Ngb-pt-0223-vol-03-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

ཨུ་རྒྱན་གསང་བ་བརྡའི་སྐད་དུ། ཊམ་སྔཅྭཐོཅ་ཐ། བོད་སྐད་དུ། མཁའ་འགྲོའི་གསང་རྒྱུད་བཀའི་ལྡེ་མིག་ཅེས་བྱ་བ། ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ལས། ལོངས་སྐུ་གསལ་དག་རྣམ་པར་བཀྲ་བའི་གཟི་བརྗིད་ཀྱི། སྤྲུལ་སྐུ་འགྲོ་འདུལ་ཐབས་ཀྱི་རྒྱལ་མོ། བཅོམ་ལྡན་འདས་བདེ་བའི་དབང་མོ་ཆེ་དཔལ་འབར་བརྩེ་བའི་སྒྲ་དབྱངས་མ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བདེ་བའི་དབང་མོ་ཆེའི། །བྷ་ག་ཡངས་པའི་དཀྱིལ་འཁོར་ནས། །རྣམ་པར་རོལ་པའི་རྩལ་འགྱེད་མ། །སྤྲུལ་དང་ཡང་སྤྲུལ་དཔག་མེད་ཀྱིས། །ས་དང་བར་སྣང་གཡོ་བྱེད་མ། །སྐུ་གསུང་ཐུགས་ལས་རང་བྱུང་བའི། །སྣ་ཚོགས་མཁའ་འགྲོ་འཁོར་དང་བཅས། །ཀུན་ཀྱང་རབ་འཇིགས་དུར་ཁྲོད་ཆས། །དར་དང་རིན་ཆེན་རུས་པས་སྤྲས། །ལག་ན་གྲི་ཐོད་ཁ་ཊ༷་འཛིན། །སྐུ་ཡི་རིགས་དང་གསུང་གི་རིགས། །ཐུགས་ཀྱི་རིགས་དང་ཡོན་ཏན་རིགས། །ཕྲིན་ལས་རིགས་དང་རྣམ་ལྔ་ལྔ། །རྡོ་རྗེའི་རིགས་དང་རིན་ཆེན་རིགས། །པདྨའི་རིགས་དང་ལས་ཀྱི་རིགས། །དེ་བཞིན་རིགས་དང་རྣམ་པ་ལྔ། །དཀར་སེར་དམར་ལྗང་མཐིང་ག་སྟེ། །ཡེ་ཤེས་ལས་ལས་གྲུབ་པ་ཡི། །འཁོར་དང་ཡང་འཁོར་བཅས་རྣམས་ཀྱང་། །སྣ་ཚོགས་ལས་བྱེད་ཆོ་འཕྲུལ་འགྱེད། །རྣམ་འགྱུར་གར་གྱི་རོལ་པ་ཅན། །སྟངསསྟབསགཅིགཏུམངེས་ཤིང་། །གདུལ་བྱའི་དོན་དུ་ངེས་མེད་སྟོན། །དགོངས་པའང་གཅིག་ཏུ་མ་ངེས་པར། །གང་ལ་གང་འདུལ་ཐབས་ལྡན་པས། །འགྲོ་འདུལ་ཐུགས་རྗེས་ཡོངས་ལ་ཁྱབ། །དེ་ལྟར་གཙོ་འཁོར་བཅས་པ་རྣམས། །དུར་ཁྲོད་རབ་འཇིགས་ཀློང་ཡངས་སུ། །ལྷན་ཅིག་རྣམ་པར་རོལ་པའི་ཚེ། །གཙོ་མོའི་སྐུ་ལས་སྤྲུལ་པའི་འཁོར། །དཀར་མོ་རིགས་ཀྱི་ཌའསྐི་མས། །ཡེ་ཤེས་བསྐྱེད་པའི་ཚུལ་ཞུས་པས། །བཅོམ་ལྡན་འདས་མས་བཀའ་སྩལ་པ། །རྡོ་རྗེ་ལུས་ཀྱི་ལྡེ་མིག་བསྟན། །གཙོ་མོའི་གསུང་ལས་སྤྲུལ་པའི་འཁོར། །དམར་མོ་རིགས་ཀྱི་ཌའསྐི་མས། །བཟླས་པས་སྔགས་ཀྱི་ཚུལ་ཞུས་པས། །བཅོམ་ལྡན་འདས་མས་བཀའ་སྩལ་པ། །གསུང་དབྱངས་ངག་གི་ལྡེ་མིག་གསུངས། །གཙོ་མོའི་ཐུགས་ལས་སྤྲུལ་པའི་འཁོར། །སྔོན་མོ་རིགས་ཀྱི་ཌའསྐི་མས། །གནས་ལུགས་དགོངས་པའི་དོན་ཞུས་པས། །བཅོམ་ལྡན་འདས་མས་བཀའ་སྩལ་པ། །ཐུགས་མཛོད་གནས་ལུགས་ལྡེ་མིག་གསུངས། །གཙོ་མོའི་ཡོན་ཏན་སྤྲུལ་པའི་འཁོར། །སེར་མོ་རིགས་ཀྱི་ཌའསྐི་མས། །བསྙེན་དང་བསྒྲུབ་པའི་གནད་ཞུས་པས། །བཅོམ་ལྡན་འདས་མས་བཀའ་སྩལ་པ། །བསྙེན་སྒྲུབ་ལས་ཀྱི་ལྡེ་མིག་གསུངས། །གཙོ་མོའི་ཕྲིན་ལས་སྤྲུལ་པའི་འཁོར། །ལྗང་ནག་རིགས་ཀྱི་ཌའསྐི་མས། །སྣ་ཚོགས་ཕྲིན་ལས་དོན་ཞུས་པས། །བཅོམ་ལྡན་འདས་མས་བཀའ་སྩལ་པ། །སྣ་ཚོགས་ལས་བསྒྱུར་ལྡེ་མིག་གསུངས། །ཉིད་ཀྱི་སྤྲུལ་པའི་འཁོར་གྱི་ཚོགས། །ཡེ་ཤེས་ལས་ལས་གྲུབ་འདུས་ནས། །མགྲིན་གཅིག་དབྱངས་ཀྱིས་ཞུས་པ་ནི། །ཆོ་འཕྲུལ་རྟགས་ཀྱི་བྱུང་ཚུལ་ཞུས། །བཅོམ་ལྡན་འདས་མས་བཀའ་སྩལ་པ། །རྟགས་དང་ཆོ་འཕྲུལ་ལྡེ་མིག་གསུངས། །མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།བཅོམ་ལྡན་འདས་མས་བཀའ་སྩལ་པ། །སྐུ་ལས་སྤྲུལ་པའི་མཁའ་འགྲོ་ཉོན། །རང་ཅག་གཙོ་འཁོར་བསྐྱེད་འདོད་ན། །རང་འདོད་བྲལ་བའི་བརྩེ་སེམས་ཀྱིས། །གནས་བཟང་དུར་ཁྲོད་རབ་འཇིགས་བསྒོམ། །རང་སྣང་རྩལ་གྱི་ཆོ་འཕྲུལ་ལས། །ཡེ་ཤེས་ཆེན་པོའི་མེ་རླུད་གིས། །བདག་ལུས་འབྱུང་བའི་གྲོང་ཁྱེར་བཤིག །སྐད་ཅིག་ཡེངས་མེད་དམིགས་པ་ཡིས། །སྙི༷༷དང་མ་ལས་གཙོ་མོ་ནི། །དམར་ནག་ཞལ་གཅིག་ཕྱག་གཉིས་མ། །ཞལ་གཅིག་ཁྲོ་ཞལ་འཇིགས་རྔམས་ཅན། །ཞལ་གཅིག་རྟོག་མེད་ཕྱག་གི་གདོང་། །རབ་ཏུ་ཁྲོས་པའི་གད་རྒྱངས་སྒྲོགས། །ཕྱག་གཡས་གྲི་གུག་ནམ་མཁར་ཕྱར། །གཡོན་པས་ཐོད་ཁྲག་ཐུགས་ཀར་བསྐྱིལ། །བརྐྱང་བསྐུམ་རོ་ཡིས་གདན་ལ་འགྱིང་། །རྣམ་འགྱུར་གར་གྱི་རོལ་པ་ཅན། །དུར་ཁྲོད་རིན་ཆེན་རུས་པ་དང་། །སྣ་ཚོགས་དར་གྱི་ཅོད་པན་སྤྲས། །ནུ་མ་འབུར་ཞིང་བྷ་ག་རྒྱས། །ལང་ཚོ་དར་ལ་བབ་པའི་ཚུལ། །རལ་པ་ནག་པོ་གྱེན་མཐུར་ལས། །དྲིལ་བུ་གཡེར་ཁའི་སྒྲ་དབྱངས་འཁྲོལ། །དཔའ་བོ་ལས་ཀྱི་ཚུལ་ཅན་དུ། །མཆན་ཁུང་ཁྲུ་མོ་ཁ་ཊ༷་ག །གཙོ་མོ་ཆེན་མོ་དཔལ་འབར་མ། །རང་འོད་འཁྲིགས་པའི་དབུས་ན་བཞུགས། །དེ་ཡི་ཕྱོགས་བཞིར་བསྐྱེད་པའི་འཁོར། ཁྲར་དུ་རྡོ་རྗེ་རིགས་ཀྱི་འཁོར། །ཡི་གེ་ཧ་ལས་བྱུང་བ་ཡི། །སྔོན་མོའི་མདོག་ཅན་མཁའ་འགྲོ་མ། །རྡོ་རྗེ་གྲི་གུག་ཐོད་པ་འཛིན། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་འཁོར། །ཡི་གེ་རི་ལས་བྱུང་བ་ཡི། །སེར་མོའི་མདོག་ཅན་མཁའ་འགྲོ་མ། །རིན་ཆེན་གྲི་གུག་ཐོད་པ་འཛིན། །ནུབ་ཕྱོགས་པདྨ་རིགས་ཀྱི་འཁོར། །ཡི་གེ་ནི་ལས་བྱུང་བ་ཡི། །དམར་མོའི་མདོག་ཅན་མཁའ་འགྲོ་མ། །པདྨ་གྲི་གུག་ཐོད་ཁྲག་འཛིན། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་འཁོར། །ཡི་གེ་ས་ལས་བྱུང་བ་ཡི། །ལྗང་གུའི་མདོག་ཅན་མཁའ་འགྲོ་མ། །རྒྱ་གྲམ་གྲི་གུག་ཐོད་པ་འཛིན། །ཀུན་ཀྱང་རྣམ་འགྱུར་གར་སྟབས་ཅན། ཁྲོས་པའི་ཚུལ་ལ་དུར་ཁྲོས་ཆས། །རང་རང་ཐབས་ཀྱི་དཔའ་བོ་དང་། །མཉམ་རོལ་ཁ་ཊ༷་མཆན་ཁུང་འཁྱུད། །སོ་སོར་རང་རང་རིགས་ཀྱི་འཁོར། །འཇིག་རྟེན་འདས་དང་མ་འདས་པའི། །མཁའ་འགྲོ་དཔའ་བོ་མང་པོས་བསྐོར། །ཀུན་ཀྱང་ཆ་ལུགས་རྣམ་འགྱུར་ཀུན། །གཅིག་ཏུ་མ་ངེས་སྣ་ཚོགས་སྟོན། །སྒྲུབ་པ་པོ་ཡི་གྲོགས་མཛད་ཅིང་། །དམ་ཚིག་ཅན་གྱི་བསྟན་པ་བསྲུང་། །ཉམས་པ་ཅན་ལ་ཆད་པ་གཅོད། །རང་འོད་འཁྲིགས་པའི་ཀློང་དཀྱིལ་ན། །དེ་ལྟར་གཙོ་འཁོར་བསྐྱེད་པ་སྟེ། །གདུལ་བྱའི་སྣང་ཚུལ་ཐ་དད་པས། །ལུས་གྲུབ་རྩ་གྲུབ་ལྷན་ཅིག་པས། །གཞལ་ཡས་མ་བསྐྱེད་ངང་གིས་གསལ། །རྩ་གྲུབ་དེ་ལ་ཐིག་ལེས་ཁྱབ། །སྣ་ཚོགས་རིགས་ཀྱི་མཁའ་འགྲོ་མ། །མ་བསྐྱེད་རང་བཞིན་ལྷུན་གྱིས་གྲུབ། །དེ་ལྷར་རྩ་དང་ཐིག་ལེའི་བདག །བྱང་ཆུབ་སེམས་ཀྱི་རྒྱུན་རླུད་གིས། །བསྐྱེད་བྱ་སྐྱེད་བྱེད་སྐྱེད་མཁན་རྣམས། །རྩོལ་བྲལ་རང་བྱུང་རྣམ་པར་དག །དེས་ན་དམ་ཚིག་ཡེ་ཤེས་ཀྱང་། །གཉིས་མེད་ལྷན་ཅིག་སྐྱེས་པའི་ཕྱིར། །གཉིས་མེད་གཉིས་སུ་མེད་པར་རོལ། །འོན་ཀྱང་རིག་རྩལ་ཆོ་འཕྲུལ་ལས། །ཆུ་ལ་ཆུ་བཞག་རྣམ་པ་ཅན། །དགུག་བསྟིམ་དམིགས་པའི་བྱེ་བྲག་ཀྱང་། །གང་འོས་རྣམ་འགྱུར་སྣ་ཚོགས་སྤྲོ། །དེ་ལྟར་དམ་ཚིག་ཡེ་ཤེས་བསྐྱེད། །མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལས། མཁའ་འགྲོའི་གཙོ་འཁོར་བསྐྱེད་པའི་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།བཅོམ་ལྡན༷་འདས་བཀའ་སྩལ་པ། །གསུང་ལས་སྤྲུལ་པའི་མཁའ་འགྲོ་ཉོན། །མཁའ་འགྲོ་གཙོ་དང་འཁོར་རྣམས་ཀྱི། །བཟླས་པ་སྔགས་ཀྱི་ཚུལ་ལུགས་ནི། །རྩ་བ་ཡན་ལག་རྣམ་པ་གཉིས། །རྩ་བ་གཙོ་མོའི་བཟླས་པ་སྟེ། །ཨཱོཾ་བཛྲ་བྷ་ར་ཧི། ཌའ་ཀི་ནི་དྷི༷༷གྲྭ་ཧྭ། ཕྱི་ནང་གསང་བར་རབ་གྲགས་པའི། །འཛབ་དང་ཤུབ་བུའི་བཟླས་པ་དང་། །སྐྱེ་མེད་རྡོ་རྗེའི་བཟླས་པ་སྟེ། །རབ་འབྲིང་ཐ་མའི་བློ་ཅན་གྱིས། །འབྱིན་འཇུག་གནས་པ་རླུད་གི་གྲངས། །རང་བྱུང་རྩོལ་བྲལ་བསྙེན་པ་ཡིས། །ཡེ་ཤེས་མཁའ་འགྲོ་ངང་གིས་འགྲུབ། །རྩོལ་བཅས་འབད་པ་ཉིད་དག་གིས། །འཇིག་རྟེན་འཁྲུལ་གཏམ་སྤངས་ནས་ནི། །དད་བརྩོན་དམ་ཚིག་ལྡན་པ་ཡིས། །ཡང་དག་རྩ་བའི་བསྙེན་པ་ནི། །གྲངས་དང་དུས་དང་རྟགས་རྣམས་ནི། །ཡང་དག་གསུངས་ལ་འབད་པར་བྱ། །ཕྱི་ནང་རླུད་གི་སྦྱོར་བ་དང་། །རང་བབས་གནས་ལུགས་འཁྲུལ་འཁོར་གྱིས། །དམིགས་པ་སྙིང་གའི་འཁོར་ལོ་བསྐོར། །ས་བོན་དག་ལ་རབ་བསྐོར་བས། །དགའ་བ་འཁྱིལ་པ་ཡེ་ཤེས་བསྐྱེད། །སྤྱི་བོ་ལ་སོགས་གནས་ལྔ་སྲ །སྔགས་ཀྱི་ཡེ་ཤེས་སེམས་དཔའ་དབབ། །བདེ་སྟོང་ངང་དུ་མཉམ་པར་བཞག །སྤངས་རྟོགས་ཡེ་ཤེས་གྲུབ་པ་སྟེ། །དྲིལ་དང་བསྒྲག་དང་གཏོར་བ་དང་། །གནད་ལ་ངེས་པར་དབབ་པ་ཡིས། །བཅོམ་ལྡན་འདས་མ་ཉིད་དང་ནི། །རྣལ་འབྱོར་དབྱེར་མེད་གཅིག་གྱུར་པས། །འཕྲོ་འདུས་འཁོར་རྣམས་དམ་ལ་བཏགས། །དམིགས་པའི་གནད་ཀྱིས་རབ་ཏུ་གཟིར། །ཡན་ལག་འཁོར་གྱི་བསྙེན་པ་སྟེ། །སྲོག་གི་ཡི་གེ་ཉིད་བསྟན་པ། །རྡོ་རྗེ་རིན་ཆེན་པདྨ་ལས། །རིམ་བཞིན་ཧ་རི་ནི་ས་སྟེ། །ཨ་ཡིས་ཡང་དག་དབུ་བརྙེས་ཤིང་། །ཧུ༷་གིས་སྡུད་ཅིང་ཕཊ་ཀྱིས་གཏོར། །སྡུད་པས་སྙིང་གི་དཀྱིལ་དུ་སྟེ། །གཏོར་བ་རྩ་གནས་ལུས་ལའོ། །ཨ་ཧ་རི་ནི་ས་ཧྭ༷་ཕཊ། འདི་བདུན་ཡང་དྲིལ་སྲོག་གི་སྔགས། །གནད་འབེབས་ཡེ་ཤེས་དབབ་དང་བཅས། །ཨུ་བེ་ཤ་ཡ་ཉྭ་ཉྭ་གདགས། །སྲོག་ཡིག་དམ་དུ་བཅངས་པའོ རང་རང་མཚན་སྔགས་བསྟན་པ་ནི། །ཨཱོཾ༷་བཛྲ་ཌའ་ཀི་ནི་ཧུ༷་ཕཊ། ཨཱོཾ༷་རཏྣ་ཌའ་ཀི་ནི་ཧུ༷་ཕཊ། ཨཱོཾ༷་པདྨ་ཌའ་ཀི་ནི་ཧུ༷་ཕཊ། ཨཱོཾ༷་ཀརྨ་ཌ་ཀི་ནི་ཧུ༷་ཕཊ། དེ་ལྟར་རིགས་བཞི་དག་ལ་ནི། །རིགས་བསྔས་པ་ཡི་གཙོ་མཆོག་ཏུ། །ཨཱོཾ༷་བུརྙ་ཌའ་ཀི་ནི་ཧུ༷་ཕཊ། ཀུན་ཁྱབ་ཡེ་ཤེས་གདལ་ཁྱབ་བོ། །དེ་ལྟར་སྲོག་ཡིག་མཚན་སྔགས་ཏེ། །གཙོ་འཁོར་རབ་ཏུ་དྲིལ་ནས་ནི། །གནད་ལ་གཟིར་བའི་སྔགས་བསྟན་པ། །ཨོ་བཛྲ་བྷ་ར་ཧཱུཾ། ཧི༷༷མ་ཌའ་ཀི་ནིཧ་རི་ནི་ས། སརྦ་སིརྙི་ཕ་ལ་ཧུ༷་ཨ། དེ་ལྟར་རྩ་སྲོག་ཡང་དག་ལྡན། །དངོས་གྲུབ་བཅས་པ་དེ་ཉིད་ཀྱི། །ལས་ཀྱི་འབྲས་བུ་མཆིས་པར་འགྱུར། །གཙོ་འཁོར་གནད་ལ་ཕེབས་པ་ཡིས། །སོ་སོའི་སྦྱོར་བ་ཉིད་དང་ནི། །རླུད་གི་གནད་ལ་ཡང་དག་དབབ། །སྲོག་གི་གནད་དུ་ཡང་ཡང་བསྐུལ། །རླུད་གི་རྟ་ལ་རབ་སྐྱོན་པས། །གང་ལ་གང་འདུལ་ཐབས་ཀྱི་ཆ། ཁྲསྟི་བ་ཤ༷་ཚུརྙུ་དང་། །ནཱ་ར་ཡ་ཡི་ལས་མཐའ་སྦྱར། །དེ་ལས་སྤྲོས་པའི་ཡན་ལག་ཏུ། །ངར་དང་ལྡན་པས་གང་དང་གང་། །སོ་སོར་གཏན་ལ་དབབ་པས་འབད། །རྩོལ་བཅས་རྩོལ་བྲལ་ཉིད་དག་དང་། །སྟོབས་དང་ལྡན་པས་ཤེས་པར་བྱ། །གཞན་ཡང་གསུང་ལས་རབ་གྲགས་པ། །བསྟོད་དང་གནད་ནས་བསྐུལ་བའི་ལས། །སོ་སོར་རྫས་དང་བཅས་པས་ཀྱང་། །གང་ལ་གང་རིགས་ཤེས་པར་བྱ། །མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལས། བཟླས་པ་སྔགས་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།བཅོམ་ལྡན་འདས་མས་བཀའ་སྩལ་པ། །ཐུགས་ལས་སྤྲུལ་པའི་མཁའ་འགྲོ་ཉོན། །ཡང་དག་དོན་གྱི་གནས་ལུགས་ནི། །གུད་ན་ཡོད་པ་མ་ཡིན་ཅིང་། །རང་གསལ་རང་བྱུང་བདེ་ཆེན་ཆོས། །་ངོད་ནས་རྣམ་དག་ཡེ་ཤེས་ཉིད། །སྤྲོས་བྲལ་ཆོས་ཀྱི་སྐུར་བཞུགས་པས། །རང་བྱུང་ཉིད་ལས་དེ་མ་འདས། །གསལ་ལ་དག་ཅིང་རྙོག་པ་མེད། །མེ་ལོང་ཆུ་ཟླའི་རྣམ་པ་ཅན། །མཛེས་ཤིང་ཡིད་འོང་མཚན་དཔེར་ལྡན། །སྣང་སྟོང་ལོངས་སྤྱོད་རྫོགས་སྐུར་བཞུགས། །དེ་ཡང་རང་ལས་གུད་དུ་མིན། །ཐུགས་རྗེས་འགྲོ་འདུལ་རྩལ་པོ་ཆེ། །ཡངས་པ་ཆེ་ལ་ལོངས་སྤྱོད་ཅིང་། །ཅིར་ཡང་སྤྲུལ་པའི་རྣམ་འགྱུར་ཅན། །འཕྲོ་དང་འདུ་དང་དཔའ་ཤུགས་ཅན། །གནས་དང་ལོངས་སྤྱོད་ཡང་རྩལ་ཅན། །གདུལ་བྱ་འདུལ་བའི་ཐབས་སྟོབས་ཅན། །སྣ་ཚོགས་སྤྲུལ་པའི་སྐུར་བཞུགས་པ། །དེ་ལྟར་སྐུ་གསུམ་རང་བྱུང་དང་། །དེ་ལས་རྣམ་པར་རབ་འཕྲོས་པས། །ཡང་དག་གནས་ལུགས་རྫུ་འཕྲུལ་མཆོག །བསམ་གྱིས་མི་ཁྱབ་ཡང་དག་ལྡན། །རྣམ་པར་རིག་བཀྲ་ཤེས་པར་བྱ། །མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལས། ཡང་དག་དོན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བཞི་པའོ།། །།བཅོམ་ལྡན་འདས་མས་བཀའ་སྩལ་པ། །ཡོན་ཏན་སྤྲུལ་པའི་མཁའ་འགྲོ་ཉོན། །བསྙེན་པ་དང་ནི་སྒྲུབ་པའི་དོན། །དང་པོ་བསྙེན་པའི་ལས་ལ་འཇུག །ལུས་ནི་སྣ་ཚོགས་མཁའ་འགྲོ་ཡི། །སྟངས་སྟབས་རྣམ་འགྱུར་དག་ལ་བསླབ། །འཁྲུལ་འཁོར་གནད་ལ་རབ་ཏུ་གཟིར། །ངག་ནི་ལོག་གཏམ་སྨྲ་བ་བཅད། །རླུང་གི་རྩོལ་བ་དང་ལྡན་པས། །བཟླས་པ་སྔགས་ཀྱི་གནད་ལ་གཟིར། །ཡིད་ནི་མི་འགྱུར་དང་ལྡན་པས། །སྔགས་ཀྱི་འཁྲུལ་འཁོར་ལ་སོགས་པ། །ལྷ་དང་བཅས་པའི་ཏིང་འཛིན་གཟིར། །དེ་ལྟར་ལུས་ངག་ཡིད་གསུམ་པོ། །ཡེངས་མེད་ལྷ་ཡི་སྲང་ལ་གཅུར། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །གཡོ་བ་མེད་པའི་གནད་ལ་གཟིར། །ལུས་ངག་ཡིད་གསུམ་གཏན་ཐུབ་པས། །ཡེ་ཤེས་བྱིན་ཆེན་ཕེབ་པ་དང་། །རྟགས་དང་ཆོ་འཕྲུལ་སྣ་ཚོགས་འབྱུང་། །དེ་ནས་སྒྲུབ་པའི་ལས་ལ་འཇུག །གཟའ་སྐར་དུས་ཚོད་ཤིས་པ་ལ། །ཡིད་འོང་གནས་སུ་དཀྱིལ་འཁོར་བྲི། །ཕྱི་ནང་གསང་སོགས་རྫས་རྣམས་དང་། །མཆོད་གཏོར་ཐུགས་དམ་སྐོང་རྫས་རྣམས། །བཀོད་པ་ཕུན་སུམ་ཚོགས་པར་བཤམ། །མཚམས་ཀྱི་རིམ་པ་དམ་པར་བཅད། །དགྱེས་པར་བྱེད་པ་མཆོད་པའི་རྫས། །འདུ་བར་བྱེན་པ་བརྟེན་པའི་རྫས། །ལས་ལ་རྒྱུག་པ་མངག་པའི་རྫས། །སྣ་ཚོགས་རྫས་ཀྱི་བྱེ་བྲག་རྣམས། །དུར་ཁྲོད་རྫས་ལ་གཞི་བླངས་པས། །བག་གྲོ་ཕྱིན་ཆགས་བརྗིད་པར་བཀྲམ། །དེ་ལྟར་རྟེན་རྣམས་རྫོགས་པ་དང་། །རང་ཉིད་སྒོ་གསུམ་མཉམ་གནས་པས། །སྒྲུབ་པའི་ལས་ལ་འཇུག་པར་བྱ། །བདག་བསྐྱེད་མདུན་དུ་བསྐྱེད་པ་ཡི། །ལྷ་ཡི་ཏིང་འཛིན་གསལ་བར་བསྒོམ། །དེ་ནས་བཟླས་པའི་ལས་ལ་འཇུག །སྨྲ་བ་བཅད་དེ་ཡེངས་མེད་འབད། །ཐུན་བར་དམིགས་པའི་འཁྲུལ་འཁོར་བསྐོར། །མཆོད་དང་གཏོར་མ་བསྟོད་པ་བྱ། །ཡེ་ཤེས་དབབ་ཅིང་ཕྲིན་ལས་གཞོལ། །དེ་ལྟར་རྟགས་རྫོགས་བར་དུ་སྟེ། །དུས་ལ་མ་གཡེལ་བསྒྲུབ་པར་བྱ། །ཕྱི་ནང་གསང་རྟགས་རྫོགས་ནས་ཀྱང་། །བསྒྲུབས་རྗེས་ལས་ཀྱི་མཐའ་སྡུད་དང་། །དམིགས་སུ་བསྒྱུར་བའི་རིམ་པ་རྣམས། །རང་རང་གནས་སྐབས་སྐབས་དང་བསྟུན། བསྒྲུབ་པའི་སྙིང་པོ་ལོན་པར་བྱ། །མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལས། བསྙེན་དང་སྒྲུབ་པའི་ལས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།བཅོམ་ལྡན་འདས་མས་བཀའ་སྩལ་པ། །ཕྲིན་ལས་སྤྲུལ་པའི་མཁའ་འགྲོ་ཉོན། །ཕྲིན་ལས་མཁའ་འགྲོ་ཁ་བསྒྱུར་སྣ་ཚོགས་ནི། །བསྙེན་དང་སྒྲུབ་ལ་བརྟན་ཐོབ་ནས། །གང་དང་གང་གིས་ཞི་བའི་ལས། །བདག་ཉིད་རྡོ་རྗེ་མཁའ་འགྲོ་ཡི། །ང་རྒྱལ་ལྡན་པས་སྣ་ཚོགས་བརྩམ། །དེ་བཞིན་རྒྱས་པའི་ལས་རྣམས་ཀྱང་། །བདག་ཉིད་རིན་ཆེན་མཁའ་འགྲོ་ཡི། །ང་རྒྱལ་ལྡན་པས་སྣ་ཚོགས་བརྩམ། །དབང་བྱེད་དབང་གི་ལས་རྣམས་ཀྱང་། །བདག་ཉིད་པདྨ་མཁའ་འགྲོ་ཡི། །ང་རྒྱལ་ལྡན་པས་སྣ་ཚོགས་བརྩམ། །དྲག་པོ་མངོན་སྤྱོད་ལས་རྣམས་ཀྱང་། །བདག་ཉིད་ལས་ཀྱི་མཁའ་འགྲོ་ཡི། །ང་རྒྱལ་ལྡན་པས་སྣ་ཚོགས་བརྩམ། །དེ་ལས་གཞན་པའི་སྣ་ཚོགས་ཀྱང་། །བདག་ཉིད་སངས་རྒྱས་མཁའ་འགྲོ་ཡ། །ང་རྒྱལ་ལྡན་པས་བརྩམ་པར་བྱ། །གཞན་ཕན་བསམ་པའ་ལས་སྦྱོར་གྱི། །བརྩམ་པ་མཐར་ཕྱིན་རང་དོན་ཀུན། ཁུགས་འབྱུང་འགག་པ་མེད་པར་འགྲུབ། །རང་འདོད་ཁེངས་པའི་ལས་སྦྱོར་ནི། །ཚེ་ལོ་དགུ་ཁྲི་དགུ་འབུམ་བར། །འབད་ཀྱང་ངལ་བ་དོན་མེད་ཡིན། །སྒྲིབ་པ་མེད་པའི་བསམ་གཏན་གྱིས། །གང་དང་གང་གི་ལས་བསྒྲུབས་ཀྱང་། །དངོས་དང་སྤྲུལ་པ་ཡང་སྤྲུལ་གྱི། །དངོས་སམ་སྤྲུལ་པའི་ཚུལ་ཅན་གྱིས། །ལས་གང་མྱུར་དུ་འགྲུབ་པར་འགྱུར། །ཕོ་ཉ་ལས་ཀྱི་སྔགས་པ་ཡིས། །སྔགས་ལ་བརྟེན་པ་ཐོབ་ནས་ཀྱང་། །ལེགས་ཕྱོགས་དཀར་བའི་འདུན་པ་ཡིས། །ལེགས་བརྩོན་དོན་གྲུབ་རྒྱལ་པོའོ། །མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལས། །ལས་ཁ་བསྒྱུར་གྱི་རིམ་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།བཅོམ་ལྡན་འདས་མས་བཀའ་སྩལ་པ། །འཇིག་རྟེན་འདས་དང་མ་འདས་པའི། །མཁའ་འགྲོ་སྤྲུལ་པའི་འཁོར་རྣམས་ཉོན། །ཌའསྐི་བསྙེན་ཅིང་བསྒྲུབ་པ་ཡི། །རྟགས་དང་མཚན་མའི་རིམ་པ་ནི། །ཕྱི་དང་ནང་གི་རྟེན་འབྲེལ་དུ། །རྣམ་པ་བསམ་གྱིས་མི་ཁྱབ་འཆར། །རབ་ལ་དངོས་དང་འབྲིང་ལ་ཉམས། །ཐ་མ་རྨི་ལམ་དག་ལ་འཆར། །སྐུ་བཞི་ཡེ་ཤེས་ལྔ་སྤྲུལ་དང་། །ཡང་སྤྲུལ་གྲངས་ལས་འདས་པ་སྟེ། །སྐུ་དང་གསུང་དང་ཐུགས་ཐོབ་རྟགས། །སོ་སོའི་རིགས་དང་རིགས་འདྲ་བ། །མཁའ་དག་ཤེལ་དང་བུམ་གཏེར་དང་། །རིན་ཆེན་འབྲུ་ཡི་ཕུང་པོའམ། །ཆར་དུ་བབ་སོགས་དཔག་མེད་དང་། །བཟའ་བ་་ལ་སོགས་ལོངས་སྤྱོད་རྫས། །སྤྱིན་དང་འབུལ་སྟེར་བཀུར་སྟི་བྱེད། །མ་སྲིང་མཛའ་མོ་བུད་མེད་རིགས། རྒྱན་མཛེས་གོས་བཟང་གུས་ཤིང་འདུད། །གྲོགས་དང་བརྩེ་དགའ་རྗེས་སུ་འབྲང་། །དགའ་བའི་རྣམ་འགྱུར་དཔག་མེད་སྟོན། །རིགས་པ་དངས་ཤིང་བདེ་སྟོང་འབར། །བདེ་ལེགས་ཡོན་ཏན་འཕེལ་བ་ཡི། །རྣམ་འགྱུར་བརྡ་རྟགས་དཔག་མེད་འབྱུང་། །སྒྲ་འོད་ཟེར་དང་མཛེས་པའི་གཟུགས། །རིགས་དང་རིགས་འདྲ་དཔག་མེད་འབྱུང་། །གཞན་ཡང་ཆོ་འཕྲུལ་རྣམ་པ་ནི། །ཕྱི་ནང་འབྱུང་བའི་ཉེར་ལེན་དང་། །ལས་དང་ལས་རྣམས་འཐབ་པ་དང་། །རྩ་རླུད་ཐིག་ལེའི་གང་སྟོང་དང་། །དེ་དག་འཁྲུལ་པའི་ཆོ་འཕྲུལ་ལས། །ལུས་ངག་ཡིད་ཀྱི་དཀྱིལ་འཁོར་དུ། །བསམ་གྱིས་མི་ཁྱབ་འབྱུང་བ་སྟེ། །རང་རང་བློ་ཡིས་ལེགས་པར་དཔྱད། །བཟང་ལ་རྣམ་པར་མི་སྤྲོ་ཞིང་། །ངན་ལ་སྐྲགས་པ་བསྐྱེད་མི་བྱེད། །གང་དང་གང་གི་རྟགས་དང་ནི། །ཆོ་འཕྲུལ་རྣམ་པ་གང་ལ་ཡང་། །ཆེད་མེད་གལ་མ་མཆིས་སུ་གཞག །རྣམ་པར་འཆོལ་བའི་རིགས་རྣམས་དང་། །ངེས་པ་ཅན་དང་ངེས་པ་མེད། །དེ་སོགས་གང་དང་གང་ལ་ཡང་། །བསམ་གྱིས་མི་ཁྱབ་བརྟག་དཀའ་བས། །རྣལ་འབྱོར་ལུས་ངག་ཡིད་ཉམས་གཙོ། །ལུས་ངག་ཡིད་གསུམ་དབང་འབྱོར་བས། །སྣང་སྲིད་གཏན་ལ་ཕེབས་པ་སྟེ། །འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ། །བཟང་མོའི་ཀློང་དུ་སྨིན་ཅིང་གྲོལ། །བསྐྱར་མེད་འཁྲུལ་འཁོར་ལ་ཐག་བཅད། །འཕོ་འགྱུར་མེད་པར་གཏན་ལ་ཕེབས། །མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལས། །རྟགས་དང་ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཉིད་ལས་སྤྲུལ་པའི་འཁོར། །དཀར་མོ་སྐུ་དང་དམར་མོ་གསུང་། །སྔོན་མོ་ཐུགས་ཀྱི་རིགས་རྣམས་དང་། །སེར་མོ་ཡོན་ཏན་རིགས་དང་ནི། །ལྗང་གུ་ཕྲིན་ལས་རིགས་རྣམས་ཏེ། །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་ཚོགས། །དངོས་དང་སྤྲུལ་པ་ཡང་སྤྲུལ་འཁོར། །ལས་ལས་གྲུབ་པའི་མཁའ་འགྲོ་མ། །དངོས་དང་སྤྲུལ་པ་ཡང་སྤྲུལ་ཏེ། །འཁོར་གྱི་མཁའ་འགྲོ་མཐའ་ཡས་རྣམས། །དགའ་ཞིང་སྤྲོ་བའི་རྣམ་འགྱུར་གྱིས། །ལུས་ཀྱིས་གར་སྟབས་སྣ་ཚོགས་བསྟན། །ངག་གིས་བསྟོད་བསྔགས་གླུ་དབྱངས་སྒྲོགས། །ཡིད་ཀྱིས་བསམ་གཏན་རང་བཞིན་སྤྲུལ། །བཅོམ་ལྡན་འདས་མའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་བཅས་པ་ལ། །རྣམ་འགྱུར་དུ་མས་མངོན་པར་བསྟོད། །ལྷ་དང་བཅས་པའི་འཇིག་རྟེན་ཀུན། །གཡོ་དང་འགུལ་དང་བརྡེག་པ་དང་། །འོད་ཀྱི་དྲ་བས་ཁེངས་པ་དང་། །ལྷ་དང་མི་དང་ལྷ་མ་ཡིན། །དྲི་ཟར་བཅས་པ་ཐམས་ཅད་ཀྱང་། །དགའ་ཞིང་གུས་པས་མངོན་པར་བསྟོད། །མཁའ་འགྲོ་གསང་རྒྱུད་བཀའི་ལྡེ་མིག་ལས། རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་པའི་ལེའུ་སྟེ་་ངང་ངལྡེམིཅེ་་ཏེངབརྒྱད་པའ།། །།ཕྲན་ལས་མཐར་ཕྱན་རྨད་དུ་བྱུང་བ་མཁའ་འགྲ་གསང་རྒྱུད་བཀའ་ ་ ག་ ས་བྱ་བ་རྫགས་ས། །ས་མ་ཡ། རྒྱ་རྒྱ་རྒྱ། སྦས་རྒྱ། གཏད་རྒྱ། ག ར་རྒྱ། ཁ་ཐམ། དྷ་ཐམ། སྤྲུལ་སྐུ་གར་ངང་་ངཚེ་ངང་ང་ང་ང་ངགྱ་དབང་ཕྱུག་གས། ཡས་ལ་དགུན་ཟླ་ཐ་ཆུང་ག་ ས་བརྒྱད་ཡས་ཀྱ་དུས་སུ་བླ་དཀར་ཀླུ་བཙན་གྱ་གནས་ནས་གདན་དྲངས་པའ། །ས་འབྲུག་ག་ལ་སྟག་ག་ཟླ་བ་ན་ཆས་ཀྱ་བཀའ་བཀྲལ་ནས་འབྲུག་ག་ཟླ་བ་ལ་བཀའ་རྫོགས་ལུང་རྫོགས་ཨུ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་དང་བཅས་པ། བདག་ཅག་རྩ་བའི་བུ་བཅོ་ལྔ། ཆོས་བདག་ཉེར་གཅིག་དང་། ལས་ཅན་བརྒྱ་དང་རྩ་བརྒྱད་རྣམས་ལ་རིམ་པར་གནང་བ་ལགས་སོ།། །།ཨུ་རྒྱན་གསང་བའི་སྐད་དུ། མ་་་་༄་། རྒྱ་གར་སྐད་དུ། བུརྙ་སབོ་པུ་ཏྲ་ཨེ་ཀ །གྱུ་རྒྱུ་པུ་རི་ས་མ་ཏནྟྲ་ནཱ་མ། བོད་སྐད་དུ། སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པོ། གསང་བ་གཅོད་པ་