Ngb-pt-0305-vol-04-text
Front
Body
རྒྱ་གར་སྐད་དུ་ཨ་མྲི་ཏ་ཀརྨ་ས་མུ་དྲ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩི་ལས་རྒྱ་མཚོའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། གནས་མཆོག་ཆོས་ཉིད་མ་སྐྱེས་པའི་ཀློང་ནས། འཁོར་ཆོས་ཉིད་ལ་ཆོས་ཉིད་བདུད་རྩི་ཆེན་པོ་འདི་བཤད་དེ། དུས་གསུམ་འདུས་མ་བྱས་པའི་དུས་ན། དཔལ་ཀུན་ཏུ་བཟང་པོའི་ཐུགས་ལས་རྡོ་རྗེ་སེམས་དཔའ་ཕྱུང་ནས། ཐལ་མོ་སྦྱར་ནས་ལན་གསུམ་བསྐོར་ནས། བདུད་རྩི་ཆེན་པོ་ལས་རྒྱ་མཚོའི་རྒྱུད་འདི་ཞུས་སོ། །ལྷ་བ་རྒྱ་མཚོ་ཇི་ལྟར་བལྟ། །སྦྱོད་པ་རྒྱ་མཚོ་ཇི་ལྟར་སྤྱད། །བསྒྲུབ་པ་རྒྱ་མཚོ་ཇི་ལྟར་བསྒྲུབ། །སྦྱོར་བ་རྒྱ་མཚོ་ཇི་ལྟར་སྦྱར། །བསྒྲལ་བའི་ཕྲིན་ལས་ཇི་ལྟར་བསྒྲལ། །བདུད་རྩི་སྨན་ཆེན་གང་དུ་བསྒྲུབ། །དམ་ཚིག་བསྲུང་བ་ཇི་ལྟར་བསྲུང་། །ཕྲིན་ལས་རྒྱ་མཚོའི་ལས་རྣམས་ཀུན། །ལུང་དང་མན་ངག་རྣམ་པ་དུ། །ཀུན་ཏུ་བཟང་པོས་བཤད་དུ་གསོལ། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག །གནས་མཆོག་ཡུམ་གྱི་དཀྱིལ་འཁོར་ན། །གཉིས་མེད་ལྷུན་གྱིས་གནས་པའི་ཚེ། །དེ་ཚེ་ཉན་ཐོས་དགེ་འདུན་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་དང་། །དགྲ་བཅོམ་མིང་ཡང་མེད་ནང་དུ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ན། །སྲིད་གསུམ་སེམས་ཅན་དུག་ཆེན་ལྔ། །སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །རང་བཞིན་མེད་པར་སྤྱད་བྱས་པས། །སྟོང་གསུམ་བྷསྟོ་བཟང་འཁོར་དུ། །ཞེ་སྡང་ལྟ་བུའི་དུག་ཆེན་ལ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །རང་བཞིན་མེད་པར་སྦྱར་བྱས་པས། །བདུད་རྩི་ཞེས་ནས་དེ་ལ་བྱ། ཁྲར་ཕྱོགས་སྐུ་གསུམ་གཞལ་ཡས་སུ། །བདེ་བར་གཤེགས་པའི་ཕོ་བྲང་དུ། །གཏི་མུག་ལྟ་བུའི་དུག་ཆེན་ལ། །སྟོང་པ་ཉིད་ཀྱི་རྩིས་སྦྱོངས་པས། །བདུད་རྩི་ཞེས་ནས་དེ་ལ་བྱ། །ལྷོ་ཕྱོགས་ཐུབ་མེད་གཞལ་ཡས་སུ། །རིན་ཆེན་རིགས་ཀྱི་ཕོ་བྲང་དུ། །ང་རྒྱལ་ལྟ་བུའི་དུག་ཆེན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །གཉིས་སུ་མེད་པར་རབ་སྦྱོངས་པས། །བདུད་རྩི་ཞེས་ནི་དེ་ལ་བྱ། །ནུབ་ཕྱོགས་དཔག་མེད་གཞལ་ཡས་སུ། །པདྨ་རིགས་ཀྱི་ཕོ་བྲང་དུ། །འདོད་ཆགས་ལྟ་བུའི་དུག་ཆེན་ལ། །སོ་སོར་རྟོགས་པའི་རྩིས་སྦྱངས་པས། །བདུད་རྩི་ཞེས་ནི་དེ་ལ་བྱ། །བྱང་ཕྱོགས་མཐའ་མེད་གཞལ་ཡས་སུ། །ལས་ཀྱི་རིགས་ཀྱི་ཕོ་བྲང་དུ། །ཕྲག་དོག་ལྟ་བུའི་དུག་ཆེན་ལ། །བྱ་བ་ནན་ཏན་རྩིས་སྦྱངས་པས། །བདུད་རྩི་ཞེས་ནི་དེ་ལ་བྱ། །དོན་གྱི་བདུད་རྩི་མ་བཅོས་སོ། །རྟོག་པའི་བདུད་རྩི་སངས་རྒྱས་པའོ། །རྫས་ཀྱི་བདུད་རྩི་ལྷུན་གྱིས་གྲུབ། །ཀུན་ཏུ་བཟང་པོའི་ཐུགས་དཀྱིལ་ནས། །དུས་གསུམ་སྲིད་གསུམ་སྐུ་གསུང་ཐུགས། །ཡེ་ནས་བདུད་རྩི་ཡིན་པའི་ཕྱིར། །ངེས་པའི་ལུང་ནས་བཀའ་སྩལ་ཏེ། །ཟབ་མོའི་ཀློང་ནས་ཕྱུང་སྟེ་བསྟན། །དེ་ནས་བདེ་གཤེགས་ཐམས་ཅད་དང་། །ཐབས་གཅིག་བཞུགས་པའི་དགོངས་པ་ནི། །བླ་ན་མེད་པའི་བྱང་ཆུབ་ཏུ། །ཡེ་ཤེས་མཉམ་པའི་ཉམས་རྙེད་ནས། །རྡོ་རྗེ་གསང་བའི་གྲལ་ཐོབ་སྟེ། །ཀུན་གྱི་དམ་པ་འདི་གསུངས་སོ། །སྒྲུབ་དང་བསྒྲུབ་པར་བྱ་བ་དང་། །འབྲས་བུ་ཐོབ་པར་བྱ་བའི་ཕྱིར། །གསང་སྔགས་གསང་བའི་མན་ངག་ནི། །བདུད་རྩི་དམ་པ་མཆོག་གི་ལུང་། །སྙིང་པོར་བསྡུས་པའི་ངེས་པ་ཡི། །བྱང་ཆུབ་འབྱུང་བའི་སྙིང་པོ་མཆོག །ལྟ་བ་དང་ནི་ངེས་ཚིག་ལ། །བསམ་གྱི་མི་ཁྱབ་བསྟན་པ་དང་། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནི་གསུམ་དུ་འདུས། །གསང་ཉིད་ཡི་གེར་བསྡུ་དང་བཞི། །ལྡེམ་པོར་དགོངས་དང་དོན་དམ་ཡང་། །དཀྲི་པའི་དོན་ཏེ་སངས་རྒྱས་ཡིན། །རྣ་བརྒྱུད་བསྟན་པར་ཐུགས་བརྟོལ་ཏེ། །ཐིག་ལེ་ཆོས་སྐུས་ཁྱབ་པའི་ཕྱིར། །ངེས་པའི་ལུང་ཡང་སངས་རྒྱས་སོ། །སངས་རྒྱས་མཉམ་དང་དབྱིངས་སུ་གྲོལ། །གསང་སྔགས་གསང་བས་སངས་རྒྱས་ཏེ། །བྱང་ཆུབ་སེམས་འདི་ཀུན་ཏུ་དག །རྫོགས་པའི་ཡེ་ཤེས་བདེ་ཆེན་ཉིད། །མ་ལུས་མཐའ་དག་ཉིད་ཀྱི་རྒྱ། །ཡེ་ནས་བྱ་མེད་བྱ་མི་དགོས། །རྒྱུ་དང་འབྲས་བུ་ཞབྲུལ་བའི་སྒྲ། །མི་རྟོག་སྦྱང་བའི་ཡུལ་མ་ཡིན། །དེ་ལྟ་བུ་ཡི་རྟག་འཛིན་གྱིས། །འཁོར་བའི་རྒྱ་མཚོར་གྱུར་བ་ཡིན། །ངེས་པར་འབྱུང་བ་ཆེན་པོ་ལ། །བདག་འཛིནམེདབཞིནབཞགཔསན། །བྱང་ཆུབ་སེམས་ཉིད་ལྟུང་གནས་མེད། །བུ་གཅིག་མ་བཙལ་བདེ་བར་གནས་སོ། །རྒྱུད་དང་ལུང་དང་མན་ངག་གསུམ། །དམངས་དང་རྗེ་དང་རྒྱལ་པོའི་ཚུལ། །ཁྱད་པར་རྩལ་འཕགས་ཐག་རིང་ཡང་། །གཅིག་ལ་གཅིག་གི་ངང་ཉིད་དུ། །དབྱེར་མེད་ཚུལ་གྱི་རང་བཞིན་པས། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །བདུད་རྩི་ཞེས་ནི་དེ་ལ་བྱ། །དེ་བས་སྐུ་གསུང་ཐུགས་ཀྱི་རྒྱ། །སྐུ་དང་རྒྱན་དང་འཁོར་ལོ་ཡང་། །ལུང་ཆེན་ཟབ་མོའི་ནང་ན་གསལ། །ལྔ་བཞིའི་ནང་དུ་འཁོར་བ་ཡང་། །ཡེ་ཤེས་སངས་རྒྱས་དེ་ལས་མེད། །དབྱིངས་སུ་གྱུར་ནས་མཉམ་གནས་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །བདུད་རྩི་ཞེས་ནི་དེ་ལ་བརྗོད། །སྐྱི་མཆི་མེད་པར་དབྱིངས་སུ་གྱུར། །དབྱིངས་གྱུར་དག་མཉམ་ལྷུན་གྲུབ་པས། །ལྟ་བ་འདི་ལ་གནས་པ་ཡི། །རྣལ་འབྱོར་འདི་ནི་སྐལ་པ་བཟང་། །ཅི་སྤྱད་ཅི་བསྒོམ་ཅི་བསྒྲུབས་ཀྱང་། །བདུད་རྩི་ཡིན་ཏེ་སྨན་གྱི་མཆོག །བདེ་བར་གཤེགས་པའི་ཐུགས་དམ་ཉིད། །བྱིན་བརླབས་ངོ་མཚར་རྒྱ་ཆེན་འབྱུང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གསོས། །སངས་རྒྱས་བདེ་ཆེན་ཉིད་ལས་འབྱུང་། །ཐམས་ཅད་མ་ལུས་བདུད་རྩི་འདི། །སྤྲོས་མེད་ཐིག་ལེར་གནས་པ་ལ། །མཐའ་ཡས་སེམས་ཅན་དོན་གྱི་ཕྱིར། །རང་ལ་མཆོད་ཅིང་རང་གིས་བཟའ། །སྒྲུབ་པ་པོས་ནི་ནན་ཏན་བྱ། །ཞེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཡེ་ཤེས་ཆེན་པོའི་ཐུགས་ཡང་དག་པ་ནས་དགོངས་ཏེ། བདུད་རྩི་ལས་རྒྱ་མཚོ་འདི་གསུངས་སོ། །བདུད་རྩི་ལས་རྒྱ་མཚོ་ལས་ལྟ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བདེ་བར་གཤེགས་པ་ཀུན་ཏུ་བཟང་པོ་ལ། རྡོ་རྗེ་སེམས་དཔས་གསོལ་པ། ཀུན་ཏུ་བཟང་པོ་བདུད་རྩིའི་སྤྱོད་པ་ཇི་ལྟར་སྤྱོད། །བདུད་རྩི་གནས་ནི་གང་ནས་སྐྱེ། །བདུད་རྩིའི་རྒྱུ་ནི་ཅི་ལ་བགྱི། །བདུད་རྩིའི་སྣོད་ནི་ཇི་ལྟ་བུ། །བདུད་རྩིའི་ཡུམ་ནི་གང་ལ་བྱ། །རྒྱལ་ཐེབས་ཀརྨ་ཇི་ལྟ་བུ། །བདུད་རྩིའི་ཡོ་བྱད་དུ་ཞིག་འཚལ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྤྱོད་པའི་ཡོ་བྱད་རྣམ་པ་གསུམ། །ཀུན་ཏུ་བཟང་པོའི་གནས་མཆོག་ནི། །སེམས་ཉིད་དག་པ་ཀུན་ཏུ་བཟང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །ཕྲག་དོག་དག་པ་དམ་ཚིག་སྒྲོལ། །ཡ༷་ལས་རྡོ་རྗེ་རླུད་ནག་འཅོས། །འདོད་ཆགས་དག་པས་མུ་མ་ཀི། །ཁ༷་ལས་བདུད་རྩིའི་ཆུ་བོའི་རྒྱུན། །གཏི་མུག་དག་པས་སངས་རྒྱས་སྤྱན། །ཕ་ལས་གསེར་གྱི་ས་གཞི་མཛེས། །ང་རྒྱལ་དག་པས་རི་རབ་ལ། །ལ༷་ལས་གསེར་གྱི་རི་རབ་འབར། །གླིང་དང་གླིང་ཕྲན་རི་བོ་དང་། །ཐང་དང་མཚོ་དང་ཆུ་བོ་དང་། །ཆུ་མིག་འབབ་ཆུ་ལྟེང་ཀ་དང་། །གཡའ་དང་གངས་དང་ནགས་དང་སྤང་། །ན་དང་ཐང་དང་འདམ་ལས་སྐྱེས། །འབྱུང་བ་ལྔ་ཡི་གཞལ་ཡས་སུ། །རི་བོ་དཔག་བསམ་ཤིང་བུ་ལ། །བདུད་རྩི་སྨན་གྱི་ཤིང་སྐྱེས་པ། །རྩ་བ་སྡོང་པོ་ཤུན་ལྤགས་དང་། །ཐང་ཆུ་སྙིང་པོ་ཡལ་ག་དང་། །ལོ་མ་མེ་ཏོག་འབྲས་བུ་དགུ། །ཡལ་ག་བརྒྱད་པོ་ཕྱོགས་མཚམས་བརྒྱད། །དབུས་ཀྱི་ཤིང་བུ་རྡོ་རྗེའི་རིགས། །སྡོང་པོ་ཚེར་མ་ཅན་གྱི་རིགས། །རྡོ་རྗེ་རིགས་ཀྱི་སྨན་ཡིན་ནོ། ཁྲར་གྱི་ཤིང་བུ་བདེ་གཤེགས་རིགས། །ལོ་ཤུན་རིང་ལ་འཇམ་པའི་ཤིང་། །དེ་བཞིན་གཤེགས་པའི་སྨན་ཡིན་ནོ། །ལྷོ་ཡི་ཕྱོགས་སུ་ཤིང་སྐྱེས་པ། །ཁོ་ལག་རྒྱས་པ་འབྲས་བུའི་ཤིང་། །རིན་ཆེན་རིགས་ཀྱི་སྨན་ཡིན་ནོ། །ནུབ་ཀྱི་ཕྱོགས་སུ་ཤིང་སྐྱེས་པ། །མེ་ཏོག་རྒྱས་པ་སྡོང་པོ་སྦོམ། །པདྨ་རིགས་ཀྱི་སྨན་ཡིན་ནོ། །བྱང་གི་ཕྱོགས་སུ་ཤིང་སྐྱེས་པ། །ཐུང་ལ་སྦོམ་ཞིང་སྤྲ་སྤྲོད་མ། །ལས་ཀྱི་རིགས་ཀྱི་སྨན་ཡིན་ནོ། །ཙྭ་དང་མེ་ཏོག་འབྲས་བུ་རྣམས། །ཀུན་ལ་དགུ་དགུ་ཡོད་པར་བཤད། །རྩ་བ་སྡོང་པོ་ཤུན་པ་དང་། །སྙིང་པོ་ཡལ་ག་ཐང་ཆུ་དང་། །འདབ་མ་མེ་ཏོག་འབྲས་བུ་བཅས། །མི་དང་བྱོལ་སོང་རྩི་ཤིང་དང་། །འབྱུང་བ་ལྔ་ཡི་བསྡུས་པའི་སྨན། །ཁ་དོག་དཀར་པོ་རྡོ་རྗེ་རིགས། །སེར་པོ་བདེ་བར་གཤེགས་པའི་རིགས། །སྔོན་པོ་རིན་པོ་ཆེ་ཡི་རིགས། །དམར་པོ་པདྨའི་རིགས་ཡིན་ནོ། །ཁ་དོག་སྣ་ཚོགས་ལས་ཀྱི་རིགས། །སྨན་དུ་མ་གྱུར་གང་ཡང་མེད། །བདུད་རྩི་ལས་རྒྱ་མཚོ་ལས།བདུད་རྩི་གནས་ནས་སྐྱེ་བའི་ལེའུ་སྟེ་གཉིས་པའོ།། །།འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་རྣམ་པ་ལྔ། །བཱ༷ སརིནཆེནརཀྟདང། །དྲི་ཆུ་བདུད་རྩི་བྱང་ཆུབ་སེམས། །འབྲས་བུ་ལྔ་དང་བྷསྟོ་ལྔ། །སྙིང་པོ་ལྔ་དང་དམ་རྫས་ལྔ། །ཨོ་སེར་པོ། ཧཱུཾ་དཀར་པོ། ཨུ༷༷དམར་པོ། གྲྭ་མཐིང་ག །ཧྭ་ལྗང་གུ། སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན། །འཕྲོ་དུས་ལྔ་ཡི་སྦྱོར་བ་ཡིས། །དུག་ལྔ་སྟོངས་ཤིང་རབ་གསལ་བས། །ཡེ་ཤེས་ལྔ་ཡི་དབྱིངས་སུ་འགྱུར། །བདུད་རྩིའི་རྒྱུ་ནི་བྱང་ཆུབ་སེམས། །བདུད་རྩིའི་སྣོད་ནི་ཡུམ་གྱི་མཁའ། །བདུད་རྩིའི་རྒྱུ་ནི་ཡབ་ཀྱི་ཀློང་། །སྟོང་གསུམ་བྷསྟོ་འཁོར་ཡུག་ཏུ། །རྒྱུ༷་གྱི་འཕྲོ་དུ་ཆེན་པོ་ལས། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །ཡེ་ཤེས་ལྔ་ལྡན་རྡོ་རྗེ་ཀ་བཱ་ལ། །སྐུ་གསུམ་ལྷུན་གྲུབ་རྡོ་རྗེ་ཀ་བཱ་ལ། །ཡིད་བཞིན་རེ་བསྐོར་རྡོ་རྗེ་ཀ་བཱ་ལ། །ཡོན་ཏན་ཚོགས་ཆེན་རྡོ་རྗེ་ཀ་བཱ་ལ༄། །བཀྲ་ཤིས་མཚན་ལྡན་རྡོ་རྗེ་ཀ་བཱ་ལ། །མི་འགྱུར་མཚན་ལྡན་རྡོ་རྗེ་ཀ་བཱ་ལ། །མི་ཤིགས་མཛོད་ལྡན་་རྡོ་རྗེ་ཀ་བཱ་ལ། །ཆོ་འཕྲུལ་རྒྱུད་འབྱུང་རྡོ་རྗེ་ཀ་བཱ་ལ། །སྲིད་པ་ཡོངས་སྒྲོལ་རྡོ་རྗེ་ཀ་བཱ་ལ། །ཁམས་གསུམ་དབང་སྡུད་རྡོ་རྗེ་ཀ་བཱ་ལ། །དུག་གསུམ་གཏན་སྤྲུགས་རྡོ་རྗེ་ཀ་བཱ་ལ། །མཚན་མའི་སྐྱོན་བྲལ་རྡོ་རྗེ་ཀ་བཱ་ལ། །ཞལ་བུ་ཀ་བཱ་ལ་ཡི་མཚན་གསོལ་པ། །འཕྲུལ་བཞད་ཡིད་བཞིན་ཕྲ་མེན་རྒྱན་གྱིས་བརྒྱན། །རྐང་མེད་མཁའ་ལ་འགྲོ་བའི་རྡོ་རྗེ་ཐོག་ཐོག་རྐན་སྒྲ་ཅན། །ང་ནི་སྔོན་གྱི་སྒྲུབ་པ་པོ་ཡི་རྫས་ཡིན་ཏེ། །སུ་ཞིག་དངོས་གྲུབ་འདོད་པ་དེ་ལས་ལོང་། །གང་གི་བཀའ་ལྟར་མི་བྱེད་དམ་ལ་མི་གནས་པ། །ང་ཡི་གཟུགས་ཙམ་མཐོང་བས་མོད་ལ་ཚིག་པ་དང་། །སྒྲ་སྐད་ཐོས་པ་མོད་ལ་བརླག་པར་འགྱུར། །དཀར་པོ་ཟངས་ཡག་འཚེར་བ་ནི། །སྔ་རབས་འདས་པའི་སངས་རྒྱས་བཅོམ་ལྡན་འདས། །ཆོས་ཀྱི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །རློན་པ་ལྕང་ལོར་འཁྱིལ་བ་ནི། །ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས། །ལོངས་སྤྱོད་རྫོགས་པའི་སྐུ་དང་རབ་ལྡན་ཞིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །དམར་པོ་ར་རི་འཚོ་བ་ནི། །སླད་ཀྱིས་འབྱོན་པའི་སངས་རྒྱས་བཅོམ་ལྡན་འདས། །སྤྲུལ་པའི་སྐུ་དང་རབ་ལྡནཞིང་། །འགྲོ་བའི་དོན་ལ་དེ་བཞིན་གཤེགས། །ཐབས་ཀྱི་སྙིང་པོ་རིན་ཆེན་དཔལ་གྱི་མགུར། །ཕོ་བྲང་རྟགས་དང་ལྡན་པས་སྣོད་བཅུད་རྒྱན་དུ་ཆེ། །སྤྲུལ་པའི་ལྕང་ལོ་ཁ་བད་ཅན། །དབང་པོ་སྣ་ལྔ་སྣོད་བཅུད་རྒྱན་དུ་ཆེ། །མི་གནས་བདུད་རྩི་བཞུགས་པའི་རྒྱན་དུ་ཆེ། །བདུད་རྩི་སྨན་ཆེན་ཁྲོལ་བུ་བཞག །དེ་ནི་བདུད་རྩི་རྣམ་ལྔ་སོ། །བདུད་རྩི་ལས་རྒྱ་མཚོ་ལས། སྣོད་བཅུད་ཡོངས་རྫོགས་ཀྱི་ལེའུ་སྟེ་གསུམ་པའོ།། །།བདུད་རྩི་དེ་ཡི་སློབ་དཔོན་ནི། །ཀུན་གྱིས་བྱ་བ་མ་ཡིན་ཏེ། །ལྟ་བ་གཉིས་སུ་མེད་པར་བལྟ། །བྱང་ཆུབ་སེམས་ཀྱི་དོན་རྟོགས་པས། །གསང་བའི་དོན་དང་མི་འགལ་ཞིང་། །ཐབས་ལ་མཁས་པའི་སྣོད་ཡིན་པས། །དབང་རིམ་པར་བརྩེགས་ཏེ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཐོབ་ནས་དམ་ལ་གནས་ཤིང་དམ་ཚིག་བསྲུང་བ་དང་། ཐེག་པ་ཆེན་པོའི་དོན་ལ་མཁས་པ་དང་། ཕྲིན་ལས་ཀྱི་གོ་རིམ་ལ་མཁས་པ་དང་། ཏིང་ངེ་འཛིན་མ་ནོར་བའི་ཚུལ་དགུ་སྟེ། དགོངས་པ་བལྟ་བའི་ཚུལ། གར་ཡེ་ཤེས་ཀྱི་ཚུལ། ཕྱག་རྒྱ་སྐུའི་ཚུལ།སྔགས་གསུང་གི་ཚུལ། སྙིང་པོ་ཐུགས་ཀྱི་ཚུལ། མཆོད་པ་ཡོན་ཏན་གྱི་ཚུལ་། གླུ་ཕྲིན་ལས་ཀྱི་ཚུལ། དཀྱིལ་འཁོར་ཞི་བའི་ཚུལ་། སྟངས་ཐབས་ཁྲོ་བོའི་ཚུལ། ཚིག་དང་འབྲེལ་པ་དང་། གོང་འོག་མ་འཆོལ་བདེ་ལ་མེ་ཏོག་གཏོར་ལ། རྡོ་རྗེ་སློབ་དཔོན་དཔལ་དང་ལྡན། འཕགས་པ་རྣམས་དང་བདེ་གཤེགས་རྣམས་ཀྱི་སྐུ་གསུང་ལུང་། །རྣ་བར་རྒྱུད་པའི་མན་ངག་འཆད། །སྐུ་གསུང་ཐུགས་ཀྱང་རྡོ་རྗེར་འགྱུར། །བདུད་རྩིའི་རྒྱལ་པོར་མངའ་གསོལ་ལོ། །བདུད་རྩི་ལས་རྒྱ་མཚོ་ལས། སློབ་དཔོན་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཞི་པའོ།། །།བདུད་རྩིའི་ཡུམ་ནི་ཇི་ལྟ་བུ། གཙོ་བོའི་དགོངས་པ་བཞིན་བྱེད་ནུས་པ་དང་། གཞུང་དགུ་དང་ལྡན་ཏེ། ཚུལ་ཤེས་པ། ་།ང་ཆེ་བ། ནོག་ཐུབ་པ། གསང་སྒོ་ཐུབ་པ། དམ་ལ་གནས་པ། དད་པས་མོས་པ་དང་གདམས་པ་སྤྱད་པ་དང་། རྟོག་པ་ཆུང་བ་མཚན་གྱིས་བརྒྱན་པ། སེམས་བཟུང་པ། དགུ་དང་ལྡན་པ་ལས་མ་གཏོགས་པ། དད་མེད་དང་། རྙེད་དང་། བཙན་དང་། སྔོན་འདྲིས་པ་དང་། མཚན་ངན་དང་། གསང་འཛག་མ་ཡིན་ནོ། །བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཡུམ། །མིག་དཀྱུས་རིང་ལ་ལག་སོར་ཕྲ། །ཚིགས་མིག་ཟླུམ་ལ་ཕྲ་ཞིང་བཤད། ཁ་ནས་ཨུཏུལ་ངད་ལྡན་ཞིང་། །ལུས་ལ་ག་པུར་ཙསྡོན་དྲི། །དྲི་ཞིམ་ངད་ལྡན་སྐེད་སྐབས་ཕྱེད། །སྐྲ་འཇམ་ནག་ལ་མཐོན་མཐིང་གཡས་སུ་འཁྱིལ། །སོ་དཀར་ཐགས་དམ་རྙིལ་ནི་དཀར་དམར་ཕྱེད། །མིག་གི་དཀྱུས་རིང་ཟར་མའི་མེ་ཏོག་འདྲ། །དཔྲལ་བའི་དབྱེས་ཆེ་སྐྲ་མཚམས་ཟླ་གམ་བཞིན། །སྣ་ཡི་ཐུར་མདོག་མེ་ཏོག་པདྨ་འདྲ། །ལུས་དྲང་སྐེད་རིང་བྱང་ཆུབ་སེམས་མའི་ཚུལ། །ནུ་མ་སྐྱེད་སྲ་ཤ་དཀར་ཚགས་སུ་དམ། །ཁོང་དལ་འགྲོ་ན་གོམ་པ་འཇབ་པ་བཞིན། །གྲགས་པའི་སྐད་ཀྱང་ངང་པ་གཞོན་ནུ་ལྟར། །སྙན་པར་སྨྲ་ཞིང་མཛེས་ཚུལ་སྟབས་དང་ལྡན། །བདུད་རྩིའི་ཡུམ་དུ་མངའ་གསོལ་ལོ། །བདུད་རྩིའི་ཀརྨ་རྒྱལ་ཐེབས་ཇི་ལྟ་བུ། །དཔེར་ན་རྒྱལ་པོའི་བཀའ་བློན་པོས་བསྲུངས་བ་དང་འདྲ་བར། །དགོངས་སྤྱོད་ཀྱི་དོན་ལ་ཐ་མི་དད་པར་དེ་ཉིད་དང་མཚུངས་པ་ལ། གཞན་འདྲེན་པའི་ཐབས་ལ་མཁས་པ་དང་། སློབ་དཔོན་གྱི་སྐུ་བསྙེལ་བའི་ཐུན་སྤོ་བ་དང་། སྙོམས་པ་ལ་སོགས་པ་ལ་བར་མ་ཆད་པར་བསྒྲུབ་པར་བྱ་བ་དང་། །སློབ་དཔོན་གྱི་ཞལ་ཚབ་ཏུ་གཞན་ལ་ཆོས་སྟོན་པ་ལ་མཁས་པའོ། །དགོངས་པའི་དོན་ལྡན་ཕྲིན་ལས་ཐབས་ལམ་ལས། །ལྟ་བའི་དོན་ལྡན་མན་ངག་གཏིང་ནས་འཆར། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྫོགས་པར་མཛད། །གསང་སྔགས་བདུད་རྩིའི་དོན་མཆོག་ལྗགས་ལ་བཀྲམ། །གསང་བའི་དཀྱིལ་འཁོར་ཆེན་པོར་བཀའ་གསོལ་དང་། །རྒྱལ་ཐེབས་ཀརྨའི་དོན་རྣམས་བསྟན་པའོ། །བདུད་རྩིའི་ཡོ་བྱད་རྣམ་པ་ལྔ། །ཡོ་བྱད་རྣམ་པ་ལྔ་པོ་ལ། །ཐམས་ཅད་མ་རྫོགས་གང་ཡང་མེད། །བདུད་རྩི་ལས་རྒྱ་མཚོ་ལས། སྤྱོད་པ་རྒྱས་པའི་ལེའུ་སྟེ་ལྔ་པའོ།། །།བསྒྲུབ་པ་རྒྱ་མཚོ་ཇི་ལྟར་བསྒྲུབ་པ་ནི། །བསྒྲུབ་པ་རྣམ་པ་ལྔ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔ་ལས། དཀྱིལ་འཁོར་དང་། སྨན་དགོད་པ་དང་།མཚམས་གཅད་པ་དང་། བྱིན་གྱིས་བརླབ་པ་དང་། གཞུང་བསྲང་བ་དང་། ལྔ་ནི་ཡོན་ཏན་ནོ། །དམ་པ་རིགས་བརྒྱ་ནི་སྐུའི་བསྙེན་པའོ། །དེ་ཉིད་རིགས་ལྔ་ནི་གསུང་གི་བསྙེན་པའོ། །བཏག་བཙག་ནི་ཕྲིན་ལས་ཀྱི་བསྙེན་པའོ། །སྨན་དགོད་པ་ནི་ཡོན་ཏན་གྱི་བསྙེན་པའོ། །གསང་ཆེན་རིགས་གཅིག་ནི་ཐུགས་ཀྱི་བསྙེན་པའོ། །བསྒྲུབ་པ་རྣམ་པ་ལྔ་ལ་ཕུན་སུམ་ཚོགས་པ་ནི་བདུན། ལུང་ཆེན་པོ་གསུམ། ཏིང་ངེ་འཛིན་བཅུ་ཐམ་པ།སྐབས་སྦྱོར་ཆེན་པོ་བདུན། དྲོད་ཚད་གསུམ་གསལ་བཀའི་དཀྱིལ་འཁོར་དང་བདུན་ནོ། །ཕུན་སུམ་ཚོགས་པ་བདུན་ལ། དང་པོ་གནས་ཕུན་སུམ་ཚོགས་པ་ནི། ཏིང་འཛིན་མདངས་བཟང་ཉམས་དགའ་བ། །མེ་ཏོག་འབྲས་བུར་ལྡན་པའི་རི། །དགའ་ཞིང་ཡིད་དུ་འོང་བའི་གནས། །ཡིད་འོང་གནས་སུ་འདུག་ནས་སུ། །བྱིན་བརླབ་མཚམས་གཅད་བརྟན་བྱས་ནས། །ས་ནི་གཟུང་ཞིང་བྱིན་གྱིས་བརླབ། །དེ་དང་དེར་ནི་ས་སྦྱང་སྟེ། །ཆོས་ཉིད་གདལ་བའི་ནམ་མཁའ་ལ། །ཡེ་ཤེས་ལྔ་ཡི་འབྱུང་ཆེན་བརྩེག །ཀུན་གཞི་གདལ་བའི་ནམ་མཁའ་ལ། །བསྐྱེད་པའི་འབྱུང་ཆེན་རྣམ་ལྔ་བརྩེག །སྡུ༷་ལས་རིན་ཆེན་གཞལ་ཡས་ཁང་། །མཐའ་དང་དབུས་མེད་ཀུན་ཏུ་ཁྱབ། །ཏྭ་ལའི་སྐྱེ་ཤིང་ཙོང་ཙོང་དྲིལ། །ཟླ་གམ་དམར་པོ་དབང་གི་རྒྱ། །རྒྱུ༷་ཁ་ཏ་ལི་བྱི་རྒྱུ༷། གཞལ་ཡས་ཕུན་སུམ་ཚོགས་པའོ། །ཐིག་ཡུལ་གོཅད་སྐ་བས་དག་ཏུ། །རྒྱལ་བ་བཞུགས་པའི་ཕོ་བྲང་དེར། །དཀྱིལ་འཁོར་འདོམ་གང་གྲུ་བཞི་བྱ། །དྲི་སྣ་ལྔ་ཡི་མསྟོལ་བྱ། །ཐིག་བཞི་བཏབ་ཛིས་ལེའུ་ཚེ་དགུ༄། །དབུས་སུ་དཔག་བསམ་ཤིང་བུ་ལ། །ཕྱོགས་བཞི་མཚམས་བཞི་ཀ་བ་བརྒྱད། ཁྲར་ཕྱོགས་མཎྜལ་བརྒྱད་པ་སྟེ། །ཞི་བ་ཆེན་པོ་རྡོ་རྗེའི་རིགས། །ལྷོ་རུ་རིན་ཆེན་ཟུར་བརྒྱད་བྲིས། །རྒྱས་པ་ཆེན་པོ་རིན་ཆེན་རིགས། །ནུབ་ཏུ་པདྨ་འདབ་བརྒྱད་བྲི། །དབང་མཆོག་ཆེན་པོ་པདྨལིརིགས། །བྱང་དུ་འཁོར་ལོ་རྩིབས་བརྒྱད་བྲི། །ཕྲིན་ལས་ཆེན་པོ་ལས་ཀྱི་རིགས། །མཚམས་སུ་རིན་ཆེན་འབར་བའི་རིགས། །གྲྭ་བཞིའི་བར་དུ་བྲི་བར་བྱ། །དཀྱིལ་འཁོར་དགུ་པོ་གཞུང་བཞིན་བྲི། །དེ་ཡི་དབུས་སུ་བསམ་པ་ཡང་། །སྲིད་གསུམ་བྷན་དྷ་བཟང་རྐོང་ཡུག །ཡེ་ནས་མ་བཅོས་རང་བྱུང་སྣོད། །དཔལ་དང་ལྡན་པའི་སྣོད་གཞག་ལ། །དེ་ཡི་ནང་དུ་བླུག་པའི་སྨན། །ཡེ་ཤེས་རང་བྱུང་བདུད་རྩི་ལྔ། །དེ་ཡན་ཆད་ནི་གནས་གནས་ཕུན་སུམ་ཚོགས་པའོ། །ཡོ་བྱད་ཕུན་སུམ་ཚོགས་པ་ནི། །གསང་བའི་དོན་ལ་འཇུག་བྱའི་ཕྱིར། །གསང་བའི་ལས་ཀྱི་སྔོན་རོལ་དུ། །སྡིག་སྤྱད་བྱང་ཆུབ་སེམས་བསྐྱེད་དེ། །སྤང་སྐོང་བཀླག་ཅིང་ཆ་གསུམ་བཏང། །བསྟན་པ་སྲུང་བའི་མགོན་པོ་ལ། །སྦྱིན་མཆོད་བསྲུང་བའི་ལས་ཆེན་བཅོལ། །གཞན་ཡང་ལས་ཀྱི་ཕྱི་རོལ་དུ། །མགོན་པོ་གནས་པའི་རྟེན་བཞིར་མངའ་གསོལ་ལོ། །རི་རབ་གླིང་གཞིའི་ཕྱོགས་ཕྱོགས་ནས། །རྡོ་རྗེ་གསང་བདག་དབང་གི་མཐུས། །འཇིག་རྟེན་སྐྱོང་བའི་ཐ་ཚིག་ཅན། །མཐུ་ཆེན་རྒྱལ་པོ་སྡེ་བཞི་རྣམས། །སོ་སོའི་བགེགས་རིགས་འདུལ་ལ་མཁས། །ཆོས་སྐྱོང་ལོངས་སྤྱོད་རྫོགས་པའི་སྐུ། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་པས། །རིགས་བཞིའི་ཁ་དོག་སོ་སོར་གསལ། །རང་རྟགས་ལྷ་ཡི་ཕྱག་མཚན་ཐོགས། །དཀྱིལ་འཁོར་སྐྱོང་བའི་རྫུ་འཕྲུལ་ཅན། །བདག་ཅག་རྣལ་འབྱོར་རྩལ་འབྱོར་བས། །རང་རང་འཁོར་རྣམས་ཐུབ་པར་མཛོད། །བསྒྲུབ་པའི་རྩལ་ནི་མཐར་ཕྱུང་ཞིག །རྐྱེན་ཀྱི་བར་གཅོད་བསལ་བ་དང་། །གསང་བའི་མན་ངག་སྤྱད་པའི་ཕྱིར། །ཡ་མ་དམ་སྲི་གནན་པར་བྱ། །ལྷོ་ནུབ་ཏུ་ཡ་མ་དམ་སྲིའི་གཟུགས་བྲིས་ལ་མནན་ནོ། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །རྣལ་འབྱོར་གསང་བའི་མིག་གཅོར་ཞིང་། །དངོས་གྲུབ་ཆུ་ལ་རྡུལ་འཇུག་བཞིན། །ཁྲོ་མོ་མི་གཡོ་ཀུན་འདུས་ནས། །གསད་ཅིང་མནན་པའི་ལས་བྱས་ཏེ། །རི་རབ་ཆེན་པོའི་རྨང་དུ་མནན། །ཡ་མ་རྭ་རྫའི་ཟས་སུ་སྦྱིན། །ཆུ་སྲིན་འབར་བའི་ཁ་རུ་བཙང་། །འཁོར་ལོ་འབར་བའི་ཕྱག་རྒྱས་མནན། །བདུན་རྒྱུད་རིགས་ཀྱང་བརླག་འགྱུར་ནས། །ནམ་ཡང་གཏང་བར་མི་བྱ་སྟེ། །བྱང་ཆུབ་སེམས་ནི་སྐྱེས་ན་བཏང་། །ཨུརུ་ཨ་ཙ་ལ་བསྟོ་བརྙ་ཧཱུཾ༷། དེ་ནས་སྒོ་བྱང་གདགས་ཏེ། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་འབུར་རམ་འདྲ་འབག་གམ། རི་མོ་མ་ཧེ་ལ་བཅིབས་པར་བྱས་ལ་འདི་སྐད་བརྗོད་དོ། །གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་བདག་པོ་ལ། །བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར། །དེ་བཞིན་རིག་འཛིན་སྒྲུབ་པ་པོས། །བཀའ་གསང་གཞུང་ཆེན་འདི་བསྒྲུབ་ཅིང་། །ཡང་དག་དོན་ལ་ངེས་འཇུག་ན། །འདི་དག་ནོར་བུ་རིན་ཆེན་ཏེ། །འདི་ལ་སྟོད་ཅིང་བར་གཅོད་པ། །ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས། །རྣམ་པར་སྨིན་པས་ཆོས་ཤོད་ལ། །གསང་བ་མཆོག་གི་རྣལ་འབྱོར་པས། །བླ་མེད་འབྲས་བུ་མ་ཐོབ་པར། །ས་འདི་ཚུན་ཆད་མ་བཏང་ཞིག །དཔལ་ཆེན་མི་ཕམ་བཀའ་མ་འདའ། །བདག་ཅག་ཡེ་ནས་གཉིས་མེད་དོ། །དེ་ཙམ་དོན་གྱི་དབྱིངས་སུ་གཅིག །ཕྱི་འཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེ་ཡལ་གམ་ཐོབ་པར་མཛོད། །བཛྲ་ཡ་མ་རྭ་ཛ་ས་མ་ཡ་སྟུ༷། དེ་ནས་འབར་བའི་བལྷ་བས་དཀྱིལ་འཁོར་བསྐོར་ཞིང་འདི་སྐད་དོ། །ཧཱུཾ༷་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་དང་། །ཡོད་་་་་་་་་་་མཐོང་སྣང་གྲག་ཇི་སྙེད་པ། །ཁྲོ་མིག་འབར་བས་ཕྱིར་བལྟས་ཏེ། །འགྱིང་བག་ཚུལ་དུ་བརྗིད་པ་ཡིས། །འབར་བའི་རྡོ་རྗེ་སྦར་ནས་ནི། །ཀུན་ཀྱང་འབར་བ་ཁྲག་འཐུང་སྟེ། །རྔམས་པ་གཏུམ་ཆེན་གཤེ་རྟག་འབར། །དུར་ཁྲོད་ཆེན་པོར་ལྷུན་གྱིས་གྲུབ། །རསྒ་ཡསྒ་ཧེ་རུ་ཀ །རསྒ་ཀྲོ་དྷི་ཛ་ལ་ཁ། ཧ་ལ་ཧ་ལ་ཏིཛི་ཕཊ། ཁྲོ་བོ་རོལ་པའི་སྟངས་སྟབས་དང་། །མ་མོའི་རྔམས་ཚུལ་གྱིས་ཕྲ་མེན་ལྷག་མའི་དཀྱིལ་འཁོར་བསྐོར་ལ། ཧཱུཾ༷་འབར་བའི་ཕྱག་རྒྱ་ཆེན་པོ་ལས། མིག་ལས་འབར་བའི་ཕྲེང་བ་འདིས། །དམིགས་པ་དངོས་སུ་སྦྱང་ནས་ནི། །འབར་བ་དྲག་པོའི་ཡི་གེ་ལས། །སྲེག་པའི་དཔལ་ཆེན་དགུ་རུ་གཏམས། །རྡོ་རྗེ་མེ་ཡི་རི་བོ་ལ། །ལྷུན་པོ་འབར་བའི་རྩེ་བརྒྱད་ལས། །འབར་བའི་རྩེ་བརྒྱད་བསྐྱིལ་ནས་ཀྱང་། །དཔལ་ཆེན་རྡོ་རྗེའི་འཀའ་སྡོད་ནས། ཤེན་ཏུ་མི་བཟད་འབར་བ་ཡི། །ག་་ཆེན་ཧ་ལ་རྔམས་པའི་གཟུགས། །ལྷ་ཆེན་ཁྱབ་འཇུག་པགས་བཤུས་ནས། །ཞིང་ཆེན་གཡང་གཞིན་བཟར་མན་པས། །གཤིན་རྗེ་མ་ཏྲང་འབར་བའི་མེ། །རོ་དབྱུག་ཆེན་པོ་ལག་ན་འཕྱར། །ཕྲ་མེན་དགུ་ཁྲི་མང་པོ་དག །འབར་བའི་ཚོག་ནི་འཐིབས་ཐག་ཆད། །གང་ལ་ཅི་འདུལ་དེར་སྟོན་པ། །ཙིཏི་འབར་བའི་མེ་ཕྲེང་གིས། །དོ་ཤལ་མགུར་ཆུ་ཕྲེང་བས་སྦྲེངས། །བསྐལ་པའི་མེ་དཔུང་འབར་བའི་ཀློང་། །སྲིད་པའི་རྩེ་མོར་འབར་ཞིང་འཕྲོ། །ནམ་མཁའི་ཁམས་ཀུན་མེ་དཔུང་གཏིབས། །རྡོ་རྗེ་འཁོར་ལོ་མེ་ལྕེ་འཐོར། དུར་ཁྲོད་དགོན་པ་ས་ཕྱོགས་དག །མེ་ཡི་རི་བོ་འབར་བ་ལ། །མེ་ཡི་ཡི་དྭགས་མ་གཏོགས་པས། །གང་ཡང་གནས་པར་མི་ཕོད་དོ། །སྟེང་གི་མེ་ལྕེ་འབར་བ་ནི། །འོག་གི་ཕྱོགས་སུ་འཕྲོ་ཞིང་འཁྲུགས། །འོག་གི་མེ་ལྕེ་འབར་བ་ཡང་། །གྱེན་དུ་འཁྱིལ་ཞིང་སྟེང་དུ་ཐུལ། །འུར་ཆེམ་འུར་ཆེམ་འཐབ་ཅིང་འཁྲུག །དུར་ཁྲོད་མེ་ནི་སྨུག་ནག་འབར། །ཞེ་སྡང་འཇོམས་པས་འཐིང་ནག་འ་ས། །ང་རྒྱལ་དྲེགས་པས་སེར་ནག་འབར། །འདོད་ཆགས་སྐེམ་པས་དམར་ནག་འཕྲོ། །ཕྲག་དོག་སྐེམ་པས་ལྗང་ནག་འཁྲུགས། །གཏི་མུག་སེལ་བས་སྨུག་ནག་འཁྱིལ། །འབར་ཆེན་རླུད་གི་འཁོར་ལོས་གཏམས། །ཛ་ལ་ཛ་ལ་མ་དྷ་ལ་ཧ་ལ་ཧ་ལ་ར༷། དེ་ནས་ཡོ་བྱད་ཚོ་གསུམ་དུ་ཕྱེད། །གཅིག་ནི་དཀོན་མཆོག་ཕུད་དུ་སྤྱད། གཉིས་པ་རྣལ་འབྱོར་ཚོགས་སུ་བསྔོ། །གསུམ་པ་འགྲོ་བ་ཡོངས་ལ་བསྔོ། །དཀོན་མཆོག་རྣལ་འབྱོར་གཉིས་པོ་ལ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །དབུས་ཀྱི་བདུད་རྩི་དྲི་ཆེན་ལ། །ཨོ་གྱི་འཕྲོ་འདུ་ཆེན་པོ་ལས། །ཞུ་ནས་ཕྱག་མཚན་འཁོར་ལོ་འབར། །དག་པས་བདུད་རྩི་ཆེན་པོར་ཞུ། ཁྲར་གྱི་བྱང་ཆུབ་སེམས་ཆེན་ལས། །ཡི་གེ་ཧཱུཾ༷་གི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་རྡོ་རྗེ་འབར། །བྱང་ཆུབ་སེམས་ནི་བདུད་རྩིར་ཞུ། །ལྷོ་ཡི་བདུད་རྩི་ཤ་ཆེན་ལས། །ཡི་གེ་གྲྭ་ཡི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་རིན་ཆེན་འབར། །བཱ༷་ས་ཤ་ཆེན་བདུད་རྩིར་ཞུ། །ནུབ་ཀྱི་པདྨ་རཀྟ་ལས། །ཡི་གེ་ཨུ༷་གྱི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་པདྨ་འབར། །པདྨ་རཀྟ་ཐིག་ལེར་ཞུ། །བྱང་གི་བདུད་རྩི་དྲི་ཆུ་ལས། །ཡི་གེ་ཧྭ་ཡི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་རྒྱ་གྲམ་འབར། །དག་པས་བདུད་རྩི་ཆེན་པོར་ཞུ། །བཛྲ་ལྭ་ཕྱེ་ཧཱུཾ༷། བཛྲ་སྨྱུ་ལེ་ཏྲུ༷། བཛྲ་གིརྟི་དྷི༷༷། བཛྲ་ནིརྟི་ཨུ༷། །རྡོ་རྗེ་བཀྲ་ཤིས་གཟུངས་མཆོག་འདྲེན་པའི་དཔལ། །རྡོ་རྗེ་ཅན་གྱི་བྱིན་སྟོབས་ཀྱིས། །སྐལ་ལྡན་ཅན་གྱི་ཟས་སུ་བྱ། །སྐལ་མེད་རྣམས་ཀྱི་དུག་ཏུ་འགྱུར། །དཔེར་ན་སྦྲུལ་ལ་འོ་མ་བཞིན། །ཨོ་ཨ་མྲི་ཏ་ཀུཎྜ་ལི། སྨུག་ཟིལ་ལྷ་མོ་གཉེན་གསལ་མ། །རླན་རྣམས་བདུད་རྩི་བསྒྱུར་མཛད་མ། །བདུད་རྩིའི་ཆུ་རྒྱུན་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་ཆུ་རྒྱུན་འབེབས། ཁོརྐོང་གི་ལྷ་མོ་གདོང་བཞི་མ། ་རྐོང་ལོ་འདབ་ལས་བདུད་རྩི་བསྒྱུར། །འབྲུ་ཏོག་སྣ་ཚོགས་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་འབྲས་བུ་བསྐྱེད། །ལྷ་མོ་སྲ་བརྟན་དབང་བསྒྱུར་མ། །ཁུ་བ་བཅུད་ལས་བདུད་རྩིར་བསྒྱུར། །བདུད་རྩི་ཞུ་ཆེན་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་བརྟན་པར་བྱེད། །རྡོ་རྗེ་ལྷ་མོ་ཤེལ་མདོག་མ། །ཉི་ཟེར་བདུད་རྩི་བསྒྱུར་བྱེད་མ། །གསལ་བ་མདངས་ཀྱི་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་གཟི་བྱིན་བསྐྱེད། །ལྷ་མོ་ཁྲོ་གཉེར་སྔོ་སངས་མ། །དུར་ཁྲོད་རྫས་ལ་བདུད་རྩིར་བསྒྱུར། ་།་ཆེན་སྣ་ཚོགས་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་བྱིན་འབེབས་མ། །རྙི་ཡི་ལྷ་མོ་ཚིམས་བྱེད་མ། །རྙི་ཏོག་བདུད་རྩིར་བསྒྱུར་བྱེད་མ། །རྣི་མཆོག་ཀུན་གྱི་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་ཚིམས་བྱེད་མ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །དུག་རྣམས་བདུད་རྩིར་བསྒྱུར་མཛད་མ། །བདུད་རྩི་སྨན་གྱི་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་ནད་རྣམས་འཇོམས། །རིགས་ཀྱི་ལྷ་མོ་འདི་ཀུན་གྱིས། །ལོངས་སྤྱོད་བདུད་རྩི་བྱིན་གྱིས་བརླབས། །རཏྣ་ས༷་བྷ་ཝ་ག་ག་ན་ཁ༷་གྲྭ་ཧྭ། ཡོ་བྱད་བྱིན་གྱིས་བརླབས་ནས། འཁོར་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་ནི། དགེ་སློང་ཕ་དང་དགེ་སློང་མ་ཡེ་ནས་ལྷ་དང་ལྷ་མོར་བྱིན་གྱིས་བརླབས་ཏེ། སྤྱི་བོར་ཨོ་སེར་པོ། མགྲིན་པར་ཨུ༷་དམར་པོ། སྙིང་གར་ཧཱུཾ༷་དཀར་པོ། ལྟེ་བར་སྣ་མཐིང་ག །རྐང་མཐིལ་དུ་ཧྭ་ལྗང་གུ། སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ། །ཨོ་ལྡན་འབར་བའི་ཚོགས་བཅས་བསྒོམ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །རྣམ་པར་སྣང་མཛད་སྐུ་མཆོག་བསྒོམ། །སྙིང་གར་ཉི་མའི་དཀྱིལ་འཁོར་ལ། །ཧཱུཾ༷་ལྡན་འབར་བའི་ཚོགས་སུ་བསྒོམ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །རྡོ་རྗེ་སེམས་དཔའི་སྐུ་མཆོག་བསྒོམ། །ལྟེ་བར་རིན་ཆེན་དཀྱིལའཁོར་ལ། །སྲུ་ལྡན་འབར་བའི་ཚོགས་བཅས་བསྒོམ། །རྒས་བཏབ་བྱིན་བརླབས་དབང་བསྐུར་ནས། །རིནཆེན འབྱུངལྡན་སྐུ་མཆོག་བསྒོམ། །ལྕེ་དབུས་པདྨའི་དཀྱིལ་འཁོར་དུ། །ཨེ་ལྡན་འབར་བའི་དཀྱིལ་འཁོར་བསྒོམ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །སྣང་བ་མཐའ་ཡས་སྐུ་མཆོག་བསྒོམ། །གསང་གནས་རྒྱ་གྲམ་དཀྱིལ་འཁོར་དུ། །ཧྭ་ལྡན་འབར་བའི་ཚོགས་བཅས་བསྒོམ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །ལས་ཀྱི་སེམས་དཔའི་སྐུ་མཆོག་བསྒོམ། །འཁོར་ལོ་བྱིན་གྱིས་བརླབས་པའོ། །དེ་ནས་དུར་ཁྲོད་ཀྱི་ཆག་ཆག་གདབ་པ་འདི་སྐད་དོ། །བདུད་རྩི་དྲི་ཆེན་ཡེ་ཤེས་ལྔར་ལྡན་པས། །དེ་བཞིན་གཤེགས་པའི་གསང་མཆོག་བསྒྲུབ་པའི་ཕྱིར། །བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་དུ། །དམ་རྫས་བདུད་རྩི་དྲི་ཆེན་ཆག་ཆག་འདེབས། །མ་ཧྭ་བ་སུ་ཏ་མ་དྷ་ལ་ཧཱུཾ༷། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་མྲ །དམ་རྫས་བདུད་རྩི་དྲི་ཆུ་འདིས། །ཡེ་ཤེས་རང་བྱུང་བསྒྲུབ་པའི་ཕྱིར། །གསང་བའི་དཀྱིལ་འཁོར་ཆགས་ཆགས་འདེབས། །མ་ཧྭ་ས་མ་ཡ་མྱ་མ་ཀི་ཀུ་རུ་མ་དྷ་ལ་ཧཱུཾ༷། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་ཆེན་པོ་སྲ །འཁོར་བའི་རྒྱུན་གཅོད་བྱང་ཆུབ་སེམས་ཀྱི་ངང་། །མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ། །རཀྟ་གསང་བའི་ཆག་ཆག་འདེབས། །མ་ཧྭ་རཀྟ་ཛ་ལ་ཧཱུཾ༷། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །ཐུགས་རྗེ་རྨད་བྱུང་བསྒྲུབ་པའི་ཕྱིར། །དུར་ཁྲོད་བསྒྲལ་བའི་རྫས་མཆོག་ཤ་ཆེན་གྱིས། །གསང་བའི་དཀྱིལ་འཁོར་འདི་ལ་ཆག་ཆག་རྡི་དུར་ཁྲོད་གནས་ཉུལ་མ། །བྷ་ག་ཧྲི་ཏི་མཁའ་ལ་ཆར་འབབས་མ། །ས་ནུ་བ་ག་ལོ་ཏོག་འབྲས་བུར་སྨིན། །མེ་ཟ་བྲག་གྱོན་རྒྱ་མཚོའི་གཏིང་ནས་རོལ། །ཡེ་ཤེས་ཆུ་རྒྱུན་བདུད་རྩི་ཆེན་པོ་འདིས། །གསང་བའི་དཀྱིལ་འཁོར་འདི་ལ་ཐིག་ཐོབ་དང་། །སྟོང་གསུམ་ཁྲག་གི་རྒྱ་མཚོ་ལས། །རཀྟ་དམར་གྱི་ཐིག་ལེ་དང་། །རཀྟ་དམར་གྱི་ཐིག་གདབ་པས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །སྟོང་གསུམ་ཀེང་རུས་རི་རབ་ལས། །བྱང་ཆུབ་སེམས་ཀྱི་ཐིག་ལེའི་ངང་། །བྱང་ཆུབ་སེམས་ཀྱི་ཐིག་གདབ་པས། །མི་འགྱུར་ཡེ་ནས་རྡོ་རྗེའི་རིགས། །ཁམས་གསུམ་དུག་ལྔའི་དཀྱིལ་འཁོར་ལ། །བདུད་རྩི་རྣམ་ལྔའི་ཐིག་ལེ་གཅིག །བདུད་རྩི་རྣམ་ལྔའི་ཐིག་གདབ་པས། །དུག་ལྔ་ཡེ་ནས་ཡེ་ཤེས་ལྔ། ཁྲར་གྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །བདུད་རྩི་བྱང་སེམས་ཐིག་གདབ་པས། །རྡོ་རྗེའི་རིགས་སུ་ལྷུན་གྱིས་གྲུབ། །ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །བདུད་རྩི་མུ༷་སའི་ཐིག་གདབ་པས། །རིན་ཆེན་རིགས་སུ་ལྷུན་གྱིས་གྲུབ། །ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །པདྨ་རཀྟའི་ཐིག་གདབ་པས། །པདྨའི་རིགས་སུ་ལྷུན་གྱིས་གྲུབ། །བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་དུ། །བདུད་རྩི་དྲི་ཆུའི་ཐིག་གདབ་པས། །ལས་ཀྱི་རིགས་སུ་ལྷུན་གྱིས་གྲུབ། །དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ། །བདུད་རྩི་དྲི་ཆེན་ཐིག་གདབ་པས། །ཕོ་བྲང་གཞལ་ཡས་ལྷུན་གྱིས་གྲུབ། །རྒྱལ་བ་རྣམས་ཀྱི་བཞུགས་གནས་རྟེན། །མ་ཏི་ཙ་ཀྲ་ན་ཧཱུཾ༷། སྟ་ཤི་ཀྲ་མ་ཧཱུཾ༷། གནམ་ཐིག་རིན་པོ་ཆེའི་ཀ་གདུང་དུ་གྱུར་ལ། ས་ཐིག་རིན་པོ་ཆེའི་བརྩིགས་པར་བསྒོམ་མོ། །ས་ཚོན་དགྱེ་སྟེ་དཀར་སེར་དམར་ལྗང་མཐིང་ལ་སོགས། སོ་སོའི་མདོག་འདྲའི་རིགས་ཀྱི་དཀྱིལ་འཁོར་དུ། བདེར་གཤེགས་གདན་གྱི་ས་བོན་དགོད་ཅེས་བྱའོ། །དེ་ནས་བྷརྙ་ལྔ་དགོད་དེ། དབུས་སུ་བྷརྙ་སུལ་མེད་ཅེས་བྱ་དུམ་བུ་གཅིག་པ་དགོད། རུས་སྦལ་གྱི་ཐོད་པ་ཡོད་ན་བཟང་། །དེ་ལ་ཨོ་ན་མསྤརྦ་ཏ་ཐུ་ག་ཏ་སརྦ་པརྩི་ཨ་མྲི་ཐ། ཤི་མ་ཧྭ་སུ་ཁ་སྙི༷༷། །སྔགས་དེ་བྲིས་ལ་གཞག་གོ ཁྲར་དུ་བྷརྙ་སུལ་འགྲེངས་ཞེས་བྱ་སྟེ། ཚངས་པའི་སྐུད་པ་ཅན་དགོད། ལྷོར་བྷརྙ་སུལ་མང་ཞེས་བྱ་སྟེ། དཔག་བསམ་ཤིང་ལོ་ཅན་དགོད། ནུབ་ཏུ་སུལ་མང་ཟླ་གམ་ཅན་ཞེས་བྱ་སྟེ། གཤོང་བུ་ཏྲེ་ལ་དགོད། །བྱང་དུ་བྷནྟྲ་སུལ་རྒྱ་གྲམ་ཅན་ཞེས་བྱ་སྟེ། གཤོང་བུ་བཞི་པ་དགོད། དེ་ནས་བྷསྟོའི་ནང་དུ་གཙོ་བོ་ལྔ་དགོད་དེ་དབུས་སུ་བྱང་ཆུབ་སེམས། ཤར་དུ་དྲི་ཆེན། ལྷོར་ཤ་ཆེན། ནུབ་ཏུ་རཀྟ། བྱང་དུ་དྲི་ཆུ། འབྲས་བུ་ལྔ་དགོད་པ་ནི། དབུས་སུ་ཨ་རུ་ཞེས་པ། ཨ་ཧོ་སུ་ཁ་ཞེས་བྱ་བ། གླང་པོ་ཆེ་ལ་སོགས་པ་རྨིག་པ་ཁ་བྲག་གི་ཤ་གཞག ཁྲར་དུ་པ་ན་ཞེས་བྱ་བ་སྟེ། སྟག་དང་སེང་གེ་ལ་སོགས་པ་སྡེར་ཆགས་ཐམས་ཅད་ཀྱི་ཤ་གཞག །ལྷོར་རྒུན་འབྲུམ་ཞེས་བྱ་བ་སྟེ་རྟ་ལ་སོགས་པའི་རྨིག་ཟླུམ་ཐམས་ཅད་ཀྱི་ཤ་གཞག །ནུབ་ཏུ་ན་ལི་ཀེ་ར་ཞེས་བྱ་བ་སྟེ། རྨ་བྱ་དང་། རྒོད་དང་། ཁྱུང་དང་། རེ་དང་། གླག་ལ་སོགས་པ་གཤོག་ཅན་ཐམས་ཅད་ཀྱི་ཤ་གཞག །བྱང་དུ་སྨན་པའི་ཨ་འབྲས་ཞེས་བྱ་སྟེ། མི་དང་། ཤང་ཤང་ཏེའུ་ལ་སོགས་པ་གདོང་པ་ཅན་ཐམས་ཅད་ཀྱི་ཤ་གཞག །དེ་ནས་སྙིང་པོ་ལྔ་ལ་བྱང་ཆུབ་སེམས་སྦྱོང་བ་ཧཱུཾ༷་དཀར་པོ། ཤར་གྱི་བདུད་རྩི་སྦྱོང་བ་ཨོ་སེར་པོ། ལྷོའི་བདུད་རྩི་སྦྱོང་བ་གྲྭ་མཐིང་ག །ནུབ་ཀྱི་བདུད་རྩི་སྦྱོང་བ་ཨུ༷་དམར་པོ།བྱང་གི་བདུད་རྩི་སྦྱོང་བ་ཧྭ་ལྗང་གུ །དེ་རྣམས་སྨན་ལྔ་དབུས་སུ། ཀ་ཀོ་ལ། ཤར་དུ་དུ་རུ་ཀ །ལྷོར་ཛུ་ཏི་ཕ་ལ། ནུབ་ཏུ་ཁར་དྲི་ཞིམ། བྱང་དུ་ལྕེ་པོག་དཀར་པོ། སྨན་ཉེ་བ་ལྔ་ལ། དབུས་སུ་ཨ་རུ་ར། ཤར་དུ་ག་པུར།ལྷོར་གུར་གུམ། ནུབ་ཏུ་རྩི་བོ་ཆེ། བྱང་དུ་ཕོ་ལུགས། སྨན་གཙོ་ལྔ་ལ། ཨ་འབྲས། རྒུན་འབྲུམ། པ་ན་སེ། གེ་རྒྱས། ཨ་ག་རུ་དང་ལྔའོ། འབྲས་བུའི་གཙོ་བོ་ལྔ་ལ། མི་སྔོམ་པ་དང་། རྟ་དཀར་པོ་དང་། གླང་པོ་ཆེ་དང་། ཁྱི་དཀར་པོ་དང་། ཤང་ཤང་ཏེའུ་དང་། དབང་པོ་ལྔ་ལ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། སྙིང་དང་ལྔའོ། །ཕྲད་ལྔ་ལ། སྒག་རསྒ། རྒུན་འབྲུམ། ཀ་ཀོ་ལ། སུག་སྨེལ། བ་ལེ་ཀ་དང་ལྔའོ། དྲིའི་རྒྱལ་པོ་ལྔ་ལ། ནཱ་ག་གེ་སར། ཤིང་ཚྭ། སུག་སྨེལ། གསྟོ་པ་ཏྲ། ཙསྡོན་དཀར་པོའོ། དྲིའི་བློན་པོ་ལྔ་ལ། རྒྱ་སྤོས། ཛུ་ཏི་ཕ་ལ། ག་པུར།ཙཛིན། ལི་ཤི་དང་ལྔའོ། །སྤོས་ལྔ་ལ། ཨ་ག་མྲ དུ་རུ་ཀམུ་ལ་རཀྟ། ཙསྡོན་དམར་པོ། འབྲས་བུ་ལྔ་བསྒྲལ་བའི་སྣ་ཀུན་ལ་ཆ་མཉམ་སྲང་རེའོ། །སྣའི་མངོན་ཤེས་འཐོབ་པར་འགྱུར། །དྲི་ཆུའི་སྐྱོབ་ལྔ་ལ། ཨ་རུ་ར། ལི་ག་དུར་མེད་དུ་མི་རུང་། དུ་རུ་ཀ །ཀ་ཤོ་ཀ ཁེང་ཏོག་རྒུན་འབྲུ། ཐང་བལ། ཤུ་མོ་ཟ། ཨ་ལྕེ་ཀ་ལ། ཁྱི་ལྕེ། བྱ་རོག་གི་ལྕེ། འུག་པའི་ལྕེ། ངང་པའི་ལྕེ། འབྲས་བུ་ལྔ་བསྒྲལ་བའི་ལྕེ། ཀུན་ལ་ཆ་མཉམ་སྲང་རེའོ། །ལྕེའི་མངོན་པར་ཤེས་པའོ། །གཞན་ཡང་ཁ་དོག་ལྔ། དཀར་བ་རྡོ་རྗེའི་རིགས། སེར་པོ་དེ་བཞིན་གཤེགས་པའི་རིགས། སྔོན་པོ་རིན་པོ་ཆེའི་རིགས། དམར་པོ་པདྨའི་རིགས། ཁ་དོག་སྣ་ཚོགས་པ་ལས་ཀྱི་རིགས། རོ་ལྔ་ལ་ཁ་བ་དེ་བཞིན་གཤེགས་པའི་རིགས། མངར་བ་རྡོ་རྗེའི་རིགས། ཚ་བ་པདྨའི་རིགས། རོ་ཐ་དད་པ་ལས་ཀྱི་རིགས། གནོད་སྤྱིན་ལག་བྱི་ཚེ་ལག །དབང་པོ་ལག་ར་སྭ་ཡ་ནའི་ལག །སོར་མོ་ལྔ་ཚང་བ་ནི་སྒྲུབ་པ་པོའི་ལག་པ་གདབ་བོ། །ཨ་རུ་ར། བ་རུ་ར། སྐྱུ་རུ་ར། ཉའི་མིག །སྦྲུལ་གྱི་མཁྲིས་པ། གུ་གུལ་ཐལ་ཆེན། སྤོས་ལྔ། པོག་ལྔ། སྙིང་པོ་ལྔ། རིན་པོ་ཆེ་ལྔ། སྨན་ལྔ། ཕབ་ལྔ་ལ། རྒྱ་ཕབ། མོན་ཕབ། བྱང་ཕབ། བོད་ཕབ།སྔོན་སྒྲུབ་པའི་ཕབ། ཆང་ལྔ་ལ། འབྲས་ཆང་། རྒུན་ཆང་། སྦྲང་ཆང་། ནས་ཆང་། ཏིལ་ཆང་། ཆུ་བརྒྱད་ལ། རྒྱ་མཚོའི་ཆུ། གཙང་པོའི་ཆུ། གངས་ཀྱི་ཆུ། ཀླུ་ཡོད་པའི་ཆུ། ཆུ་མིག་གི་ཆུ། ཁྲོན་པའི་ཆུ། སྟོན་ཟླ་ར་བའི་ཉ་ཆར་གྱི་ཆུ། གནམ་དང་ལྕགས་ཆུ་ཏིལ་སྣ་གསུམ། བདུད་རྩི་ལས་རྒྱ་མཚོ་ལས། བདུད་རྩི་རྣམ་པ་ལྔ་བསག་པའི་ལེའུ་སྟེ་དྲུག་པའོ།། །།འདིས་དཀྱིལ་འཁོར་དགོད་པར་བྱ་བ་རྣམ་པ་གཉིས་སུ་ཤེས་པར་བྱས་ཏེ། ཁྲོལ་བུ་དང་ཕྱི་མ་གཉིས། ཁྲོལ་བུ་བསྐྲུབ་པ་ལ་རྣམ་པ་བཞི། ཡོན་ཏན་བརྗོད་ནས་སྨན་དགོད་པ་དང་། རྩ་བའི་ལྷ་དམ་པ་རིགས་བརྒྱ་དགོད་པའོ། །དབུས་ཀྱི་ཀ་བ་བརྒྱད་སྟེང་ན། །བྷསྙོ་མེ་ལོང་བླངས་ནས་ནི། ཁྲར་གྱི་ཕྱོགས་སུ་ཁ་བལྟས་ལ། །བྱང་ཆུབ་སེམས་ནི་ཡེ་ཤེས་རང་བཞིན་ཏེ། །དྲི་མེད་རང་བཞིན་ཆར་བཞིན་འབེབས་པ་ལས། །འགྲོ་བ་ཀུན་བསྐྱེད་ཡིད་བཞིན་ནོར་བུའི་ཚུལ། །གདོད་ནས་དག་པ་བདུད་རྩིའི་རང་བཞིན་ལ། །གཉིས་མེད་སྦྱོར་བས་བདུད་རྩིའི་རིགས་མཆོག་འགྲུབ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཉིད་ཡིན། །དབུས་ཀྱི་བྷརྙའི་ནང་དུ་ཤེལ་ཕོར་བཞག་ལ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གདུང་གོ་རོ་ཙ་ན་ལ་སོགས་ཏེ། དབུས་ཀྱི་སྣོད་དུ་བླུགས་ལ། གུ་ཡ་ལག་གི་ཕྱག་རྒྱ་བཅས་ལ། དེའི་སྟེང་དུ་བཞག་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་སོ། །ཨོ་ཨུཿཧཱུཾ༷་བཛྲ་ས་ཏྭ་ཧཱུཾ༷། སརྦ་ཨེ་ཤུཁྱེ་ཨ་ཕྲི་ཏ་སུ་ཁ་མ་ཧྭ་ཡོ་ག་ཧཱུཾ༷།ཙིཀྟ་ཧུ༷་ཨོ་ཨུཿཧཱུཾ༷་ཨསྨྱོ་ཤོ་བྷ་དེ་ཥ་ར་ཏི་ས་མ་ཡ་སྟུམ། ཞེས་བརྗོད་དབུས་སུ་གཞག་གོ །བྱང་ཆུབ་སེམས་ཀྱི་བྷ་རྙའི་ནང་དུ་ཧཱུཾ༷་བསམས་ཏེ། ཕྱོགས་བཅུར་འཕྲོས་ཏེ་བབས་པས། སྲིད་པ་གསུམ་གྱི་བྱང་ཆུབ་སེམས་དང་། སྲོག་གི་ཟུངས་ཀྱི་བཅུད་དང་། རྩི་ཤིང་ནགས་ཚལ་གྱི་དངས་མ་ལ་ཕོག་པས་དབང་བསྐུར། སླར་ཡང་དེ་བཞིན་དུ་བསྡུས་པ་ནི། དཔེར་ན་བུང་བས་མེ་ཏོག་གཞིབ་པ་བཞིན། །བྷརྙའི་ནང་དུ་བྱང་ཆུབ་སེམས་སུ་བསྡུས་ཤིང་། ཡང་བྱང་ཆུབ་སེམས་ཡུམ་གྱི་མཁའ་ནང་ནས་སླར་བླངས་ཏེ། །དབུས་ཀྱི་བྷརྙའི་ནང་དུ་བསྟིམ་མོ། །སྣོད་ཀྱི་ནང་ནས་འོད་འཕྲོས་པས། འགྲོ་བའི་དོན་མཛད་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་མཛད་ནས། སླར་རྡོ་རྗེ་སེམས་དཔའི་སྐུ་ཚོན་གང་བར་གྱུར་ནས་དབུས་སུ་བཞུགས་སོ། །དེ་ནས་དྲི་ཆེན་ཀྱི་སྣོད་ཀྱི་སྟེང་དུ་ཨོ་སེར་པོ་བསམས་ཏེ། ཕྱོགས་བཅུར་འོད་དུ་འཕྲོས་པས་སྟོང་ཁམས་ཐམས་ཅད་ཁ་དོག་སེར་པོར་གྱུར། ཚེ་དང་ལུས་ཀྱི་དངོས་གྲུབ་ལ་དབང་བསྒྱུར་ཞིང་འདུས་པ་དང་། གསེར་གྱི་འཁོར་ལོ་ཏིལ་འབྲུ་ཙམ་གྱིས་དབུས་ཀྱི་སྣོད་ལ་ཏིལ་གྱི་གོང་བུ་བཞིན་དུ་གང་བར་བསམ། དེ་ལྟར་གསལ་བ་ལས་གསེར་གྱི་འཁོར་ལོ་ལས་འོད་འཕྲོས་པ་ལས། འཇིག་རྟེན་ན་ཡོད་པའི་དྲི་ཆེན་དང་བདུད་རྩིའི་བཅུད་བསྡུས་ནས་རྣམས་པར་སྣང་མཛད་སྐུ་ཚོན་གང་བར་གྱུར་ཏེ་བཞུགས་སོ། །མཎྜལ་བརྒྱད་པའི་ཐོག་ནས་དྲི་ཆེན་གྱི་སྣོད་བླངས་ལ། སྒྲུབ་པ་པོ་ཀུན་ཁ་ཤར་དུ་བལྟས་ལ་དྲི་ཆེན་གྱིས་གཡབ་ཅིང་འདི་སྐད་དོ། །སྨད་པ་མི་གཙང་སྙིགས་མ་འདི། །རྟོགས་པ་དེ་ཉིད་སྙེགས་མ་ཡིན། །ཚེ་མཆོག་འཛིན་པའི་བདུད་རྩི་འདི། །གདོད་ནས་དག་པའི་རང་བཞིན་པས། །བདེ་གཤེགས་རིགས་ཀྱི་ཐུགས་དམ་ཉིད། །གཉིས་མེད་སྐུ་རུ་སྦྱོར་བས་ན། །ཆོས་དབྱིངས་ཡེ་ཤེས་དམ་ཚིག་འགྲུབ། །ལོངས་སྤྱོད་རྫོགས་སྐུ་རྣམ་སྣང་མཛད། །ཐམས་ཅད་དེ་བཞིན་གཤེགས་པར་གྱུར། །ཨོ་བི་རོ་ཙ་ན་མོ་ཧ་ར་ཏི་ས་མ་ཡ་སྟུམ། མ་ཧྭ་ཡོ་ག་ཨ་དྷི་ཏིམོ ས་ར་བ་ལ་ནི་ཏེ་ཨོ་ཨ་མྲི་ཏ་ཙིརྟི་ཨ་དྷི་ཏིཛི་ཨོ། ཞེས་བརྗོད་དོ། །ཤར་གྱི་བྷརྙ་སུལ་འགྲེངས་ལ་བླ་མ་གྲུབ་པ་ཅན་གྱི་དྲི་ཆེན་དང་།དྲང་སྲོང་ཆེན་པོ་ལ་སོགས་པའི་དྲི་ཆེན་བརྒྱ་རྩ་བརྒྱད་ཚང་བར་དགོད་དོ། །དེ་ནས་ལྷོའི་བྷརྙའི་ནང་དུ་གྲྭ་སྔོན་པོ་བསམས་ཏེ། དེ་ལས་འོད་འཕྲོས་པས་སྟོང་ཁམས་ཁྱབ་པར་དོན་མཛད་ནས། སླར་འདུས་ཏེ་མུ༷་སར་གྱུར་པ་དང་། མུ༷་ས་ལས་འོད་འཕྲོས་པས། ཕྱོགས་བཅུར་ཁྱབ་ནས་འགྲོ་བའི་དོན་བྱས། མཛད་པ་བཅུ་གཉིས་རྫོགས་ནས། སླར་རིན་པོ་ཆེ་ཟུར་བརྒྱད་པ་ཚོན་གང་བས་ཏིལ་གྱི་གང་བུ་བཞིན་གང་ནས་བཞུགས་པ་ལ་འོད་དུ་འཕྲོས་པ་ལས་འགྲོ་བ་ཐམས་ཅད་ཀྱི་ཡུལ་དང་ཕུང་པོ་དང་། གནས་དང་གཟི་བརྗིད་དང་། རེག་བྱ་བསྡུས་ནས་རིན་ཆེན་འབྱུང་ལྡན་གྱི་སྐུ་མཚོན་གང་བར་གྱུར་ནས་ལྷོར་བཞུགས་སོ། །དེ་ནས་མྱ༷་སའི་སྣོད་བླངས་ལ་སྒྲུབ་པ་པོ་ཀུན་ཁ་ལྷོར་བལྟས་ལ་ཤ་ཆེན་གྱིས་གཡབ་ཅིང་འདི་སྐད་དོ། །སེམས་ཅན་རྣམས་ནི་གནས་ལ་ཆགས། །ནོར་བས་བདག་ཉིད་བཙང་བར་འཛིན། །དོན་གྱི་སུན་ནི་མ་བྱུང་ན། །བསོད་ནམས་ཐམས་ཅད་དང་བྲལ་བའི། །ཡི་དྭགས་སྐམ་ཐག་ཆད་པ་ཡང་། །བདག་ལུས་གཏོང་ནི་མི་ཕོད་ན། །ལྷ་ལ་སོགས་པའི་བསོད་ནམས་ཀྱིས། །ལུས་ཅན་རྣམས་ལྟ་ཅི་ཞིག་སྨོས། །དེ་བས་འདི་ཀུན་སུན་དབྱུང་ཕྱིར། །རང་བྱུང་བདུད་རྩི་བསྟན་པ་ཡིན། །ལྷས་ཀྱང་ལྷ་ཡི་བདུད་རྩི་བཟའ། །མི་ལ་སོགས་པས་དེ་བཞིན་དུ། །རྣལ་འབྱོར་པས་ཀྱང་སྤྱད་ཅིང་བཟའ། །འདི་ལྟར་བདག་གཞན་མི་འབྱེད་པས། །བླང་དོར་མེད་པར་གྲོལ་བར་གྱིས། །མཉམ་པ་ཉིད་ཀྱི་དོན་མཐོང་ན། །ཐམས་ཅད་མཉམ་ཉིད་ཡེ་ཤེས་སྐུ། །བདེ་གཤེགས་རིན་ཆེན་རིགས་མཆོག་འགྲུབ། །མཉམ་ཉིད་ཡེ་ཤེས་ཡིན་པར་བཤད། །ཨོ་ཨུ༷༷ཧཱུཾ༷་མ་ཧྭ་སྨྱུ༷་ས་མ་ཡ་ར་ཧོ་ཧ༷། རཏྣ་ར་ཏི་ས་མ་ཡུ་སྟུ༷། ཞེས་བརྗོད་པས། ལྷོ་ཕྱོགས་རིན་ཆེན་ཟུར་བརྒྱད་ཀྱི་ཐོག་ནས། བྷནྟྲ་སུལ་མོང་དུ་འབྲས་བུ་ཆེན་པོ་ལྔ་བསྒྲལ་བའི་ཤ་ཆེན་བརྒྱ་རྩ་བརྒྱད་དགོད་དོ། །དེ་ནས་ནུབ་ཕྱོགས་ཀྱི་པདྨ་འདབ་བརྒྱད་ཀྱི་ཐོག་ནས་རཀྟའི་བྷརྙའི་ནང་དུ་ཨུ༷༷དམར་པོ་གཅིག་བསམས་ལ། །ཨུ༷༷ལས་འོད་འཕྲོས་སླར་འདུས་པ་ལས་པདྨ་རཀྟར་གྱུར། རཀྟ་ལས་འོད་དུ་འཕྲོས་ཏེ་སྟོང་ཁམས་ཁྱབ་པས་འཇིག་རྟེན་སྲིད་པའི་ངར་འཛིན་པ་རཀྟར་ཆགས་པ་རིལ་དབང་བསྐུར་ཏེ་སླར་འདུས་པ་ལས། པདྨ་རཀྟས་བསྡུས་པའི་སྣང་སྲིད་ཀྱི་བཀྲག་དང་གཟི་མདངས་ཀུན་བསྡུས་ནས། མཛད་པ་བཅུ་གཉིས་བྱས་ནས་སླར་འདུས་པ་དང་། སྣང་བ་མཐའ་ཡས་ཀྱི་སྐུ་ཚོན་གང་བ་འོད་དམར་པོ་འབར་ཞིང་ནུབ་ཏུ་བཞུགས་པར་བསམ་མོ། །རཀྟའི་སྣོད་བླངས་ལ་སྒྲུབ་པ་པོ་ཀུན་ཁ་ནུབ་ཏུ་བལྟས་ལ་རཀྟས་གཡབ་ཅིང་འདི་སྐད་དོ། །རྭ་ག་རཀྟ་པདྨ་འབྱུང། །སྨད་པ་མི་གཙང་རྫས་འདི་དག །ཆགས་ཡུལ་བདེ་བའི་གནས་ཡིན་ནོ། །པདྨ་རིགས་ཀྱི་དམ་པ་འགྲུབ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཞེས་བརྗོད་ཅིང་ནུབ་ཀྱི་ཕྱོགས་ཀྱི་སྣོད་བཞག་ལ། ཨོ་ཨུ༷༷ཧཱུཾ༷་མ་ཧྭ་པདྨ་རཀྟ་མྱུ་ལ་ཨ་སྐྲོ་དེ་བ་ར་ག་རྭ་ཏི་ས་མ་ཡ་ཧཱུཾ༷། ས་མ་ཡ་སྟུམ། སུ་ལ་ཧོ་ཞེས་བརྗོད་དོ། །ནུབ་ཀྱི་བྷརྙ་སུ་ལ་ཟླ་ཁམ་དུ་མ་ཧྭ་རཀྟ་དང་། མྱུ་ལ་རཀྟ་དང་། པདྨ་རཀྟ་དང་། རཀྟ་བརྒྱ་རྩ་བརྒྱད་དགོད་དོ། །དེ་ནས་བྱང་ཕྱོགས་ཀྱི་འཁོར་ལོ་རྩིབས་བརྒྱད་སྟེང་ནས། དྲི་ཆུའི་བྷསྟོ་ལ་ཧྭ་ལྗང་གུ་བསམ་ཞིང་། ཧྭ་ལས་འོད་འཕྲོས་སླར་འདུས་པ་ལས་དྲི་ཆུར་གྱུར། དྲི་ཆུ་ལས་འོད་འཕྲོས་པས་སྟོང་ཁམས་ཁྱབ་པར་དྲི་ཆུས་བཀྲུས་ཏེ། དབང་བསྐུར་ནས་སླར་འདུས་པ་དང་། རྡོ་རྗེ་རྒྱ་གྲམ་ལྗང་གུ་ཚོན་གང་བས་ཏིལ་གྱི་གང་བུ་བཞིན་གང་ངོ་། །དེ་ལས་འོད་འཕྲོས་པས་སྣང་སྲིད་ཀྱི་ཆུ་དང་། འགྲོ་བ་རིགས་དྲུག་རིལ་གྱི་ཆུ་བསྡུས་ནས་མཛད་པ་བཅུ་གཉིས་མཛད་དོ། །སླར་འདུས་པ་དང་དོན་ཡོད་གྲུབ་པའི་སྐུ་ཚོན་གང་བ་གཅིག་ཏུ་གྱུར་ནས། བྱང་ཕྱོགས་ཀྱི་སྣོད་དུ་བཞུགས་པར་བསམས་ལ། དེ་ནས་དྲི་ཆུའི་སྣོད་བླངས་ལ་སྒྲུབ་པ་པོ་ཀུན་ཁ་བྱང་ཕྱོགས་སུ་བལྟས་ལ་འདི་སྐད་དོ། །ཀུན་འབྱུང་ཟག་པ་ཀུང་ཀུ་མ། །རྡོ་རྗེ་དྲི་ཡི་ཆུ་ཡིན་ཏེ། །ཆུ་ལས་མ་བྱུང་གང་ཡང་མེད། །ལས་ཀྱི་རིགས་ཀྱི་དམ་ཚིག་དང་། །ནན་ཏན་ཡེ་ཤེས་མཆོག་ཀྱང་འགྲུབ། །ཨོ་ཨུ༷༷ཧཱུཾ༷་སརྦ་ཁ༷་ཧཱུཾ༷་ཨ་མོ་བྷ་སིརྙི་བཛྲ་ར་ཏི་བཛྲ་ས་མ་ཡ་སྟུ༷། ཞེས་བརྗོད་དེ་བྱང་ཕྱོགས་སུ་གཞག་གོ །དེ་ནས་གྲ་བཞིར་ནོར་བུའི་རིན་པོ་ཆེ་བཞིའི་ཐོག་ཏུ་གསེར་ཕོར་དངུལ་ཕོར་ཟངས་ཕོར་ལྕགས་ཕོར་དུང་ཕོར་བཀོད་ལ། སྒྲུབ་པ་པོ་ཀུན་ཐལ་མོ་སྦྱར་ལ།དབུས་ཀྱི་སྣོད་ཡབ་ཡུམ་གྱིས་བླངས་ལ་འདི་སྐད་དོ། །ཧཱུཾ༷་ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །སངས་རྒྱས་ཀུན་གྱི་ཆོས་ཉིད་འདི། །སྙིང་པོ་ཆོས་ཀྱི་དོན་ལས་བྱུང་། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན། །སྨད་པར་བྱ་བའི་རྫས་ལྔ་པོ། །ཀུན་ལ་ཡོན་ཏན་ལྔ་ལྔར་བཤད། །གཅིག་ལའང་ཡོན་ཏན་གསུམ་དུ་དབྱེ། །དམ་ཚིག་རྩ་བ་བཅོ་ལྔ་ཡིན། །ཡང་ན་ཉི་ཤུ་རྩ་བརྒྱད་དོ། །སྣོད་བཅུད་དབུས་སུ་བསྡུས་ནས་ནི། །བཅུ་དྲུག་པོར་ཡང་བསྟན་པར་བྱ། །ཐབས་དང་ཤེས་རབ་ལྡན་པ་ལྔ། །སེམས་དཔའ་སེམས་མའི་ཚོགས་སུ་བལྟ། །འདུས་བྱས་པ་ཡི་རྡོ་རྗེ་སྟེ། །དགོངས་པ་འདུས་པ་སེམས་དཔར་བཤད། །རྡོ་རྗེ་སེམས་དཔར་རབ་སྦྱངས་ནས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཨོ་སརྦ་ཨ་མྲི་ཏསརྦཨེཧོཤུསྟེ། སརྦསཏྭ་ས་མརྙ་སརྦ་པ྅་ཨ་མྲི་ཏ་ཀུཎྜལི་ཐ། གཙོ་ལྔའི་སྐུལ་ཚིག་གོ །ད་ནི་ཡན་ལག་དགོད་པར་བྱ་སྟེ། བྷསྟོ་ལྔ་བཀོད་པའི་ཕྱི་རོལ་དུ། རིན་ཆེན་འབར་བའི་དཀྱིལ་འཁོར་ལ། །གསེར་ཕོར་དངུལ་ཕོར་དུང་ཕོར་ཤེལ་ཕོར་དུ། །འོ་མ་བླུགས་ལ་འདི་སྐད་དོ། །ཇི་ལྟར་འོ་མར་གྱུར་པ་ལ། །མཁས་ལྡན་ཆེན་པོས་རབ་སྦྱངས་ནས། །ཡོན་ཏན་ཞོ་དང་མར་ལྟར་སྣང་། །དེ་ནི་རྫས་ཀྱི་རྣམ་པ་ཀུན། །མཉམ་ཉིད་ཞོ་དང་མར་ལྟར་འགྲུབ། ཁྲར་ལྷོ་མཚམས་སུ་དགོད། དེ་ནས་སྨན་སྣ་ཚོགས་ཤར་ལྷོ་མཚམས་སུ་དགོད་དེ་འདི་སྐད་དོ། །སྨན་གྱི་རྣམ་པ་ཐ་དད་པས། །སོ་སོའི་ཡོན་ཏན་ཆེར་སྣང་དེ། །རྩ་བ་བརྒྱད་དང་ཡན་ལག་སྟོང་། །སྡུག་བསྔལ་ནད་ཀྱི་གསོས་སུ་ཆེ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ནི། །ལྷུན་གྱིས་གྲུབ་པས་བདུད་རྩིར་འགྱུར། ཁྲར་ལྷོ་རིན་པོ་ཆེ་འབར་བའི་སྟེང་དུ་དགོད་དོ། །དེ་ནས་ལྷོ་ནུབ་མཚམས་སུ་རིན་པོ་ཆེ་སྣ་ཚོགས་དགོད། དཔེར་ན་གསེར་དང་རིན་ཆེན་ལྟར། །སོ་སོར་གནས་ཀྱང་རང་རང་གི ཁ་དོག་མཚན་ཉིད་སོ་སོར་གསལ། །རིན་ཆེན་ཡོན་ཏན་དེ་འདྲ་ཡང་། །བསྡུས་ན་ཡོན་ཏན་རྨད་དུ་འགྱུར། །དེ་བས་གཉིས་སྤྲས་མཛེས་པར་སྣང་། །དེ་བཞིན་རྫས་ཀྱི་རྣམ་པ་ཀུན། །རང་རང་ཡོན་ཏན་ཅིར་སྣང་ཡང་། །གཉིས་མེད་མཉམ་པར་སྦྱར་བས་ན། །བླ་མེད་ཡོན་ཏན་རྨད་དུ་འགྱུར། །ལྷོ་ནུབ་རིན་ཆེན་འབར་བའི་སྟེང་དུ་དགོད་དོ། །དེ་ནས་ནུབ་བྱང་མཚམས་སུ་འབྲུ་སྣ་ཚོགས་དགོད་པ་འདི་སྐད་དོ། །ས་གཞི་རིན་ཆེན་གཏེར་ལྡན་པས། །སྐྱེས་པའི་འབྲུ་མཆོག་དམ་པ་ལས། །བསྒྲུབས་ན་བདུདརྩི་སྨན་དུ་འགྱུར། །ཞེས་ནུབ་བྱང་གི་རིན་པོ་ཆེ་འབར་བ་ལ་དགོད་དེ། བྱང་ཤར་མཚམས་སུ་ཆུ་སྣ་ཚོགས་དགོད་པ་འདི་སྐད་དོ། །འབྱུང་བ་ལྔ་ཡི་བྱིན་རླབས་ལས། །ཆུ་རྣམས་སྣ་ཚོགས་ཐ་དད་ཀྱང་། །རྒྱ་མཚོར་ཕྱིན་ནས་ལན་ཚྭའི་རོ། །འབྱུང་བའི་ཁམས་རྣམས་ཐ་དད་ལ། །ཐམས་ཅད་དག་པས་ཆོས་ཀྱི་དབྱིངས། །དེ་བས་ཐམས་ཅད་བསྡུས་པའི་དཔལ། །རྒྱ་མཚོ་ཙམ་དུ་རླབས་ཆེ་ལ། །ཆོས་ཀྱི་དབྱིངས་སུ་རོ་གཅིག་གོ །ཞེས་བྱང་ཤར་གྱི་རིན་པོ་ཆེ་ལ་དགོད། རྒྱ་མཚོ་ཆུ་དང་གངས་ཀྱི་ཆུ་དང་ཅོང་ཟིའི་ཆུ་དང་བྲག་ཞུན་རྡོའི་ཆུ་ལ་སོགས་པ་བརྒྱ་རྩ་བརྒྱད་དགོད་དོ། །མཁྲིས་པ་མཐའ་དག་ཀྱང་དགོད་དོ། །དེ་ནི་སྨན་ཡོན་ཏན་དང་བཅས་པའོ། །འདི་ནས་མར་ལ་དཀྱིལ་འཁོར་གྱི་ལྷ་བརྒྱད་དགོད་དོ། །ཤར་གྱི་མཎྜལ་བརྒྱད་ལ། ཨ་སྙོ་བྷ། བི་རོ་ཙ་ན། རཏྣ་སསྟ་ཝ། ཨ་མི་དྷི་བ། ཨ་མོ་བྷ་སིརྙི། དྷ་ཏི་ཤྭ་ར། དུ་རྙ་ལེ་ཙ་ནི། སྨྱུ་མ་ཀི། བཱཎྜ་ར་བ་ས་ན། ས་མ་ཡ་ཏྭ་རྭ། བཛྲ་སཏྭ་ཧཱུཾ༷། བཛྲ་རྭ་ཛ། བཛྲ་རྭ་ག །བཛྲ་སྭ་རྙུ། བཛྲ་རཏྣ། བཛྲ་སྲུབྱ། བཛྲ་ཀེ་ཏུ། བཛྲ་ཧ་ས། བཛྲ་དྷརྨ། བཛྲ་ཏིསྟོ། བཛྲ་ཙཀྲ། བཛྲ་བྷ་ཁྲ བཛྲ་ཀརྨ། བཛྲ་རཀྟ། བཛྲ་ཡཀྟ། བཛྲ་མུརྨྱི། ཤར་ཕྱོགས་ཀྱི་ལྷ་ཉི་ཤུ་རྩ་ལྔའོ། ཉངཤུརྩདྲུགརེརྭགཔདཔྱད སྭ་རཏྣཙྭཀ །མྱ༷་མོ་ཧ་ར་ཏི། ཧཱུཾ༷་བཛྲཙྭཀ །མུ༷་དྷ་ཏི་ཤྭ་རྡི། ཨོ་ཛི་ན་ཛིཀ །ལ༷་དེ་ཥ་ར་ཏི། ཨུ༷་ཨུ་རོ་ལིཀ །བཱ༷་རྭ་ག་ར་ཏི། ཧྭ་པྲཙྭསྟོཀ །ཏྭ༷་བཛྲ་ར་ཏི། རཏྣ་ས་ཏྭ། རཏྣ་རྭ་ཛ། རཏྣ་རྭ་ག །རཏྣ་སྭ་རྙུ། རཏྣ་རཏྣ། རཏྣ་སྲུརུ། རཏྣ་ཀེ་ཏུ། རཏྣ་ཧ་ས། རཏྣ་དྷརྨ། རཏྣ་ཏིསྐོ། རཏྣ་ཙཀྲ། རཏྣ་བྷ་ཁུ རཏྣ་ཀརྨ། རཏྣ་རཀྟ། རཏྣ་ཡཀྟ། རཏྣ་ཟླུལྐོ ལྷོའི་ལྷ་ཉི་ཤུ་རྩ་ལྔའོ། །ཨུ༷་ཨུ་རོ་ལིཀ །བཱ༷་རྭ་ག་ར་ཏི། ཧཱུཾ༷་བཛྲ་དྷིཀ །མུ༷་དྷ་ཏི་ཤྭ་རྡི། གྲྭ་རཏྣ་དྷིཀ །མུ༷་མོ་ཧ་ར་ཏི། ཨོ་ཛི་ན་ཛིཀ །ལ༷་དེ་ཥ་ར་ཏི། ཧྭ་པྲརྙོ་དྷིཀ །ཏྭ༷་བཛྲ་ར་ཏི། པདྨ་ས་ཏྭ། པདྨ་རྭ་ཛ། པདྨ་རྭ་ག །པདྨ་སྭ་རྙུ། པདྨ་རཏྣ། པདྨ་སུརུ།པདྨ་ཀེ་ཏུ། པ༷དྨ་ཧ་ས། པདྨ་དྷརྨ། པདྨ་ཏིསྨོ། པདྨ་ཙཀྲ། པདྨ་བྷ་ཁུ པདྨ་ཀརྨ། པདྨ་རཀྟ། པདྨ་ཡཀྟ། པདྨ་མུརྨྱི། ནུབ་ཀྱི་ལྷ་ཉི་ཤུ་རྩ་ལྔའོ། །ཧ་པྲཙྭལྷོཀ །ཏྭ༷་བཛྲ་ར་ཏི། ཧཱུཾ༷་བཛྲལྟོཀ །མྱུ་དྷ་ཏི་ཤྭ་རྡི། གྲྭ་རཏྣལྷོཀ །མུ༷་མོ་ཧ་ར་ཏི། ཨཱོཾ་ཨུ་རོ་ལིཀ །བཱ༷་རྭ་ག་ར་ཏི། ཨོ་ཛི་ན་ཛིཀ །ལ་དེ་ཥ་ར་ཏི། ཀརྨ་ས་ཏྭ། ཀརྨ་རྭ་ཛ། ཀརྨ་རྭ་ག །ཀརྨ་སྭ་རྙུ། ཀརྨ་རཏྣ། ཀརྨ་སྲུརུ། ཀརྨ་ཀེ་ཏུ། ཀརྨ་ཧ་ས། ཀརྨ་དྷརྨུ། ཀརྨ་ཏིསྨོ། ཀརྨ་ཙཀྲ། ཀརྨ་བྷ་ཁུ ཀརྨ་ཀཨཱོཾ། ཀརྨ་རཀྟ། ཀརྨ་ཡཀྟ། ཀརྨ་ཟླུཁྲོ བྱང་གི་ལྷ་ཉི་ཤུ་རྩ་ལྔའོ། ཁྲར་དུ་ཉི་ཤུ་རྩ་ལྔ་ཧཱུཾ༷་ལས་སྐྱེད། །ལྷོ་ཡི་ཉི་ཤུ་རྩ་ལྔ་ཧྭ༷་ལས་བསྐྱེད། །ནུབ་ཀྱི་ཉི་ཤུ་རྩ་ལྔ་ཨུ༷་ལས་བསྐྱེད། །བྱང་དུ་ཉི་ཤུ་རྩ་ལྔ་ཧྭ་ལས་བསྐྱེད། །སྤྱིར་དམ་པ་རིགས་བརྒྱ་སྐུའི་བསྙེན་པའོ། །དེ་ལྟར་ལྷ་བརྒྱ་བཀོད་ནས་ཚིག་ཏུ་འདི་སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །ཞེ་སྡང་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུས་ཅིར་ཡང་དོན་མཛད་པ། །རྡོ་རྗེ་སེམས་དཔའ་འཁོར་དང་བཅས། །དབུས་སུ་བྷརྙ་ཟླུམ་པོ་སྲ །བྱང་ཆུབ་སེམས་ལས་སྦྱར་བའི་སྨན། །རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐོང། །སེམས་དཔའ་འཁོར་བཅས་གཤེགས་ནས་ཀྱང་། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཨོ་ཨུཿཧཱུཾ༷་ཨསྙོ་བྷ་དྷ་ཏི་ཤཱ་རྡི་ས་མ་ཡ་སྟུམ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་གཡབ། དེ་ནས་ལྷོ་ཡི་བྷནྟྲ་བླངས་ལ། ལྷོར་ཁ་བལྟས་ལ་འདི་སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །ང་རྒྱལ་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུས་ཅིར་ཡང་དོན་མཛད་པ། །རིན་ཆེན་སེམས་དཔའ་འཁོར་དང་བཅས། །ལྷོ་ཕྱོགས་བྷསྟོ་སུལ་མར་དུ། །བཱ༷་ས་ལས་ནི་སྦྱར་བའི་སྨན། །རིན་ཆེན་རིགས་ཀྱི་ཐུགས་དམ་བསྐོང། །འབྱུང་ལྡན་འཁོར་བཅས་གཤེགས་ནས་ཀྱང་། །བདུད་རྩི་འདི་ལ་བྱིབ་གྱིས་རློབས། །ཨོ་ཨུ༷༷ཧཱུཾ༷་སྲུ་རཏྣ་དྷིཀ །མུ༷་མོ་ཧ་ར་ཏི་ས་མ་ཡ་སྟུམ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །ནུབ་ཀྱི་བྷརྙ་བླངས་ནས་འདི་སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །འདོད་ཆགས་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུས་ཅིར་ཡང་དོན་མཛད་པ། །སྣང་བ་མཐའ་ཡས་འཁོར་དང་བཅས། །ནུབ་ཕྱོགས་བྷནྟྲ་ཟླ་གམ་དུ། །རཀྟ་ལས་ནི་སྦྱར་བའི་སྨན། །པདྨ་རིགས་ཀྱི་ཐུགས་དམ་བསྐང་། །མཐའ་ཡས་འཁོརབཅསགཤེགསནས ཀྱང་། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཨོ་ཨུཿཧཱུཾ༷་ཨུ༷་ཨ་རོ་ལིཀ །པྱུ༷་རྭ་ག་ར་ཏི་ས་མ་ཡ་སྟུམ། བརྒྱ་རྩ་བརྒྱད་བཟླས་སོ། །བྱང་གི་བྷརྙ་བླངས་ལ་འདི་སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །ཕྲག་དོག་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུས་ཅིར་ཡང་དོན་མཛད་པ། །དོན་ཡོད་གྲུབ་པ་འཁོར་དང་བཅས། །བྱང་ཕྱོགས་བྷསྟོའི་གཞལ་ཡས་སུ། །དྲི་ཆུ་ལས་ནི་སྦྱར་བའི་སྨན། །ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་། །དོན་གྲུབ་འཁོར་བཅས་གཤེགས་ནས་ཀྱང་། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཨོ༷་ཨུ༷༷ཧཱུཾ༷་ཧྭ་པྲཙྭ་དྷིཀ །བཛྲ་ཀརྨ་ར་ཏི་ས་མ་ཡ་སྟུམ། དེ་ནས་ཤར་གྱི་སྣོད་བླངས་ལ་འདི་སྐད་དོ། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ། །གཏི་མུག་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུར་ཅིར་ཡང་དོན་མཛད་པ། །རྣམ་པར་སྣང་མཛད་འཁོར་དང་བཅས། །ཤར་ཕྱོགས་བྷནྟྲ་སུལ་མེད་དུ། །དྲི་ཆེན་ལས་ནི་སྦྱར་བའི་སྨན། །བདེ་གཤེགས་རིགས་ཀྱི་ཐུགས་དམ་བསྐང་། །སྣང་མཛད་འཁོར་བཅས་གཤེགས་ནས་ཀྱང་། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཨོ་ཨུ༷༷ཧཱུཾ༷་ཛི་ན་ཛིཀ །ལྭ༷་དེ་ཥ་ར་ཏི་ས་མ་ཡ་སྟུམ། བརྒྱ་རྩ་བརྒྱད་བཟླས་སོ། །དང་པོར་བཞུགས་གྲལ་དགོད་གྲལ་དུ། །དུར་ཁྲོད་ཕོ་བྲང་ལྷུན་གྱིས་གྲུབ། །གསང་བའི་བཞུགས་གནས་དམ་པ་འདིར། །ཉི་ཟླ་པདྨའི་གདན་སྟེང་དུ། །རྣལ་འབྱོར་དགོས་ཤིང་བཞུགས་དུ་གསོལ། །གསང་བའི་ལས་རྣམས་བྱ་བའི་ཕྱིར། །ཕྲིན་ལས་བརྒྱད་ཀྱིས་མཚམས་བཅད་དོ། །སློབ་དཔོན་མངའ་གསོལ་ལས་ཀ་བསྒོ། །གསར་དུ་འཇུག་པ་མཆིས་ན་ཡང་། །བྲིན་གཡོག་མནའ་དབང་བཤགས་པ་བགྱི། །དེ་ནི་བཀོད་པ་རྒྱན་གྱི་དཀྱིལ་འཁོར་རོ། །བདུད་རྩི་ལས་རྒྱ་མཚོ་ལས། ཡོན་ཏན་སྒྲུབ་པའི་ལེའུ་སྟེ་བདུན་པའོ།། །།ཡན་ལག་སྟོང་གི་སྨན་དགོད་པ། །འབྱུང་བ་ལྔ་ཡི་ཐུགས་རྗེ་ལས། །སྨན་ལྔ་བདུད་རྩིར་རྣམ་པར་དག །འགྲོ་བ་ཡོངས་ཀྱི་གསོས་མཛད་པར། །ཐུགས་རྗེ་ཆེན་པོར་བྱིན་གྱིས་བརླབས། །དངོས་མེད་དངོས་གྲུབ་བླང་ཕྱིར་དུ། །ཡེ་ཤེས་ལྔཡི་རྗེས་སུ་དགྲམ། །སྨན་གྱི་སྲུང་མས་རྟོག་བསལ་ཏེ། །སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །བྱང་ཆུབ་སེམས་ནི་ཀུན་ཏུ་དག །རྫོགས་པའི་ཡེ་ཤེས་བདེ་ཆེན་ཉིད། །མ་ལུས་མཐའ་དག་གྲུབ་པའི་རྒྱ། །ཡེ་ནས་བྱ་མེད་བྱ་མི་དགོས། །རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ། །ར་སྭ་ཡ་ནའི་སྲུང་མ་རྣམས། །སུམ་ཅུ་རྩ་གསུམ་གནས་མཆོག་ནས། །ཚངས་པ་དུང་གི་ཐོར་ཚུགས་ཅན། །སྤྱན་གསུམ་སྲིད་པ་གསུམ་ལ་གཟིགས། །ཕྱག་བཞི་ཕྲེང་བ་གུསྟེ་སྦྱིན། །བདུད་རྩི་སྨན་ལས་དངོས་གྲུབ་ཐོབ། །བདུད་རྩི་འདི་ལ་བྱིན་གྱིས་རློབས། །ཚངས་པ་ཀུན་གྲོལ་ཆེན་པོ་ནི། །དཀར་པོ་དུང་མདོག་སྒྲ་ཡང་སྒྲོགས། །བདུད་རྩིའི་འདི་ལ་བྱིན་གྱིས་བརློབས། །དྲང་སྲོང་ལྗང་སྔོན་རྭ་ཧུ་ལ། ཙ་ར་ཀ་དང་ནབ་སོ་སྐྱེས། །གཟའ་དང་སྐར་མའི་རིག་འཛིན་ཡིན། །ཐ་སྐར་བུ་དང་ལྷ་སྐྱབས་ནི། །དྲི་ཟ་ལྷ་ཡི་རིག་འཛིན་ཡིན། །རྒྱུན་ཤེས་དང་ནི་གཡོན་ཕྱོགས་ལྷ། །ཆུ་ཡི་ལྷ་ཡི་རིག་འཛིན་ཀྱི་ཉི་ཤུ་རྩ་ལྔ་འོད་དཔག་མེད་ལ་འདུས། བྱང་གི་ཉི་ཤུ་རྩ་ལྔ་དོན་ཡོད་གྲུབ་པ་ལ་འདུས། སྦྱིར་ལྷ་བརྒྱ་ཐམ་པ་ལྔར་འདུས་པས། དེ་ཉིད་རིགས་ལྔའི་བསྙེན་པས་སྦྱང་བར་བྱ་སྟེ། དེ་ཡང་དབུས་ཀྱི་རྡོ་རྗེ་རིགས་ཀྱི་བདུད་རྩི་སྦྱང་བར་བྱ་སྟེ། འདི་སྐད་དོ། །དབུས་ཀྱི་བྷསྟོའི་གཞལ་ཡས་སུ། །བྱང་ཆུབ་སེམས་ཀྱི་སྨན་སྦྱར་བས། །ཧཱུཾ༷་གི་འཕྲོ་འདུའི་སྦྱོར་བ་ལས། །ལྷག་མཐོང་ཆེན་པོའི་ཡེ་ཤེས་ཀྱིས། །ཞེ་སྡང་ཆེན་པོའི་བདུད་བཅོམ་ནས། །སླར་འདུས་བྷསྟོའི་གཞལ་ཡས་སུ། །མི་བསྐྱོད་རྡོ་རྗེ་ཡབ་ཡུམ་བསྒོམ། །ཧཱུཾ༷་ཙྭ་ན་བཛྲ་གྲྭ་ར་ཎ་ཛ༷༷། །ཞེས་འབུམ་བཟླས་པའི་དུས་སུ། དབུས་ཀྱི་བྷསྟོ་ནས་བྱང་ཆུབ་སེམས་ལ་སོགས་ཏེ་རྡོ་རྗེ་རིགས་ཀྱི་བདུད་རྩི་ཐམས་ཅད་སྨན་གྱི་དངོས་པོ་དང་བྲལ་ནས། ཧཱུཾ༷་གི་ཚོགས་སུ་འཕྲོ་ཞིང་ནམ་མཁའ་གང་བའི་དུས་ན་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ཉོན་མོང་ཞེ་སྡང་གི་དབང་གིས།འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་སྟོངས་ཤིང་ཟད་པར་བསྒྲལ་ནས། སླར་དབུས་ཀྱི་བྷརྙ་ལ་ཆི་ལི་ལི་འདུས་པ་ལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱར་སྲོག་ཟིན་པར་གྱུར་ཏོ། །དེས་ནི་ཉོན་མོངས་པ་ཞེ་སྡང་བདུད་བཅོམ་ནས། ཐུགས་རྡོ་རྗེ་ལྟ་བུ་བྱང་ཆུབ་སེམས་ཀྱི་རྩི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྩིས་སླེབ་པས། འབྲས་བུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཀྱི་སྐུ་ཕྱག་རྒྱ་ཆེན་པོར་སྲོག་ཟིན་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་བདུད་རྩི་སྦྱང་བར་བྱ་སྟེ། འདི་སྐད་དོ། ཁྲར་གྱི་བྷརྙའི་གཞལ་ཡས་སུ། །དྲི་ཆེན་བདུད་རྩིའི་སྨན་སྦྱར་ཏེ། །ཨོ༷་གྱི་འཕྲོ་འདུ་གསལ་བ་ལས། །ཆོས་ཉིད་དག་པའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །གཏི་མུག་ཆེན་པོའི་ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲལ་ཏེ། །སླར་འདུས་བྷརྙའི་གཞལ་ཡས་སུ། །རྣམ་པར་སྣང་མཛད་ཡབ་ཡུམ་བསྒོམ། །ཨོ་ཙྭ་ན་བཛྲ་སྤ་ར་ཎ་ཛ༷༷། །ཞེས་ཁྲི་དང་འབུམ་བཟླས་པའི་དུས་ན། ཤར་གྱི་བྷརྙའི་གཞལ་ཡས་སུ། བདུད་རྩི་དྲི་ཆེན་ལ་སོགས་པ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་བདུད་རྩི་ཐམས་ཅད་ཀྱི་དངོས་པོ་དང་། མཚན་མ་དེ་དག་དང་བྲལ་ནས། ཡི་གེ་ཨོ༷་གྱི་ཚོགས་སུ་འཕྲོ་ཞིང་ནམ་མཁའ་གང་བའི་དུས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ཉོན་མོངས་པ་གཏི་མུག་གི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་སྟོངས་ཤིང་ཟད་པར་བསྒྲལ་ནས། སླར་བྷརྙའི་གཞལ་ཡས་ཁང་དུ་འདུས་ནས། ཐམས་ཅད་ཨོ་གྱི་རང་བཞིན་དུ་གྱུར་ནས། སླར་ཆི་ལི་ལི་བྷནྟྲའི་ནང་དུ་འདུས་པ་ལས། རྣམ་པར་སྣང་མཛད་ཡབ་ཡུམ་གྱི་ཕྱག་རྒྱར་སྲོག་ཟིན་པར་གྱུར་ཏོ། །དེ་ནས་ལྷོའི་བྷནྟྲ་ནས་རིན་པོ་ཆེའི་རིགས་ཀྱི་སྨན་སྦྱང་བར་བྱ་སྟེ། འདི་སྐད་དོ། །ལྷོ་ཡི་བྷརྙའི་གཞལ་ཡས་སུ། །ཤ་ཆེན་བདུད་རྩིའི་སྨན་སྦྱར་བས། །གྲྭ་ཡི་འཕྲོ་འདུའི་སྦྱོར་བ་ལས། །མཉམ་ཉིད་ཆེན་པོའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ང་རྒྱལ་ཆེན་པོའི་ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲལ་ནས། །སླར་འདུས་བྷསྟོའི་གཞལ་ཡས་སུ། །རིན་ཆེན་འབྱུང་ལྡན་ཡབ་ཡུམ་བསྒོམ། །གྲྭ་ཙྭ་ན་སྤ་ར་ཎ་ཛ༷༷། །ཞེས་ཁྲི་དང་འབུམ་བཟླས་པའི་དུས་ན། ལྷོའི་བྷནྟྲའི་གཞལ་ཡས་ཁང་ན། ཤ་ཆེན་ལ་སོགས་ཏེ་རིན་པོ་ཆེའི་བདུད་རྩི་ཐམས་ཅད་སྨན་གྱི་དངོས་པོ་དང་བྲལ་ནས། ཡི་གེ་སྲུའི་ཚོགས་སུ་འཕྲོ་ཞིང་ནམ་མཁའ་གང་བའི་དུས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ང་རྒྱལ་གྱི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་ཟད་ཅིང་སྟོངས་པར་བསྒྲལ་ནས། སླར་ལྷོའི་བྷནྟྲར་ཆི་ལི་ལི་འདུས་པས། རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ཕྱག་རྒྱ་སྲོག་ཟིན་པར་གྱུར་ཏོ། །ད་ནི་པདྨ་རིགས་ཀྱི་བདུད་རྩི་སྦྱང་བར་བྱ་སྟེ། །འདི་སྐད་དོ། །ནུབ་ཕྱོགས་བྷནྟྲའི་གཞལ་ཡས་སུ། །རཀྟའི་བདུད་རྩིའི་སྨན་སྦྱར་བས། །ཨུ༷་གྱི་འཕྲོ་འདུའི་སྦྱོར་བ་ལས། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདོད་ཆགས་ཆེན་པོའི་ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲལ་ནས། །སླར་འདུས་བྷསྟོའི་གཞལ་ཡས་སུ། །སྣང་བ་མཐའ་ཡས་ཡབ་ཡུམ་བསྒོམ། །ཞེས་དབྱངས་དང་སྐུལ་ཚིག་བརྗོད། །ཨུ༷་ཙྭ་ན་བཛྲ་སྤར་ཎ་ཛ༷༷། ཞེས་བཟླས་པའི་དུས་ན་ནུབ་ཕྱོགས་ཀྱི་བྷསྒྲོའི་གཞལ་ཡས་ཁང་ན། པདྨ་རཀྟ་ལ་སོགས་ཏེ་པདྨ་རིགས་ཀྱི་བདུད་རྩི་ཐམས་ཅད་སྨན་གྱི་དངོས་པོ་དང་བྲལ་ནས། ཨུ༷་གྱི་ཚོགས་སུ་འཕྲོ་ཞིང་ནམ་མཁའ་གང་བའི་དུས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ཉོན་མོངས་པ་འདོད་ཆགས་གྱི་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་སྟོངས་ཤིང་ཟད་པར་བསྒྲལ་ནས། སླར་ནུབ་ཀྱི་བྷརྙའི་གཞལ་ཡས་སུ་འདུས་པ་ལས། སྣང་བ་མཐའ་ཡས་ཡབ་ཡུམ་གྱི་ཕྱག་རྒྱར་སྲོག་ཟིན་པར་གྱུར་ཏོ། །དེ་ནས་ལས་ཀྱི་རིགས་ཀྱི་བདུད་རྩི་སྦྱང་བར་བྱ་སྟེ། འདི་སྐད་དོ། །བྱང་ཕྱོགས་བྷརྙའི་གཞལ་ཡས་སུ། །དྲི་ཆུའི་བདུད་རྩིའི་སྨན་སྦྱར་བས། །ཧྭ་ཡི་འཕྲོ་འདུའི་སྦྱོར་བ་ལས། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །ཕྲག་དོག་ཆེན་པོའི་ལམ་གནས་པ། །སྟོངས་ཤིང་ཟད་པར་རབ་བསྒྲལ་ནས། །སླར་འདུས་བྷསྟོའི་གཞལ་ཡས་སུ། །དོན་ཡོད་གྲུབ་པ་ཡབ་ཡུམ་བསྒོམ། །ཧྭ་ཙྭ་ན་བཛྲ་སྤ་ར་ཎ་ཛ༷༷། ཞེས་ཁྲི་འབུམ་བཟླས་པའི་དུས་ན། བྱང་གི་བྷརྙའི་གཞལ་ཡས་ཁང་ན་རྡོ་རྗེ་དྲི་ཆུ་ལ་སོགས་པ་ལས་ཀྱི་རིགས་ཀྱི་བདུད་རྩི་ཐམས་ཅད་སྨན་གྱི་དངོས་པོ་དང་བྲལ་ནས། ཡི་གེ་ཧྭའིཚོགསསུའཕྲོ་ཞིང་ནམ་མཁའ་གང་བའི་དུས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་མ་རྟོགས་པའི་སེམས་ཅན་ཉོན་མོངས་པ་ཕྲག་དོག་གིས་དབང་གིས་འཁོར་བའི་མཐའ་ལ་ཞེན་པ་ཐམས་ཅད་ཟད་ཅིང་སྟོངས་པར་བསྒྲལ་ནས། སླར་ཆི་ལི་ལི་བྱང་གི་བྷརྙར་འདུས་པ་ལས། དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཕྱག་རྒྱར་སྲོག་ཟིན་པར་གྱུར་ཏོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཡང་མ་རྟོགས་པའི་སེམས་ཅན་འཁོར་བ་རྒྱུ་དང་འབྲས་བུར་བཅས་པ་ཉོན་མོངས་པ་ལྔའི་བདུད་ཀྱིས་ཟིན་པ། དུག་གསུམ་གྱི་ནད་ཀྱིས་གདུངས་པ། འཁོར་བ་ངན་སོང་གི་གནས་སུ་གཏན་ཤི་བ་ཐམས་ཅད་ལ་ཡེ་ཤེས་ཆེན་པོ་ལྔས་ནི་སྦྱངས་ལ། ཐུགས་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་སླེབས། འབྲས་བུ་སྐུ་གསུང་ཐུགས་ཀྱི་སྲོག་འཛིན་མཛད་པའི་ཕྱིར་ན་བདུད་རྩི་སྟེ། བདུད་བཅོམ་རྩིར་གྱུར་འབྲས་བུ་སྐུ་གསུང་ཐུགས་ཞེས་བྱ་བའོ། །ཨོ་ཨུ༷༷ཧཱུཾ༷་སྲུ་ཧྭ། རྙོ་ན་བཛྲ་སྤར་ཎ་ཛ༷༷། ཨོ་ཨུཿཧཱུཾ༷་སྣ་ཧྭ། བཛྲ་ཨ་མྲི་ཏ་ཧཱུཾ༷་སྣྲི༷༷ཐ༷༷། དེ་ཉིད་རིགས་ལྔའི་སྤྱི་སྔགས་སོ། །གསང་བ་མཆོག་གི་ལས་གཞུད་བསྲང་ལ། ལས་རྣམས་རྒྱས་འབྲིང་གང་མཛད་པའི་སྙིང་པོ་གདོན་ཏེ་། ལྷ་བདུད་རྩིར་བསྒྱུར་བའི་སྔགས་ལ་། ཨོ་ཨུ༷༷ཧཱུཾ༷་བཛྲ་ས་ཏྭ་ཨ་མྲི་ཏ་ཀུཎྜ་ལི་སྙི༷༷ཐ། ཤར་ཕྱོགས་ནས། ཨོ་ཨུ༷༷ཧཱུཾ༷་ བི་རོ་ཙ་ན་ཡ་ཨ་མྲི་ཏ་ཀུཎྜ་ལི་སྙི༔ཐ། ལྷོ་ཕྱོགས་ནས། ཨོ་ཨུ༔ཧཱུཾ༷་རཏྣ་ས་ཏྭ་ཨ་མྲི་ཏ་ཀུཎྜལ་སྣྲི༷༷ཐ། ནུབ་ཕྱོགས་ནས། ཨོ་ཨུ༔ཧཱུཾ༷་པདྨ་ས་ཏྭ་ཨ་མྲི་ཏ་ཀུཎྜ་ལི་སྙི༔ཐ། བྱང་ཕྱོགས་ནས། ཨོ་ཨུ༔ཧཱུཾ༷་ཀརྨ་ས་ཏྭ་ཨ་མྲི་ཏ་ཀུཎྜལི་ཧི༔ཐ། ཡུམ་རྣམས་ཀྱི་གཡོན་ཕྱོགས་ནས། ཨོ་ཨུ༷༷ཧཱུཾ༷་དྷ་ཏི་ཤྭ་རྡི་ཨ་མྲི་ཏ་ཀུཎྜ་ལི་ཧི༷༷ཐ། ཞེས་པ་ལ་སོགས་པ་སྟོང་སྟོང་ཐོན་པ་དང་། སྲིད་གསུམ་བྷནྟྲ་བཟང་འཁོར་ཡུག །འབྲུ་ལྔ་ཡེ་ཤེས་འཕྲོ་འདུ་ལས། །སྟོང་ཁམས་ཁྱབ་པར་དོན་བྱས་ནས། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །གཉིས་མེད་ཡེ་ཤེས་ལྔར་སྦྱོར་ཞིང་། །དཀྱིལ་འཁོར་༷དམ་པ་རིགས་བརྒྱ་ཡང་། །དེ་ཉིད་རིགས་ལྔའི་སྐུ་རུ་འདུས། །དེ་ཉིད་རིག་པ་ལྷའི་དཀྱིལ་འཁོར་ཡང་། །གསང་ཆེན་རིགས་གཅིག་སྐུ་ལ་བསྡུ། །བྷནྟྲ་ལྔ་ནི་ཡུམ་ལྔར་འདུས། །ཡུམ་ལྔ།་ཆོས་ཀྱི་དབྱིངས་སུ་འདུས། །ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་སྤོ་ཏ་ར་སྭ་ཡ་ན་ཏ་ན་ཀྟ་ཎ་གུ་རྒྱ་སིརྙི་ཧཱུཾ༷་ཧི༷༷ཐ། རྫོགས་ནས་དངོས་གྲུབ་རིམ་གྱིས་བླང་། །བྷནྟྲ་ནི་སྤྲོས་པ་མེད་པ་ཡུམ་གྱི་བྷ་ག་པདྨའི་གཞས་ཡས་ཁང་ན། བདུད་རྩིའི་བྱེ་བྲག་དངོས་པོ་དང་བྲལ་ནས། བྱང་ཆུབ་ཀྱི་སེམས་ཡེ་ཤེས་དཔའ་བོ་འབྲུ་ལྔར་གྱུར་ནས། ཕར་འཕྲོས་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ཉོན་མོངས་པ་ལྔ་ལ་ཞེན་པ་ཐམས་ཅད་སྟོངས་ཤིང་ཟད་པར་བསྒྲལ་ནས། སླར་འདུས་པ་ལས་ཡེ་ཤེས་ལྔ་རང་བཞིན་ལྷུན་གྱིས་གྲུབ་པར་བསྒོམ། དེ་ཉིད་རིགས་ལྔའི་བསྙེན་པ་གསུང་གི་བསྙེན་པའོ། །ཀུན་ཏུ་བཟང་པོ་ཐུགས་ཞི་བའི་བསྙེན་པའོ། །བདུད་རྩི་ལས་རྒྱ་མཚོ་ལས། བདུད་རྩི་ཁྲོལ་བུའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཁྲོལ་བུའི་དཀྱིལ་འཁོར་བསྡུས་ནས། ཙསྡོན་དམར་པོའི་དྲི་ཆབ་ལ་ཁྲོ་མོ་དབྱིངས་ཕྱུག་མའི་སྔགས་ཀྱིས་གདབ། ཨོ་མ་ཧྭ་ཀྲོ་དྷི་ཤྭ་རྡི་སརྦ་དྲ་བྱ༷་ཧུ༷་ཐ། མཚན་མའི་རྣམ་རྟོག་བག་ཆགས་སྦྱང་། །བཏག་དང་བཙག་དང་གཞལ་བ་ལས། ཁུན་ཆེན་གཞི་ནི་བཏིང་བ་ལ། །རཀྟའི་ཐིག་ལེ་བཅུ་བྲིས་ལ། །དར་དང་ཟ་འོག་ལྷོད་དུ་གདིང་། །ཉི་ཟླ་འབར་བའི་གཏན་པ་བཅུ། །ཁྲོ་མོ་བཅུ་ཡི་གཏུན་ཁུང་དུ། །ཁྲོ་བོ་བཅུ་ཡི་རྡོ་རྗེས་བརྡུང་། །སྒྲ་འབྱིན་མ་ཡི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །སྟེང་ཕྱོགས་སྲུང་བའི་ཧུ༷་ཀྭ་རས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ༷་ཙྭ་ན་བཛྲ་བིརྗུ་ཛ༷༷། གརྫ་གརྫཧཱུཾ༷། རྡོ་རྗེ་སྙེམས་མའི་གཏུན་ཁུང་དུ། །ཉོན་མོང་ལྔ་ཡི་དུག་ཆེན་ལ། ཁྲར་ཕྱོགས་སྲུང་བའི་རྣམ་རྒྱལ་གྱིས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧོ༷་ཙྭ་ན་བཛྲ་བིརྗུ་ཛ༷༷། ཧ་ན་ཧ་ན་ཧཱུཾ༷། དུར་ཁྲོད་བདག་མོའི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེནལ། །ལྷོ་ཕྱོགས་སྲུང་བའི་གཤེད་པོ་ཡིས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱ་་་་་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩིཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ༷་ཙྭ་ན་བིརྫུ་ཛ༷༷། པ་ཙ་པ་ཙ་ཧཱུཾ། རྡོ་རྗེ་ག་་མོའི་གཏུན་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །ནུབ་ཕྱོགས་སྲུང་བའི་རྟ་མགྲིན་གྱིས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ནས། །བཅུད་ཀྱི་དམ་པ་ཀུན་བསྡུས་ཏེ། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ༷་རྙོ་ནབིསྐྱིང་ཛ༷༷། ཧུ་ལུ་ཧུ་ཧཱུཾ༷། རླུད་འབྱིན་མ་ཡི་ག་་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །བྱང་སྲུང་བདུད་རྩི་འཁྱིལ་བ་ཡིས། །ཡེ་ཤེས་ལྔཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ༷་རྙོ་ན་བིརྗུ་ཛ༷༷། ཚིསྒྲོ་ཚིསྟོ་ཧཱུཾ༷་ཕཊ། རྡོ་རྗེ་སྡེར་མོའི་ག་་ཁུང་དུ། །ཉོན་མོངས་ལྔ་ཡིས་དུག་ཆེན་ལ། ཁྲར་ལྷོ་སྲུང་བའི་དབྱུག་སྔོན་གྱིས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོ་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ༷་ཙྭ་ན་བིརྗུ་ཛ༷༷། །ཧ་ན་ཧ་ན་ཧཱུཾ༷། གཏུན་ཁུང་མ་ཡི་མཁའ་དབྱིངས་སུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །ལྷོ་ནུབ་བསྲུང་བའི་མ་གཡོ་བས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་འགྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ༷་ཙྭ་ན་བིརྗུ་ཛ༷༷། །བརྙ་བརྙ་ཧཱུཾ༷།གསོད་བྱེད་མ་ཡི་ག་་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །ནུབ་བྱང་གཞན་གྱིས་མི་ཐུབ་པས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ༷་ཙྭ་ན་བིརྗུ་ཛ༷༷། ཏིཁྱི་ཏིཇི་ཧཱུཾ༷། མདའ་བསྙེམས་མ་ཡི་ག་་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །བྱང་ཤར་སྲུང་བའི་ཁམས་གསུམ་རྒྱལ། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅུད་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་གྱུར། །དུས་གསུམ་རྒྱལབ་རྒྱ་མཚོས་གསོལ། །ཧཱུཾ༷་རྙོ་བིརྗུ་ཛ༷༷། །སྟིརྙ་སྟིསྟོ་ཧཱུཾ༷་ཕཊ། སྐུལ་བྱེད་མ་ཡི་ག་་ཁུང་དུ། །ཉོན་མོངས་ལྔ་ཡི་དུག་ཆེན་ལ། །འོག་ཕྱོགས་སྲུང་བའི་སྟོབས་པོ་ཆེས། །ཡེ་ཤེས་ལྔ་ཡི་ཐོ་བས་བརྡུང་། །སྟོང་ཁམས་ཁྱབ་པར་དོན་བྱས་ཏེ། །བཅ་ཀྱི་དམ་པ་ཀུན་བསྡུས་ནས། །འཆི་མེད་བདུད་རྩི་ཆེན་པོར་སྦྱོར། །དུས་གསུམ་རྒྱལ་བ་རྒྱ་མཚོས་གསོལ། །ཧཱུཾ༷་ཙྭ་ན་བིརྗུ་ཛ༷༷། །སྤྲོ་ཊ་སྤྲོ་ཊ་ཧཱུཾ༷། ཁྲོ་བོ་ཆེན་པོ་བཅུས་ཁྲོ་མོ་བཅུའི་བྷ་གར། བདུད་རྩི་འཆི་བ་མེད་པའི་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པར་བརྡུང་པར་བསམ་མོ། །ཆོས་ཀྱི་དབྱིངས་ཀྱི་ག་་ཁུང་ཆེན་པོ་སྲ །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐོ་བས་བརྡུང་། །སྣོད་བཅུད་བདུད་རྩིའི་བྱེ་བྲག་སྣ་ཚོགས་ཀུན། །འབྲས་བུ་བྱང་ཆུབ་སེམས་སུ་རབ་ཏུ་སྦྱར། །ཧཱུཾ༷་ཙྭ་ན་བིརྗུ་ཞེས་རྟོག་པ་བསལ་ལོ། །བདུད་རྩི་ལས་རྒྱ་མཚོ་ལས། བདུད་རྩི་ཕྲིན་ལས་ཀྱི་བསྒྲུབ་པ་བཏགས་པའི་ལས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཙག་སྟེ་དར་ཚགས་དང་ལ་ཚགས་ཀྱིས་བཙག་སྟེ། བསེ་གཞོང་ངམ་ཟངས་གཞོང་ངམ། འཁར་གཞོང་དུ་ཡུམ་དང་ཐེ་ཚོམ་མེད་པའི་བྱ་རོག་མས་བཙག་དང་ཟབ་ཀྱིས་བརྒྱན་ལ་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱིས་སྦྲེལ་ཞིང་བཙག་གོ །འདི་སྐད་དོ། །ཨེ་མ་ཧོ་ཀུན་ཏུ་བཟང་མོ་ཡི། །ཐུགས་ལས་བྱུང་བའི་གསང་ཆེན་འདི། །སྔོན་བྱུང་སངས་རྒྱས་ཐམས་ཅད་ཀྱིས། །བསྒྲུབས་པའི་འབྲས་བུར་བྱིན་གྱིས་བརླབས་དེ། །འབྲས་བུ་བདེ་ཆེན་བྱང་ཆུབ་སེམས། །ཡེ་ནས་གྲུབ་པའི་བདུད་རྩི་ར་སྭ་ཡན། །འཆི་མེད་བདུད་རྩིའི་རང་བཞིན་ཏེ། །རང་བྱུང་གདོད་ནས་དག་པ་ཡི། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ར་སྭ་ཡ་ན་ལ་སོགས་རྫས། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །གཉིས་མེད་བདེ་ཆེན་ལས་བྱུང་བ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། ཁྲ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །རྡོ་རྗེའི་ཆུ་སྟེ་བདུད་རྩིའི་མཆོག །ག་པུར་ཤེལ་གྱི་པོག་ཕོར་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །ཡོན་ཏན་འབུམ་ཕྲག་ཡངས་པའི་གཏེར། །རིག་འཛིན་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་ཐབས་མཆོག་སྟེ། །ཐམས་ཅད་བདུད་རྩིའི་རྣལ་འབྱོར་གྱིས། །མ་ལུས་འདུས་པའི་ཐིག་ལེ་འདི། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཕྱིར། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་ནས། །དུས་གསུམ་རྒྱལ་བ་ཐམས་ཅད་དང་། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད། །ཐབས་དང་ཤེས་རབ་ལྡན་པ་ཡིས། །འཁྲུལ་པའི་བག་ཆགས་དག་བྱའི་ཕྱིར། །ཐབས་དང་ཤེས་རབ་འབྲེལ་བས་གཅིག །ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་རྙོ་ན་བཛྲ་ས༷་ཤོ་དྷ་ཡ་ཧཱུཾ༷་ཧི༷༷ཐ། བཙག་པའི་སྔགས་སོ། །ཨོ༷་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་མུ་ས་ལ་མུ་ས་ལ། ཧ་ན་ཧ་ན་ཧུ༷་ཧྲི༷༷ཐ། བསྲེ་ཞིང་སྦལ་བའི་སྔགས་སོ། །དེ་ནས་བཙལ་ཏེ། མི་བསྐྱོད་བྱང་ཆུབ་སེམས་ཉིད་བཙལ། །ལྷག་མཐོང་ཆེན་པོའི་བྲེཡིས་བཙལ། །ཡོ་གལ་མེད་པའི་སྲང་ལ་བཙལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །ཙྭ་ན་བཛྲ་ཧོ་ས་མ་ཡ་ཧཱུཾ༷། རྣམ་པར་སྣང་མཛད་དྲི་ཆེན་འཇལ། །མེ་ལོང་ཡེ་ཤེས་བྲེ་ཡིས་མཇལ། །ཡོ་གལ་མེད་པའི་སྲང་ལ་འཇལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །རྙོ་ན་བཛྲ་ཧོ་ས་མ་ཡ་ཧཱུཾ༷། རིན་ཆེན་འབྱུང་ལྡན་ཤ་ཆེན་འཇལ། །མཉམ་ཉིད་ཡེ་ཤེས་བྲེ་ཡིས་འཇལ། །ཡོ་གལ་མེད་པའི་སྲང་ལ་འཇལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །ཙྭ་བཛྲ་ཧོ་ས་མ་ཡ་ཧཱུཾ༷། མཐའ་ཡས་པདྨ་རཀྟ་འཇལ། །སོ་སོར་རྟོགས་པའི་བྲེ་ཡིས་འཇལ། །ཡོ་གལ་མེད་པའི་སང་ལ་འཇལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །ཙྭ་ན་བཛྲ་ཧོ་ས་མ་ཡ་ཧཱུཾ༷། དོན་ཡོད་གྲུབ་པ་དྲི་ཆུ་གུར་གུམ་འཇལ། །བྱ་བ་ནན་ཏན་བྲེ་ཡིས་འཇལ། །ཡོ་གལ་མེད་པའི་སྲང་ལ་འཇལ། །འགྱུར་བ་མེད་པའི་ཁལ་དུ་བླང་། །རྒྱལ་བ་རྒྱ་མཚོ་རྣམས་ཀྱིས་གསོལ། །ཙྭ་ན་བཛྲ་ཧོ་ས་མ་ཡ་ཧཱུཾ༷། །སྐུ་གསུང་ཐུགས་ཀྱི་རྒྱ་ཡིས་གདབ། །གཅིག་པ་དཔལ་ཆེན་ཧེ་རུའི་རྒྱ། །གཉིས་པ་ཡབ་ཡུམ་གཉིས་མེད་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཡེ་ཤེས་བཞི་ཡི་རྒྱ། །ལྔ་པ་རིགས་ལྔ་ལྷ་ཡི་རྒྱ། །དྲུག་པ་ཐུབ་པ་དྲུག་གི་རྒྱ། །བདུན་པ་མ་མོ་བདུན་གྱི་རྒྱ་། །བརྒྱད་པ་གོ་རྡི་བརྒྱད་ཀྱི་རྒྱ། །དགུ་པ་ཧེ་རུ་ཀློང་དགུའི་རྒྱ། །བཅུ་པ་ཁྲོ་བོ་བཅུ་ཡི་རྒྱ། །གུ་རྒྱ་ལག་གི་ཕྱག་རྒྱ་གདབ། །རས་བལ་བ་སུ་ཏ་ཡི་གཟུངས་ཐག་གིས། །བྷརྙ་ཡས་ཕུབ་པ་ནི་གནམ་ཡིན་ཏེ། །མས་བཀབ་པ་ནི་ས་ཡིན་ལ། །ཁ་ཁྱེར་དུ་སྣང་བ་ནི་རབ་ཡིན་ལ། །དུམ་བུ་བཞིར་སྣང་བ་ནི་འཛམ་བུ་གླིང་བཞི་ཡིན་ལ། དུམ་བུ་གསུམ་དུ་སྣང་བ་ནི་སྲིད་པ་གསུམ་ཡིན། གཞལ་ཡས་ཁང་ནང་ན་བདུད་རྩི་རྣམ་པ་ལྔས་ཁེངས་པ་ནི། མུ་ཏིག་དཀར་པོ་དྲི་མ་མེད་པ་ལ་ལྷས་གནད་དུ་མེད་པ། མནན་པ་ཐམས་ཅད་བདུད་རྩིས་ཁེངས་པ། འདྲེས་བརྐུར་མེད་པ། བརྐུས་༄༅ པ་ཐམས་ཅད་བདུད་རྩིས་ཁེངས་པ། དཔེར་ན་མཚོའི་ནང་ན་ཉ་སྦལ་བཞིན་ནོ། །གཟུངས་ཐག་གི་ཕྱོགས་བཞི་ནས་བསྐོར་བ་ནི། དབུས་རྒྱ་མཚོ་ཆེན་པོ་ལས་ཆུ་བོ་ཆེན་པོ་བཞི་འབབ་པ། ཤར་སེང་གེའི་ཁ་ནས་འབབ་པ། ལྷོ་རྟ་སྔོན་གྱི་ཁ་ནས་འབབ་པ། ནུབ་རྨ་བྱའི་ཁ་ནས་འབབ་པ། བྱང་ཤང་ཤང་གི་ཁ་ནས་འབབ་པ། ཆུ་བོ་བཞི་འདོམ་ནས་དབུས་ཀྱི་ཕོ་བྲང་རྒྱ་མཚོ་ཆེན་པོ་ལས་འབབ་པ་ནི། གླང་པོ་ཆེའི་ཁ་ནས་འབབ་པ་དང་། གླང་པོ་ཆེའི་ཡ་རྐན་རྟ་མགྲིན། མ་རྐན་གསང་བའི་ཡུམ་བཞི། དེ་ཡབ་ཡུམ་ཐབས་དང་ཤེས་རབ་ལས། ལྷག་པའི་བྱང་སེམས་དཀར་ལྷུང་ལྷུང་བྱུང་བར་བསྒོམ་མོ། །དེ་ཡན་ཆད་ཕྲིན་ལས་ཀྱི་སྒྲུབ་པའོ། །བདུད་རྩི་ལས་རྒྱ་མཚོ་ལས། ཁྲོ་བོ་སྟོབས་པོ་ཆེ་བཏག་བཙག་བཙལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གནས་མཆོག་གསང་བ་མྲ །དཀྱིལ་འཁོར་ལྔ་པོ་རིམ་པར་བྲི། །དབུས་སུ་འཁོར་ལོ་རྩིབས་བརྒྱད་བྲི། །ཕྱི་རིམ་པདྨ་འདབ་མ་བརྒྱད། །དེའི་ཕྱིར་རིམ་རིན་པོ་ཆེ་ཟུར་བརྒྱད། །དེའི་ཕྱི་རིམ་ཀ་བ་མཆོག་བརྒྱད། །དེ་ཡི་ཕྱི་རིམ་མཎྜལ་བྲི། །གྲུ་ཆད་སྒོ་ཁྱམས་རྫོགས་པར་བྲི། །དར་གྱི་ཁང་བུ་ཀླུབས་པས་བརྒྱན། །མེ་ཏོག་ཕྲེང་བས་ཕྱོགས་བཞིར་བསྐོར། །བདུད་རྩིའི་ཕོ་བྲང་བཞེངས་སུ་གསོལ། །ཕྲིན་ལས་དབབ་རྣམས་རིམ་པར་བསྐུར། །བྱིན་ཆེན་དབང་ཅིང་ཡོན་ཏན་བརྗོད། །དགུ་པའི་སྔགས་ཀྱིས་གདབ་པ་ནི། །ཕྱི་ནང་གསང་བ་གསུམ་གྱི་སྔགས། །སརྦ་པ྅་ཨ་མྲི་ཏ་ཀུཎྜ་ལི་ཐ། །ས་ར་ནི་ས་ཡི་སྙིང་པོའི་དོན། །ཝ་ནི་ནམ་མཁའི་སྙིང་པོའི་དོན། །པཉ་ནི་སྒྲིབ་པ་རྣམ་པར་སེལ། །ཙ་ནི་བྱམས་པ་མི་ཏྲི་ཡིན། །ཨ་ནི་ཀུན་ཏུ་བཟང་པོའོ། །མྲི་ནི་འཇམ་དཔལ་གཞོན་ནུའོ། །ཏ་ནི་སྤྱན་རས་གཟིགས་དབང་ངོ་། །ཀུཎྜ་སངས་རྒྱས་ཀུན་ཏུ་བཟང་། །ལི་ནི་ཕྱག་ན་རྡོ་རྗེ་སྟེ། །ཐ་ནི་སྤྱན་རས་གཟིགས་དབང་ངོ་། །གཙོ་བོ་ཀུན་བཟང་རབ་ཏུ་གསུངས། །ཕྱི་ཡི་དགུ་པའི་སྔགས་ཞེས་བྱ། །ནང་དུ་འཇམ་དཔལ་གཤིན་རྗེ་གཤེད། །སྤྱན་རས་གཟིགས་དང་རྟ་མགྲིན་རྒྱལ། །ཕྱག་ན་རྡོ་རྗེ་བདུད་རྩི་འཁྱིལ། །ཀུན་ཏུ་བཟང་པོ་དབྱུག་པ་སྔོན། །ས་ཡི་སྙིང་པོ་རྣམ་པར་རྒྱལ། །སྒྲིབ་པ་རྣམ་སེལ་སྟོབས་པོ་ཆེ། །བྱམས་པ་མི་ཏྲི་མི་གཡོ་མགོན། །ནམ་མཁའི་སྙིང་པོ་ཊ་ཀི་རྭ་ཛ། །ཆེ་མཆོག་ཧེ་རུ་ཀ་དང་དགུའོ། །ནང་གི་དགུ་པ་ཞེས་དེ་ལ་བྱའོ། །གསང་བའི་དགུ་པ་ནི། སར་ནི་ས་ཡི་རང་བཞིན་ནོ། །ཝ་ནི་ཆུ་ཡི་རང་བཞིན་ནོ། །པཉ་ནི་རླུད་གི་རང་བཞིན་ནོ། །ཙ་ནི་མེ་ཡི་རང་བཞིན་ནོ། །ཨ་ནི་ནམ་མཁའི་རང་བཞིན་ནོ། །མྲི་བདུད་རྩི་ཆེན་པོ། །ཏ་དམ་ཚིག་ཆེན་པོ། །ཀུཎྜ་ལི་ནི་འཁྱིལ་པ། ཐ་ནི་སྲེག་དང་འཇོམས་པའོ། །གསང་བའི་སྔགས་ནི་རྣམ་པ་དགུ། །དགུ་པ་ཞེས་ནི་དེ་ལ་བྱ། །ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །བར་ཆད་མེད་པའི་འཕྲོ་འདུ་བཟླས། །དེ་ཡང་འཕྲོ་འདུ་བྱ་བའི་ཐབས་ནི། ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །རྒྱུ་ཡི་ཏིང་འཛིན་འབྲས་བུ་ལས། །དེ་ཉིད་བྱང་ཆུབ་སེམས་སུ་གྱུར། །འབྱུང་བ་ལྔ་ཡུམ་དཀྱིལ་འཁོར་དག །བྱང་ཆུབ་སེམས་ལས་རིམ་བཞིན་བསྐྱེད། །ཨེ་ཡ༷་ཁ༷་སུ༷་བྷ༷་ར༷། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཆོས་ཉིད་སྟོང་པའི་ནམ་མཁའ་ལས། །བྲག་ཆའི་ཚུལ་དུ་སྒྲ་འདི་འབྱུང་ངོ་། །མི་གནས་མི་རྟོག་བསམ་དང་བྲལ། །མ་ཆགས་བྲལ་བས་ཡུལ་ལས་འདས། །ཅིར་ཡང་མི་འབྱུརྗེ་ཅིར་མ་ཡིན། །རང་བཞིན་བརྗོད་དང་བྲལ་བའི་སྒྲ། །ཞེས་བྱུང་བས་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གསལ་ལོ། །དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་དོ། །ཡོངས་ལ་ཁྱབ་པ་ཉི་མའི་འོད། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །རྣམ་རྟོག་མུན་པ་སེལ་བར་སྣང་། །ཡིད་བཞིན་རིན་ཆེན་འབར་བའི་འོད། །ཅེས་སྒྲ་བྱུང་བས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་འོད་ཟེར་དུ་གསལ་བར་གྱུར་ཏོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་དོ། །ཨ་ནི་མ་ཆགས་ཡི་གེའི་མཛོད། །ཆོ་འཕྲུལ་རྟོག་པ་འབྱུང་བའི་སྒྲ། །ཉོན་མོངས་སྐྱོན་བྲལ་ཟླ་བའི་མདོག །ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ། །ཞེས་སྒྲ་བྱུང་བས་ཆོས་ཐམས་ཅད་ཆོ་འཕྲུལ་གྱི་རང་བཞིན་དུ་གནས་པར་གྱུར་ཏོ། །དེ་ནས་ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་དོ། །ཨ་ནི་ཨེ་ཡི་རང་བཞིན་ཏེ། །ཨ་ལས་ཨེ་བྱུང་མཁའ་ཁྱབ་ལ། །མི་འགྱུར་ཐོགས་མེད་ནམ་མཁའི་དབྱིངས། །མཐའ་དབུས་མེད་པར་ཀུན་ཏུ་གདལ། །ཞེས་བྱུང་བས་ནམ་མཁའ་ཀུན་ཏུ་བཟང་མོའི་རང་བཞིན་དུ་གསལ་ལོ། །དེ་ནས་རླུད་དམ་ཚིག་སྒྲོལ་མའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་དོ། །ཨ་ཡི་ཡེ་ཤེས་བྱིན་བརླབས་ལས། །རླུང་གི་སྙིང་པོ་ཡ༷་དུ་ཤར། །ཐམས་ཅད་བདེ་བའི་སྟོབས་དང་ལྡན། །རང་བཞིན་གཡོ་ཞིང་ཐོགས་མེད་འཕྱོ། །ཞེས་བྱུང་བས་རླུད་གི་དཀྱིལ་འཁོར་དུ་གསལ་བར་གྱུར་ཏོ། །དེ་ནས་ཡུམ་བཱ་མ་ཀིའི་བྱིན་བརླབས་ལས་སྒྲ་འདི་འབྱུང་ངོ་། །རྒྱུ་ཡི་སྙིང་པོའི་འོད་ཟེར་ལས། །ཆུ་ཡི་སྙིང་པོ་འོད་ཟེར་ཤར། །ནམ་མཁའི་མཐའ་ལྟར་མཉམ་པའོ། །ཆུ་ཡི་རྒྱ་མཚོ་ཐམས་ཅད་རྒྱས་པར་གྱུར། །ཞེས་སྒྲ་བྱུང་བས་ཐམས་ཅད་བཱ་མ་ཀིའི་བྱིན་བརླབས་ལས་སྒྲ་འདི་འབྱུང་ངོ་། །དེ་ནས་ཡང་རྡོ་རྗེ་འབར་བ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྒྲ་འདི་འབྱུང་ངོ་། །མི་དམིགས་པ་ལས་སྣ་ཚོགས་པར། །སྣང་བའི་ཆོ་འཕྲུལ་འདི་བྱུང་བས། །རྣལ་འབྱོར་ས་བཅུ་རྫོགས་པའི་དོན། །ལྷུན་གྱིས་གྲུབ་པས་བདེ་བ་ཆེ། །ཞེས་སྒྲ་བྱུང་བས་ས་བཅུ་རིམ་གྱིས་འདུལ་བའི་བྱེ་བྲག་ཐུགས་སུ་ཆུད་པར་གྱུར་ཏོ། །དེ་ནས་རྡོ་རྗེ་འབར་བ་རི་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་དོ། །རྣམ་རྟོག་ཤེས་རབ་མཁའ་ཀློང་ནས། །རྡོ་རྗེ་འབར་བའི་རི་བོ་ཤར། །རྒྱ་ཆེ་གཏིང་ཟབ་གནམ་འཕང་གཅོད། །རྟོག་པའི་རི་བོ་འཇོམས་པར་བྱེད། །ཅེས་སྒྲ་བྱུང་བས་རྡོ་རྗེའི་རི་བོས་ཉོན་མོངས་ཐམས་ཅད་འཇོམས་པར་བྱེད་དོ། །དེ་ནས་གཞལ་ཡས་ཁང་ཡུམ་གྱི་མཁར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྷ་ག་གསང་བའི་འོད་ཟེར་ལས། །བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས། །ཞེས་བརྗོད་པས་གཞལ་ཡས་ཁང་དཔག་ཏུ་མེད་པར་བསམ་མོ། །དེ་ནས་མེ་འབར་བས་བསྲེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཨ་ཡི་བྱིན་བརླབས་ཡེ་ཤེས་ལས། །ཆོ་འཕྲུལ་མེ་ཡི་སྙིང་པོ་ཤར། །འབར་བ་གསལ་བྱེད་ཡེ་ཤེས་འཕྲོ། །དངོས་པོ་ཀུན་ཟད་མེ་ཀློང་ཚུལ། །ཞེས་བརྗོད་པས། གཞལ་ཡས་ཁང་ཕྱི་ནང་གི་མཚན་མའི་རྟོག་པཐམས་ཅད་མེ་རི་འབར་བས་བསྲེག་པར་བསམ་མོ། །དེའི་ནང་དུ་ཆེ་མཆོག་གི་སྐུ་བསྐྱེད་པ་འདི་སྐད་དོ། །ཨེ་མ་ཧོ། །ཆོས་ཀུན་ཐམས་ཅད་སྐུ་ལ་རྫོགས་པས་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཆོས་ཉིད་མཁའ་ལ་སྐར་ཚོགས་རྒྱས་པའི་སྐུ། །དབྱར་གྱི་ཆར་སྤྲིན་ལྟ་བུར་གཏིབས་པའི་སྐུ། །ཆུ་བརླབས་ལྟ་བུར་བརྗིད་པའི་ཞལ་གདངས་ཤིང་། །ཉི་མ་འབུམ་གྱི་འོད་ཟེར་བརྡལབབཞིན། །ཐེགཆེན་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་རྫོགས་པའི་སྐུ། །ཆོས་སྐུ་ལྷུན་གྲུབ་ཆོས་སྐུ་རང་རྟོགས་འབར། །དབུ་སྐྲ་ཁམ་ནག་རལ་པའི་ཅོད་པན་ཅན། །ཀླུ་རྒྱལ་འབུམ་གྱི་བཀླུབས་ཤིང་མཆོད་པ་འབུལ། །རྡོ་རྗེ་གསུང་གི་སྔགས་སྒྲ་བརྡབ་པས་ཀྱང་། །ཧཱུཾ༷་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྟོན། །ཐེག་ཆེན་དོན་དང་གསང་སྔགས་སྒྲོགས་པའི་ཚིག །འབར་བའི་སྨིན་མ་མུན་རུམ་གློག་ལྟར་འགྱུ། །སྤྱན་དམར་བཟློག་པའི་སྡང་མིག་ཉི་ལྟར་འབར། །འབར་བའི་ཀློང་ནས་བསྐལ་པའི་འཅོས་ནག་འཁྱིལ། །ཧཱུཾ༷་དང་ཕཊ་ཀྱི་སྒྲ་སྐད་འཇིགས་པར་སྒྲོགས། །རྡོ་རྗེ་ཐོག་དང་གནམ་ལྕགས་སེར་བ་འབེབས། །རྣོ་དབལ་མཆེ་བ་ཟང་ཡག་གཙིགས་པ་ཡིས། །ཉོན་མོངས་ལོག་པར་བལྟ་བའི་ཚོགས་ལ་རྔམས་ཤིང་འཁྲུགས། །ཐོད་རུས་ཤ་ཁྲག་རྐང་རུས་བྲུལ་དང་རྣག །ཟ་བྱེད་རྔམས་པའི་ཞལ་དུ་ཆེམ་ཆེམ་གསོལ། །སྦྲུལ་གདུག་ཀོ་རློན་ལ་སོགས་འཇིགས་པའི་རྒྱན། །རྔམས་པའི་སྐུ་ལ་ཤིན་ཏུ་བརྗིད་པར་བརྒྱན། །ཟ་བྱེད་རྔམས་དང་འཇིགས་བྱེད་མང་པོའི་ཚོགས། །འབར་བའི་ཕྱག་མཚན་སྤྲུལ་པའི་ཕོ་ཉ་མཛད། །འཁོར་བ་ཀུན་དང་ཐར་པའི་ཆོས་རྣམསོནི། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་ཅིང་རོལ། །ཕྱི་ནང་སྣོད་བཅུད་སྐུ་ལ་རྫོགས་པས་ན། །འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་ལོ། །ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་ར་ས་སིརྙི་མ་ཧྭ་སུ་ཁརྟ་ད་ཡ་པ་ར་བི་དྷ་ན་ཨུ་ཀྲ་མ་ཎ་ཧྲི་ཐུ། ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་མྲི་ཏ་ར་སྭ་ཡ་ན་ཏ་ན་ཙྭ་ཧྭ༷་དྷི༷༷ཐ། ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་བཛྲ་ས་ཏྭ་ཧུ༷་ཧི༷༷ཐ། ཨོ༷་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་ཏ་ཡ་སྙི་ཝ་ཧི༷༷། བྷརྙ་བྷརྙ་ཧཱུཾ༷་དྷི༷༷ཐ། ཨོ༷་ཨུཿཧཱུཾ༷་སརྦ་པ྅་ཨ་མྲི་ཏ་ཀ་མ་ལ་ཀུཎྜ་ལི་སིརྙི་སིརྙི་ཧཱུཾ༷་སྙི༷༷ཐ། ཨོ་ཨུ༷༷ཧཱུཾ༷་སརྦ་པ྅ཨམྲིཏམལྡིཤི༷༷བྱབལོཀི་ཏེ་ཧཱུཾ༷་སྐྱི༷༷ཐ། ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་གྲོ་ཏ་ཤི་བྷ་ག་ལྷུན་ཧཱུཾ༷་ཧ་ཧོ། ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་ར་ས་སིརྙི་མ་ཧྭ་སུ་ཁརྟ་ད་ཡ༷་ཕ་ར་བི་དྷན་ཨུ་ཀྲ་མ་ཎ་སྙི༷༷ཐ། ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ནི་ཐམས་ཅད་བདུད་རྩི་མ་གྱུར་བ་མེད་པའོ། །ར་སྭ་ཡ་ན་ནི་ཕྱིར་སྭ་ཡ་ན་རིགས་ལྔ་ཡབ་ཡུམ་སངས་རྒྱས། ནང་ར་སྭ་ཡ་ན་ནི་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས། དེ་གཉིས་ཀྱིས་བསྐྱེད་པའི་ཁམས་དང་། སྐྱེ་མཆེད་སེམས་དཔའ་དང་། སེམས་མ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས། དེ་ལྟ་བུའི་དེ་ན་རིག་ཅིང་རྟོགས་དཀའ་བས་ན། ར་སྭ་ཡ་ན་ཏ་ན་ཛ་ཡ། ཧཱུཾ༷་ནི་བདུད་རྩིར་མ་གྱུར་པ་མེད་པའོ། །དྷི༷༷ནི་རྟ་མགྲིན། ཐ་ནི་འདི་ལྟར་སྣང་བ་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་མ་གྱུར་པ་མེད་པའོ། །ཡང་ན་འཁོར་བ་སྟོངས་པའོ། །ཨོ་ནི་སྐུ། ཨུ༷༷་ནི་གསུང་། ཧཱུཾ༷་ནི་ཐུགས། ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་ཀུཎྜ་ལི་ན་ཐམས་ཅད་བདག་ལ་འཁྱིལ་པའོ། །བདག་ཐམས་ཅད་ལ་འཁྱིལ་པ་ནི། སྤྲོས་པ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས་། རང་རིག་པའི་ཡེ་ཤེས་རྡོ་རྗེ་དང་འདྲ་བའམ། རང་བྱུང་གི་ཡེ་ཤེས་ནམ་མཁའ་དང་འདྲ་བ་སྟེ། །ལྷངས་ཀྱིས་རྟོགས་པ་དེ་ཐམས་ཅད་ལ་འཁྱིལ་པའོ། །ཐམས་ཅད་བདག་ལ་འཁྱིལ་པའོ། །ཕྱི་འབྱུང་བ་ལྔར་སངས་རྒྱས། །ནང་ལྷ་དང་ལྷ་མོ་སེམས་དཔའ་དང་སེམས་མར་སངས་རྒྱས་སོ། །དེ་ཁོ་ན་ཐམས་ཅད་བདག་ལ་འཁྱིལ་པའོ། །ཨོ་ཨུཿཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ཧ་ཡ་རྒི་ཝ་སྙི༷༷། པདྨ་པདྨ་སྙི༷༷། ཧུ་ལུ་ཧུ་ལུ་སྙི༷༷། བྷརྙ་བྷརྙ་ཧི༷༷། ཧུ༷་སྙི༷༷ཐ། ཧི༷༷ནི་འདི་ལྟར་སྣང་བ་ཐམས་ཅད། རྟ་མགྲིན་དུ་མ་གྱུར་པ་གང་ཡང་མེད་པའོ། ཁུ་ལུ་ནི་བདུད་དང་སྲིན་པོ་དང་གནོད་སྤྱིན་ལ་སོགས་པ་མ་བཏང་ཞིག་པའོ། །བྷརྙ་ནི་མགོ་ནས་ཆོམས་ཤིག་པའོ། །ཧཱུཾ༷་རང་བྱུང་གི་བྱང་ཆུབ་སེམས་དེ་ཁོ་ན་ལྷངས་ཀྱིས་རྟོགས་པའོ། །ཐ་ནི་ཐམས་ཅད་བདུད་རྩིར་མ་གྱུར་བ་མེད་པའོ། །ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་བཛྲ་སཏྭ་ཧཱུཾ༷་ཧི༷༷ཐ་ནི་འདི་ལྟར་སྣང་བ་ཐམས་ཅད་རྡོ་རྗེ་སེམས་དཔར་མ་གྱུར་པ་གང་ཡང་མེད་པའོ། །ཨོ་ཨུཿཧཱུཾ༷་སརྦ་པརྩི་ཨ་ཕྲི་ཏ་ཀ་མ་ལ་ཀུཎྜ་ལི་སིརྙི་སིརྙི་ཧཱུཾ༷་ཧེ༷༷ཐ་ནི་དཀྱིལ་འཁོར་ཡང་ཡིན་ལ་ཡུལ་ཡང་ཡིན་པའི་དངོས་གྲུབ་པའོ། །ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་མསྣྲུ་ཤི་བྱུ་བ་ལོ་ཀི་ཏེ་ཧཱུཾ༷་སྣྲི༷༷ཐ་ནི་འཇམ་དཔལ་ཏེ་འདི་ལྟར་སྣང་བ་ཐམས་ཅད་བདུད་རྩི་རྣམ་པ་ལྔར་མ་གྱུར་པ་གང་ཡང་མེད་པའོ། །ལས་དེ་ཁྱོད་ལ་གཏད་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་མཛོད་ཅིག་པའོ། །ཨོ་ཨུཿཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ཤི་བྷ་ག་ལྭན་ཧཱུཾ༷་ཨ་ཧོ་ནི་ཆོས་ཉིད་བྱང་ཆུབ་སེམས་ཨའི་རང་བཞིན་དུ་མ་གྱུར་པ་མེད་པའོ། །ཞེས་འདས་པའི་སངས་རྒྱས་ཞལ་བདུན་ནས་ཀྱང་སྔགས་བདུན་བཟླས་སོ། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཞལ་བདུན་ནས་ཀྱང་སྔགས་གོང་མ་བདུན་བཟླས་སོ། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱི་ཞལ་བདུན་ནས་ཀྱང་སྔགས་གོང་མ་བདུན་བཟླས་སོ། །ཆེ་མཆོག་ཧེ་རུ་ཀ་ནི་དུས་གསུམ་གྱི་སངས་རྒྱས་ཡིན་ནོ། །འདས་པ་བདུན། ད་ལྟར་བདུན། སླད་ཀྱིས་འབྱོན་པའི་སངས་རྒྱས་བདུན་ནོ། །དབུ་ཉི་ཤུ་རྩ་གཅིག་གི་ཞལ་ནས་སྔགས་བདུན་བཟླས་པས། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད། ཁྲོ་བོ་བཅུ། གོ་རྡི་མ་བརྒྱད། ཕྲ་མེན་མ་བརྒྱད་ཀྱི་གསང་སྔགས་མང་པོའི་སྐྱོན་རྣམས་ནི་འབྲས་བུ་བསྒྲུབ་ཐག་རིང་བར་འགྱུར་བས། འབྲུ་དགུ་པའི་གསང་སྔགས་ཞིག་ཞུ་ཞེས་ཆོས་འཁོར་ལན་བཅུ་གསུམ་དུ་བསྐོར་ཏེ་ཞུས་པ་འདི་སྐད་དོ། །ནམ་མཁའི་དོན་གྱི་གླེགས་བམ་ལ། །སྐར་ཚོགས་རིག་པའི་ཡི་གེ་བྲིས། །འབྱུང་ཆེན་ཞི་ཡི་སྒྲ་བསྒྲགས་ནས། །གསངས་སྔགས་མཆོད་པ་རྒྱུན་མི་འཆད། །གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར། །སྟོང་གསུམ་བྷརྙ་བཟང་ཀོང་དུ། །སྲིད་གསུམ་སེམས་ཅན་དུག་ཆེན་ལ། །དུས་གསུམ་རྒྱལ་བའི་རྩི་སྦྱར་བས། །བདུད་རྩིའི་མཆོད་པ་རྒྱུན་མི་འཆད། །བདུད་རྩི་ཆོས་ཀྱི་འཁོར་ལོ་བསྐོར། །འཁོར་བ་རྒྱ་མཚོའི་སྤྱོད་པ་ལ། །མཆོད་པ་རྒྱ་མཚོའི་གཏེར་ཡིན་ཏེ། །སྲིད་པའི་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་ཀྱང་མཆོད་པ་རྒྱུན་མི་འཆད། །བཟླས་བརྗོད་ཆོས་ཀྱི་འཁོར་ལོ་བསྐོར། །འཁོར་བ་ཤེས་རབ་ཡུམ་ཉིད་ལ། །སྙིང་རྗེ་ཐབས་ཀྱི་རྒྱལ་པོ་ཡིས། །འདུ་འབྲལ་མེད་པར་རབ་སྦྱར་ན། །ཐམས་ཅད་རྒྱལ་བའི་རྫས་སུ་བསྐྱེད། །རྣལ་འབྱོར་པ་ཡིས་མཆོད་པ་རྒྱུན་མི་འཆད། །རྣལ་འབྱོར་པ་ཡིས་ཆོས་ཀྱི་འཁོར་ལོ་བསྐོར། །འཁོར་བ་བསྒྲལབའི་ཞིང་འདི་དག །ཡེ་ཤེས་འབར་བའི་མཚོན་ཆེན་གྱིས། །རང་བཞིན་མེད་པར་བསྒྲལ་བྱས་ནས། །མཉམ་ཉིད་ཆོས་སྐུ་ཆེན་པོར་སྟོན། །སྒྲོལ་བའི་མཆོད་པ་རྒྱུན་མི་འཆད། །སྒྲོལ་བ་ཆོས་ཀྱི་འཁོར་ལོ་བསྐོར། །འདོད་ཁམས་རྨང་གི་རི་རབ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་བརྟན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་མཆོད་རྟེན་རྒྱུན་མི་འཆད། །སྐུ་གདུང་ཆོས་ཀྱི་འཁོར་ལོ་བསྐོར། །འཇུག་པའི་ཡན་ལག་རྨང་གཞིའི་རྟེན། །འཁོར་ལོ་ཚོགས་ཆེན་ཁྲི་འབང་རྟེན། །ཡན་ལག་དང་པོ་བུམ་རྟེན་བཅས། །ལྕང་ལོ་ཅོད་པན་ཕྲེང་བས་བརྒྱན། །སྐུ་གདུང་ཆོས་ཀྱི་འཁོར་ལོ་བསྐོར། །གཙང་མའི་རྒྱུ་ལས་བྱས་པ་ཡིས། །ཡིད་འོང་རྣམ་པ་མཆོད་པ་ལ། །རྐྱེན་གྱི་རྣལ་འབྱོར་སྣ་ཚོགས་ཀྱིས། །བརྒྱན་ཏེ་བསྒྲུབ་པའི་སྤྲིན་ཕུང་རྣམས། །མཉེས་པ་བསྐང་ཕྱིར་སྐུ་ལ་འབུལ། །སྲི་ཞུའི་མཆོད་པ་རྒྱུན་མི་འཆད། །སྲི་ཞུའི་ཆོས་ཀྱི་འཁོར་ལོ་བསྐོར། །ཕྱི་འཁོར་སྐྱོང་བའི་མགོན་པོ་ལ། །འདོད་ཡོན་ལྔ་ལ་སོགས་པ་ཡི། །ཡིད་བཞིན་ཡོ་བྱད་རྐྱེན་དག་བཅས། །ཡོན་ཏན་ཆ་ལ་སྨོན་ལམ་མཆོད། །མཉེས་ནས་སྐོང་བའི་སྟབས་སུ་འགྱུར། །ཡོན་ཏན་མཆོད་པ་རྒྱུན་མི་འཆད། །ཡོན་ཏན་ཆོས་ཀྱི་འཁོར་ལོ་བསྐོར། །ཁམས་གསུམ་སྙིང་རྗེའི་གནས་དག་ན། །ཡོ་བྱད་སྦྱིན་སོགས་ཆེན་པོ་ལས། །འདོད་པའི་བསམ་པ་རབ་སྦྱར་ན། །དགུ་པ་བསྟན་པས་སྟོབས་སུ་འགྱུར། །སྙིང་རྗེའི་མཆོད་པ་རྒྱུན་མི་འཆད། །རྙིང་རྗེ་ཆོས་ཀྱི་འཁོར་ལོ་བསྐོར། །གེགས་སུ་གྱུར་པའི་བགེགས་རིགས་ལ། །མཉམ་པའི་དོན་གྱིས་སུན་མི་དབྱུང་། །དམིགས་ཀྱི་ཁ་ཟས་སྣ་ཚོགས་པས། །བགེགས་རྣམས་མགུ་ནས་ཐམས་ཅད་ཀྱང་། །ལན་ཆགས་ཐལ་བའི་འཁོར་ལོ་བསྐོར། །དེས་འཁོར་གྱི་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་། ཁྲོ་བོ་དང་ཁྲོ་མོས་གསང་སྔགས་ཟབ་མོ་ཐམས་ཅད་ཀྱི་བདུད་རྩི་ལྔའི་ཡང་སྙིང་། ལུང་བདག་ལ་བསྟན་དུ་གསོལ། །བདེ་བར་གཤེགས་པས་ལུང་བདག་ལ་བསྟན་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། །ཆེ་མཆོག་ཧེ་རུས་བཀའ་སྩལ་པ། དུས་གསུམ་གྱི་སངས་རྒྱས་དང་། ངའི་འཁོར་སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་ཁྲོ་མོ་དང་། དྲི་ཟ་དང་། དྲང་སྲོང་དང་། གཤིན་རྗེ་དང་། སྲིན་པོ་དང་། ཀླུ་དང་། རླུད་ལྷ་དང་། གནོད་སྤྱིན་དང་། འབྱུང་པོ་དང་། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཉོན་ཅིག །ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ཀུཎྜལི་སྙི༷༷ཐ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཡང་སྙིང་ཡིན། སྨན་ཐམས་ཅད་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། སྙིང་པོ་དང་། ཤུན་ལྤགས་དང་། ཐང་ཆུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། དགུ་པོ་འདི་ལ་ཡི་གེ་འབྲུ་དགུས་སྦྱང་ངོ་། །དེ་ལ་ཡང་སྦྱང་ལུགས་རྣམ་པ་གསུམ་སྟེ། རྒྱུ་ནས་སྦྱང་བ་དང་། རྐྱེན་གྱིས་སྦྱང་བ་དང་། འབྲས་བུ་ནས་སྦྱང་བའོ། །དེ་ལ་རྒྱུ་ནས་སྦྱང་བ་ནི་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོའི་ཞབས་ཀྱི་གདན་ཁྲི་ཡན་ཆད་ནས་དབུའི་གཙུག་ཏོར་མན་ཆད་དུ་རྫོགས་པར་མཐོང་ངོ། །ནམ་མཁའ་སྟོང་པ་ནི་དབུའི་གཙུག་གཏོར་དགེ་བ་བཅུ། དེ་ཡང་འཁོར་བ་འདོད་པའི་ཁམས་ན་ཆགས་པ་ཁྲག་གི་རྒྱ་མཚོར་རྫོགས། འཁོར་བ་གཟུགས་ཁམས་ཞིང་ཆེན་ས་གཞི་བརྟན་པར་རྫོགས་པར་མཐོང་ངོ་། །ཀེང་རུས་ལ་གཟུགས་མེད་པའི་ཁམས་རྫོགས་པར་མཐོང་ངོ་། །རི་རབ་ཀྱི་ཁ་མུ་ཏིག་གི་བཅལ་དང་། །ཨསྨ་གསྙེ་དང་། ནོར་བུ་རིན་པོ་ཆེ་འབར་བ་ནི་། ཉན་ཐོས་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སྐུ་ལ་རྫོགས་པར་མཐོང་ངོ་། །ནོར་བུ་རིན་པོ་ཆེའི་སྟེང་ན་རྡོ་རྗེ་རྩེ་གསུམ་དང་། རྩེ་ལྔ་དང་། རྡོ་རྗེའི་བྲག་གཏམས་པ་ནི། ཀྲི་ཡ་དང་། ཨུ་པ་ཡ་དང་། ཡོ་ག་རྣམས་རྫོགས་པར་མཐོང་ངོ་། །རྡོ་རྗེ་བྲག་ཆེན་གྱི་སྟེང་ན་པདྨ་ཁ་དོག་དམར་པོར་གནས་པ་ནི། མ་ཧྭ་ཡོ་ག་རྫོགས་པར་མཐོང་ངོ་། །པདྨའི་སྟེང་ན་ཉི་མ་ཉི་ཤུ་རྩ་བཞི་དང་། ཟླ་བ་ཉི་ཤུ་རྩ་བཞི་ཁ་སྦྱར་དུ་བཀོད་པ་ལ། དབང་ཕྱུག་ཕོ་ཉི་༄༅། ཁུ་རྩ་བཞི་དང་། མོ་ཉི་ཤུ་རྩ་བཞི་རྫོགས་པར་མཐོང་ངོ་། །དབང་ཕྱུག་ཕོ་མོའི་སྟེང་ན་བྱོལ་སོང་གི་གཙོ་ཆེན་པོ་བརྒྱད་ལ། དཔའ་བརྟུལ་སྟག་དང་མི་འཇིགས་སེང་གེ་དང་གདུག་པ་གཟིག་དང་། གཏུམ་པ་དོམ་དང་། སྟོབས་གླང་པོ་ཆེ་དང་། བརྗིད་པའི་མ་ཧེ་དང་། འཛིན་པའི་ཆུ་སྲིན་དང་། ཞེ་སྡང་སྦྲུལ་རྣམས་ནི་རིག་འཛིན་རྣམས་ཉོན་མོངས་དང་། །ཞེས་བྱའི་སྒྲིབ་པ་སྦྱང་བའི་ཕྱིར། རིག་འཛིན་རྣམས་ཡོངས་སུ་རྫོགས་པར་མཐོང་ངོ་། །གཞལ་ཡས་ཁང་ཆེན་པོ་ནམ་མཁའི་རིག་འཛིན་དུ་ཕྱོགས་ཆད་པར་གྱུར་པ་ནི། །ཡུམ་ཀུན་ཏུ་བཟང་མོར་རྫོགས་པར་མཐོང་ངོ་། །མེ་དཔུང་ཆེན་པོ་དགུ་ཡོངས་སུ་འབར་བ། ཡེ་ཤེས་དགུ་ཡོངས་སུ་རྫོགས་པར་མཐོང་ངོ་། །ཞབས་བརྒྱད་ལ་གསང་བའི་ཡུམ་བཞི་དང་། སྒོ་མ་བཞི་ཡོངས་སུ་རྫོགས་པར་མཐོང་ངོ་། །དུར་ཁྲོད་བཅོ་བརྒྱད་ནི་མ་མོ་བཅོ་བརྒྱད་རྫོགས་པར་མཐོང་ངོ་། །ཕྱག་བཞི་བཅུ་རྩ་གཉིས་ནི་ཕྲ་མེན་མ་བཅུ་དབྱུག་པར་འཕྱར་བའི་ལག་ན། ཁྱུང་བཅུ་འབར་བའི་ཁ་ནས་མཚོན་ཆ་སྣ་ཚོགས་འཕྲོ་བ་ཕྲ་ཐབས་བཅུ་དབྱུག་པར་འཕྱར་བའི་ལག་ན། སེང་གེ་ཁ་གླལ་བའི་ཁ་ནས་རལ་གྲི་བརྒྱད་འཕྲོ་བ།སྒྲོལ་བྱེད་ཆེན་པོའི་ལག་ནས་སྟག་མཆེ་བ་གཙིགས་པའི་ཁ་ནས་རྡོ་རྗེ་སྣ་ཚོགས་འཕྲོ་བ། སྒྲོལ་གིང་མོ་དགུའི་ཁ་ནས་མི་མགོ་བརྒྱད་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བཏགས་ནས་གླད་ལ་བསྐོར་བ། ཁྲོ་བོ་བཞིའི་ལག་ནས་མེད་དཔུང་ཆེན་པོས་ཐུ་ལུམ་དུ་བསྲེགས་པ། ཕྱག་བཞི་བཅུ་རྩ་གཉིས་སུ་གསལ་ལོ། །ཞལ་ཉི་ཤུ་རྩ་གཅིག་ནི་སངས་རྒྱས་བཞི་བཅུ་རྩ་གཅིག་ཏུ་གསལ་ལོ། །དབུ་ཉི་ཤུ་རྩ་གཅིག་གཡས་ཀྱི་དབུ་བདུན་གྱི་སྤྱི་གཙུག་ནི་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བའི་དབུ་ལ་འཁོར་ལོ་རེ་རེ་འོད་ཟེར་དང་བཅས་པར་འབར་བ། དབུས་ཀྱི་དབུ་བདུན་ལ་དབུ་རྒྱན་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བ་ལ། རིན་པོ་ཆེའི་མཆོད་རྟེན་རེ་རེ་གསལ་ལོ། །གཡོན་པའི་དབུ་བདུན་ལས་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བ་ལ། ནོར་བུ་རིན་པོ་ཆེ་བདུན་གསལ་བ། འཁོར་ལོ་དང་མཆོད་རྟེན་དང་། རིན་པོ་ཆེ་དེ་དག་གི་ལྟེ་བ་དང་། རྩེ་མོ་ལས་རྒྱལ་མཚན་ཆེན་པོ་བཅུ་འབར་བ་ནི། རྒྱལ་བྱེད་ལྕགས་ཀྱི་རྒྱལ་མཚན་དང་། གདུལ་བྱ་ཤ་བའི་རྒྱལ་མཚན་དང་། གཅན་གཟན་གཟིག་གི་རྒྱལ་མཚན་དང་། །སྤྲུལ་པ་རྡོ་རྗེའི་རྒྱལ་མཚན་དང་། རིན་པོ་ཆེ་སྦྲུལ་ནག་གི་རྒྱལ་མཚན་དང་། དཔའ་བོ་སྟག་གི་རྒྱལ་མཚན་དང་། གཟི་མདངས་མིའི་རྒྱལ་མཚན་དང་། དམར་གསལ་ཁྲག་གི་རྒྱལ་མཚན་དང་། རྩལ་ཆེན་སེང་གེའི་རྒྱལ་མཚན་དང་། ག་་པ་དོམ་གྱི་རྒྱལ་མཚན་ཏེ་དེ་རྣམས་ཀྱི་རྩེ་མོ་གཅིག་ཏུ་འདུས་ཏེ། གསེར་གྱི་ཏོག་སྟོང་གཅིག་ཏུ་འབར་བའོ། །དབུ་ཉི་ཤུ་རྩ་གཅིག་དང་། རྒྱལ་མཚན་ཆེན་པོ་བཅུ་དང་། དབུ་ཡི་གཙུག་ཏོར་རྒྱལ་མཚནགྱིཏོགསྟོངནི། རྫོགས་པ་ཆེན་པོའི་རྣལ་འབྱོར་ཉིད་དུ་གསལ་བར་མཐོང་ངོ་། །སྤྱན་༄༅ འབར་བ་དྲུག་ཅུ་རྩ་བཞི་ནི། ཁྲག་འཐུང་དྲུག་ཅུར་གསལ་ལོ། །ལྗགས་ཀྱི་དབང་པོ་ལ་ས་ནུ་ཧེ་རུ་ཀ་ཡབ་ཡུམ་བསྒོམ། །ཆེ་མཆོག་ཐུགས་ནས་སྡུ༷་ལས་གཞལ་ཡས་ཁང་། ནང་བྷནྟྲ་འབར་བའི་གཞལ་ཡས་ཁང་། གནམ་ས་གཉིས་ཀྱི་གཞལ་ཡས་སུ་བདུད་རྩིས་ཁེངས་པ། བདུད་རྩིའི་རྒྱ་མཚོ་ཆེན་པོ་ཆུ་བྲན་བཞི་འབབ་པ། བདུད་རྩིའི་ཆུ་བྲན་བཞི་ནི་གཟུངསི་ཐག་བཞི་ཡིན། བཞི་གཅིག་ཏུ་འདུས་པ་གླང་པོ་ཆེའི་ཁ་ནས་འབབ་པ། གླང་པོ་ཆེའི་ཡ་རྐན་ལ་རྟ་མགྲིན། མ་རྐན་གསང་བའི་ཡུམ་བཞི། ཡབ་ཡུམ་ཐབས་དང་ཤེས་རབ་ལས་བྱང་ཆུབ་སེམས་དཀར་མེ་རེ་འབབ་པ་ལས། བདུད་རྩི་ཤར་སེང་གེའི་ཁ་ནས་འབབ་པལྷོ་རྟ་སྔོན་གྱི་ཁ་ནས་འབབ་པ། ནུབ་རྨ་བྱའི་ཁ་ནས་འབབ་པ། བྱང་ཤང་ཤང་ཏེའུའི་ཁ་ནས་འབབ་པ། སེམས་ཅན་དེ་ལྔའི་ཁ་ནས་རིགས་ཀྱི་ཡུམ་ལྔ། དེ་ལ་དབུས་ཀྱི་གནམ་ཞལ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཞི་དང་ལྡན་པར་བསྒོམ་མོ། །ཆེ་མཆོག་གི་ཞབས་བརྒྱད་ཀྱིས་ཁྲོ་མོའི་དབུ་བརྒྱད་མནན་པ། དབུས་ཀྱི་གནམ་གཞལ་གྱེན་དུ་བལྷས་པའི་ཞལ་ན། ཆེ་མཆོག་གསང་བའི་རྡོ་རྗེ་ཕྱེད་ནུབ་པར་བསྒོམ་མོ། །ཁྲོ་མོ་གནམ་ཞལ་གྱི་ཞབས་བཞིས་རིགས་བཞི་ཧེ་རུ་ཀ་བཞིའི་ཕྲག་དོག་ནས་མནན་པ། གནམ་ཞལ་གྱི་གསང་བའི་བྷ་གར་དབུས་བཛྲ་ཧེ་རུ་ཀ་ཡི་སྨིན་མཚམས་ཡན་ཆད་ནུབ་པར་བསྒོམ་མོ། །ཆེ་མཆོག་གི་ལྷག་པའི་བྱང་ཆུབ་སེམས་ནི་ཁྲོ་མོ་གནམ་ཞལ་མ་ལ་ཐིམ། གནམ་ཞལ་གྱི་བྱང་ཆུབ་སེམས་བཛྲ་ཧེ་རུ་ཀའི་དབུ་ལ་ཐིམ། དེའི་བྱང་སེམས་རིགས་བཞི་ཧེ་རུ་ཀ་ལ་ཐིམ། རིགས་བཞིའི་བྱང་སེམས་ནི་ཡུམ་ལ་ཐིམཡུམ་བཞིའི་བྱང་སེམས་ནི་སེམས་ཅན་བཞིའི་ཁ་ནས་ཆུ་འབབ་པ་ལ་ཐིམ། ཆུ་བོ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིར་གྱུར་ཏོ། །དེ་ནི་རྒྱུ་ནས་སྦྱང་བའོ། །རྐྱེན་གྱིས་སྦྱར་བ་ནི་སྔགས་དང་ཕྱག་རྒྱས་སྦྱང་སྟེ། ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་སྐྲོ་ཏ་ཀུཎྜ་ལི་སྙི༷༷ཐ། ཨོ་ནི་འདས་པའི་སངས་རྒྱས་ཏེ། །ཨོ་ལས་ཡེ་ཤེས་འོད་བྱུང་ཞིང་། །ཨོ་གྱི་མེས་བསྲེག་ཐལ་བར་བརླག །ད་ལྟར་བཞུགས་པ་རྣམས་ཀྱིས་གསུང་། །ཧཱུཾ༷་ནི་བདུད་རྩི་རྣམ་པར་དག །སླད་ཀྱི་འབྱོན་པའི་སངས་རྒྱས་ཡིན། །སར་ནི་ས་ཡི་སྙིང་པོ་ཡིན། །ཟད་པ་མེད་པ་བདུད་རྩིའི་མཆོག །པ་ནི་ནམ་མཁའི་སྙིང་པོ་ཡིན། །ཐམས་ཅད་བདུདརྩི་ཆེན་པོར་བསྟན། །པཉ་ནི་སྒྲིབ་པ་རྣམ་པ་སེལ། །བདུད་རྩི་རྣམ་ལྔ་མངོན་སངས་རྒྱས། །ཙ་ནི་བྱམས་པ་མི་ཏྲི་ཡིན། །བདུད་རྩིའི་ལས་ནི་བག་ཆགས་སྲེག །ཨ་ནི་ཀུན་ཏུ་བཟང་པོ་སྟེ། །བདུད་རྩིའི་དོན་ནི་སྐྱེ་ཤི་མེད། །མྲི་ནི་འཇམ་དཔལ་གཤོན་ནུ་སྟེ། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང་། །ཏ་ནི་སྤྱན་རས་གཟིགས་དབང་ཕྱུག །བདུད་རྩིའི་དོན་ནི་བྱང་ཆུབ་སེམས། །ཀུཎྜཆེ་མཆོག་ཧེ་རུ་ཀ །བདུད་རྩིའི་ངང་ནི་མཉམ་པ་ཉིད། །ལི་ནི་ཕྱག་ན་རྡོ་རྗེ་སྟེ། །བདུད་རྩི་ཉིད་ནི་བག་ཆགས་སྦྱོང་། །སྙི༷༷ནི་རྟ་མཆོག་ཆེན་པོ་སྟེ། །བདུད་རྩིའི་དངོས་གྲུབ་ཆེན་པོ་འཐོབ། །དགུ་པའི་སྟེང་དུ་ཨོ་ཨུ༷༷ཧཱུཾ༷། སྙི༷༷མནན་པས་ནི་བཅུ་གསུམ་མོ། །སྔགས་བཅུ་གསུམ་པོ་འདི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས། ད་ལྟར་དང་མ་བྱོན་པས་ཀྱང་གསུང་བར་འགྱུར་རོ། །སེམས་དཔའ་དང་སེམས་མ་དང་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་ཀྱང་གསུངས་སོ། །གནས་ཡུལ་གྱི་མ་མོ་རྣམས་ཀྱིས་ཀྱང་གསུངས་སོ། །ལྷ་མ་སྲིན་སྡེ་བརྒྱད་ཀྱིས་ཀྱང་ཡང་སྙིང་ཡིག་འབྲུ་བཅུ་གསུམ་པ་འདི་གསུངས་སོ། །དགུ་པ་ལ་ཡིག་འབྲུ་བཅུ་གསུམ་པ་དང་།བཅུ་གཉིས་སྙི༷༷རྟ་མགྲིན་ལས་མཁན་པ་དང་བཅུ་གསུམ་མོ། །བདུད་རྩི་ལས་རྒྱ་ མཚོ་ལས། ཐུགས་ཀྱི་བསྙེན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།གསང་ཆེན་རིགས་གཅིག་པའི་བསྙེན་པའོ། །འབྲས་བུ་སྦྱང་བ་ནི། འཛབ་དབུལ་བ་དང་། ཐུགས་དབང་བསྐུར་བ་དང། དངོས་གྲུབ་བླང་བ་དང་། བཤགས་པ་བྱ་བ་དང་། ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། བར་གཅོད་ཀྱི་བགེགས་བསྐྲད་པ་དང་། སྨོན་ལམ་གདབ་པ་ནི། ཕྱི་མའི་འབྲས་བུ་ཐོབ་ཕྱིར་འདི་གསུངས་སོ། །བསྙེན་བསྒྲུབ་ཀྱི་འཛབ་གྲངས་པ་ནི། དང་པོ་ཅི་མཛད་ཅི་སྤྱོདཀྱང་། །སྐུ་གསུང་ཐུགས་ཀྱི་དགོངས་པ་མཛད། །ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ར་ས་སིརྙི་མ་ཧྭ་སུ་ཁཙྭ་ད་ཡན། པ་ར་བིདྷ་ན། ཨུ་ཀྲ་མ་ཎ་ཧྲི་ཐ། ཨོ་ནི་སངས་རྒྱས་སྐུའི་མཆོག་ཐོབ་པའོ། །ཨུ༷༷་ནི་སངས་རྒྱས་གསུང་གི་ལམ་དུ་གྱུར་པའོ། །ཧཱུཾ༷་ནི་སངས་རྒྱས་ཐུགས་ཀྱི་ཡེ་ཤེས་སོ། །གཉིས་པ་ར་སྭ་ཡ་ན་ཁྲོལ་བུའི་བསྙེན་པ་ལ། ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ར་སྭ་ཡ་ན་ཏ་ན་ཛ་ཡ་ཧཱུཾ༷་སྙི༷༷ཐ། ཨོ༷་གྱིས་ཡེ་ཤེས་འོད་འབྱུང་ཞིང་། །ཨུ༷༷་ཡིས་མེས་བསྲེགས་ཐལ་བར་བརླག །ཧཱུཾ༷་གི་བདུད་རྩི་ཉིད་དུ་ཞུ་ཞེས་བྱའོ། །གསུམ་པ་རྩ་བ་དགུའི་སྔགས་འབྱུང་སྟེ། ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་བཛྲ་ས་ཏྭ་ཧཱུཾ༷་ཧེ༷༷ཐ། ཨོ༷་ནི་སྐུ་མ་སྐྱེས་པའོ། །ཨུ༷༷་ནི་གསུང་སྨོན་པ་མེད་པའོ། །ཧཱུཾ༷་ནི་ཐུགས་མཚན་མ་མེད་པའོ། །བཞི་པ་རྟ་མགྲིན་དབང་གི་དཀྱིལ་འཁོར་འབྱུང་སྟེ། ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ཧ་ཡ་རྒི་ཝ་སྙི༷༷། ཧུ་ལུ་ཧུ་ལུ་ཧི༷༷།པདྨ་པདྨ་ཧི༷༷། བྷནྟྲ་བྷནྟྲ་དྷི༷༷ཐ། ཨོ་གྱིས་སྐུ་མཆོག་ཡོན་ཏན་དུ་འགྱུར་བའོ། །ཨུ༷༷་ཡིས་གསུང་མཆོག་ཡོངས་སུ་གྱུར་པའོ། །ཧཱུཾ༷་གིས་ཐུགས་མཆོག་ཡེ་ཤེས་སུ་གྱུར་པའོ། །ལྔ་པ་ལ་བདུད་རྩི་བུམ་པའི་ལུང་བདུད་རྩི་འཁྱིལ་པ་འབྱུང་སྟེ། ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་་ཨ་མྲི་ཏ་ཀ་མ་ལ་ཀུཎྜ་ལི་སིརྙི་སིརྙི་ཧཱུཾ༷་སྣྲི༷༷ཐ། ཨོ༷་ནི་བདུད་རྩི་ཆོས་ཀྱི་སྐུ་ལས་བདུད་རྩིའི་ཡོན་ཏན་དུ་འབུལ་བའོ། །ཨུ༷༷ནི་བདུད་རྩི་ཆོས་ཀྱི་གསུང་ལས་བདུད་རྩི་ཡོན་ཏན་དུ་འཛག་པའོ། །ཧཱུཾ༷་ནི་བདུད་རྩི་ཐུགས་ལས་བདུད་རྩི་ཡེ་ཤེས་སུ་འཆར་བའོ། །དྲུག་པ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འབྱུང་སྟེ། ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་མཉུ་ཤི་བྱུ་བ་ལོ་ཀི་ཏེ་ཧཱུཾ༷་ཐ་ཧི༷༷ཐ། འཇམ་དཔལ་གྱི་བདུད་རྩིའི་གོང་བུ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་རུ་བཞེངས་གསོལ་བྱ་སྟེ། བྱ་བ་ལོ་ཀི་ཞེས་པ་ནི་ལྷ་དང་སྒྲུབ་པ་པོ་ཀུན་སོ་སོར་ཞལ་འཛུམ་པ་མཛད་པ་ལ་བྱའོ། །ཨོ་ནི་སྐུའི་ཀུན་ཏུ་བཟང་པོ་བལྟ་བས་མཆོག་མི་ཤེས་པའོ། །ཨུ༷༷ནི་གསུང་ཀུན་ཏུ་བཟང་པོ་དད་པས་འདུན་པ་བསྐྱེད་པའོ། །ཧཱུཾ༷་ནི་ཐུགས་ཀུན་ཏུ་བཟང་པོ་བདུད་རྩིའི་དོན་ཐུགས་སུ་ཆུད་པས་འཆི་འཕོ་དང་འགྱུར་བའི་དུས་མེད་པའོ། །བདུན་པ་ལ་གསང་བ་མཆོག་གི་དཀྱིལ་འཁོར་ལ། ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ཤི་བྷ་ག་ལྷུན་ཧཱུཾ༷་ཨ་ཧོ། །ཨོ༷་ནི་སངས་རྒྱས་སྐུའི་མཆོག་ཏུ་གྱུར་པའོ། །ཨུ༷༷ནི་སངས་རྒྱས་གསུང་གི་ལམ་དུ་གྱུར་པའོ། །ཧཱུཾ༷་ནི་སངས་རྒྱས་ཐུགས་ཀྱི་ཡེ་ཤེས་སུ་གྱུར་པའོ། །འདས་པའི་སྐུ་མཆོག་འཐོབ་པ་ཡང་བདུད་རྩི་འདི་ཡིན་ནོ། །ད་ལྟར་གྱི་གསུང་ལམ་དུ་གྱུར་པ་ཡང་འདི་ཡིན་ནོ། །མ་བྱོན་པའི་ཐུགས་རིག་པ་ཡེ་ཤེས་མཛད་པ་ཡང་བདུད་རྩི་འདི་ཡིན་ནོ། །རྙི༷༷ནི་ཐམས་ཅད་ཀྱི་སྒོར་ཞུགས་པའོ། །ཆེ་མཆོག་ཧེ་རུ་ཀའི་དབུ་ལ་དུས་གསུམ་གྱི་སངས་རྒྱས་བདུན་གསུམ་ཉི་ཤུ་རྩ་གཅིག་བཞུགས་པའི་སྔགས་སོ། །བདུད་རྩི་ལས་རྒྱ་མཚོ་ལས། འབྲས་བུའི་སྦྱང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཐུགས་དམ་བསྐུལ་བ་འདི་སྐད་དོ། །ཨོ༷་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་ཀུཎྜ་ལི་སྣྲི༷༷ཐ། ཞེས་འཛབ་བར་མ་ཆད་པར་དྲང་ངོ་། །ཨོ་ལས་ཡེ་ཤེས་འོད་བྱུང་ཞིང་། །ཨུ༷༷ཡིས་མེས་བསྲེགས་ཐལ་བར་བརླག །ཧཱུཾ༷་གིས་བདུད་རྩི་རྣམ་པར་དག །སརྦ་ཐམས་ཅད་བདུད་རྩིར་བསྟན། །པཉུས་རྣམ་ལྔར་མངོན་སངས་རྒྱས། །ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ། །ཕྲི་ཡིས་དུག་གསུམ་རྩ་བ་གཅོད། །ཏས་ནི་འཁོར་བ་སྟོངས་པར་བྱེད། །ཨོ་ལྡན་དཀར་ལ་འཚེར་བའི་འཕྲོ་འདུ་དང་། །ཨུཿལྡན་དམར་ལ་དང་བའི་བྱིན་བརླབས་ཀྱིས། །ཧཱུཾ༷་ལྡན་སྣུམ་ལ་འདྲིལ་བའི་བདུད་རྩི་པརྩི་ཨ་མྲི་ཏ། མ་སྐྱེས་ཀུན་ཏུ་བཟང་པོ་ཡབ་ཀྱི་མཁའ། །མི་དམིགས་ཀུན་ཏུ་བཟང་མོ་ཡུམ་གྱི་དབྱིངས། །ཡབ་ཡུམ་དབྱེར་མེད་པས་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱང་རིན་ཆེན་གཞལ་ཡས་ཁང་། །སྐྱེ་ཤི་མེད་པར་སྐྱོན་ཡོན་རྟོག་པ་བསྒྲལ་ཞེས་བྱ། །འདུ་འབྲལ་མེད་པར་རྟོགས་ན་གཉིས་མེད་སྦྱོར་ཞེས་བྱ། །བསྟོད་པ་ནི། ཨེ་མ་ཧོ་སངས་རྒྱས་ཀུན་ཏུ་བཟང་། །གསང་ཆེན་ཐིག་ལེ་ཉིད་ལ་རྫོགས། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །དཔའ་བོ་ཁྱོད་ལ་སྐྱབས་སུ་མཆི། །རང་བྱུང་བདུད་རྩི་དྲི་མེད་འདི། །སངས་རྒྱས་ཀུན་གྱི་བསྔགས་པའི་མཆོག །མི་ཤེས་དྲི་མ་ཀུན་བཅོམ་ནས། །ངེས་པའི་དབྱིངས་ལ་འགོད་མཛད་པ། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །སྣང་མཛད་རྡོ་རྗེ་རྒྱལ་སྤྱན་དང་། །མི་བསྐྱོད་ཉི་མ་སྣང་མཐའ་ཡས། །དོན་ཡོད་བདུད་རྩི་འཁྱིལ་པ་ལ། །དགྱེས་ཤིང་གུས་པས་ཕྱག་འཚལ་ལོ། །ཐམས་ཅད་ཀུན་ལ་སྙོམས་ཞུགས་པ། །དབྱིངས་ཕྱུག་ཡུམ་གྱི་ཚོགས་རྣམས་ལ། །དགའ་བའི་ཡིད་ཀྱིས་གུས་ཕྱག་འཚལ། །ལག་ན་རྡོ་རྗེ་རྒྱལ་པོ་དང་། །ཀུན་བཟང་བློ་གྲོས་ཆེན་པོ་དང་། །དོན་རབས་ས་སྙིང་ལ་སོགས་པ། །རབ་ཏུ་གུས་པས་ཕྱག་འ་་ལོ། ། ནམ་མཁའི་འཇིག་རྟེན་དབང་ཕྱུག་དང་། །འགྲོ་བའི་འཛིན་མཆོག་དམ་པ་ལ། །གཉིས་མེད་གུས་པས་ཕྱག་འཚལ་ལོ། །ངག་ལ་རང་བཞིན་དྲི་མ་མེད། །ཁུ་ཚུར་འཛིན་ཕྲེང་དབྱངས་དང་གར། །སྤྱོད་མཆོག་དགའ་སྡུག་ཕྱག་འཚལ་ལོ། །བདུག་པ་མེ་ཏོག་མར་མེ་དྲེ། །གཟུགས་མཆོག་མཉེས་མཛད་ལྷ་མོ་ལ། །མོས་པས་བཏུད་ཅིང་ཕྱག་འཚལ་ལོ། །རིག་བྱེད་ཚོགས་ཀྱི་བདག་པོ་མཆོག །རྡོ་རྗེ་སྲིད་པ་འདུལ་མཛད་པ། །ཁྲོ་རྒྱལ་ཡབ་ཡུམ་འཁོར་བཅས་ལ། །གུས་པས་བསྟོད་དེ་ཕྱག་འཚལ་ལོ། །བདུད་རྩི་ལས་རྒྱ་མཚོ་ལས། ཐུགས་དམ་བསྐུལ་བ་དང་བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་དངོས་གྲུབ་བླང་ངོ་། །ཧཱུཾ༷་མཉམ་ཉིད་གདོད་ནས་མ་སྐྱེས་གཉིས་མེད་ཕྱིར། །རྩལ་དང་སྩོལ་བར་མི་དམིགས་ཀྱང་། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་ལ། །རྟོགས་པའི་ཁྱད་པར་མཉམ་པར་མ་གྱུར་ཏེ། །རྒྱལ་བའི་དགོངས་སྤྱོད་དབང་དུ་མ་འདུས་པས། །མཁྱེན་རབ་ཏིང་འཛིན་དངོས་གྲུབ་སྩལ་དུ་གསོལ། །ཆགས་པའི་ནད་ཀྱིས་གདུངས་པའི་གཅོང་རྙིང་ལ། །བདུད་དང་སྲིན་པོ་ཞེ་སྡང་གློ་བུར་གྱིས། །ཚེ་སྲོག་རྒྱུ་བའི་ལུས་ལ་བར་གཅོད་པ། །ཆེ་མཆོག་མངའ་ཆེནཚམརྔམསགཟི་བྱིན་གྱིས། །བདུད་དང་མུ་སྟེགས་ཟིལ་གྱིས་གནན་པའི་ཕྱིར། །རྫུ་འཕྲུལ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །བག་ཆགས་རྐྱེན་གྱིས་བསྒྲིབས་པའི་རྨོངས་པ་ལ། །གདུང་བའི་བདུད་རྩི་མཉམ་པའི་ཆར་ཕབ་ཀྱང་། །བརླན་པའི་ཤེས་རབ་བློ་དང་མ་ལྡན་པར། །མངོན་ཤེས་དྲུག་གི་དངོས་གྲུབ་སྩལ་དུ་གསོལ། །རྒྱུད་དྲུག་རིམ་གྱིས་དྲང་བའི་དོན་སླད་དུ། །ཁམས་གསུམ་སྲིད་གསུམ་མ་ལུས་བསྒྲལ་བའི་ཕྱིར། །བདུད་རྩི་དངོས་གྲུབ་བདག་གི་ལུས་འཛིན་ན། །ཡོན་ཏན་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ༷་དྲེགས་པས་མྱོས་པའི་བར་སྣང་ལྷ་བྲན་དང་། །ཆེ་བས་འགྱེངས་པའི་མཁའ་འགྲོ་མ་མོའི་ཚོགས། །རྡོ་རྗེ་གཤོག་པས་ཟིལ་གྱིས་གནན་པའི་ཕྱིར། །ཐོགས་མེད་མཁའ་ལ་འཕུར་བའི་དངོས་གྲུབ་སྩོལ། །བླང་དོར་མེད་པའི་དོན་ལ་ཐུགས་བརྩེའི་ཕྱིར། །སོ་སོའི་བློ་དང་ཇི་ལྟར་འཐད་པ་བཞིན། །མཐུན་འཇུག་རྟགས་ཀྱིས་འགྲོ་བ་འདུལ་ལགས་ན། །པྲ་སེ་ན་ཡི་ཡོ་གའི་དངོས་གྲུབ་སྩོལ། །དུག་གསུམ་ནད་ཀྱི་གདུངས་པའི་གཅོང་རྙིང་ལ། །འཚོ་བྱེད་ཐབས་ཀྱི་རྒྱལ་པོའི་རྩི་བཏང་ནས། །སྐྱེ་ཤི་མེད་པའི་དངོས་གྲུབ་ཆེན་པོ་དེ། །བདུད་རྩིའི་རྫས་ལ་བརྟེན་ཏེ་སྩལ་དུ་གསོལ། །བདུད་རྩི་བསྒྲུབ་པའི་ཞག་གྲངས་ད་ནང་ཚང་། །བདུད་རྩི་བསྒྲུབ་པའི་འཛབ་ཀྱང་ད་ནང་རྫོགས། །བདུད་རྩི་བསྒྲུབ་པའི་ཡོ་བྱད་ད་ནང་བས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ༷་ནམ་མཁའི་མཐའ་དང་མཉམ་པའི་སྐུ་མངའ་བས། །ཡོན་ཏན་ལྷུན་གྲུབ་དངོས་གྲུབ་སྩལ་དུ་གསོལ། །ཆོ་འཕྲུལ་མཐར་ཕྱིན་འདྲེན་པའི་སྐུ་མངའ་བས། །ཕྲིན་ལས་མཐར་ཕྱིན་ཐུགས་རྗེའི་དངོས་གྲུབ་སྩོལ། །ཡེ་ཤེས་ཐུགས་རྗེ་ཁྱབ་པའི་སྐུ་མངའ་བས། །འཆི་མེད་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བདུད་རྩི་ལས་རྒྱ་མཚོ་ལས། དངོས་གྲུབ་བླང་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཤགས་པ་བྱ་བ་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བར་གཅོད་ཀྱི་བགེགས་བསྐྲད་པ་དང་། སྨོན་ལམ་གདབ་པ་དང་། དེ་ཡན་ཆད་སྒྲུབ་པ་རྒྱ་མཚོའི་ལེའུའོ། །དེ་ནས་སྨན་གྱི་བུམ་པ་བླང་ལ་འདི་སྐད་དོ། །གདོད་ནས་མ་སྐྱེས་རྣམ་དག་ཆོས་ཀྱི་དབྱིངས། །དག་དག་མ་དག་མི་རྟོག་རྟོག་ལས་འདས། །དུས་གསུམ་གཅིག་ལ་སྐུར་བསྟན་ཕྱི་ཤོལ་མེད། །དངོས་གྲུབ་སྣ་ཚོགས་རླབས་ཆེན་འབར་བ་ཅན། །སུ་འདོད་སྤྱིན་གྱིས་ད་ལྟ་ང་ལས་ལོང་། །བསྐལ་པར་སྒྲིབ་དང་མུན་ནག་མུན་སེལ་དེ། །སྤྲིན་མཐོངས་ཉི་ཤར་ཁུད་པར་དྲོ་བ་བཞིན། །བདུད་རྩི་རྒྱལ་པོའི་དབང་ཆེན་འདི་ཕྱིན་པས། །རིག་འཛིན་གཙོ་བོའི་གོ་འཕང་ཐོབ་པར་ཤོག །ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་བི་རོ་ཙ་ན་ཨ སྟིཁི྅ཧཱུཾ༷རྙི༷༷ཐ། ཨོཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ཨ་སྙོསྒྱེཨ སྟིཁི྅ཧཱུཾ༷སྣྲི༷༷ཐ། ཨོ༷ ཨུ༷༷ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་རཏྣ་ས༷་བྷཝཨ སྙིཁི྅ཧཱུཾ༷དྷི༷༷ཐ། ཨོཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ཨ་མི་དེབཨ སྟིཁི྅ཧཱུཾ༷ཧི༷༷ཐ། ཨུ༷༷ཧཱུཾ༷་སརྦ་པ྅་ཨ་སྐྲོ་ཏ་ཨ་མོ་བྷ་སིརྙི་ཨ་སྟི་ཁི྅་ཧཱུཾ༷་ཧི༷༷ཐ། ཨོ་ཨུ༔ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་བུརྙ་མ་ཧྭ་ཤི་ཧེ་རུ་ཀ་བུརྙ་ཀྲོ་དྷི་ཤྭ་རྡི་ཨ་དྷི་ཁི྅་ཧཱུཾ༷་ཧི༷༷ཐ། ཨོ་ཨུ༷༷ཧཱུཾ༷་སརྦ་པཉུ་མ་མྲི་ཏ་བཛྲ་ཤི་ཧེ་རུ་ཀ་བཛྲ་ཀྲོ་རྙི་ཤྭ་རྡི་ཨ་སྟི་ཁེ྅་ཧཱུཾ༷་རྙི༷༷ཐ། ཨོ་ཨུཿཧཱུཾ༷་སརྦ་པརྩི་ཨ་སྤོ་ཏ་རཏྣ་ཤི་ཧེ་རུ་ཀ་རཏྣ་ཀྲོ་དྷི་ཤྭ་རྡི་ཨ་སྟི་ཁི྅་ཧཱུཾ༷་སྙི༷༷ཐ། ཨོ་ཨུ༷༷ཧཱུཾ༷་སརྦ་པ྅་ཨ་མྲི་ཏ་པདྨ་ཤི་ཧེ་རུ་ཀ་པདྨ་ཀྲོ་དྷི་ཤྭ་རྡི་ཨ་སྟི་ཁི྅་ཧཱུཾ༷་སྙི༷༷ཐ། ཨོ་ཨུ༷༷ཧཱུཾ༷་སརྦ་པརྩི་ཨ་མྲི་ཏ་ཀརྨ་ཤི་ཧེ་རུ་ཀ་ཀརྨ་ཀྲོ་དྷི་ཤྭ་རྡི་ཨ་སྟི་ཁེརྩི་ཧཱུཾ༷་ཧི༷༷ཐ། །ཞེས་དབང་བསྐུར་རོ། །ཚེ་དང་སྐོང་དང་ཡིད་དུ་འོང་། །བགེགས་རྣམས་ཞི་བ་ལ་སོགས་ཏེ། །ནད་མེད་དཔལ་དང་ཅི་འདོད་པའི། །ཡོན་ཏན་རྩ་བརྒྱད་འདིས་འཐོབ་བོ། །ཨོ་ཨུ༔ཧཱུཾ༷་གྲྭ་ཧྭ། ཨུ་ཡུ༷༷ཕ་ལ་གུ་རྒྱ་སིདྷི་གྲྭ་ཧྭ། ཚེ་ཡི་སྙིང་པོ་རྒྱུད་གསུམ་པོ། །སྲོག་གི་སྙིང་པོ་གཞལ་ཡས་ཁང་། །སྐུ་གསུམ་སྐུ་སྟེ་སྐུ་ལ་ཐིམ། །གསུང་གསུམ་གསུང་སྟེ་གསུང་ལ་ཐིམ། །ཐུགས་གསུམ་ཐུགས་ཏེ་ཐུགས་ལ་ཐིམ། །བྱང་ཆུབ་སེམས་ལ་རབ་ཏུ་ཐིམ། །ཞེས་བརྗོད་པས་དབང་བསྐུར་རོ། །སྒྲོལ་བ་རྒྱ་མཚོ་ཇི་ལྟར་བྱ་ལ་ཡང་དོན་རྣམ་པ་ལྔ་སྟེ། དང་པོ་བསྒྲལ་བའི་རྒྱུ་དང་། བསྒྲལ་བའི་དགོངས་པ་དང་། བསྒྲལ་བའི་ཕྲིན་ལས་དང་། ཐུགས་དམ་སྐུལ་བ་དང་། ཞལ་དུ་བསྟབ་པ་དང་ལྔའོ། །དེ་ལ་བསྒྲལ་བའི་རྒྱུ་ལ་རྣམ་པ་ལྔ་སྟེ། གང་བསྒྲལ་བ་དང་། གང་གིས་བསྒྲལ་བ་དང་། གང་དུ་བསྒྲལ་བ་དང་། དོན་ཅིའི་ཕྱིར་བསྒྲལ་བ་དང་། མ་བསྒྲལ་བའི་སྐྱོན་དང་་་་་་་་་་་་་་ལྔའོ། །གང་བསྒྲལ་བ་ལའང་གླང་པོ་ཆེ་དང་། སེང་གེ་དང་། རྟ་དང་། མི་དང་། རྨ་བྱ་དང་ལྔ་བསྒྲལ་བ། གང་གི་བསྒྲལ་ན། ཐབས་ལ་མཁས་པའི་སྐྱེས་བུ་ཆེན་པོས་ལྷའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བསྒྲལ་ལོ། །གང་དུ་བསྒྲལ་ན། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡུམ་གྱི་མཁའ་རུ་བསྒྲལ་ལོ། །དོན་ཆེད་ཅིའི་ཕྱིར་ན། མནར་མེད་པར་ལྟུང་བར་ངེས་པས། དེ་མཐོ་རིས་སུ་གདོན་པའི་ཆེད་དུ་ཐུགས་རྗེས་གཟུང་ལ་བསྒྲལ་ལོ། །མ་བསྒྲལ་བའི་སྐྱོན་ནི་རྡོ་རྗེ་ཐེག་པའི་བཀའ་བཅག་ཅིང་། རྣལ་འབྱོར་གྱི་ཆོས་སྤྱོད་ནུས་པས། རྒྱལ་ཁམས་ཕུང་བའི་སྐྱོན་ཡོད་དོ། །དེ་ལ་བསྒྲལ་བའི་དགོངས་པ་ནི། བདུད་རྩི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གསལ་བར་བྱས་ལ། དཀྱིལ་འཁོར་ཆེན་པོར་བཀུག་ལ། འཁོར་བ་ཞེ་བཅད་རྒྱ་གད་བྱས་ལ། ཞེ་སྡང་དབང་གིས་དམྱལ་བར་སྐྱེས། །གཙོ་བསྲེག་སྡུག་བསྔལ་བསམ་མི་ཁྱབ། །དཔལ་ཆེན་ཧེ་རུའི་བཀའ་ལ་ཉོན། །མེ་ཆེན་འབར་བའི་འོབས་ལས་བརྒོལ་ལ་ཤོག །མཚོན་ཆ་སྐྲུ་གྲིའི་སོ་ལ་འཛེག་ལ་ཤོག །ཕྲག་དོག་དབང་གིས་ཡི་དགས་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་བསམ་མི་ཁྱབ། །དཔལ་ཆེན་ཧེ་རུའི་བཀའ་ཉོན་ལ། །ཡི་དྭགས་གནས་ནས་བྲོས་ལ་ཤོག །བཀྲེས་སྐོམ་གནས་ནས་མཆོངས་ནས་ཤོག །གཏི་མུག་དབང་གིས་བྱོལ་སོང་གནས་སུ་སྐྱེས། །དཔལ་ཆེན་ཧེ་རུའི་བཀའ་ཉོན་ལ། །བྱོལ་སོང་གནས་ནས་བྲོས་ལ་་།ག །འོན་གླེན་གཏི་མུག་གནས་ནས་མཆོངས་ལ་་།ག །མཐོ་རིས་ཐར་པའི་གནས་ཡོད་ཀྱིས། །སྐྱེ་ཤི་མེད་པའི་ས་ཡོད་ཀྱིས། །འཁོར་བ་འདི་ལ་མ་ཆགས་ཤིག །སླེ་རྒ་ན་འཆིའི་སྡུག་བསྔལ་གཏན་བོར་ལ། །སྐྱེ་བ་རྣམ་བཞིའི་ལུས་ལ་མ་ཆགས་ཤིག །མཐོ་རིས་ཐར་པའི་གནས་སུ་ད་འདེང་གྱིས། །ངན་སོང་གསུམ་གྱི་གནས་ལ་མ་ཆགས་ཤིག །ཡེ་ཤེས་ལྔ་ཡི་གནས་་སུ་ད་གདེང་གྱིས། །ཉོན་མོངས་དུག་ལྔ་འདི་ལ་མ་ཆགས་ཤིག །སྐུ་གསུང་ཐུགས་ཀྱི་ས་ལ་ད་གདེང་གྱིས། །ལུས་ངག་ཡིད་གསུམ་ས་ལ་མ་ཆགས་ཤིག །མིག་དབྱེ་བ་དང་མཚམས་གཅད་པ་བྱའོ། །ར༷་ཡ༷་ཁ༷། བསྲེག་གཏོར་བཀྲུས་པས་ཚུལ་བཞིན་བྱས་ལ། ཕུང་པོ་སྤྱོད་པ་ལ་ཡང་གསུམ་སྟེ། རྒྱུ་ལས་སྦྱང་བ་དང་། རྐྱེན་གྱིས་སྦྱང་བ་དང་། འབྲས་བུར་སྦྱང་བའོ། །དང་པོར་ཕོ་ཉས་དགུག་པ་དང་། ངན་སོང་གསུམ་ནས་དྲང་པ་དང་། མིག་དབྱེ་བ་དང་། བར་གཅོད་བསལ་བའི་ཕྱིར། མཚམས་གཅད་པ་དང་། བསྲེག་སྦྱང་ར༷་ཡ༷་ཁ༷་གིས་རྒྱུའི་གནས་་སྦྱང་བའོ། །རྐྱེན་གྱི་སྦྱང་བ་སྐུ་གསུང་ཐུགས་གསུམ་གྱི་གནས་སྦྱང་བ་ནི་འདི་སྐད་དོ། །ཨེ་མ་ཆོ་འཕྲུལ་འོད་འཕྲོས་པས། །ཡི་གེ་ཕྲེང་བའི་ཚོགས་བྱུང་དེ། །ཡི་གེ་ཡན་ལག་ཡེ་ཤེས་ལས། །སངས་རྒྱས་སྐུ་ཡི་ས་བོན་འབྱུང་། །དཔག་ཏུ་མེད་པའི་རྒྱལ་པོ་རྣམས། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཚོགས། །ཕྱག་རྒྱ་སྣ་ཚོགས་མཛེས་པར་སྣང་། །དེ་ནས་ཡི་གེའི་རང་བཞིན་ནི། །རྒྱལ་བའི་སྐུ་ཉིད་ཡིན་པར་བཤད། །ཨ་ནི་ཐུགས་ཀྱི་ས་བོན་ཏེ། །ཀ་ལ་སོགས་པ་དང་པོ་ལྔ། །མགུར་གྱི་གསང་བའི་རང་བཞིན་ཡིན། །ཀ་ཁ་ག་བྷ་ང་། གཉིས་པ་ཙ་ལ་སོགས་པ་ལྔ། །ཟླ་གམ་ལྗགས་ཀྱི་རང་བཞིན་ཡིན། །ཙ་ཚ་ཛ་རྙོ་ཉ། གསུམ་པ་ཏ་ལ་སོགས་པ་བཅུ། །ལྗགས་ཀྱི་རྩེ་མོའི་རང་བཞིན་ཡིན། །ཏ་ཐ་ད་དྷ་ན། བཞི་པ་པ་ལ་སོགས་པ་ལྔ། །ཞལ་གྱི་སྒོ་ནས་འབྱུང་བར་བཤད། །པ་ཕ་བ་བྷ་མ། །ལྔ་པ་ཡ་ལ་སོགས་པ་ཡི། །བཅུ་ཚན་གཉིས་ཀྱི་ཡི་གེ་དག །སྐུ་ལས་འཕྲོས་པར་རབ་ཏུ་བཤད། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྟ། ཨི་ཞི། ཨུ་སྐྲུ། ཨེ་ཨི། ཨོ་ཨོ།ཨ༷ཨུ༔ཡོདཔཡིནནམ། ཞལ་གྱི་འཁོར་ལོའི་འོད་ཟེར་ལས། །སྒྲིབ་པ་སེལ་བའི་ཡིག་འབྲུ་ཧ། །གསང་བ་མཁའ་ཡི་འོད་ཟེར་ལས། །ཆོ་འཕྲུལ་འབྱུང་བའི་ཡིག་འབྲུ་ཀྟ། །སྐུ་ཡི་ཁྲུ་ཚད་ལྟེ་བ་ལས། །འདོད་པ་འབྱུང་བའི་ཡིག་འབྲུ་ས། །ཐུགས་ཀྱི་དཔལ་བེའ་ཆེན་པོ་ལས། །མཚན་མ་དག་པའི་ཡིག་འབྲུ་ཁྲ །ཕྱག་གི་འཁོར་ལོའི་འོད་ཟེར་ལས། །ཆོ་འཕྲུལ་སྟོན་པའི་ཡིག་འབྲུ་ཤ །སྐྱེས་བུ་ཆེན་པོའི་དཔུང་པ་ལས། །རྟོག་པ་འཇོམས་པའི་ཡིག་འབྲུ་ལ། །སྐྱེས་བུ་ཆེན་པོའི་་2་ཟུར་ལས། །འདོད་ཆགས་སྲེག་པའི་ཡིག་འབྲུ་ར། །སྐྱེས་བུ་ཆེན་པོའི་དཀུ་སྐབས་ལས། །གཏི་མུག་སྲེག་པའི་ཡིག་འབྲུ་ཝ། །སྐྱེས་བུ་ཆེན་པོའི་བྱིན་པ་ལས། །འཁོར་བ་གནོན་པའི་ཡིག་འབྲུ་ཡ། །སྐྱེས་བུ་ཆེན་པོའི་སྤྱན་གཉིས་ལས། །རང་བཞིན་ཡི་གེ་ཨེ་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྙེན་གཉིས་ལས། །རང་བཞིན་ཡི་གེ་ཨུ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཤངས་གཉིས་ལས། །རང་བཞིན་ཡི་གེ་ཨོ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཚེམས་གཉིས་ལས། །རང་བཞིན་ཡི་གེ་ཨི་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྙན་གཉིས་ལས་། །རྒྱལ་བའི་ས་བོན་ཨོ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཡིག་འབྲུ་རྣམས། །གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཕྱག་རྒྱ་དེ་རྣམས་ཀྱིས་གནས་སྦྱང་ངོ་། །འདོ་ཟེར་ཆེན་པོའི་འཕྲོ་འདུ་ཡིས། །སོ་སོར་རང་རེའི་སྒྲིབ་པ་བསྲེག །སྒྲིབ་པ་བསྲེགས་པས་འོད་དུ་གྱུར། །འོད་ཀྱང་མི་དམིགས་ཆོས་ཀྱི་དབྱིངས། །དབྱིངས་ལས་ཡི་གེ་ཨ་བྱུང་བ། །ཨ་ནི་སྐྱེས་མེད་དེ་བཞིན་ཉིད། །ཋ་ནི་རྡོ་རྗེ་རྩེ་ལྔ་པ། །རྣམ་ཤེས་རྡོ་རྗེ་སེམས་དཔའི་སྐུ། །ཊ་ལས་འཁོར་ལོ་རྩིབས་བརྒྱད་པ། །ཕུང་པོ་རྣམ་པར་སྣང་མཛད་སྐུ། །ར་ལས་རིན་ཆེན་ཟུར་བརྒྱད་པ། །ཚོར་བ་ཡོན་ཏན་རིན་ཆེན་འབྱུང་ལྡན། །རྟེ་ལས་པདྨ་འདབ་བརྒྱད་དེ། །འདུ་ཤེས་སྣང་བ་མཐའ་ཡས་གསུང་། །ཎ་ལས་རལ་གྲི་འབར་བ་སྟེ། །ཕྲིན་ལས་དོན་ཡོད་གྲུབ་པའི་སྐུ། །ཐ་ལས་ཀུན་ཏུ་བཟང་མོ་སྟེ། །འབྱུང་བ་ནམ་མཁའ་སེམས་ཉིད་ཡིན། །ཏ་ནི་སངས་རྒྱས་སྤྱན་ཡིན་ཏེ། །འབྱུང་བ་དག་པས་ས་ཡང་ཡིན། །དནིརིནཆེནསེམསམསྟེ། །འབྱུང་བ་དག་པས་དྲོད་ཀྱང་ཡིན། །དྷ་ནི་ཆོས་ཀྱི་སེམས་མ་ཡིན། །འབྱུང་བ་དག་པས་མྱ་མ་ཀི། །ན་ནི་ལས་ཀྱི་སེམས་མ་སྟེ། །འབྱུང་བ་དག་པ་དམ་ཚིག་སྒྲོལ། །ཀ་ནི་སྤྱན་གྱི་མྱུ་གུ་སྟེ། །རྣམ་པར་ཤེས་པའི་སྙིང་པོ་ཡིན། །ཁ་ནི་སྙན་གྱི་རལ་གྲི་ཡིན། །རྣམ་ཤེས་ནམ་མཁའི་སྙིང་པོ་ཡིན། །ག་ནི་ཤངས་ཀྱི་པདྨ་སྟེ། །རྣམ་ཤེས་སྤྱན་རས་གཟིགས་དབང་ཡིན། །བྷ་ནི་ལྗགས་ཀྱི་རྡོ་རྗེ་སྟེ། །རྣམ་ཤེས་ཕྱག་ན་རྡོ་རྗེ་ཡིན། །ང་ནི་ལུས་ཀྱི་འདུ་ཤེས་ཏེ། །བེ་ཅོན་འབར་བ་གཤིན་རྗེ་གཤེད། །ཙ་ནི་སྤྱན་མ་ཡུམ་འགྱིངས་ཏེ། །ཡུལ་རྣམས་དག་པ་ལྭ་ཕྱེ་མ། །ཚ་ནི་སྙན་གྱི་ཕྲེང་བ་སྟེ། །ཡུལ་རྣམས་དག་པས་མར་མེ་སྟེ། །རྙོ་ནི་ཤངས་ཀྱི་པི་ཝང་སྟེ། །ཡུལ་རྣམས་དག་པས་གིརྟི་མ། །ཛ་ནི་ལྗགས་ཀྱི་གར་བསྒྱུར་ཏེ། །ཡུལ་རྣམས་དག་པས་ནིརྟི་མ། །ཉ་ནི་ཡིད་ཀྱི་ཏྲི་ཤཱལ་ཏེ། །ཡན་ལག་གཡོ་བ་སྟོབས་པོ་ཆེ། །པ་ནི་ངག་གི་འགུགས་འདྲེན་ཏེ། །རྣམ་ཤེས་བྱམས་པ་མེ་ཏྲི་ཡིན། །ཕ་ནི་ཡིད་ཀྱི་སྙིགས་མ་སྟེ། །རྣམ་ཤེས་དག་པས་ཀུན་ཏུ་བཟང་། །པ་ནི་ལུས་ཀྱི་རལ་གྲི་སྟེ། །རྣམ་ཤེས་དག་པས་སྒྲིབ་པ་སེལ། །བྷ་ནི་ངག་གི་ཨུཏུལ་ཏེ། །རྣམ་ཤེས་དག་པས་འཇམ་དཔལ་ཡིན། །མ་ནི་ཡིད་ཀྱི་ཐོད་དབྱུག་སྟེ། །ཁྲོས་པའི་རྒྱལ་པོ་རྟ་མགྲིན་དཔལ། །ཡ་ནི ་པེ་གདུག་སྤོས་མ། །ཝ་ནིཔུརྨྱེམེཏོག མ། །རནི ཨུལོ་ཀེ་མར་མེ་མ། །ལ་ནི་གསྟེ་དྲི་ཆབ་མ། །ཡུལ་དུས་འདུས་པ་ལྷ་མོ་བརྒྱད། །ཨོ་ནི་བདུད་རྩི་འཁྱིལ་པ་སྟེ། །ཡན་ལག་བཞི་ལ་ཁྲོ་མོ་བཞི། །ཥ་ནི་རྟ་པ་མེད་པ་སྟེ། ཁྲ་ནི་ཆད་པ་མེད་པ་ཡིན། །ས་ནི་བདག་ཏུ་མེད་པ་ཡིན། །ཧ་ནི་མཚན་མ་མེད་པ་སྟེ། །ཨ་ནི་ཀུན་ཏུ་བཟང་མོ་ལ། །ཀྟ་ནི་ཀུན་ཏུ་བཟང་པོ་ཡིན། །ཨི་གཉིས་ལྷ་དང་ལྷ་མིན་ཏེ། །ཨུ་གཉིས་མི་དང་བྱོལ་སོང་ཡིན། །ཨེ་གཉིས་ཡི་དྭགས་དམྱལ་བ་ཡིན། །མཐོང་ཡོད་སྣང་གྲག་ཐམས་ཅད་ཀྱང་། །ཡི་གེའི་ཚོགས་སུ་མངོན་སངས་རྒྱས། །ཡི་གེར་མ་གྱུར་གང་ཡང་མེད། །ཆོས་ཉིད་སྙིང་པོ་ཉི་མ་ལ། །འོད་ཟེར་ཡིག་འབྲུའི་ཚོགས་སུ་འབར། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །ཡིག་འབྲུས་ལྷ་ཚོགས་སྐར་བཀྲ་ལྟར། །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་རྫོགས། །ཉི་མ་འབར་བའི་འོད་ཟེར་ལ། །འོད་ཟེར་འབར་བའི་ཕྱག་མཚན་འབར། །རྡོ་རྗེའི་སྙིང་པོ་ས་བོན་ཞེས། །རྡོ་རྗེ་རིགས་ཀྱི་ཞིང་དུ་གྲགས། །ཉི་མའི་འོད་ཟེར་འཕྲོས་པ་ལས། །ཡིག་འབྲུ་འོད་ཀྱི་ཨོ་འཕྲོས་པས། །དེ་བཞིན་རིགས་ཀྱི་ཞིང་དུ་གྲགས། །ཉི་མའི་འོད་ཟེར་འབར་བ་ལས། །ཡིག་འབྲུ་འོད་ཀྱི་སྲུ་འཕྲོས་པས། །རིན་ཆེན་སྙིང་པོ་ས་བོན་ཏེ། །རིན་ཆེན་རིགས་ཀྱི་ཞིང་དུ་གྲགས། །ཉི་མའི་འོད་ཟེར་འཕྲོས་པ་ལས། །འོད་ཟེར་ཡི་གེ་ཨུ༷་དུ་འབར། །པདྨ་རིགས་ཀྱི་ཞིང་དུ་གྲགས། །སྣ་ཚོགས་ཡི་གེའི་འོད་འཕྲོས་པས། །ཆོ་འཕྲུལ་ཡི་གེ་ཧྭ་གསལ་ཏེ། །སྣ་ཚོགས་སྙིང་པོ་ས་བོན་ཡིན། །ལས་ཀྱི་རིགས་ཀྱི་ཞིང་དུ་གྲགས། །ཉོན་མོངས་སེམས་ཅན་ས་བོན་ཏེ། །རྒྱལ་བའི་ཞིང་ལ་བཏབ་བྱས་པས། །འབྲས་བུ་སྨིན་པའི་སྲས་སུ་འཁྲུངས། །ཡི་དམ་ལྷ་ཡི་དཔལ་བརྗིད་ཆེ། །ཀུན་ཏུ་བཟང་པོའི་སོ་ནམ་བྱེད། །རྡོ་རྗེ་སེམས་དཔའ་རྩེ་ཟླ་བྱེད། །ལྭ་པྱེ་དཀར་མོས་ཕྱག་ཚངས་བྱེད། །ཞིང་ཁམས་ཀུན་ཏུ་སྟོན་པར་ཤོག །དེ་ནས་ཡི་གེའི་ཚོགས་ཨ་ལ་ཐིམ། ཧཱུཾ༷་ལ་ཐིམ་ཡང་ཧཱུཾ༷་ཞེས་བརྗོད། རླུད་གི་དཀྱིལ་འཁོར་གྱིས་བཏེགས་ནས་འོག་མིན་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕང་པ་འདི་སྐད་དོ། །རིགས་དྲུག་བསྐྱེད་པའི་ཕུང་པོ་ལ། །དཔའ་བོའི་ཡི་གེ་ཕྲ་བཀོད་པས། །རྣམ་ཤེས་ཧཱུཾ༷་དུ་བསྡུས་ནས་ཀྱང་། །ཟླ་བའི་དཀྱིལ་འཁོར་སྟེང་བཞག་ནས། །འོག་མིན་གནས་མཆོག་དམ་པ་ན། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །ཕཊ་ཀྱི་ཕྲིན་ལས་ཆེན་པོ་ཡིས། །སྦྱར་བའི་ཧཱུཾ༷་དུ་འཕངས་བྱས་པས། །རྒྱལ་བའི་སྲས་པོར་དེ་འགྱུར་རོ། །ཐུགས་ཀར་ཐིམས་པས་སྐུ་ཡི་དབྱིག །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །རྒྱལ་བའི་སྲས་པོར་དེ་འགྱུར་རོ། །ཡོངས་ལ་དབང་བསྐུར་རྒྱལ་བའི་མཆོག །གང་ལ་མ་ཆགས་སྤྲོས་དང་བྲལ། །སྤང་ལེན་མེད་པའི་དཀྱིལ་འཁོར་དུ། །འདུ་འབྲལ་མེད་པའི་དབང་བསྐུར་རོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྟོན་པར་ཡེ་ཤེས་ལྔས་དབང་བསྐུར་རོ། །དེ་ནས་ཐུགས་དམ་བསྐང་བ་དང་། རྟོག་པ་སྦྱང་བ་དང་། ཕྲིན་ལས་རྣམས་བྱ་བ་ནི་རྐྱེན་གྱིས་སྦྱང་པའོ། །ཕུང་པོ་དེ་སྨན་སྒྲུབ་ཆེན་པོས་ལུས་དབུལ་ཏེ། འབྲས་བུ་ལྔ་ལ་དབུས་སུ་ཨ་ཀོ་སུ་གོ་ཞེས་བྱ་བ། གླང་པོ་ཆེའི་ཤ་ལ་སོགས་པ་རྨིག་པ་ཁ་བྲག་གི་ཤ་བཞག་ལ་འདི་སྐད་དོ། །གླང་པོ་རིན་ཆེན་འདེགས་པའི་སྟོབས་དང་ལྡན། །བསྒོམ་པའི་སྲན་ཆེན་ཡོན་ཏན་བརྒྱ་དང་ལྡན། །རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོ་ཨུ༷༷ཀོ་སུ་ཁ་གྲྭ་ཧྭ། ཨ་ལས་འོད་འཕྲོས་སྟེང་ཁམས་བསྲེག་སྦྱང་ནས། སླར་ཤ་ལ་འདུས་པས་ཤ་འོད་དུ་གྱུར་ནས་མེད་ཅིང་མི་དམིགས་པར་བསམ་པ་ནི། རྡོ་རྗེ་རིགས་ཀྱི་ཐུགས་དམ་བསྐང་བའོ། ཁྲར་དུ་སྟག་དང་སེང་གེ་ལ་སོགས་པ་སྡེར་ཆགས་ཐམས་ཅད་ཀྱི་ཤ་བཞག་པ་འདི་སྐད་དོ། །རྩལ་ཆེན་གཟུགས་བཟང་དགོས་པ་ལུས་ལ་ཚང། །གྲགས་པའི་སྐད་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན། །ཡོན་ཏན་བརྒྱད་ལྡན་མཐུ་སྟོབས་ཕུན་སུམ་ཚོགས། །དེ་བཞིན་གཤེགས་པའི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོ་པ་ན་སེ་ཨ་མྲི་ཏ་ཧཱུཾ༷་ཐ། བསྒོམ་པ་གོང་བཞིན་ནོ། །མི་དང་ཤང་ཤང་ཏེའུ་སོགས་གདོང་པ་ཅན་གྱི་ཤ་ཤར་ལྷོར་དགོད་པ། སྐྱེས་བུ་ཤེས་རིག་དགོས་པ་ལུས་ལ་ཚང་། །ཐུགས་རྗེས་བསྒྲལ་བའི་དམ་ཚིག་ཆེན་པོ་འདི། །བཞི་བརྒྱ་རྩ་བཞིའི་ནད་སེལ་མཛེ་རྣམས་ཐུབ། །རིན་ཆེན་རིགས་ཀྱི་ཐུགས་དམ་སྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨ༷་སྨིན་པ་ཨ་ཧཱུཾ༷། བསྒོམ་པགོངབཞིནདང། ནུབཏུ་རྟ་ལ་སོགས་པ་རྨིག་ཟླུམ་ཐམས་ཅད་ཀྱི་ཤ་དགོད་པ་ནི་འདི་སྐད་དོ། །དགོས་པའིད་ན་ལྡན་བརྩོན་འགྲུས་ཤུགས་འཆང་བ། །ཕ་རོལ་ཕྱིན་པ་རྟ་མཆོག་རྨིག་ཟླུམ་ནི། །ཡོན་ཏན་བརྒྱད་ལྡན་བློ་རྣོ་ཤེས་རབ་གསལ། །པདྨ་རིགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོ་མ་ཧྭ་སྨྱུ༷་ས་ཧཱུཾ༷་ཨ་མྲི་ཏ་ཧཱུཾ༷་ཐ། བྱང་དུ་རྒོད་དང་ཁྱུང་དང་རེ་དང་གླག་ལ་སོགས་པ་གཤོག་པ་ཅན་གྱི་ཤ་དགོད་པ་འདི་སྐད་དོ། །ཐོགས་མེད་ནམ་འཕང་གཅོད་ཅིང་སྲིད་པ་ཟིལ་གྱིས་གནོན། །གཤོག་པ་རླུང་དུ་བསྡུས་པས་འཛམ་བུ་གླིང་བཞི་བསྐོར། །བཞི་བརྒྱ་རྩ་བཞིའི་ནད་སེལ་བྱིངས་རྨུགས་བསལ། །ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོ་ན་ལེ་གེ་ཨ་སྤོ་ཏ་ཧཱུཾ༷། །དབང་པོ་གསལ་བྱེད་སྤྱན་ལྔ་རྣམ་པར་དག །སྟོང་ཁམས་གསལ་བྱེད་རྣམ་ཤེས་བསྒྲལ་བའི་མིག །ས་ཡི་སྙིང་པོར་ཐུགས་དམ་བསྐང་བ་དང་། །ལྭ་པྱེ་དཀར་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་ཤ་འདི་ཤེས་པར་གྱིས། །ཨོ་བཛྲ་ཙསྟུ་ཧཱུཾ༷་ཞེས་བརྗོད་པས། མིག་ལས་ཧཱུཾ༷་འཕྲོ་ཞིང་འདུས་པས། སྟོང་ཁམས་ཐམས་ཅད་ཀྱི་སྤྱན་ལུབ་ཀྱས་འདུས་པས། མིག་གི་དབང་པོ་ལ་ཐིམ་པས། མིག་ཉིད་སའི་སྙིང་པོ་དང་། ལྭ་པྱེ་དཀར་མོར་གྱུར་ཏོ། །སྟོཧི་རྭ་ཛ་མྱ་ལེ་ཧཱུཾ༷། ཞེསདེབཞིནདུབརྒྱདཀལ་སྦྱོར། གནས་པའི་སྒྲ་ཐོས་དགོས་པའི་ཚིག་གནས་པ། །མེ་སྒྲ་ཆུ་སྒྲ་རླུད་སྒྲ་གང་ཡིན་པ། །རྣ་བའི་དབང་པོས་རྣམ་པར་ཤེས་རིག་སྐྱེ། །ཡོན་ཏན་བརྒྱད་ལྡན་ཐོས་པ་རྒྱ་མཚོ་སོགས། །ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་བ་དང་། །ནིརྟི་སྔོན་མོ་དགྱེས་པར་བསྐྱེད་པའི་ཕྱིར། །གཟུངས་མ་དེ་བྲིས་སྒྲ་འདི་ཤེས་པར་གྱིས། །ཛི་ཀུ་རུ་པ་ཎའ་ནིརྟི་ཧཱུཾ༷། སྣ་ཡི་དབང་པོས་སྣོམ་པའི་དྲི་ཤེས་ནས། །བསྲེག་པ་བཙོས་དང་རླངས་དང་དུ་བ་དང་། །སྔོས་དང་སྨན་དང་ཞལ་ཟས་རླངས་པའི་སྣ། །ཡོན་ཏན་བརྒྱད་ལྡན་སྣ་ཡི་རྣམ་ཤེས་འདི། །ནམ་མཁའི་སྙིང་པོའི་ཐུགས་དམ་བསྐང་བ་དང་། །མྱ་ལི་སྔོན་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་སྣ་འདི་ཤེས་པར་གྱིས། །ཧྭ༷་ཨུ་གསྟོ་མྱ་ལེ་ཧཱུཾ༷།འངད་སྐོར་ཟློས་དང་ལུསྤུགས་ཉམས་ཤིག་ལནུག་ཀྱང་བསྡུར་གཞི་མ་རྙེད །ལྕེ་ཡི་རྣམ་ཤེས་རོ་མཆོག་བརྒྱ་དང་ལྡན། །ཁ་དང་མངར་དང་རོ་མཆོག་སྒྱུར་དང་རྩུབ། །ཡོན་ཏན་བརྒྱ་ལྡན་ལྕེ་ཡི་རྣམ་ཤེས་འདི། །སྤྱན་རས་གཟིགས་དབང་ཐུགས་དམ་བསྐང་བ་དང་། །གིརྟི་དམར་པོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་ལྕེ་ནི་ཤེས་པར་གྱིས། །ཧྲི་པདྨ་བནྟྲ་མ་གིརྟི་ར་གོ྅་ཧ༷། ལྕེ་བརྒྱད་པས་སྟོང་གསུམ་ཙམ་བསྡུས་པས་ཞལ་གྱི་དཀྱིལ་འཁོར་རྒྱས་པར་བསམ་མོ། །ལུས་ཀྱི་རྣམ་ཤེས་དྲོ་འཇམ་རེག་བསིལ་འདི། །སྡུག་དང་མཛེས་དང་ཡིད་འོང་གཟུགས། །ཡོན་ཏན་བརྒྱད་ལྡན་གཟུགས་ཕུང་འདི། །སྒྲིབ་པ་རྣམ་སེལ་ཐུགས་དམ་བསྐང་བ་དང་། ། ་པེ་དཀར་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་ལུས་འདི་ཤེས་པར་གྱིས། །ཨོལ་གོང་བླང་ལ། ཨོལ་གོང་ཐལ་བྱེད་ངག་གི་རྣམ་ཤེས་འདི། །ཅིག་བར་འགྱུར་ཞིང་སྒྲ་སྒྲོགས་ཚངས་པའི་གསུང་། །ཡོན་ཏན་བརྒྱ་ལྡན་ངག་གི་རྣམ་ཤེས་འདི། །བྱམས་པ་མི་ཏྲིའི་ཐུགས་དམ་བསྐང་བ་དང་། །པྲསྤྲོ་སྔོན་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་ཨོལ་གོང་ཤེས་པར་གྱིས། །མི་དྷ་ར་ཁེ་ཨ་མྲི་ཏ་ཧཱུཾ༷།སྙིང་བླང་ལ་འདི་སྐད་དོ། །ཡིད་ཀྱི་རྣམ་ཤེས་བྱང་ཆུབ་འདི། །ཡོད་མེད་རྟག་ཆད་མཚན་མར་ཡོངས་མི་འཛིན། །ཡོན་ཏན་བརྒྱད་ལྡན་ཙིརྟི་དམ་རྫས་འདི། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་བ་དང་། །ཨུ་ལོ་ཀེ་མར་མོ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་སྨན་འདི་ཤེས་པར་གྱིས། །ས་རྭ་ཛ་ཨ་མྲི་ཏ་ཧཱུཾ༷། སྲོག་པ་རྩ་བླང་ལ། ཤེས་པའི་དོན་འཛིན་ལོག་པའི་ལམ་ཡང་འགོག །ང་རྒྱལ་དེའུ་གཅོད་དོན་དམ་དབྱིངས་སུ་སྡུད། །ཡོན་ཏན་བརྒྱད་ལྡན་རིན་ཆེན་སྲོག་པ་རྩ། །འཇམ་དཔལ་གཞོན་ནུའི་ཐུགས་དམ་བསྐང་བ་དང་། །གརྙེ་ལྗང་གུ་དགྱེས་པ་བསྐྱེད་པའི་ཕྱིར། །གཟུངས་མ་ཡུམ་གྱི་སྲོག་རྩ་ཤེས་པརགྱིས། །མསྣྲུཤིཨམྲིཏཧཱུཾ༷། ཉ་བཞི་རྩོལ་བཞི་སྒོ་བ་ཡབ་ཡུམ་དུ་བཀོད་དེ། བསྒྲལ་བའི་ཉ་ཤ་བཅུད་ཀྱི་ཉིང་ཁུ་འདི། །ཡོན་ཏན་བརྒྱད་ལྡན་སྤེལ་བའི་དམ་རྫས་འདི། །སྒོ་བ་བཞི་ཡི་ཐུགས་དམ་བསྐང་བ་དང་། །གཟུང་མ་ཡུམ་བཞིས་སྨན་འདི་ཤེས་པར་གྱིས། །མ་ཧྭ་ས་མ་ཨ་སྐྲོ་ཏ་ཧཱུཾ༷། མྱ༷་ས་ལས་འོད་འཕྲོས་སྟོང་ཁམས་བསྲེག་སྦྱང་ནས། སླར་འདུས་ནས་ཉ་བཞི་ལ་ཐིམ་པས། ཉ་བཞི་ཡང་མི་དམིགས་པ་འོད་ཀྱི་རང་བཞིན་དུ་གྱུར་པ་ནི། སྒོ་བ་བཞིའི་ཐུགས་དམ་བསྐང་པའོ། །དེ་ནས་རྩོས་བཞི་བླངས་ལ་འདི་སྐད་དོ། །རྒྱུ་མཆོག་བསྒྲལ་བའི་རྫས་མཆོག་རྩོས་བཞི་འདི། ཁྲ་ཡི་སྙིང་པོ་རུས་པའི་བཅུད་ཆེན་འདི། །ཡོན་ཏན་བརྒྱད་ལྡན་སྒྲུབ་རྫས་ཆེན་པོ་འདི། །སྒོ་མ་ཡུམ་བཞིའི་ཐུགས་དམ་བསྐང་བའི་ཕྱིར། །གཟུངས་མ་ཡུམ་གྱི་ཙོས་བཞི་ཤེས་པར་གྱིས། །ཛ༷༷ཧཱུཾ༷་བ༷་ཧོ༷་། ཨ་མྲི་ཏ་ཧཱུཾ༷། དེ་ནས་རུས་པའི་མདུད་དྲུག་བླང་ལ། །ཞབྲུལ་མིག་མདོག་འཛིན་ཡན་ལག་འབུར་ཆེན་དྲུག །གཟུངས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། །ཐུབ་པ་དྲུག་གི་ཐུགས་དམ་བསྐང་བ་དང་། །གཟུངས་མ་ཡུམ་གྱི་རུས་པ་ཤེས་པར་གྱིས། །ཨི་ཨུ་ཨེ་ལས་འོད་འཕྲོས་པས་སྟོང་ཁམས་བསྲེག་སྦྱང་ནས།སླར་འདུས་པས་འཕགས་མཆོག་འགྲོ་དྲུག་གི་སྒྲིབ་པ་སྦྱངས། འོད་དུ་ཞུ་ནས་མི་དམིགས་པ་ནི་ཐུབ་པ་དྲུག་གི་ཐུགས་དམ་བསྐང་བའོ། །བདུད་རྩི་ལས་རྒྱ་མཚོ་ལས། སྒྲོལ་བ་རྒྱ་མཚོ་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ག་ཎ་སྦྱར་བའི་ཡུམ། །རྒྱལ་རིགས་མ་དང་རྗེའུ་རིགས་མ། །པདྨ་ཅན་དང་དུང་ཅན་མ། །མི་རྟོག་ཅན་དང་རྣམ་ལྔའོ། །དེ་ལ་སྦྱོར་བ་དོན་བྱ་བ། །གསངབའིམཆོདཔའབུལབདང་། །སློབ་མར་དབང་ནི་བསྐུར་བ་དང་། །བདེ་བས་སངས་རྒྱས་སྒྲུབ་པ་དང་། །འདི་རྣམས་རིགས་མ་དག་ལ་བརྟེན། །སྦྱོང་བས་དག་པར་བྱ་བ་ཡང་། །དབང་བསྐུར་ཆོས་བཤད་མིན་པ་ཡིན། །དམ་ཚིག་མ་ཉམས་བསྲུང་བར་བྱ། །ཐེག་ཆེན་ཆོས་ལ་གཟུང་བར་བྱ། །ཡབ་དང་ཡུམ་གཉིས་མཉམ་པར་ཡང་། །ལུས་ཀྱི་བསྐྱེད་རིམ་ཟུང་འཇུག་བསྒོམ། །ངག་གིས་རྡོ་རྗེའི་བཟླས་པ་བྱ། །སེམས་ཉིད་རྫོགས་པའི་རིམ་པ་ཉིད། །ཡབ་ནི་ཡུམ་ལ་རབ་བརྟེན་པས། །རྫོགས་པའི་སངས་རྒྱས་རབ་སྒྲུབ་བྱེད། །ཡུམ་ཡང་ཡབ་ལ་བརྟེན་བྱས་ནས། །ཡང་དག་སངས་རྒྱས་ཐོབ་པར་འདོད། །བསྙེན་པ་རིག་མའི་གཟུགས་དང་སྒྲ། །དྲི་སོགས་ལས་ནི་རབ་བརྟགས་ནས། །བདེ་བ་སྦར་ཞིང་སྦྱང་པར་བྱ། །སྦྱོར་བ་ལ་ནི་བསྙེན་པ་དེ། །ཆོས་གོས་རྒྱན་དང་རབ་ལྡན་ཞིང་། ཁ་ཡི་དྲི་ཡང་རབ་ཏུ་བསྐྱེད། །ཉེ་བའི་བསྙེན་པས་རབ་སྦྱོར་བ། །དུང་གི་ཕུར་པས་གདབ་པ་དང་། །ཟངས་ཀྱི་མདོག་གིས་གཟུང་བར་བྱ། །ལྗགས་ཀྱང་རབ་ཏུ་བརྐྱང་བྱས་ནས། །འདོད་པའི་བསྟན་བཅོས་མཐའ་དག་གིས། །བདེ་བར་རབ་ཏུ་བསྐྱོད་བྱས་ནས། །ཉེ་བ་དག་ཏུ་བསྙེན་པར་བྱ། །དེ་ནི་བདེ་བ་བསྐྱེད་པའོ། །བསྒྲུབ་པ་བྱ་བའི་རིམ་པ་ནི། །དབྱིངས་ཀྱི་པདྨ་གཞལ་ཡས་ཁང་། །དབྱིབས་ནི་ཡི་གེ་ཨ་དང་མཚུངས། །གཟུགས་མེདསྐྱེམཆེདམུབཞི ལ། །གཟུགས་ཁམས་བསམ་གཏན་ཨོ་དང་བཅས། །འདོད་ཁམས་རིགས་དྲུག་ས་བོན་དང་། །བདེ་གཤེགས་སྐུ་གསུང་ཐུགས་གནས་པ། ། མི་ཟད་རྒྱན་གྱི་འཁོར་ལོ་ཉིད། །ཡབ་ཀྱི་ཡེ་ཤེས་རྡོ་རྗེ་ནི། །དགོས་འདོད་བྱུང་བའི་ནོར་བུ་སྟེ། །ཡིད་བཞིན་རིན་ཆེན་བཞིན་དུ་འབར། །རྡོ་རྗེ་པདྨར་རབ་བསྲུབས་པས། །བདེ་བ་སྒྲུབ་པར་བྱེད་པ་ཉིད། །བསྒྲུབ་པ་ཆེན་པོ་ཞེས་བྱ་བ། །ཐིག་ལེ་བྱང་ཆུབ་སེམས་ཆེན་ནོ། །བདེ་དང་སྟོང་པ་དབྱེར་མེད་ཅིང་། །ཡབ་ཡུམ་གཉིས་མེད་ཟུང་དུ་འཇུག །དཔེར་ན་གླང་གཉིས་གཤིབ་པ་ཡིས། །ཞིང་གི་བྱ་བ་བྱེད་པ་རྨོད། །དེ་བཞིན་མཐུན་འགྱུར་ཡེ་ཤེས་ནི། །རབ་དགའི་ཚུལ་དུ་སྐྱེ་བར་འགྱུར། །རྣམ་པ་སྣ་ཚོགས་སྐད་ཅིག་དང་། །རྣམ་པར་སྨིན་དང་རྣམ་པ་ཉིད། །མཚན་ཉིད་དང་ནི་བྲལ་བའོ། །སྐད་ཅིག་བཞི་དང་བསྙེན་བསྒྲུབ་བཞི། །དང་པོ་རེག་པ་སྲ་བས་ས། །སངས་རྒྱས་སྤྱན་གྱི་རྟགས་སུ་འགྱུར། །གཤེར་བ་ཆུ་ནི་མུ་མ་ཀི། །དྲོ་བས་མེ་ནི་གོས་དཀར་མོ། །ཡང་བ་རླུད་ཉིད་དམ་ཚིག་སྒྲོལ། །ནམ་མཁའི་ཁམས་ནིཀུན་བཟང་མ། །ཡུམ་བཞི་བདེ་བས་བསྙེན་བསྒྲུབ་བཞི། །སྤོས་ཀྱི་ལྷ་མོ་འགུགས་པ་དང་། །མེ་ཏོག་མས་ནི་སྡོམ་པ་དེ། །མར་མེ་གསལ་བར་གྱུར་ནས་ནི། །དྲི་ཆབ་བདུད་རྩི་རབ་འཐོར་བ། །ཕྱི་ཡི་ལྷ་མོའི་བསྙེན་བསྒྲུབ་བཞི། །བདེ་བས་སྒེག་པས་བདེ་བ་དང་། །མི་བརྗེད་གཟུངས་འཛིན་འདེ་བྲལ་མ། །གླུ་ལེན་དབྱངས་ནི་མཆོག་བདེ་མ། །གར་མ་ལྷན་ཅིག་སྐྱེས་པ་ཉིད། །ནང་གི་ལྷ་མོའི་བསྙེན་བསྒྲུབ་བཞི། །ཐིག་ལེ་གཡོ་དང་འབྱུང་བ་དང་། །འབེབས་དང་བརྟན་པོར་དྲོད་འབྱུང་བས། །རུས་སྦལ་འགྲོས་དང་རྣམ་པར་གྲོལ། །མཁས་པའི་མན་ངག་བླ་མས་སྟེར། །མི་མཁས་ཆུ་དང་བསྡོང་སོགས་པས། །དབབ་དང་གཟུང་དང་ཟློག་པ་དང། །ལུས་ལ་ཁྱབ་པར་དགྲམ་པ་རྣམས། །རྣལ་འབྱོར་སྦྱོར་མ་གོམས་པ་ཡིས། །འོག་ཀླུ་དག་ལ་བརྟེན་ནས་ནི། །གསང་བའི་སེམས་ལྔ་སྐྱེ་བར་འཀྱུར་། །གཡོ་ལྡང་གནས་འཇུག་རྫོགས་པར་བྱེད། །སེམས་ལྔ་བརྟེན་པའི་རྣལ་འབྱོར་པས། །སྦྱོར་བ་འདི་ནི་བརྩམ་པར་བྱ། །གསང་བའི་མཆོད་པ་འབུལ་འདོད་ན། །བྷ་ག་ལ་ནི་ལིདྷ་གཞག །མཆོད་པའི་ལྷ་མོ་སྤྲོ་བའམ། །ཐིག་ལེ་ཁུ་བས་མཁའ་བཀང་ནས། །རྒྱལ་སྲིད་རིན་ཆེན་སྣ་བདུན་སོགས། །ཡང་ན་བཀྲ་ཤིས་རྫས་བརྒྱད་སོགས། །བདེ་གཤེགས་མཆོད་པ་མང་པོ་རྣམས། །ནམ་མཁའི་ཁམས་ཀུན་གང་བར་མཆོད། །ལས་ཀྱི་སྦྱིན་སྲེག་བྱ་བ་ཡང་། །གསང་བའི་སེམས་དང་རབ་ལྡན་པས། །བྷ་ག་ཟླུམ་པོ་སྣ་ཚོགས་མདུད། །བྱང་སེམས་ཞི་བ་གཏི་མུག་རྒྱུན། །གྲུ་བཞི་ཕྱི་ཡི་ཁྱམས་ནང་དུ། །དགའ་བའི་སེམས་ཀྱི་ཐིག་ལེ་འབར། །ཐིག་ལེའི་མདོག་ཀྱང་གསེར་དུ་སྣང་། །སྐྱེ་གནས་ཟླ་གམ་ཆེན་པོ་མྲ །ཆགས་པའི་སེམས་ཀྱི་རབ་སྦྱར་ནས། །ཐིག་ལེ་པདྨ་རྭ་གའི་མདངས། །ཁུ་ཁ་མུ་ཁ་བྱ་རོག་གདོང་། །ཁྲོས་པའི་སེམས་ཀྱི་རབ་སྦྱར་ན། །ཐིག་ལེ་མཐིང་ནག་ཁྲོ་བོའི་ཚོགས། །དྲག་པོས་ཐས་ཅད་བསྒྲལ་བར་བྱ། །འདིས་ནི་ལས་བཞི་ཡུམ་གྱི་མཁའ། །ལྷུན་གྱི་གྲུབ་པར་རབ་ཏུ་གནས། །མནན་དད་ཟློག་པ་ཡུམ་གྱིས་བསྒྲུབ། །ཕྲིན་ལས་བཞི་དང་མནན་ཟློག་ཉིད། །དུག་གི་ལས་རྣམས་ལྷུན་གྱིས་གྲུབ། །སློབ་མ་རྣམས་ལ་དབང་བསྐུར་ན། །རྩ་གནས་དཀྱིལ་འཁོར་ཆེན་པོ་མྲ །ཐིག་ལེ་ཁམས་ཀྱི་བདུད་རྩི་ཉིད། །ཡི་གེ་སྔགས་ཀྱི་སྙིང་པོ་བཟླས། །སྙིང་པོ་རླུད་གིས་རབ་བསྐུལ་ནས། །མཚུངས་རྒྱུ་སློབ་མ་ཉིད་ལ་གནས། །མཚུངས་རྒྱུ་རང་ལ་མི་གནས་ན། །བྲ་སྲན་འབྲས་སུ་ཡོངས་མི་འགྱུར། །བདེ་བའི་ཡེ་ཤེས་རོལ་མོ་ནི། །ལྟེ་ལྐོག་ཡི་གེ་ཀྟ་གནས་པ། །སྲིན་པོ་རྭ་ཧྲོརེ་ས་བོན་གྱིས། ཁམས་ཀྱི་བདུད་རྩི་ཞུ་བྱས་ནས། །འབར་ཞིང་རབ་ཏུ་འཛག་པ་ནི། །དཔེར་ན་མར་གྱི་ཐིགས་པ་ཡིས། །མར་མེ་གསོ་བ་ལྟ་བུར་འགྱུར། །བླ་མ་ཡབ་ཡུམ་རོལ་པ་ཡི། །ཐིག་ལེ་ཁུ་བ་ཆེན་པོ་ནི། །སློབ་མའི་ལྕེ་ལ་རབ་གཞག་ནས། །གསང་བའི་དབང་མཆོག་སྦྱིན་པར་བྱ། །འདི་ཡང་སྐབས་ཀྱི་ཉན་དང་འཆད། །བསྒོམ་བསྒྲུབ་ཕྲིན་ལས་བྱ་བ་དང་། །རྡོ་རྗེ་རྒྱལ་པོར་དབང་བསྐུར་ན། །གསང་དབང་འདི་ལ་རབ་བརྟེན་ནས། །ནུས་པའི་དབང་ལྔ་ཐོབ་པར་འགྱུར། །དེ་ནས་ཤེས་རབ་ཡེ་ཤེས་དབང་། །ཡབ་ཡུམ་བདེ་བའི་རོལ་པ་བཞི། །སྤྱིབོབདེཆེནའཁོརལོནི། །དཀྱིལ་འཁོར་སུམ་བཅུ་རྩ་གཉིས་ནས། །འབབ་པའི་ཐིག་ལེ་བདེ་བ་ཡིན། །མགྲིན་པ་ལོངས་སྤྱོད་དཀྱིལ་འཁོར་ནས། །བཅུ་དྲུག་བདུད་རྩིའི་རྒྱུན་ཡང་འཛག །སྙིང་ག་ཆོས་ཀྱི་དཀྱིལ་འཁོར་ནས། །བརྒྱད་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ནས། །དྲུག་ཅུ་རྩ་བཞིའི་ཐིག་ལེ་འཛག་པར་གྱུར། །བདེ་བ་དང་ནི་མཆོག་ཏུ་བདེ། །བྲལ་བའི་བདེ་བ་ལྷན་ཅིག་སྐྱེས། །བདེ་བ་བཞི་ཡི་གདམས་ངག་ནི། །ཡབ་ཡུམ་སློབ་མ་གཉིས་ལ་གཏད། །ཡིད་ནི་ནང་དུ་བརྟན་པར་གཟུང་། །རང་རྫས་ཐིག་ལེ་ཕྱིར་ཐོན་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད། །རང་ཡང་དངོས་གྲུབ་རབ་བླང་བྱ། །དེ་ནི་བདེ་བ་ཆེན་པོ་ཡི། །དབང་ཡང་རབ་ཏུ་བསྐུར་བྱ་ན། །གཡས་ཀྱི་རོ་མ་ཉི་མ་མེ། །གཡོན་གྱི་རྐྱང་མ་ཟླ་བ་ཆུ། །དབུས་ཀྱི་ཀུན་འདར་གཟུང་འཛིན་སྤང་། །སྲོག་ཤིང་རྣམ་པ་འདི་གསུམ་ཡང་། །རྡོ་རྗེ་རྦ་བརླབས་ལམ་བཞིས་བྱ། །གཟུང་བ་འཛིན་པའི་རྦ་བརླབས་དང། །གཟུང་འཛིན་སྤངས་པའི་བོ་བརླབས་གསུམ། །སངས་རྒྱས་བྱང་ཆུབ་བསྒྲུབ་བྱེད་བས། །གནས་ནས་སྤྲོ་ཞིང་གནས་སུ་བསྟིམ། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །བདུད་རྩི་ལས་རྒྱ་མཚོ་ལས། སྦྱོར་བ་རྒྱ་མཚོ་ཇི་ལྟར་སྦྱར་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཀུན་ཏུ་བཟང་པོ་ལ་རྡོ་རྗེ་སེམས་དཔས་གསོལ་པ། ལྟ་བ་རྒྱ་མཚོ་ཇི་ལྟར་བལྷ། །འབྲས་བུ་སངས་རྒྱས་ཇི་ལྟར་རྒྱ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ལྟ་བ་རྒྱ་མཚོ་འདི་ལྟར་ལྟོས། །འབྲས་བུ་སངས་རྒྱས་འདི་ལྟར་རྒྱས། །བདུད་རྩིའི་ལས་ནི་ཁྱོད་ལ་གཏད། །ལྟ་བ་མན་ངག་གི་ལེའུ་འདི་བཤད། །ཕུང་པོ་ཁམས་དང་སྐྱེ་མཆེད་དག །ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར། །ཀུན་རྫོབ་ཙམ་གྱིས་མཚན་མ་སྲ །ཆོས་སྐུ་མཚན་མར་རྒྱ་བ་དེ། །ཡེ་ཤེས་རང་གནས་རོལ་པ་ཡིན། །ཕྱི་ནང་སྣོད་བཅུད་མ་ལུས་ཀྱང་། །ཀུན་ཏུ་བཟང་པོ་དབྱིངས་ཀྱི་རྒྱན། །ཀུན་བཟང་ཡབ་ཡུམ་རོལ་པ་ལས། །ཕྱི་ནང་མ་ལུས་སངས་རྒྱས་སོ། །མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་བྲི་བ་མེད། །དབྱིངས་ལ་འགྱུར་བ་མེད་པས་ཆོས་སྐུར་འགྱུར་བ་མེད། །དོན་དམ་དབྱིངས་སུ་རྟོགས་པས་བལྟས་དགུ་དེ་ལྟར་གསལ། །ཐམས་ཅད་སེམས་སུ་རྟོགས་པས་གང་བསྒྲུབ་ལྷུན་གྱིས་འགྲུབ། །རྣམ་རྟོག་མིང་ཡང་མེད་པས་གང་བསྒྲལ་གཅིག་མི་བལྟ། །ཐབས་མཁས་རོལ་པ་ཡིན་པས་འཁོར་བའི་སྐྱོན་མ་གོས། །ཐུགས་རྗེ་བྱང་ཆུབ་ཡིན་པས་ཐར་པ་བདེ་ཆེན་ཐོབ། །ཀུན་གྱི་བདུད་རྩི་ཡིན་པས་ལྷ་རྣམས་རང་བཞིན་འཁོལ། །བདེ་ཆེན་རྒྱལ་པོ་ཡིན་པས་འཁོར་བའི་རྗེ་བོ་ཡིན། །ཐབས་མཁས་བདག་ལས་བྱུང་བ་ཀུན་གྱི་བདག་པོ་ཡིན། །ང་རྒྱལ་གདེང་དུ་ཆེ་བས་འགྲོ་དྲུག་ཐབས་ཀྱི་འདུལ། །ཐུག་ཆོམ་འབྲུག་སྒྲས་ཁམས་གསུམ་ཡོངས་སུ་ལྡིར། །ཐུགས་རྗེ་བྱམས་ལྡན་ཉི་མའི་འོད་བཞིན་འཆར། །མི་རྟོག་གཉེན་པོས་ཐབས་ཀྱི་རྒྱལ་པོ་བྱུང་། །འཁོར་བའི་གཉེན་པོར་རང་བྱུང་སངས་རྒྱས་ཏེ། །བདག་དང་སེམས་ཅན་ཐམས་ཅད་ཆོས་སྐུར་གཅིག །རྣམ་རྟོག་ཐམས་ཅད་གཉེན་པོར་དོན་རྟོགས་ན། །ལྷ་དང་འདུ་འབྲལ་བྱ་བ་གཞན་ན་མེད། །འཁོར་བ་མྱ་ངན་འདས་པའི་དོན་རྟོགས་ན། །དགྲ་བགེགས་བསྒྲལ་ཞིང་ཚར་གཅད་བྱ་མི་དགོས། །ཡེ་འབྱམས་ཡ་མཚན་ཀློང་གི་དབང་རྫོགས་ན། །ང་རྒྱལ་རྟགས་ཀྱི་ཕྱག་རྒྱས་བསྒྲུབ་མི་དགོས། །ཕྲིན་ལས་བྱ་བཙལ་སྤྱོད་པ་ཡེ་འདས་ན། །བསྒོམ་བསྒྲུབ་དཀྱིལ་འཁོར་བྱ་བའི་མིང་ཡང་མེད། །འདི་ལྟར་མན་ངག་རྟོགས་པའི་གདེང་གྱུར་ན། །བསྒྲུབ་ནའང་སྐྱོན་མེད་མ་བསྒྲུབས་བཙལ་བ་མེད། །བསམ་དུ་མེད་པ་ཆོས་སྐུ་ནམ་མཁའ་འདྲ། །བསྒོམ་དུ་མེད་དེ་རང་བྱུང་ཀློང་ནས་ཤར། །བདེ་འབྱམས་དབྱིངས་ཕྱུག་ཡུམ་གྱི་རྒྱལ་མོ་ཡིན། །མ་འགགས་ཅི་བདེར་ཡན་བཀྱེས་ཡབ་ཀྱི་མཁའ། །སེམས་ལ་གང་ཡང་མི་རྟོག་རང་བྱུང་སྐུ། །ཐབས་ཉིད་མ་འགགས་རང་བྱུང་མ་བཅོས་སྐུ། །དོན་ལ་གང་ཡང་མི་རྟོག་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་སྐྱེ་འཆི་གཡོས་པ་མེད། །འཕོ་འཀྱུར་མེད་པའི་ཀློང་ལ་བཙལ་ཞིང་བསྒྲུབ་པ་མེད། །ཡེ་ཤེས་བྱང་ཆུབ་སེམས་སུ་བདག་རྟོག་ན། །འདུ་འཛི་བྱིས་པའི་རྩེ་མོ་ཅི་ཞིག་བྱ། །མི་འདའ་ཀློང་གི་དམ་ཚིག་བསྲུང་མེད་ན། །བདེ་སྡུག་འཁོར་བ་མྱ་ངན་ཅི་ལ་སྤྱད། །ཐབས་མཁས་རོལ་པའི་ཏིང་འཛིན་ཤར་བ་ལ། །ཕུང་པོ་ཚི་ཆད་བསྒོམ་བསྒྲུབ་ཅི་ལ་སྤྱད། །ཕྱི་ནང་སྣོད་བཅུད་ཐིག་ལེར་སངས་རྒྱས་ན། །གཞན་ནས་སྒྲོལ་ཞིང་སྨོན་པ་གཅིག་ཀྱང་མེད། །བདུད་རྩི་ལས་རྒྱ་མཚོ་ལས། ལྟ་བ་རྒྱ་མཚོའི་ལེའུ་སྟེ་བཅུ་བདུན་པའོ།། །།འབྲས་བུ་ཇི་ལྟར་སངས་རྒྱས་པ་འདི་སྐད་དོ། །སྣོད་ཀྱི་འཇིག་རྟེན་མས་བཀབ་ཡུམ་གྱི་དབྱིངས། །བཅ་ཀྱི་འཇིག་རྟེན་ཡས་བཀབ་ཡབ་ཀྱི་མཁའ། །ཡབ་ཡུམ་མཁའ་དབྱིངས་ཡེ་ཤེས་རོལ་པ་ལས། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ། །ལྷ་དང་ལྷ་མོའི་དཀྱིལ་འཁོར་ཡེ་ནས་ཡིན། །ཡིན་པའི་དོན་ལ་རིག་པ་གསལ་བཀོད་ནས། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །སེམས་དང་ཡེ་ཤེས་དབྱེར་མེད་དོན་གཅིག་པས། །སེམས་ཀྱི་ཡེ་ཤེས་སེམས་ཀྱིས་ཀུན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །འཁོར་བའི་རྒྱུ་ཉིད་ཐར་པའི་ལམ་གྱི་སྐས། །སྡུག་བསྔལ་རྒྱུ་གཉིས་ཆོས་ཉིད་བྱང་ཆུབ་སེམས། །མ་སྤང་ལྷུན་གྱིས་གྲུབ་པར་དོན་རྟོགས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཆོས་ཉིད་ཀུན་ཏུ་བཟང་མོའི་རིག་པ་ལ། །འཁོར་བ་དང་ནི་མྱ་ངན་འདས་པར་མཉམ། །སངས་རྒྱས་སེམས་ཅན་སེམས་ཉིད་གཅིག་ཏུ་མཉམ། །རྟོགས་དང་མ་རྟོགས་སྒྱུ་མའི་ངང་དུ་མཉམ། །རིག་དང་མ་རིག་ཆོས་ཀྱི་སྐུ་རུ་མཉམ། །མཉམ་པའི་རྒྱལ་པོའི་དོན་ལ་མ་ཡེངས་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཉོན་མོངས་སྡུག་བསྔལ་ཡེ་ཤེས་ལྔ་རུ་སྣང་། །འབྱུང་བ་ལྔ་པོ་ཆོས་ཀྱི་དབྱིངས་སུ་མཉམ། །དབྱིངས་དང་ཡེ་ཤེས་འབྲེལ་པའི་དོན་རིག་ན། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །ཡེ་ཤེས་ལྷ་དང་མ་མོ་མཁའ་འགྲོ་དང་། །ཕོ་ཉ་ལ་སོགས་མང་པོའི་དོན་བརྗོད་ཀྱང་། །བདག་གི་བྱིན་བརླབས་མང་པོར་སྣང་བ་ལས། །གཞན་ནས་གྲུབ་ཅིང་འབྱུང་བ་ཅི་ཡང་མེད། །བདག་སྣང་བདག་འཁོར་ཀུན་ཏུ་བདག་ཡིན་ཏེ། །བདག་ཉིད་གཡོས་ན་ཕྱི་ནང་སྣོད་བཅུད་གཡོས། །ཀུན་གྱི་ཆེ་བཙན་འགྲན་གྱི་དོ་མེད་པས། །ཡོངས་ཀྱི་ཐོག་མེད་བདེ་འབྱམ་རྒྱལ་པོ་ལ། །བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ། །བདུད་རྩི་ལས་རྒྱ་མཚོ་ལས། ཡེ་ནས་འབྲས་བུ་སངས་རྒྱས་ཡིན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་རྒྱུད་ཡོངས་སུ་གཟུང་བར་གཏད་པ་འདི་སྐད་དོ། །གསང་ཐུབ་བཀའ་རྟེན་ངེས་པ་དང་། །བདེན་པར་སྨྲ་ཞིང་ཡིད་མི་འགྱུར། །དེས་ནི་རྒྱུད་ནི་ཡོངས་སུ་གཟུང་བར་བྱའོ། །བརྟན་ཞིང་ཤུགས་འཆང་བརྩོན་འགྲུས་ཆེ། །དྲང་ཞིང་སེམས་འཇམ་གཡོ་སྒྱུ་མེད། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །མཛངས་ཤིང་ཤེས་པ་གསལ་བ་དང་། །བརྟགས་ཤིང་བྱ་བ་མ་ནོར་བ། །དེས་ནི་རྒྱུད་འདི་གཟུང་བར་བྱ། །ཟུངས་ཐུབ་རྟག་ཐུབ་ཁོང་ཡོངས་ཤིང་། །ལེ་ལོ་བར་ཆད་སྐྱོན་བསལ་བ། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །སྤྱོད་པ་ཐོགས་ཆགས་མེད་པ་དང་། །དམ་ཚིག་སྤང་ལེན་མེད་པར་བསྲུང་། །དེས་ནི་རྒྱུད་འདི་གཟུང་བར་བྱ། །ཉན་ཅིང་སྒྲུབ་ལ་བརྩོན་པ་དང་། །འདུ་འཛི་དབང་དུ་མི་གཏང་བ། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །རང་ཤིང་ནོར་ཐུབ་ཟོ་ཐུབ་པས་ ཡོངས་ལ་མི་གནོད་ཚུལ་བསྲུང་བས། ཁུ།ད་འདི་ཡོངས་སུ་གཟུང་བར་བྱ། །ལུང་མེད་རྐྱང་བར་མི་གཏོང་ཞིང་། །སློབ་དཔོན་རིག་པའི་གཏིང་བྲུ་བ། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །རང་ཤེས་མུ་ཅོར་མི་བྱེད་ཅིང་། །བརྟགས་ཤིང་ལས་རྣམས་བརྩོན་བྱེད་པ། །རྒྱུད་འདི་ཡོངས་སུ་གཟུང་བར་བྱ། །རྟག་པར་སྨན་དང་མི་འབྲལ་ཞིང་། །རྫས་དང་ལག་ཆ་གསང་ཐོགས་པས། ཁུ།ད་འདི་ཡོངས་སུ་གཟུང་བར་བྱའོ། །དད་པས་སྐྱོ་ངལ་མི་བྱེད་ཅིང་། །སྐྱོ་རྐྱེན་ཚོར་བས་མི་བྱེད་པས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱའོ། །དབང་བསྐུར་གནང་བ་ལྔ་ཐོབ་ཅིང་། །གོ་རྟོགས་ཤེས་པ་ཕྱོགས་འབྱམས་པས། །རྒྱུད་འདི་ཡོངས་སུ་གཟུང་བར་བྱའོ། །བརྟག་ན་བླ་མའི་ལུང་ཡོད་ལ། །བསྙེན་ན་ནུས་པའི་མཐུ་ཡོད་པས། །དེས་ནི་རྒྱུད་འདི་གཟུང་བར་བྱའོ། །བདུད་རྩི་ལས་རྒྱ་མཚོ་ལས། རྒྱུད་ཡོངས་སུ་གཟུང་བར་བྱ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་པ། སྣོད་དང་མི་ལྡན་པས་གཟུང་དུ་མི་རུང་ལགས་སམ་ཞེས་གསོལ་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། སྣོད་དང་མི་ལྡན་པས་མན་ངག་སྣང་འཚོང་བྱེད་པ་དང་། ཆོས་དཔེ་འཚོང་བར་བྱེད་པ་དང་། མན་ངག་ཟང་ཐལ་དུ་སྨྲ་བ་དང་། ལྟ་བ་ལ་གདེང་མེད་པ་དང་། སྤྱོད་པས་མ་ཟིན་པ་དང་། སྒྲུབ་པའི་གཞུང་མ་ཚུགས་པ་དང་། ཐོ་ཅོ་དང་། ར་བོ་ཤ་བྱེད་པ་