱ། །རྡུལ་དུ་བྱས་ནས་བསྲེག་པར་བྱ། །དཀྱིལ་འཁོར་རྣམས་ལ་མཆོད་པར་བྱ། །ཕྱིན་ཆད་བགེགས་རྣམས་བསྲུང་དོན་དུ། ཁྲོ་བོའི་དཀྱིལ་འཁོར་བསྒོམ་པར་བྱ། །འདེབས་བྱེད་ཡི་གེ་ལྔ་པོ་རྣམས། །གནས་ལྔ་དག་ཏུ་རྣམ་བཀོད་དེ། །ལུས་བསྲུངས་ཁྲོས་པ་ཐམས་ཅད་ཀྱིས། །བ་སྤུའི་བུ་ག་ཐམས་ཅད་གཏམས། །མི་རྟོག་ཞིག་ནས་ལྡན་བྱས་ཏེ། །དེ་ཡིས་དུབ་པར་གྱུར་པ་དང་། །རྡོ་རྗེའི་བཟླས་པའི་རིམ་པ་བྱ། །སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །ལྷ་དེ་ཉིད་དུ་རྟག་ཏུ་བསྒོམ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །ཡང་དག་དོན་གྱི་སྙིང་པོ་བས། །རྟག་ཏུ་འབྲལ་བར་མི་བྱའོ། །དེ་བཞིནགཤེགསཔཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། དཀྱིལ་འཁོར་གྱི་བདག་པོ་བསྟོད་པ་དང་། མནན་པ་དང་བསྒྲལ་བ་ལ་སོགས་པ་བསྒྲུབ་པའི་རིམ་པ་རྣམས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། །དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་པའ་རྣམས་ལ། སྔགས་ཀྱི་རྒྱལ་པོ་བསྟན་པའི་གཟུང་བ་འདི་ཆེད་དུ་བརྗོད་དོ། །ཀྱེ་མ་སངས་རྒྱས་ཐམས་ཅད་ཀྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །འདའ་དཀའ་དེ་བཞིན་མི་གཤིགས་པ། །འདའ་བར་མི་མཛད་དམ་ཚིག་ཡིན། །ཕྱོགས་བཅུ་དུས་བཞི་རང་བཞིན་དག །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །རང་གི་རྟོག་པ་ཕྲ་རྒྱས་ཀྱིས། །སོ་སོར་སྨིན་ཅིང་སྡུག་བསྔལ་བ། །གྲོལ་བར་བྱ་ཕྱིར་བླ་མེད་རྣམས། །བསྟན་ཕྱིར་རྫོགས་ལོངས་སྤྱོད་པར་བསྟན། །འོག་མིན་བླ་མེད་གནས་མཆོག་ཏུ། །མགོན་པོ་བདག་ཉིད་ཆེན་པོ་ངས། །རྡོ་རྗེ་འཁོར་ལོ་བསྐོར་བ་རྣམས། །ལྗགས་ཀྱི་དབང་པོར་བཀྲམ་ནས་ནི། །ཀུན་གྱི་དོན་དུ་གསུངས་པ་ནི། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། །རྣལ་འབྱོར་རྣམས་ཀྱིས་བརྟན་པོར་གཟུང་། །འགྲོ་བའི་སྐྱེ་བོ་ཇི་སྙེད་པར། །ཡི་གེ་འབྲི་མཆོད་སྤྱིན་པ་དང་། །ཉན་པ་དང་ནི་ཀློག་པ་དང་། །འཆདདངཁཏོནབྱེདཔདང། །དེ་སེམས་པ་དང་སྒོམ་པ་རྣམས། །དེབཞིནགཤེགསཔའིངོ་བོ་ཉིད། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །གང་ཞིག་འདི་ལ་མོས་འགྱུར་བ། །རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །ཡོན་ཏན་ཐམས་ཅད་འབྱུང་བར་འགྱུར། །ས་ཡི་ཁྱད་པར་བགྲོད་ནས་ནི། །བདེ་བ་ཆེན་པོར་འགྱུར་བ་ཡིན། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །སྐུ་གསུང་ཐུགས་ཀྱི་གསང་བ་རྣམས། །རྟོགས་ཤིང་འཛིན་པར་བྱེད་པ་དང་། །རྟག་ཏུ་འཆང་བ་གང་ཡིན་པ། །དེ་ཉིད་ང་དང་འདྲ་བས་ན། །སྐུ་གསུང་ཐུགས་ཀྱི་དབང་རྣམས་དང་། །གསང་བའི་དོན་ནི་བསྟན་པ་ཡིན། །དངོས་པོ་རྣམས་ཀྱི་དམ་ཚིག་ཀྱང་། །མཐོང་ཞིང་ཐོས་ནས་རྟོགས་ཤེས་ཡིན། །དམ་པ་རྣམས་ཀྱི་དམ་པ་མཆོག །དེ་བཞིན་ཉིད་དུ་གནས་བཅས་ནས། །གྲོལ་ཐར་ལམ་དང་འཁོར་བ་རྣམས། །ཇི་ལྟར་བརྗོད་ཀྱང་ཆོས་མཆོག་སྟེ། །དེ་བཞིན་ཉིད་ལས་ཉམས་པ་མེད། །དེ་བཞིན་ཉིད་ནི་དེ་བཞིན་པས། །དེ་ལ་དེ་བཞིན་གནས་མི་བྱ། །གང་གིས་དེ་བཞིན་གནས་གྱུར་ན། །དེ་བཞིན་མཐོང་བས་དེ་བཞིན་གཤེགས། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ བཙལ་བ་མེད་པའི་བཙལ་སེམས་ཏེ། །དམིགས་པ་མེད་པའི་དམིགས་པ་དང་། །སྒོམ་དུ་མེད་པའི་སྒོམ་པ་ཡིས། ཁྲེས་རབ་གསུམ་གྱི་བདག་ཉིད་ཅན། །ས་རྣམས་ཡེ་ཤེས་བསྐྱེད་འགྱུར་བས། །ཡང་དག་མཐོང་ནས་ལྷུན་གྱིས་འགྲུབ། །དེབཞིན གཤེགསཔསརབ་བསྔགས་པས། །འཕགས་དང་བྱིས་པའི་སྐྱེ་བོ་དང་། །རང་དང་གཞན་གྱི་སྐྱེ་བོ་རྣམས། །གང་ཞིག་འདི་ལ་དད་འགྱུར་ན། །དམ་པ་འདི་དག་གནས་པ་ཡིན། །དེ་ནས་བཅོམ་ལྡན་འདས་དེ་བཞིནགཤེགས་པའི་འཁོར་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་དང་དབྱངས་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །སྐུ་གསུང་ཐུགས་ཀྱི་བདག་པོ་མཆོག །སྤྱན་རས་དྲི་མེད་འོད་མཛད་པ། །བདག་ཅག་ཀུན་གྱིས་མཐོང་བས་ན། །དཔའ་བོ་ཆེན་པོ་ཁྱོད་ཕྱག་འཚལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཡང་དག་རྟོགས་ཤིང་འཛིན་པ་ལ། །རབ་ཏུ་མོས་པས་དུས་གསུམ་དུ། །དཔའ་བོ་ཆེན་པོ་བཞིན་ཕྱག་འཚལ། །བྱང་ཆུབ་འཕགས་དང་གཞན་རྣམས་ཀྱིས། །དོན་འདི་འཛིན་ཅིང་འཆང་བ་དང་། །རྟོགས་ནས་སྨྲ་བར་བྱེད་པ་ལ། །སྟོན་པ་བཞིན་དུ་བདག་འཚལ་ལོ། །གང་གིས་མིང་ཙམ་འཛིན་པ་ཡི། །དོན་འདི་སྒྲུབ་པར་བྱེད་པ་ན། །གཡོ་སྒྱུ་མེད་ཅིང་གུས་ལྡན་པས། །དཔའ་བོ་བཞིན་དུ་བདག་ཕྱག་འཚལ། །དཔའ་བོའི་བསྟན་པ་བླ་མེད་པ། །ཡི་གེ་མེད་པའི་གསུང་མཆོག་སྟེ། །ཆོས་རྣམས་ཀུན་གྱི་རང་བཞིན་ལ། །སྟོན་པ་བཞིན་དུ་བདག་ཕྱག་འཚལ། །ཞེས་བརྗོད་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དགྱེས་པ་ཆེན་པོ་དེས། ཉིད་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་མཉེས་པར་གྱུར་ཏེ། དངོས་པོ་ཐམས་ཅད་སྒྱུ་མ་དང་འདྲ་བར་མཐོང་ནས། སྐུ་གསུང་ཐུགས་རྡོ་རྗེ་ལ་ཞུགས་ཏེ། །ཅང་མི་གསུང་བར་གྱུར་ཏོ། །དེ་ནསདེབཞིན གཤེགསཔལསོགས་པཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་ཀྱང་སྐུ་གསུང་ཐུགས་རྡོ་རྗེ་ལ་ཞུགསསོ། །ཞུགས་པས་ཕྱོགས་བཅུ་དུས་བཞིའི་རང་བཞིན་ཐམས་ཅད་གཅིག་གི་རང་བཞིན་དུ་དབྱེར་མེད་པའི་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་འབར་བའི་རྒྱུད་ལས། མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་བཅུ་བདུན་་དེཞིགཤེངངང་ངཆེཅེང་ངཆེ་དེ་ང་པའ།། །། བ ན་ གས་པ་ཐམས་ཅད་ཀྱ་སྐུ་དང་། གསུང་དང་ཐུགས་ཀྱ་གསང་བའ་མཆག་དམ་པའ་གསང་ ན་ ས་བྱ་བའ་རྒྱུད། རྣལ་འབྱར་གྱ་མ་ ན་མ ་ཁ་ན་ཉད་སྟང་ཕྲག་བརྒྱ་པལས།རྡོ་རྗེ་འབར་བའི་རྒྱུད་ཅེས་བྱ་བའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཙྭ་ན་གསྟོ་དང་། བོད་ཀྱི་ལོ་ཙྭ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིངགཏན་ལ་ཕབ་པ་རྫོགས་སོ།།།།དགེའོ།།