Ngb-pt-0309-vol-04-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། བུརྙ་ཨ་མྲི་ཏ་ཙྭ་ན་པྲ་བྷ་བཱན་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ཅེས་བྱ་བ། བྷ་ག་བཱན་རྭ་ཛ་ཨ་མྲི་ཏ་ན་མ། བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་དང་། ཀུན་ཏུ་བཟང་མོ་གཉིས་རི་རབ་ཀྱི་རྩེ་མོ་ལ་བདུད་རྩི་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་ཀ་ནས། འོད་ཟེར་རྣམ་པ་ལྔ་ཡང་ཕྱོགས་བཅུར་འཕྲོས་པ་ལས་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་དང་། ཁྲོ་བོ་ཁྲོ་མོ་དང་། སེམས་དཔའ་སེམས་མ་དང་། དཔའ་བོ་དཔའ་མོ་དང་། རིགས་གསུམ་མགོན་པོ་དང་། ལྷ་ཀླུ་གནོད་སྤྱིན་དྲི་ཟ་དང་། ཚངས་པ་ཁྱབ་འཇུག་མ་ཧྭ་དེ་བ་ལ་སོགས་པ་འདུས་ཤིང་འཁོད་དེ། ཡེ་ཤེས་སྤྲིན་ཕུང་འཁྲིགས་ནས། བདུད་རྩིའི་ཆར་ཕབ་པས། རི་རབ་ཀྱི་བང་རིམ་ལ་སོགས་པ། འཇིག་རྟེན་དུ་བདུད་རྩི་བཅུད་དང་ལྡན་པ་ཞེས་བྱ་བ། རྩ་བ་གྲོ་མའམ་སྲན་ནག་སྤངས་པ་འདྲ་བ། ཚིག་རིང་ཚི་བ་དང་། རོ་ཁ་ལ་དངས་པ། མངར་ལ་ཚ་ཞིང་བདེ་བ། མེ་ཏོག་ལྔ་དང་ལྡན་ཞིང་། བདུད་རྩིའི་ཟིལ་པ་ཆགས་པ་ནུབ་མོ་འོད་དང་ལྡན་པ་འཁྲུངས་ཏེ། འདུས་པའི་འཁོར་རྣམས་ཀྱིས་ཟོས་པས། ཀུན་ཀྱང་བདེ་བས་བརྒྱལ་ཏེ་བོག་གོ །ས་ཡང་རབ་ཏུ་གཡོས་སོ། །ཀུན་ཏུ་རབ་ཏུ་ཡོས་སོ། །ཀུན་གྱི་བྱང་སེམས་དཀར་དམར་འཕེལ་ཤིང་བོ་བ་ལས། ས་བབ་དང་། ཆུ་བབ། མེ་བམོ། རླུད་བཅུད། ནམ་མཁའི་བཅ། རྡོ་བབ། སྔོ་བབ།ལྡུམ་བུའི་བཅུད། ལྔ་ལྡན་བཅུད། སྤོས་བཅུད། ཤིང་བཅུད། ཤ་བཅུད་ལ་སོགས་པ། སྲིད་པའི་བཅུད་ཐམས་ཅད་རྒྱས་ཤིང་འཁྲུངས་པར་གྱུར་ཏེ། འདི་རྣམས་ཀྱི་བཅུད་ཁོང་དུ་སོང་བ་ལ་བརྟེན་ནས་བདེ་བ་རྒྱས་ཏེ།འགྲོ་བ་མི་ལ་སོགས་པ་དཔག་ཏུ་མེད་པ་འཕེལ་ལོ། །རྡོ་རྗེའི་རིགས་རྣམས་ཀྱིས་ཞི་བའི་ལས་རྣམས་གྲུབ་ཅིང་མེ་ལོང་ཡེ་ཤེས་ལ་མངའ་བརྙེས་སོ། །རིན་ཆེན་རིགས་རྣམས་ཀྱིས། །རྒྱས་པའི་ཕྲིན་ལས་གྲུབ་ཅིང་།མཉམ་ཉིད་ཡེ་ཤེས་ལ་མངའ་བརྙེས་སོ། །པདྨའི་རིགས་རྣམས་ཀྱིས། དབང་གི་ཕྲིན་ལས་གྲུབ་ཅིང་། སོ་སོར་རྟོགས་པའི་ཡེ་ཤེས་ལ་མངའ་བརྙེས་སོ། །ལས་ཀྱི་རིགས་རྣམས་ཀྱིས། དྲག་པོའི་ཕྲིན་ལས་གྲུབ་ཅིང་།བྱ་བ་གྲུབ་པའི་ཡེ་ཤེས་ལ་མངའ་བརྙེས་སོ། །བུརྙའི་རིགས་རྣམས་ཀྱིས། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཐམས་ཅད་གྲུབ་ཅིང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མངའ་བརྙེས་སོ། །ཐུགས་རྗེ་ཆེན་པོས་ཡེ་ཤེས་ལ་མངའ་བརྙེས་སོ། །ཕྱག་ན་རྡོ་རྗེས་ནུས་མཐུ་ལ་མངའ་བརྙེས་སོ། །འཇམ་དཔལ་ཤེས་རབ་ལ་མངའ་བརྙེས་སོ། །ལྷ་ཀླུ་གནོད་སྤྱིན་དྲི་ཟ་རྣམས་ཀྱིས་ལོངས་སྤྱོད་ལ་མངའ་བརྙེས་སོ། །ཚངས་པ་ཁྱབ་འཇུག་མ་ཧྭ་དེ་བ།སྲིད་པ་གསུམ་ལ་མངའ་བརྙེས་ཤིང་། ས་ཆུ་མེ་རླུད་ནགས་ཀྱི་ལྷ་ལ་སོགས་པ་བདག་བྱས་སོ། །སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་གསང་བདག་རྡོ་རྗེ་འཛིན། །གུས་པས་ཕྱག་འཚལ་ཐལ་མོ་སྦྱར། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །འགྲོ་བའི་མགོན་པོ་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལས་རབ་བཞེངས་ཤིག །ཨེ་མ་ཨེ་མ་ཏིང་འཛིན་ལྔས། །བདུད་རྩི་ཡེ་ཤེས་འོད་ཟེར་ཅན། །འདི་ཡི་རྒྱུ་རྐྱེན་འོད་ཟེར་ཅི། །སྨིན་བྱེད་དབང་གི་འོད་ཟེར་སྐུར། །དམ་ཚིག་སྡོམ་པ་གང་ལྟར་བསྲུང་། །བརྟག་ཅིང་བསྡུ་བ་ནམ་ཙམ་ཡིན། །འདི་མཐུས་རྩལ་ནི་གང་གང་གདོན། །བཅུད་ཀྱི་ལེན་ལུགས་ཇི་ལྟར་བགྱིད། །འདི་དུས་ལྷ་ནི་གང་གང་བསྒོམ། །ལྟ་བསྒོམ་སྤྱོད་འབྲས་ཇི་ལྷར་འཆད། །ཞི་རྒྱས་དབང་དྲག་དགུག་བསྐྲད་མནན། །གཟིར་ལ་སོགས་པའི་ལས་སོགས་དང་། །འཆང་ཞིང་གཏད་པ་ཇི་ལྟར་བགྱི། །འདུས་པའི་འཁོར་ལ་གསུང་དུ་གསོལ། །སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། ཞུས་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོས་ཞལ་གྱི་འཛུམ་པ་རབ་ཏུ་བསྟན་ནས། །འདུས་པའི་འཁོར་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ་གསང་བའི་བདག །ཁྱེད་ཀྱི་ཞུས་པ་ཤིན་ཏུ་ལེགས། །ཆོས་ཉིད་ནམ་མཁའ་སྐྱེ་མེད་ལས། །ང་ཡི་འོད་ཟེར་རྣམ་ལྔར་ཤར། །རིགས་ལྔ་བཞི་ཁྲོ་ཡབ་ཡུམ་དང་། །སེམས་དཔའ་སེམས་མ་རིགས་གསུམ་མགོན། །དཔའ་བོ་དཔའ་མོ་ཐམས་ཅད་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟའི་ཚོགས། །ཚངས་པ་ཁྱབ་འཇུག་མ་ཧྭ་དེ་བ། །འཁོར་འདས་མ་ལུས་ཐམས་ཅད་ཀུན། །ང་ཡི་ཏིང་འཛིན་སྤྲུལ་པ་ཡིན། །ངས་བཤད་མ་ནོར་ཡིད་ལ་བཟུང་། །བདུད་རྩི་ཡེ་ཤེས་འོད་ཟིལ་ཅན། །འདི་རྒྱུ་ཀུན་བཟང་བྱང་ཆུབ་སེམས། །རྒྱུ་རྐྱེན་ཡབ་ཡུམ་བདེ་སྟོང་རྩལ། །དྲོད་གཤེར་བྱིན་བརླབས་འདུས་ལས་སྐྱེས། །འདི་ཡི་ཡོན་ཏན་ཐོས་པས་མྱོང་། །རྡོ་རྗེ་ཞི་བ་མེ་ལོང་ཉིད། །རིན་ཆེན་རྒྱས་པ་མཉམ་ཉིད་དོ། །པདྨ་དབང་དང་སོ་སོར་རྟོགས། །ལས་ཀྱིས་དྲག་པོའི་བྱ་བ་འགྲུབ། །བུརྙས་ཀུན་འགྲུབ་ཆོས་དབྱིངས་ཐོབ། །ཞི་ཁྲོ་ཡི་དམ་ལྷ་ཞལ་མཐོང་། །སྙིང་རྗེ་ནུས་མཐུས་ཤེས་རབ་སྐྱེད། །དཔའ་བོ་དཔའ་མོ་འདུ་ཞིང་སྡུད། །ལྷ་ཀླུ་གནོད་སྤྱིན་དྲི་ཟ་དང་། །ཚངས་པ་ཁྱབ་འཇུག་མ་ཧྭ་དེ། །དབང་བསྒྱུར་ལས་ཀུན་ཅི་བཅོལ་བྱེད། །རྐང་མགྱོགས་མིག་སྨན་མངོན་ཤེས་འགྲུབ། །སྒྲོ་ལྟར་ཡང་ཞིང་རླུད་ལྟར་མགྱོགས། །གྱད་སྟོབས་ལྡན་ཞིང་ལོ་སྟོང་ཐུབ། །ཀུན་ཡིད་འཕྲོག་ཅིང་ཌའ་ཀི་འདུ། །བདེ་བ་རྒྱས་ཤིང་ལན་བརྒྱ་ནུས། །ཟས་ནོར་འདུ་ཞིང་ཞེན་ཆགས་བྲལ། །རང་རིག་རྟོགས་ནས་ཟག་པ་ཟད། །མི་སྣང་ཆོས་དབྱིངས་ངང་དུ་གནས། །ཐ་མལ་སེམས་ཅན་ཕལ་པ་དང་། །དུད་འགྲོ་རྣམས་ཀྱིས་ཟོས་གྱུར་ཀྱང་། །བཅུད་འཕེལ་ལུས་རྒྱས་ཚེ་རིང་ཞིང་། །སྲིད་འཕེལ་མདངས་ལྡན་རྨ་ལ་བཟང་། །སྐྲུ་ལེགས་ཤ་རྒྱས་འོ་མ་ཆེ། །རིགས་མདངས་བདེ་བས་མཆོག་ལ་སྐྱེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། གནས་ལུགས་རྒྱུ་རྐྱེན་ཡོན་ཏན་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་དབང་བསྐུར་ནི། །བླ་མ་མཚན་ཉིད་ལྡན་པ་ལ། །ཡིད་འོང་དབེན་པའི་གནས་ཉིད་དུ། །ཞེན་ལོག་དད་བརྩོན་ལྡན་པ་ཡིས། །དབང་བསྐུར་བཅུད་ལེན་གདམས་ངག་ཞུ། །དུས་ནི་ཚེས་གྲངས་བཟང་པོ་ལ། །ཐབས་ཤེས་སུ་ར་འཛོམ་བྱས་ཏེ། །སྟེགས་བུ་མདའ་གང་གྲུ་བཞིའི་མཁར། །དཀར་སེར་དམར་ལྗང་དབུས་མཐིང་གའི། །པད་འདབ་བཞི་པ་ཚོམ་བུ་ལྔ། །གཏོར་ཚོགས་མར་མེ་མེ་ཏོག་སྤོས། །ཐོད་རྔ་དྲིལ་བུ་མི་རྐང་གླིང་། །གསུར་ཆེན་དུད་པ་ཨ་མྲི་ཏ། །བླ་མ་དཔའ་བོ་དཔའ་མོས་བསྐོར། །ཨོ་ཨུ༷༷ཧཱུཾ༷་མེ་ལོང་ལ་བྲིའོ། །བུམ་ཐོད་བདུད་རྩི་འབྲུ་གསུམ་དོན། །སྐལ་དང་ལྡན་ལ་དབང་བསྐུར་བྱ། །སྟོན་པ་བཅོམ་ལྡན་ཐུགས་རྗེའི་བདག །འགྲོ་བ་སྨིན་ཅིང་གྲོལ་ལ་དགོད། །དུག་ལྔའི་ནད་འཇོམས་བདུད་རྩིའི་རྒྱལ། །ཡེ་ཤེས་འོད་ལྡན་དབང་བསྐུར་སྩོལ། །ལན་གསུམ་ཞུ་བ་ཕུལ་དུས་སུ། །རོལ་མོའི་སྒྲ་སྒྲོག་རིག་པ་བསྐུལ། །འདར་འཕར་འཁྲབ་ཅིང་མི་རྟོག་སྐྱེ། །བྱིན་རླབས་དག་སྣང་རྒྱ་ཆེར་འཆད། །ཁྲུས་བུམ་སློབ་མའི་མགོ་ཐོག་གཞག །སྣོད་བཅུད་གཞལ་ཡས་ལྷ་ཡི་ཚོགས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ལུས་ཀྱི་དྲི་མ་དག་གྱུར་ནས། །སངས་རྒྱས་སྐུ་དང་མཉམ་པར་ཤོག །ཀྭ ཡ ཨ སྟིཁི྅ཨོ། དེ ནསཐོད་པའི་བདུད་རྩི་སྦྱིན། །དུག་གསུམ་སངས་རྒྱས་ཏིང་འཛིན་བཅུད། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ངག་གི་དྲི་མ་དག་གྱུར་ནས། །སངས་རྒྱས་གསུང་དང་མཉམ་པར་ཤོག །ལྭཀ་ཨ་སྟི་ཁི྅་ཨུ༷༷། དེ་ནས་མེ་ལོང་ཨ་ཧཱུཾ༷་བསྟན། །སྐུ་གསུང་ཐུགས་ལྡན་རང་རིག་གིས། །སྐལ་དང་ལྡན་ལ་དབང་བསྐུར་བས། །སེམས་ཀྱི་དྲི་མ་དག་གྱུར་ནས། །སངས་རྒྱས་ཐུགས་དང་མཉམ་པར་ཤོག །ཙིསྟ་ཨ་སྟི་ཁེ྅་ཧཱུཾ༷། དེ་ནས་ཨུ་ལོ་ཀེ་བསྟན་ལ།གསལ་གྱུར་རིག་སྟོང་ཀུན་ལ་ཁྱབ། །སྐལ་དང་ལྡན་ལ་དབང་བསྐུར་བས། །ལུས་ངག་ཡིད་གསུམ་དག་གྱུར་ནས། །སངས་རྒྱས་ཐུགས་དགོངས་ལྡན་པར་ཤོག །ཀྭ་ཡ་ལྷུ་ཀ་ཙིཏི་ཨུ་ལོ་ཀེ་མ་ཧྭ་དྷརྨ་ཀྭ་ཡ་ཨ་སྟི་ཁི྅་ཨོ་ཨུཿཧཱུཾ༷། ཡེ་ཤེས་འོད་ལྡན་རྒྱུད་ལས། དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་དམ་ཚིག་ནི། །ལུས་ངག་ཡིད་གསུམ་མི་དགེ་སྡོམ། །དམེ་ཡུགས་མཛེ་ཕོའི་ཟས་གོས་སྤང་། །དུར་ཁྲོད་རྒྱུ་ཞིང་བཅུ་ལེན་བྱ། །མེ་དང་ཉི་མ་ཡུན་མི་རིང་། །ལུས་ལྷ་ངག་སྔགས་སེམས་ཉིད་བལྟ། །མངའ་གསོལ་བསྟོད་པ་ཉམས་གླུ་ལེན། །ཆགས་སྡང་ལོང་གཏམ་སྨྲ་བ་སྤང་། །སྐྱིད་སྡུག་འཁྲུལ་རྟོག་རྗེས་བཅདལ། །ཅི་ཡང་མི་དམིགས་དོན་ལ་བཞག །ཡེ་ཤེས་འོད་ལྡན་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་བརྟགས་ཤིང་བཏུ། །དུས་ནི་དབྱར་སྨད་སྟོན་སེར་ཁ། །བདེ་གཤེགས་གསུང་བསྒྲགས་ཌའ་ཀི་གནས། །གྲུབ་ཐོབ་ཞབས་བཅགས་གཉན་པའི་ས། །ཉི་ལོགས་ཡིད་འོངས་པདྨ་སྐྱེ། །ཚིག་རིང་ཚི་ཅན་སྣུམ་འོད་ལྡན། །སེམས་ཅན་སྦྲང་བུ་ཕྲ་མོ་སྡུད། །རྩ་བ་སྲན་ནག་གྲོ་མ་འདྲ། །རིང་ཐུང་མཐོ་གང་ཆགས་གང་ལྷག །མེ་ཏོག་ལྔ་ལྡན་ཤས་ཆེར་དཀར། །དུས་གསུམ་སངས་རྒྱས་ཏིང་འཛིན་བཅུད། །བདེ་བ་མཆོག་ལས་འཁྲུངས་པ་ཡིན། །འདི་དང་སུ་འཕྲད་སྐལ་དང་ལྡན། །ཉ་དང་གནམ་སྟོང་ཚེས་བརྒྱད་དང་། །ཚེས་བཅུ་ཉེར་གཉིས་ཉེར་ལྔ་དང་། །ཁྱེའུ་བུ་མོ་གཞོན་ཡིད་འོང་། །ཁྲུས་བྱས་རྒྱན་བརྟགས་རྣམས་ཀྱིས་བཏུ། །ཡང་ན་དགེ་སྦྱོང་རྣལ་འབྱོར་པ། །ཁྲིམས་གཙང་བྱམས་ལྡན་རྟོགས་ལྡན་བཏུ། །ཨོ་སི་ལི་སི་ལི་པདྨ་སི་ལི་གྲྭ་ཧྭ། མ་རུལ་མ་སུམས་གྲིབ་བསྐམ་བྱ། །ཡེ་ཤེས་འོད་ལྡན་རྒྱུད་ལས། བརྟགས་ཤིང་བཏུ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྩ་བའི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་ས་ན་སེ། །སྲིན་ནད་སེལ་ཞིང་བྱང་སེམས་འཕེལ། །སྔོ་ཡི་བཅུད་མཆོག་འོད་དང་ལྡན། །དེ་ཉིད་རྩལ་འདོན་བུ་རམ་གྱིས། །རླུད་ཁ་གནོན་ཅིང་ལུས་ཤེད་སྐྱེ། །མེ་ཏོག་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་སྦྲང་རྩི་ཡིས། །ལུས་ཟུངས་སྐྱེད་ཅིང་དབང་པོ་གསལ། །རྩི་ཡི་བཅུད་མཆོག་འོད་ལྡན་དང་། །དེ་ཉིད་རྩལ་འདོན་རྩི་མར་གྱིས། །གྲང་བ་ཀྱིས་རྩལ་འདོན་ན། ། སྲིད་བུ་རྒྱ་ཚིལ་གོང་མོའི་ཤ །གྲང་བ་སེལ་ཞིང་སྟོབས་ཆེན་འཕེལ། །ནམ་མཁའི་བཅུད་ཀྱི་རྩལ་འདོན་ན། །སྙིང་དང་ཡིད་མཐུན་གནས་གྲོགས་བསྟན། །མི་རྟོག་བདེ་གསལ་ཉམས་མྱོང་འཆར། །རྡོ་ཡི་བཅུད་ཀྱིས་རྩལ་འདོན་ན། །ཅོང་ཞི་བྲག་ཞུན་མུ་ཟི་སེར། །བད་མཁྲིས་གདོན་སེལ་ཚེ་བཅུད་འཕེལ། །སྔོ་ཡི་བཅུད་ཀྱིས་རྩལ་འདོན་ན། །ལྕམ་པ་ཏེ་ཀུ་ལང་ཀ་སྐྱེས། །གྲང་བས་ཆུ་བསྡོམས་འཁྲུལ་བ་སེལ། །ལྡུམ་གྱི་བཅུད་ཀྱིས་རྩལ་འདོན་ན། །རམ་ཉེ་ཉེ་ཤིང་དབང་པོ་ལག །ཐིག་ལེ་ཤ་རྒྱས་གྲང་རླུང་སེལ། །སྤོད་ཀྱི་བཅུད་ཀྱིས་རྩལ་འདོན་ན། །ལུང་ཏང་པི་ལིང་གོ་སྙོད་དང་། །མིག་སྐྱོན་སེལ་ཞིང་བདེ་བ་འཕེལ། །ཤིང་གི་བཅུད་ཀྱི་རྩལ་འདོན་ན། །སུག་སྨེ་ཛ་ཏི་ཨ་རུ་ར། །སྟོབས་ཆེན་ཤ་རྒྱས་རླུད་ནད་སེལ། ཁྲ་ཡི་བཅུད་ཀྱིས་རྩལ་འདོན་ན། །ད་བྱིང་བྲག་རྩངས་སྦྲུལ་སེར་ཤ །ཁུ་འཕེལ་མདངས་ལྡན་སྟོབས་ཀྱིས་སེལ། །ཚངས་པ་ཁྱབ་འཇུག་མ་ཧྭ་དེ་ལྟར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། རྩལ་འདོན་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་བཅུད་ལེན་འདི། །ཕྱེ་མ་ཁཎྜ་གཉིས་ཡིན་ཏེ། །ཉུ་ངཕྱེ་མང་ལ་ཁཎྜ་བྱ། །འོད་ལྡན་མ་རུལ་མ་སུམས་པ། །ཤིང་བཅུད་ཨ་རུ་ར་དང་ནི། །བསྟུན་ལ་ཞིབ་བརྡུངས་འབྲི་མར་སྦྲང་། །སྦྱར་ཏེ་ཟླ་བ་དྲུག་ཟོས་ན། །ཚེ་དབང་རིག་འཛིན་ལོ་སྟོང་ཐུབ། །འོད་ལྡན་སྔོ་བཅུད་ལྕམ་འབྲུ་ཕྱེ། །སྦྲང་དང་སྦྱར་ཟོས་ཆུ་འགགས་སེལ། །འོད་ལྡན་ཕུལ་གང་ཀར་བམ་བརྒྱད། །སྦྲང་རྩི་བུ་རམ་དེ་དག་འདྲ། །ལྡུམ་བཅུད་དབང་ལག་འོད་ལྡན་མཉམ། །ཞིབ་བཏགས་འོ་མ་བྲེ་གསུམ་ལ། །བསྡུ་བས་བྲེ་དོར་སོང་ལ་གདབ། །ཟླ་ཕྱེད་བར་དུ་ལྟོ་སྟོང་ལ། །ཟོས་ན་ཤ་རྒྱས་རྒས་པ་མེད། །ཁོང་ནད་བྱང་ཞིང་ཉམས་ཤེད་སྐྱེ། །ལུས་ཡང་རྟ་བས་མགྱོགས་པར་འགྱུར། །འོད་ལྡན་ལྡུམ་བཅུད་དབང་པོ་ལག །ཀ་ར་བ་མར་འོ་བྲེ་གསུམ། །ཕུལ་བཞིར་བསྡུ་བར་ལེགས་བཏབ་སྟེ། །ཟོས་ན་མདོག་བཟང་དྲན་ཡིད་གཞུང་། །འོད་ལྡན་ལྡུམ་བབ་དབང་པོ་ལག །དུར་བྱིད་སྦྱར་ཟོས་དུག་ཟོས་འཁྲུ། །འོད་ལྡན་ལྡུམ་བཅུད་དབང་པོ་ལག །འོ་མར་བསྡུས་ལ་ཤིང་བཅུད་ནི། །ཨ་རུ་ར་དང་ས་ཡི་བཅུད། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། ཁྲ་བཅུད་ད་བྱིད་བཅུད་བཏབ་ཉིད། །ཟླ་ཕྱེད་ཟོས་ན་ལུས་སྟོབས་ལྡན། །རྒས་མེད་ཌའ་ཀི་བརྒྱ་ལ་ནུས། །འོད་ལྡན་སྔོ་བཅུད་འོ་མ་འཛིན། །རྡོ་བཅུད་ཁབ་ལེན་ཅོང་ཞི་ནི། །འོ་མར་བཏབ་སྟེ་ཟོས་གྱུར་ན། །ཐིག་ལེ་འཕེལ་ཞིང་ནད་རྣམས་སེལ། །འགྲོ་བ་ཀུན་གྱི་ཡིད་འཕྲོག་འགྱུར། །འོད་ལྡན་སྔོ་བཅུད་ཀྱི་ལྕེ་དཀར། །མེ་ཏོག་ཚེ་ཅེའི་བྱེ་ཕུལ་གང་། །ཨ་རུ་ར་བཞི་གར་བམ་ལྔ། །ཀླུ་བདུད་རྡོ་རྗེ་མ་གི་ཏ། །ལེགས་སྦྱར་ཐོ་རངས་དྲི་ཆུས་འཕུལ། །ཟླ་གཅིག་སོང་ན་མཛེ་ཡང་སོས། །འོད་ལྡན་སྤོས་བཅུད་གོ་སྙོད་དང་། །ཕག་ཚིལ་སྦྱར་ལ་རྐང་རྒྱུད་བྱུག །གཙུག་ཏུ་འབྲི་མར་བཟང་བསྐུས་ཏེ། །ཐོ་རངས་ཐེག་མོས་སོ་རྒྱག་བྲད། །དེ་ཡིས་མིག་མཉེ་དྲི་ཆུས་བཀྲུ། །ལོ་གཉིས་ཙམ་བྱས་མིག་རིབ་སེལ། །འོད་ལྡན་ཨ་ཤོ་ཨ་དྷ་དང་། །བ་ཡི་མར་སྲང་ཕྱེད་སྦྱར་ཟ། །ལུས་ཀྱི་ཤ་རྒྱས་ཐིག་ལེ་འཕེལ། །རམ་ཉེའི་ཕྱེ་མ་བྲེ་གསུམ་ལ། ཤེང་བཅུད་ཨ་རུ་ར་ནི་གསུམ། །ཡང་ན་འོམ་བུའི་རྩ་བ་ཉིད། །བཏབ་སྟེ་རམ་ཉེ་ཚོས་པར་བཙོས། །གྲིབ་བསྐམས་བྱས་ཏེ་འོད་ལྡན་དང་། །ས་བཅུད་མེ་བཅུད་རྡོ་བཅུད་རྣམས། །ཞིབ་བཏགས་ཐུས་མགོ་གསུམ་གསུམ་འགམས། །ལུས་ཡང་ནད་སེལ་བཅུད་འཕེལ་རྒྱས། །འོད་ལྡན་སྔོ་བཅུད་ནཱ་གེ་སར། །ར་དཀར་བ་མར་འོ་མ་སྦྱར། །ཟླ་མཚན་མཆེད་ནས་ཞག་གཅིག་ན། །གཏང་ན་སྲིད་པ་བུ་ཕོར་འགྱུར། །འོད་ལྡན་ག་པུར་གུར་གུམ་མཚལ། ཤེང་མངར་ཕུ་རོན་བྲུན་བཏགས་ཏེ། །སྦྲང་རྩི་དང་སྦྱར་ལིདྷར་བྱུག །སྤྱད་ན་སྣྲི་འབྲིལ་མི་ཕོད། །འོད་ལྡན་ལུག་རུ་མེ་ཏོག་ནི། །གྲིབ་སྐམས་བྱས་པ་ཞིབ་བཏགས་ལ། །རའམ་བ་ཡི་འོ་མར་ནི། །བཏབ་སྟེ་ལྟོ་སྟོང་འཐུངས་གྱུར་ན། །ལུས་བཅུད་འཕེལ་ཏེ་ལན་སྟོང་ནུས། །འོད་ལྡན་སྒོག་གཅིག་ལྒ་སྐྱ་དང་། །ཕག་ཚིལ་སྦྱར་ཏེ་རྡོ་རྗེ་ལ། །བྱུག་སྟེ་སྤྱད་ན་བུད་མེད་བརྩི། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཕྱེ་མའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །འོད་ལྡན་རམ་ཉེ་ཉེ་ཤིང་བ། །ལྕ་བ་རྡོ་རྒྱུས་ཁཎྜ་ཤིས། །མང་ཉུང་འདི་ཡི་ཚོད་ཀྱིས་ཤེས། །འོད་ལྡན་ཕྱེ་མ་བྲེ་གང་ཙམ། །ཆུ་བྲེ་གསུམ་ལ་བཏབ་སྟེ་གདུ། །བྲེ་གང་སོང་ཚེ་གཞུར་ལ་འདོན། །ཡང་ཆུ་བྲེ་ཙམ་བླུག་ལ་གདུ། །བྲེ་གང་ཙམ་སོ་གཞུར་བར་བྱ། །ཡང་གཅིག་ཆུ་བྲེ་གསུམ་བླུག་སྟེ། །བྲེ་གང་སོང་ཚེ་གཞུ་བ་ཡི། །སྙིགས་མ་ཕོ་ལ་དངས་མ་གསུམ་། །གདུ་བས་བྲེ་གང་སོང་བ་ལ། །བདུད་རྩི་དྲི་ཆེན་མར་ཁུ་དང་། །དྲི་ཆུ་གདུ་བའི་ཁཎྜསོགས། །བྱང་སེམས་དཀར་དམར་གླང་ཆེན་ཤ །ཁྱི་ཤ་རྟ་ཤ་རྨ་བྱའི་ཤ །རྡོ་བཅུད་གསུམ་གདུ་ཁཎྜ་དང་། །རམ་ཉེ་ཉེ་ཤིང་ལྕམ་པ་ཡི། །སྟོན་སེར་རྩ་བའི་ཁཎྜདང་། །ས་བབ་གསུམ་དང་ཆུ་བཅ་གསུམ། །མེ་བཅུད་གསུམ་དང་རླུད་བཅུད་གསུམ། །སྔོ་བཅུད་གཉིས་དང་ལྡུམ་བཅུད་གཅིག །སྤོས་བཅུད་གསུམ་དང་ཤིང་བབ་གསུམ། ཁྲ་བཅུད་གསུམ་དང་ཨ་བ་དྲུག །བུར་སྦྲང་ཀ་ར་སྦྲང་རྩིར་སྦྱར། །མ་ཚིག་བསྒར་བའི་རི་ལུ་ནི། །རང་གི་མཐེབ་རྡོག་ཙམ་བྱས་ལ། །སྟེགས་བུ་མདའ་གང་གྲུ་བཞིའི་ཁར། །པདྨ་འདབ་བརྒྱད་དབུས་དང་དགུ། །མེ་ཏོག་བྷརྙ་དགུ་ལྔ་གཅིག །གཏོར་མ་མར་མེ་དེ་དང་འདྲ། །རི་ལུ་བྷནྟྲར་བླུགས་བྱས་ཏེ། །དར་གྱི་གུར་ཕུབ་ཞི་ཁྲོ་བསྐྱེད། །ཞག་བདུན་སྙིང་པོ་འདི་ལ་འབད། །ཨོ་ཨུ༷༷ཧཱུཾ༷་བོ་དྷི་ཙིསྟ་མ་ཧྭ་སུ་ཁ་ཙྭ་ན་དྷ་ཏུ་ཨུ། ཨོ་རུ་ལུ་རུ་ལུ་ཧུ༷་སྨྱོ་ཧཱུཾ༷། ཀྭ་ཡ་ལྷུཀ་ཙིཏི། ཨ་མྲི་ཏ་སིརྙི་ཧཱུཾ༷། འོད་ལྡན་སྒྲ་དང་དུ་བ་དྲི། །ཐོན་་་་ནས་ཟླ་བ་དྲུག་ཏུ་ནི། །དང་པོ་ཞག་རེ་རིལ་བུ་གསུམ། །དེ་ནས་གཉིས་གཉིས་ཐ་མ་གཅིག །ཟ་ཞིང་རུ་ལུ་ཡན་ཆོད་བཟླས། །འཆི་མེད་ཚ་ཡི་དངོས་གྲུབ་ཐོབ། །རྒས་མེད་བྱིས་པ་ལོ་བརྒྱད་འདྲ། །མ་མོ་མཁའ་འགྲོ་དབང་དུ་སྡུད། །སེམས་ཅན་སུ་ཡིས་མྱོང་གྱུར་ཀྱང་། །ངན་སོང་གསུམ་ཁེགས་བྱང་ཆུབ་ཐོབ། །ཆོས་བྱེད་རྣམས་ཀྱིས་སྨོས་ཅི་དགོས། །འོད་ལྡན་བདུད་རྩི་མར་ཁུ་དང་། །དངུལ་ཆུ་རྡོ་བཅུད་བྲག་ཞུན་དང་། །སྦྲང་རྩི་སྦྱར་ཏེ་རི་ལུ་ནི། །མཐེབ་རྡོག་ཙམ་རེ་ཟླ་དྲུག་ཏུ། །ཟོས་ན་ཚེ་ནི་ཉི་ཟླ་མཉམ། །ཟས་དང་བསྲེས་ན་ལོ་དྲུག་དགོས། །འོད་ལྡན་ལྡུམ་བུ་ཉེ་ཤིང་པའི། །ཁཎྜསྦྲང་རྩིར་སྦྱར་ཟོས་ན། །གྲང་རླུད་ནད་སེལ་མིག་སྐྱོན་སེལ། །སྐྲ་དཀར་གཉེར་མེད་ཐིག་ལེ་འཕེལ། །འོད་ལྡན་ལྡུམ་བཅུད་དབང་པོ་ལག །ཉེ་ཤིང་ཤིང་མངར་གླ་རྩི་སྦྲང་། །ཡང་ན་འོ་མ་དག་དང་སྦྱར། །ཟོས་ན་སྟོབས་དང་གཟི་མདངས་ལྡན། །དུག་དང་སྦྲུལ་གྱིས་འཇིགས་པར་སྐྱོབས། ་།་དཀར་ཀུན་གྱི་ཡིད་དུ་འོང་། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །འོད་ལྡན་བདུད་རྩི་མར་ཁུ་དང་། །ཉེ་ཤིང་ཁཎྜ་འོ་མར་སྦྱར། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །གནོད་སྤྱིན་སྲིན་པོས་མི་ཐུབ་པོ། །ཟླ་བ་གསུམ་ཟོས་ཚངས་པར་མཉམ། །སྐྱེས་པ་ཟིལ་གནོན་གླང་ཆེན་སྟོབས། །བུད་མེད་ཐམས་ཅད་དབང་དུ་འདུ། །འོད་ལྡན་ལྡུམ་བཅུད་རམ་ཉེ་བའི། །ཁཎྜ་བདུད་རྩི་མར་ཁུ་དང་། །ཨ་བ་གོ་སྙོད་ལུག་མིག་པ། །སྦྲུལ་སྔོན་མགོ་དང་སྦྲང་རྩི་སྦྱར། །ཟླ་གཅིག་ཟོས་ན་མིག་གསལ་ཞིང་། །ཐིག་ལེ་འཕེལ་ཏེ་གཞོན་ནུར་འགྱུར། །འོད་ལྡན་རམ་ཉེ་ཉེ་ཤིང་བའི། །ཁཎྜདབང་ལག་ཕྱེད་ཀར་བུར། ཁྲ་བཅུད་གསུམ་དང་རླུད་བཅུད་གསུམ། །འོ་མར་བཏབ་སྟེ་ཟླ་བ་གཅིག །ཟོས་ན་ཤ་རྒྱས་བེའུ་སྐྱེ། །ལྐོགས་པས་བུད་ནད་བ་སྤུ་འབྱི། །ལྟོ་འཁྲུ་ལུས་ཡང་རྐང་མགྱོགས་འགྲུབ། །ཞག་གཅིག་ཟོས་ན་ཡོན་ཏན་བཅུ། །ཞག་བཅུ་ཟོས་ན་ཡོན་ཏན་རྒྱས། །ཉེར་གཅིག་ཟོས་ན་མིས་མི་ཐུབ། །ཟླ་གཅིག་ཟོས་ན་གནོད་སྤྱིན་སྡུད། །ཟླ་བ་གཉིས་ཀྱིས་ལྷ་དབང་སྡུད། །ཟླ་བ་གསུམ་གྱིས་་ཟག་པ་ཟད། །ཟླ་བ་བཞི་ཡིས་རྡོ་རྗེར་འགྱུར། །ཟླ་བ་ལྔ་ཡི་རིག་འཛིན་ཐོབ། །ཉེ་ཤིང་རྩ་བ་གཏུན་དུ་བརྡུང་། །རས་ལ་བཙིར་བའི་སྐོམ་བཏུངས་ན། །ནམ་མཁའ་དག་ལ་འཕུར་བར་ནུས། །ཌའ་ཀི་སྟོང་གི་དཔའ་བོར་འགྱུར། །རྡོ་བཅུད་ཅོང་ཞིའི་ཆུ་ནང་དུ། །ཤིང་བཅུད་ཨ་རུ་གསེར་མདོག་རྒྱ། །ཟླ་ཕྱེད་བར་དུ་སྤངས་ནས་ནི། །ག་བུར་སྦྲང་རྩིས་ཞག་བདུན་སྦང་། །ཕྱུང་ལ་ཟླ་གཅིག་ནས་དཀྱིལ་བྱིབ། །འོད་ལྡན་བཅས་ཏེ་ཉིན་རེ་བཞིན། །རེ་རེ་ཟོས་ན་ལོ་བརྒྱ་ཐུབ། །སྟོབས་དང་རྫུ་འཕྲུལ་དཔག་མེད་འབྱུང་། །འོད་ལྡན་ནས་ཟན་ཀླད་པ་དང་། །བུ་རམ་བ་མར་འོ་མར་སྦྱར། །ཟོས་ན་ཕོ་མོ་ཀུན་ལ་ཕན། །འོད་ལྡན་བུ་རམཟླམཚནསྦྱར། །བུད་མེད་ཟོསནཟླམཚནའགགས། །ལུས་རྒྱས་ཏིང་འཛིན་གསལ་བར་འགྱུར། །བཀྲག་དང་གཟི་མདངས་ཆེ་བར་འགྱུར། །འོད་ལྡན་རང་གི་ཐིག་ལེ་ནི། །ར་ཡི་འོ་མར་བཏབ་སྟེ་གདུ། །བ་ཡི་མར་དང་སྦྱར་ཟོས་ནས། །གནམ་སྟོང་དུས་སུ་རྐང་མཐིལ་བྱུག །ཌའ་ཀི་བསྟེན་ཀྱང་ཐིག་ལེ་ནི། །འཆོར་བར་མི་འགྱུར་བདེ་བ་འཕེལ། །འོད་ལྡན་བྱི་ལའི་གཞང་རིང་མར། །བྱིའུ་བ་རའི་ཤ་ཁུར་སྦྱར། །རྡོ་རྗེ་ལ་བྱུག་སྤྱད་ན་དམ། །འོད་ལྡན་ག་བུར་གླ་རྩི་དང་། ཁེང་ཚ་བུད་མེད་ནུ་ཞོར་སྦྱར། །བྱུག་ནས་སྤྱད་ན་ཆེ་ཞིང་བདེ། །འོད་ལྡན་ཁུག་ཆོས་སྤང་རྒྱན་དང་། ཁྲང་ཤང་དམར་པོ་ཁ་ཟུམ་རྣམས། །བྱ་ཕོ་འཚལ་ལུའི་ཨོག་ཤ་ནི། །སྦྱར་ཏེ་བུད་མེད་ལ་བཏང་ན། །པདྨ་སྡོམ་ཞིང་རྡོ་རྗེ་ཡིས། །ཕེད་པར་མི་འགྱུར་སླར་དམ་མོ། །ཨུག་ཆོས་སྤང་རྒྱན་ཤང་ཤང་རྣམས། །ཁ་བྱེ་བྱ་ཕོ་འཚལ་ལུ་ཡི། །ཟེ་བ་དང་སྦྱར་ཆང་ལ་བཏབ། །བུད་མེད་འཐུང་ན་པད་ཁ་བྱེད། །འོད་ལྡན་ལྡུམ་བཅུད་དབང་ལག་དང་། །རམ་ཉེ་ཉེ་ཤིང་རྡོ་ཁ་ལེན། །བུད་མེད་ཟོས་ཏེ་ཕོ་ཉིད་ལ། །ལྕགས་ཁུ་བྱིན་ན་བདེ་བ་འདུ། །ཕོ་ཡི་མོ་ལ་བྱས་ཀྱང་འགྲུབ། ཁྲ་དཀར་ཉམས་འཕེལ་ཏིང་འཛིན་གསལ། །གཞན་ཡང་ཡང་དག་བཤད་བྱ་བ། །འོད་ལྡན་ལྕ་བའི་ཁཎྜཡིས། ཁྲ་ཡི་བཅུད་རྣམས་འཕེལ་བར་བྱེད། །རམ་ཉེའི་ཁཎྜས་རུས་བཅུད་འཕེལ། །ཉེ་ཤིང་ཁཎྜས་ཆུ་བཅུད་སྡུད། །ས་ཤུག་ཁཎྜས་གྲང་བ་སེལ། །འདམ་བུའི་ཁཎྜས་མིག་ལ་ཕན། །གཟེ་མའི་ཁཎྜས་གྲང་བ་སེལ། །མེ་ཏོག་ཁཎྜས་དབང་པོ་གསལ། །ལུག་མུར་ཁཎྜས་གཉིད་ཡར་ཕེབས། །ཉུངས་མའི་ཁཎྜས་དུག་འདྲེད་སྤོང་། །འུམ་སེར་ཁཎྜས་ཤ་དུག་འཇོམས། །ཏིག་ཏའི་ཁཎྜས་མཁྲིས་ནད་འཇོམས། །ལྒ་སྐྱའི་ཁཎྜས་སྟོད་ཁྲག་སེལ། །པི་ལིའི་ཁཎྜས་མཆིན་ཚད་སེལ། །སྦྲང་རྩིའི་ཁཎྜས་རུས་དུག་འཇོམས། །ཨོལ་སྟོང་ཁཎྜས་དང་ག་འབྱེད། །ལུང་ཐང་ཁཎྜས་ལུས་བཅུད་འཕེལ། །ར་མགོའི་ཁཎྜས་ཡ་མ་སེལ། །གོལ་མངས་ཁཎྜས་མགོ་གཅོད་སེལ། །མིག་མང་ཁཎྜས་མིག་གསལ་རྣོ། །འོད་ལྡན་བསིལ་བས་དྲོད་རྣོན་ཤིས། །འཕེལ་འབེབས་རིག་པའི་མདའ་ཡིས་བསྣུན། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཁཎྜའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་ལྷ་བསྒོམ་ནི། །བླ་མ་དཀོན་མཆོག་གསུམ་ཡིན་ཏེ། །བསྐལ་སྟོང་སངས་རྒྱས་བླ་མ་ཕུལ། །བླ་མ་ལྷ་དང་དབྱེར་མེད་དེ། །རང་གི་སྤྱི་བོ་སྙིང་ག་སྲ །རྒྱུན་ཆད་མེད་པར་བསྒོམ་པར་བྱ། །མཆོག་དང་མཐུན་མོངས་ཅི་བསམ་འགྲུབ། །ཨོ་ཨུ༷༷ཧཱུཾ༷། གུ་རུ་གུ་རུ་གུ་སྲ དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་ལྷ་བསྒོམས་ན། །རང་ཉིད་ཆེ་མཆོག་ཧེ་རུ་ཀ །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །རྡོ་རྗེ་དྲིལ་བུ་ཡུམ་དང་བཅས། །དུར་ཁྲོད་ཆས་བརྒྱད་རུས་པས་བརྒྱན། །པདྨ་ཉི་ཟླ་ཏི་ར་ལ། །མེ་དཔུང་འབར་བའི་ཀློང་བཞུགས་བསྒོམ། །ཐུགས་ཀར་ཞི་བའི་ལྷ་ཚོགས་ནི། །བཞི་བཅུ་རྩ་གཉིས་བསྒོམ་པར་བྱ། །དབུ་ལ་ཁྲག་འཐུང་ལྷ་ཚོགས་ནི། །ལྔ་བཅུ་རྩ་བརྒྱད་བསྒོམ་པར་བྱ། །ཕྱི་མཆོད་ནང་མཆོད་དབུལ་བྱས་ཏེ། །གསང་མཆོད་ཡབ་ཡུམ་ཁ་སྦྱར་ལ། །རིལ་བུ་ཞལ་བཅུག་སྙིང་པོ་བཟླས། །ཨོ་ཨུ༷༷ཧཱུཾ༷་བོ་དྷི་ཙིསྟ་མ་ཧྭ་སུ་ཁ་སྒྲོ་ན་དྷ་ཏུ་ཨུ། ཨོ་རུ་ལུ་རུ་ལུ་ཧཱུཾ༷་སྒྱེ་་ཧཱུཾ༷། དེ་ཉིད་རྒྱུན་དུ་བཟླས་པ་བྱ། །འཇའ་འོད་ལྷ་སྐུ་རིང་བསྲེལ་འབྱུང་། །གནན་པ་འདོན་པར་བྱ་བ་ནི། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བསྒོམ། །ཨོ་ཨུ༷༷ཧཱུཾ༷་བཛྲ་ས་ཏྭ་ཨ། ཨོ་ཧཱུཾ༷་ཧྲུ༷་སྙི༔ཨ། བཛྲ་བཱ་ཁི་ཧཱུཾ༷་ཕཊ། དེ་ཉིད་འབུམ་དུ་བཟླས་པ་ཡིས། །རི་རབ་ཀྱིས་ཀྱང་ནོན་མི་འགྱུར། །བཅིངས་པ་དག་ནི་འགྲོ་བྱེད་ན། །པདྨ་ཧེ་རུ་ཀ་རུ་བསྒོམ། །ཨོ་ཨུ༷༷ཧཱུཾ༷་ཀྭ་ཡ་བཱ་ཀ་ཙིསྟ་ཁྲོལ་ཁྲོལ། ས་མ་ཡ་པྲ་བེ་ཤ་ཡ་ཕཊ། གསང་སྔགས་འབུམ་དུ་བཟླས་གྱུར་ན། །ཀླུ་ཡི་རྒྱལ་པོས་བཅིངས་པའང་ཁྲོལ། །བསྡམ་པ་དག་ནི་བཅང་གྱུར་ན། །བདག་ཉིད་མི་གཡོ་མགོན་པོར་བསྒོམ། །ཨོ་ཨུ༷༷ཧཱུཾ༷་ཙཎྜ་མ་ཧྭ་རོ་ཥ་ཎ་སྒྲོ་ཊ་ཡ་ཧཱུཾ༷་དྷིཀ་ཁ་དེ་ཧཱུཾ༷་ཕཊ། བརྙ་ཏྲ་ཐ་ཕཊ། དེ་ཡང་འབུམ་དུ་བཟླས་པ་ན། །གཟའ་བདུད་བསྡམས་ཀྱང་དུམ་བུར་ཆོད། །བདག་ཉིད་དག་ལ་དབང་བསྐུར་ན། །རྒྱལ་བ་རིགས་ལྔ་དབུ་ལ་བསྒོམ། །ཨོ་ཨུ༷༷ཧཱུཾ༷། ཨོ་ཧཱུཾ༷་གྲྭ་ཨུ༷་ཧྭཨ སྟིཁིའ྅ཀྭཡ ལྭཀཙིལྟི་ཧཱུཾ༷། འབུམ་བཟླས་འཇིག་རྟེན་དབང་དུ་འགྱུར། །བཟླས་པ་སྔགས་ཀྱི་མཐུ་སྐྱེད་ན། །ནུས་མཐའི་བདག་ཉིད་ཕྱག་རྡོར་བསྒོམ། །ཨོ་ཨུ༷༷ཧཱུཾ༷་བཛྲ་བཱ་ཁི་ཏིསྐོ་ཨ་མུ་ཀ་མུ་ར་ཡ་ཕཊ། འབུམ་བཟླས་སངས་རྒྱས་གང་གྭའི་ཀླུང་། །བྱེ་མ་སྙེད་ཀྱིས་བྱིན་གྱིས་རློབ་པར་འགྱུར། །གསང་སྔགས་བཟླས་པའི་དཔལ་གསོ་ན། །སྙིང་རྗེ་བདག་པོ་ཐུགས་རྗེ་ཆེ། །ཁྲོས་པ་རྟ་མགྲིན་ཉིད་དུ་བསྒོམ། །ཨོ་ཨུ༷༷ཧཱུཾ༷་བུརྙ་ནི་ནི་ས་གྲྭ་ཧྭ། ཕུ་ཙིཉི་རྦད་ནི་ས་སྤྲོ་ཊ་ཤ་སྦལ་རྣོ་སྦལ་ཏི་གྲྭ་ཧྭ། །འབུམ་བཟླས་བསྐལ་པའི་མེ་ལྟར་འགྱུར། །སོ་ལ་ངར་འདོགས་འཇམ་དཔལ་ཁྲོས། །གཤིན་རྗེའི་གཤེད་པོ་བསྒོམ་པར་བྱ། །ཨོ་ཨ་ཧཱུཾ༷། རསྒ་ནག་པོ་དགྲ་བོའི་སྲོག་རྩ་རྦུད་རྦུད། འོད་ལྡན་སྐྱེར་པའི་པར་ཤུན་ལ། །གསང་སྔགས་འབུམ་བཟླས་སོ་ལ་བྱུག །གང་ལ་བྱ་བ་ཐོགས་པ་མེད། །མཆུ་མཐུས་ཐམས་ཅད་གསོད་བྱེད་ན། །མགོན་པོ་མ་མོ་སྔགས་སྲུང་བསྒོམ། །ཨོ་ཨུ༷༷ཧཱུཾ༷། ཀུ༷་ཐུ༷་ནི་ཤ་ར་ཡ་ཐུ༷། འོད་ལྡན་མུ་ཟི་ནག་པོ་ལ། །འབུམ་བཟླས་མཆུ་ལ་བསྐུར་ན་ནི། །སྔགས་རྒྱབ་དགྲ་བོ་ཐམས་ཅད་འཆི། །ལྕི་ལ་སྐྲུ་གྲི་གདགས་པ་ནི། །རང་ཉིད་ཁྱབ་འཇུག་ཆེན་པོར་བསྒོམ། །ཨོ་ཨུ༷༷ཧཱུཾ༷། ཨོ་ཁྲག་རྩ་རྦུད། རྩ་ཁྲག་རྦུད། སྙིང་ལ་རྦུད། མྱ་ར་ཡ་ཁ༷། འོད་ལྡན་བྲེ་གུ་གསེར་ཐིག་ལ། འབུམ་བཟླས་ལྕེ་ལ་བྱུགས་གྱུར་ན། །གསང་སྔགས་ཐམས་ཅད་ཐོགས་པ་མེད། །བྱིན་རླབས་དངོས་གྲུབ་མཁའ་འགྲོ་ལྔ། །བུརྙ་ཌའ་ཀི་ནི། བཛྲ་ཌའ་ཀི་ནི། རཏྣ་ཌའ་ཀི་ནི། པདྨ་ཌའ་ཀི་ནི། ཀརྨ་ཌའ་ཀི་ནི། སྲོག་གི་སྙིང་པོ་ཡི་གེ་ལྔ། །ཧཱུཾ༷་ཧ་རི་ནིས། བརཆོདསེལམཛདདཔའ་བོ་ལྔ། །བུརྙ་ཧེ་རུ་ཀ །བཛྲ་ཧེ་རུ་ཀ །རཏྣ་ཧེ་རུ་ཀ །པདྨ་ཧེ་རུ་ཀ །ཀརྨ་ཧེ་རུ་ཀ །གསང་བ་སྲོག་གི་སྙིང་པོ་ལྔ། །ཧཱུཾ༷་ར་ཙ་ཧྲི་ཡ། སྡེ་བརྒྱད་ལྷ་ཀླུ་གནོད་སྤྱིན་དྲི། །དེ་བ་རཏྣ། ནཱ་ག་རཏྣ། ཡཀྟ་རཏྣ། གརྙརྦ་རཏྣ། སྲིད་པ་ཚངས་པ་ཁྱབ་འཇུག་མ་ཧྭ་དེ། ལོ་ཀ་དེ་བ་མ་ཧྭ་ཏྲི་ནི། སྙེ་ཏྲ་སྟི་ཏྲ་བྷ་སར། ཨ་མེ་རཏྣ། བ་སུ་དྷ་རྡི་མ་ཏྲེ། ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷ་བསྒོམ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་ལྟ་བ་ནི། །སྟོང་ཉིད་རྟོགས་པས་ནམ་མཁའ་འདྲ། །ཡེ་ཤེས་འོད་ལྡན་སྒོམ་པ་ནི། །རང་རིག་གསལ་བས་ཉི་ཟླ་འདྲ། །ཡེ་ཤེས་འོད་ལྡན་སྤྱོད་པ་ནི། །དགག་བསྒྲུབ་མེད་པས་རླུད་དང་འདྲ། །ཡེ་ཤེས་འོད་ལྡན་འབྲས་བུ་ནི། །དོན་གཉིས་འགྲུབ་པས་ནོར་བུ་འདྲ། །ཟླ་དྲུག་བཅུད་ལེན་བྱས་གྱུར་ན། །དེ་ལྟར་འཆར་འགྱུར་ཐེ་ཚོམ་མེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྟ་སྒོམ་སྤྱོད་འབྲས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཡེ་ཤེས་འོད་ལྡན་ཞི་རྒྱས་དབང་། །དྲག་དགུག་སྐྲད་མནན་གཟིར་ལ་སོགས། །ཕྲིན་ལས་མ་ལུས་ལས་མཐའ་ནི། །གོང་སྒྲུབ་ལྷ་དང་སྤྱིན་བསྲེག་བསྟུན། །རིལ་བུ་དབུལ་ཞིང་རྩ་སྔགས་ལ། ཁྲམ་བུ་འདི་ལྟར་བཏགས་ལ་དབུལ། །ཞི་བ་ཤཱརྙི་ཀུ་རུ་གྲྭ་ཧྭ། རྒྱས་པ་ཚུརྙུ་ཀུ་རུ་གྲྭ་ཧྭ། དབང་ལ་པ་ཤ༷་ཀུ་རུ་གྲྭ་ཧྭ། །དྲག་པོ་ལ་མྱ་ར་ཡ་མྱ་ར་ཡ། འགུགས་པ་ལ་ཛ༷༷ཛ༷༷། དངོས་གྲུབ་འགུགས་པ་ལ་སིརྙི་ཧཱུཾ༷་ཛ༷༷། །སིརྙི་ཧཱུཾ༷་ཛ༷༷། སྐྲོད་པ་རྙོ་རྟོ། གནོན་པ་ལ་ཛ་ཧཱུཾ༷་ཛ༷༷ཧཱུཾ༷། གཟིར་བ་ལ་ཧཱུཾ༷་ཕཊ་ཧཱུཾ༷་ཕཊ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཞི་རྒྱས་དབང་དྲག་དགུག་བསྐྲད་མནན་གཟིར་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཚེ་བསྲིང་བ། །རྩ་བ་ལྔ་དང་འབྲས་བུ་གསུམ། །འོད་ལྡན་བུར་སྦྲང་ཀ་ར་དང་། །འབྲི་མར་བ་མར་མཛོ་མར་སྦྱར། །རང་ཉིད་ལྷ་ཡི་སྤྱི་བོར་ཚེ་དཔག་མེད། །སྐྱིལ་ཀྲུང་མཉམ་གཞག་སྐུ་མདོག་དམར། །བུམ་ནང་ཚེ་ཆུའི་བདུད་རྩི་བབ། །སྒྲིབ་དག་འོད་ལྔའི་གོང་བུར་བསམ། །ཟླ་དྲུག་བཅུད་བླངས་ཚེ་སྔགས་འདི། །ཨོ་ཨུ༷༷ཧཱུཾ༷་ཨ་མ་ར་ཁེ་དོ་ཝན་ཏི་གྲྭ་ཧྭ། ཐོ་རངས་བརྒྱ་རྩ་བཟླས་པ་ན། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཚེ་སྒྲུབ་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱི་སྲུང་བཟློག་ནི། །བརྒྱད་དང་ཉེར་གཉིས་དགུ་སྟོང་ལ། །ནམ་སྲོད་ནམ་མཁའ་མཐའ་བཏེག་དུས། །སྐྱབས་སོང་ལྷ་ཡི་ང་རྒྱལ་གྱིས། །འོད་ལྡན་བདུད་རྩིའི་མར་ཁུ་བསྟེན། །ཡུངས་ཀར་ཁྲལ་སྐམ་རྡོ་ཕྱེ་ལ། །སྟོང་ཚོ་རེ་བཟླས་ཕྱོགས་མེད་གཏོར། །ཨོ་ཨུ༷༷ཧཱུཾ༷། ན་མ༷༷སརྦ་བྲརྙ་ཡ། ན་མ༷༷་ཨ་པྲ་ཏི་ཧ་ཏ་ཤཱ་ས་ན། ན་མ༷༷ཧ་ཐ་ན། ཨོ་ཁ་ཁ་ཁུ་ཧི་ཁུ་ཧི། །ཧཱུཾ༷་ཧཱུཾ༷་ཛ་ལ་ཡ། ཛ་ལ་ཡ། ཏིཇི་ཏིཁྱི་ཡ། ཧཱུཾ༷་ཧཱུཾ༷་ཕཊ་ཕཊ་བཟློག །སརྦ་བིགྭ་ནཱན་མུ་ར་ཡ་ཧཱུཾ༷་ཕཊ་གྲྭ་ཧྭ། ཧཱུཾ༷་བྷ་ར་ཡ། ལོ་ཀ་བྷ་ར་ཡ། ལོ་ཀ་བྷ་ཤ་ལྭ། ཧ་ཧཱུཾ༷་བཟློག་ཡ་ཡ། དགྲ་བོ་ཆེ་གེ་མོ་མུ་ར་ཡ་ཧཱུཾ༷་ཕཊ། ཇི་ལྟ་བུ་ཡང་བཟློག་ཅིང་བསྲུང་། །ཡེ་ཤེས་འོད་ལྡན་རྒྱུད་ལས། བསྲུང་བཟློག་གི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་མི་ནོར་ཟས། །དགུག་ཅིང་བསྡུ་འདོད་འདི་ལྟར་བསྒྲུབ། །སྟེགས་བུ་པདྨ་འདབ་བཞིའི་ཁར། །དཀར་དམར་བརྒྱན་པའི་གཏོར་མ་གསུམ། །ཟས་འབྲུ་བྱང་སེམས་དཀར་དམར་བཤམ། །ངག་བཅད་ཞག་གསུམ་སྔགས་འདི་བཟླས། །ཨོ་ཨུ༷༷ཧཱུཾ༷་ཧ་རི་ནི་ས། ཙེ་མེ་ཙེ་མེ་ཙེ་མེ་ཧཱུཾ༷། རྨི་ལྟས་ན་ཆུང་བུ་མོ་འབྱུང་། །དེ་ནས་བཞི་ནས་ཕོ་བཞིན་རྨི། །དེ་ནས་ཐོ་རངས་མི་སྨྲ་བར། །ལྕེ་སོས་བཞར་ལ་ཚྭ་དང་སྦྱར། །འོད་ལྡན་བསྲེས་ལ་ཞག་བདུན་སྦང་། །སྔགས་བཟླས་ཟོས་ཟིན་དབང་དུ་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། །མི་ནོར་ཟས་གསུམ་དགུག་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལྷ་རྒྱལ་བློན། །དམངས་དང་་བུད་མེད་ན་ཆུང་སྡུད། །འོད་ལྡན་ཐབས་ཤེས་བྱང་སེམས་གཉིས། །སྐྱོན་མེད་ཙན་དན་དཀར་དམར་གཉིས། །ག་པུར་གུར་གུམ་གླ་རྩིར་སྦྱར། །སྔགས་འདི་ཁྲི་ཚོ་གཅིག་ཏུ་བཟླས། །ཨོ་ཨུ༷༷ཧཱུཾ༷། བྷ་ཙ་ཡ་གྲྭ་ཧྭ། ཐ་ཨོ་བ་ར་ཙ་ར་ཧ་རི་ནི་ས། ཀུ༷་ཀུ༷་རྨི་མ་སྲུ་ཧྭ། དེ་ནས་ལས་སྦྱོར་རྫས་སྲན་ཙམ། །གོང་སྔགས་ཤམ་བུར་འདི་ཉིད་གདགས། །ཆེ་གེ་མོ་བ་ཤ༷་ཀུ་རུ་གྲྭ་ཧྭ། ཉེར་གཅིག་བཟླས་ནས་ཐིག་ལེ་ནི། །དཔྲལ་བར་བྱུག་ཕྱིན་བསྟན་ཚད་འདུ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷ་རྒྱལ་བློན་འབངས་སྡུད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལག་བསྒུལ་སྒྲུབ། །རང་ཉིད་རི་ཁྲོད་ལྷ་མོ་ནི། །སྐུ་མདོག་དམར་མོ་ཡིད་འོང་སྒོམ། །འོད་ལྡན་གིའུ་ཧ༷་ལྔ་བརྒྱ་བཟླས། །རང་གི་སྨིན་ཕྲག་ཐིག་ལེ་བྱ། །གང་ལ་བལྟས་པའི་མི་རྣམས་དད་ཅིང་འདུ། །ཨོ་ཨུཿཧཱུཾ༷། ན་མོ་བྷ་ག་བ་ཏེ་ཨུརྨྱི་ཥ་ཡ། དྷ་རེ་དྷ་ར་ན་ཏི་གྲྭ་ཧྭ། མིག་རྩི་དག་ལ་བརྒྱ་རྩ་བཟླས། །མིག་ལ་བྱུག་ན་གོང་ལྟར་འགྱུར། །ཆུ་ཁྱོར་གང་ལ་བདུན་བཏབ་བཏུང་། །ཟས་སྐོམ་མ་བཙལ་བར་ནི་རྙེད། །ལག་གཡོན་གོས་ཀྱི་མཐའ་གཟུང་སྟེ། །ཉེར་གཅིག་བཟླས་ཏེ་ཁྲོམ་གསེབ་འགྲོ། །ཚིག་བཙན་ཤགས་འགྱེད་རྒྱལ་བར་འགྱུར། །ལམ་དུ་འགྲོ་ན་ཆོམ་རྐུན་འཆིང་། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལག་སྒུལ་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཁ་བསྒྱུར་ནི། །འོད་ལྡན་མཚལ་བསྲེས་དཔྲལ་བ་སྲ །ཡི་གེ་ཧེ༷༷བྲིས་ཕྱིན་གྱུར་ན། །གང་འདོད་ནོར་དང་འཕྲོད་པར་འགྱུར། །ཨོག་མར་ཟ་བྲིས་ཟས་དང་འཕྲད། །ལག་མཐིལ་མབྲིསམཚོནམིཕོག །ལྷབྲིས་རིམ་ནད་ཐུབ་པར་འགྱུར། །སྙིང་གར་གནམ་བྲིས་འཇིགས་བརྒྱད་བསྲུང་། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཁ་སྒྱུར་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཆུར་མི་འབྱིང་། །མེས་མི་ཚིག་ཅིང་རླུད་མི་འཁྱེར། །མཚོན་གྱིས་མི་ཕེད་ཕོག་མི་འགྱུར། །མིས་མི་མཐོང་ཞིང་རྐང་མགྱོགས་འགྲུབ། །བྱ་རོག་འུག་མིག་བདུན་བདུན་གཉིས། །རྟེན་འབྲེལ་སྙིང་པོས་བྱིན་བརླབ་བྱ། །སྐར་མ་རྒྱལ་གྱི་ཉི་མ་ལ། །འོད་ལྡན་བཅས་པ་ལྕགས་དཀྲིས་གསུམ། །བསྡམས་པ་ཁ་རུ་བཅུག་པ་སྔགས། །སྟོང་ཚོ་བཟླས་པས་གོང་རྣམས་འགྲུབ། །ཨོ་ཨུ༷༷ཧཱུཾ༷། གུ་མ་གུ་མ་ཐིབས་ཐིབས་གྲྭ་ཧྭ། ཡང་གཅིག་གསང་སྔགས་རྒྱལ་པོ་འདི། །ཕ་བོང་རྡོ་ལ་སྟོང་ཚོ་གསུམ། །ཕག་པའི་ཁྲག་ལ་ཁྲི་ཚོ་གསུམ། །མེ་མར་སོལ་བར་འབུམ་ཚོ་གསུམ། །འོད་ལྡན་དང་སྦྱར་སྨིན་མཚམས་སུ། །ཐིག་ལེ་བྱས་པ་མིས་མི་མཐོང་། །ཨོ་ཨུ༷༷ཧཱུཾ༷། རྙོར་ཐིབས་ཐིབས་མུན་ཏི་གྲྭ་ཧྭ། ཡེ་ཤེས་འོད་ལྡན་རྒྱུད་ལས། འབྱུང་བ་མེས་མི་ཚུགས་ཤིང་། སྒྲིབ་ཤིང་གི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་རྐང་མགྱོགས་བསྒྲུབ། །འོད་ལྡན་རྗེ་རིགས་གྲིར་བསད་ཐལ། །མི་མཁྲིས་དང་སྦྱར་ར་དཀར་གྱི། །འོ་མས་སྤྲུས་ཏེ་སྔགས་ཁྲི་བཟླས། །ཨོ་ཨུ༷༷ཧཱུཾ༷། ན་མོ་པུ་རུ་ཥ་ཡ། སེན་ཏ་ཡེ་ནི། སྨྲ་ར་སྨྲ་ར། ས་མ་ཡ། ནེ་ཏྲི་ནེ་ཏྲ་ཡ་གྲྭ་ཧྭ། ཨོ་སྒྱུ༷་མ་ཏ་ཡ་གྲྭ་ཧྭ། །རང་གི་དཔྲལ་འོད་ལྡན་རྒྱུད་ལས། ལེགས་ཉེས་གསལ་བའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལྷ་འདྲེ་མཐོང་། །འོད་ལྡན་རྗེ་རིགས་གྲིར་བསད་མཁྲིས། །རུས་བསྲེགས་ཐལ་བ་གསུམ་སྦྱར་ལ། །གསང་སྔགས་འདི་ནི་འབུམ་ཚོ་གསུམ། །ཨོ་ཨུ༷༷ཧཱུཾ༷། པ་མེ་པ་དེ་གྲྭ་ཧྭ། སྤྱི་བོ་དཔྲལ་བ་མཛོད་སྤུ་དང་། །མིག་གཉིས་སྣ་ལ་བྱུགས་བྱས་ན། །མི་དང་མི་མ་ཡིན་གྱིས་ནི། །མི་མཐོང་སྒྲིབ་ཅིང་ཕར་མཐོང་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷ་འདྲེ་བལྟ་བའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སྒྲ་སྐད་འདོན། །འོད་ལྡན་བྱང་སེམས་དཀར་དམར་གསུམ། །རིན་པོ་ཆེ་དང་སྦྱར་བ་ཡིས། །རྔ་འམ་ཌའ་མ་རུ་ལ་ནི། །མཁས་པས་བྲིས་ནས་དཀྲོལ་གྱུར་ན། །སྒྲ་སྐད་ཐོས་པ་ཙམ་གྱིས་ནི། །མཁའ་འགྲོ་འདུ་ཞིང་སངས་རྒྱས་ཐོབ། །ཨོཨུ༷༷ཧཱུཾ༷། དྷ་ར་དྷ་ར། དྷི་རི་དྷི་རི། བུ་ན་མ་ནི་གྲྭ་ཧྭ། ཡེ་ཤེས་འོད་ལྡན་རྒྱུད་ལས། སྒྲ་སྐད་འགྲོ་དོན་གྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱི་ཞབས་རྗེན་འོང་། །རྐང་པ་དྲི་ཆུས་བཀྲུས་བྱས་ལ། །འོད་ལྡན་ཚ་བ་གསུམ་དང་ནི། །མར་ནག་ནང་དུ་བཏབ་ལབྱུག །ལོགཅིགབརདུལྷམ་མི་དགོས། །ཡང་ན་འོད་ལྡན་སྒོག་གཅིག་དང་། །སྒོ་ངའི་གསེར་ཐིག་སྦྱར་ཏེ་བྱུག །ཨོ་ཨུ༷༷ཧཱུཾ༷། ཧ་རི་ནི་ས། ར༷་ར༷།བསྲུང་བའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་དུག་བསྲུང་བ། །འོད་ལྡན་ཉུང་ཞིའི་མར་ཕུལ་གང་། །བོང་ང་དམར་པོ་དཔའ་བོ་སེར ཨ་རུ་ར་ནི་གསེར་མདོག་གསུམ། །ཞིབ་བཏགས་གོང་གི་མར་ཁུར་བཏབ། །ལྟོ་སྟོང་དག་ལ་འཐུང་བྱས་ནས། །སྔགས་འདི་བརྒྱ་བཟླས་གསེར་དངུལ་བྲིས། །རབ་གནས་བྱས་ཏེ་མགྲིན་པར་གདགས། །ཨོ་ཨུ༷༷ཧཱུཾ༷། ཀྱི་ཧུ་ནཱ་ག་ཙན་དུ། ཧྭ་ཧུ་སྟི་ཤ་མ་ར་ཧི་སྟི་ཤ་མ་ར་ཧི་ཧོ། མ་ཧི་དུག་ཁ་ཡི་རྙོ་ཤི་ན་ཏམ་སྟི་ན་གྲྭ་ཧྭ། དུག་རིགས་ཀུན་གྱིས་ཚུགས་མི་འགྱུར། །དེ་ནས་ཤ་དུག་སེལ་བྱེད་པ། །འོད་ལྡན་ལྡུམ་བུ་རེ་རལ་དང་། །འོམ་བུ་སེ་རྒོད་བར་ཤུན་རྣམས། ་་་མའི་ཕྱེ་མ་ཀ་ར་སྦྱར། །སྔགས་འདི་སྟོང་གིས་སོས་པར་འགྱུར། །ཨོ་ཨུ༷༷ཧཱུཾ༷། ཡས་ཤོར་ཡས་ཤོར་ཡེ་གྲྭ་ཧྭ། བཙན་དུག་དབྱུང་ན་འདི་ལྟར་བྱ། །འོད་ལྡན་བོང་ང་དཀར་པོ་དང་། །པི་ལིང་རྒྱ་ཚ་ཀ་ར་རྣམས། །སྦྱར་ལ་སྔགས་སྟོང་བཟླས་བྱིན་སོས། །ཨོ་ཨུ༷༷ཧཱུཾ༷། ཀྲུག་ལེ་ཧྲི། ཡེ་ཤེས་འོད་ལྡན་རྒྱུད་ལས། དུག་བསྲུང་བའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་རྨ་འབྲས་གསོ། །འོད་ལྡན་དྲེས་ཐག་རུལ་པ་དང་། །སུག་པ་བདུད་རྩི་བསྲེགས་པ་རྣམས། །མར་གསར་བསྲེས་ལ་སྔགས་མང་བཟླས། །བྱུགས་ན་རུས་འཛེར་འཐོན་ཅིང་སོས། །ཨོ་ཨུ༷༷ཧཱུཾ༷། སེ་ཕུར་ན་སེ་ཕུར་ན།ནད་སེང་ནད་སེང་། ཨོ་ཙིར་ཙིར་རིག་རིག །མུགས་མུགས་སྲུ་ཧྭ། མ་སོས་བར་དུ་སྟོང་ཚོ་དུས་བཞིར་གདགས། །ཡེ་ཤེས་འོད་ལྡན་རྒྱུད་ལས། འབྲས་གསོ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སྐྲན་ལྷེན་གསོ། །འོད་ལྡན་ཚ་སྣ་ཚོགས་ཚད་དང་། །ཙི་ཏྲ་ཀ་རྣམས་བསྲེས་བཏགས་ཏེ། །ཆང་སྐོལ་དག་ལ་སྔགས་སྟོང་བཟླས། །ལྟོ་སྟོང་བ་་ལས་འཁྲུལ་འཁོར་བྱ། །ཨོ་ཨུ༷༷ཧཱུཾ༷། ཏིར་ལོང་མུན་ཤེལ་ཕཊ་སྭ་ཧྭ། སྐྲན་ལྷེན་འཐོན་པར་ཐེ་ཚོམ་མེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། སྐྲན་ལྷེན་འདོན་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཆུ་བསྡམ་འགྲོལ། །འོད་ལྡན་ལྕམ་པའི་ཐང་བཏང་ཞིང་། །སྔགས་འདི་དང་པོ་སྤྱི་བོར་གདབ། །ཨོ་ཨུ༷༷ཧཱུཾ༷། ཕི་པི་ལི་བི་ཕི་པིས་པིས་སྭ་ཧྭ། དེ་ནས་སྐྱེས་རྒྱབ་བུད་མེད་བདུན། །བརྒྱ་ཚོ་རེ་ནས་ཐུ་ཐུ་བྱ། །མི་ཕྱུགས་རྟ་བོང་ཁྱད་པར་མེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཆུ་བསྡམས་དགྲོལ་བའི་ལེའུ་སྟེ་སོ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་མེས་ཚིག་གསོ། །འོད་ལྡན་སྤང་རྩི་ངོ་བོ་དང་། །བདུད་རྩི་མར་ཁུ་གསུམ་བསྲེས་བྱུག །སྔགས་འདི་སུམ་རྒྱ་ཙམ་རེ་གདབ། །ཨོ་ཨུ༷༷ཧཱུཾ༷། མེ་རི་དམར་པོ་གསོད། ལྕགས་རི་ནག་པོ་སོད། ཆུ་རི་སྔོན་པོ་སོད། ཞི་ཞི་གྲམ་གྲམ་གྲྭ་ཧྭ། ཚབས་ཆེ་སྟོང་ཚོ་བཅུ་བཟླས་ཏེ། ཕུས་མི་གདབ་པར་ཐུ་ཐུ་བྱ། །དེ་འཕྲལ་སོས་པར་འགྱུར་ཏེ་ཐེ་ཚོམ་མེད། །ཡེ་ཤེས་འོད་ལྡན་རྒྱུད་ལས། མེས་ཚིག་གསོ་བའི་ལེའུ་སྟེ་སོ་གསུམ་བའོ།། །།དེ་ནས་ཡང་དག་བཤད་བྱ་བ།བཅུད་ལེན་སྔགས་ཀྱིས་རྒྱུ་གཟེར་བསྲུང་། །འོད་ལྡན་བྱང་བལྟའི་སྤྲུ་མ་ཉིད། །ཞིབ་བཏགས་རིལ་བུ་སྲན་ཆུང་ཙམ། །བྱས་ཏེ་སྔགས་འདི་སྟོང་དུ་བཏབ། །ཨོ་ཨུ༷༷ཧཱུཾ༷། འཛང་རེ་ཛ་བ་རེ་ནད་ངན་རྒྱུ་གཟེར་ལ་གྲྭ་ཧྭ། ལྟོ་སྟོང་དག་ལ་སུས་ཟོས་ཐུབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། རྒྱུ་གཟེར་བསྲུང་བའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ནད་ཀུན་ཐུབ། །འོད་ལྡན་བདུད་རྩི་མར་ཁུ་དང་། །དྲི་ཆེན་དྲི་ཆུང་སྔགས་འདི་བསྒྲུབ། །ནད་རིམས་བསྲུང་པའི་སྙིང་པོ་རྣམས། །གུར་གུམ་ལྷི་ཧང་གླ་རྩི་དང་། །རྒྱ་སྣག་དག་གིས་བྲིས་བྱས་ཏེ། །རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །བསྲུང་བྱའི་མ༷གུལ་དུ་བཏགས་པ་ན། །རིམས་ནད་མགོ་ནད་བལ་ནད་གཟེར། །རྒྱུ་ནད་འབྲུམ་ནག་གག་ལྷོག་གློ། །རྒྱ་ནད་ཅོང་འགྱེལ་ལྟག་འགྱེལ་རྣམས། །དེ་ཡི་ཕྱོགས་སུ་ཉེ་མི་ནུས། །སྔགས་སྟོང་ཆུ་བླུག་ནད་བྱུང་སོས། །ཨོ་ཨུ༷༷ཧཱུཾ༷།ཧབ་རྩི་ཧབ་རྩི་ཟུ་ཟུ་ཧཱུཾ༷་སད། ཀུ་ལ་རང་ཤིས་སད། བུ་ཀ་ཛུ་ཡ་སད། སད་ཀྲེ་ཀ་རུ་སད། དྲུགཆོམདྲུག གཤོགདྲུག གཡས། དམིགས་པ་ལྕགས་ཀྱི་གཟོང་དྲུག་དབུགས ཀྱིནདབུག ཀྱིན སད། མོརོསད། གྱི་ནི་སད། ལེ་བེར་སད། ཀྱིན་སད་ཀུ་རུ་སད་ཀྱིན་སད་སད་སད། དམ་དི་དེ་པྲེང་དེ་པྲེང་། ཏང་ཀུ་ལ་ཏང་ཀུ་ལ། དམར་པོ་ལ་ལྷ༷་ལྷ༷། རུག་རུག་ཆིར་ཆིར། སྲོག་གི་སྙིང་པོ་ལ་རྦད་རྦད་རྦུད་རྦུད་གྲྭ་ཧྭ། ནད་རྣམས་ཐུབ་ཅིང་སོས་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ནད་བསྲུང་བའི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་འབྲུམ་ནག་བསྲུང་། །དཀར་ཆེན་རྒྱ་ཐེལ་རྩེགས་པ་བསྲུང་། །འོད་ལྡན་གི་ཧང་གླ་རྩི་དང་། །བཙན་དུག་ཐར་ནུ་རེ་ལྕག་པ། ཁུ་དག་གུ་གུལ་མུ་ཟི་ནག །ཤིང་ཀུན་རྒྱ་སྣག་ཨ་རུ་ར། །ར་ཁྲག་སྲན་ནག་རེ་རེ་ལ། །སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ་གདགས། །ཨོ་ཨུ༷༷ཧཱུཾ༷། བཛྲ་ཀ་རུ་ན་བྲང་ཏེ། ཏིག་ཏིག །ཏྲར་བྲག་ཤིག །ཏ་ཐུ་ག་ཏ་ཡ། ཙ་ལེ་ཧེ། དུ༷་ཧཱུཾ༷་ཕཊ། སརྦ་བྱུ་དྷི་རོ་ག་ཤ༷་ཀུ་རུ་ཧཱུཾ༷་ཕཊ། །རྫས་རྣམས་སྨིན་མཚམས་སྤྱི་གཙུག་དང་། །མགྲིན་ཁུང་སྙིང་ག་རྐང་ལག་མཐིལ། །བྱུགས་པས་ས་བདག་ཀླུ་གཉན་དང་། །ལྷོག་པ་འབྲུམ་ཐོར་རྒྱུ་གཟེར་ཐུབ། །བལ་ནད་མིག་སེར་མཁྲིས་སྒྱུགས་ཐུབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། འབྲུམ་ཐོར་བསྲུང་བའི་ལེའུ་སྟེ་སོ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བབ་ལེན་སྔགས་ཀྱིས་ལྷོགས་པ་བསྲུང་ཞིང་བསད། །འོད་ལྡན་བོང་ནག་སྔགས་བཟླས་གདགས། །ཨོ་ཨུ༷༷ཧཱུཾ༷། ར་ན་མ་ཚ་བྷ་ས་ཧི། ཏི་ཏི་ནི། སྙེ་བ་ཀ་ལ། ཐི་རི་ཧི་ཐ༷། ཕཊ་ཕཊ་ཕཊ། སྔགས་ཆུ་བླུད་པས་ལྷོག་བྱུང་སོས། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྷོག་པ་གསོ་བའི་ལེའུ་སྟེ་སོ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་རྨ་ཁྲག་གསོ། །འོད་ལྡན་བདུད་རྩི་བརྒྱ་ཕྲག་དང་། །ཁྲག་ཞུན་དྲི་ཆུ་སྦྱར་ལ་བྱུག །སྔགས་སྟོང་བཏབ་པས་སོས་པར་འགྱུར། །ཨོ་ཨུ༷༷ཧཱུཾ༷། ཨ་ན་ལེ། བི་ན་ལེ། རྦལ་ཆོད་ཁྲག་ཆོད་གྲྭ་ཧྭ། ཡང་ན་འདི་ཉིད་སུམ་བརྒྱས་འཚོ། །ཨོ་ཨུ༷༷ཧཱུཾ༷། ཏི་ལི་སོད། ནི་ལི་སོད། ཐ་ཏི་སོད། རྨ་ཡི་སྙིང་པོ་སོད་སྲུ་ཧྭ། དེ་ནས་རྩ་བྱེར་ན་སུམ་བརྒྱས་སོས། །ཨོ་ཨུ༷༷ཧཱུཾ༷། རྩ་ཁྲིས་ནད་གྲྭ་ཧྭ། དེ་ནས་ཀླད་པ་ན་བ་ལ། ཨོ་ཨུཿཧཱུཾ༷། ཀླད་ཁྲིས་ནད་གྲྭ་ཧྭ། དེ་ནས་རུས་པ་གས་པ་གསོ་བ་ལ། ཨོ་ཨུ༷༷ཧཱུཾ༷། རུས་ཐེས་ནད་གྲྭ་ཧྭ། དེ་ནས་ཆུ་སེར་ཁྱིམ་ན་གདབ། ཨོ་ཨུ༔ཧཱུཾ༷། ཆུ་སིལ་སིལ། ནན་སྲུ་ཧྭ། ཕྱི་རུ་ལོག་ན་སྔགས་འདི་བཟླས། །ཨོ་ཨུ༷༷ཧཱུཾ༷། ཀ་ལག་ཁྲིས་ནང་ཤ་སྲུ་ཧྭ། རལ་གྲི་མདའ་རྡོ་ཐམས་ཅད་ཐུབ། །འོད་ལྡན་གསེར་གྱི་ཨ་ཧཱུཾ༷་གདགས། །ཨོ་ཨུ༷༷ཧཱུཾ༷། ཛི་ཛི་ལུག་སྙིང་ཛི། ལུག་སྙིང་ར༷་སྲུ་ཧྭ། ལུས་ལ་མདེའུ་ལུས་པ་འདོན། །འོད་ལྡན་ཡུ་མོ་མེད་འབྱིན་བསླན། །ཨོ་ཨུ༷༷ཧཱུཾ༷། ཁྲིམ་ཏྲི་ནི་གྲྭ་ཧྭ།ལྟོ་སྟོང་བཏབ་པས་འཐོན་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། མགོ་རྨ་གསོ་ཞིང་མདའ་རྡོ་བསྲུང་ཞིང་། མདེའུ་འདོན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སྲིན་ལང་གསོ། །འོད་ལྡན་དྭ་འབྲུམ་ཐད་ཕྲོམ་ལ། །སྔགས་འདི་བརྒྱ་སྟོང་བཟླས་བྱས་ཏེ། །བུ་རམ་སྦྱར་ལ་རི་ལུ་ནི། །འཇི་བ་ཙམ་བྱས་གྲོ་ཐང་འཕུལ། །ཨོ་ཨུ༷༷ཧཱུཾ༷། རྩག་ཏི་རྩོག་ཏི། སྙིང་ལ་རུ་དེ་སོ་ གྲྭ་ཧྭ།སྔགས་ཆུས་ཀྱང་ནི་སོས་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། སྲིན་ལང་གསོ་བའི་ལེའུ་སྟེ་སོ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཤུ་བ་གསོ། །འོད་ལྡན་བདུད་རྩི་མར་ཁུ་དང་། །ཝ་བྲུན་ཞིབ་བཏགས་མར་རྙིང་སྦྱར། །སྔགས་འདི་སྟོང་བཏབ་བྱུགས་ཉི་བསྲེག །ཨོ་ཨུ༷༷ཧཱུཾ༷། ཐོར་བུ་ར༷་མེ་སོད། མགོ་ཆེ་མགོ་ཆུང་སོད། ཆུ་ནག་ཁྱིལ་ལ་སོད། བྲམ་ཟེ་ནག་པོ་སོད་སྲུ་ཧྭ། ཤུ་བ་ཇི་ལྟ་བུ་ཡང་འཚོ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཤུ་བ་གསོ་བའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཁྱི་རྨ་གསོ། །ཆུ་བྲེ་གང་ལ་སྔགས་འདི་ནི། །སུམ་བརྒྱ་བཏབ་ལ་རྨ་བཀྲུས་ཏེ། །ཨོ༷་ཨུ༷༷ཧཱུཾ༷། ཧ་གཙག་སྐྱིས་སྐྱི་དོ་གྲྭ་ཧྭ། མེ་ལོང་གཡས་ཕྱིས་ཁྱི་སྐྲུ་བླན། །འོད་ལྡན་བདུད་རྩི་མར་ཁུ་ཡི། །རིལ་ལུ་ལྟོར་གཏོང་རྨ་མི་དཀྲི ཁ་མི་བསྲུང་ཞིང་ན་ན་བྲབ། །ཡེ་ཤེས་འོད་ལྡན་རྒྱུད་ལས༷། ཁྱིས་གཟུང་གསོ་བའི་ལེའུ་སྟེ་ཞེ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཁྱི་མི་འོང་། །འོད་ལྡན་ཡུངས་དཀར་བྱི་ལའི་བྲུན། །ཟན་བསྲེས་སྔགས་བརྒྱ་བཏབ་ཏེ་བྱིན། །ཨོ་ཨུ༷༷ཧཱུཾ༷།ཀུ་ཀུ་ར་ཙ་རྐང་སྒྱུགས། རྐང་སྒྱུགས། ཁ་ཐ༷་ཁ་ཐ༷། ཨོ་བཛྲ་སྐོར་རྣ་ཆུམ། སྣ་ཆུམ་ཆུམ། ཀུ་ཀུ་ར་ཙ་ཁ༷་ཐ༷་ཁ༷་ཐ༷་གྲྭ་ཧྭ། ཁྱི་བཟང་སེར་གེ་འདྲ་ཡང་ཆིངས། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཁྱིའི་ཁ་ཆིངས་ཀྱི་ལེའུ་སྟེ་ཞེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཇག་ཆིངས་ནི། །བླ་མ་ཡི་དམ་མཁའ་འགྲོ་ལ། །བ་ལི༷་ཕུལ་ནས་གསོལ་བ་གདགས། །རང་ཉིད་ལྷར་གསལ་འོད་ལྡན་ལ། །སྔགས་བརྒྱ་བཟླས་ལ་གདོང་ལ་བྱུག །ཨོ་ཨུ༷༷ཧཱུཾ༷། ན་མོ་བྷ་ག་ལྷུ་ཏེ། ཨརྟ་ཏེ་སམྱ་ཀྭ༷་བྲརྙ་ཡ། ཏབྱ་ཐུ། རྙུ་རུ་རྙུ་མྲ པ་ར་སྟ༷་བྷ་ཡ། མོ་ཧ་མ་ཀྟ་ཧ་ནི་གྲྭ་ཧྭ། ཇག་པ་རྣམས་ནི་སྐྱེ་རེངས་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཇག་ཆིངས་ཀྱི་ལེའུ་སྟེ་ཞེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ནུ་རླིག་གསོ། །འོད་ལྡན་བདུད་རྩ་མར་ཁུ་ལ། །སྔགས་འདི་སྟོང་བཟླས་བྱུགས་ན་སོས། །ཨོ་ཨུ༷༷ཧཱུཾ༷། གལ་ཏེ་ན་ཕུས། ཨ་ཡ་ན་ཕུས། ཧཱུཾ༷་ཆང་གི་ལི་ཕུས། མ་ར་པ་ནི་ཕུས། ཕུ་སྲུ་ཧྭ། སྐྲངས་པ་གཞན་ཉིད་ལ་ཡང་ཕན། །ཡེ་ཤེས་འོད་ལྡན་རྒྱུད་ལས། ནུ་རླིག་གསོ་བའི་ལེའུ་སྟེ་ཞེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཕྲུ་གུ་འབྱིན། །མི་ལ་འོད་ལྡན་མར་སྦྱར་ཏེ། །བྱུགས་ལ་ཟན་ནམ་ཆང་སྔགས་བྱིན། །ཨོ་ཨུ༷༷ཧཱུཾ༷། སྲུ་ཛྲ་ཛྲ། ཐེལ་ཐེལ། ཕྱིག་ཕྱིག །འུར་འུར།ངེ་ལེ་གེ །ངེ་ལེ་གེ །ལུང་ལུང་གེ །ཁེ་བྷ་ར་ན་ཧ་ར་སྲུ་ཧྭ། ཁ་བྷ་ར་ན་ཧ་ར་གྲྭ་ཧྭ། དེ་ཡིས་ཕྲུ་གུ་འབྱིན་པར་འགྱུར། །ཤ་མ་མ་འཐོན་ན་ཡང་དེ་བཞིན་བྱ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཕྲུ་གུ་ཤ་མ་འབྱིན་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱི་འབྲུ་ཆང་ཞིམ། །འོད་ལྡན་བཙན་དུག་གུ་གུལ་དང་། །བ་གླ་རྟ་བོན་མུ་ཟི་སྒོག །སྤྱང་བྲུན་ཤིང་ཀུན་ཆུ་དག་ནག །བདུད་རྩི་ལ་ཆ་ཁྱི་བྲུན་གཞོབ། །མེ་ཁར་བཞག་ལ་འཚོད་ཟངས་དུག །ཨོ་ཨུ༷༷ཧཱུཾ༷། ཡ་མ་རྭ་ཛ་དུ་ཏྲི་ཕུ་ཏྲི། གནོད་བྱེད་འབྱུང་པོ་མྱ་ར་ཡ་ཕཊ། གུ་གུལ་བརྒྱད་དང་སྔགས་ནུས་ཀྱིས། །སྡེ་བརྒྱད་ཁ་འཆིང་གདོན་རྣམས་ཐུབ། །དེ་ནས་ཐབ་གཟུགས་སྔགས་རྫས་ཚོས། །འཚོད་པའི་ནང་དུ་མར་ཕྱེ་གདབ། །འོག་ཏུ་དཀར་གོང་མེས་བསྲེགས་དམར། །དེ་སྟེང་ར༷་དམར་བསྒོམ་པའི་སྔགས། །ཆུ་འབྲུ་བླུག་ལ་བརྒྱ་རྩ་གདབ། །ཨོ་ཨུ་ཧཱུཾ༷། ཧ་རི་ནི་ས་ར༷་ར༷། ལྷག་ལྷག ཁེག་ཤིག་སྲུ་ཧྭ། དེ་ནས་རེ་བས་ཁ་བཅད་བཙོ། །གོས་མེད་ལྡང་བར་འདོད་པ་ན། །འོད་ལྡན་ཚི་གུ་ཕུལ་གང་ལ། །སྔགས་འདི་བརྒྱ་བཟླས་ཆུ་སྐོལ་བླུག །ཆང་ཚོས་ཤུལ་དེར་གོས་ལེབ་གཅིག །ལང་པར་གྱིས་ཤིག་མཁའ་འགྲོ་མ། །ཨོ་ཨུ༷༷ཧཱུཾ༷། རི་ནི་ས་མ་ནན་རྙི་ཝན་ཏི་ཡེ་གྲྭ་ཧྭ། ཆང་ཞིམ་མང་མ་མདོག་འདོན་ན། །འོད་ལྡན་ཀྱི་བ་སར་སྐྱེ་ཚེ། །ཕབས་དང་བསྲེས་ནས་སྔགས་བཟླས་གདབ། །ཨོ་ཨུ༷༷ཧཱུཾ༷། ཧ་རི་ནི་ས། སུ་ར་བལ་ནི་གྲྭ་ཧྭ། ཆང་འཐུངས་ཀྱང་མི་བཟི་བ་ལ། འབྲས་ཆང་ནས་ཆང་སུམ་ཆང་ཕྱེ། །ཅོང་ཞི་ཛ་ཏི་ཨ་རུ་ར། ཁེང་ཚ་སུག་སྨེ་ཀ་ཀོ་ལ། །ཞིབ་བཏགས་ལྟོ་སྟོང་ཐུར་མགོ་རེ། །འགམས་ལ་སྔགས་སྟོང་བཟླས་བཏུང་ན། །ཨོ་ཨུ༷༷ཧཱུཾ༷། ཏབྱ་ཐུ། རུ་ལུ་རུ་ལུ། བི་རི་སརྦ་ཕཊ་དོ་པིང་སྲུ་ཧྭ། དང་པོ་འཐུང་མཁས་ཤིན་ཏུ་གཅེས། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཆང་བསྲུངས་སྔགས་ཚོས་ཅེར་ཆང་མི་བཟི་བར་བྱ་བའི་ཐབས་ཀྱི་ལེའུ་སྟེ་ཞེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཞོ་བསྲུང་ནི། །འོད་ལྡན་ཡུངས་ཀར་སྔགས་བརྒྱ་བཟླས། །འོ་ཟོ་བསྐོལ་དང་གནོན་སྐྲག་བ།དབ། །ཨོ་ཨུ༷༷ཧཱུཾ༷། ཏིར་ཏི་ཀ་སརྦ་པྲེ་ཏེ་སྲོག་དྷ་རུ་ཆོད། །འོ་ཞོ་ལ་རཀྟ་རཀྟ། ཡེ་ཤེས་འོད་ལྡན་རྒྱུད་ལས། ཞོ་བསྲུང་བའི་ལེའུ་སྟེ་ཞེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་འབྲུ་ཕྱུགས་འཕེལ། །སྐར་མ་བྲེ་ཡི་ཉིན་པར་ལ། །ལྕགས་ཀྱི་བྱི་བའི་གཟུགས་ནང་དུ། །འོད་ལྡན་རྟ་ཕྱུགས་སྙིང་པོ་ལ། །གོང་སྔགས་ཁྲི་ཚོ་གཅིག་བཟླས་ནས། །འབྲོག་དང་ར་བར་སྦས་ན་འཕེལ། །ཡེ་ཤེས་འོད་ལྡན་རྒྱུད་ལས། འབྲུ་ཕྱུགས་འཕེལ་བར་བྱེད་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཅི་བསམ་འགྲུབ། །བྷནྟྲ་རིན་ཆེན་གའུ་མྲ །འོད་ལྡན་རིན་ཆེན་འབྲུ་སྣ་ལྔ། །ཁྱེའུ་བུ་མོའི་བྱང་སེམས་དང་། །བཟང་སྨན་ཨ་ཀ་རུ་སྦྱར་བའི། །རི་ལུ་བཅུག་ལ་མཁས་པས་ནི། །གནོད་སྤྱིན་ཆུ་དབང་མཚན་བརྒྱ་རྩ། །ཉིན་བརྒྱ་མཚན་བརྒྱ་བཟླས་ནས་ནི། །རི་ལུ་གཅིག་ཙམ་བདུད་རྩིར་བཅས། །རང་གིས་ཟོས་པར་འགྱུར་ན་ཡང་། །མེ་ཆུ་ནད་རིམས་དགྲ་གཅན་བསྲུང་། །དུས་མིན་འཆི་སླུ་ཅི་བསམ་འགྲུབ། །ཨོ་ཨུ༷༷ཧཱུཾ༷། ཏབྱ་ཐུ། ན་མོ་རཏྣ་ཏྲ་ཡུ་ཡ། ན་མོ་མ་ཁི་བྷ་དྲུ་ཡ་མ་ཧྭ་ཡཀྟ་སེ་ན་པ་ཏ་ཡེ། ཨོ་ཧྲིང་ཏྲང་ཤཀྟ་རྙོ་སྣྲི་ཧི་དིབ་བྱ་རད་ནེའུ་བྷ། བྷ་རི་ཤ་ཡ། ཨ་དྷི་བ་ཏ་དྷི་བ་ཡཀྟ་ས་མ་ཡ། མ་ནུ་སྨ་ར་ཏྲི་ཧཱུཾ༷་ཕཊ་སྲུ་ཧྭ། འདི་ནི་ཡིད་བཞིན་ནོར་བུའོ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཅི་བསམ་བགྲུབ་པའི་ལེའུ་སྟེ་ཞེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ལྕི་བ་དང་། །སྤུར་ནག་པོར་རི་བྱི་བ་སྦྲང་། །ཤ་སྒོ་བྱིའུ་ལ་སོགས་པ། །སྔགས་འདི་རྫས་ལ་བཏབ་བྱུགས་གཏོར། །ཨོ་ཨུ༷༷ཧཱུཾ༷། རྩོག་གི་ཏ་ཏ་ལི། རྩོག་སྐྱེ་ལོག་ལི་མ་ཧྭ་ལོ་ཤ་ལི།ཨ་ལ་ཏ་ལ་ཙ་ལ་ཡེ་སྲུ་ཧྭ། འོད་ལྡན་ཉུང་སེར་གཞི་མོའི་རྩེ། །གཡེར་མ་སྐྱེར་འབྲུ་མོན་བུ་རྣམས། །ཕྱེ་བྱས་མར་རྙིང་དང་སྦྱར་ལ། །སྔགས་བརྒྱ་བཟླས་ཏེ་ལུས་ལ་བྱུགས། །ལྗི་བ་བསྲུང་པར་ཐེ་ཚོམ་མེད། །འོད་ལྡན་ཆུ་དང་མུ་ཟིའི་ཆུ། །རྩིག་རྨང་གཏོར་ན་སྦུར་ནག་ཐུབ། །འོད་ལྡན་གཙང་ཁའི་བྱེ་མ་ལ། །སྔགས་བཟླས་གཏོར་ན་བོང་རི་དང་། །བྱི་བ་ཤད་གོ་བྱིའུ་ཐུབ། །འོད་ལྡན་ཞང་ཞུང་མར་བསྲེས་བྱུག །དུག་སྦྲང་ལུས་ལ་སོ་འདེབས་ཐུབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། ལྗི་བ་སྦྲུར་ནག་བོང་རི་དང་། བྱི་བ་ཤ་དགོ་སྦྲང་བུ་བྱེའུ་བསྲུང་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཤིག་སེལ་བ། །ཟན་གཏོར་ཤ་ཆེན་ཤིག་དང་བཅས། །ཁ་འབར་སྔགས་ཀྱིས་ལན་ཆགས་ལ། །བསྔོས་ལ་གཏང་སྟེ་བདེན་པ་བདར། །འོད་ལྡན་བྲག་ཞུན་བྲག་དྲེག་དང་། །གླ་རྩི་མུ་ཟི་བྱ་རྒོད་སྤོས། །རེ་ལྕགས་དུད་བལ་མི་ཞུན་སྦྱར། །ཡང་ན་མར་ནག་སྦྱར་བ་ལ། །སྔགས་འདི་བརྒྱ་བཟླས་ལུས་ལ་བྱུག་ །ཨོ་ཨུ༷༷ཧཱུཾ༷། ཁོ་ལ་ཙ་ཀྲ་སརྦ་མ་དུ༷་ཏ་ཡེ་གྲྭ་ཧྭ། ཟླ་བ་རེ་ལ་ལན་རེ་བྱུག །ལན་ཆགས་ཤིག་ནི་འོང་མི་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཤིག་སེལ་བའི་ལེའུ་སྟེ་ང་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཞིང་ལུད་བྱ། །འོད་ལྡན་མི་བྲུན་ཕུག་རོན་བྲུན། །ལུག་མུར་སེ་རུལ་འབའ་ཆ་ཕབས། །བུད་མེད་ཆུས་སྤང་ཞག་གསུམ་བསྙལ། །ས་བོན་མར་ནག་སྤོལ་བྱས་ལ། །སྔགས་འདི་སྟོང་བཟླས་ཞིང་ལ་གདབ། །ཨོ་ཨུ༷༷ཧཱུཾ༷། དྷ་ཏི་རཏྣ་ཛ༷་བྷ་མ་ཧྭ་སི་ཏི་ཧཱུཾ༷། རྩ་བ་ཟུག་ལ་ཐན་སྲན་ཆེ། །མིག་ནད་མི་འོང་ནས་ལྡོག་ཆེ། །འགྱུར་རྐྱེན་བོངས་ནི་ཆེ་བར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། ཞིང་གི་ལེའུ་སྟེ་ང་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་ཞིང་འབུ་བསྲུང་། །འོད་ལྡན་ཡུངས་ཀར་བྱི་བའི་བྲུན། །དུད་པ་ཆུ་བཏབ་ས་བོན་སྦང་། །ཡང་ན་ལྗང་བུའི་དུས་སུ་གཏོར། །སྔགས་འདི་ཁྲི་ཚོ་གཅིག་ཏུ་བཟླས། །ཨོ་ཨུ༷༷ཧཱུཾ༷། ཨེ་ཧེ་ཨེ་ཧེ། མེ་ཧེ་མེ་ཧེ། ལྷུ་ཧཱུཾ༷་ལྷུ་ཧཱུཾ༷་ཕཊ་གྲྭ་ཧྭ། ཞིང་ལ་འབུ་སྲིན་འོང་མི་སྲིད། །ཡེ་ཤེས་འོད་ལྡན་རྒྱུད་ལས། །ཞིང་ལས་འབུ་སྲིན་བསྲུང་བའི་ལེའུ་སྟེ་ང་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སེར་བ་བསྲུང་། །འོད་ལྡན་ཐལ་ཆེན་ཡུངས་ཀར་དང་། །སྡེ་བརྒྱད་གཏོར་མ་སྔགས་འབུམ་བཟླས། །ཨོ་ཨུ༷༷ཧཱུཾ༷། ན་མོ་བྷ་ག་ཏེ། ཤཱཀྱ་མུ་ནཱ་ཡེ། ཏྭ་ཐུ་ག་ཏ་ཡ། པུ་ཙ་པུ་ཙེ། ས་མ་ཡ་པུ་ཙེ། ཨ་ཀ་རུ་པུ་ཙེ། ས་མ་ཡ་བ་ལ་ཡ་ནི་གྲྭ་ཧྭ། །བྱུང་དུས་ཉེ་བར་བཟློག་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། སེར་བ་བསྲུང་བའི་ལེའུ་སྟེ་ང་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་སད་བསྲུང་ན། །ཀླུ་དང་ལྷ་འདྲེ་གཏོར་མས་མཆོད། །ཟངས་སམ་རྫ་ནི་དམར་པོ་སྲ །འོད་ལྡན་ཆུ་དང་འོ་མ་འབྲུ། །བླུག་སྟེ་ནམ་མཁའ་རྒྱ་ཆེའི་སར། །ཆུ་བསྲོས་རླངས་པ་འཐོན་པར་བྱ། །མི་སྤོས་སྔགས་ལ་གསུང་མི་གཅད། །སྤྲིན་ཉིད་མ་འདུས་བར་དུ་བཟླས། །ཨོ་ཨུཿཧཱུཾ༷། ཨེ་ཐུམ་རིལ་བསྡུས་སྣ་ཏི་ར་བ༷་གྲྭ་ཧྭ། སྤྲིན་འདུས་སད་ཉིད་ཐུབ་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། སད་བསྲུང་པའི་ལེའུ་སྟེ་ང་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་དགྲ་བོ་ནི། །ལྐུགས་སུ་གཞུག་པའི་ལས་འདི་བྱ། །གྲོ་གའམ་ཤོག་ཤོག་དག་ལ་མིང་རུས་བྲིས། །ལྐུགས་ང།འི་ཐོད་པར་བཅུག་ནས་ཀྱང་། །མིང་རུས་ལྕགས་ཕུར་དག་ལ་ནི། །འོད་ལྡན་གྲི་ཁྲག་བྱུགས་ཤིང་གདབ། །ཨོ་ཨུ༷༷ཧཱུཾ༷། ཀྭ་ལ་རྭ་པ་ཆེ་གེ་མོ་རྗ་བྷ་ཡ་ཧཱུཾ༷་ཕཊ། ཞག་གསུམ་དག་གིས་ལྐུགས་པར་འགྱུར། །ཡེ་ཤེས་འོད་ལྡན་རྒྱུད་ལས། དགྲ་བོ་ལྐུགས་སུ་གཞུག་པའི་ལེའུ་སྟེ་ང་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བམོ་ལེན་སྔགས་ཀྱིས་བསད་བཟློག་ན། །མཎྜལ་མདའ་གང་གྲུ་གསུམ་པར། །གྲི་ཁྲག་ར་ཁྲག་ཆག་ཆག་གདབ། །དེ་སྟེང་ཐོད་པར་དམར་གཏོར་བཤམ། །དེ་སྟེང་དགྲ་བོའི་ལིསྐོ་ནི། །འོད་ལྡན་གྲི་ཁྲག་བག་ཕྱེ་བསྲེས། །གཟུགས་བྱ་སྙིང་གར་མིང་རུས་གཞུག །ཁ་སྦུབ་བཞག་སྟེ་ཡུངས་ཐུན་བྲབ། །བོད་རྦད་བསད་གསུམ་དྲིལ་བ་ཡི། །སྲོག་གི་སྐྲུ་གྲི་འདི་ལ་འབད། །ཨོ་ཨུཿཧཱུཾ༷། ཁྱི་ཁ་ལེ་ནག་མོ་སོད། །སྲོག་མ་ཏྲི་སོད། སྙིང་ཁ་ལ་ས༷་ཡ་མ་སོད། རྩོ་བ་རིལ་ལུ་སོད། ག་ཡ་སོད། ནི་ར་ཡ་སོད། རཀློ་ཙིསྟ་རྦུད་ཆེ་གེ་མོ་མྱ་ར་ཡ། བཱ་ར་ཡ། ཞག་བདུན་ཆོ་འཕྲུལ་བཅུ་བཞིས་སྲོག །མགོ་བཅད་རོ་དང་དམར་གཡོས་དང་། །བུད་མེད་འོད་དང་མི་ནག་རྨིས། །དེ་དུས་ལིསྐོ་གཏོར་མ་དང་། །མི་ཤ་བཅས་པའི་སྦྱིན་བསྲེག་བྱ། །འདིས་ནི་དགྲ་བོ་འཆི་བར་འགྱུར། །ཆོ་འཕྲུལ་དག་ནི་ཆེས་པ་ན། །བྱ་ནི་ངང་སེར་ཤ་ཚིལ་བསྲེག །ཡེ་ཤེས་འོད་ལྡན་རྒྱུད་ལས། དགྲ་བོ་བསད་བཟློག་གི་ལེའུ་སྟེ་ང་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བཅུད་ལེན་སྔགས་ཀྱིས་རྡོ་སེར་ཕབ། རང་ཉིད་ཨ་ཙ་ར་རུ་བསྒོམ། །འོད་ལྡན་ལུང་གསུམ་རྡོ་ལ་ནི། །སྔགས་འདི་ཞག་གསུམ་བར་དུ་བསྒྲུབ། །ཨོ་ཨུ༷༷ཧཱུཾ༷། ཧ་ས་ཀྲ་མ་རི་ཕོག་ཕོག །ཧུར་ཡ་ཧུར་ཡ། །རྡོ་ཕོབ་རྡོ་ཕོབ། པྲ་མོ་རྡོ་ཧུ་ར་ཧུར། །ཧ་ར་ཏི་རྙོ་ན་ར༷། རྡོ་ར་ཛོ་ཏ༷་ཡ་ཡ། གྲུབ་རྟགས་རང་མདུན་གསེགས་མ་སིབ་སིབ་འོང་། འབེབས་དུས་འབྲུ་སྣ་ལྔ་ཉིད་ལ། །སྔགས་འདི་བརྒྱ་རྩ་ལན་གསུམ་བཟླས། །དེ་ཉིད་གནམ་དུ་གཏོར་བས་ཕེབ། །ཡེ་ཤེས་འོད་ལྡན་རྒྱུད་ལས། རྡོ་སེར་འབེབས་པའི་ལེའུ་སྟེ་ང་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད། །གུས་པས་བྲིས་ལ་སྤྱི་བོར་གདགས། །མཆོག་དང་མཐུན་མོང་དངོས་གྲུབ་འབྱུང་། །རྒྱུ་དང་འོད་ལྡན་མེ་ཏོག་མཐིང་། །ཕྱག་ན་རྡོ་རྗེ་ཁྱོད་ལ་གཏད། །ཐུགས་ཀྱི་རིགས་ཀྱི་བུ་ལ་སྒྱིན། །རྒྱུད་དང་འོད་ལྡན་མེ་ཏོག་དཀར། །ཐུགས་རྗེ་ཆེན་པོ་ཁྱེད་ལ་གཏད། །གསུང་གི་རིགས་ཀྱི་བུ་ལ་སྤྱིན། །རྒྱུ་དང་འོད་ལྡན་མེ་ཏོག་སེར། །འཇམ་དཔལ་གཞོན་ནུ་ཁྱེད་ལ་གཏད། །སྐུ་ཡི་རིགས་ཀྱི་བུ་ལ་སྤྱིན། །རྒྱུ་དང་འོད་ལྡན་མེ་ཏོག་ལྔ། །མཁའ་འགྲོ་གསང་ཡུམ་ལྔ་ལ་གཏད། །མཆོག་དང་ཐུན་མོང་སྒྲུབ་ལ་བྱིན། །ཡེ་ཤེས་འོད་ལྡན་རྒྱུད་ལས།བཅང་ཞིང་གཏད་པའི་ལེའུ་སྟེ་ང་དགུ་པའོ།། །།བཅོམ་ལྡན་འདས་སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། ལེའུ་ང་དགུ་པ་གསུངས་པ་ལ། ཌའ་ཀི་སྡེ་ལྔས་བསྟོད་པ། ཨེ་མ་བཅོམ་ལྡན་བདུད་རྩིའི་རྒྱལ། །ཨོ་ཨུ༷༷ཧཱུཾ༷། ཨོ་ནི་སྐུ་ཡི་སྙིང་པོ་ཡིས། །སྣང་མཛད་བཅུད་དུ་བྱིན་གྱིས་བརླབས། །ལུས་ལ་བདེ་བ་རྒྱས་པར་མཛད། །བཅོམ་ལྡན་སྐུ་ལ་ཕྱག་འཚལ་བསྟོད། །ཨོ་ཨུ༷༷ཧཱུཾ༷། ཨུ༔ནི་གསུང་གི་སྙིང་པོ་ཡིས། །ཐོས་ཚད་གསུང་གི་བྱིན་གྱིས་བརླབས། །ངག་ལ་ནུས་པ་སྐྱེད་པར་མཛད། །བཅོམ་ལྡན་གསུང་ལ་ཕྱག་འཚལ་བསྟོད། །ཨོ་ཨུ༔ཧཱུཾ༷།ཧཱུཾ༷་ནི་ཐུགས་ཀྱི་སྙིང་པོ་ཡིས། །དྲན་ཚད་བཅུད་དུ་བྱིན་གྱིས་བརླབས། །སེམས་ལ་རྟོགས་པ་འཆར་བར་མཛད། །བཅོམ་ལྡན་ཐུགས་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་རྒྱུད་ལས། །ཌའ་ཀི་སྡེ་ལྔས་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པའི་ལེའུ་སྟེ་དྲུག་ཅུ་པ་རྫོགས་སོ།། །།སྔགས་ཀྱི་སྲུང་མས་སྲུངས་ཤིག །མྱ་ར་ཡ། འདིའི་བརྒྱུད་པ་ནི། ཨུ་རྒྱན་པདྨས། འོད་ལྡན་རྒྱུད་འདི་དང་པོ། ཁོ་མཐིང་ལྷ་ཁང་གི་རྣམ་སྣང་སྐུ་རྒྱབ་ཏུ་སྦས་སོ། །དེ་ནས་མངའ་བདག་ཉང་རལ་གྱིས་གདན་དྲངས་སོ། །དེས་སྲས་མི་བསྐྱོད་རྡོ་རྗེ་ལ་གནང་། དེས་སངས་རྒྱས་མཉམ་མེད་འོད་པོ་རལ་པ་ལ་གནང་། དེས་གྲུབ་ཐོབ་མུན་སེལ་ལ་གནང་། དེས་གྲུབ་ཐོབ་དྲིན་ཆེན་རིན་པོ་ཆེ་ལ་གནང་།དེས་སྨན་སྟོན་ཆོས་འཕེལ་ལ་གནང་། དེས་དགེ་སློང་བསོད་ནམས་གྲགས་པ་ལ་གནང་ངོ་། །རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར། །སྲོག་གི་སྒོ་རུ་ཤར་བ་དང་། །སྙིང་གི་སྒོ་རུ་བསྒོམ་པར་བྱ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །གསད་ཅིང་གནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེ་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཨོ་བཛྲ་ཀི་ལི་ཀི་ལི་ཡ། སརྦ་བིསྣན་བ༷་ཧཱུཾ༷་ཧཱུཾ༷་ཕཊ། རྡོ་རྗེ་གཞོན་ནུ་རིག་འཛིན་རྣམས། །སྲིད་པ་རྡོ་རྗེ་གྲུབ་མཇོད་ཅིག །སྲིད་པ་རྡོ་རྗེ་ཕུར་པའི་ལྷ། །ཡེ་ཤེས་ཁྲོ་བོ་གྲུབ་པར་འཛོད། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །སྐུ་ཡི་དབྱིག་ཏུ་བདག་གྱུར་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས། །དབང་དང་བྱིན་བརླབས་འདིར་གསོལ་ཅིག །ཨོ་བཛྲ་ཀྲོ་དྷ་ཧཱུཾ༷་ཀྭ་ར་ཧཱུཾ༷། གཇོགསྣོཧཱུཾ༷་ཕཊ། ཁྲོ་བོ་ཆེན་པོ་ཧཱུཾ༷་ཀྭ་ར་དང་། ཡུམ་རྡོ་རྗེ་སྒྲ་འབྱིན་མ། སྤྲུལ་པའི་ཕྲ་མེན་མ་ཕག་གི་མགོ་ཅན་དང་། སྨིགས་བུའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ༷། ཧ་ན་ཧ་ན་ཧཱུཾ༷་ཕཊ། ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་རྣམ་སྙེམས་མ། སྤྲུལ་པའི་ཕྲ་མེན་མ་སྟག་གི་མགོ་ཅན་དང་། བྱ་རྒོད་ཀྱི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུཾ༷། ད་ཧ་ད་ཧ་ཧཱུཾ༷་ཕཊ། ཁྲོ་བོ་ཆེན་པོ་དབྱུག་པ་སྔོན་པོ་དང་། ཡུམ་རྡོ་རྗེ་སྡེར་མོ། སྤྲུལ་པའི་ཕྲ་མེན་མ་གཡག་གི་མགོ་ཅན་དང་། བྱ་རོག་གི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཡ་བཱརྙ་ཀ་ཧཱུཾ༷།པ་ཙ་པ་ཙ་ཧཱུཾ༷་ཕཊ། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་པོ་དང་། ཡུམ་དུར་ཁྲོད་ཀྱི་བདག་མོ། སྤྲུལ་པའི་ཕྲན་མེན་མ་ཤ་བའི་མགོ་ཅན་དང་། འུག་པའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཨུརུ་ཨ་ཙ་ལ་ཧཱུཾ༷། བརྙ་བརྙ་ཧཱུཾ༷་ཕཊ། ཁྲོ་བོ་ཆེན་པོ་མི་གཡོ་མགོན་པོ་དང་།ཡུམ་རྡོ་རྗེ་གཏུན་ཁུང་མ། སྤྲུལ་པའི་ཕྲ་མེན་མ་གཟིག་ག་མགོ་ཅན་དང་། ཁུའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཧ་ཡ་རྒི་བ་ཧཱུཾ༷། ཧུ་ལུ་ཧུ་ལུ་ཧཱུཾ༷་ཕཊ། ཁྲོ་བོ་ཆེན་པོ་རྟ་མགྲིན་དང་། ཡུམ་རྡོ་རྗེ་གཏུམ་མོ། སྤྲུལ་པའི་ཕྲ་མེན་མ་བྱི་ལའི་མགོ་ཅན་དང་། པུ་ཤུད་ཀྱི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཨ་པ་རྭ་ཛི་ཏ་ཧཱུཾ༷། ཏིཇི་ཏིཛི་ཧཱུཾ༷་ཕཊ། ཁྲོ་བོ་ཆེན་པོ་དཔལ་ལྡན་གཞན་གྱིས་མི་ཐུབ་པ་དང་། ཡུམ་རྡོ་རྗེ་མདའ་སྙེམས་མ། སྤྲུལ་པའི་ཕྲ་མེན་མ་སྤྱང་ཀིའི་མགོ་ཅན་དང་། ཁྲའི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཨ་མྲི་ཏ་ཀུཎྜལི་ཧཱུཾ༷། ཚིརྙ་ཚིརྙ་ཧཱུཾ༷་ཕཊ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་དང་། ཡུམ་རྡོ་རྗེ་རླུད་འབྱིན་མ། སྤྲུལ་པའི་ཕྲ་མེན་མ་སེང་གེའི་མགོ་ཅན་དང་། ཕ་ཝང་གི་མགོ་ཅན་ནོ། །ཨོ་བཛྲ་ཀྲོ་དྷ་ཏྲེ་ལོ་ཀྱ་བི་ཛ་ཡ་ཧཱུཾ༷། བིརྙ་བིསྟོ་ཧཱུཾ༷་ཕཊ། ཁྲོ་བོ་ཆེན་པོ་ཁམས་སུམ་རྣམ་པར་རྒྱལ་བ་དང་། ཡུམ་རྡོ་རྗེ་གསོད་བྱེད་མ། སྤྲུལ་པའི་ཕྲ་མེན་མ་དྲེད་ཀྱི་མགོ་ཅན་དང་། ཟེར་མོའི་མགོ་ཅན་ལི་ཀི་ལ་ཡ་ཧཱུཾ༷་ཧཱུཾ༷་ཕཊ་ཕཊ། བཛྲ་ཧཱུཾ༷་ཀྭ་ར་ཧཱུཾ༷་ཕཊ། ཧཱུཾ༷་ཀྭ་ར་ཧཱུཾ༷་ཨུ༷༷། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་རྣམས་ཉན་པར་གྱིས། །ཧཱུཾ༷་པ་ར་བི་དྷ་ན་ཧཱུཾ༷་ཕཊ། ཚིནྟྲ་ཚིརྙ་ཧཱུཾ༷་ཕཊ། བིརྙ་བིརྙ་ཧཱུཾ༷་ཕཊ། གྲིཎྜ་གྲིཎྜ་ཧཱུཾ༷་ཕཊ། ཧ་ན་ཧ་ན་ཧཱུཾ༷་ཕཊ། བརྙ་བརྙ་ཧཱུཾ༷་ཕཊ། ཏ་ཐུ་ཡ་ཏ་ཐུ་ཡ་ཧཱུཾ༷་ཕཊ། ཧ་ས་ཡ། ར་ན་ཧ་ཏ་ན་ཧཱུཾ༷་ཕཊ། ཤི་ཀྲིན་ཨ་ན་ཡ་ཧཱུཾ༷་ཕཊ། ཛ་ལྭ་པ་ཡ་ཛ་ལྭ་པ་ཡ་ཧཱུཾ༷་ཕཊ། ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ་ཧཱུཾ༷་ཕཊ། བིརྙ་ཡ་བིདྷ་ཡ་ཧཱུཾ༷་ཕཊ། བྲན་དང་ཕོ་ཉ་བཀའ་ཉན་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ མ་ཐ་མ་ཐ་བཛྲ ཛ་ལ་ཛ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་ཏང་ཀ་ཡེ། ཛ་ཡེ་བི་ཛ་ཡེ་ཡ། ཨ་ཛི་ཏེ་ཨ་པ་རྭ་ཛི་ཏ་ཡ། མ་ར་སི་རྨྱི་པྲ་མརྡ་ནཱ་ཡ་ཧཱུཾ༷་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུཾ༷་མ་མ་པ་ཤི་ཀུ་མྲ མ་ཐ་མ། །ཉཡ་ཀ་ར། ཨི་ནན་ད་སྟི། མ་མ་ཀརྨ་ཕྲི་ཀྲང་ཀ་ར་ཡ། གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷའམ་འོན་ཏེ་བདུད་ཀྱང་རུང་། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨུ་ན་ཡ་ཧཱུཾ༷་ཕཊ། ཏ་ཐུ་ཡ་ཏ་ཐུ་ཡ་ཧཱུཾ༷་ཕཊ། རྡུངས་ཤིག་རྡོ་རྗེ་འབར་བའི་ག་། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་སྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་བྱ། ཁ་ཐམ། ཁ་ཐམ། ཁ་ཐམ། ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཕཊ་ཕཊ་ཕཊ། བཛྲ་ཡཀྟ་ཀྲོ་དྷ་ཁུ་ཧི། ཁུ་ཧི། ཁུ་ཧི། ཧི་ཧི་ཧི། ཧ་ཧ་ཧ་། ཧཱུཾ༷་༷༷་ངངདེ་ངངང་ང་ངངངདེ་་ཀིལིཀིངཅིཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཆས་ཉད་ཀྱ་བ ན་པའ། །གསང་སྔགས་ཀྱ་བྱན་གྱས་བརླབས་ས། །སངས་རྒྱས་ཀྱ་མཐུའ། ཨ་བྷ་ཙྭརུའ་དུས་ལ་བབ་པའ་བརྣག་པ་ ་ཁ་ན་ལའ། ། ་ ་ ་ལ་ཡ་ཉ་ཤུ་རྩ་ག ག་བཟླས། །བཅྭ་བརྒྱད། དཀར་ནག་གི་མཚམས་སུའོ། །ཧཱུཾ༷་ཧཱུཾ༷། །ཕཊ་ཕཊ། ཙམ་བཟླས་སོ། །རྫོགས་སོ།། །།