Ngb-pt-0332-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

དག། །། རྒྱ་གར་སྐད་དུ། ཏནྟྲ་རྭ་ཛ་བཛྲ་མུ་ལེ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ། དཔལ་འཇིགས་བྱེད་ཀྱི་ཚོགས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བཛྲ་ཀི་ལ་ཆེན་པོ་དེས། སྐུ་དང་གསུང་ཐུགས་མི་བཟད་པ་དྲག་པོ་རྡོ་རྗེ་སྙིང་པོ། དེབཞིནགཤེགསཔཐམས་ཅད་ཀྱི་བདག་པོར་གྱུར་པ། ཀུན་གྱི་གཙོ་བོར་གྱུར་པ། གཏུམ་པོ་མི་བཟད་པ། རྒོད་ཅིང་གཤེ་ལ་དྲག་པོ་འཇིགས་སུ་རུང་བ་དེ། བྷ་གའི་ཀློང་ན་རྟག་ཏུ་བཞུགས་སོ། །དེ་ནས་དེ་དག་ལ་ཁྱད་པར་དུ་འཕགས་པའི་འཁོར་རྣམས་འདི་ལྟ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དངོས་སུ་སྟོན་པ། བུརྙ་ཧེ་རུ་ཀ་དང་། བཛྲ་ཧེ་ཀ་དང་། རཏྣ་ཧེ་རུ་ཀ་དང་། པདྨ་ཀ་དང་། ཀརྨ་ཧེ་ཀ་ལ་སོགས་པ་དང་། ཁྲོ་མོའི་ཚོགས་དང་། གཞན་ཡང་ཡེ་ཤེས་ལས་སུ་གྱུར་པའི་མ་མོ་ཀོའུ་རི་མ་བརྒྱད་དང་། སེང་གདོང་མ་བརྒྱད་དང་། ལྕགས་ཀྱུ་ལ་སོགས་པ་བཞི་དང་། གསང་བའི་ཡུམ་བཞི་ལ་སོགས་ཏེ། ཁྲོ་མོ་ཆེན་མོ་གཞན་ཡང་ཆོས་མང་དུ་འདུས་སོ་འགོད་དོ། །འཁོད་པར་གྱུར་ཏོ། །དེ་རྣམས་ཀྱང་ཞལ་གསུམ་ཕྱག་དྲུག་པ། སོ་སོའི་ཁ་དོག་དང་ཆ་བྱད་དུ་ལྡན་པ། འབར་བའི་གར་གྱི་ཆས་རྣམས་དང་ལྡན་པ་སྟེ། འོག་མིན་གྱི་གནས་གཞི་དང་མེ་ཏོག་གིས་བརྒྱན་པ། ཡེ་ཤེས་ལྔ་ལས་རང་བཞིན་གྱིས་འོད་འབྱུང་བ་སྟེ། ཁ་དོག་རིན་པོ་ཆེ་སྣ་ཚོགས་ནས། དཔག་ཏུ་མེད་པ་དབྱིབས་དང་ཁ་དོག་ཏུ་ལྡན་པ། གྲུ་བཞི་དང་སྒོ་བཞི་དང་གྲུ་ཆད་བཞིས་བརྒྱན་པ། དུར་ཁྲོད་ཀྱི་རྟ་བབས་དང་། ཐེམ་སྐས་དང་ལྡན་པ། མཆོག་ཆེན་བརྒྱད་ཀྱི་ཀ་བས་རྣམ་པར་སྤྲས་པས། སྣ་ཚོགས་ཀྱི་གཟུགས་སུ་གྱུར་པ། ཁྲོ་མོ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ལ་གྱུར་པའི་རྒྱན་གྱིས་བཀླུབས་ནས། ཉིད་ལས་མི་གཞན་པའི་འཁོར་རྣམས། གོང་དུ་གསུངས་པ་དང་མཚུངས་པ་འདི་ལྟ་སྟེ། ཨ་ལ་ལ་། ཧ་ཧ་ཧ། ཧེ་ཧེ་ཧེ། དེ་བཞིན་གཤེགས་པ་བུདྷ་ཧེ་རུ་ཀ་དང་། དེ་བཞིན་གཤེགས་པ་བཛྲ་ཧེ་རུ་ཀ་དང་། དེ་བཞིན་གཤེགས་པ་རཏྣ་ཧེ་རུ་ཀ་དང་། དེ་བཞིན་གཤེགས་པ་པདྨ་ཧེ་རུ་ཀ་དང་། དེ་བཞིན་གཤེགས་པ་ཀརྨ་ཧེ་རུ་ཀ་དང་། དེ་རྣམས་ཀྱི་ཡུམ་རྣམས་དང་། གནས་དང་ཡུལ་ལ་སོགས་པའི་མ་མོ་རྣམས་དང་། སྒོ་མའི་ཚོགས་དང་། གསང་བའི་ཡུམ་བཞི་དང་། གཞན་ཡང་དཔལ་གཟུགས་ཀྱི་ལྷ་མོ་དང་། སྒྲའི་ལྷ་མོ་དང་། དྲིའི་ལྷ་མོ་དང་། རོའི་ལྷ་མོ་དང་། རེག་གི་ལྷ་མོ་དང་། ཆོས་ཀྱི་ལྷ་མོ་ལ་སོགས་པའི་ཚོགས་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བཛྲ་ཀི་ལ་ཡ་ཆེན་པོ་དེས། ལོངས་སྤྱོད་རྫོགས་པའི་སྐུའི་ཆ་འཛིན་པར་གནས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད། རང་གི་འོད་ཀྱིས་སྣང་བར་བྱས་ནས། ཁྲོ་གཉེར་གྱི་ཞལ་འཛུམ་པ་མཛད་ནས། གདུག་པ་ཅན་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མནལ་ལོ། །ཀྱེ་ཀྱེ་ཁྱོད་ནི་ཁམས་གསུམ་ཐམས་ཅད་སྒྲོལ་བའི་ཐུགས་རྗེ་ཅན། །སྒྲོལ་བའི་སྟོབས་ཀྱི་བྱམས་པས་ཀུན་ལ་སྦྱོར། །གཉིས་མེད་གནས་སུ་སྟོབས་པས་དགའ་བ་ཀུན་གྱི་མཆོག །ཆོས་ཉིད་དབྱིངས་སུ་སྐྱོལ་བས་བཏང་སྙོམས་ཆེན་པོ་པ། །ཞེས་གསོལ་པས་དཔལ་ཀི་ལ་ཡ་ཆེན་པོ་དེ་ཞལ་གསུམ་ཕྱག་དྲུག་པ། ཞབས་བཞི་པ་སྐུ་ལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ།གསུང་དྲག་པོའི་སྔགས་ཚིག་ཧཱུཾ༷་ཧཱུཾ༷་ཕཊཕཊ་ཧ་ལ་སྨྱོ་རུ་ལུའི་སྒྲ་སྒྲོགས་པ། ཐུགས་དུག་ལྔ་ལ་སོགས་པ་གདུག་པའི་ཚོགས་འོད་ཟེར་དུ་མ་དུ་མས་སྤང་རྩི་མེས་བསྲེག་པ་བཞིན་དུ་བསྲེགས་པ་དེ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས་མཐོང་། ཀུན་གྱིས་གཟིགས་ཤིང་མཐོང་བར་གྱུར་ཏོ། །དེ་ལ་དེ་བཞིན་གཤེགས་པ་་དྷ་ཧེ་རུ་ཀ་ལ་སོགས་པའི་ཁྲོ་བོ་ཐམས་ཅད་དང་། ཁྲོ་མོའི་ཚོགས་ཐམས་ཅད་དང་། འཁོར་གྱི་ལྷ་མོ་དུ་མས་ཕྱག་བཙལ་ནས། མཆོད་པའི་ཚོགས་མང་པོས་མཆོད་དེ། གསང་བ་ཕྱིའི་མཆོད་པ་དང་། གསང་བ་ནང་གི་མཆོད་པ་དང་། གསང་བ་གསང་བའི་མཆོད་པས་མཆོད་ནས། ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །དེ་བཞིན་གཤེགས་པ་གསང་བའི་མཆོག །དེ་བཞིན་གཤེགས་པ་མཛོད་ཀྱི་བདག །ཆོས་རྣམས་ཀུན་གྱི་སྙིང་པོ་འདི། དཔའ་བོ་ཁྱོད་ཀྱིས་བཤད་དུ་གསོལ།དེ་སྐད་ཅེས་གསོལ་པས། དཔའ་བོ་ཉིད་ཀྱིས་གསོལ་བ་བཏབ་པར་མཁྱེན་ནས། རྡོ་རྗེ་ལྷ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་ཆོས་ཉིད་ཀྱི་སྒྲ་འདི་སྐད་ཅེས་ཕྱུང་ངོ་། ཨཱོཾ་མ་ཧྭ་ཤུ་རྒྱ་ཏྭ་ཙྭ་ན་བཛྲ་ས་བྷ་ཝ་ཨུཏྣ་ཀོ྅ཧ༷། ཆོས་སུ་སྣང་བའི་དངོས་པོ་ཀུན། །ངོ་བོ་ཉིད་ཀྱིས་སྟོང་པ་ལ། །གཟུང་དང་འཛིན་པ་རྣམ་སྤངས་ཏེ། །རང་བཞིན་གྱིས་ནི་སྟོང་པ་ཡིན། །དེས་འཁོར་རྣམས་ཀྱང་ཟིལ་གྱིས་མནན་ཏོ། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་བཛྲ་ཀི་ལ་ཡས། ད་ལྟར་གྱི་བསྟན་པ་འདི་ལ་རྭ་ཏྲ་ལ་སོགས་པའི་གདུག་པ་ཅན་དང་། ཉི་ཟླ་ལ་སོགས་པའི་མ་རུངས་པས། རྣལ་འབྱོར་པ་ལ་འཚེ་བ་དང་། སྲོག་འཕྲོགས་པ་གཟིགས་ནས། ཉིད་ཀྱི་ཐུགས་ཀྱི་དཔལ་བེའུ་ནས་ཧཱུཾ༷་བཅུ་མངོན་པར་ཕྱུང་ནས། གདུག་པའི་ཚོགས་ཀྱི་རྒྱལ་པོ་རྣམས་གདན་དུ་བྱ་བའི་ཕྱིར་ན། ས་བླངས་བཙལ་ས་སྦྱང་དང་། མཎྜལ་རྩིགས་དང་བྲི་བ་ལྔ། །དེ་ཡི་སྔོན་དུ་རྒྱལ་ཆེན་བཞི། །ཐོ་བཞི་བརྩིགས་ལ་གཏོར་མ་སྦྱིན། །དེ་ནས་དམ་སྲི་གནན་པ་དང་། །སྒོ་བྱང་ལ་སོགས་བྱ་བ་ནི། །ཕྱི་ཡི་མཚམས་སུ་བཤད་པའོ། །དེ་ནས་གསང་བ་ནང་གི་མཚམས། །ཐུན་མོང་དང་ནི་ཁྱད་པར་རོ། །ཉི་ཟླའི་སྦྱན་དང་དབང་ཆེན་དང་། །མ་མོའི་མཚམས་དང་ཁྲོ་བོ་ནི། །ཀུན་གྱི་རྗེས་འཇུག་ཏིང་འཛིན་ལས། །དེ་ནས་གསང་བའི་བདག་པོ་ནི། །ཆེན་པོ་ཉིད་ཀྱིས་འདི་སྐད་ཞུས། །ཀྱེ་ཀྱེ་དཔའ་བོ་གདུག་པ་སྒྲོལ་བའི་མཆོག །ཉིད་ཀྱི་ཐུགས་རྗེ་དཔལ་བེའུ་ནས། །འཁོར་ལོ་ས་བོན་ཨཱོཾ་ལས་སྐྱེས། ཨཱོཾ་ཙཀྲ་ཕཊ། སྨིག་རྒྱུ་བཞིན་དུ་འཁོར་བ་ལས། །གདུག་པའི་ཚོགསརྣམསགཤེགསཔཡིས། །རྡུལཕྲནབཞིནདུབརླགཔར་བྱའོ། །མ་ལས་ཉི་མའི་དཀྱིལའཁོརནི། །གཅིགལསམགལ་མེའི་ཚུལ་དུ་ནི། །མེསྟགབཞིནདུའཕྲོསཔལས། །ཉི་མའི་མཎྜཔ་བཅུ་ཕྱུང་སྟེ། །ཧཱུཾ༷་བཆི་ཚོགས་ནི་རབ་འཕྲོས་ཏེ། །ཁྲོ་བོ་བཅུ་ཡི་རྒྱུ་མཆོག་སྟེ། །ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཨཱོཾ་སུསྒྱུ་ནི་སུསྣ་ཧཱུཾ༷། གྲིཏྣ་གྲིཏྣ་ཧཱུཾ༷། གྲོཎྜ་པ་ཡ་གྲིཎྜ་པ་ཡ་ཧཱུཾ༷། ཨུ་ན་ཡ་ཧོ། བྷ་ག་ལྷུན། བིབྱ་རྭ་ཛ་ཧཱུཾ༷་ཕཊ། ཉི་ཟླ་ལ་སོགས་ཕྱོགས་སྐྱོང་བཅུ། །བཀུག་ནས་ཁྲོ་བོའི་གདན་དུ་བཏིང་། ཁྲོ་བོ་སྔགས་ནི་རབ་བརྗོད་པས། ཁྲོ་བོ་བཅུ་ནི་བསྐྱེད་པ་སྟེ། །ཕྱག་ཏུ་བདུད་རྩི་འཁྱིལ་པ་ཡིས། །ཕྱག་ཆ་ཕུར་པ་བཅུ་བསྐུར་བས། །ཕྱོགས་སྐྱོང་བྱི་བཅིངས་བསྣོལ་བ་ལ། །ཐལ་ཕྱུང་ཕུར་པ་བཏབ་ནས་ནི། །བགེགས་ཀྱི་རྒྱལ་པོ་བརླག་པར་འགྱུར། །བགེགས་རྣམས་དཔག་ཚད་ཇི་སྙེད་པར། །རྣམ་པར་ཚིག་ནས་འབྲོས་པར་འགྱུར། །དེ་ནས་མེ་དཔུང་རྒྱལ་པོ་ཡིས། །འཇིག་རྟེན་ཁམས་ནི་རབ་བཀང་བས། །རྣམ་པར་བརྒྱལ་ནས་འབྲོས་པར་འགྱུར། །དེ་ནི་བཀའ་ཡི་འཁོར་ལོ་བཤད། །དཀྱིལ་འཁོར་བྲིས་ནས་ཕྱག་རྒྱ་དགོད། །ཕྱོགས་སྐྱོང་ཡང་ནི་བཀུགས་ནས་སུ། །ཕུར་པ་བཅུ་ལ་སྔགས་བཟླས་ཏེ། །བཀུག་པའི་སྟེང་དུ་འདེབས་བྱེད་པ། །ལས་ནི་འདི་སྐད་བཅོལ་བར་བྱའོ། །ཧཱུཾ༷་སྟེང་ཕྱོགས་བྱ་བའི་ཡ་གི་ན། །ཉི་ཟླ་བྱ་བའི་མི་བགྲུང་པས། །དཀྱིལ་འཁོར་ལ་ནི་ངོ་གནག་ཟེར། །སྒྲུབ་པ་པོ་ལ་བར་ཆོད་ཟེར། ། དེ་ཡི་འདུལ་སྐལ་ཆེན་པོ་ནི། །ཁྲོ་བོ་ཆེན་པོ་ཧཱུཾ༷་ཀ་ར། །ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །མཆེ་བཙིགས་རྔམས་པའི་ཆ་ལུགས་ཀྱིས། །འཁོར་བ་རིལ་མིད་མཛད་པའོ། །ཉི་ཟླ་ཕོ་ནི་སྒྲོལ་བར་བགྱི། །ཉི་ཟླ་མོ་ནི་གདན་ལ་སྤྱོད། །ལྷ་སྲིན་རྣམས་ནི་གདན་དུ་བསྒྲལ། །བསྒྲལ་ནས་བླུད་བུ་རྒྱལ་མཚན་བྱས། །དེ་ལྟར་རྣམ་པར་རྒྱལ་བ་ལ། །སོགས་པའི་ཁྲོ་བོ་རྣམས་ལ་ནི། །གོང་གི་ལས་རྣམས་བསྒོ་བར་བྱའོ། །དེ་ལྟར་བྱས་ནས་བཏབ་གྱུར་ན། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར། །བགེགས་ཀྱི་རྒྱལ་པོ་མནན་གྱུར་ན། །གནོད་བྱེད་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། བསྟན་པ་ལ་གནོད་པའི་བདུད་བཏུལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་བཛྲ་ཀི་ལ་ཡ་ཆེན་པོས། རྣམ་པར་རྟོག་པ་མེད་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། ལྷ་སྲིན་སྡེ་བརྒྱད་བྲེད་སྔངས་ནས། རྣལ་འབྱོར་པ་ལ་རྣམ་པར་འཚེ་བ་དང་། སྲོག་དང་མདངས་འཕྲོག་པ་རྣམས་ཕྱིས་མི་ཕྱེད་པར་ཁས་བླངས་སོ། །གསང་བའི་བདག་པོས་ཞུས་པ། དཔལ་བཛྲ་ཀི་ལ་ཡ་ཆེན་པོས་བཀའ་བསྩོལ་དང་ཞེས་ཞུས་པས། གསང་བའི་བདག་པོ་ཁྱོད་ལེགས་སོ། ཁས་ལེན་མི་ཤེས་སམ། གསང་བའི་བདག་པོ་ཁས་ལེན་པ་ནི་འདི་རྣམས་སོ། །ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཔྱེ་ཆེན་པོ་དང་། གནོད་སྦྱིན་དང་། ཡི་དྭགས་དང་དྲི་ཟ་དང་། ཤ་ཟ་དང་འབྱུང་པོ་དང་། སྐེམ་འབྱེད་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་ཁས་བླངས་སོ། །རྒྱུ་འབྲས་མ་རྟོགས་པས་དེ་ལྟར་སྣང་ངོ་། ཁུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། དམ་ལ་གནས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀི་ལ་ཡ་ཆེན་པོས། དོན་དམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁྲོ་མོ་ཆེན་པོའི་ཏིང་ངེ་འཛིན་དུ་མཛད་ནས། གནས་དྲུག་ནས་འོད་ཟེར་བྱེ་བ་དྲུག་ཅུ་བཀྱེའོ། །དེ་བཀྱེ་བས་འོད་ཟེར་རིགས་ལྔའི་ཚོགས་ལ་ཕོག རིགས་ལྔའི་ཡང་གནས་དྲུག་ཏུ་འཕྲོས་པས་གནས་གང་ནས། དེའི་འོད་ཟེར་ཡང་གཅིག་ནས་གཅིག་ལ་འདུས་པས། ཡི་གེའི་ཚོགས་དཔག་ཏུ་མེད་པར་གྱུར་ཏོ། །གྱུར་མ་ཐག་ཏུ་ཡི་གེ་འདུས་པས་འོད་ཟེར་ཡང་འདུས་ནས། ཡི་གེ་ཧུ༷་གཅིག་ཏུ་འདུས་སོ། །དེ་ནས་ཡང་རིགས་ལྔའི་ཚོགས་ལས་འོད་ཟེར་ཡང་ནས་ཡང་དུ་འཕྲོས་འདུས་པས་སྒྲ་ཕྲིན་ལས་རྣམ་བཞིའི་སྔགས། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣྲུན་བ༷་ཧཱུཾ༷་ཧཱུཾ༷་ཕཊ། ཅེས་བརྗོད་པས་སྒྲ་འདུས་སོ། །འདུས་ནས་འདུས་མ་ཐག་ཏུ་དཔལ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཞབས་བཞི། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཁྲོ་བོ་ཐམས་ཅད་འདུས་པ་བས་ཀྱང་གཟི་མདངས་ཆེ་བ་ནི་ཕྱག་རྒྱ་གསུམ་འདུས་པ་སྟེ། ཁྲོ་བོ་དངོས་པོ་ཡང་དག་པའི་ཁྲོ་བོའོ། ཁེན་ཏུ་བརྗིད་པའོ། །གསང་བའི་ཡང་གསང་བའིཁྲོབོཆེནཔོསྟེ། དུསགསུམ་གྱིབདེབརགཤེགསཔཐམས་ཅད་ཀྱི་གསུང་གི་སྙིང་པོ་ཡང་ཡིན་ནོ། །ཐུགས་ཀྱི་སྙིང་པོ་ཡང་ཡིན་ནོ། །སྐུའི་སྙིང་པོ་ཡང་ཡིན་ནོ། །ཡོན་ཏན་གྱི་སྙིང་པོ་ཡང་ཡིན་ནོ། །ཕྲིན་ལས་ཀྱི་སྙིང་པོ་ཡང་ཡིན་ནོ། །དེའི་ཕྱིར་རྒྱུད་འདིར་གསུངས་པ། འབྲེལ་བའི་ཕྱིར་ན་གསུངས་པ་སྟེ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ། ་སྨྱུ་དང་ཐབས་དང་འབྲས་བུ་ལ། །འབྲེལ་བའི་ཕྱིར་ན་རྒྱུད་ཅེས་བྱ། ་སྨྱུད་ཅེས་གྲགས་པ་འབྲེལ་པ་སྟེ། །གཅིག་ལ་གཅིག་འབྲེལ་རྒྱུད་ཀྱི་དོན། །རབ་འབྲེལ་དེ་ནི་རྣམ་གསུམ་སྟེ། །དེས་ན་རྒྱུད་དུ་གྲགས་པའོ། ཁུརྗེད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། དོམ་དམ་པའི་ངང་ལས་རྒྱུད་དུ་གྲགས་པ། དཔལ་རྡོ་རྗེ་གཞོན་ནུ་རིགས་ལྔའི་ཚོགས་སུ་དུས་གསུམ་གྱི་བདེ་བར་གཤེགས་པ་ལས་ཕྱག་རྒྱའི་གཟུགས་སུ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས། བཛྲ་ཀའི་ལ་ཡ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་དཔའ་བོ་ཆེན་པོ་ཧཱུཾ༷་ཀྭ་ར་ལ་སོགས་པའི་ཁྲོ་བོ་ཆེན་པོ་འདི་རྣམས་ཇི་ལྟར་འབྱུང་བ་ལགས། སུས་བསྐྱེད་པ་ལགས། སུ་ཞིག་འདུལ་བ་ལགས། གང་ལས་གྲུབ་པ་ལགས། ཡེ་ཤེས་གང་གི་ངོ་བོ་ལགས། རྣམ་པར་དག་པ་གང་ལགས། ཉོན་མོངས་པ་གང་སྦྱོང་བ་ལགས། རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ཇི་ལྟ་བུ་ལགས། གང་ལས་རྣམ་པར་དག་པ་ལགས། དེ་སྐད་ཞུས་པ་དང་། བཛྲ་ཀི་ལ་ཡས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ་གསང་བའི་བདག །མ་འོངས་དོན་དུ་ཞུས་པ་ལེགས་སོ། །ང་ཡིས་བཤད་ཀྱི་ཁྱོད་ཀྱིས་ཉོན། ཁྲོ་བོ་ཆེན་པོ་འདི་རྣམས་ཀྱང་། །སྐྱེ་བ་རྣམ་བཞི་ལས་བྱུང་བའོ། །འདི་རྣམས་རྡོ་རྗེ་གསང་བས་བསྐྱེད་པའོ། །འདི་རྣམས་བགེགས་ཀྱི་རྒྱལ་པོ་རྣམས་འདུལ་བའི་དོན་དུ་འཚལ་ལོ། །འདི་རྣམས་ནི་མ་འོངས་པའི་དོན་དུ་འཚལ་ལོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་གྲུབ་པའོ། །རྣམ་པར་རྒྱལ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འབྲས་བུའོ། །གཤིན་རྗེ་གཤེད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འབྲས་བུའོ། །ཧ་ཡ་རྒི་ཝ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འབྲས་བུའོ། །བདུད་རྩི་འཁྱིལ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་འབྲས་བུའོ། །ཧཱུཾ༷་ཀྭ་ར་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་འབྲས་བུའོ། །གཞན་དག་ནི་གཟུང་བའི་ཆ་ལས་གྲུབ་པའོ། །འདི་རྣམས་ནི་ཞེ་སྡང་ལ་སོགས་པ་རྣམ་པར་དག་པའོ། །འདི་རྣམས་ནི་ཞེ་སྡང་ལ་སོགས་པའི་གཉེན་པོའོ། །སྐུ་གསུམ་གྱི་མཚན་ཉིད་ཡིན་པས་ཕྲེང་བའོ། །འདུས་བྱས་ལས་རྣམ་པར་དག་པའོ། །ཞེས་གསུངས་ནས། ཁྲོ་མཆོག་འབར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་མཉམ་པ་ཆེན་པོའི་སྐུར་བཞེངས་ཏེ། གསང་བའི་བདག་པོས་ཞུས་པ། བཅོམ་ལྡན་ཆེན་པོ་ཉག་རེ་གཅིག ཁྱོད་ཉིད་ཡེ་ཤེས་གང་ལས་གྲུབ། །དཔའ་བོ་ཆེན་པོས་བཀའ་སྩོལ་དང་། །ཡ་མཚན་ཆེན་པོའི་ཆོས་ཉིད་ཤོད། །ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདག་གི་མཚན་ཉིད་རྟོགས་དཀའ་བ། ཁྱོད་ཀྱི་ཞུས་པ་ཡ་མཚན་ཆེ། །རང་བྱུང་ཆེན་པོའི་ཡེ་ཤེས་ལས། །དཔའ་བོ་ང་ནི་གྲུབ་པའོ། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། ཁྲོ་བོ་རྣམ་པར་རྒྱལ་བ་གླེང་གཞིའི་སྟེ་ལེའུ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་གསང་བའི་བདག་པོས། ཁྲོ་བ་་དངོས་པོ་ཞུས་པ། ཁྲོ་རྒྱལ་འཇིགས་བྱེད་ཀི་ལ་ཡ། ཁམས་གསུམ་སྒྲོལ་མཛད་དཔལ་གྱི་ཐུགས་ཀ་ནས། ཁྲོ་བོ་སྤྲུལ་པ་མང་པོ་དབྱུང་དུ་གསོལ། ཞེས་ཞུས་སོ། །དེ་མཁྱེན་ནས་ཀི་ལ་ཡ་ཆེན་པོས། འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞུགས་མ་ཐག་ཏུ། སྒྱུ་མ་ཆེན་མོ་འཁོར་ལོ་རྒྱས་འདེབས་མ་དང་གཉིས་སུ་མེད་པར་འཁྲིལ་ལོ། །དེ་ནས་ཡབ་ཡུམ་ཆགས་པ་ཡང་དག་པའི་བདེ་བ་ཆེན་པོས་བསྐུལ་ནས་གཉིས་སུ་མེད་པར་གྱུར་ཏེ། འཁོར་ལོའི་ཛ༷༷ཧཱུཾ༷་བ༷་ཧོ༷༷ཡབ་ཡུམ་བདེ་བར་གྱུར་ཏོ། །དེ་ཡང་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པ་བཞུ་ནས། རྡོ་རྗེའི་བུ་ག་ལ་གནས་པ་དེ། ཡུམ་གྱི་མཁའ་ལ་ཕབ་ནས། བྱང་ཆུབ་ཀྱི་སེམས་འོད་ཟེར་དཀར་དམར་གྱི་རྣམ་པ་མང་དུ་བདེབཆེནཔོའིགནསསུ་མང་དུ་འཕྲོས་པས། དེ་ལས་ཡི་གེའི་ཚོགས་དུ་མ་དུ་མས་གནས་དེ་དག་གང་བར་བྱས་སོ། །གང་མ་ཐག་ཏུ་ཞུས་ནས། ཡབ་ཀྱི་གསང་བར་འདུས་སོ། །ཡུམ་གྱི་མཁའ་ལ་དཀར་དམར་སྩལ་པ། གཏི་མུག་རྣམ་པར་དག་པ་ཡི། །ཧཱུཾ༷་ཀྭ་ར་ཡི་མདོག་དང་རྒྱ། །གཡས་པ་སེར་ཞིང་གཡོན་པ་དམར། །རྩ་བའི་ཞལ་ནི་དཀར་པོའོ། །དང་པོ་མེ་དཔུང་རིག་མ་འཁྱུད། །འཁོར་ལོ་རལ་གྲི་གཡས་པ་སྟེ། །རིན་ཆེན་པདྨ་གཡོན་ནའོ། །སྟོབས་པོ་ཆེ་ཡི་མཚན་ཉིད་ཀྱང་། །གཡས་དཀར་གཡོན་དམར་རྩ་ཞལ་གནག །དང་པོ་མེ་དཔུང་རིག་མ་འཁྱུད། །གཡས་པ་ཏྲི་ཤཱལ་རལ་གྲི་འཛིན། །གཡོན་པ་རིན་ཆེན་པདྨའོ། །རྣམ་པར་རྒྱལ་བ་དཀར་བ་སྟེ། །གཡས་པ་གནག་ཅིང་གཡོན་པ་དམར། །དང་པོ་མེ་དཔུང་རིག་མ་འཁྱུད། །གཡས་པ་དབྱུག་ཏོ་རལ་གྲི་ལ། །རིན་ཆེན་པདྨ་གཡོན་པ་སྟེ། །ཞེ་སྡང་རྣམ་པར་དག་པའོ། ཁྲར་གྱི་རྩིབས་སུ་གཞག་པར་བྱ། །ང་རྒྱལ་རྣམ་པར་དག་པ་ནི། །ལྷོ་ཕྱོགས་གཤིན་རྗེ་མཐར་བྱེད་ནི། །དང་པོ་མེ་དཔུང་རིག་མ་འཁྱུད། །གཡས་པ་གནག་ཅིང་གཡོན་པ་དམར། །རྩ་བའི་ཞལ་ནི་སེར་བ་སྟེ། །གཡས་པ་ཐོ་བ་རལ་གྲི་ལ། །གཡོན་པ་རིན་ཆེན་པདྨའོ། །འདོད་ཆགས་རྣམ་པར་དག་པ་ནི། །ནུབ་ཕྱོགས་རྟ་མགྲིན་རྒྱལ་པོ་ནི། །གཡས་པ་དཀར་ལ་གཡོན་པ་སྔོ། །རྩ་བའི་ཞལ་ནི་དམར་བ་སྟེ། །དང་པོ་མེ་དཔུང་རིག་མ་འཁྱུད། །པདྨ་དང་ནི་རལ་གྲི་གཡས། །འཁོར་ལོ་རིན་ཆེན་གཡོན་པ་ནའོ། །ཕྲག་དོག་རྣམ་པར་དག་པ་ནི། །བདུད་རྩི་འཁྱིལ་བ་ཞལ་དབུས་ལྗང་། །གཡས་དང་གཡོན་ནི་དཀར་དང་དམར། །དང་པོ་མེ་དཔུང་རིག་མ་འཁྱུད། །གཡས་པ་རྒྱ་གྲམ་རལ་གྲི་འཛིན། །གཡོན་པ་པདྨ་རིན་ཆེན་ཏེ། །བྱང་ཕྱོགས་གདན་ལ་བརྐྱང་བསྐུམ་བཞུགས། །ཞེ་སྡང་ཆ་འཛིན་དག་བྱེད་པ། །མེ་ཡི་ཕྱོགས་སུ་དབྱུག་སྔོན་ཅན། །གཡས་དང་གཡོན་ནི་དཀར་དང་དམར། །དང་པོ་མེ་དཔུང་རིག་མ་འཁྱུད། །སྐུ་ཞལ་དབུས་ནི་སེར་ལ་དམར། །གཡས་ན་དབྱུག་པ་རལ་གྲི་སྟེ། །གཡོན་ན་རིན་ཆེན་པདྨའོ། །ང་རྒྱལ་ཆ་འཛིན་མི་གཡོ་མགོན། །བདེན་བྲལ་ཕྱོགས་ན་ཡང་དག་གནས། །གཡས་དཀར་གཡོན་དམར་སེར་བའི་ཞལ། །དང་པོ་མེ་དཔུང་རིག་མ་འཁྱུད། །འཁོར་ལོ་རལ་གྲི་གཡས་ནའོ། །རིན་ཆེན་པདྨ་གཡོན་ནའོ། །འདོད་ཆགས་ཆ་འཛིན་གཞན་མི་ཐུབ། །གཡས་པ་དཀར་ལ་གཡོན་པ་དམར། །སྐྲ་དང་དབུ་ནི་དམར་ལྗང་ལ། །དང་པོ་མེ་དཔུང་རིག་མ་འཁྱུད། །རྡོ་རྗེ་རལ་གྲི་གཡས་ནའོ། །རིན་ཆེན་པདྨ་གཡོན་ནའོ། །རླུད་ལྷའི་མཚམས་སུ་ཡང་དག་གནས། །ཕྲག་དོག་ཆ་ནི་དག་བྱེད་པ། །དབང་པོའི་གྲྭར་ནི་གཞག་བྱ་སྟེ། ཁམས་གསུམ་རྣམ་རྒྱལ་ཞལ་གསུམ་པ། །ཞལ་གཡས་དཀར་ལ་གཡོན་པ་དམར། །སྐུ་དང་དབུ་ནི་ལྗང་སྐྱ་ལ། །དང་པོ་མེ་དཔུང་རིག་མ་འཁྱུད། །ལྕགས་ཀྱུ་རལ་གྲི་རིན་ཆེན་པད། །གཡས་དང་གཡོན་གྱི་ཕྱག་ཏུ་བསྣམས། །གཏི་མུག་ཆ་ནི་དག་བྱེདཔ། ཁྲོབོཆེནཔོསྟོབསཆེན ཡང། །ཡང་དག་ཉིད་དུ་འོག་ཏུ་གསུངས། །ཐམས་ཅད་རྡོ་རྗེའི་གོ་ཆ་སྟེ། ཁྲོ་མོ་རྣམས་ཀྱི་རིགས་དང་མདོག །སོ་སོའི་ཁ་དོག་ཇི་བཞིན་ནོ། །རང་རེའི་ལག་ཆ་ལག་ན་བསྣམས། །ཞེས་གསུངས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ་།ད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། ཁྲོ་བོ་རྣམས་ཀྱི་ཞལ་དང་ཕྱག་ལ་སོགས་པ་རྣམ་པར་དག་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་བཛྲ་ཀི་ལ་ཡ་ཆེན་པོ་དེ། ཆོ་འཕྲུལ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་རྣམས་ཀྱི་སྤྲུལ་པ་སྦྱོར་བ་མོ་བདག་པོ་རྣམས་དགའ་བར་བྱེད་པ། དེ་བཞིན་གཤེགས་པའི་བཙུན་མོ་དམ་པ་དཔལ་རྡོ་རྗེ་སྒྲ་འབྱིན་མ་དང་། རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་དུར་ཁྲོད་བདག་མོ་དང་། རྡོ་རྗེ་གཏུམ་མོ་དང་། རྡོ་རྗེ་བསྐུལ་བྱེད་མ་དང་།རྡོ་རྗེ་སྡེར་མོ་དང་། རྡོ་རྗེ་གཏུན་ཁུང་མ་དང་། རྡོ་རྗེ་མདའ་སྙེམས་པ་དང་། རྡོ་རྗེ་གསོད་མ་དང་། རྡོ་རྗེ་བསྐྱོད་མ་དང་། གཉིས་སུ་མེད་པར་བཞུགས་པ་དེ་རྣམས་ཀྱི་སྤྲུལ་པ་ཡང་། བྱང་ཆུབ་ཀྱི་སེམས་དཀར་དམར་ལས་གྲུབ་པའི་ཕྲ་མེན་མ་སྟེ། ཕག་གི་མགོ་ཅན་དང་། སྟག་གི་མགོ་ཅན་དང་། ཤ་བའི་མགོ་ཅན་དང་། བྱི་ལའི་མགོ་ཅན་དང་། སེང་གེའི་མགོ་ཅན་དང་། གཡག་གི་མགོ་ཅན་དང་། གཟིག་གི་མགོ་ཅན་དང་། །སྤྱང་ཀིའི་མགོ་ཅན་དང་། དྲེད་ཀྱི་མགོ་ཅན་དང་། དོམ་གྱི་མགོ་ཅན་དང་། སྨིག་བུའི་མགོ་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་དང་། འུག་པའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་དང་། ཕ་ཝང་མགོ་ཅན་དང་། བྱ་རོག་གི་མགོ་ཅན་དང་། ཁུ་ཏའི་མགོ་ཅན་དང་། ཁྲའི་མགོ་ཅན་དང་། སྲེ་མོའི་མགོ་ཅན་དང་། བྱི་ལའི་མགོ་ཅན་ལ་སོགས་པ་རྣམས་དང་། ཡང་སྤྲུལ་དང་། སུམ་སྤྲུལ་ལ་སོགས་པ་ཆོ་འཕྲུལ་འབར་བའི་ཚོགས་ཀྱིས་དཔལ་རྡོ་རྗེ་གཞོན་ནུ་དེ་ལ་བསྐོར་བས་དཀྱིལ་འཁོར་གྱི་བདག་པོར་བཞུགས་སོ། །དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་ཆོ་འཕྲུལ་འབྱུང་བ་འདི་ཇི་ལྟར་ལགས། ཞེས་གསོལ་པ་དང་། ཀི་ལ་ཡས་བཀའ་སྩལ་པ། ལེགས་སོ་གསང་བའི་བདག་པོ་ཁྱོད། །གང་གི་དོན་དུ་ཁྱེད་ཀྱིས་ཞུས། ཞེས་བཀའ་སྩལ་ཏོ། །གསང་བའི་བདག་པོས་གསོལ་པ། གདུག་རྩུབ་རྣམས་ལ་ཕན་དོན་དུ། ཁྱོད་ཀྱིས་བཀའ་སྩོལ་བདག་གིས་ཉན།ཞེས་པས་ཀི་ལ་ཆེན་པོས་ཞེ་སྡང་གི་འཛུམ་གྱིས་ཐམས་ཅད་དུ་བལྟས་པས། ཀི་ལ་ཡའི་ཨག་ཚོམ་ལ་སོགས་པ་བ་སྐྲུའི་བུ་ག་ཐམས་ཅད་ནས། རྡོ་རྗེ་ཕུར་བུའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འགུལ། གཡོས། ལྡེག འཕར། ཆེམ་ཆེམ། འུར་འུར། ཐུག་ཐུག་གི་སྒྲ་ཆེན་པོས་བདུད་རྭ་ཏྲ་ལ་སོགས་པ་ཐམས་ཅད་དུས་གཅིག་ཏུ་བརྒྱལ་ནས། གན་བུབ་ཏུ་འགྱེལ་ནས་ཁྲག་ཏུ་སྒྱུགས་སོ། །དེ་ནས་དེ་དག་མི་ནུས་བཞིན་དུ་ལངསནས། གཅིགགིསགཅིག་ལ་དྲིས་པས། སུས་ཀྱང་མ་ཤེས་སོ། །དེར་དེ་དག་ཐམས་ཅད་ཐེ་ཚོམ་གྱི་དྲུ་བར་ཚུད་ནས། འདི་སུའི་མཐུ་ཡིན། སུའི་བྱིན་གྱིས་བརླབས་པ་ཡིན། སུས་བཏང་བ་ཡིན། འདི་འུ་ཅག་གིས་སུ་ལ་འདྲི། འདི་ཡིས་འུ་ཅག་ལ་གནོད་པ་ཆེན་པོ་བྱེད་པ་མིན་ནམ། ཞེས་གཅིག་གིས་གཅིག་ལ་དྲིས་པས། དེ་རྣམས་ལ་འཕགས་པ་སྦྱན་རས་གཟིགས་དབང་ཕྱུག་གིས་དཔལ་ཕྱག་ན་རྡོ་རྗེའི་སྐུར་སྤྲུལ་ནས། ཕྱག་གཡས་པ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་བསྣམས་ཏེ། འདི་ནི་ངའི་མཐུའོ། །འདི་ནི་ངའི་བྱིན་གྱིས་བརླབས་སོ། །འདི་ནི་ངས་བཏང་བ་ཡིན་ནོ། །འདི་ནི་ཁྱེད་ཀྱི་བདུད་ཡིན་པས། ཁྱོད་ཀྱང་བསྟན་པ་ལ་གནོད་པ་མ་བྱེད་ཅིག །ཅེས་བསྒོ་བས། སྲིན་པོ་དེ་རྣམས་ཀྱིས་བསྙད་ནས། གལ་ཏེ་ཁྱོད་པས་ལྷག་གཞན་པ་སུ་ཡོད་དྲིས་པས། གསང་བའི་བདག་པོས་བཀའ་སྩལ་པ། ང་བས་ཀྱང་ལྷག་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་སྲས་མཆོག་ཏུ་གྱུར་པ་དཔལ་རྡོ་རྗེ་གཤོན་ནུ་བྱ་བ་ནི། ཆོས་ ་ཆེས་ཀུང་བས་ཀྱང་ལྷག་པ་ཡིན་ནོ། །ཞེས་པས། དེ་རྣམས་ཀྱིས་སྨྲས་པ། ཀྱེ་མ་མ་མཐོང་འཇིགས་པའི་རྗེ་བཙན་ཁྱོད། ཁྱོད་པས་ལྷག་པ་ཡོད་ན་ནི། །བདག་ཅག་རྣམས་ནི་བརྒྱལ་ནས་འཆི། །ཞེས་སྨྲས་པས། བ་སྦུ་ལངས་ནས་གན་བུབ་ཏུ་སོང་ངོ་། །དེ་ནས་རྡོ་རྗེ་གཤོན་ནུས་ཕྲིན་ལས་རྣམ་གཞིའི་སྔགས་བརྗོད་པས། གཅིག་དང་གཉིས་མ་ཡིན་པ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ང་ཅི་བས་ཀྱང་འགུལ་ཞིང་གཡོ་བའི་སྤུའི་བུ་ག་ནས། བྱེ་བ་དུང་ཕྱུར་ཙམ་གྱི་ཁྲོ་བོའི་སྤྲུལ་པ་ཡང་སྤྲུལ་བྱུང་ངོ་། དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཤིག་ཤིག །ནུར་ནུར་པོར་བརླགས་པས། བསྟན་པ་ལ་གནོད་པའི་དགྲ་དང་བགེགས་ཐམས་ཅད་བརླགས་པར་བྱས་སོ། །དེ་ནས་དེ་རྣམས་ཀྱི་ལུས་ནི་གདན་དུ་བྱས། ཆུང་མ་ནི་སླས་དང་བྱི་མོ་དང་བྲན་མོར་བྱིན་པ་ནི། འཁོར་དབང་ཕྱུག་མ་ལ་སོགས་པའོ། །རྡོ་རྗེ་གསང་བའི་བཀའ་ལས་ནི། །སུས་ཀྱང་འདའ་བར་མི་ནུས་སོ། ཁུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལསསྤྲུལ་པས་དྲེགས་པ་ཅན་བཏུལ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཤིན་ཏུ་གསང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཤིན་ཏུ་གསང་བའི་ཡང་གསང་བ་བསྐྱེད་པའི་རྫོགས་པ་འདི་ལྟ་བུ་གསུངས་སོ། །གསང་བ་ཁམས་ཀྱི་གནས་དག་ཏུ། །སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་ཏེ། །བསྐྱེད་པའི་རིམ་པ་རྫོགས་པ་དང་། །བདག་གི་དེ་ཉིད་ཁོ་ནའོ། །བྱིན་གྱིས་བརླབ་པར་བྱ་བ་ནི། །དང་པོར་བདེ་ཆེན་འཁོར་ལོ་ནི། །རང་བཞིན་དཀྱིལ་འཁོར་ཁོ་ནའོ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ནི། །ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་རོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ནི། །བདག་ཉིད་རྩ་བའི་དཀྱིལ་འཁོར་རོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། །ཕུར་པ་སྲས་རྫས་ཡང་ཀྱི་དཀྱིལ་འཁོར་རོ། །དེ་ནས་འཁོར་ལོ་གསུམ་པ་ནི། །མེ་ཡི་འཁོར་ལོ་བསྟན་པ་ཡིན། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་རོ། །དེ་ནས་འཁོར་ལོ་དྲུག་པོ་ནི། །གནན་པ་འཁོར་ལོའི་དཀྱིལ་འཁོར་རོ། །དེ་ནས་འདེབས་པའི་འཁོར་ལོ་ནི། །རྩེ་མོའི་བྷ་ག་ཉིད་དུ་བཤད། །དེ་ལ་སྔགས་པས་བསྒྲུབ་པར་བྱའོ། །ཐབས་དང་ཤེས་རབ་ལྡན་པས་ནི། །གྱེན་དུ་འགྲོ་དང་ཐུར་དུ་འགྲོ། །ལྔ་པ་གཉིས་ནི་བཅུ་རུ་བྱུར། །སྲོག་ནི་རྩོལ་བ་ལས་བྱུང་བའི། །རིམ་པ་རླུད་གི་དེ་ཉིད་ཡིན། །ཨུ་ལི་ཀྭ་ལི་ལ་སོགས་པ། །སྔགས་ཀྱི་ཁོ་ན་ཉིད་དོ་ཞེས། །དེ་ལ་བདག་གི་དེ་ཁོ་ན་ཉིད། །ནམ་མཁའི་ཁམས་ཀྱི་དབུས་དག་ཏུ། །སངས་རྒྱས་གཞལ་ཡས་རྫོགསརྗེས་ལ། །དཀྱིལ་འཁོར་ཤེས་རབ་བསྒོམ་པར་བྱ། །དེ་ཡི་དབུས་སུ་སངས་རྒྱས་རྣམས། །མན་ངག་ཇི་བཞིན་རྫོགས་པ་ལ། །ཕྱག་རྒྱ་བཞི་ཡི་རྒྱས་བཏབ་པས། །སྨུག་པོ་བུར་འདྲ་ཡེ་ཤེས་སེམས། །རང་གི་གཙོ་བའི་རྟགས་ཀྱིས་བརྒྱན། ་ས་རབ་ཐབས་ཀྱི་བྲེ་བྲག་ལས། །ཡན་ལག་བཞི་ནི་རབ་ཏུ་འབྲེལ། །དཀྱིལ་འཁོར་བཞི་ནི་བསྐྱེད་བྱས་ལ། དཀྱིལ་འཁོར་བཞི་ནི་ལྡན་པ་ལ། བདག་གི་དེ་ཉིད་རིམ་གྱི་རླུད་། །རླུ་་གི་དེ་ཉིད་ཡང་དག་འཇུག །དང་པོར་བདག་ཉིད་བྱིན་བརླབས་པས། །དཀྱིལ་འཁོར་ཀུན་དང་ལྡན་པ་ཡིན། །ཐབས་ཀྱི་ཁྱད་པར་ལས་བྱུང་བའི། །འཁོར་ལོ་རྣམས་ནི་རབ་ཏུ་དམིགས། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །པདྨའི་འདབ་མ་ལས་བྱུང་བའི། །ས་བོན་ཡི་གེ་རྣམས་ཀྱིས་བརྒྱན། །བདེ་བ་ཆེན་པོའི་འཁོར་ལོ་ནི། །མཚན་ནི་སུམ་བཅུ་རྩ་གཉིས་ཡིན། །མགྲིན་པ་པདྨ་བཅུ་དྲུག་ནི། །འཕགས་པའི་ལམ་དང་ཡན་ལག་གོ །སྙིང་གའི་པདྨ་འདབ་བརྒྱད་ནི། །བདེན་པ་བཞི་ཡི་མཚན་ཉིད་ཡིན། །ལྟེ་བའི་པདྨ་དྲུག་ཅུ་བཞི། །གཟུགས་ཀྱི་སྐུ་ལ་མཚན་བཟང་པོ། །འཁོར་ལོའི་རྣམ་པ་ཀུན་ལ་ནི། །དབྱངས་ཀྱི་ཡི་གེས་གང་བར་བྱས། །ལྟེ་བ་ལ་ནི་ཡི་གེ་ཧ༷། །དེ་ཉིད་འགོག་པ་མྱ་ངན་འདས། །དང་པོ་བདེ་བ་ཆེན་པོའི་སྐུ། །དེ་ལྟར་ཐོབ་བྱེད་འཇུག་པ་ལ། །བུམ་པའི་དབང་ནི་དང་པོ་སྟེ། །ལམ་གྱི་འབྲས་བུའི་ཚུལ་འཆང་བའི། །རིགས་བཞིའི་ས་བོན་ཕྱོགས་དག་ཏུ། །ངག་གི་ལམ་གྱི་ལྟེ་བར་ཧྲི། །དེ་ཉིད་ལས་སུ་གསུངས་པའི་དབང་། །ལོངས་སྤྱོད་རྫོགས་པས་ལོངས་སྤྱོད་སྐུ། །དེས་ནི་རྒྱུད་སྡེ་མཐའ་དག་གི །འགོག་པ་སེལ་བའི་དབང་ཡིན་ནོ། །གཉིས་པ་གསང་བའི་དབང་ཡིན་ཏེ། །བདེན་པ་བཞི་ཡི་རང་བཞིན་ཅན། །ཐུགས་ཀྱི་ཡེ་ཤེས་རྩེ་གཅིག་པས། །ལྟེ་བའི་སྟེང་དུ་ཡི་གེ་ཧཱུཾ༷། །ཐབས་དང་ཤེས་རབ་མཐའ་དག་སྡུད། །དེ་ཉིད་རྣམ་པ་ཀུན་འབྱུང་བ། །ཆོས་ཀྱི་སྐུ་ཡི་བདག་ཉིད་ལས། །གསུམ་པ་ཤེས་རབ་ཡེ་ཤེས་དབང་། །ཐུན་མོང་མཚན་དང་ལྡན་པ་ཡིས། །རྣམ་པ་གཉིས་སུ་གྱུར་པས་ན། །ཕྱོགས་མཚམས་དག་ནི་རིགས་རྣམས་ཀྱིས། །ས་བོན་ཉིད་ཀྱིས་མཚན་པ་ལ། །ལྟེ་བར་ཨཱོཾ་ཡིག་རྣམ་པར་བསམ། །སྡུག་བསྔལ་བདག་ཉིད་ལྡན་པས་ན། །སྤྲུལ་པས་དོན་མཛད་རྣམ་པར་དག །བཞི་པའི་དོན་ཉིད་ཡིན་པའི་དབང་། །དང་པོ་མདོ་རྒྱུད་ཉན་པའི་དབང་། །བུམ་པའི་དབང་དུ་ཡང་དག་གསུངས། །གཉིས་པ་དམ་རྫས་བརྟེན་པའི་དབང་། །གསང་བའི་དབང་དུ་ཡང་དག་གསུངས། །གསུམ་པ་ཉམས་སུ་མྱོང་བའི་དབང་། ཁྲེས་རབ་ཡེ་ཤེས་དབང་དུ་གསུངས། །བཞི་པ་དེ་རྣམས་སྨིན་པའི་དབང་། །བདེན་པ་བཞི་ཡི་བྱེ་བྲག་གིས། །ཆོས་དང་ཡེ་ཤེས་རྣམས་ལྡན་པའོ། །དེ་ལྟར་རྫོགས་པའི་བྱིན་རླབས་ཀྱིས། །ཡན་ལག་བཞི་ཡི་རང་བཞིན་དང་། །སྙིང་པོ་ཕྱག་རྒྱ་སྔགས་རིགས་དང་། །ཆོ་འཕྲུལ་བཞི་རྣམས་ལྡན་པས་ན། །དགོས་དོན་འབྲེལ་པར་རབ་གྲུབ་པའོ། །རིམ་པ་གཉིས་དང་རབ་ལྡན་ཞིང་། །བརྗོད་བྱ་ཐམས་ཅད་འདུས་པ་ཡིན། །ལུས་ཀྱི་རྩ་ནི་ཇི་སྙེད་པ། །སུམ་བརྒྱ་དྲུག་ཅུར་ལྡན་པ་ལ། །བདག་པོ་བཅུ་དྲུག་བསྟན་པ་ཡིན། །དེ་ཉིད་གསུམ་གྱི་བདག་པོ་ལྷ། །ཐབས་དང་ཤེས་རབ་བདེ་ཆེན་རྩ། །དེ་ནི་རྣམ་པ་གསུམ་དུ་འདུ། །བདུད་རྩི་ལྔ་ཡི་དྭངས་མ་བས། །བདུད་རྩི་ལྔ་ནི་འབྱུང་བར་བྱེད། །དེ་ཉིད་བདུད་རྩི་ལྔར་འགྱུར་རོ། །འབྱུང་བ་ལྔ་ཡི་རང་བཞིན་དང་། ཁ་དོག་ལྔ་ཡི་རང་བཞིན་གྱིས། །གྱེན་དང་ཐུར་དུ་རྒྱུ་བའི་རླུ་་། །སྲོག་དང་རྩོལ་བ་ཞེས་བཤད་དེ། །རྣམ་པ་བཅུ་པ་གཉིས་སུ་འགྱུར། །དེ་ཡི་འབྱུང་བའི་རིམ་པ་ཡིན། །གསང་བའི་གནས་ནི་ཐམས་ཅད་དུ། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །ཟུང་འཇུག་ཏིང་འཛིན་ལ་གནས་པས། །སེམས་ལ་དམིགས་པ་ཐོབ་བྱེད་དེ། །གང་དུ་བསླབ་པར་མི་བྱའོ། །སྔགས་ཀྱི་དེ་ཉིད་གང་ཡིན་པ། །རྣལ་འབྱོར་རྣམས་ཀྱིས་ཤེས་པར་གྱིས། །གང་ལས་སངས་རྒྱས་གནས་གྱུར་པ། །དེ་ཉིད་གསང་བ་དམ་པ་སྟེ། །དེ་བཞིན་གཤེགས་པའི་སྤྱོད་པ་ཡིན། །བླུན་པོ་རྣམས་ཀྱིས་མི་མཐོང་སྟེ། །རྣལ་འབྱོར་རྣམས་ཀྱིས་དེ་ཤེས་ནས། །ཡང་དག་དོན་ལ་ཞུགས་པ་ཡིན། །སྟོང་ཉིད་ངོ་བོར་ཡི་གནས་ན། །ཚད་མེད་བཞི་ཡང་ཟིལ་གྱིས་མནོན། །འདོད་ཆགས་ཆེན་པོའི་ཚུལ་གྱིས་ནི། །ཡེ་ཤེས་ཆེན་པོ་ཐོབ་པར་བྱེད། །ཕྱག་རྒྱ་བཞི་དང་ཡན་ལག་བཞི། །དེ་ལྟར་ཆོས་ཀྱི་སྐུ་དང་ནི། །ཐུན་མོང་མཆོག་ཏུ་གསུངས་པ་ཡིན། །དེ་ཉིད་ས་བོན་བདག་ཉིད་པས། །ཕྲ་མོའི་ཐིག་ལེར་གནས་པར་བྱེད། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཆེན་པོ་བླ་ན་མེད། །སྐུ་གསུང་ཐུགས་སུ་བདག་སྦྱོར་བས། །སྔགས་ལ་དམིགས་པ་ཐོབ་པར་འགྱུར། །སྔགས་ལ་དམིགས་པའི་བདག་ཉིད་ཀྱིས། །སྟོང་ཉིད་ཡེ་ཤེས་ཐོབ་པར་བྱེད། །དེ་བཞིན་གསང་སྔགས་སྒོམ་པ་པོས། །བདེ་ཆེན་འཁོར་ལོ་རྒྱུན་བཞུ་ནས། །རིམ་པ་བཞིན་དུ་བབས་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རང་བཞིན་དག །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། །པདྨ་ཟླ་བ་ཁ་སྦྱོར་བས། །ཚངས་པའི་བུ་ག་ཁ་སྦུབ་ནས། །འོད་ཟེར་འཕྲོ་འདུའི་སྦྱོར་བ་ཡིས། །དབུགས་ནི་ཐིག་ལེ་ཉིད་དུ་བཞག །ཡང་ན་སྔགས་ལ་དམིགས་པ་ཡིས། །བྱང་ཆུབ་སེམས་ཀྱི་རང་བཞིན་དག །གསང་བའི་གནས་སུ་ཞུ་བར་བྱེད། །འོད་ཟེར་རྣམས་ཀྱིས་རང་བཞིན་གྱིས། །བྱང་ཆུབ་སེམས་ནི་ཞུ་མཛད་དེ། །མི་རྟོག་ཡེ་ཤེས་སྐྱེ་བར་བྱེད། །ལུས་དང་ངག་དང་སེམས་རྣམས་ནི། །སྔགས་ལ་དམིགས་པའི་མཚན་མ་དག །འདར་ཞིང་སྤྲུག་པ་འཕར་བ་དང་། །བར་སྣང་དག་ལ་འཕྱོ་བར་བྱེད། །དེ་ཉིད་ཞི་བར་གྱུར་པ་དང་། ཁམས་ཀྱི་ཟས་དང་རྣམ་བྲལ་ཏེ། །བྱིང་རྒོད་དབུགས་ནི་རབ་ཞི་ནས། །དལ་བར་རྒྱུ་བ་འབྱུང་གྱུར་ཏེ། །དེ་ནས་དྲོད་ཚད་དང་པོ་ནི། །སྨིག་སྒྱུ་ལྟ་བུ་མཐོང་བ་དང་། །དུ་བ་ལྟ་བུ་མཐོང་བ་དང་། །སྲིན་བུ་ལྟ་བུའི་མཚན་མ་དང་། །མར་མེ་ལྟ་བུའི་མཚན་མ་དང་། །ནམ་མཁའ་བཞིན་དུ་དྭངས་པ་ནི། །རྟོགས་ན་ཆོས་སྐུ་བདེ་བ་ཆེ། །ཡེ་ཤེས་སྐུ་མཆོག་དེ་ཉིད་ལས། །ཟླ་བ་དྲུག་དང་བཅུ་གཉིས་དང་། །བཅོ་བརྒྱད་དག་གིས་འགྲུབ་པར་འགྱུར། །གང་ཚེ་དེས་ཀྱང་མ་གྲུབ་ན། །དྲག་ཤུལ་ཚུལ་གྱིས་བསྒྲུབ་པར་བྱ། །ཞེས་སྒྱུ་མ་ཆེན་པོར་བདག་གིས་གསུངས་སོ། །ཇི་ལྟར་བློ་ནི་དམན་གྱུར་ཀྱང་། །མི་ཚེ་འདི་ཡིས་འགྲུབ་པ་ཡིན། །གདོན་མི་ཟ་བར་ཐེ་ཚོམ་མེད། །ཅེས་སྨྲས་པའོ། །སྒྱུ་མ་ཆེན་པོའི་ཐབས་མཆོག་སྟེ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །སྐྱེད་པའི་ཞིང་དུ་རྣམ་པར་གྲགས། །དམ་པ་གསང་ཆེན་གྱི་རྒྱུད་ཆེན་པོ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ལས། གསང་བའི་མན་ངག་མཆོག་གི་ཐབས་ཆེན་པོ་ལས་མན་ངག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས། །བཅོམ་ལྡན་འདས་ལ་ཨ་ལ་ལ་ཧོ་དཔའ་བོ་ཆེན་པོ་ཁྱོད་ནི་སངས་རྒྱས་ཀུན་གྱི་རྗེ་བཙན་ནོ། །སངས་རྒྱས་ཀུན་གྱི་གདུང་ངོ་། །སངས་རྒྱས་ཀུན་གྱི་ལམ་མོ། །སངས་རྒྱས་ཀུན་གྱི་བདག་པོའོ། །ཞེས་གསོལ་ནས། སངས་རྒྱས་བཅོམ་ལྡན་འདས་བཛྲ་ཀི་ལ་ཡ་ཆེན་པོ་ཁྱོད་ལ། བདག་ཅག་ཞུ་བར་འཚལ་ལོ། །ཡང་དག་པར་ཞུ་བར་འཚལ་ལོ རྗེ་བཙན་ཁྱོད་ཀྱིས་བཀའ་སྩོལ་ཅིག །བཅོམ་ལྡན་འདས་གཟུགས་དང་ཁ་དོགས་གང་ལགས། དབྱིབས་དང་རིང་ཐུང་གང་ལགས། ཀུན་རྫོབ་བྱ་བ་གང་ལགས། དོན་དམ་བྱ་བ་ཅི་ལགས། ཆོས་ཉིད་བྱ་བ་ཅི་ལགས།ཡེ་ཤེས་བྱ་བ་གང་ལས་གྲུབ་པ་ལགས། འདུས་བྱས་ཀྱི་དངོས་པོ་གང་ལགས། འདུས་མ་བྱས་ཀྱི་དངོས་པོ་གང་ལགས། རྡོ་རྗེ་བྱ་བ་གང་ལགས། ཕུར་པ་བྱ་བ་ཅི་ལགས། དེ་རྣམས་ཀྱི་དངོས་པོ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། ཀི་ལ་ཡ་ཡིས་བཤད་དུ་གསོལ། ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཆོས་ཀྱི་སྐུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ་གསང་བའི་བདག །ཆོས་ཅན་རྣམ་པ་ཀུན་ཀྱང་ང་། །གཟུགས་དང་ཁ་དོག་རྣམ་པ་ང་། དབྱིབས་དང་རིང་ཐུང་རྣམ་པ་ང་། །ཀུན་རྫོབ་ཐ་སྙད་ཐམས་ཅད་ང་། །རྣམ་གྲངས་དོན་དམ་ཐམས་ཅད་ང་། །སྤྲོས་མེད་ཆོས་ཀྱི་སྐུ་ཡང་ང་། །འདུས་བྱས་རྣམ་དག་ཡེ་ཤེས་ང་། །འདུས་མ་བྱས་པའི་དངོས་པོ་ང་། །མི་ཤིགས་རྡོ་རྗེ་ཆོས་ཉིད་ང་། །ཀུན་འདེབས་པ་ཡི་ཕུར་པ་ང་། །མདོར་ན་ཆོས་རྣམས་ཐམས་ཅད་ང་། །ཆོས་ཀྱི་སྐུ་ལས་མ་གཏོགས་པ། །སངས་རྒྱས་བྱ་བ་གུད་ན་མེད། །མདོར་ན་གཟུགས་སྐུ་རྣམ་གཉིས་ནི། །འགྲོ་བ་འདུལ་བའི་དབང་ཙམ་མོ། །མཚན་དང་དཔེ་བྱད་འདུལ་བའི་ཆོས། །ལས་དང་དཀྱིལ་འཁོར་སྤྲོས་པ་ཡིས། །རྨོངས་པ་འདུལ་བའི་དབང་དུ་བསྟན། །མདོར་ན་མ་དག་སེམས་ཅན་ལ། །སངས་རྒྱས་ས་དང་དམྱལ་བའི་གནས། །སོ་སོར་བསྟན་ཀྱང་མཐོང་བ་མེད། །འདོད་ཅིང་ཆགས་པའི་སེམས་ཅན་ནི། །ཡང་དག་དོན་གྱི་ཆོས་བསྒྲུབས་ཀྱང་། །ལྷ་གནས་གསུམ་ལས་ཡོངས་མི་འདའ། །ཆོས་རྣམས་ཀུན་གྱི་རྩ་བ་ནི། །གཞི་རྩ་མེད་པའི་སེམས་ཉིད་དེ། །ཆོས་རྣམས་ཀུན་གྱི་གཞི་ཡིན་ནོ། །དེ་རྟོགས་རང་བྱུང་ཡེ་ཤེས་ནི། །བཙལ་མི་དགོས་པར་རང་ལ་གནས། །རྟོགས་ན་མངོན་སངས་རྒྱས་པ་ཡིན། །སངས་རྒྱས་གཞན་ལ་རག་མི་ལུས། །མ་རྟོགས་པ་ཡི་སེམས་ཅན་ནི། །དམུས་ལོང་ཉི་མ་ལྟ་བུ་ཡིན། །སེམས་ཅན་སངས་རྒྱས་རྒྱུ་ཡིན་ཏེ། །བྱ་བཙལ་མེད་ན་འཁོར་བའི་རྒྱུ། །དཔེར་ན་འོ་མ་མར་ཡིན་ཏེ། །ལག་གི་རྩོལ་བས་མ་བསྒྲུབས་ན། །མར་གྱི་དངོས་པོ་ག་ལ་ཡོད། །དཔེར་ན་འབྲུ་མར་ཐམས་ཅད་ཀྱང་། །དངོས་པོའི་ལས་རྣམས་ཇི་བཞིན་པར། །མང་པོ་འདུས་པས་མར་དུ་འགྱུར། །དེ་བཞིན་རྣལ་འབྱོར་ཐམས་ཅད་ཀྱང་། །སྐས་ཀྱི་རིམ་པ་ཇི་བཞིན་དུ། །ས་དང་ལམ་ལ་མི་གནས་ན། །སངས་རྒྱས་བྱ་བ་ཐོབ་མི་འགྱུར། །དེ་བས་རྣལ་འབྱོར་ཐབས་ལྡན་གྱིས། །བསྐལ་པ་མང་པོ་དུ་མ་སྲ །སྐས་ཀྱི་རིམ་པ་བཞིན་དུ་བགྲོད། །སྔོན་ཚེ་སངས་རྒྱས་ཐམས་ཅད་ཀྱང་། །ལམ་དང་ས་ལ་བརྟེན་བྱས་ནས། །བྱང་ཆུབ་མྱུར་དུ་ཐོབ་པ་ཡིན། །མར་མེ་མཛད་དང་ཤཱཀྱ་ཐུབ། །མ་འོངས་བྱམས་པའང་དེ་བཞིན་ཏེ། །དཔེར་ན་དཔའ་བོས་འདའ་འཕངས་པ། །ས་ལ་ལྷུང་བའི་གནས་མེད་ལྟར། །བྱ་བཙལ་དག་གིས་འཕངས་གྱུར་ན། །གཅིག་ནས་གཅིག་ཏུ་བགྲོད་ནས་ནི། །རྡོ་རྗེ་ལྟ་བུ་ས་ཐོབ་སྟེ། །སྨོན་ལམ་སྟོབས་ཀྱིས་འབྱུང་བར་འགྱུར། །དེ་སྐད་དཔའ་བོས་ཡང་དག་གསུངས། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བའི་བདག་པོས་གསོལ་པ། ཀྱེ་ཀྱེ་ཁྲོ་རྒྱལ་ཀི་ལ་ཡ། །དེ་ལྟར་ཐམས་ཅད་གཅིག་གྱུར་ན། །གཟུགས་ཀྱི་ཁ་དོག་སྡི་ལྟར་ལགས། །སྒྲ་ཡི་རྣམ་པ་ཇི་ལྟར་ལགས། །དྲི་ཡི་རྣམ་པ་ཇི་ལྟར་ལགས། །རོ་ཡི་རྣམ་པ་ཇི་ལྟར་ལགས། །རེག་བྱའི་རྣམ་པ་སྡི་ལྟར་ལགས། ཆོས་ཀྱི་རྣམ་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། ཀི་ལ་ཡས། གསང་བའི་བདག་པོ་ང་ལ་ཉོན་ཅིག །ཆོས་ཀྱི་རྣམ་པ་ཐམས་ཅད་ང་། །གཟུགས་ཀྱི་རྣམ་པ་ཐམས་ཅད་ང་། །སྒྲ་ཡི་རྣམ་པ་ཐམས་ཅད་ང་། །དྲི་ཡི་རྣམ་པ་ཐམས་ཅད་ང་། །རོ་ཡི་རྣམ་པ་ཐམས་ཅད་ང་། །རེག་བྱའི་རྣམ་པ་ཐམས་ཅད་ང་། །མདོར་ན་དངོས་པོ་ཐམས་ཅད་ང་། །ཡུལ་གྱི་རྣམ་པ་ཐམས་ཅད་ང་། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས ཆོས་ཐམས་ཅད་ཀུན་ནས་་༡ནམོངས་པ་དང་། རྣམ་པར་བྱང་བ་ཐམས་ཅད་གཅིག་གི་ངོ་བོར་མྱ་ངན་ལས་འདའ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། དཔའ་བོ་ཆེན་པོའི་རྣལ་འབྱོར་དུ་བྱས་ནས། བརྗིད་པའི་ཁྲོ་བོ་བ་་འཁོར་བ་ཐམས་ཅད་རུ་བཟློག་པ་དང་། སྲིད་པ་ཐམས་ཅད་བྲོ་ཟློག་པའི་ཐབས། དགྲ་བགེགས་རྣམ་གཉིས་རྡུལ་དུ་བརླག་པ་འདི་གསུངས་སོ། །ལྕགས་ཀྱི་གཟེ་མ་རྐང་བརྒྱད་ཀྱིས། །དེ་ཡི་རྣམ་ཤེས་དག་པར་བྱ། ཁམས་དང་སྐྱེ་མཆེད་མྱ་ངན་འདས། །འཁོར་བ་དོང་སྤྲུག་སྲིད་པ་བྲེ་ཡང་བཟློག །རྟེན་གྱི་ཕུར་པ་བཅུ་གཉིས་ལ། །དབང་བསྐུར་བྱིན་བརླབ་ཚུལ་བཞིན་བྱ། །བྱུག་བདུག་བརྡེག་པ་ཡང་ནི་བྱ། །ལས་ཀྱི་བྱ་བ་གཞུང་ཡང་བསྲང་། །ཁྱད་པར་མན་ངག་འདི་བསྟན་བྱ། །དཔལ་གྱི་ཕུར་པ་བདུད་འདུལ་དང་། །འདུས་པ་གཉིས་གསུམཡངཀྱི་སྲས་མཆོག་དང་། ཁྱད་པར་ཁྲོ་བོ་བཅུ་ཡིས་གདབ། །ལྷ་ཚོགས་མང་པོའི་ངོ་བོ་སྲ །སྦམས་པའི་ཕུར་པ་བཞི་པོ་ནི། །ཟུར་བཞིར་དཔའ་བོ་ཚུལ་དུ་བཞག །མ་སུ་མེ་རུ་ཧཱུཾ༷་ཧཱུཾ༷་ས་ཡ་ཡ་སྟུ༷། གསེར་གྱི་རི་རབ་ཆེན་པོ་ནི། །གྲུ་བཞི་ལྷམ་པའི་སྟེང་ཉིད་དུ། །དོན་ཡོད་གྲུབ་པ་འཁོར་བཅས་བསྒོམ། །དེ་ལྷར་ལས་རྣམས་ཟིན་གྱུར་ནས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ཕུར་པའི་རྩེ་མོ་ཡར་བསྟན་ཏེ། །ལན་གསུམ་མགོ་ལ་བསྐོར་བྱས་པས། ཁམས་གསུམ་ཐམས་ཅད་ཧཱུཾ༷་གིས་བཀང་། །སེམས་ཅན་དོན་བྱས་འཕགས་པ་མཆོད། །རིམ་གྱིས་འདུས་པས་བདུན་ཚོ་གསུམ། །དེ༷་ཡང་གཅིག་ཏུ་འདུས་པ་ནི། །མན་ངག་དམ་པ་ཡིན་པའོ། །དེ་ཉིད་བ༷སྡུ་བའི་མན་ངག་ནི། །སང་ཧ་ར་ཎ་ཧཱུཾ༷། བསྡུས་ནས་ནན་ཏན་བྱ་བ་ནི། །རྣམ་གསུམ་ཚུལ་དུ་ནན་ཏན་བྱའོ། །དེ་ནི་དབང་བསྐུར་དམ་པ་ཡིན། ཨཱོཾ་ཀྭ་ཡ་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅་ཧ༷། ཨཱོཾ་ལྷུ་ཀ་བཛྲ་སྭ་ཝ་ཨུཏྣ་ཀོ྅ཧ༷། ཨཱོཾ་ཙིཉི་བཛྲ་སྭ་བྷ་ཝ་ཨུཏྣ་ཀོ྅ཧ༷། དེ་ལྟར་ནན་ཏན་བྱས་གྱུར་ན། །གསོ་བའི་དམ་པ་ཁོ་ནའོ། །གསང་བའི་བདག་པོས་གསོལ་པ། །ཨེ་མ་ཧོ་དཔལ་ཆེན་ཀི་ལ་ཡ། །བསྒྲལ་བའི་སེམས་ཅན་ཇི་ལྟར་གསོ། །ཀི་ལ་ཡ་ཡིས་བཤད་དུ་གསོལ། །ཀི་ལ་ཡ་ཡིས་བཀའ་སྩལ་པ། །ཉོན་ཅིག་གསང་བདག་ཕྱག་རྡོ་རྗེ། །ང་ཡི་ཡིད་ལས་བྱུང་བ་འདི། །ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་མཐུའོ། །སངས་རྒྱས་ཀྱིས་བྱིན་རླབས་སོ། །ཨ་སྟི་ཙ་རའི་དུས་ལ་བབ་པའོ། །གནག་པ་དེ་ཁོ་ན་ལའོ། །ཀི་ལཡནིཉིཤུགཅིག །བརྗོད་པས་དེ་ཡི་བག་ཆགས་སྦྱངས། །གསུམ་གྱི་ངོ་བོར་སྣང་བས་ན། །ཚོན་གྱི་གྲུ་གུ་བཞིན་དུ་འདུས། །གཅིག་ཏུ་སྣང་བས་ཡེ་ཤེས་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན། །སོ་སོར་སྣང་བས་སྒྲུལ་པའོ། །དམར་པོ་ལ་སོགས་འོད་ཟེར་རྣམས། །ཐུགས་དང་ཡེ་ཤེས་ངོ་བོར་འདུས། །སྤྱོད་པ་ཀུན་གྱི་མཆོག་ཀྱང་ཡིན། །ལྟ་བ་ཀུན་གྱི་རྒྱན་ཡང་ཡིན། ཁ་དོག་སྐུ་དང་དཔེ་བྱད་དང་། །མཚན་རྣམས་ཀུན་གྱི་རྒྱུ་ཡང་ཡིན། །རྡོ་རྗེ་ཕྲ་མོ་ལ་སོགས་ཏེ། །རྡོ་རྗེ་སེམས་དཔའ་ཅི་འདྲ་བར། །འཕྲོ་འདུ་ལས་ཀྱི་སྦྱོར་བ་ལས། །ཧེ་རུ་ཀ་ནི་ཞལ་གསུམ་པ། །ཚོན་གང་བ་ཅིག་གསལ་བ་ལས། །ཡ༷་གྱིས་བཏེགས་ནས་ཕཊ་ཀྱིས་འཕངས། །གྲུབ་པའི་མཐའ་ནི་གཅིག་པའོ། །དེ་སྐད་དཔའ་བོས་ཡང་དག་གསུངས། །རྒྱུད་རྡོ་རྗེ་ཕྲེང་བ་ཞེས་བྱ་བ། །འཁོར་བ་ཐམས་ཅད་རུ་ཟློགུ་པའི་ཕུར་པ། །དགྲ་བགེགས་ཐམས་ཅད་ཐལ་བར་རློགས་པའི་ཐབས་ཏེ། འཁོར་བ་སྒོ་དགག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། གཟིར་བའི་སྙིང་པོ་འདི་གསུངས་སོ། །ཨཱོཾ་ཛ་ལ་ཛ་ལ། སྒྲུ་ཊ་སྨུ་ཊ། ནི་ར་ནི་ར་ནི་ནི། སརྦ་ན་ཀུ་ས་ར་ས་ར་ས་ར། ནི་ར་ནི་ར། ནི་ནི། བཛྲ་ཙིསྟ་ཁོ་ཁོ་ ཁོ་ར་ཁོ་ཁོ༷༷ དེ་ནི་གཟིར་བའི་སྔགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། དེབཞིནགཤེགསཔའིསྐུ་དང་གསུང་ཐུགས་ཀྱི་སྙིང་པོ་འདི་གསུངས་སོ། །ཨཱོཾ་བཛྲ་ཀི་ལ་ཀི་ལ་ཡ། ཛ་ལ་ཛ་ལ པྲ་ཛ་ལ་པྲ་ཛ་ལ། སྒྲུ་ཊ་སྒྲུ་ཊ། སརྦ་ན་པ་པ་ན་ཧཱུཾ༷་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་སྙིང་པོའོ། །ཨཱོཾ༷་བཛྲ་ཀི་ལི་ཀི་ལ་ཡ་བྱ་སྒྲི་པ་ལ་ཡ་སརྦ་དུ་་ཧྲི་ད་ཤོདྷ་ཡ་ཧུ༷། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྙིང་པོ་འདི་གསུངས་སོ། །ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་ཙིསྟ་ཧཱུཾ༷་ཙིསྟ་ཧཱུཾ༷། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོའོ། །དེ་ནས་ཡང་ཕྲིན་ལས་ཀྱི་སྔགས་སྐུ་དང་གསུང་དང་ཐུགས་ལ་སོགས་པས་གབ་པའི་ཐབས་འདི་གསུངས་སོ། །ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་དུ་་ཧཱུཾ༷། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ། སུ་རུ་སུ་རུ་ཨུ་ཙུམི་ཀྲོ་དྷ་ཧཱུཾ༷། ཨཱོཾ་བཛྲ་ཀི་ལ་ཀི་ལ་ཡ། བིད་བིད་ཧཱུཾ༷། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ། ཨསྐུ་ཤ་ཙིརྙ་ཙིརྙ་ཧཱུཾ༷། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ། མུ་ར་ཡ་མྱ་ར་ཡ་ཧཱུཾ༷། ཨཱོཾ་ན་མ༷༷ས་མརྙ་བི་ཤོ་ཏ་བི་ར་བི་ར་ཧཱུཾ༷་ཧཱུཾ༷། ཞེས་གསུངས་སོ། །དེ་ནས་ཡང་ཕྲིན་ལས་གཟིར་བའི་སྔགས་འདི་གསུངས་སོ། །ཨཱོཾ་བཛྲ་ཀི་ལི་ཀྭ་ལ་ཡ། ཏ་ཐུ་ཡ་ཏ་ཐུ་ཡ་ཧཱུཾ༷་ཕཊ། གྲོགས་དང་ཕྲོལ་ཅིག་པའི་སྔགས་སོ། །ཨཱོཾ་བཛྲ་ཀི་ལི་ཀྱི་ལ་ཡ། ཧ་ས་ཡ་ར་ན། ཧ་ཏ་ན་ཧཱུཾ༷་ཕཊ། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ། ཤི་སྨྲ༷་ན་ཡ་ཧཱུཾ༷་ཕཊ། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ། ཛ་ལ་པ་ཛ་ལ་པ་ཡ་ཧཱུཾ༷་ཧཱུཾ༷་ཕཊ། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ། ཨུ་ཝེ་ཤ་ཡ་ཨུ་ཝེ་ཤ་ཡ་ཧཱུཾ༷་ཕཊ། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ། སྟིརྙ་ཡ་སྟིརྙ་ཡ་ཧཱུཾ༷་ཕཊ། ཞེས་གསུངས་སོ། དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བའི་བདག་པོས་གསོལ་པ། ཀྱེ་མ་རྗེ་བཙུན་དཔའ་བོ་ཁྱོད། །མ་འོངས་པ་ཡི་སེམས་ཅན་ལ། །ཕན་གདགས་དོན་དུ་ཁྱོད་ཀྱིས་གསུངས། །དེ་ཡི་དོན་དེ་ཅི་ལྟར་ལགས། །གཟུགས་ཅན་སྙིང་པོ་ཇི་ལྟར་གནས། །གཟུགས་མེད་སྙིང་པོ་ཇི་ལྟར་གནས། །ལེགས་སོ་ལེགས་སོ་གསང་བའི་བདག །རྣལ་འབྱོར་དམ་ལ་གནས་པ་ལ། །བར་ཆོད་བྱེད་ཅིང་འཚེ་བ་རྣམས། །བསྟན་པ་འཇིག་ཅིང་གནོད་བྱེད་པ། །གཟུགས་ཅན་དང་ནི་གཟུགས་མེད་ལ། །གདུག་པའི་སྙིང་པོ་གང་ན་གནས། །ང་ཡིས་བཤད་ཀྱི་ཁྱོད་ཀྱིས་ཉོན། །ཞེས་བཀའ་སྩལ་པ། མ་རུངས་སེམས་ཅན་སྙིང་པོ་ནི། །འབྱུང་བ་བཞི་ལས་བསྐྱེད་པ་ཡི། །ཕུང་པོའི་དཀྱིལ་ན་ཙིསྟ་གནས། །ཙིསྟའི་དཀྱིལ་ན་འོད་ཚོན་གང་། །དེ་ཡི་དཀྱིལ་ན་ཉོན་མོངས་པ། ཁྲག་གི་སྦལ་པ་ཆགས་པའི་གཞི། །བྱིའུ་ལེན་པའི་མགོ་ཙམ་ཞིག །དེ་ནི་རྩ་ཡི་རྒྱ་མདུད་ཡིན། །དེ་ནང་ཁྲག་གི་དྭངས་མ་སྟེ། །དྭངས་མ་དེ་ལ་དབུགས་ཀྱི་རྟ། །རྟ་དེ་ལ་ནི་ཤེས་པ་ཞེན། །དེ་ཚེ་བཀྲག་དང་གཟི་མདངས་དང་། །རྩི་བཅུད་ཐམས་ཅད་རྒྱ་འདྲ་བ། །ནང་ན་སྦས་ནས་འདུག་པ་སྟེ། །སྙིང་པོ་གསུམ་གྱིས་གཟིར་གནན་བྱ། །དེ་ནི་གཟུགས་ཅན་དགྲ་ལའོ། །གཟུགས་མེད་བགེགས་ཀྱི་གནས་ལུགས་ནི། །དེ་རྣི་གཟུགས་ཅན་མེད་ཕྱིར་དུ། །རྩ་ལ་བརྟེན་པ་མ་ཡིན་ནོ། །དེ་ནས་ཡང་གསང་བའི་བདག་པོས། །བཅོམ་ལྡན་འདས་ལ། ཀྱེ་ཀྱེ་སངས་རྒྱས་འདྲ་བའི་སྟོན་པ་མེད། །དམ་ཆོས་འདྲ་བའི་སྒྲོལ་ཐབས་མེད། །དགེ་འདུན་འདྲ་བའི་སྒྲུབ་བྱེད་མེད། །གསང་སྔགས་འདྲ་བའི་མཐུ་སྟོབས་མེད། །འདི་ཡི་སངས་རྒྱས་ཇི་ལྟ་བུ། །དམ་ཆོས་མདོ་སྡེ་གང་གི་བཀའ། །སྒྲུབ་བྱེད་དགེ་འདུན་ཇི་ལྟ་བུ། །མཐུ་ནི་གསང་སྔགས་གང་གིས་བྱིན། །ཞེས་གསོལ་པས། ལེགས་སོ་གསང་བའི་བདག་པོ་ཁྱོད། །འདི་ཡིས་སངས་རྒྱས་ང་ཡིན་ནོ། །དུས་གསུམ་རྒྱལ་བའི་ཕུར་པའི་བདག །སྒྲོལ་བ་བླ་ན་མེད་པའོ། །གསུངས་སོ་ཅོག་ནི་ཕུར་པའི་ཆོས། །དགེ་འདུན་སྒྲུབ་བྱེད་ཀི་ལ་ཡ། །དམ་ཚིག་སྲུང་བྱེད་སྒྲུབ་པ་བཞི། །གསུངས་སོ་ཅོག་གི་བྱིན་རླབ་ནི། །གསང་བ་མཆོག་གི་ཀི་ལ་ཡ། །དེ་རྣམས་ཕུན་སུམ་ཚོགས་པར་ནི། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །ཅེས་བཀའ་སྩལ་ཏོ། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། གནན་གཟེར་སྙིང་པོ་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་བཛྲ་ཀི་ལ་ཡ། །ཨུ་བེ་ཤ་ཡ་ཇི་ལྟར་ལགས། ཁྲེ་སྦྱིན་བྱ་བ་ཅི་ཡི་དོན། །ཛ་ལ་ཅེས་པ་གང་ལ་གསུངས། །ཏ་ཐུ་ཡ་ནི་ཇི་ལྟར་ལགས། །ཧ་ས་བྱ་བ་དགོངས་པའི་དོན། །སྟིརྙ་བྱ་བ་ལ་སོགས་པ། །གཟིར་མནན་གསང་བའི་དོན་བཀའ་སྩོལ། །གསང་བ་ང་ཡིས་ཞུས་སོ་འཚལ། །ཀི་ལ་ཡ་ཡིས་བཤད་དུ་གསོལ། །ཞེས་ཞུསླ་པས། །ལེགས་སོ་གསང་བའི་བདག་པོ། །ཁྱོད་ཡིད་ཡང་དག་པར་སོམས་ཤིག །དེ་ཡིས་བཤད་པར་བྱའོ། །ཨུ་ཝེ་ཤ་ཡིས་དགུག་པར་བྱ། ཁེ་སྣིན་ཅེས་པས་བཅིང་པར་བྱ། །ཛ་ལ་ཅེས་པས་གཟིར་བར་བྱ། །ཏ་ཐུ་ཡ་ཡིས་མངག་པར་བྱ། །ཧ་ས་ཞེས་པས་དབྱེ་བར་བྱ། །སྟིརྙ་ཞེས་པས་གདབ་པར་བྱ། །དེ་རྣམས་སྟོང་སྟོང་ཚང་བ་དང་། །བྲམ་ཟེའམ་ནི་ཡང་ན་ནི། །སྟོང་པར་འདོད་པའི་རྣལ་འབྱོར་པས། །གདོལ་པའི་ཁང་པ་མེས་བསྲེགས་ན། །སྟོང་ཚིགས་ལས་ནི་དེར་བྱ་སྟེ། །སྨད་འཚོང་མ་ཡི་ལྡུམ་ར་སྲ ་་་དཀར་རྒྱལ་པོ་ཧོར་སྐྱེད་ལ། །རྣམ་སྣང་མཛད་དང་མི་བསྐྱོད་པ། ཁ་སྦྱར་དབུས་སུ་དྲིལ་ནས་སུ། །སྟོང་སྟོང་ཚང་ནས་བརྡེག་པར་བྱ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །གཡོན་པའི་ལག་པ་མདའ་ལྟར་བརྐྱང་། །སོག་སྲོགཡངདམར་རྒྱལ་པོ་གནམ་ལ་བསྟན། །ཐབས་དང་ཤེས་རབ་བརྩེགས་པ་ཡིས། །ཧོར་དཀྱིལ་དུ་ནི་མདའ་བཞག་ནས། །ཏིང་འཛིན་སྟོབས་ཀྱིས་འཕང་བྱས་ཏེ། །རྣལ་འབྱོར་དཔའ་བོས་འདི་སྐད་བརྗོད། །ཧཱུཾ༷་རྣལ་འབྱོར་གཙོ་ལ་མངའ་མཛད་པའི། །རྐང་མེད་མཁའ་ལ་རྒྱུག་ཅིང་འདྲིལ་བ་ཡི། །ཡུངས་ཀར་རྒྱལ་པོ་གསེར་གྱིས་མདའ། །འབྲུ་གཅིག་ལས་ནི་ཁྲོ་བོ་སྟོང་འཕྲོས་པ། །རབ་ཏུ་སྲ་མཁྲེགས་རྡོ་རྗེའི་བྲག་སྟེངས་ན། ཁྲེན་ཏུ་མི་བཟད་ཁྲོ་བོ་གཏུམ་རྔམ་ཚོགས། །དེ་དག་ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །འཇིགས་བྱེད་མཚོན་ཆ་མང་པོ་ཕྱག་ན་བསྣམས། །ཐུགས་ཀྱི་ཕོ་ཉ་མཆོག་ཡིན་ཏེ། །དོན་དུ་གཉེར་བའི་དགྲ་བགེགས་ཀུན། །མྱུར་དུ་སོད་ལ་དྲག་ཏུ་ཁུག །གཡས་གཡོན་རྒྱབ་ལ་ཡབ་ཡུམ་བཅུ། །གཉིས་མེད་འཁྲིལ་བའི་བྱིན་རླབས་འཕྲོ་འདུ་ལས། ་་་དཀར་རྒྱལ་པོ་ཁྲོ་རྒྱལ་གཙོ། །མངག་པའི་རྒྱལ་པོ་ཐུགས་རྗེ་ཅན།རྡོརྗེསྤྱནཡང།།ཨཱོཾ་ཨུ༷༷ཧཱུཾ༷་གིས་བྱིན་བརླབས་ནས། ཁྲོ་བོ་ཆེན་པོར་དབང་བསྐུར་ཏེ། །སྡང་བའི་དགྲ་བགེགས་ཐལ་བར་རློག །ཅེས་གསུངས་སོ། ཁུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། །གཟིར་བ་སྔགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་ཀི་ལ་ཡ་ཆེན་པོས། བྷ་ག་ཙཎྜའཁོར་ལོ་ཨེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །མ་མཐོང་འགྲོ་བ་དྲང་བའི་ཕྱིར། །དཀྱིལ་འཁོར་ལ་སོགས་བྱ་བ་ཡི། །ས་ཆོག་ལ་སོགས་དཀྱིལ་འཁོར་ལ། །གནས་ཀྱི་བྱ་བ་བཙལ་བ་ནི། །གཞུང་བཞིན་བ་ཡི་ཐིག་ལ་སོགས། །འཁོར་ལོ་རྩིབས་བརྒྱད་ཨེ་རུ་བཅས། ཁུ་ཆད་རྡོ་རྗེ་ར་བས་བསྐོར། ཁྱམས་ནི་རྣམ་པ་བཞི་རུ་བཏང་། །དབུས་ཀྱི་ཆོས་ཀྱི་འཁོར་ལོ་ནི། །ཆོས་ཀྱི་སྐུ་ཡི་རྟགས་ཡིན་ཏེ། །ལྷ་དང་ཡེ་ཤེས་དཀྱིལ་འཁོར་རྣམས། །རྣལ་འབྱོར་དཔའ་བོས་ཤེས་པར་བྱ། །དུར་ཁྲོད་ལ་སོགས་རྒྱན་རྣམས་ནི། །ཡང་དག་ཉིད་དུ་དགོད་པར་བྱ། །ལྷ་རྣམས་དགོད་པའི་ཐབས་ཀྱང་བཙལ། །ཧོམ་དང་མནན་པ་ཟོར་དང་འདེབས། །དཀྱིལ་འཁོར་ལྔ་ནི་འབྲེལ་བར་བྱ། །དེ་ནས་གཅད་པའི་མཚམས་ཀྱང་བྱ། །བདུད་རྩི་གཏོར་མ་རཀྟ་བརླབ། །ཕུར་པ་རྣམས་ལ་ལྷ་རྣམས་གཞུག །རྣལ་འབྱོར་གཞུང་བཞིན་བྱས་ནས་ནི། །རྣལ་འབྱོར་བཞི་དང་བསྙེན་བསྒྲུབ་བཞི། །ལམ་ལྔ་དག་དང་ཚུལ་བསྟུན་ནས། །སངས་རྒྱས་ཉིད་ཀྱིས་བཀྲི་བར་བྱ། །བདག་དོན་རྫོགས་ནས་གཞན་དོན་ནི། །གྲུབ་མཐའ་གཅིག་ཏུ་བསྟན་པའོ། །རྟེན་འབྲེལ་འཁོར་བ་དགག་པ་ནི། །ཡེ་སངས་རྒྱས་ཀྱིས་སྔོན་ནས་གསུངས། ཁུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས། དཀྱིལ་འཁོར་གྱི་བཅའ་གཞི་བསྟན་པས། འཁོར་བའི་སྒོ་དགག་པ་དང་། རྟེན་འབྲེལ་རྩ་བ་གཅད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཆོ་འཕྲུལ་དབང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།འདི་སྐད་ཅེས་གསུངས་སོ། །རྫས་ལ་བྱིན་གྱིས་བརླབས་ནས་ནི། །ཕྱི་ཡི་ཕུར་པ་ནང་དབང་བསྐུར། །དེ་ཉིད་སངས་རྒྱས་དངོས་པོ་སྟེ། །དྲང་བའི་དོན་གྱིས་སངས་རྒྱས་ནི། །འགྲོ་བའི་དོན་དུ་བྱིན་བརླབ་བྱ། །བྱེ་བྲག་སོ་སོར་བཤད་པ་ནི། །སྒྲུབ་བྱེད་སྒྲུབ་མཁན་སྒྲུབ་གཞི་གསུམ། །དང་པོར་ཆོས་སྐུར་བྱིན་གྱིས་བརླབ། །རྐྱེན་གྱི་སྔགས་ཀྱང་བརྗོད་པར་བྱ། །དངོས་པོ་ཐམས་ཅད་སྟོང་པའོ། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ། །ཧཱུཾ༷ལས་འོད་ཟེར་འཕྲོ་འདུ་ཡིས། །རིགས་ལྔར་བྱིན་གྱིས་བརླབ་པའོ། །དེ་ནས་སྲས་མཆོག་ཀི་ལ་ཡ། །སྐུ་མདོག་གདན་ཁྲི་ཆས་དང་ལྡན། །སྔགས་ཀྱི་འཕྲོ་འདུས་བསྐྱེད་པ་ནི། །སྤྲུལ་པ་ཁོ་ན་ངེས་པ་ཡིན། །གནས་གསུམ་དག་ཏུ་དབང་བསྐུར་ནས། །སྐུ་གསུང་ཐུགས་དང་ཡང་ལྡན་ཏེ། །དེ་ལ་ནན་ཏན་བསྐྱེད་པར་བྱ། །སྔོན་སངས་རྒྱས་ཀྱིས་དེ་སྐད་གསུངས། །ངོས་གསུམ་ཧཱུཾ༷་གསུམ་ཡི་གེའི་ཚོགས། །འཕྲོ་འདུས་ལས་ཀྱི་སྦྱོར་བ་ལས། །བྱང་ཆུབ་སེམས་ཀྱི་གཞིར་གྱུར་པ། །རྩེ་མོ་ཉིད་ལ་བསམ་པར་བྱ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱང་། །ཡི་གེའི་སྒྲ་ཉིད་བརྗོད་པ་ལས། ཁྲོ་བོ་བྱེ་བ་སྟོང་བྱུང་སྟེ། །ཕུར་པ་ཉིད་ལ་བསྟིམ་པར་བྱ། །ཨོ་ལ༷་ཧཱུཾ༷་ལ༷་སྟུ༷་ལ༷་བྷརྙ་མ་ཧྭ་ཀྭ་ཡ་ཝག་ལྷུན། ཐྲི་ཀྲི་བྱི་ཀྲི་བཛྲ་ཧཱུཾ༷་ཀྭ་ར། ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། བཛྲ་ཀི་ལི་ཀི་ལ་ཡ། ཛ༷༷ཧཱུཾ༷་བ༷་ཧོ༷༷ སརྦ་བིསྣྲུན་བ༷་ཧཱུཾ༷་ཕཊ། བཛྲ་ཀི་ལི་ཀི་ལ་ཡ། ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། བཛྲ་ཧཱུཾ༷་ཀྭ་ར་ཨ་ཨ་ཨ། ཁྲོ་མོ་བཞི་ཡི་བྱིན་གྱིས་རླབས་ཀྱིས། །རི་རབ་བཞིན་དུ་བརྟན་པར་འགྱུར། །རྣལ་འབྱོར་དཔའ་བོའི་ལག་པ་ལ། །ཐབས་དང་ཤེས་རབ་དཀྱིལ་འཁོར་ཏེ། །ཡབ་ཡུམ་བཅུ་ཡི་སྦྱོར་བ་ལས། །འཁོར་ལོ་གསང་བའི་དབང་སྐུར་རོ། །བསྙེན་པ་བྱེ་བས་ཡ་དང་། །བདུན་འབུམ་གྲངས་ནི་བརྗོད་མེད་ཀྱིས། །ཕུར་པའི་སྐུ་ལ་བཙུད་པ་དང་། །འཕགས་པའི་ཐུགས་དམ་རྒྱུད་བསྐུལ་བ། །མཐའ་རུ་ཕྱིན་པའི་བསྙེན་པའོ། །དེ་ནས་ཡང་ཀི་ལ་ཡས་རང་བཞིན་གྱི་བསྟོད་པ་འདི་གསུངས་སོ། ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར། །སྲིད་གསུམ་ཕུར་བུའི་རྟོགས་པའི་ངང་། །ཚམ་རྔམས་གཟི་བྱིན་གློག་ལྟར་འབར། །ལག་ཏུ་བླངས་ཏེ་དྲིལ་ནས་ཀྱང་། །ཡུམ་བཞིའི་ཕྱག་རྒྱས་བྱིན་བརླབས་ནས། །དྲིལ་བས་ཁམས་གསུམ་སྒྲོལ་བར་འགྱུར། །སྲིད་པ་གསུམ་ཡང་གསལ་འཚེར་ན། ཁྲོ་བོའི་ཕུར་པས་རབ་བརྒྱན་ཏེ། ཁམས་གསུམ་དབང་དུ་ཡང་དག་སྡུད། །སྲིད་པ་གསུམ་ཡང་ཐབས་ཤེས་བྱ། །བསྐྱེད་པ་མེད་པའི་རི་རབ་ཀྱིས། །མཁའ་ཡི་གཏུམ་ཁུང་བདེ་བ་སྲ །ལྷ་ཡང་རུང་སྟེ་མྱོས་བརྒྱལ་ནས། །བྱང་ཆུབ་སེམས་ཀྱི་ཕུར་བུ་ཡིས། །མ་བཏབ་བཞིན་ཏུ་ལྷུན་གྱི་རྫོགས། །མཉམ་པའི་རྒྱལ་པོས་སྤགས་ཏེ་བསྒྲལ། །འཛིན་ཆགས་ཐམས་ཅད་རྣམ་པར་གྲོལ། །འདི་ནི་བྱང་ཆུབ་སེམས་ཀྱི་མཐུ། །མ་ལུས་ཕུར་པ་ཐེབས་ཤེས་བྱ། །དཔའ་བོ་ཆེན་པོས་བ་་ནས་ནི། ་ན་ཏུ་བསྒྲལ་ནས་དགྱེས་བསྟར་ཏེ། །ཟ་བྱེད་ཀུན་ལ་བསྟབ་པར་མཛད། ཁ་ཁ་ཁ། ཧ་ཧ་ཧ། ཁ་ར༷་ཁུ་ཧི། བསྟབ་པ་དང་བསྟོད་པ་འདི་ནི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་སྒོ་ནས་བསྟོད་པའོ། ཁྲོ་རྒྱལ་འཇིགས་བྱེད་བཛྲ་ཀི་ལ་ཡ། །སྡུག་བསྔལ་འཇོམས་མཛད་སྤྱི་བོའི་རྒྱ་མདུད་ནི། །སྲིད་གསུམ་མ་ལུས་དབྱིངས་སུ་བསྒྲལ་མཛད་པ། །མ་སྐྱེས་ལྷུན་གྱིས་གྲུབ་པར་གཟི་བྱིན་བསྐྱེད། །རྐེད་པ་རྒྱ་མདུད་ཟུར་དྲུག་ཡེ་ཤེས་དྲུག །ཆུ་སྲིན་ཁ་དང་སྦྲུལ་གྱི་ཆུན་པོས་བརྒྱན། །མ་བཅོས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་། །འབྱུང་བ་ཡུམ་གྱི་ལྷུམས་སུ་གཟི་བྱིན་བསྐྱེད། །ཟུར་བཞི་ལོགས་བཞི་ཁྲོ་མོ་བརྒྱད་ཀྱིས་ནི། །རྣམ་ཤེས་ཚོགས་བརྒྱད་དུར་ཁྲོད་བརྒྱད་དུ་སྒྲོལ། །སྡུག་བསྔལ་བརྒྱད་པོ་གནས་སུ་བསྒྲལ་ནས་ཀྱང་། །བཅུ་དྲུག་རོལ་པའི་ཕོ་ཉར་གཟི་བྱིན་བསྐྱེད། །རྩེ་མོ་ཟུར་གསུམ་སྐུ་གསུང་ཐུགས་ཀྱི་ངང་། །དུག་གསུམ་འཁོར་བའི་བཙོན་ར་གོ་དྲལ་ནས། །ལུས་ངག་ཡིད་གསུམ་བག་ཆགས་གཏན་སྦྱངས་ནས། །ས་གསུམ་ཟིལ་གྱིས་མནན་པའི་གཟི་བྱིན་བསྐྱེད། །མ་བཅོས་ལྷུན་གྱིས་གྲུབ་པའི་ཀི་ལ་ཡ། །ཞི་བས་སྤ་བཀོང་རྒྱས་པས་ཟིལ་གྱིས་མནོན། །དབང་གིས་མངོན་སུམ་དྲག་པོས་ཚར་བཅོད་པ། །གང་ལ་དམིགས་པའི་དགྲ་བགེགས་རླག་པར་བྱེད། །ཀི་ལ་ཡ་ཡིས་མཆོད་པ་བཞེས་སུ་གསོལ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བ་ལས།བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། བསྟོད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀི་ལ་ཡའི་རྒྱལ་པོས་བཀའ་སྩལ་པ། ཉོན་ཅིག་གསང་བདག་ཕྱག་རྡོ་རྗེ། །བསྒྲལ་བའི་རྫས་མཆོག་དམ་པ་ལ། །རྟེན་འབྲེལ་ནུས་པའི་རྫས་མཆོག་གིས། །བཏབ་ན་ཤིན་ཏུ་རླག་པར་འགྱུར། །དེས་ན་བྱུག་བདུག་བརྡེག་དང་གསུམ། །གཞུང་ལས་འབྱུང་བར་ང་ཡིས་སྨྲས། །ཞེས་བཀའ་སྩལ་ཏོ། །དེ་ནས་བསྟོད་པའི་རྒྱལ་པོ་འདིས་ཆེད་དུ་བརྗོད་དོ། །དིསྟ་ཙཀྲ་ཕུར་པའི་ལྷ། །དམར་པོ་གཅེར་བུ་རལ་པ་ཅན། །ཀུན་ཀྱང་ཁྲོ་བོ་ཆེན་པོ་ལ། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །རལ་གྲིའི་སྐྲ་ལ་ཕུར་པའི་སོ ལྟེ་བ་ཡན་ཆད་ཆས་རྣམས་ནི། །ན་བཟའ་རྡོ་རྗེ་གོ་ཆས་གཏམས། །ལྟེ་བ་མན་ཆད་ཆས་རྣམས་ནི། །ཨུཏྲུལ་སྔོན་པོའི་མདོག་འདྲ་བ། །འབར་བའི་ཕྲེང་བས་འཁྲིགས་པའི་འོད། །ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། །བཏབ་ན་ལྷ་ཡང་རླག་པའི་ཕྱིར། །གནོད་བྱེད་བགེགས་ལ་སྨོས་ཅི་དགོས། །ཀི་ལ་ཡ་མྱ་ར་ཡ་ཕཊ། །བྱུག་བདུག་བརྡེག་པའི་སྒོ་ནས་བསྟོད་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀི་ལ་ཡའི་བདག་པོ་དེས།སངས་རྒྱས་ཀུན་གྱི་གཟུགས་ཀྱིས་བརྒྱན་པ། སྨྲ་མགོན་ཀུན་གྱི་བློན་པོར་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེས་པོར་གྱུར་པ། སེམས་ཅན་ཀུན་གྱི་སྨན་པར་གྱུར་པ་དེ་ལ། འདུས་པའི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ། དབྱངས་གཅིག་གི་སྒོ་ནས་བསྟོད་པ། ཟུང་རྔུ་མེད་པའི་སྐུ་གཟུགས་ལ། །དུར་ཁྲོད་ཆས་སམ་དཔེ་བྱད་ཀྱིས། །སྐུ་ཡི་དཔའ་བོ་ཁྱོད་ཉིད་ལ། །སྐུ་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །གསུང་བ་མེད་པའི་ང་རོ་ཡིས། །བརྗོད་པ་ཐམས་ཅད་སྔགས་ཀྱི་ཚོགས། །ཧ་དང་ཧེ་དང་སྨྱོ་དང་ཛ། །ཨཱོཾ་དང་ཨུ༷༷ཧཱུཾ༷་གང་གསུངས་པས། །གསུངས་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཐུགས་ཀྱིས་མ་བསམས་གཅིག་ཀྱང་མེད། །ཆོས་ཅན་ཆོས་ཉིད་འབྱེད་པ་མཁྱེན། །རི་བོའི་རྡུལ་དང་རྒྱ་མཚོའི་ཐིགས། །མྱ་ངན་འདས་མཁྱེན་ཁྱོད་ཕྱག་འཚལ། །ཞེས་གསོལ་པས། འཁོར་རྣམས་ལ་གཟིགས་ནས། ཅི་ཡང་མི་གསུང་བར་སྐུ་གསུང་ཐུགས་ཀྱི་ངང་ལ་མི་སྣང་བར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། འུ་ཅག་འཁོར་འདུས་པ་རྣམས་ཀྱིས། ཀི་ལ་ཡས་གསུངས་པ་འདི་བཅང་བར་བྱའོ། །མཆོད་པ་ལ་སོགས་པ་ཐམས་ཅད་བྱའོ། །མ་འོངས་པ་ལ་ཕན་པར་བྱའོ། །དེ་ལྟར་བྱས་ནས་དུས་མ་ཡིན་པར་འཇིགས་པ་ཐམས་ཅད་དང་སེམས་ཅན་་རྣམས་འབྲལ་ལོ། །ཞེས་གསུང༷ ས་ནས་འཁོར་རྣམས་ཀྱང་མི་སྣང་བར་གྱུར་ཏོ། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕྲེང་བའི་རྒྱུད་རྣམ་པར་རྒྱལ་བའི་རྟོག་པ། བཤད་པ་དང་བཤད་པའི་མན་ངག །ཐུན་མོང་དང་ཐུ་ ན་མོང་མ་ཡིན་པ་ལས་ཀྱང་ཐུ་ན་མོང་མ་ཡིན་པ། ཁྱད་པ་ར་དང་ཁྱད་པར་མ་ཡིན་པ་ལས་ཀྱང་ཁྱད་པར་དེ། དམ་པ་གསང་ཆེན་གྱི་རྒྱུད་རྡོ་རྗེ་ཕྲེང་བ་ཞེས་བྱ་བ། རྣམ་པར་རྒྱལ་བའི་རྟོག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཙྭ་ན་གསྙེ་དང་། བོད་ཀྱི་ལོ་སྣྲོ་བ་བསྡེ་བི་རོ་ཙ་ནས་བསྒྱུར་བ་ལས། ཕྱིས་སྐད་གསར་བཅད་ཀྱིས་ཕབ་པའོ།། །།སིརྙི་རསྟུ། རྒྱ་གར་སྐད་དུ། བདྲོ་ཧྭ་ར་མ་ཧྭ་ཡོ་ག་ཏནྟྲ་ཀི་ལ་ཡ་ནཱ་མ། བོད་སྐད་དུ། ཕུར་པ་རྡོ་རྗེ་བཀོད་པ་རྣལ་འེབྱོར་ཆེན་པོའི་རྒྱུད།