Ngb-pt-0213-vol-03-text
Front
Body
རྒྱ་གར་སྐད་དུ། བཛྲ་ཏེ་ཛ་བྲིན་ཛ་ལ་ཏནྟྲ། བོད་སྐད་དུ། རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཡུམ་གྱི་བྷ་ག་ལ། འཁོར་བྱང་ཆུབ་སེམས་དཔའ་རྣམས་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དགྱེས་པ་ཆེན་པོ་ལ་དབྱེར་མེད་པར་བཞུགས་སོ། །དེ་ནས་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན་བར་་དུ་གཅོད་པའི་བསམ་སྦྱོར་ངན་པ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། གང་ཟག་གི་མི་ལ་ལོག་པར་སྤྱོད་པ་དང་། བདུད་དང་བགེགས་ལ་ལོག་པར་སྤྱོད་པ་ཕྱོགས་གཅིག་ཏུ་གྱུར་ཏེ།དེ་ལ་མི་ལ་ལོག་པར་སྤྱོད་པ་ནི། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། ལྷུ་རྒྱ་མནྟྲའི་སྐུ་དག་བྱེད་པ་དང་། གང་ཟག་ཆོས་སྤྱོད་པ་ན་ཡང་། བཀའ་ལ་ཐུགས་ཐུབ་ཏུ་སྤྱད་པས། བདེན་པ་མ་ཁྲོལ་བས། སྙིང་རྗེའི་ལམ་དང་མ་འབྲེལ་བས་ཞེ་སྡང་གིས་སྲོག་གཅོད་པ་ལ་མི་འཛེམ་སྟེ། ཆོས་ཉིད་དབྱིངས་དང་བྲལ་བས་འདོད་ཆགས་ཀྱིས་སྲོག་ལ་བཙོངས བསམ་པ་མ་དག་པའི་གཏི་མུག་གིས་སེམས་ལ་བཙལ། ཕྲིན་ལས་མ་དག་པའི་བབ་ཅོལ་གྱིས་བསླུས། གསང་སྒོ་མེད་པའི་སྤྱོད་པས་བཀའ་ཉམས་ཏེ་འཆལ་བས། ཡིད་ཀུན་དང་ལོག་པའི་སྲིན་པོའམ་དམྱལ་བ་ཉིད་དུ་གྱུར་པས་ཕྱི་མའི་འབྲས་བུ་མེད་པའི་ཕྱིར་དུས་འདིར་ཅུང་ཟད་ཀྱི་བསམ་པ་མི་འགྲུབ་ཅིང་། ལོག་པའི་བདུད་དེ་དག་ཀྱང་དེའི་གྲོགས་བྱེད་པ་དང་། བགེགས་དང་བར་ཆོད་བྱེད་པའི་རིགས་ལས་ཀྱང་གཞི་བྱ་བར་བྱས་ནས་འབྱུང་པོ་ཕྱིར་ཤ་ཟན་དང་། འབྱུང་པོ་ཁྲག་འཐུང་མང་པོའི་ཚོགས་བརྒྱད་ཁྲི་བཞི་སྟོང་གི་ཚོགས་དང་བཅས་ནས། རྒྱབ་བརྟེན་དང་འཕྲལ་གྱི་དེད་དཔོན་དུ་འཇིག་རྟེན་གྱི་ང་རྒྱལ་དང་དྲེགས་པའི་བསོད་ནམས་སྤྱོད་པས་གྲུབ་པའི་དབང་ལྡན་བགེགས་ཀྱི་གཙོ་བོ་དང་།ཆུང་མ་དབང་ལྡན་དྲག་མོ་དང་བཅས་པ་བཟུང་ནས་བྱང་ཤར་གྱི་མཚམས་ནས་སེམས་ཅན་ཐམས་ཅད་ཀྱི་བདུད་གཅོད་པ་དང་། ཚེ་དང་བསོད་ནམས་དང་སྲོག་ལ་བརྐུ་བ་དང་། རྣལ་འབྱོར་པ་ཆོས་གཞུང་བཞིན་དུ་སྤྱོད་པ་ལ་གནས་འཕྲོག་པ་དང་། དམ་སྲི་དང་། བར་ཆོད་དང་། བསམ་སྦྱོར་ངན་པ་བྱེད་པ་དང་། དེ་དག་ཀྱང་ཤིན་ཏུ་འདུལ་དཀའ་བ་མི་ཐུལ་ཏེ་གདུལ་དཀའ་བར་གནས་སོ། །དེ་བཞིན་དུ་ལྷ་གདོན་དང་དྲི་ཟའི་གདོན་གྱི་རིགས་བསམ་གྱིས་མི་ཁྱབ་པའི་རྒྱབ་བརྟེན་དང་། དཀར་པོའི་ཕྱོགས་ལ་དྲེགས་པས་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་གདོན་གྱི་རིགས་མང་པོ་དང་། དེད་དཔོན་དུ་ཕྱོགས་སྐྱོང་བའི་བརྒྱ་བྱིན་དང་། ཆུང་མ་ཨིརྙི་བཟུང་ནས་ཤར་ནས་གོང་མ་བཞིན་དུ་བར་གཅོད་བྱེད་དོ། །དེ་བཞིན་དུ་ཤར་ལྷོ་མཚམས་ནས་ཐབ་གདོན་དང་། མེ་ལས་གྱུར་པའི་གདོན་རིགས་མང་པོ་དང་། དེད་དཔོན་དུ་མཚན་མའི་སྦྱིན་སྲེག་གི་ལས་ལས་གྲུབ་པའི་མེའི་ལྷ་དྲང་སྲོང་དང་། ཆུང་མ་མེ་ལམ་འབར་བར་སྐྱབས་བཙལ་ནས་གོང་མ་བཞིན་ནོ། །ལྷོ་ཕྱོགས་ནས་མ་མོའི་གདོན་རིགས་དང་། གྲུལ་བུམ་གྱི་གདོན་བསམ་གྱིས་མི་ཁྱབ་པ། འཇིག་རྟེན་གྱི་བསོད་ནམས་དྲག་པོར་སྤྱད་པ་ལས་གྲུབ་པའི་གཤིན་རྗེ་ཡ་མ་ནི། ཆུང་མ་གཤིན་རྗེ་འཇོམས་མ་ལ་སྐྱབས་བཙལ་ཏེ། ལྷོ་ནས་གནོད་པ་བྱེད་པ་གོང་བཞིན་ནོ། །ལྷོ་ནུབ་ནས་སྲིན་པོའི་གདོན་བརྗེད་བྱེད་ཀྱི་གདོན་བསམ་གྱིས་མི་ཁྱབ་པ་བསོད་ནམས་མཚན་མར་སྤྱད་པ་ལས་གྲུབ་པའི་བདེན་བྲལ་དང་། ཆུང་མ་སྲིན་མོ་རྐུན་མོ་ལ་སྐྱབས་དང་དཔུང་བཙལ་ནས་གནོད་པ་གོང་མ་བཞིན་ནོ། །ནུབ་ནས་ཀླུ་གདོན་དང་ཆུ་གདོན་ལ་སོགས་རིགས་བསམ་གྱིས་མི་ཁྱབ་པ་བསོད་ནམས་དངོས་པོར་སྤྱད་པའི་ཆུ་ལྷ་ཝ་རུ་ན་དང་། ཆུང་མ་ཆུ་མོ་སྟག་རིས་ལ་སོགས་པ་ལ་སྐྱབས་བཙལ་ནས་ནུབ་ནས་གནོད་པ་བྱེད་པ་གོང་བཞིན་ནོ། །ནུབ་བྱང་གི་མཚམས་ནས་རླུང་གདོན་སྨྱོ་བྱེད་དང་། རིག་སྔགས་འཆང་གི་གདོན་བསམ་གྱིས་མི་ཁྱབ་པ་རླུད་ལྷ་བ་ཡ་བེ་དང་ཆུང་མ་རླུད་ལྷ་བ་དན་མོ་ལ་སྐྱབས་བཙལ་ནས་ནུབ་བྱང་ནས་གནོད་པ་བྱེད་པ་གོང་མ་བཞིན་ནོ། །བྱང་ནས་གནོད་སྤྱིན་དང་མིའམ་ཅིའི་གདོན་ལ་སོགས་པ་གནོད་སྦྱིན་ཀུ་བེ་ར་དང་། ཆུང་མ་གནོད་སྤྱིན་སྒྲ་མོ་ལ་སྐྱབས་བཙལ་ནས་བྱང་ནས་གནོད་པ་བྱེད་པ་གོང་མ་བཞིན་ནོ། །འོག་ནས་ས་བདག་དང་གཉན་དང་སྲིན་པོ་ཕོ་མོ་མང་པོ་ས་བདག་ཕག་ཆེན་པོ་དང་། ཆུང་མ་སའི་ལྷ་མོ་བརྟན་མ་ལ་སྐྱབས་བཙལ་ནས་འོག་ནས་གནོད་པ་བྱེད་པ་གོང་མ་བཞིན་ནོ། །སྟེང་གི་ཕྱོགས་ནས་གཟའ་སྐར་གྱི་གདོན་མང་པོ་དང་ང་་་བདུད་ཕོ་མོ་འཇིག་རྟེན་གྱི་བསོད་ནམས་ཕྱོགས་རིས་ལ་སྤྱད་པའི་ཉི་མ་དང་ཟླ་བ་དང་། ཆུང་མ་ཉི་མོ་དང་ཟླ་མོ་སྐྱབས་དང་རྒྱབ་བརྟེན་དང་རྗེ་བོར་བཟུང་ནས་སྟེང་གི་ཕྱོགས་ནས་སེམས་ཅན་ཐམས་ཅད་འཇོམས་ཤིང་འཚེ་བ་དང་གནོད་ཅིང་འཚེ་བ་དང་རྣལ་འབྱོར་པ་ཐམས་ཅད་ལ་ཉམས་ལེན་ཞིང་བར་དུ་གཅོད་པ་དང་། གནས་འཕྲོག་མ་དང་། བསམ་པ་མི་འགྲུབ་པར་བྱེད་ཅིང་འཁོད་པ་ལས། བྱང་ཆུབ་ཆེན་པོ་ངག་གི་དབང་ཕྱུག་གིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། ཕྱི་ནང་གསང་བའི་མཆོད་པས་མཆོད་ནས་འདི་སྐད་གསོལ་ཏོ། །ཨེ་མ་ཧོ་བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་འདི་དག་ན། བགེགས་དང་ཕྱོགས་སྐྱོང་བ་རྣམས་རྣལ་འབྱོར་པ་དང་སེམས་ཅན་རྣམས་ལ་མ་རུངས་པར་བགྱིད་ན། དེ་དག་གང་གིས་གདུལ་བའི་དུས་ལ་བབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་བསོད་ནམས་དྲེགས་ཤིང་ལོག་པར་སྤྱོད་པའི་མཐུ་བརྟས་པས། རབ་ཏུ་གདུལ་དཀའ་བ་ལས། གང་གིས་ཀྱང་མི་ཐུབ་པས་འདི་འདུལ་བའི་ཐབས་ནི། སྟོན་པ་ཞེ་སྡང་རྡོ་རྗེ་འཛིན་གྱི་ཐུགས་ལ་ཁྲོ་བོ་ཡབ་ཡུམ་བཅུ་མངགས་ཏེ། དེའི་མཐུ་དང་རྫུ་འཕྲུལ་གྱི་དཔུང་ནི་གང་གིས་ཀྱང་བསྐྱོད་དུ་མེད་དེ། འདི་རྣམས་སྔོན་བསྐལ་པ་གྲངས་མེད་པའི་དུས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཙ་ན། ཡུལ་གྱི་མིང་དུར་ཁྲོད་ཤིང་གཅིག་ན། ཡབ་བྲམ་ཟེ་ཀེའུ་ཤུ་དང་། ཡུམ་བྲམ་ཟེ་མོ་དབྱིངས་མ་གཉིས་ལ། སྲས་བྲམ་ཟེ་བརྒྱད་མངའ་ནས། དེ་བརྒྱད་ལ་ཁྱིམ་ཐབས་དུས་གཅིག་ཏུ་བཙལ་ཏེ། ཆུང་མ་རེ་རེ་དང་བཅས་ནས་འཁོད་པ་ལས།དེ་རྣམས་རབ་ཏུ་ཕོངས་ཏེ། དེ་གཅན་གཟན་གདུག་པ་དང་། ཤ་ཟན་སྲིན་པོ་དང་། མི་མ་ཡིན་དང་། སྦྲུལ་གདུག་པ་ཅན་དང་། སྦྲང་བུ་མཆུ་རིང་དང་།ཏྲེ་ལ་ཏ་ལ་སོགས་པའི་གནས་ན་ཉོན་མོངས་པ་ལས་དེ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ནམ་མཁའི་དཀྱིལ་མཛོད་ནས་བྱུང་བའི་ཡི་གེ་བཅུ་ཐམ་པར་སྨོན་ལམ་བཏབ་པ། བདག་ཅག་སྤད་སྨད་བཟའ་བྲན་བཅུ་པོ་འདི། ནམ་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །མངོན་པར་སངས་རྒྱས་པར་གྱུར་ནས་ཀྱང་། དེ་བཞིན་གཤེགས་པའི་བཞུགས་གནས་གཞལ་ཡས་ཁང་གི་ཕྱིའི་སྒོ་དང་ཕྱིའི་སྲུང་མར་གྱུར་ཅིག །རྣལ་འབྱོར་པ་ཐམས་ཅད་ཀྱི་སྟོངས་དང་གྲོགས་སུ་གྱུར་ཅིག །ཆོས་གཞུང་བཞིན་དུ་བྱེད་པ་དང་། རྣལ་འབྱོར་དགོངས་སྤྱོད་ལ་གནས་པ་རྣམས་ཀྱི་དཔལ་དུ་གྱུར་ཅིག །དེ་རྣམས་ལ་གནོད་ཅིང་བར་གཅོད་བྱེད་པ་རྣམས་ཀྱི་གཉེན་པོར་གྱུར་ཅིག །སེམས་ཅན་ན་ཞིང་ཚ་བ་རྣམས་དང་། སེམས་ཅན་སྡུག་ཅིང་ཉམ་ཐག་པ་རྣམས་ཀྱི་མགོན་དུ་གྱུར་ནས། བདུད་དང་བགེགས་རྣམས་འདུལ་ཞིང་ཚར་གཅོད་པར་གྱུར་ཅིག རྣལ་འབྱོར་གང་ཞིག་གིས་གཞུང་བཞིན་མི་ཤེས་ན་ཡང་།གསང་བའི་དོན་ལ་མོས་པ་དང་། ཡི་རང་པས་བདག་ཅག་གི་སྙིང་པོ་བཟླས་པའམ། བསྐུལ་ཚིག་གིས་ཐ་ན་ཚིག་གཅིག་ཙམ་འཛིན་པས་ཀྱང་། དེའི་མཐུ་དང་གྲོགས་སུ་གྱུར་ནས་ཀྱང་། དེའི་སྟོངས་བྱེད་པར་གྱུར་ཅིག །སེམས་ཅན་གང་དག་དང་གནོད་པས་ཉེན་ཏེ། ཉམ་ཐག་ཅིང་ཕོངས་པས། བདག་གི་དོན་མ་ནོར་བར་ཤེས་པ་ལྟ་ཅི་སྨོས་ཀྱི། མཚན་ཙམ་བརྗོད་པས་ཀྱང་། གང་ལ་བྱ་བ་འགྲུབ་པར་གྱུར་ཅིག །རྣལ་འབྱོར་པ་ཤེས་རབ་ཞེན་པ་ལ་ལས་མཆོད་པ་དང་ཡོ་བྱད་ཕུད་ལ་རློམ་པ་ལ། བདག་ཅག་གི་བཀའ་བདེན་པ་བདར་བ་ཙམ་གྱིས་དེངས་པར་གྱུར་ཅིག །རྣལ་འབྱོར་པའི་བཀའ་མི་ཉན་ཅིང་། དམ་ལས་ཟློག་པའི་མ་མོ་དང་མཁའ་འགྲོ་མ་དང་སྲིན་མོ་ཤས་ཆེ་བ་བདག་ཅག་གི་ཟབ་ཅིང་རྒྱ་ཆེ་བ་འདི་ལྟ་ཅི་སྨོས་ཏེ་འཛིན་པའི་གྲོགས་སུ་ཡང་འཁུ་ལྡོག་མེད་པར་གྱུར་ཅིག །གང་སྡིག་པ་འབའ་ཞིག་ཙ་ན་དམྱལ་བར་སྐྱེ་བར་ངེས་པ་དང་། ངན་པའི་ངང་ཚུལ་ཅན་ཐུགས་རྗེའི་དཔྱང་ཐག་ཆད་པ་རྣམས་བདག་ཅག་གི་འདུག་བཞིན་དུ་བསྒྲལ་ནས། བླ་ན་མེད་པའི་ལམ་ལ་འགོད་པར་གྱུར་ཅིག་ཅེས་སྨོན་ལམ་ཆེར་བཏབ་བོ། །བྲམ་ཟེ་ཀེའུ་ཤུས་བདག་ནམ་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ན། དེ་བཞིན་གཤེགས་པའི་བཞུགས་གནས་གཞལ་ཡས་ཁང་དང་། དེ་ལྟར་བསྒོམ་པའི་གཞལ་ཡས་ཁང་གི་སྟེང་ཕྱོགས་ནས་ཁྲོ་བོ་ཧུ༷་ཀྭ་རར་གྱུར་ཏེ།སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་དང་། ཆོས་ཉིད་ཀྱི་ཐབས་དང་ཤེས་རབ་བཟུང་དུ་འབྲེལ་ཏེ་སྟེང་གི་གདོན་བགེགས་འདུལ་ཞིང་ཚར་གཅོད་པ་དང་། བར་གཅོད་ནང་དུ་མི་ཐར་བ་དང་དངོས་གྲུབ་ཕྱིར་མི་འབྱུང་བྱེད་པའི་ཁྲོ་བོ་ཆེན་པོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །བྲམ་ཟེ་མོ་དབྱིངས་མས་བདག་ཅག་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག །ནམ་ཞིག་དེ་ལྟར་གྱུར་ནས་ཀྱང་། དེ་བཞིན་གཤེགས་པའི་བཞུགས་གནས་གཞལ་ཡས་ཁང་དང་། རྣལ་འབྱོར་གྱི་གནས་ཁང་གི་འོག་ཕྱོགས་ནས་བདག་མོ་ལས་ཕོར་གྱུར་ཏེ། ཤེས་རབ་ཀྱི་ཁྲོ་བོའི་མཚན་གྱི་རྣམ་པ་མང་པོར་གྱུར་ཏེ། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་འབུམ་གྱི་གཟི་དང་ལྡན་ཏེ། ཐབས་དང་ཤེས་རབ་དབྱེར་མེད་པས། འོག་གི་གདོན་བགེགས་འདུལ་བ་གོང་མ་བཞིན་དུ་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབབོ། །དེབཞིནདུསྲསཐུབོཀ་ལ་སབྲགཏཀབྲམཟེའདིརྣམསཀྱིམགོདོནམངེ་ཀྱངསོརབ་བྱས། ཡས། ཤར་གྱི་ཁྲོ་བོ་གཟི་ལྡན་གྱི་སྐུར་བསྒྱུར་ནས། ཤར་གྱི་གདོན་བགེགས་འདུལ་བར་སྨོན་ལམ་བཏབ་བོ། །དེའི་ཆུང་མས་ཁྲོ་བོ་དེའི་ཡུམ་དུ་སྨོན་ལམ་བཏབ་བོ། །དེའི་འོག་མ་བྲམ་ཟེ་སི་ཧས། ལྷོའི་གདོན་འདུལ་བ་དང་། ཆུང་མས་དེའི་ཡུམ་དུ་སེམས་བསྐྱེད་པ་ཡང་དེ་བཞིན་ནོ། །དེ་རུ་ར་ཏ་ནུབ། བྲམ་ཟེ་མེ་ཀ་རས་བྱང་། བྲམ་ཟེ་པུ་ཏྲས་ཤར་ལྷོ། བྲམ་ཟེ་རྒྱུན་ཤེས་ཀྱིས་ལྷོ་ནུབ། བྲམ་ཟེ་པྲ་སྙོས་ནུབ་བྱང་། དེ་བཞིན་དུ་ཐ་ཆུང་བྲམ་ཟེ་ལོ་ཀ་ཏས། བདག་ནམ་ཞིག་གསང་སྔགས་ཀྱི་སྒོ་ནས་མངོན་པར་སངས་རྒྱས་པར་གྱུར་ཅིག །སངས་རྒྱས་པར་གྱུར་ནས་ཀྱང་ཁྲོ་བོ་ཆེན་པོ་ཁམས་གསུམ་རྣམ་རྒྱལ་ཡེ་ཤེས་ཀྱི་འོད་ཟེར་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པར་གྱུར་ཅིག །དེ་བཞིན་གཤེགས་པའི་བཞུགས་གནས་གཞལ་ཡས་ཁང་དང་།རྣལ་འབྱོར་པའི་གནས་ཁང་གི་བྱང་ཤར་མཚམས་གནོད་ཅིང་བར་གཅོད་བྱེད་པའི་གདོན་བགེགས་གཙོ་དང་གཡོག་དང་འཁོར་དང་བཅས་པ་འདུལ་ཞིང་ཚར་བཅད་ནས་བསྒྲལ་ཏེ་རྣམ་པར་ཤེས་པ་གནས་སྤར་ཏེ།གནས་ཀྱི་བྱང་ཤར་ནས་གདོན་བགེགས་ནང་དུ་མི་གཏོང་བ། དངོས་གྲུབ་ཕྱིར་མི་ཤོར་བར་བྱེད་པའི་ཁྲོ་བོའི་རྒྱལ་པོར་གྱུར་ཅིག་གི་སྨོན་ལམ་བཏབ་བོ། །དེ་རྣམས་ཀྱི་ཆུང་མས་ཁྲོ་བོ་རྣམས་ཀྱི་ཡུམ་དུ་སྨོན་ལམ་བཏབ་པ། ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་ཅིག་པར་སྨོན་ལམ་བཏབ་བོ། །དེ་ནས་བྲམ་ཟེ་ཁྱོ་དང་ཆུང་མ་དང་བཅས་པས་བདག་ཅག་གི་ཡུལ་དང་། གནས་དང་ནོར་དང་ལོངས་སྤྱོད་དང་། ལུས་དང་སྲོག་དང་ཚེ་དང་ཤ་ཁྲག་ལ་སོགས་པ་འདི་དག་ཐམས་ཅད་ཀྱང་། མི་དང་མི་མ་ཡིན་པ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་རིགས་བསམ་གྱིས་མི་ཁྱབ་པ་དང་། གོང་མ་དེ་དག་ལ་སོགས་པ་རྣམས་ལོངས་ཤིག་ཁྱེར་ཅིག །སོ་སོ་ཅི་ལྟར་འདོད་པ་བཞིན་དུ་ཟོ་འཆོ་འཐུང་ལོངས་སྤྱོད་ཅིག །ཞེས་སྨྲས་ནས་དེ་དག་ལ་བཀྱེའོ། །དེ་དག་གིས་ཀྱང་ཟོས་འཆོས་ཏེ། རྡུལ་ཙམ་ཡང་མེད་པར་བྱས་པའོ། །དེ་ནས་བྲམ་ཟེ་ཕོ་མོ་དེ་དག་གིས་ཀྱང་། རྣམ་པར་ཤེས་པའི་སེམས་ལྷའི་སྲས་སུ་བསྐྱེད་ནས། ལྷ་མ་ཡིན་གྱི་དཔུང་བཟློག་གོ །ལྷའི་རྒྱལ་པོའི་སྲས་དེ་ལས་ཀྱང་གནས་འཕོས་ནས། འོད་ཀྱི་འོད་ཕུང་འཁྱིལ་བར་གྱུར་ནས། འོག་མིན་གྱི་གནས་རིགས་ལྔ་ཡབ་ཡུམ་སྦྱོར་བའི་མཚམས་སུ་ཞུགས་ནས། རིགས་ལྔས་ཐབས་དང་ཤེས་རབ་ཏུ་རོལ་པ་ལས། ཐུགས་ཀྱི་དཔའ་བེའུར་གྱུར་ནས་དབུའི་རྒྱན་དུ་བྱིན་ནས། རིན་པོ་ཆེ་བསྟར་ལ་བརྒྱུས་ནས། གསང་བའི་མཁའ་གཉིས་ལས་ལམ་དུ་ཕྱུང་སྟེ། གཉིས་སུ་མེད་པའི་སྲས་སུ་གྱུར་ཏེ། གཉིས་ནི་བྱང་ཆུབ་ཀྱི་སེམས་རྣམ་གཉིས་སུ་གྱུར། །བརྒྱད་ནི་བྱང་ཆུབ་སེམས་དཔའ་བརྒྱད་དུ་གྱུར་ཏེ།ཕྱོགས་བཅུའི་འཕགས་པ་ཐམས་ཅད་ཀྱང་རེ་ངོམས་སྐྱེས་ནས། བསྔགས་པ་མཛད་ཅིང་དབང་བསྐུར་ནས་རྒྱལ་བའི་གདུང་རྒྱུད་འཛིན་པའི་སྲས་སུ་གྱུར་ཏེ། བྱིན་གྱིས་བརླབས་ཏེ་ཚད་མེད་པ་བཞིའི་སྒོ་ནས་འཁོར་བ་མ་སྟོངས་ཀྱང་བར་དུ་དོན་མཛད་པའི་ཚེ། བྱང་ཆུབ་སེམས་དཔའ་རྣམ་གཉངས་དང་། འཁོར་ཉ་་བའི་སྲས་པོ་བརྒྱད་དང་མཆོད་པའི་ལྷ་མོ་བརྒྱད་ལ་སོགས་པར་ཕྱུང་ནས། འགྲོ་བའི་དོན་མཛད་པའི་ཞི་བས་འདུལ་བའི་སྐལ་བ་དང་མང་ལྡནཔའི་བདུད་དང་སྲངན་པོ་དང་། དགྲ་དང་བགེགས་འདུལ་ཞངང་ཚར་གཅོད་པར་མཛད་ཙམ་ན། རིགས་ལྔ་ཡབ་ཡུམ་གཉངས་སུ་མེད་པའི་བྱང་ཆུབ་སེམས་ལས་རྡོ་རྗེ་འཛིན་པ་མཐུ་སྟོབས་ཀྱང་མངའ་བདག་ཞེ་སྡང་གང་སྐུར་གྱུར་ནས། ཉང་མའི་གདན་ལ་སོ་སོར་བཀོད་པའི་ཞང་ཁྲོ་ཕྱེད་མའི་ཐུགས་ཀ་ནས། ཁྲོ་བོ་བཅུ་ཕྱུང་། ཁྲོ་བོ་བཅུའི་སྐུ་མི་མངོན་ནམ་མཁའི་དབྱངངས་ན་བཞུགས་ནས་ཐུགས་གསང་བའི་མཁའ་ཉི་མའི་དཀྱངལ་འཁོར་དུ་བྱུང་ནས། ཡབ་ཡུམ་ཐབས་དང་ཤེས་རབ་ལས། འཇིག་རྟེན་གྱང་ཁམས་བསྲེག་སྦྱང་ཚུལ་བཞིན་དུ་མཛད། བདུད་དང་དགྲ་བགེགས་བ་་ཞིང་ཚར་བཅད་ནས། མིངཡང་མི་གྲགས་པར་གྱུར་ནས། དེ་ནས་དངོས་པོའི་ཆོས་རྟག་པ་ཐེར་ཟུག་ཡངན་པའི་ཕྱངར་རིམ་གྱངས་བསྡུས་ནས་ཐུགས་ཀར་ཐིམ་སྟེ། ཐུགས་མང་གནས་པའི་དབྱངངས་སུ་བསྡུས་ཏ་བཞུགས་པའི་སངས་རྒྱས་འདུལ་བའི་དུས་ལ་བབ་བོ་ཞེས་བཀའ་སྩལ་པས། བྱང་ཆུབ་སེམས་དཔའ་ངག་གི་དབང་ཕྱུག་གིས། སྟོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་འདིའི་དུས་ལ་བབ་བོ་ཞེས་པ་དང་། དེ་ནས་རྒྱལ་བའི་བྱང་ཆུབ་སེམས་རྡོ་རྗེས་ཧུ༷་ཧུ༷་ཧུ༷་བཛྲ་དྷིཀ་ཧྭ༷་ཞེས་བསྐུལ་བས། ཆོས་ཉིད་ཀྱི་ངང་ལས་ཏིང་ངེ་འཛིན་རྣམ་གསུམ་གྱིས་རྒྱུད་སྦྱངས་པས། བཅོམ་ལྡན་འདས་ཞེ་སྡང་ཐམས་ཅད་འདུས་པའི་གཙོ་བོ་རྡོ་རྗེ་འཛིན། ཞལ་གསུམ་ཕྱག་དྲུག་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཕྱག་གཡས་རྡོ་རྗེ་དང་རིན་པོ་ཆེ་དང་འཁོར་ལོ་བསྣམས་པ། གཡོན་དྲིལ་བུ་དང་པདྨ་རལ་གྲི་བསྣམས་པ། གཡས་དཀར་གཡོན་དམར་དབུས་མཐིང་། སྐུ་ཞི་ཁྲོ་ཕྱེད་མ་ལས་ཡིད་ཙམ་ཁྲོ་བག་ཏུ་བཞུགས་པ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་བྱིན་གྱི་བརླབས་དང་ལྡན་པ། ཆེ་བའི་ཡོན་ཏན་ལ་སོགས་པའི་མགྲོན་མང་པོས་བརྒྱན་ཏེ། དང་པོ་ར༷་ཡ༷་ཁ༷་གིས་བསྲེགས་སྦྱངས་བྱས་ཏེ། ཉིད་ལ་ཉིད་ཀྱིས་འདི་སྐད་ཅེས་གསུངས་ཏེ། ཧུ༷་ཞེ་སྡང་རྡོ་རྗེ་ཁྲོ་རྒྱལ་གཙོ། །མགོན་པོ་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་དབྱིངས་སུ་འདུལ་བའི་གཙོ། །རྒྱལ་བ་རྣམས་ཀྱི་སྲས་སུ་བསྔགས། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས། །འཇམ་པའི་སྟན་ལ་འདུག་ནས་ནི། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། །གནས་རྣམས་བསྲུང་ཕྱིར་རྣམ་པར་བརྗིད། །ཅེས་བརྗོད་པས་དེའི་སྐུ་གཟི་བརྗིད་དང་ལྡན་པ་འཇིག་རྟེན་པའི་ཕྱོགས་སྐྱོང་དང་བདུང་དང་བགེགས་རྣམས་ཀྱིས་མཐོང་ནས། དེ་རྣམས་རི་དྭགས་རྫི་ཚོར་བ་བཞིན་དུ་རྦས་རོང་ངེ་གནས་སོ། །དེ་ནས་ཞེ་སྡང་འདུལ་པའི་ཁྲོ་བོས་ཐུགས་ཀ་ནས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཅུའི་ཁྲོ་བོ་བཅུ་རྣམས་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་ཀྱི་དོན་ལ་བྱོན་པས། དེའི་གདན་ཤོམས་ཤིག་ཅེས་བཀའ་སྩལ་ནས། དེ་ནས་དབང་དང་གཟི་བྱིན་བསྐྱེད་པ་འདི་སྐད་ཅེས་བསྒོ་བའོ། །ཧུ༷། ཉི་མའི་དཀྱིལ་འཁོར་དབུས་གནས་པར། ཁྲོ་བོ་ཆེན་པོ་ཧུ༷་ཀྭ་ར། །སྐུ་ཆེ་ཡན་ལག་རགས་པ་ནི། །དབྱར་གྱི་སྤྲིན་ཕུང་ལྟ་བུའོ། །བསྐལ་པའི་མེ་དཔུང་ཇི་བཞིན་དུ། །འོད་ཟེར་དང་ལྡན་རབ་ཏུ་འབར། །ཞལ་གསུམ་ཕྱག་ནི་དྲུག་པ་སྟེ། །དང་པོའི་ཕྱག་གཉིས་ཧུ༷་རྒྱ་བཅིངས། །གཡས་གཉིས་ལྕགས་ཀྱུ་རལ་གྲི་བསྣམས། །གཡོན་གཉིས་ཞགས་པ་དགྲ་སྟུ་འཛིན། །གཡས་བརྐྱང་གཡོན་བསྐུམ་རབ་ཏུ་གནས། །སྨིན་མཚམས་ཁྲོ་གཉེར་དམར་བའི་སྤྱན། །ཞལ་གསུམ་མཆེ་བ་གཙིགས་ནས་ནི། །རྡོ་རྗེའི་འགྲོས་ཀྱིས་རྣམ་པར་བསྒྱུར། །ཧུ༷་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། །འདི་འདྲའི་གཟུགས་ནི་བསྐུལ་བྱས་ན། །ང་ཡིས་དེ་ལ་བཀའ་སྩལ་ལོ། །ཨོ་སུམ་བྷ་ནི་སུམ་བྷ་ཧུ༷། གྲོཎྜ་གྲོཎྜ་ཧུ༷། གྲོསྦྱི་པ་ཡ་གྲོསྦྱི་པ་ཡ་ཧུ༷། ཨུ་ན་ཡ་ཧོ་བྷ་ག་བཱན། བིབྱུ་རྭ་ཛ་ཧུ༷་ཕཊ་ཞེས་གཟི་བྱིན་བསྐྱེད་ནས་དབང་རྟགས་ཐོ་བ་ལྕགས་ཀྱུ་གཏད་པ་དང་། ཧུ༷་ཀྭ་རས་ཐོ་བ་དང་ལྕགས་ཀྱུ་བླངས་ཏེ། རང་གི་སྙིང་ག་ན་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྙིང་པོ་འདི་ཕྱུང་ངོ་། །ཧུ༷། དེ་ལས་ཊསྐི་རྭ་ཛ་སུམ་བྷ་རྭ་ཛ་ཧུ༷་ཕཊ་ལས་ཁྲོ་བོ་ཊསྐི་རྭ་ཛ་སྐུ་མདོག་སྔོ་ནག །གཡས་དཀར་གཡོན་བོ་འཛུམ་གྱི་ཕྱག་རྒྱ་བཅས་ཏེ། ཧུ༷་ཧུ༷་ཞེས་བྱ་བ་བའི་སྒྲ་བརྗོད་ནས། ཆོམ་པོ་སྒོ་ལ་རྒོལ་བ་བཞིན་དུ་སུམ་བྷ་ནི་རྡོ་རྗེ་སྡེར་མོའི་སྔགས་བརྗོད་པས་ལྕགས་ཀྱུས་དབང་ལྡན་ཕོ་མོའི་སྙིང་ག་ནས་བཟུང་ནས་ཐོ་བས་འབྲོས་མི་ནུས་པར་ལྷན་ནེ་ལྷན་ནེ་བརྡུངས་པས་འཁོར་གྱི་བགེགས་ཐམས་ཅད་ཧད་སྐྲག་སྟེ། དུས་ཆེན་པོ་བྱུང་བ་ཡིན་ནོ་ཞེས་འཛེར་ཞིང་གཅེར་བུ་ལོ་འཕོས་པའི་ལྷ་རྒོད་དྲག་པོ་བཞིན་དུ་འདར་ཧད་དེ་གནས་པ་ལས། གྱད་ཆེན་པོས་སྡོང་རོ་མང་པོ་བསྒྱུར་བ་བཞིན་དུ། འཁོར་གྱི་བགེགས་མང་པོ་ཐམས་ཅད་འགྱེལ་ཏེ། གཡས་ནས་ཀྱང་ལིང་ལིང་གཡོན་ནས་ཀྱང་ལིང་ལིང་མང་པོ་སྤུངས་ཏེ། དཔེར་ན་རྒས་པའི་སྡོང་རོ་མང་པོ་སྤུངས་པ་བཞིན་དུའོ། །དེའི་སྟེང་དུ་བཤན་པས་ཁོག་པ་བརྩེགས་པ་བཞིན་དུ། བགེགས་ཀྱི་རོ་མང་པོ་སྤུངས་པའི་སྟེང་དུ། དབང་ལྡན་ཕོ་མོ་སྤྱི་བཅིངས་སུ་བྱས་ཏེ་ཕྱག་རྒྱ་ཆེན་པོ་བཞིས་མི་ཤོར་བར་དམ་དུ་བཅིངས་ཏེ། སྔོན་གྱི་དམ་ཚིག་རྗེས་སུ་དྲན། འགྱོད་གནོང་གི་སྨྲེ་སྔགས་འདོན། ཕྱིས་བཀའ་མི་བསླུ་བར་དམ་དང་དམོད་བཅས་ཤིང་གནས་སོ། །དེ་བཞིན་དུ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི །ཕྱོགས་སྐྱོང་བཅུའི་འཁོར་གྱི་གདོན་ཐམས་ཅད་སྤུངས་པའི་སྟེང་དུ། ཕྱོགས་སྐྱོང་ཕོ་མོ་སྤྱི་བཅིངས་སུ་བསྒྱེལ་ནས། གོང་མ་དེཁོནབཞིནབཀོདནས། ཐོ་བ་ལྕགས་ཀྱུ་སླར་ཧུ༷་ཀྭ་ར་ལ་གཏད་ནས། འབྱུང་བ་ལྔ་ཡི་མཁའ་ཀློང་དག་པ་འདིར། །ལོག་པར་འཛིན་པའི་ཕྱོགས་སྐྱོང་བགེགས་འཁོར་འདུས། །དྲེགས་པ་བ་་ནས་རིམ་བཞིན་བཏིང་ལགས་པས། །འབར་བའི་སྐུ་ལས་དཀྱིལ་འཁོར་བསྐྱེད་དུ་གསོལ། །ཞེས་བརྗོད་ནས་ཧུ༷་ཀྭ་རའི་ཐུགས་ཀར་ཐིམ་མོ། །ཧུ༷་ཀྭ་རས་ཀྱང་ཐོ་བ་དང་ལྕགས་ཀྱུ་ཞེ་སྡང་རྡོ་རྗེ་ལ་ཕུལ་ཏེ། གང་ན་བཏིང་ལགས་སོ་ཞེ་སྡང་རྡོ་རྗེ་ཁྲོ་རྒྱལ་གཙོ། །ཞེ་སྡང་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ནས། ཁྲོ་བོ་རྔམ་ཆེན་དྲག་པོ་སྤྲུལ་པའི་སྐུ། ཁེན་ཏུ་མི་བཟད་འཇིགས་པའི་མཚོན་ཆ་ཅན། །འཇིགས་བྱེད་ཡུམ་རྣམས་མི་མངོན་སྦས་པ་ནི། །གསང་བའི་དཀྱིལ་འཁོར་འོད་ཀྱི་དཀྱིལ་འཁོར་ནས། །གདན་གྱི་སྟེང་དུ་དྲི་མེད་འོད་གསལ་བའི། །ཉི་མའི་དཀྱིལ་འཁོར་གདན་ལ་བཞུགས་སུ་གསོལ། །ཞེས་བརྗོད་ནས། ཞེ་སྡང་རྡོ་རྗེའི་ཐུགས་ཀར་ཐིམ་མོ། །དེ་ནས་ཞེ་སྡང་རྡོ་རྗེས། ཐུགས་ཆོས་ཉིད་ལས་མ་གཡོས་པས། མི་ཕམ་ཁྲོ་གཉེར་རོ་ལངས་རལ་གཅིག་མ་ལ་སོགས་པའི་ཁྲོ་མོ་བཅུ་པོ་ཐམས་ཅད་རྒྱུ་མ་ནོར་བ་རྩ་བའི་སྙིང་པོ་ཡི་གེ་མ་བཅུར་ཕྱུང་། འཕྲོ་འདུ་རྣམ་པ་གསུམ་ལས་མ་སྲུརུ་མཎྜལ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་བཅུ་ཡང་ཉི་མའི་དཀྱིལ་འཁོར་བཅུ་ཐམ་པར་གྱུར་ཏེ། ཕྱོགས་བཞི་མཚམས་བཞི་བརྒྱད་དང་བླ་འོག་བཅུར་ཕྱོགས་སྐྱོང་བསྒྱེལ་བའི་སྟེང་དུ། རིན་པོ་ཆེ་གཅལ་དུ་སྤུངས་པའི་སྟེང་དུ། འཕྲུལ་གྱི་མེ་ལོང་ཕྱིས་པ་བཞག་པ་བཞིན་དུ་ལྷང་ངེ་ལྷན་བཞིན་དུ་ཐོ་བ་དང་ལྕགས་ཀྱུ་བླངས་ཏེ། བཀའ་ཚིག་འདི་སྐད་ཅེས་བརྗོད་དོ། །ཧུ༷། ཁྲོ་བོའི་རྒྱལ་པོ་འདི་དག་གིས། །བགེགས་ཀུན་བཀུག་ནས་རྣམ་པར་འཇིག །བློ་ལྡན་རབ་ཏུ་འབྱོར་པ་ཡིས། །ཆོ་ག་བཞིན་དུ་ཕུར་ཀུན་བཏབ། །རྡོ་རྗེ་བདུད་རྩི་འཁྱིལ་པ་ཡིས། །རྡོ་རྗེ་ཕུར་བུ་ཉིད་གནས་པ། །ཨུཏུལ་སྔོན་པོའི་མདོག་འདྲ་བ། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །ལྟེ་བ་མན་ཆད་ཆས་རྣམས་ནི། །ཕུར་རྩེ་ལྟ་བུར་རྣམ་པར་བསྒོམ། །རོ་སྟོད་ཁྲོ་བོ་ལྟ་བུ་ཉིད། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །བགེགས་ཀྱི་ཚོགས་ལ་འོག་ཏུ་གཟུག །དེ་ཡི་སྔགས་ནི་བརྗོད་བྱ་སྟེ། །རྡོ་རྗེ་ཕུར་པ་དེས་བཏབ་ནས། །བགེགས་ལུས་གཞན་དུ་མི་གཡོ་བའོ། །ཨཱོཾ་བྷ་བྷ་ལྷུ་ཏ་ཡ་ས་རྦ་དུགི༷་ཧུ༷་ཕཊ། ཀི་ལ་ཡ་ཀི་ལ་ཡ་སརྦ་བིསྣྲུ༷་ཧུ༷་ཕཊ། ཧུ༷་ཧུ༷་ཧུ༷་བཛྲ་ཀི་ལ་ཡ་བཛྲ་དྷ་ར་ཨུརྙོ་པ་ཡ་ཏི་ཀྭ་ཡ་ལྷུ་ཀ་ཙིསྟ་བཛྲ་ཀི་ལ་ཡ་ཧུ༷་ཕཊ། ཞེས་བརྗོད་ནས། ཁྲོ་བོ་གཤིན་རྗེའི་གཤེད་ལྕགས་ཀྱུས་སྐེད་པ་ནས་བཟུང་ནས། ཐོར་ཚུགས་ཀྱི་སྟེང་དུ་ཐོ་བ་བརྒྱབ་པས་སྨད་ལྕགས་ཀྱི་ཕུར་པ་ཉི་མའི་སྟེང་དུ་ཐལ་བྱུང་ནས། བརྒྱ་བྱིན་ཕོ་མོ་དང་དྲི་ཟ་ལ་སོགས་པའི་བགེགས་ཐམས་ཅད་ཀྱི་སྙིང་ལ་ཟུག་པར་གྱུར་ཏོ། །དེ་བཞིན་དུ་ཕྱོགས་མཚམས་སྟེང་འོག་བཅུར་བཏབ་ནས་ཐོ་བ་དང་ལྕགས་ཀྱུ་ཞེ་སྡང་རྡོ་རྗེ་ལ་གཏད། སླར་ཡང་བྱང་གི་ཕྱོགས་སུགོངབཞིནདུའཁོདཔལས། ཡང་ཞེ་སྡང་རྡོ་རྗེས་ཧུ༷་ཀྭ་ར་ལ་བཀའ་སྩལ་པ། སྟེང་གི་ཕྱོགས་སུ་ཧུ༷་ཞེས་བསྐྱེད་པས། ཧུ༷་ཀྭ་ར་སྟེང་གི་ཕྱོགས་ནས་བབས་ཏེ་ཐོ་བ་དང་ལྕགས་ཀྱུ་བླངས་ཏེ་བྱང་དུ་བདུད་རྩི་འཁྱིལ་པ་ལ་གོང་བཞིན་དུ་གཏད་ནས་སྟོན་པ་ལ་ཐོ་བ་དང་ལྕགས་ཀྱུ་སླར་ཕུལ་ཏེསྟེང་གི་ཕྱོགས་ན་གོང་དུ་བཏབ་པ་བཞིན་དུ་འཁོད་དོ། །དེ་ནས་ཞེ་སྡང་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་ལ་བཞུགས་ཏེ་རྡོ་རྗེ་ཐོ་བ་ཐོགས་ནས་འདི་སྐད་དོ། །རྡོ་རྗེ་ཐོ་བ་ཕྱག་བསྣམས་མཆོག །གནོད་མཛེས་རྒྱལ་པོ་རྣམ་པར་བསྒོམ། །ཧུ༷་བརྗིད་འབར་བའི་བལྟ་བ་ཡིན། །བགེགས་རྣམས་ཐམས་ཅད་ཕུར་པས་བཏབ། །བཛྲ་ཙཀྲ་ཛི་ན་ཏི་སྨོ་ཀྲོ་དྷ་ཧ་ན་ཧུ༷་ཕཊ་ཞེས་བརྗོད་ནས། ཞབས་རྡོ་རྗེའི་འགྲོས་ཀྱི་ཚམ་རྔམས་མཛད་ནས། ཐུགས་ཀ་ནས་ཁྲོ་ཆུང་མང་པོ་མཚོན་ཆ་འབར་བ་སྐར་མདའ་འཁྲུགས་པ་བཞིན་དུ་བྱུང་བས་ཁྲོ་བཅུའི་བར་དང་གོ་མཚམས་དང་གོ་དམིགས་ཐམས་ཅད་ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་ཕྱག་ན་མཚོན་ཆ་མང་པོ་བསྣམས་པ། ཆེ་བ་དང་ཆུང་བ་གྲངས་བསམ་གྱིས་མི་ཁྱབ་པ། བར་མཚམས་དང་གོ་དམིགས་ཐམས་ཅད་བཀང་སྟེ། ཐ་ན་ཁབ་ཀྱི་རྩེ་མོ་ཙམ་ཡང་གཟུགས་པའི་ས་མེད་པར་གྱུར་ཏེ། དེ་ཡང་ཁྲོ་བོ་གནོད་མཛེས་ཀྱི་ཤངས་འབར་བ་དང་། བ་སྤུའི་བུ་ག་ནས་ར༷་དམར་པོ་འབར་བའི་ཚ་ཚ་མགལ་བུ་དུམ་བུ་ཚིག་པ་ལྟར་བབས་ནས་འདི་སྐད་དོ། །ཕྱོགས་མཚམས་ཀུན་ཏུ་རྡོ་རྗེའི་མེ། །རྣམ་པར་འཕྲོ་བ་རབ་བསམས་ཏེ། །མ་རུངས་པ་དག་ཚིག་བྱས་ནས། །ཕྱོགས་བཅུར་རབ་ཏུ་འཕྲོ་བར་འགྱུར། །ཕྱོགས་མཚམས་ཕུར་པས་བཏབ་ནས་ནི། །སྟེང་འོག་ཡང་དག་བྱིན་གྱིས་བརླབས། །འབར་བའི་འཕྲོ་འདུ་འཁྲུགས་པ་ཡིས། །རྡུལ་ཆ་ཙམ་ཡང་མེད་པར་བསྲེག །ཛ་ལ་ར༷་ཛ་ལ་ར༷་ཞེས་བརྗོད་པས། ཁྲོ་བོ་ཐམས་ཅད་ཀྱི་སྐུ་ལས་མེ་དཔུང་ཆེན་པོ་དུས་ཐ་མའི་བསྐལ་པའི་མེ་འབར་བ་ལྟར་ཤིན་ཏུ་མཆེད་པས་ཁྱུང་གི་སྒོ་ངའི་སྦུབས་སུ་ཞུགས་པའམ། རྡོ་རྗེའི་གུར་ཐབས་སུ་ཕུབ་པ་ལས། མེ་རི་འདབ་འབྱོར་དུ་གྱུར་པས། སྲིད་པ་གསུམ་གྱི་དངོས་པོ་ཡང་དུས་གཅིག་ཏུ་ཚིག་ན་གཞན་བར་དུ་གཅོད་པའི་བགེགས་ལྟ་ཅི་སྨོས་ཀྱི་རབ་ཏུ་འབར་བའི་སྲེག་པའི་མེ་དཔུང་དུ་གྱུར་ཏོ། །དེ་ནས་ཞེ་སྡང་རྡོ་རྗེ་འཛིན་པས་ཉིད་ལ་ཉིད་དམ་པའི་ཚིག་འདི་སྐད་དོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་སྲས་སུ་བདག་བསྐྱེད་ནས། །གསུང་མཆོག་ཡིག་འབྲུར་དབང་བསྐུར་ཏེ། །ཐུགས་ཀྱི་དབྱིག་ཏུ་བདག་བསྐྱེད་པས། །རྣམ་རྟོག་བདུད་ནི་མིང་ཡང་མེད། །རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིར། །དུས་གསུམ་རྒྱལ་བ་བཞུགས་པའི་གནས། །རྣལ་འབྱོར་དགོངས་པ་མཐར་ཕྱིན་པའོ། །ཞེས་རོལ་པ་བསྐྱེད་དོ། །དེ་ལྟར་བསྟན་པས་ཕྱི་ནང་གི་ཆོས་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཁྲོ་བོ་བཅུ་ཡིས་དོན་མ་མཛད་པ་དང་ཁྲོ་བོ་བཅུའི་རང་བཞིན་དུ་སངས་མ་རྒྱས་པ་གང་ཡང་མེད་དོ། །དེ་ནས་གདོན་གྱི་རིགས་བརྒྱད་ཁྲི་བཞི་སྟོང་དང་། སུམ་བརྒྱ་དྲུག་ཅུ་དང་། གདོན་ཆེན་པོ་བཅོ་བརྒྱད་དང་། ཕལ་པ་བཅུ་དང་། རིགས་ཆེན་པོ་བཞི་ལ་སོགས་པའི་གདོན་ཐམས་ཅད་དམ་ལ་ཐོགས་པ་ལས། ངག་གི་དབང་ཕྱུག་གིས་བཅོམ་ལྡན་འདས་ཞེ་སྡང་འཛིན་པ་ལ་བགེགས་འདི་རྣམས་མ་ཁྲོམ་པས། ཁྲོ་བོ་བཅུའི་དགོངས་་པ་དང་མི་ལྡན་པས་རྣལ་འབྱོར་ལ་བར་དུ་གཅོད་པས་དེའི་དགྲ་བགེགས་ལ་ཐབས་ཅི་མངའ་བ་བསྟན་དུ་གསོལ་པ་ལ། ཞེ་སྡང་རྡོ་རྗེ་འཛིན་པས་བཀའ་སྩལ་པ། བགེགས་འདི་དག་ནི་རྣམ་པར་སྨིན་པའི་བགེགས་ཡིན་ཏེ་དེ་ནི་སོ་སོའི་ལས་མ་རྟོགས་པ་ཡིན། གསང་བའི་དགོངས་པ་ཆེན་པོ་འདིར་ནི་ལས་དང་རྣམ་པར་སྨིན་པ་ཡང་ག་ལ་འབྱུང་གི །ཐབས་ཆེན་བླ་ན་མེད་པའི་ལམ་རྙེད་པས་འཇིགས་ཤིང་འཛེམ་དགོས་མེད་པའི་ཕྱིར་དཔེར་ན་གངས་ཀྱི་སེང་ཕྲུག་སྐྱེས་པ་གཅན་གཟན་གྱིས་མི་འཇིགས་པ་བཞིན་ནོ། །གོང་མ་ལྟར་མ་གྲུབ་པས་ཀྱང་དོན་འདི་ལྟར་མ་གྱུར་ན་ཡང་མཚོན་ཆ་འབར་བའི་མཚམས་འདིས་ཀྱང་གང་ཡང་མི་ཆོད་པ་མེད་དེ་བདག་ཉིད་ཆེན་པོ་བརྗིད་པ་དང་ཆས་པས་འདི་སྐད་གསུངས་སོ། །ཧུ༷། ཡང་དག་གསང་བའི་དཀྱིལ་འཁོར་དུ། །སྤྱནདྲངསགཤེགསསུགསོལ་བ་དང་། །རྣལ་འབྱོར་དམ་ཅན་སོ་སོར་གནས། །འདུས་པའི་འཁོར་ལསམགཏོགསཔ། །ཀུན་ཀྱང་རེ་བ་བསྐངས་ཟིན་པས། །ད་ལྟ་ཉིད་དུ་སོ་སོར་དེངས། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་འཆང་གི་རྒྱལ་ཁྲོས་པས། །མཁར་ལ་ཆར་བཞིན་ཕབ་པས་ནི། །བརྒྱད་ཁྲི་བཞི་སྟོང་གདོན་རྣམས་ཀུན། །ལུས་ཀྱང་དུམ་བུ་བརྒྱར་གས་ནས། །མགོ་ཡང་ཚལ་པ་ཚལ་པར་གཤོག །སྙིང་ཡང་ཆུ་སེར་ཕྱེ་མ་བཞིན། །ཞིག་པར་གྱུར་ཡང་གདོན་མི་ཟ། །སྐྱེ་བ་རྣམ་བཞི་ལྷན་ཅིག་ཀྱང་། །འགྲོ་རིས་དྲུག་པོ་སོ་སོར་སྒྲོལ། །མི་མ་ཡིན་ལ་སོགས་པ་ཡང་། །རང་རང་གནས་སུ་བདེ་བར་དེངས། །དུས་གསུམ་རྒྱལ་བའི་བཀའ་ལས་མ་འདའ་ཞིག །ཞེས་སུམ་བྷ་ནིའི་སྔགས་བརྗོད་པས། །བགེགས་ཐམས་ཅད་རས་བལ་རླུད་གིས་གཏོར་བ་བཞིན་དུ་གྱུར་ཏོ། །དེ་ནས་རྡོ་རྗེ་འཛིན་པས་འཇིགས་པའི་མཚོན་ཆ་རྣམ་པ་སྣ་ཚོགས་པ་ལས་ཐོ་བ་དང་ཚ་ཚ་དང་། མེ་རི་འབར་བའི་གུར་ཐབས་སུ་གྱུར་ནས་རླུ་་ཙམ་ཡང་རྒྱུ་བའི་སྐབས་མེད་པས་འདི་སྐད་དོ། །ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། ཁྲོ་རྒྱལ་བྱིན་གྱིས་བརླབས་ལས་བྱུང་། །མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས། །དཀྱིལ་འཁོར་རིམ་པའི་ཚུལ་བཞིན་སྲུང་། །སྟེང་ཡང་རྡོ་རྗེའི་བླ་རེ་སྟེ། །རྡོ་རྗེའི་ཐོག་ཐོག་སེར་ལྟར་འགྲིལ། །འོག་ཀྱང་རྡོ་རྗེའི་ས་གཞི་སྟེ། །ས་གཞི་རྡོ་རྗེས་གཅལ་དུ་བཀྲམ། །བར་སྣང་རྡོ་རྗེས་སྤྲིན་ལྟར་གཏིབས། །རྡོ་རྗེའི་ཚ་ཚ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་རྡོ་རྗེས་གཏམས་པ་ལས། །རྡོ་རྗེའི་བསྐལ་པའི་མེ་ཆེན་འབར། །རླུད་ཡང་རྒྱུ་བའི་སྐབས་མེད་པས། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །འདས་ན་ལྷ་ཡང་བརླག་འགྱུར་ན། །གདོན་བགེགས་འདས་པ་སྨོས་ཅི་དགོས། ཨོ༷་བཛྲ་བཛྲ་ཧུ༷་ཕཊ། སྟེང་ཡང་འཁོར་ལོའི་བླ་རེ་སྟེ། །འཁོར་ལོའི་ཐོག་ཐོག་སེར་ལྟར་འགྲིལ། །འོག་ཀྱང་འཁོར་ལོའི་ས་གཞི་སྟེ། །ས་གཞི་འཁོར་ལོའི་གཅལ་དུ་བཀྲམ། །བར་སྣང་འཁོར་ལོའི་སྤྲིན་ཕུང་གཏིབས། །འཁོར་ལོའི་ཚ་ཚ་སྐར་ལྟར་འཁྲུག །ཕྱོགས་མཚམས་འཁོར་ལོས་གཏམས་པ་ལ། །འཁོར་ལོའི་བསྐལ་པའི་མེ་ཆེན་འབར། །རླུང་ཡང་རྒྱུ་བའི་སྐབས་མེད་ན། །འཁོར་ལོའི་མཚམས་ལས་མ་འདའ་ཞིག །འདས་ན་ལྷ་ཡང་བརླག་འགྱུར་ན། །གདོན་བགེགས་འདས་པ་སྨོས་ཅི་དགོས། །ཨོ་བཛྲ་ཙཀྲ་ཙཀྲ་ཧུ༷་ཕཊ། སྟེང་ཡང་རལ་གྲིའི་བླ་རེ་སྟེ། །རལ་གྲིའི་ཐོག་ཐོག་སེར་ལྟར་འགྲིལ། །འོག་ཀྱང་རལ་གྲིའི་ས་གཞི་སྟེ། །ས་གཞི་རལ་གྲིའི་གཅལ་དུ་བཀྲམ། །བར་སྣང་རལ་གྲིས་སྤྲིན་ལྟར་གཏིབས། །རལ་གྲིའི་ཚ་ཚ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་རལ་གྲིའི་གཏམས་པ་ལ། །རལ་གྲིའི་བསྐལ་པའི་མེ་ཆེན་འབར། །རླུང་ཡང་རྒྱུ་བའི་སྐབས་མེད་པས། །རལ་གྲིའི་མཚམས་ལས་མ་འདའ་ཞིག །འདས་ན་ལྷ་ཡང་བརླག་འགྱུར་ན། །གདོན་བགེགས་འདས་པ་སྨོས་ཅི་དགོས། །ཨོཏིསྐོཧུ༷ ཕཊ། སྟེངཡང་རྒྱ་གྲམ་བླ་རེ་སྟེ། །རྒྱ་གྲམ་ཐོག་ཐོག་སེར་ལྟར་འགྲིལ། །འོག་ཀྱང་རྒྱ་གྲམ་ས་གཞི་སྟེ། །ས་གཞི་རྒྱ་གྲམ་གཅལ་དུ་བཀྲམ། །བར་སྣང་རྒྱ་གྲམ་སྤྲིན་ཕུང་གཏིབས། །རྒྱ་གྲམ་ཚ་ཚ་སྐར་ལྟར་འཕྲོ། །ཕྱོགས་མཚམས་རྒྱ་གྲམ་གཏམས་པ་ལ། །རྒྱ་གྲམ་བསྐལ་པའི་མེ་ཆེན་འབར། །རླུད་ཡང་རྒྱུ་བའི་སྐབས་མེད་པས། །རྒྱ་གྲམ་མཚམས་ལས་མ་འདའ་ཞིག །འདས་ན་ལྷ་ཡང་བརླག་འགྱུར་ཏེ། །གདོན་བགེགས་འདས་པ་སྨོས་ཅི་དགོས། །ཨོ་ཛི་ན་བཛྲ་ཛི་ན་བཛྲ་ཧུ༷་ཕཊ། སྟེང་ཡང་དབྱུག་ཏོའི་བླ་རེ་ལ། །དབྱུག་ཏོའི་ཐོག་དང་སེར་ལྟར་འགྲིལ། །འོག་ཀྱང་དབྱུག་ཏོའི་ས་གཞི་ལ། །ས་གཞི་དབྱུག་ཏོའི་བཅལ་དུ་བཀྲམ། །བར་སྣང་དབྱུག་ཏོ་སྤྲིན་ལྟར་གཏིབས། །དབྱུག་ཏོའི་ཚྭ་ཚྭ་སྐར་ལྟར་འཁྲུགས། །ཕྱོགས་མཚམས་དབྱུག་ཏོས་གཏམས་པ་ལ། །དབྱུག་ཏོའི་བསྐལ་པའི་མེ་ཆེན་འབར། །རླུད་ཡང་རྒྱུ་བའི་སྐབས་མེད་ན། །དབྱུག་ཏོའི་མཚམས་ལས་མ་འདའ་ཞིག །འདས་ན་ལྷ་ཡང་བརླག་པར་འགྱུར། །གདོན་བགེགས་འདས་པ་སྨོས་ཅི་དགོས། །ཨོ་བཛྲ་མོ་ཏི་བ༷་ཧུ༷་ཕཊ། ཞེས་ཕུར་པ་དང་མཚོན་ཆའི་ཚོགས་གྲངས་མེད་པ་འཕྲོས་པས། བར་དུ་གཅོད་པའི་བདུད་དེ་དག་ཐམས་ཅད་ཨ་རྫ་ཀའི་དོག་བུ་ལ། ཏིལ་མར་གྱིས་བརྒྱབ་པ་བཞིན་དུ། མགོ་ཚལ་པ་བརྒྱར་གས་པར་གྱུར་ཏོ། །དེ་ནས་ཡང་རྡོ་རྗེ་འཛིན་པས་སྡང་བའི་དགྲ་བསྒྲལ་བ་དང་། ཐུགས་རྗེས་སེམས་ཅན་གསོ་བའི་ཕྱིར། ཁྲོ་བོ་རྡོ་རྗེ་གུ་ལང་གི་བསད་གསོ་འདི་སྐད་གསུངས་སོ། །ཡ་ཐ་ཚངས་པའི་གནས་བཞི་དང་། །སྲིད་པའི་རྩེ་མོ་མན་ཆད་བའི་ཆུ་བླུགས་པས། །དྲག་པོའི་སྔགས་ཀྱིས་སྐྲག་དངངས་པས། རུལ་མྱགས་ཚིག་ནས་བརྒྱལ་བ་རྣམས། །གུ་ལང་དབང་ཆེན་ཉེ་དབང་དང་། །ཉི་ཟླ་གཤིན་རྗེ་ཚངས་བཅས་པ ཐལ་བར་གྱུར་པ་གསོ་བར་བྱའོ། །ཨ་ཙནྟྲ་མཎྜ་ལ་ཧུ༷་གིས་བདུད་རྩིའི་ཆུ་རྒྱུན་གྱིས་སླར་གསོས། དྲན་པ་རྙེད་པར་གྱུར་ནས། ཐུགས་རྗེའི་སྲས་སུ་བྱིན་གྱིས་བརླབས་ནས་བཞག་གོ །དེ་ནས་ངག་གི་དབང་ཕྱུག་གིས་ཐབས་མཁས་པའི་སྒོ་ནས། དེ་ཙམ་དུ་བས་པ་ལགས་སམ་ཞེས་གསོལ་པ་དང་། རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། ཐབས་མཁས་པའི་སྒོ་བསམ་གྱིས་མི་ཁྱབ་པ་མང་ཡང་། རྒྱུད་འདི་ལས་ཆེར་མ་གསུངས་ཀྱང་འདི་དག་གི་ནང་དུ་མ་གཏོགས་པའི་གང་ཟག་ཆོས་སྤྱོད་པ་ཡིན་ན་ཡང་། མཁན་པོ་དང་རྡོ་རྗེ་སློབ་དཔོན་ལ་ཡང་བསླབས་པ་དང་གུས་པའི་ཚུལ་མ་བྱས་པར། གསང་སྔགས་ལ་རྒྱབ་ཉན་དང་རྐུན་བུ་དང་། ཆོས་ལ་ཐབས་དང་ཟོལ་དང་།གསོག་དང་སྒྱུས་འཚོ་བ་རྣམས་དང་། གལ་ཏེ་གསང་བའི་སྒོར་ཞུགས་ནས། གསང་བའི་དོན་བསྟན་ཅིང་ཕོགས་ནས། མན་ངག་བསྟན་པར་བྱས་ཀྱང་དེ་ཉིད་ལ་ཟུངས་སུ་དར་ཅིག་ཀྱང་མི་འཛིན་ཏེ། བརྒྱུད་ཅིང་མི་གཉན་པར་བྱས་ཏེ། ཀུན་ལ་སྤེལ་ཞིང་བསྒྲགས་དང་སྟོན་པ་དང་། མུ་སྟེགས་དང་། སྐྱེ་བོ་ཕལ་པ་ལ་སོགས་པས་གསང་སྔགས་བལྟ་ཞིང་ཉན་པ་ལས་སྤྱོད་པའི་དོན་དང་སྦྱར་ནས། ཉེས་པ་ཙམ་པོ་ཆེ་བ་དང་། རྐུ་འཕྲོག་དང་བརྙས་ཚད་ཐ་ན་ཡི་གེ་དང་། དམ་ཚིག་ལ་སོགས་པ་ལ་དཔྱ་བའི་སྒྲོ་རྣམ་པ་སྣ་ཚོགས་པར་འདོགས་པ་རྣམས་ནི་བསལ་ཞིང་སྤང་བར་ལུང་ལས་གསུངས་ཏེ། དེའི་ཕྱིར་ཆོས་སྐྱེ་བ་མེད་པ་ཡིན་ཀྱང་། གྲོང་དང་འདུ་འཛི་ལས་དཔག་ཚདདངརྒྱང་གྲགས་ཐག་རིང་བ་བཙལ་བ་དང་། དབེན་ཞིང་འགོལ་བའི་གནས་བཙལ་བ་དང་། ཐུགས་ཡེ་ཤེས་ལ་རྣམ་རྟོག་མེད་ཀྱང་ལོག་པ་ལུང་དུ་མ་བསྟན་པས། བཀྲ་ཤིས་པའི་གནས་གཞུང་ལསའབྱུང་བ་བཞིན་དུ་བཙལ་བ་དང་། ཆོས་མཉན་པ་ལ་རིས་མེད་ན་ཡང་། བླུན་པོ་ཐོག་རྫིས་དང་བཀྲེས་ཕོངས་ཀྱི་ནང་ཚངས་འབྱུང་བས་ཐོ་དང་མཚམས་བཅད་པ་དང་དུས་དང་གནས་གསང་བ་དང་། དོན་ཟབ་མོ་ཀུན་གྱིས་ཐུན་མོང་མ་ཡིན་པས་གཞུང་དང་མཐུན་པ་དང་། རིགས་རྒྱུད་བཟང་བ་དང་སྣོད་དང་ལྡན་པའི་གྲོགས་བཙལ་བ་དང་། ནང་རྟགས་དང་མཚན་མ་མ་ཐོབ་ཀྱི་བར་མི་བཏང་བའི་ཕྱིར། དད་པ་དང་འབྱོར་པ་ཆེར་དཔག་པ་དང། བར་ཆོད་དང་ཡེ་འདྲོག་གིས་མི་ཚུགས་པར་བྱ་བའི་ཕྱིར། སྐྱོན་དང་མི་མཐུན་པའི་འཚོ་བ་སྤངས་ཏེ། ཏིང་ངེ་འཛིན་ཁང་བཅདདེ་ལེ་ལོ་མེད་པའི་བརྩོནའགྲུས་ཀྱིས་ཐང་ཆས་གསུངས་ཏེ་འདི་སྐད་དོ། །རྣལ་འབྱོར་གསང་བའི་དོན་མཆོག་འདི། །སྐལ་ལྡན་རྣམས་ལས་མ་གཏོགས་པར། །སྐལ་མེད་ཤེས་རབ་ཞན་པ་དང་། །སྣོད་ངན་ཐོས་ན་འཇིགས་ཤིང་སྐྲག །ངེས་པའི་དོན་ལས་གང་ལོག་པར། །ཉན་པ་ཡོད་ན་རྣ་བ་བཅད། །བལྟ་བ་འདུག་ན་མིག་ཕྱུང་སྟེ། །གདུག་པ་ཡོད་ན་བསྒྲལ་བར་བྱ། །སྤྱོད་པ་བརླང་པོ་བརྩམ་པར་བྱ། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས་སོ། །ཨོ་ནཱ་ཤ་ཡ་བཱ་ར་ཡ་ཕཊ། ཏ་ཐ་ན་ཙིསྟ་བ༷་རིལ་ནཱ་ར་ཡ་ཛ། ཞེས་པས་བར་དུ་གཅོད་པ་སྒྲ་མ་གྲགས་པར་གྱུར་ཏོ། །ངག་གི་དབང་པོ་དེ་ལྟ་བུའི་གསང་བའི་དོན་འདི་ནི། ཐུན་མོང་མ་ཡིན་པའི་ཕྱིར། དང་པོ་སངས་རྒྱས་ཉིད་ཀྱི་བསྒྲུབ་པ་ལ། དེ་ནས་ལྷ་རྣམས་ཀྱི་བསྒྲུབ་པ་ལ་རིམ་གྱིས་སྤྱོད་ཡུལ་དུ་བཀའ་སྩལ་པ། མི་ཕལ་རིགས་སུ་སྣང་ན་ཡང་། མི་ཕལ་པ་དག་ལྷ་དང་འདྲ་བའི་སྤྱོད་ཡུལ་མ་ཡིན་པས། མཚམས་བཅད་ཅིང་། མ་འདྲེས་པ་གསལ་བར་བྱ་བ་ནི་གསང་སྔགས་ཀྱི་ཡང་སྙིང་ཡིན་པར་གསུངས་སོ། །ངག་གི་དབང་པོ་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་སྨོན་ལམ་གྱི་སངས་རྒྱས་དང་། སྨོན་ལམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཐུགས་རྗེ་ཆེའོ། །ཡེ་ཤེས་ཀྱི་ལྷའི་ནང་ནས་ཀྱང་བསྒྲུབ་ཐག་ཉེ་བའི་སྲས་བརྒྱད་དང་། ཡབ་ཡུམ་སེམས་དཔའ་རྣམ་གཉིས་ཀྱི་སྤྲུལ་པ་ཁྲོ་བོ་བཅུ་ཉེ་སྟེ། གང་ཞིག་ཁྲོ་བོ་བཅུའི་རུས་དང་། མིང་དང་།སྔགས་དང་། ཕྱག་རྒྱ་ཅི་སྨོས་ཀྱི། ཁྲོ་བོ་གཅིག་གི་རྗེས་སུ་གཞོལ་ན་ཡང་བཅུ་པོ་ཀུན་བསྒོམ་ཞིང་བསྒྲུབ་པ་དང་འདྲ་བར་དེའི་རེ་བ་སྐོང་བར་མཛད་དོ། ཁྲོ་བོ་འདི་རྣམས་འཕགས་པ་ཐམས་ཅད་ཀྱི་ནང་ནས་ཐུགས་རྗེ་ཆེནཔོས་བསྟོད། སེམས་ཅན་ཐམས་ཅད་བུ་གཅིག་པདངའདྲ་བར་མཛདན་ཡང། རྣལ་འབྱོར་པ་དམ་ཚིག་ལ་མི་གནས་པ་དང་། འདོད་པས་དུས་ཐམས་ཅད་དུ་བརྒྱལ་ཏེ་ཚོག་པའི་དུས་མེདཔ་དང་། སེར་སྣ་དངཆགས་པས་བཅིངས་པདང་། བཀའགཉནཔར་མི་སེམས་ཞིང་། བདག་ཉིད་ཆེ་ཞིང་བཙནཔ་དང་། ཐུགས་གསང་བ་གབ་པ་ལས། སྦས་པའི་དོན་མ་ཐོས་པ་དང་། རྟེན་དང་མོས་ཚདདུ་བྱས་པའི་དབང་གིས་གང་ཡངཡིདམ་ཆེས་ཏེ། འདི་དག་དོན་གྱི་ཐོག་ཏུ་མ་ཕེབསཔ། མཁས་ཤིང་རྟོགསཔའི་མན་ངག་ཅན་ལ། དད་པ་དང་དམ་ཚིག་ཏུ་འབྲེལ་བས། བརྩེ་བ་གུས་པའི་སེམས་ཀྱིས་རྒྱུ་མེད་པས་ཕངས་པ་མེདཔརམི་འབུལ་བར། སྒྱུསལེནཅིངནན་ཏནདངཟོལ་གྱིས་བླངས་ཏེ། བཀའ་གཞན་ནས་ཁུངས་ཕྱུང་སྟེ། དེཉིད་སླར་སྨོད་ཅིང་ཆེ་བ་འབྱིན་པ་དང་། གསང་བའི་བཀའ་ངེས་པ་འདོད་པ་ཚོལ་བའི་དོན་དུ་འཚོངབ་དང། སོ་སོའི་དོན་ཀུན་ལ་འཇུགཔརའདོདཅིང་། དེའི་ཚུལབཞིནདུ་གངཡང་མི་བྱེད་པ་དང་། ཕལ་ཆེར་ཆོས་ལོག་པ་དང་། ཁོ་གཤོང་དང་སྡེབ་སྦྱོར་ལམོས་པ་དང་། རྩ་བ་དང་ཡན་ལགགི་དམ་ཚིག་ལ་མི་གནས་ཤིང་། ཕྱི་ནངགསང་བའི་དབངལུགས་བཞིན་མ་ནོསཔ་དང་། སྤྱོད་པ་གསང་བའི་དོན་འདི་དག་གསང་མཚམས་མེད་པར་སྟོན་པ་དང། གསང་བ་ངེས་པའི་དོན་ལྟོས་པས་རྣམས་ཀྱང་ཉམས་པར་གྱུར་པ་རྣམས་ལ་ཇིལྟར་བསྒྲུབས་ཀྱང་དེའི་འབྲས་བུ་མི་འོང་སྟེ་སླར་དེ་ཉིད་འཆི་བའི་བདུད་ལ་སོགས་པའི་གེགས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐུགས་རྗེ་དབྲི་བཀོལ་མི་མཛད་ཀྱང་། དཔེར་ན་ཟས་བཅུད་ཅན་སེམས་ཅན་རིད་པས་མི་འཇུ་སྟེ། འཆི་བའི་དུག་ཏུ་འགྱུར་བ་བཞིན། འཕགས་པའི་ཐུགས་རྗེ་ཆེན་པོ་དམ་ཚིག་ཉམས་པའི་བདུད་དུ་འབབ་སྟེ། གང་དེ་ཉིད་ཀྱིས་དེ་བཞིན་དུ་དམ་བཅའ་ཁས་འཆེས་ནས། དེ་ཉིད་ཀྱིས་དེ་བཞིན་དུ་མ་བྱས་པས་དེ་ཉིད་ཀྱི་བདུད་དུ་བྱུང་བ་ལ། ཉམས་པའི་འབྲས་བུ་རྡོ་རྗེ་བས་སྲ་བས། གཉེན་པོ་ཅིས་ཀྱང་བཅོས་པའི་ཐབས་མེད་པའོ། །དེ་བས་ན་དམྱལ་བའི་སྡུག་བསྔལ་ལས་འཕགས་པའི་ཐུགས་རྗེས་མི་འགྱུར་བ་མེད་ན། དམ་ཚིག་ཉམས་པའི་དམྱལ་བ་ལས་འཕགས་པའི་ཐུགས་རྗེས་དེར་འཇུག་གོ །དེ་གང་ནོར་བ་ལ་འགྱོད་པས་ཕན་པ་ཡོད་ན་ཆོས་ནོར་བའི་ལས་སྨིན་པའི་འབྲས་བུ་ལ་འགྱོད་པས་ཕན་པ་མེད་དོ། །ཅི་ལ་ཡང་ཅུང་ཟད་ཙམ་སྡོད་ལོང་ཡོད་ཀྱང་རྡོ་རྗེ་དམྱལ་བའི་སྡུག་བསྔལ་ལ་སྐད་ཅིག་ཙམ་ཡང་བསྡད་ལོང་མེད་དོ། །དེའི་ཕྱིར་སྡིག་པ་ཐམས་ཅད་ཀྱི་ནང་ནས་སྲོག་གཅོད་པ་ཆེའོ། །དེ་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲོག་བཅད་པ་བས། མཚམས་མེད་པ་ལྔའི་ལས་བྱེད་པ་ཆེའོ། །མཚམས་མེད་པའི་ལས་བསྡོམས་པ་ལས། ཆོས་ལོག་པར་སྤྱོད་པ་སྡིག་ཆེའོ། །དེ་གང་ཞེ་ན། གོང་མ་དེ་ལྟར་སྤྱོད་པའོ། །དེ་བས་ན་རྣ་བས་ཐོས་པ་ལ་སྡིག་ཆེ་བ་ནི། གསང་སྔགས་ལ་རྒྱབ་ཉན་བྱེད་པ་དང་། རྐུན་བུ་བསྟེན་པ་དང་། འོག་འབྲུ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ལས་བཀའ་མ་ཐོབ་ཅིང་ སངས་རྒྱས་ལ་ཐུག་ཐུབ་བྱས་པས། མིག་གིས་མཐོང་བ་ལ་སྡིག་འགོ་བ་ནི། སྔགས་ཀྱི་སྤྱོད་པ་བརླང་པོ་དང་། གསང་བར་སྤྱད་པ་བླང་བ་དང་། གསང་བར་སྤྱད་པའི་དཀྱིལ་འཁོར་ལ་མི་གཏོགས་པར་བལྟ་བའོ། །དྲི་དང་བྲོ་བ་ལ་སྣོམ་པ་ལ་སྡིག་ཆེ་བ་ནི། རྣལ་འབྱོར་གྱི་ཚོགས་ཀྱི་ལོངས་སྤྱོད་ལ་རློམ་པའོ། །བཀའ་བཅག་པ་སྡིག་ཆེ་བ། སློབ་དཔོན་གྱིས་་བསྒོ་བ་མི་ཉན་པའོ། ཁས་བླངས་པ་ལ་སྡིག་ཆེ་བ། གཡར་གྱིས་བླངས་པ་ལྟར་མ་བྱས་པའོ། །བསླུས་པ་ཡིན་པའི་ཕྱིར་དེ་དག་གིས་དོན་དུ་འདི་གསུངས་ཏེ། མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །རྒྱལ་སྲས་མ་ཡིན་གང་བྱེད་ཀྱང་། །མཉམ་པ་སངས་རྒྱས་སྲས་མེད་དེ། །ཅིའི་ཕྱིར་ཞེ་ན་མ་རྟོགས་པས། །རང་གིས་ལོག་པར་སྤྱོད་པས་སོ། །བདེ་གཤེགས་ཉེ་རིང་མི་མཛད་ཀྱང་། །འཕགས་པའི་བཀའ་ཆད་བྱུང་བ་ཡང་། །གང་ཟག་ཉིད་ཀྱིས་རང་ཕུང་བསྒྲུབས། །ཐར་པའི་དུས་མེད་འཆིང་བའི་རྒྱུ། །དོན་ལ་ཉན་པར་མི་སེམས་པར། །ཕན་པར་འདོད་ནས་དོན་ལ་འཇུག །མ་རྟོགས་དབང་གིས་ལྷུང་གྱུར་པས། །ཡེ་ནས་མ་བཙལ་ཤིན་ཏུ་དགྱེས། །ཞེས་གསུངས་པས། དེའི་ཕྱིར་གསང་ཚིག་མི་ཐུབ་པ་དང་། །གོལ་བ་སྡིག་ཏུ་འགྱུར་བའི་ཕྱིར། །མཚམས་ཆོད་པར་བྱ་དགོས་པས་གཟི་ལྡན་འབར་བའི་རྒྱུད་འདི་ནི། ཞལ་ནས་གསུངས་པའི་རྒྱུད་ཐམས་ཅད་ཀྱི་ནང་ནས། ཡང་ཤིན་ཏུ་ཡང་ཐུགས་རྗེས་གཅེས་ལ་གལ་ཆེ་སྟེ། དཔེར་ན་ནད་ཚ་གྲང་ལ་མཁས་པའི་སྨན་པས། མི་དང་ནང་དུ་ཕྱེད་པ་བཞིན། བཀའ་དང་མི་མཐུན་པ་སྲོང་བར་བྱེད་དོ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། སངས་རྒྱས་ས་ལ་ཞུགས་ཀྱང་མི་ཆོས་གདམས་ངག་དང་ཕན་པའི་སྒོ་ནས། སེམས་ཅན་ལ་ངེས་པའི་སྟངས་གཅོད་པས་ཕན་འདོགས་པ་དང་འདྲ་བར་སྨོན་ལམ་གྱི་ཁྲོ་བོ་འདི་རྣམས་ཉིད་ཀྱིས་ཆེ་བའི་མཆོག་བརྙེས་ཀྱང་། སྔོན་གྱི་ཐུགས་དམ་གྱིས་སྐུ་ཡེ་ཤེས་ཀྱི་འོད་ཟེར་འབུམ་གྱི་གཟི་དང་ལྡན་པས་འཁོར་བ་མ་སྟོངས་ཀྱི་བར་དུ། གཞུང་དང་ལྡན་པས་བསྒྲུབ་ངེས་པ་རྣམས་ཀྱི་སྟོངས་དང་གྲོགས་མཛད། མི་ལྡན་ཞིང་གོལ་བ་རྣམས་ཀྱི་བར་གཅོད་དང་། ལོག་པར་སྤྱོད་པའི་ཉེས་པ་འགོག་པའི་ཕྱིར་བཙལ་བ་དང་། སྒྲོད་པ་དང་། བཅོས་པ་དང་། འཕྲོ་གཅོད་པ་དང་། ཕྱིར་མི་ལྷུང་བའི་དོན་དུ། ཐུགས་ཡེ་ཤེས་ཀྱི་གཟི་མདངས་ལྡན་པར་མཛད་པས། གཟི་ལྡན་འབར་བའི་རྒྱུད་ཅེས་འདི་ལ་བཏགས་སོ། །དེ་ལྟར་གསང་སྔགས་འདི་གསང་བ་ཐམས་ཅད་ཀྱི་ནང་ནས་གསང་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་པར་ཁས་འཆེས་ནས་གསང་སྒོ་མི་སྡོམ་ན། གསང་བ་མེད་ན་སྔགས་པ་ཕུང་བར་འོང་སྟེ། སྡིག་ཀྱང་དེ་ལས་ཆེ་བ་མེད་ཅིང་། ཁྲོ་བོ་དང་ཁྲོ་མོ་དང་། ཕོ་ཉ་དང་ཕྱག་བརྙན་གྱི་བཀའ་ཆད་ཀྱི་གནས་སུ་འགྱུར་རོ། །གསང་བའི་དམ་ཚིག་ནོས་ནས་དམ་ཚིག་ཅན་ཞེས་དམ་བཅས་ནས། བཀའ་དམ་པ་དང་། སྔགས་དམ་པ་དང་། གསང་བ་དམ་པ་དང་། དབང་དམ་པ་དང་། སྤྱོད་པ་དམ་པ་དང་། ཕྲིན་ལས་དམ་པ་དང་། དམ་ཚིག་དམ་པ་དང་། མན་ངག་དམ་པ་དང་། རྫས་དམ་པ་མེད་པར་ཞབས་རྡོལ་དུ་སྤྱད་ན། ངེས་ཚིག་ཆུ་ལ་སྒྱུར། གཏན་ཚིགས་རླུཎྜ་ལ་ཕྱར། ལུས་ངག་ཡིད་གསུམ་ཤིན་ཏུ་རུལ་ཚིག་ཉམས་ཏེ། མནར་མེད་པར་སྐྱེས་པ་ལ་ཁྲོ་བོ་འདི་དག་རྔམ་ཆེན་དང་ཐུགས་རྗེ་ཅན་དུ་འོང་སྟེ། སྡུག་ཀྱང་དེ་ལས་སྡུག་པ་མེད་ལ། སྙིང་ཡང་དེ་ལས་རྗེ་བ་མེད་དོ། །འདིར་ཡང་མ་མོ་དང་མཁའ་འགྲོ་སྒྲོལ་བའི་ཞིང་བཅུར་གྱུར་ནས། ཕྱི་མ་ལ་ཐར་པའི་དུས་མེད་པར་འགྱུར་བས། འཇིག་རྟེན་རྩལ་འཆང་རྣམས་ཀྱིས་དཔྱས་ཤིང་དབང་མི་བསྐུར་ཏེ། རྒྱལ་བ་རྣམས་ཀྱིས་ཀྱང་དེ་ལ་སྐབས་ཕྱེད་པར་མི་ནུས་ཏེ། ཤིན་ཏུ་སྡུག་བསྔལ་བ་མི་བཟོད་པར་མྱོང་ངོ་། །འདི་དག་གསང་ཞིང་སྤྱད་ལེགས་ན། བསྒྲུབ་པའི་འབྲས་བུ་ཇི་ལྟར་ཡང་འགྲུབ་བོ། །ངག་གི་དབང་པོ། དཔེར་ན་སྨན་པས་རྩ་དཔྱད་ཀྱིས་འདུ་བ་རྣམ་བཞི་ངོས་མ་ཟིན་པས། ཚ་གྲང་གི་སྨན་ལོག་པར་སྦྱར་ན། འཆི་བར་བྱེད་པར་འགྱུརབབཞིན། གསངསྔགས་འདི་སྤྱད་ཉེས་ན་མ་རུང་བར་འགྱུར་ཏེ། གསང་སྔགས་དང་དྲགས་ནས་སྦྱད་ཉེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དར་བའི་དབང་གིས་བསྲུང་བའི་རིམ་པ་མེད་པར། བརྩེ་གདུང་ཆུང་ཞིང་ཞེ་འདོད་པའི་དབང་གིས་སྤྱོད་པས་ཉམས་སོ། །སྔགས་འདུ་བྱེད་ཀྱི་དམ་པས་ན་ཡང་ཉམས་སོ། །དེ་ཅིའི་ཕྱིར་ཞེ་ན། མི་ཤེས་པའི་དབང་གིས། ཁེ་གྲགས་དང་། སྒྲོ་སྐུར་དང་། བཞེད་པར་གྱུར་པས་ཉམས་སོ། །གསང་སྔགས་འཕྱར་ཞིང་ངོམ་པས་སྤྱད་ན་ཡང་ཉམས་སོ། །དེ་ཅིའི་ཕྱིར་ཞེ་ན། བཀའ་སྨོད་ཅིང་གདེང་མ་ཟིན་པས་དངོས་གྲུབ་ཡལ་བས་ཉམས་སོ། །གསང་སྔགས་སྤྱོད་པ་མི་གཟོབ་པར་སྤྱད་ན་ཡང་ཉམས་སོ། །དེ་ཅིའི་ཕྱིར་ཞེ་ན། འཕྱ་སླ་བ་དང་འཆལ་རྒད་དུ་གྱུར་པས་ཉམས་སོ། །གསང་སྔགས་གསང་སྒོ་མེད་པར་སྦྱད་ན་དེ་བས་ཀྱང་ཉམས་ཏེ། ཡ་ག་དང་སྒྲོ་སྐུར་དང་། མཚང་ཚིག་ཏུ་གྱུར་པས་ཉམས་སོ། །སྔགས་ཤེས་རབ་བརྟུལ་ཞིང་མ་ཤེས་པས་སྤྱད་ན་ཉམས་སོ། །དེ་ཅིའི་ཕྱིར་ན་དོན་མ་ཁྲོལ་བར་ཐེ་ཚོམ་དང་རྟོག་པ་སྐྱེ་བའི་རྒྱུར་གྱུར་པས་ཉམས་སོ། །གསང་སྔགས་རྒྱུ་ལེ་ལོ་དང་སྒྱུ་སྙོམས་ཅན་གྱིས་སྤྱད་ན་ཡང་ཉམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ལས་སུ་མ་རུངས་པས་སྒྲོ་སྐུར་འདེབས་ཤིང་རྫུན་པར་སྤྱོད་པས་ཉམས་སོ། །དེ་བས་ན་སྨན་པ་མཁས་པ་འདྲ་བའི། ས་ར་ས་དང་ཏྲ་དང་། པྲཙྭ་དང་ས་མ་ཡ་དང་། ཙྭ་ན་དང་། སྟུརྒྱ་དང་སིན་དུ་མ་དང་། དྷརྨ་ཏ་ལ་དང་ལྡན་པ་རྣམས་ཀྱིས་སྤྱོད་པ་གསུངས་སོ། །དེ་ཡང་འདི་སྐད་དོ། །གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་འདིར། །ཉན་ཅིང་བལྟ་ལ་མི་དབང་བའི། །བསྒྲལ་བའི་ཞིང་བཅུའི་སེམས་ཅན་ལ། །རྣལ་འབྱོར་བདུད་རྩིའི་དམ་ཆུ་འདིས། །ལུས་སེམས་རྒྱུད་ལ་ཕོག་པས་ཀྱང་། །ཐལ་བ་རྡུལ་བཞིན་བརླག་འགྱུར་ཞིང་། །བལྟ་བའི་རྡོ་རྗེ་དུག་ཆེན་པོ། །གཞན་ཡང་མི་བཟད་པ་ཡི་དུག །དུག་ཀྱང་དུག་སྟེ་སྨན་ཀྱང་སྨན། །རྟོགས་པ་རྣམས་ལ་སྨན་ཡིན་ཀྱང་། །མ་རྟོགས་པ་ལ་དུག་ཏུ་འགྱུར། ཁུ་བ་ཁྲག་ཏུ་དམིགས་ནས་ཀྱང་། །རང་སེམས་དབང་དུ་བཙུགས་ནས་ཀྱང་། །ཐ་ཚིག་གཉེན་པོ་སྲོག་བསྲུང་ཕྱིར། །གཞན་གྱི་དྲིན་ལ་མི་གནས་པར། །འཁོར་ལོ་རྡོ་རྗེ་གཏོར་བའོ། །ཨོ་བཛྲ་ཡ་ཐ་སརྦ་ཧུ༷་ཏ་ཐ་སྒྲི་ཐ༷་ཀུཎྜ་ལི་ཧ་ན་ཧ་ན་ཧུ༷་ཕཊ། ཞེས་སྨན་གྱི་སྒོ་ནས་མཚམས་བཅད་དོ། །དེ་ནས་རྣལ་འབྱོར་ཆེན་པོ་ཕྲིན་ལས་རྫོགས་མཛད་ནས། རྣལ་འབྱོར་ཚོགས་ལ་ལོངས་སྤྱོད་ཅིང་། མཆོད་པ་དག་པར་འདུལ་བ་ཡང་ཀུན་གྱི་ཐུན་མོང་མ་ཡིན་ཏེ། གནས་ཡིད་དུ་འོང་བར་ཚོགས་འདུས་པའི་གནས་རུང་བར། སློབ་དཔོན་དགོས་ཆེད་ཀྱི་ཐབས་ལྔདང་ལྡན་པས། མཆེད་ལྕམདྲན་པའི་སྣོད་དྲུག་ཡོད་པ་དང་། གཟུངས་མ་ཕ་རོལ་དུ་ཕྱིན་པའི་ཐབས་རྒྱུད་དང་ལྡན་པ་དང་། རྒྱལ་ཚབ་ཀར་མ་ཕྱི་ནང་ལ་བརྡ་མངལ་བ་དང་། ཡོན་བདག་བསམ་པ་དག་པའི་སྟོབས་གསུམ་དང་ལྡན་པ་དང་།མཆོད་པ་བཤམས་སྦྱར་གཙང་སྦྲའི་ཚུལ་ཤིས་པས། གང་ཡང་མ་སྤངས་པའི་ལོངས་སྤྱོད་ཆེན་པོས་རྒྱལ་བ་མཆོད་པས་སྐང་སྐོང་དགྱེས་དགྱེས་ཤིང་དགོངས་པ་འཕེལ་དངོས་གྲུབ་ཐོབ་པའི་རྒྱུར་འགྱུར།གཞུང་འདི་ཡང་གར་སོང་སོང་བབ་ཅོལ་དུ་མ་ཡིན་ཏེ། རྡོ་རྗེ་སློབ་དཔོན་རིམ་གྱིས་སྣང་བའི་དབང་མ་ནོས་པ། ཆགས་ཤིང་འཇུངས་པས་དད་པ་ཆུང་བས། ང་རྒྱལ་དང་ཁེངས་པས་དམ་ལ་མི་གནས་པ། ཤེས་རྒྱ་དང་ཐོས་པ་ཆུང་བས་གཏན་ཚིགས་ཉུང་ཞིང་དོན་མ་ཁྲོལ་བ། ཅི་ལ་ཡང་ཡིད་མ་ཆེས་པས། རས་ཆོད་དང་སྨྱོན་ཐབས་བྱེད་པ། སེམས་ཀླུང་དུ་མ་ཕེབས་པས་ཕྱོགས་རིས་དང་རྟོག་པ་ཅན་མ་ཡིན་པ་དང་། གཟུངས་མ་ཐོབ་པས་གཡེམ་ཞིང་ངོ་ཚ་དང་བྲལ་བས། གསང་མེད་ཅིང་དཔྲལ་བ་འཐུག་པའི་འཕྱར་ཤམ་ལྟར་སོང་བ། རྒྱལ་ཐེབ་དང་ཀར་མས་བྱེད་པའི་བརྡ་ལ་ཤེད་མ་བྱེ་བ་དང་འདྲ་བ་དང་། མཆེད་ལ་མཁོན་བརྙས་དང་།ལྐོག་འཕྱས་དང་དད་པ་ཆུང་ཞིང་བརྩེ་གདུང་མེད་པ་དང་། མཆོད་པའི་རྒྱུ་མ་ཚོགས་པར་ཕུད་ཉམས་གྲངས་ཉུང་ཞིང་ཆར་ཤོར་བ་དང་། མཆོད་པ་བྱིན་གྱིས་མ་རློབས་ཤིང་ཆད་དབང་དང་གཉིད་དབང་དུ་གཏང་བ་དང་། གནས་གྲོང་དབུས་དང་འདུ་འཛི་ཅན་དུ་མཆོད་ཅིང་བསྒྲུབས་ཀྱང་བསོད་ནམས་དང་གྲུབ་པ་ཐོབ་པར་མི་འགྱུར་ཏེ། སླར་བར་ཆད་དང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པར་འགྱུར་བས། ཚེ་སྲོག་ལ་གནོད་པ་འདི་སྐད་དོ། །མ་དག་པ་ནི་མཚམས་བཅད་དོ། །ལས་ཀྱི་གཙོར་ནི་བསྐང་བཤགས་བྱ། །ཐང་ལྷོད་མེད་པས་བརྩོན་འགྲུས་འབྱིན། །རྣལ་འབྱོར་མཁའ་ལ་འགྲོ་བར་འགྱུར། །ང་ནི་རྡོ་རྗེ་འཛིན་པ་སྟེ། །སངས་རྒྱས་ཀུན་གྱི་མཐུ་དབང་བདག །ང་ཡི་བཀའ་ལས་འདའ་བྱེད་པ། །དེ་མ་ཐག་ཏུ་བརླག་པར་འགྱུར། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། །གནོད་པར་བྱེད་པ་གང་ཡིན་པ། །རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང་། །ཐེག་ཆེན་ལ་ཡང་དགོད་པར་བྱའོ། །ཨོ་བཛྲ་བརྙ་ཏྲ་ཐ་ཙམ་པ་ཧུ༷་ཕཊ། ཞེས་པས། ཚོགས་ཀྱི་བར་ཆད་རྡུལ་ཆ་ཙམ་ཡང་མེད་པར་གྱུར་ཏོ། །དེ་ནས་ཡང་གསུང་གི་དབང་ཕྱུག་གིས་གསོལ་པ། གསང་བའི་ཐེག་པ་མཐའ་མ་རྫོགས་པར་བྱེད་པའི་མཚམས་བཅད་མཚམས་འཚལ་ལམ་མི་འཚལ་ཞེས་གསོལ་པ་དང་། རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། གང་ལ་ཡང་མི་རྟོག་མ་ཆགས་པ་ནི། ཅི་ལ་ཡང་མཚམས་བཅད་དུ་མེད་ན། དེ་ན་གནས་པ་ནི་ཉུང་གིས། དེ་ལྟ་བུ་དང་མ་མི་ལྡན་པ་ཤ་སྟག་མང་བར་གནས་ཏེ། རྟོགས་པ་ཆུང་ཞིང་ཤེས་རབ་ཞན་པས་ཅི་སྦྱོད་ཅིང་བརྩམ་ཡང་། དང་པོར་མཚམས་བཅད་པ་དང་། བར་བར་རྫོགས་རྫོགས་ཀྱི་སྐབས་སུ། སྨོན་ལམ་གྱིས་སངས་རྒྱས་རྣམས་ཀྱི་རྩལ་བགོས་ཏེ། གདོད་ཅི་བྱ་བ་ལ་ཉེས་པ་མེད་ཅིང་མཐར་ཕྱིན་པར་གྱུར་ཏེ། དེ་ནི་དཔེར་ན་བཤན་ཐོག་དང་། སྐུ་འཚོ་བ་དང་ལྡན་པའི་རྒྱལ་པོ་ནི། ཅིས་ཀྱང་མི་འཇིགས་ཤིང་བག་ཚ་བ་མེད་ལ། དེ་དང་ ་ལྡན་པའ་རྒྱལ་པོ་ན། སྐུ་ལ་བསྔོ་བས་དུས་ཐམས་ཅད་དུ་བག་ཚ་བ་བ ་དུ། ཁྲོ་བོ་འད་དག་ན་རྣལ་འབྱོར་དང་། སེམས་ཅན་གང་ཕོང་བའི་སྐྱབས་དང་དཔུང་མཛད་པས། ཇི་ལྟར་བཅོལ་བའི་དོན་མཛད་དེ། རྣལ་འབྱོར་པ་གཞུང་དང་མཐུན་ཞིང་ཀློང་དུ་གྱུར་པ་རྣམས་ནི། འདི་ལྟར་བསྐུལ་ཀྱང་མི་གཡེལ་ལམ་བསྐུལ་ཀྱང་དེ་ཉིད་ལ་འདྲིས་པས་བག་ཚ་བ་མེད་ལ། ཕལ་ཆེར་དང་དུ་མ་བླངས་ན་བར་ཆད་དུ་འགྱུར་བས་ནན་ཏན་དུ་བྱ་བའི་ཕྱིར་རོ། །དེ་བས་ན་འདི་སྐད་དོ། །བགེགས་ཞེས་བྱ་བ་གཞན་ན་མེད། །བགེགས་ནི་རང་གི་སེམས་ལས་བྱུང་། །རྣམ་རྟོག་མ་ཡིན་མཚན་མ་ནི། །རྒྱལ་བས་བལྟས་ཀྱང་མི་གཟིགས་སོ། །དངོས་གྲུབ་བར་ཆོད་གང་ཡིན་པ། །ནོར་བས་གཉིས་སུ་བཟུང་བས་ཏེ། །དོན་གྱིས་སུན་ནི་མ་ཕྱིན་པས། །བསོད་ནམས་ཕྲལ་བར་བྱེད་པ་ཡིན། །དེ་བས་འདི་རྣམས་སུན་དབྱུང་ཞིང་། །རང་བྱུང་དངོས་གྲུབ་བསྒྲུབ་པའི་ཕྱིར། །ལྷས་ཀྱང་ལྷ་ཡི་གཤང་གཅི་ཟ། །མིས་ཀྱང་མ་རིག་དྲི་མ་སྦྱངས། །རྣམ་རྟོག་མེད་པའི་ཡེ་ཤེས་ཀྱིས། །དུག་ནི་བདུད་རྩིར་འགྱུར་བར་བཤད། །ཕལ་པས་སྤྱོད་པའི་རྫས་མིན་པས། །གསང་བས་སྤྱད་ལ་སྦ་བར་བྱ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །བསང་ཆེན་བསྒྲུབ་པའི་རྫས་ཡིན་པས། །ཇི་ལྟར་དམིགསཔབཞིནདུའགྲུབ། །ལྷ་ལ་གརྟར་བས་ཐུགས་དམ་བསྐང་། །བགེགས་ལ་ཕོགས་པས་ཐལ་བར་རློམ། །མི་ལ་བབས་པས་དངོས་གྲུབ་འབེབས། །ཡ་མཚན་རྨད་དུ་བྱུང་བ་ཡི། །རྫས་འདིས་བར་ཆད་བརླག་པར་འགྱུར། །ཨོ་བཛྲ་ཨ་མྲི་ཏ་ས་མ་ཡ་ཧུ༷་ཕཊ། ཞེས་དངོས་གྲུབ་བསྒྲུབ་ལ་བར་དུ་གཅོད་པའི་མཚམས་བཅད་དོ། །ངག་གི་དབང་པོ། མཁས་པར་མ་སྦྱངས་པས་དངོས་གྲུབ་མི་འཐོབ་བོ། །སློབ་དཔོན་གྱི་བསྒོ་བ་མ་ཉན་པས་དངོས་གྲུབ་མི་འཐོབ་བོ། །ཟོལ་ཟོག་གིས་དངོས་གྲུབ་མི་འཐོབ་བོ། །གསང་འཆོལ་བས་དངོས་གྲུབ་མི་འཐོབ་བོ། །དབང་མ་ཐོབ་པས་དངོས་གྲུབ་མི་འཐོབ་བོ། །ཚེ་ཐུང་བར་འགྱུར་རོ། །དེ་དག་ཀྱང་ཅི་ཕྱིར་ཞེ་ན། སྣོད་དྲི་མ་ཅན་གྱི་རྫས་དང་འདྲ་སྟེ། ཅིར་ཡང་སྤྱད་དུ་མི་འདོད་པའི་ཕྱིར་རོ། །ངག་གི་དབང་པོ། དུས་ནམ་ཞིག་གི་ཚེ་གསང་བ་འདི་དག་གསང་མཚམས་མེད་པར་བལྟ་སྟེ། དར་བར་བྱེད་པའི་དུས་བྱུང་བའི་ཚེ། གསང་བའི་སྒོར་ཞུགས་ནས་གསང་བའི་དོན་བཞིན་མ་སྤྱད་པས་གསང་བའི་བསྒྲུབ་རྟགས་ཀྱི་འབྲས་བུ་མ་ཐོབ་ཙ་ན། དེ་ལ་རྒྱུད་ལུང་ནས་སྔགས་འདི་དག་ཚིག་གཅིག་ཙམ་དུ་སྟོན་པ་ལས། དེ་བཞིན་དུ་མ་གྲུབ་པས་བརྫུན་ཏོ་ཞེས་སྐུར་པ་བཏབ་ནས། རྒྱུའི་ཆོས་ལ་འཇུག་ཅིང་། སྔགས་ཀྱི་མཚང་འབྲུ་ཞིང་སྨོད་པར་འགྱུར་བས། དེའི་ཕྱིར་ཡང་གསང་ཞིང་མཚམས་བཅད་པའི་རྒྱུད་འདི་རབ་ཏུ་ཟུངས་སུ་བཟུང་ངོ་། །ངག་གི་དབང་པོ། དུས་ནམ་ཞིག་ཙ་ན། སྔགས་བརྡལ་བ་ཆེན་པོརབྱུངབས། ཏ་ན་ལ་སོགས་པའི་སྤྱོད་པ་དང་། ཕྲིན་ལས་ཐམས་ཅད་མ་གསང་བར་སྐྱེ་བོ་མི་ནག་ཀུན་ལ་ཆ་ཡོད་པར་བྱས་པས། སྨན་ཆུས་མནའ་དགག་པ་བརྡུང་ཞིང་གཏག་པ་དང་། བསྒྲལ་ཞིང་དམོད་བྱད་ལ་སོགས་པ་བརྩམས། མི་ནག་ལ་སོགས་པ་རྣམས་ཀྱང་འདི་ལྟར་སྤྱོད་པ་དང་གནོད་པ་དང་ངེས་པ་འདི་སྤྱོད་པས། འདི་དག་གི་སྲོག་ལ་མ་ཕབ་ན། མཐའ་ཕུང་བར་འགྱུར་ཞེས་སེམས་ནས། རྣལ་འབྱོར་པ་སྲོག་དང་ཕྲལ་ནས།རྣལ་འབྱོར་པའི་སྐུ་དགྲ་འབྱུང་བས། དེའི་བར་ཆད་གདུལ་ཞིང་བསྒྲལ་བའོ། །དེའི་དོན་དུ་ཡང་ཁྲོ་བོ་བཅུ་པོ་འདི་མེད་དུ་མི་རུང་བས། འདིའི་དོན་ལ་རབ་ཏུ་བརྩོན་པར་བཟུང་ངོ་། །ངག་གི་དབང་པོ། དུས་གཞན་ཞིག་གི་ཚེ་ན། རྣལ་འབྱོར་གྱི་ཆོས་དབང་མ་ཐོབ་པར་ལ་ལས་བཤད། ལ་ལས་བསྟན། ལ་ལས་བསྟབས། བསྒྲུབ་པའི་མཐུ་རྩལ་དང་བྲལ་ཏེ། འཁོར་གྱི་དབང་ཕྱུག་ཐམས་ཅད་བྲོས་བྱེར་དུ་མ་བརྫབས་པས། མུ་སྟེགས་དང་ལོག་པའི་ཕྱོགས་མཐའ་དག་གིས་བསྟན་པ་ལ་དགྲ་དར་བར་བྱེད་དེ། རྒྱུ་འབྲས་ཀྱི་ཐེག་པ་ལ་སོགས་པ་མ་རུངས་པར་བྱེད་ཅིང་། སངས་རྒྱས་ཀྱི་བསྟན་པ་ནུབ་པར་གྱུར་པའི་ཚེ། ཁྲོ་བོ་བཅུ་པོ་འདིས་འདུལ་ཞིང་། ཐུགས་རྗེ་དང་ཐུགས་དམ་དུ་ལྡན་པས་ཐབས་མཁས་པའི་དབང་ཕྱུག་ཡིན་པས་ཁྱད་པར་གྱི་དམ་ཚིག་ཏུ་ཡང་དཀའ་འདི་གཟུང་ངོ་། །ངག་གི་དབང་པོ་དུས་ཡན་འགའི་ཚེ། སངས་རྒྱས་བཀའ་ལ་དམ་མི་སྲུང་བ་དང་། ལུས་དང་སྲོག་དང་ཚེ་དང་། ནོར་དང་ལོངས་སྤྱོད་ལ་བརྐུ་ཞིང་རློམ་པ་མང་བའི་ཕྱིར། རྣལ་འབྱོར་ཐབས་མེད་ཅིང་མི་མཁས་པས། མུ་སྟེགས་ལོག་ཆོས་ལ་སོགས་པ་སྤྱད་དེ། ཤ་ཟ་གཤིན་རྗེ་དང་། མ་མོ་དང་། བདུད་དང་། བྱད་སྟེམས་དང་། ཀླུ་མི་བསྲུན་པ་ལ་སོགས་པ་དང་། ཡི་དྭགས་འབྱུང་པོ་ལ་སོགས་པའི་དམ་རྫས་དང་། བསྐུལ་བ་དང་། རྦོད་གཏོང་གི་ལས་བྱས་པས། ལོ་ཉེས་དང་། སད་དང་། སེར་བ་དང་། བཙའ་དང་། མུ་གེ་དང་། མཛེ་དང་། འབྲུམ་བུ་དང་། ནད་ངན་པ་དང་། རིམས་སྣ་ཚོགས་དང་། སྨྱོ་འབོགས་ལ་སོགས་པ་འཕེལ་བས། བགེགས་དང་ར་ཏྲི་དང་། དགྲ་མི་ཏྲི་དར་བས་སྡུག་དུས་ངན་པ་ལ་བབ་པའི་ཚེ་ཐུགས་རྗེ་ཅན་གྱི་ལྷ་ཁྲོ་བོ་བཅུ་ལས་གཞན་མེད་པས། ལོག་པར་བལྟ་བ་འདུལ་བ་དང་། སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་ཕྱིར་ཁྲོ་བོ་འདི་བཅུ་ཡི་དམ་དུ་བཅང་ཞིང་མཆོད་དོ། །ངག་གི་དབང་པོ།དུས་དང་ཕལ་པའི་གང་ཟག་རྣལ་འབྱོར་པ་ཡང་དག་པའི་དོན་མི་འཚོལ་བས། རས་ཆོད་དང་གཟུ་ལུམ་དང་། ཐོ་ཅོ་དང་སྨྱོ་ཐབས་ཀྱི་ལས་བྱས་ཏེ། ཤེས་མི་ཤེས་མེད་པར་སློབ་དཔོན་ནི་ཀུན་བྱེད། མཁས་མི་མཁས་མེད་པར་རིས་རིས་སུ་བཟུང་ནས་ཀུན་འཆང་པས་དབང་དང་དམ་ཚིག་དང་། ཕྲིན་ལས་དང་། གཏན་ཚིགས་ནི་སློབ་དཔོན་ལ་ཡང་མེད། ང་རྒྱལ་ཆེ་བ་དང་། ཁེ་དང་དྲེགས་པ་ནི་འཁོར་ཡན་ཆད་འཛིན་པས། མན་ངག་ཅན་གྱི་མཁས་པ་རྣམས་ཀྱང་ཐུགས་མ་མཉེས་པས། ཐུགས་ཀྱི་མན་ངག་བཀའི་ཐིགས་པ་གསང་བ་ངེས་པའི་དོན་ཟབ་མོ་སྦས་ཏེ། དམོད་པ་བཙུགས་སོ། །རྣལ་འབྱོར་པ་ཕལ་ཆེར་རས་ཆོད་ཅན་མགོ་རྨོངས་པར་བྱ་བའི་ཕྱིར། དཀྲུགས་འཆོལ་པས། གསང་བའི་དོན་དག་བོན་སྨྲང་ངམ་གཙུག་ལག་བཞིན་དུ་བརྗོད་པས། བཀའ་ལས་མ་བྱུང་བའི་ཆོས་ཡིན་པར་རྒྱས་བཏབ་པའི་ལས་རྩིང་ངོ་། །སྲོག་གཅོད་པ་ལ་སོགས་པ་མུ་སྟེགས་རྒྱང་འཕེན་བཞིནདུ་སྤྱད་པས། འཕྲལ་གྱི་སྒོ་ཡོན་དང་། གང་ཟག་གི་བཀུར་སྟི་ཙམ་ལ་ཆགས་པས། བདག་དང་གཞན་གཉིས་ཀའི་འབྲས་བུ་ཆུས་ཁྱེར་ཏེ། འབྲས་བུ་ངན་སོང་གསུམ་དུ་སྐྱེ་ངེས་པའོ། །གང་ཟག་གདོན་གྱིས་བསླུས་པ་དང་འདྲ་བ་ལ་ཡང་། གོང་དུ་བསྟན་པའི་སྨོན་ལམ་གྱི་དབང་གིས། སྐྱབས་དང་དཔུང་མགོན་ཁྲོ་བོ་བཅུ་ཡིན་ངེས་པས། གཉེན་དུ་བླངས་ཏེ། རྒྱུད་འདི་ལྟར་ཤེས་པར་བྱ་ཞིང་ཡིད་ལ་གཟུང་ངོ་། །ངག་གི་དབང་པོ། རྣལ་འབྱོར་པས་ཆོས་ཟབ་མོའི་སྣོད་དང་མི་ལྡན་པའི་ཚེ། ཡིན་རུང་མིན་རུང་བཀའ་ལ་འདོགས་སོ། །དེའི་ཚེ་སྣོད་དང་ལྡན་པ་རྣམས་ནི་ཉུང་སྟེ། བཀའ་བཙན་པར་སེམས་ནས་དོན་གསང་ཞིང་གསངས་ནས་བསྒྲུབས་པས། གྲུབ་པ་ཐོབ་ས་སྲིད་པ་ཙམ་གནས་སོ། །སྣོད་མི་ལྡན་པར་ཕལ་ཆེར་གྱིས་སྤྱད་པས། དོན་གྱི་བདེན་པ་མ་རིག་པར་གསང་སྔགས་ལ་བརྟེན་ནས། འབྲས་བུ་བདེ་བ་འཚོལ་ཞེས་པ་ལས་གོལ་ཏེ། སྙིང་རྗེ་ཕར་མི་གཏང་བར་ཞེ་སྡང་ཕར་གཏང་། བྱམས་སེམས་ཕར་ལ་མི་བསྒོམ་པར་བཀུར་སྟི་ཚུར་འདོད། མཁས་པ་རང་གིས་མ་སྦྱངས་པར་དཔོན་པོར་ཕར་འཆོལ། སྤྱིན་ང་་རང་གིས་མི་གཏང་བར་བཟའ་ཞིང་སྤྱད་པ་ཕར་དགའ་བས་བདེན་པའི་ཆོས་ལུགས་ནི་ཤོར། མི་བདེན་པའི་ང་རྒྱལ་ནི་ཆེ། གཉེན་པའི་དམ་ཚིག་ནི་མེད། མི་གཉན་པའི་རང་མཐོང་ནི་ཆེ། དོན་གྱི་མན་ངག་ནི་ནུབ། མི་དགོས་པའི་རྩིང་ཆོས་མ་སྤངས་པས། སྟོན་པའི་བཀའ་ནི་ནུབ། རྩ་བའི་དམ་ཚིག་ནི་གཏིང་ནས་ཉམས་ཏེ་འཕགས་པའི་ཞབས་འདྲེན། སངས་རྒྱས་ཀྱི་བཀའ་ནི་བསླུས་པར་འགྱུར་ཙ་ན། ཉེས་པ་ཅི་བྱས་ན་བརྗོད་མི་རུང་བའི་སྡུག་བསྔལ་མྱོང་བས། སྒྲོ་སྐུར་རང་གི་ཆོས་ལ་བཏབ། དཔེ་ངན་བྱེད་ལ་རུང་བ་ཡོད་པར་སྨོས། སྤྱི་དོན་ལས་མེད་ཀྱི་ཟེར་ཏེ་ངན་པར་བརྟག་ཅིང་བྱས་སྔོན་ནས་སྡོད། རྟག་ཏུ་རེ་བ་རླུད་གི་འཁོར་ལོས་དེད་ཙ་ན།ཉོན་མོངས་པའི་དགྲ་མེ་མ་མུར་གྱི་འོབས་སྟེང་ན། ཁྲས་ཉེན་པའི་བྱེའུ་མང་པོ་འཕུར་བ་ལ། ཐོག་དང་གློག་གི་རྒྱས་བསྐོར་ནས། ཁྲོ་ཆུ་ཁོལ་མའི་ཆུ་ཕབ་སྟེ། སྡུག་བསྔལ་ལོག་པའི་འབྲས་བུ་དུས་གཅིག་ཏུ་སྨིན་ཙ་ན་ཡང་། བསྐྱབ་པར་བྱ་བའི་ཐབས་དང་རྒྱབ་རྟེན་དང་དཔུང་གཉེན་དུ་སྨོན་ལམ་དུ་བཏབ་པའི་ཁྲོ་བོ་བཅུ་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་སྐབས་དབྱེ་མི་ནུས་པས། རྒྱུད་འདི་དམ་ཚིག་ཉམས་པ་སྐོང་བར་གསུངས་པའོ། །ངག་གི་དབང་པོ། དུས་ལྔ་བརྒྱ་པའི་ཚེ་རྣལ་འབྱོར་པ་ཐོས་པ་ཆུང་ཞིང་། དད་པ་མེད་པས་སེམས་ཅན་གྱི་ཉོན་མོངས་པའི་ནད་ཀྱི་དབྱིངས་རྒྱ་མཚོ་ཙམ་གནས་པ་ལ། དེ་འདུལ་བའི་སེམས་ཅན་དེ་བཞིན་གཤེགས་པའི་བཀའ་བདུད་རྩིའི་རྒྱ་མཚོ་གསུངས་པ་བཞིན་དུ། ཆོས་ཉུང་བར་དགོས་པས། ཕྱི་ནང་གི་བཀའ་འདི་དག་གང་ཟག་གི་སྣོད་ཀྱི་རིམ་པ་དང་སྦྱར་ནས། འདྲེར་མི་གནང་བ་ནི་བརྡ་སྦྱོར་ཚད་མང་དུ་བྱ་བྱེད་ཀྱི་སྤྲེའུ་ཞུགས་པ་བཞིན་དུ་བསྲེས་བཅོས། གོང་འོག་གི་ཕྲིན་ལས་ཐམས་ཅད་ཕྱིས་མི་ཤེས་པའི་ཁྲབ་སྡེབས་པ་བཞིན་དུ་ལས་ཀྱི་གོང་འོག་ཐམས་ཅད་ཞལ་ལྕེ་བ་གཤག་བྱ་བ་བཞིན་རིངས་པར་འདེབས། མི་ཤེས་པའི་ལྟོར་བཅུག །སུ་ལ་ཡང་མི་སྟེར་བ་ཡིན་ནོ། །གསང་བ་ཡིན་ནོ། །གསང་ངོ་ཞེས་བྲིས་ནས་ཀུན་ལ་སྟེར། ནང་ན་འདི་གཅེས་ཞེས་མཉམ་ཉིད་ཀྱི་ཆོས་ལ་ཁྱད་འདོར། གང་ཟག་གི་སྒྲིན་ཚིག་དང་གྲུབ་པ་མ་ཐོབ་པའི་རང་ཤེས་དང་མངོན་ཤེས་མེད་པའི་བཅོས་མང་པས། དེ་བཞིན་གཤེགས་པའི་བཀའ་ལ་ཐུག་ཐུབ་སྤྱད་པའི་སྒྲིབ་པ་ཆེན་པོས་བཀའ་ཆད་ཀྱི་གནས་སུ་གྱུར་ནས། འཆི་འཕོ་བ་དང་ལྟུང་ངེ་བ་བྱེད་པོའི་ལྕེ་དང་ཁ་ཚིག་ལ་སྡུག་བསྔལ་མྱོང་བ་ཡང་། བཤགས་པ་དང་སྦྱོང་བ་དང་སྒྲོལ་བའི་སྨོན་ལམ་གྱིས། ཁྲོ་བོ་བཅུ་ལས་ཐུགས་རྗེ་ཆེ་བ་མེད་པས་ཕ་མ་ལྟར་རྒྱུད་འདི་༄༅། ཁྲེས་ཅན་དང་། གོལ་ཞིང་ཆོས་སྤྱོད་པ་ལ་རྒོལ་ཞིང་གནོད་པ་རྣམས་ཚར་གཅོད་པར་མཛད་པའོ། །གཟི་ལྡན་འབར་བ་སྨོན་ལམ་གྱི་རྒྱུད་འདི་རྣལ་འབྱོར་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ།