Ngb-pt-0181-vol-02-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

ཀྱི་དབང་ཕྱུག་འདོད་དགུར་མ་ཤེས་ན། །འཕྲལ་ཐབས་ཡེ་ཤེས་ལྔ་ཡི་དབང་མི་ཆགས། །རྣམ་སྨིན་ལས་ཀྱིས་བརྟས་པའི་སྲིན་པོ་དང་། །ཉོན་མོངས་འདམ་དུ་འཁོར་བ་རྭ་ཏྲ་ཡང་། །རྟོགས་དང་ལྡན་པའི་ལྟ་བས་མ་བཏུལ་ན། །མཚན་མར་བསྒོམ་པའི་རྟོགས་པས་གནས་མི་འབྱོངས། །ཡེ་ཤེས་རང་གནས་དོན་འདི་མ་ཤེས་ན། །འབད་རྩོལ་བྱས་པས་གནས་མཆོག་ཡང་མི་རྙེད། །དབང་གིས་རྒྱལ་པོས་དེ་སྐད་ཅེས་གསུངས་སོ། །ཧུ༷་མཛད་ཆེན་པོའི་རྒྱུད་ལས། །རང་གི་གནས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ལས་ཀྱི་ཧེ་རུ་ལ་སོགས་པ་འཁོར་རྣམས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་བསྟོད་དོ། །དབང་གི་རྒྱལ་པོས་བཀའ་སྩལ་པ། རྒྱུད་འདི་ཟུངས་ཤིག་ཆོངས་ཤིག །ཀློག་ཅིག །ཅེས་གསུང་ནས་འཁོར་རྣམས་རང་རང་ས་ལ་འཁོད་དོ། །ཧུ༷་མཛད་ཆེན་པོའི་རྒྱུད་ལས། རྒྱུད་ཡོངས་སུ་གཟུང་ཞིང་གཏད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ཧུ༷་མཛད་ཆེན་པོའི་རྒྱུད་རྫོགས་སོ། །སློབ་དཔོན་རྡོ་རྗེ་གྲོ་ལོད་དང་། ལོ་ཙྭ་བ་རྡོ་རྗེ་ཞང་འདྲུང་གིས་བསྒྱུར་རོ། །བརའདིནམམཁའམཛོདཀྱིརྒྱུདའཇིགརྟེནལ་འད་པའིམདོ་ད། །ཟླགསངགོཕོམདོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདསདེབཞིནགཤེགསཔཟླགསངཆེནཔོཡུམརྣམཔར་དག་པའི་མཁའ་ཀློང་ན། ཡེ་ཤེས་ཀྱི་རླུད་ནག་ནི་འ་ས། བསྐལ་པའི་མེ་ལྕེ་ནི་འབར། །ཁྲག་གི་རྒྱ་མཚོ་རྦ་ཀློང་ནི་འཁྲུག །བཱ༷་ས་ཤ་ཆེན་གྱི་ས་གཞི་ནི་བརྡལ། །ཀེང་རུས་གསར་རྙིང་གི་རི་རབ་ནི་བརྩེགས། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཀུན་ཏུ་འཕྲོ་བའི་གནས་ན་བརྗོད་ཀྱི་མི་ལངས་པའི་ཡང་མི་ལགས་པ། འཁོར་འབུམ་ཕྲག་བསམ་གྱིས་མི་ཁྱབ་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཞེ་སྡང་རྡོ་རྗེ་དང་། དེ་བཞིན་གཤེགས་པ་གཏི་མུག་རྡོ་རྗེ་དང་། །དེ་བཞིན་གཤེགས་པ་ང་རྒྱལ་རྡོ་རྗེ་དང་། དེ་བཞིན་གཤེགས་པ་འདོད་ཆགས་རྡོ་རྗེ་དང་། དེ་བཞིན་གཤེགས་པ་ཕྲག་དོག་རྡོ་རྗེ་ལ་སོགས་ཏེ། རྡོ་རྗེའི་འཁོར་ཚོགས་ཐམས་ཅད་དང་། དབང་ཕྱུག་མ་ཆེན་མོ་ཀེའུ་རྡི་མ་དང་། དབང་ཕྱུག་མ་ཆེན་མོ་ཙོའུ་རི་མ་དང་། །དབང་ཕྱུག་མོ་ཆེན་མོ་པྲ་མོ་ཧྭ་དང་། དབང་ཕྱུག་མ་ཆེན་མོ་བི་ཏྭ་ལི་དང་། དབང་ཕྱུག་ཆེན་མོ་པུསྐ་སྙི་དང་། དབང་ཕྱུག་ཆེན་མོ་སྨ་ཤ་ནི་དང་། དབང་ཕྱུག་ཆེན་མོ་བྷསྨ་རྡི་དང་། དབང་ཕྱུག་ཆེན་མོ་ཙཎྜལི་ལ་སོགས་ཏེ། དབང་ཕྱུག་ཆེན་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཕྲ་མེན་མའི་འཁོར་ཚོགས་རྣམས་ལ། སེརྙེ་དང་། སྟག་དང་། ཝ་དང་། སྤྱང་ཀི་དང་། ཀང་ཀ་དང་། བྱ་རོག་དང་། འུག་པ་དང་། རྔ་མོ་དང་། བོང་བུ་དང་། ཁྱི་དང་། ཕག་ལ་སོགས་ཏེ་ཁྲོས་པའི་གཟུགས་ཅན་མང་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། རྡོ་རྗེ་སྲིན་པོ་བསམ་གྱིས་མི་ཁྱབ་པ་དང་། རྡོ་རྗེ་སྲིན་མོ་བསམ་གྱིས་མི་ཁྱབ་པ་དང་། ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་དང་། ཕྲ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་ཏེ། ཕྲ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་ཡུམ་རྣམ་པར་དག་པའི་མཁའ་ཀློང་དུ་ཁྱབ་ནས་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སེམས་ཅན་གྱི་དོན་ལ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར་དེ་དག་ཏུ་སྐུ་ལ་འཇུག་པར་མཛད་དོ། །འཁོར་དེ་དག་ཐམས་ཅད་ཀྱང་སྐུ་ལས་འཐོན་ནས། སེམས་ཅན་གྱི་དོན་ལ་གནས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་ལ་སོགས་སྦྱར་བ་འདི། །ཀུན་གྱིས་ཐམས་ཅད་གསལ་བའི་ཆོས་བསྟན་ཏེ། །སྣ་ཚོགས་ངོ་བོ་སངས་རྒྱས་ཁྱབ། ཁྲུ་བཞི་ཀུན་ཏུ་དཀྱིལ་འཁོར་ལྡན། །འོད་ཟེར་རྣམ་ལྔས་ཀུན་ཏུ་འཁྲིགས། །རྒྱན་རྣམས་ཐམས་ཅད་རྒྱས་གྱུར་ཏོ། །དེ་ནས་འོད་ཟེར་བརྗོད་པ་ལས། །ཕྱག་ན་རྡོ་རྗེ་ལ་སོགས་པ། །འཁོར་རྣམས་འབུམ་ཕྲག་བསམ་ཡས་དང་། །རིགས་རྣམས་ལྔ་པོ་འཁོར་བཅས་དང་། །ཐམས་ཅད་འདུས་པའི་འཁོར་ཚོགས་ལ། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །ཨེ་མའོ་རྒྱལ་བ་ཐམས་ཅད་ཀྱི། །རྫོགས་པའི་སེམས་ནི་རང་བྱུང་བ། །བདེགཤེགསཀུནགྱི་ཟླ་གསང་ཉིད། །མ་རྟོགས་པ་ལ་གནས་མེད་དོ། །དེ་ནསདེབཞིནགཤེགསཔཐམས་ཅད་གཅིག་ཏུ་བསྡུས་ནས།བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། དེ་བཞིན་གཤེགས་པ་སོ་སོའི་དམ་ཚིག་གིས་མཆོད་དོ། །ལུས་ངག་གི་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །འདུས་པ་ཟླ་བ་ལས་བྱུང་བ། །བདེ་གཤེགས་ཀུན་གྱི་ཟླ་བ་ཉིད། །མི་འགྱུར་སྙིང་པོ་དམ་པ་ཉིད། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤོབས་ནི་སྤོབས་ན་སངས་རྒྱས་ཐམས་ཅད་ཀྱང་། ཐེ་ཚོམ་སྐྱེ་བར་བྱེད་ཡིན་ན། མོས་པ་ཕྲ་མོ་རྣམས་ལྟ་ཅི་སྨོས། སངས་རྒྱས་ཐམས་ཅད་ངོ་མཚར་དུ་གྱུར་ནས་བདག་ཅག་གི་སོམ་ཉི་གཅོད་པ། ཟླ་གསང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀྱི་ཁྱད་པར་ཡང་། སངས་རྒྱས་ཉིད་ཀྱི་འཁོར་དུ་སངས་རྒྱས་ཉིད་འགྱུར་བས། སྲོག་གི་སྙིང་པོ་དབུལ་དུ་གསོལ། དམ་ཚིག་བསྐུལ་དུ་གསོལ། བརྗོད་པ་མཛད་དུ་གསོལ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ཉིད་ཀྱིས་སྲོག་གི་སྙིང་པོ་ཕུལ་བས། བཛྲ་ཤི་ཧེ་རུ་ཀ་ཛ་སྟུ༷། ཙཎྜགུ་རྒྱ་ཛ་སྟུ༷། ཤི་ཧེ་རུ་ཀ་ཛ་སྟ༷། གནས་དེ་ཕྱུང་མ་ཐག་ཏུ། དབུ་དགུ་ཕྱག་བཅོ་བརྒྱད་པ་གཅིག་ཏུ་གྱུར་ཏོ། །དེ་ནས་སྐུ་ཅི་ཡང་མ་ངེས་པ་གཅིག་ཏུ་གྱུར་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་རིགས་སོ་སོས་བསྐུལ་བ་མཛད་དོ། །ཧཱུཾ༷་ཧཱུཾ་ཧཱུཾ་ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷། འདི་ལྟ་སྟེ། ཛ་དུ་པྲ་ཏི་ནི་ཛ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཛ༷༷ཧཱུཾ༷་བ༷་ཧོ་༷ དེ་ནས་སོ་སོས་བསྐུལ་བ་དང་། དེ་སྐད་ཅེས་ནི་བརྗོད་པ་དང། སོ་སོར་འདར་ཞིང་བརྒྱལ་བར་གྱུར་ནས། ཕྱག་ན་རྡོ་རྗེའང་འདི་སྐད་བརྗོད་དོ། །ཨེ་མའོ་བཅོམ་ལྡན་ཟླ་གསང་མཆོག །བདག་བྱིན་གྱིས་བརླབ་ཏུ་གསོལ། །དེ་སྐད་ཅེས་ནི་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོས་རྣམ་དག་མཁའ་ཀློང་ནས་བཞེངས་ནས། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱིན་གྱིས་འདི་སྐད་ཅེས་བརླབས་སོ། ཁྲེ་ཧེ་རུ་བཛྲ་ཙཀྲ །ཀྭ་ཡ་ཝ་ཀ་ཙིསྟ་ར༷། དེ་སྐད་ཅེས་ནི་བརྗོད་པ་དང་། ལས་ཀྱི་དབང་དང་ལྡན་གྱུར་ནས། །ཨེ་མའོ་མི་གསུང་གསུང་མཆོག་རྒྱལ་པོའི་ཐུགས། །དེ་ཡི་དབང་དང་ལྡན་གྱུར་ནས། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །བྱིན་རླབས་མཐུ་ཆེན་གཟི་འཕེལ་འགྱུར། །དེ་སྐད་ཅེས་བཀའ་སྩལ་ནས། འབྱོར་པའི་ཏིང་འཛིན་རྒྱས་པར་མཛད་དོ། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། བྱིན་གྱིས་བརླབས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། བྱང་ཆུབ་སེམས་དཔའ་ཕྲ་མོ་ལ་མོས་པ་རྣམས་ཀྱིས་གསོལ་པ། བདུད་དང་མུ་སྟེགས་རྣམས་ཀྱིས་ནི། །རྒྱལ་བའི་བཀའ་ལ་མོས་པ་རྣམས་བཟློག་ཅིང་། བསྟན་པ་ལ་གནས་པ་རྣམས་དཀྲུག་པར་བྱེད་ཅིང་། སློབ་དཔོན་ལ་སྨོད་པ་འདི་དག་བརླག་པར་ནི་ཇི་ལྟར་བགྱི། ཐབས་ནི་གང་གིས་བསྒྲུབ། །དཀྱིལ་འཁོར་ནི་ཇི་ལྟར་བྲི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཟླ་གསང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕྲ་མོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉོན་ཅིག །ལས་ལས་གྲུབ་པའི་འགྲོ་དྲུག་རྣམས། །སྙིང་པོ་འདི་དག་བརྗོད་བྱ་སྟེ། །ཨ་སྤོ་སུ་ཏྲི་པྲེ་དུ། ཛ་ཛ་ཛ་ཛ་ཛ་ཛ། ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷། བ༷་བ༷་བ༷་བ༷་བ༷་བ༷། ཧོ་ཧོ་ཧོ་ཧོ་ཧོ་ཧོ། བཛྲ་ཀི་ལི་ཀི་ལ་ཡ། སརྦ་བི་ན་བ༷་ཧཱུཾ༷་ཕཊ། མིའི་མགོ་ལ་རྒྱལ་བའི་དཀྱིལ་འཁོར་རྒྱས་པར་འགོད། ཧཱུཾ༷་ཧ་ཧེ་ཧཱུཾ༷་སྨྱོ། གྲུ་གསུམ་ཟླ་གམ་གསུམ་པ་ལ། །འབར་བའི་བར་ཁྱམས་གཉིས་དང་ལྡན། ཁུ་བཞི་སྒོ་ཁྱུད་ལྡན་པར་མཛེས། །དཀྱིལ་ལུབར་དེ་ཡི་ལྷོ་སྒོ་སྲ །གཤིན་རྗེ་གཤེད་ཉིད་ལོག་འདྲེན་སྟེང་། །ཞལ་གསུམ་ཕྱག་དྲུག་རྣམ་པར་ལྡན། །སྨུག་ནག་འཇིགས་པའི་ཁ་དོག་ལ། །གཡས་ན་ལྕགས་ཀྱུ་དགྲ་སྟུ་མེ་དབལ་ཐོགས། །གཡོན་ན་ཁྲག་འཚོའུ་ཞགས་པ་ཕུར་པ་བསྣམས། །ལས་ཀྱི་རྦོད་གཏོང་ཆེན་པོ་སྟེ། །བདུད་དང་མུ་སྟེགས་གཞོམ་པའི་ཕྱིར། །རྦོད་གཏོང་ཆེན་པོའི་དུས་ལ་བབ། གང་ལ་ཅིས་འདུལ་ཁྱོད་ཉིད་ཡིན། །བྱ་རྒོད་གཟུགས་ཅན་ཀང་ཀ་དང་། །ཝ་དང་སྤྱང་ཀི་སྟག་གཟིག་འཕྲོ། །སྡེར་ཆགས་བྱི་ལ་འུག་པདང། །མཆེགཤོགསྡེརམོཅན་ལ་སོགས། །ཕོ་ཉ་རྣམས་ཀྱི་ཐུགས་དམ་ནི། །རབ་ཏུ་བསྐུལ་བའི་དུས་ལ་བབ། །མིའི་ལག་པའི་སོར་བརྒྱད་པའིཚདཆེནལ། །ཁྲོབོབཅུ་དག་བསྒོམ་པར་བྱ། །ཕྲ་མོའི་ཏིང་འཛིན་གསལ་ནས་ཀྱང་། །རྒྱུན་གྱི་སྙིང་པོ་འདི་ལྟ་སྟེ། །མ་ཧྭ་ཤི་ཧེ་རུ་ཀ་མ་ཧྭ་ཀྲོ་དྷི་ཤྭ་རྡི་སྟུ༷། ཨཱོཾ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྒྱུན་བ༷་ཧཱུཾ་ཕཊ། དྲི་བཛྲ། བྱེ་བའམ་ཡང་ན་དེ་དག་བརྗོད། །དེ་སྐད་ཅེས་ནི་བཀའ་སྩལ་ཏོ། །ཟླ་གསང་གི་དཀྱིལ་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །བདག་ཉིད་ལོག་འདྲེན་ཆེན་པོར་གྱུར། །ལིདྷ་བཤམས་པ་འདི་དག་ནི། །ཛ༷༷ཧཱུཾ༷་བ༷་ཧོ་༷ས་བསྒོམས་ནས་ཀྱང་། །དྲི་ཞེས་བྱ་བའི་སྙིང་པོ་འདི། །ཨོ་དང་ཧཱུཾ༷་གི་བར་དུ་གཞུག །མཆན་ཁུང་གཡས་པ་འདི་དག་ནས། །སྔགས་རྣམས་འདི་དག་གཞུག་པར་བྱ། །དྲི་ཛ། དྲི་ན་ཛ། དྲི་མུ་ཛ་ཛ། མུ་འུ་ར་ཛ་ཛ། མིང་དང་གཟུགས་ལ་ནི་ཡ་ཛ་ཛམྲི་ཨུ་བེ་ཤ་ཡ། སོར་མོ་རྒྱབ་ཏུ་བསྣོལ་ནས་ནི། །མཐེ་བོང་གཉིས་ནི་ནང་དུ་དགུག །དེ་ནས་ཕྱོགས་བཅུར་བཏེགས་ནས་ཀྱང་། །མིང་དང་གཟུགས་ལ་སླར་ལ་ཟློག །དེས་ནི་དབབ་པའི་ལས་བྱའོ། །ཕྱག་ན་རྡོ་རྗེ་དང་ཕེབས་པར་འགྱུར། །ལག་པ་གཉིས་ནི་རྒྱབ་སྦྱར་ལ། །མཐེའུ་ཆུང་གཉིས་ནི་སྦྱར་ལ་འཁྱུད། །མཛུབ་མོ་གཉིས་ནི་ལྕགས་ཀྱུར་བཅས། །འདི་ནི་དགུག་པའི་རྒྱ་ཆེན་ཡིན། །ཨ༷་ཀུ་ཤ་ཛ། དྲི་ཛ། སྔགས་འདི་ལེགས་སྦྱར་དངོས་སུ་མི་ལ་ག་ཅིང་ཟུར་བ་ཀྱང་མ་ངེས་པས་མ་ཕྱི་སོར་ནག་བགྱིས་པ་དཔྱོད་ལྡན་རྣམས་ཀྱིས་དགོངས་དཔྱད་འཚལ། པུ་ག་དུ་ལ་ཤ༷་བ་རི་ཛ་གུ་གུ་དུ་ལ། སུ་མ་ཏི་གུ་གུ་དུ་ལ། ཐྲོ་ཛ། དྲི་ཛ། སྤོ་ཛ། པྲ་ཏི་སྤོ་ཛ། ཨོ་ཀྟ་ཀྟ། ་ཏ་ཡ། ་ཏ་ཡ། སརྦ་དུ་་ཕཊ། ཀི་ལི་ཀི་ལ་ཡ། ཀི་ལ་ཡ། སརྦ་བཱ་པ༷་ཕཊ། ཧཱུཾ༷་ཧཱུཾ༷། བཛྲ་ཀི་ལ་ཡ། བཛྲ་དྷ་ར། ཨུ་ཙྭ་པ་ཡ་ཏི། ཀྭ་ཡ་ལྷུ་ཀ་ཙིསྟ། བཛྲ་ཀི་ལ་ཡ་ཧཱུཾ༷་ཕཊ། ཨོ་ཚིནྟྲ་ཚིསྟོ། ཧ་ན་ཧ་ན། དིསྟ་ཙཀྲ་ཧཱུཾ༷་ཕཊ། འདི་དག་བཟླས་མ་ཐག་ཏུ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཕྱག་ན་རྡོ་རྗེའང་འཇིག་པར་འགྱུར། །དེ་ཡི་སྦྱོར་བ་འདི་དག་བྱ། །དུར་ཁྲོད་རས་སམ་ཤིང་ཤུན་ནམ། །སོལ་བ་ཤང་ཅིག་ལས་བྱས་པ་ཡི། །དགྲ་བགེགས་གང་གི་ལིསྐོ་བཤམས། །ཚེར་མའི་ཤིང་དང་གདུག་པར་བཅས། །ཚ་བའི་མེ་དང་སྐེ་ཚེ་དང་། །སྨྱུ༷་ས་ཤ་ཆེན་ལ་སོགས་ཏེ། །སྔགས་པའི་རྫས་ཆེན་འདི་དག་རྣམས། །གཞལ་ཡས་སོ་སོའི་ཕྱི་རོལ་ནས། །གོམ་པ་བཅུ་གསུམ་བཅལ་བར་དུ། །འཁོར་ལོ་རྩིབས་བཞི་གྲུ་ཆད་བཅས། །དེ་ནས་བཅུ་གསུམ་བཅལ་བར་དུ། །གྲུ་གསུམ་ཨེ་དཀྱིལ་སྣམ་བུ་གཉིས། །དེ་ནས་བཅུ་གསུམ་བཅལ་བར་དུ། །ཕྱི་ཁྱམས་ལྕགས་རི་ཆེན་པོར་བཞག །སྦྱིན་སྲེག་ཆ་གསུམ་ལྡན་པར་དུ། །བྱས་ན་དངོས་གྲུབ་ཆེན་པོ་ཐོབ། །ཕྱག་ན་རྡོ་རྗེའང་ཁྲག་ཏུ་སྒྱུགས། །ལིསྐོ་མཚན་གསུམ་མཆོད་པར་འབུལ། །སྤྱིན་སྲེག་ཐ་མ་འདི་ཉིད་ལ། །ལོག་འདྲེན་རྒྱལ་པོ་འདི་ལ་དབུལ། །ཨོ་ན་མ༷༷ས་མན་ཏ། །སྙིང་ཁ་རག་ན༷། དྲི་ཁ་རག་རྦད། ཛ་ལ་ར༷་ཤིག་ཤིག ཛ་ལ་ར༷། དྲི་པྲ ཏ་ཛ་ལ་ར༷། ཨོ་ཨུ༷༷ཧཱུཾ༷་གྲྭ་ཧྭ། ར༷་ར༷་ར༷། ཁ་ར༷། དེ་ནས་ལིསྐོ་འདི་དག་ནི། །གནས་མདུན་དག་ཏུ་ལན་བདུན་གདབ། །མ་ཡི་མགོ་ལ་གང་བར་གདབ། །ཡབ་ཡུམ་ཉི་ཤུ་ཚང་བ་དང་། །སྤྲུལ་པ་ཟ་གསོད་ཉི་ཤུར་བཅས། །སྒོ་བ་བཞི་དང་ཞེ་བཞིར་བཅས། །ལྡན་པའི་སྔགས་ཀྱིས་བརྡུང་བར་བྱ། །ཆོ་ག་དེ་དག་ལྡན་གྱུར་ན། །ཕྱག་ན་རྡོ་རྗེའང་བསེག་པར་འགྱུར། །དགྲ་ཡི་སྒོ་ཁར་བྱས་གྱུར་ན། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། །སྐབས་སམ་ཡང་ན་འཆི་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཟླ་གསང་གིས་འདི་སྐད་ཅེས་བཀའ་སྩལ་པ། ཕྲ་མོའི་བྱང་ཆུབ་སེམས་དཔའ་རྣམས། །མཛད་པ་ལེགས་སོ། །དཀྱིལ་འཁོར་ནི་ལེགས་པའོ། །བཟླས་པ་བརྗོད་པ་ནི་ལེགས་པའོ། །ཕྲིན་ལས་ནི་ལེགས་པའོ། །དེ་ལྟར་ལེགས་པར་བསྒྲུབ་ནས་ནི། །ལས་རྣམས་ཐམས་ཅད་འགྲུབ་པའོ། །ཟླ་གསང་དབུས་ཀྱི་དཀྱིལ་འཁོར་ཆེན་པོ་ལས། བདུད་དང་མུ་སྟེགས་འདུལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལུས་དང་ངག་སེམས་གསོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །གང་དག་སྡང་ཞིང་གདུག་སེམས་ལྡན། །འབྱུང་པོ་མ་རུངས་གནོད་པ་ཅན། །འདི་དག་རབ་ཏུ་བསྒྲལ་བར་བྱའོ། །སངས་རྒྱས་ཀུན་གྱི་ཁྲོ་བོར་བསྒོམ། །དགྲ་རྣམས་གསད་པར་བྱ་བ་ནི། །རྡོ་རྗེ་རྩེ་ལྔ་ཁ་བཞི་པ། །ལག་པ་གཡས་པས་གཟུང་བར་བྱ། །གཡོན་པ་ལྕགས་ཀྱུ་འདེབས་པའི་ཚུལ། །ཁྲོ་བོ་ཁྲོས་པ་རྔམས་པའི་གཟུགས། །འཇིགས་ཤིང་མི་སྡུག་གཏུམ་བག་ཅན། །འབར་བའི་མཚོན་ཆ་སྣ་ཚོགས་འཛིན། །བརྩམས་པའི་ལས་ནི་གསོད་པར་བྱེད། །དགྲ་བགེགས་རྣམས་ནི་གསོད་པ་དང་། །ཕྱག་ན་རྡོ་རྗེའང་གསོད་པར་བསྒོམ། །ཉི་མ་བཅུ་གཅིག་ཚུན་ཆད་ཀྱིས། །བྱས་ན་རྒྱལ་བས་དངོས་གྲུབ་སྟེར་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ངག་གི་དབང་ཕྱུག་ཆེན་པོས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཨོ༷་བཛྲ་ཀི་ལི་ཀི་ཡ་དྲོ་ན་ཛ།བྱེ་བ་འབུམ་དུ་བཟླས་བྱས་ན། །མཐུ་ཆེན་ཐམས་ཅད་འགྲུབ་པར་འགྱུར། །དེ་ནས་ལོག་འདྲེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ས་མ་ཡ། ས་མ་ཡ། ས་མ་ཡ། ཀྭ་ལ་རུ་པ། ཀྭ་ལ་རུ་པ། ཀྭ་ལ་རུ་པ། ཁྲི་སྔགས་འདི་ཡང་མ་ཕྱི་སོར་བཝ་ནི་ཛ་ཛ་ལི་ནི་ཛ་མ་ལེ། ས་མ་ཡེ་སྟུ༷། རཀྱུ་ན། རཀླུ་ན། ཁ་ལ་མུ་རག ཁ་ལ་མུ་རག མུ་དྲི་ཁྲག་མུ་ནི་ཁྲག མུ་དྲི་ཁྲག །པ་རཁྲི་ན། པ་རསྙི་ན། པ་རཁྲི་ན། རང་གི་སྲོག་གི་དམ་ཚིག་ཕུལ་ན། གཞན་ལྟ་ཅི་སྨོས། སྲོག་གི་དམ་ཚིག་སྙིང་པོ་ཕུལ་ལོ། །སྤོ་སོར་ཞག་ཛ། ཏྲིང་དྲི་ཛ། ཏྲི་ཙི་དྲི་ཛ། ཏྲི་ཙི་དྲི་ཛ། ཏྲིང་དྲི་ཛ། ཏྲིང་ཙི་དྲི་ཛ། ཏྲིང་ནི་ཛ། ཁ་ལ་རསྒ། པྲ་ཏི་ཛ་དྲི། ཛ་ལ་རསྒ། པྲ་ཏྲི་ཛ་ནི་ནི་ཛ། ཁ་ལ་མུ་ཛི། དེ་སྐད་གསུངས་མ་ཐག་ཏུ་ནི། །ནམ་མཁའི་དབུས་ཀྱང་རབ་ཏུ་འདུག །སངས་རྒྱས་རྡོ་རྗེ་ཅན་ཀུན་ཡང་། །ཁྲག་ཏུ་སྒྱུགས་ཤིང་བརྒྱལ་བར་འགྱུར། །དགྲ་བགེགས་རྨོངས་པར་བྱེད་པའི་ཏིང་ངེ་འཛན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགྲ་རྣམས་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་འདི་བཀའ་སྩལ་ཏོ། །དང་པོར་མ་སྐྱེས་ཆོས་ཉིད་དབྱིངས། །བྱང་ཆུབ་སེམས་ནི་ཀུན་ཏུ་འཕྲོ། །ཡིག་འབྲུ་འཕྲོ་ཞིང་ཀུན་ཏུ་གསལ། །ཡི་གེའམ་ཕྱག་མཚན་ཕྱག་རྒྱར་གྱུར། །ཞལ་གསུམ་ཕྱག་དྲུག་རབ་ཏུ་འབར། དེས་ནི་དགྲ་བགེགས་དབང་དུ་སྡུད། །ཕོ་ཉ་རྣམ་པར་བསྐུལ་བ་ནི། །རྡོ་རྗེ་ཅན་སོགས་རྒྱབ་ནས་ཕུལ། །ལྕགས་ཀྱུ་ཅན་སོགས་མདུན་ནས་འདྲེན། །ཟ་བའི་ཕོ་ཉ་ཚོགས་ཆེན་རྣམས། །དྲག་པོ་ག་་པོ་ཁྲོ་བོ་དང་། །སྟག་དང་བྱ་རོག་ཝ་རྣམས་ཚོགས། །ཁྱིའམ་བྱ་རོག་སེདྷིར་བསྒོམ། །དེ་དག་དྲངས་ཤིང་རབ་ཏུ་བརྡུང་། །དེ་ལྟར་བསྒོམས་ན་སངས་རྒྱས་ཀྱང་། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། །འཆི་བར་འགྱུར་བར་གདོན་མི་ཟ། །ཟླ་གསང་ཆེན་པོ་ལས། དགྲ་ཉེ་བར་འཆི་བར་བྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོས་འདི་སྐད་ཅེས་གསོལ་ཏོ། །དགྲ་བགེགས་འདུལ་བ་ཇི་ལྟར་བགྱི། ཐབས་ནི་གང་ལགས། སྐུལ་བའི་སྙིང་པོ་ནི་ཇི་སྐད་བརྗོད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཟླ་གསང་ཆེན་པོས་འདི་སྐད་བཀའ་སྩལ་ཏོ། །བསྒྲུབ་པར་བྱ་བའི་གནས་མཆོག་ན། །རབ་ཏུ་ཤིས་པར་བཙལ་བ་སྟེ། །འཁོར་ལོ་པདྨ་འདབ་བརྒྱད་དེ། །ཡིད་དུ་འོང་དང་དབེནཔའིམཆོག །ངེསཔརས་གཞི་རྙེད་གྱུར་ནས། །ས་བཟུང་བསྐྲད་དང་བསླང་བར་བྱ། །དེ་ནས་བུད་མེད་སྒྱུ་མ་རྒྱལ། ཁྲེས་རབ་མཚན་ལྡན་གཟུང་བར་བྱ། །ཁང་བུ་ངོས་འཇམ་བསྟར་བར་བྱ། །མཎྜལ་་་པའིངོ་ཡིནནམརྒྱས་པའི་འདི་དག་ལ། །དབུས་སུ་མ་ཏྲང་བཞི་བསྣོལ་ལ། །སྙིང་གར་གྲུ་གསུམ་སོ་སོར་བྲི། །རྩེ་ཟུར་ནང་པའི་ཕྱོགས་སུ་བསྟན། །ལག་པ་བརྒྱད་ནི་ཟུར་བཞིར་དགྲམ། །རྐང་པ་བརྒྱད་ནི་གྲུ་བཞིར་བསྣོལ། །སོ་སོའི་བྲང་གི་དབུས་དག་ཏུ། །དྲི་ཞེས་བྱ་བ་གཞག་པར་བྱ། །དེ་ཡི་དབུས་ཀྱི་དཀྱིལ་དག་ཏུ། །ཐིག་གིས་ས་བཅད་ཡུལ་ཡང་བཅད། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །འབར་བའི་བར་ཁྱམས་ཉིད་ཀྱིས་མཛེས། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །ལྷ་རྣམས་རིམ་པར་རྒྱས་པར་བསྐྱེད། །སྤྱན་དྲང་བཞུགས་སུ་གསོལ་ནས་སུ། །མཆོད་ཅིང་བསྐུལ་དང་བསྟོད་པ་བརྗོད། །ཀྭ་པ་ལི་དང་ཀ་བུ་ཆུང་། །ཡན་ལག་རིང་ཐུང་དབང་པོར་བཅས། །དངོས་གྲུབ་འབྱུང་བའི་རྟེན་དུ་བྱ། །དགྲ་བོ་མ་ལུས་དགུག་པར་བྱ། །བདག་ནི་ཁྲོ་བོ་འཇིགས་སུ་རུང་། །འཇིགས་པ་དག་ཀྱང་འཇིགས་པར་བྱེད། །སྐྲུལ་གྱི་སྐེ་རགས་ཐོད་པའི་ཕྲེང་བས་བརྒྱན། །མེ་དཔུང་ཐོད་དབྱུག་འབར་བ་རལ་གྲིཐོགས། །དབུ་གསུམ་སྨུག་ནག་འཇིགས་ཤིང་འཚེར་བའི་ཞལ། །མཆེ་གཙིགས་རྣམ་པར་བརྒྱན་ཅིང་རྔམ་པའི་ཚུལ། །གློ་སྙིང་ནང་ཁྲོལ་ཟ་ཞིང་ཁྲོ་ཞིང་གཏུམ། །དེ་ལྟར་འཁོར་ཚོགས་མ་ལུས་ཀུན། །ཐམས་ཅད་ག་་ཞིང་དྲག་པོའི་ཚུལ། །ཁྲོ་ཆེན་ཚུལ་འཆང་འབར་བ་རྣམས། །ཕྱག་ན་རལ་གྲི་འབར་བ་བསྣམས། །དེ་ནས་གདུག་པའི་སྔགས་ཆེན་དག །ཚིག་གི་བརྗོད་པ་འདི་སྐད་བསྐུལ། །ཨོ་ཀྟ་བྷ་ལྷུ་ཏ་ཡ་སརྦ་དུ་་ཕཊ། ཀི་ལི་ཀི་ལ་ཡ། སརྦ་བཱ་པ༷་ཕཊ། ཧཱུཾ༷་ཧཱུཾ༷་བཛྲ་ཀི་ལ་ཡ། བཛྲ་དྷ་ར་ཨུ་ཙྭ་པ་ཡ་ཏི་ཀྭ་ཡ་ལྷུ་ཀ་ཙིསྟ་བཛྲ་ཀི་ལ་ཡ་ཧཱུཾ༷་ཕཊ། ཧཱུཾ༷་ཚིན་དྷ་ཚིན་དྷ། ཧ་ན་ཧ་ན་དིསྟ་ཙཀྲ བཛྲ་ཀི་ལ་ཡ། དིསྟ་ཙཀྲ་བཛྲ་ཛ་ལ་ཀི་ལ་ཡ། ཤག་ཤག ཚལ་ཚལ། ཙིསྟ་ཚལ་ཚལ། ཙིསྟ་ཁ་ཁ་ཛ་ལ་ཁ་ཁ། ཙིསྟ་ཛ་ལ་ཁ་ཁ། སྤོ་ཏྲི་ཛ་ལ་ཁ་ཁ་ཁ་ན་མ༷༷ས་མན་ཏ། ཀྭ་ཡ་ལྷུ་ཀ་ཙིསྟ་བཛུ་ཎའ༷། ཨོ་ཁ་ཁ་ཁུ་ཧི་ཁུ་ཧི། སརྦ་དུཁྱི་ས་ཏྭ་ད་མ་ཀ ཨ་སི་མུ་ས་ལཔ་རི་ཤུ་པ་ཤ་ཧ་གྲྭ་ཡ་ཕཊ། འདི་ནི་གསུངས་མ་ཐག་ཏུ་ཡང་། །གྲགས་པ་མཐུ་ཆེན་སངས་རྒྱས་ཀུན། །འཇིགས་ཤིང་འདར་ནས་ཁྲག་ཏུ་སྒྱུགས། །སངས་རྒྱས་རྡོ་རྗེ་སེམས་སྤ་བཀོང་། །དགྲ་རྣམས་ལ་ནི་གདོན་མི་ཟ། །ཐོད་པ་མ་གས་མ་ཆག་པ། །གཟུགས་མཛེས་ཡིད་དུ་འོང་བ་ལ། །གཤིན་རྗེའི་གཤེད་པོའི་ཚུལ་དུ་བྱས། །གསང་སྔགས་རྗེས་སུ་དྲན་པར་བྱ། །དབྱིངས་ཕྱུག་མ་ཡང་འགུགས་པར་འགྱུར། །ན་མ༷༷ས་མན་ཏ་ཀྭ་ཡ་ལྷུ་ཀ་ཙིསྟ་བཛྲ་ཎའ༷། ན་མོ་བཛྲ་ཀྲོ་ ་ཡ། མ་ཧྭ་ཀྲོ་དྷ་ཡ། ཨ་སི་མུ་ས་ལ་སརྦ་བཛྲ་བན་དྷ་ནན། མ་ཧྭ་ཀ་ར་ནི་ཙིསྟ་གྲྭ་ཧྭ། དེ་ནི་གསུངས་མ་ཐག་ཏུ་ཡང་། །ཕྱོགས་བཅུའི་སངས་རྒྱས་ཆེན་པོ་ཀུན། །བརྒྱལ་ཞིང་འཇིགས་ཤང་དངངས་པར་འགྱུར། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། །དཀྱིལ་འཁོར་དང་ཕྲིན་ལས་སུ་དགོད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཕྱག་ན་རྡོ་རྗེ་ཆེན་པོས་དམ་ཚིག་འདི་དག་གསོལ་ཏོ། །ལུས་ངག་ཡིད་གསུམ་བསད་པ་ནི། །བདག་གི་དམ་ཚིག་རྩ་བ་བསྐྱེད། །ཤ་དང་ཁྲག་དང་རུས་པ་དང་། །དུག་གསུམ་གཞོམ་ཕྱིར་བཟའ་བར་བྱ། །མྱ༷་ས་ཤ་ཆེན་དྲི་ཆུ་དང་། །རཀྟ་ཞིང་ཆེན་ཁུ་བ་ཁྲག །རྒྱལ་བ་མཉེས་ཕྱིར་བཟའ་བར་བྱ། །སུས་མ་རིག་པའི་ས་ཕྱོགས་སུ། །གཅེར་བུར་ཕུད་དེ་སྐྲ་བཤིགས་ལ། །གཤང་གཅིས་གཤེར་བར་བྱས་པའི་གོས། །བདག་གི་ལུས་ལ་བགོས་ནས་ཀྱང་། །ཐོད་པའི་ཕྲེང་བས་ལུས་ལ་བརྒྱན། །པྲ་ཚིལ་ལ་སོགས་གཟུགས་བརྙན་ནམ། །ཡང་ན་རི་མོ་འབུར་དུ་བྱ། །མདོག་ནི་སྨུག་ནག་འཚིར་བར་བྱ། །དེ་ནས་ལས་ཀྱི་ལྷར་བསྒོམས་ལ། །ཨ་དང་མ་ཡི་སྦྱོར་བ་ལས། །ཡི་གེ་ཧཱུཾ༷་དུ་གསལ་འཚེར་བསྒོམས། །ཧཱུཾ༷་ལས་རྡོ་རྗེ་རྩེ་ལྔར་ལྡན། །དེ་ནས་ཕྱག་རྒྱ་དབུ་གསུམ་པ། །རྡོ་རྗེ་ཕྱག་རྒྱ་འཇིགས་པའི་གཟུགས་དང་ལྡན། །གཡས་ཀྱི་གསུམ་ན་འཛིན་པ་ནི། །ཁ་ཊ༷་སྟ་རེ་རྡོར་དབྱུག་གཡས། །གཡོན་གྱི་གསུམ་ན་འཛིན་པ་ནི། །བྷརྙ་ལྕགས་ཀྱུ་ཞགས་པ་གཡོན། །ཁ་ཊ༷་གིས་ནི་རྡོར་དབྱུག་སྦྱོར། །ལྕགས་ཀྱི་སྟ་རེས་མིད་པ་གཅོད། །བྷསྒྲོས་སྙོད་ཅིང་ལྕགས་ཀྱུས་དྲངས། །ཞགས་པས་བསྡམས་ཤིང་ཞལ་ཏུ་རྔུབས། །འདི་ཡང་དམ་ཚིག་མཆོག་ལགས་སོ། །གསང་བའི་དམ་ཚིག་ཆེན་པོ་ནི། །ཐེག་པ་ཉན་པོ་སྤོང་བ་དང་། །རྡོ་རྗེ་སློབ་དཔོན་སྨོད་པ་དང་། །དམ་ཚིག་རྣམ་པར་འདྲལ་བྱེད་དང་། །རྒྱལ་བའི་བཀའ་ལས་འདའ་འགྱུར་ན། །དབེན་པ་ཆེན་པོའི་ས་ཕྱོགས་སུ། །དགུག་ཅིང་གསད་པའི་ལས་ཆེན་ནི། །རི་རྩེ་ཉམས་ནི་དགའ་བ་དང་། །ནགས་ཚལ་ཡིད་དུ་འོང་བ་དང་། །ཡིད་འོང་ནགས་ཚལ་དམ་པ་དེར། །དགུག་ཅིང་ལིསྐོ་ལ་ནི་དབབ། །དེ་ལ་གསང་སྔགས་བརྗོད་པར་བྱ། ས་མ་ཡ་ཛ༷༷ ས་མ་ཡ་ཛ༷༷ ས་མ་ཡ་ཛ༷༷ ཉི་ཤུ་རྩ་གཅིག་བར་དུ་བཟླས། །ལུས་ངག་ཡིད་གསུམ་དྲན་པར་བྱས་སོ། །ཨོ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བི་ན་བ༷་ཧོ༷་ཕཊ། འདི་ཞེས་བྱ་བ་མུ་ར་ཎ། རྙེ་འདི་ཞེས་བྱ་བའམ། ས་མ་ཡའམ། གྲངས་མིད་བརྗོད་པར་བྱ། དེ་ནས་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྗེས་སུ་གདམས་པ་ནི། སྐུ་དང་གསུང་དང་ཐུགས་ཉིད་ཀྱི། །རྡོ་རྗེ་ཆེ་རྦིའི་དརྨོ་ཚིག་ལ། །འདི་དག་རབ་ཏུ་གནས་པར་བྱ། །བསྲུང་བྱ་བསྲུང་བའི་རྒྱལ་པོ་ནི། །སྒོ་གསུམ་དག་གི་མ་ཉམས་པར། །བསྡམ་པར་བྱ་བའི་དམ་ཚིག་གོ །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། དམ་ཚིག་བཀོད་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདསདེབཞིན གཤེགསཔ གཤིནརྗེའིགཤེདཀྱིས། བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་ནི་རྗེས་སུ་དྲན་པ་དང་། །སྲིན་མོ་མ་རུངས་གཏུམ་མོ་དང་། །བདུད་དང་མུ་སྟེགས་མ་རུངས་པར། །སྦྱོར་བ་ཆེན་པོ་ཇི་ལྟར་བྱ། །དེ་སྐད་ཅེས་གསོལ་པ་དང་། །བཅོམ་ལྡན་འདས་ཟླ་གསང་ཆེན་པོའི་དཀྱིལ་ནས། ངོ་མཚར་ཆེན་པོའི་ཁྲོ་བོ་བྱུང་། །ཁྲོ་བོའི་སྔགས་ནི་བརྗོད་བྱས་པས། །འདི་དག་རབ་ཏུ་བསྐུལ་བའི་ཕྱིར། །ཨོ་ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཏ་རུ་ལ། བི་རུ་ལ། སརྦ་བི་ཥ་ལྷུ་ཏ་ཀ སརྦ་བི་ཥ་ལྷུ་ཏ་ཀ་ཛ་ལ་བི་སྨུ་ལིདྷ་སྟོཇོཧྭ་ས་ཀེ་ཤ་རི་ས་ཊ། ཨུ་ཊ་པ་ཊ༷་ཀྭ་ར་བཛྲ་ཁུར་ནིསྨྱུ་ཏ་ན་ཙ་ལི་ཏ་བ་སུ་དྷ་ཏ་ལ་ནི་ཤྭ་ས་མྱ་རུ་ཏོ་དསྤྱི་སྟ་དྷ་ར་ཁེའ་དྷ་ར་བྲི་ཥ་ཎ་ཨསྐྱོ་སྤྱོ་ཧྭ་ས། ཨ་པ་རི་མི་ཏ། པ་ལ་པ་རྭ་ཀྲ་མ་ཨུརླ་ག་ཎ་བྷ༷་ཏ་བྷ་ཏ་ག་ཎའ་སྒྱུ་ཁི་ཏ། བུརྙུ་བུརྙུ། ཧ་ཡ་རྒི་བ། ཁུ་ད་ཁུ་ད། པ་ར་མནརྒྱུ༷་ཚིརྙ་ཚིརྙ། སིརྙི་མེ་དི་ཤ ཨུ་བེ་ཤ་ཡ་ཨུ་བེ་ཤ་ཡ། སརྦ་ཛ་ར་ཟི་ཤཱ་ཙྭརྒྱུརྦ་གྲ་ཧེ་ཥའ་པྲ་ཏི་ཏ་ཏོ་བྷ་ཝ་བཛྲ་དཛི༷། ཀིསྩི་རྭ་ཡ་སེ། ཨི་ད༷་དུཛི་ཀྲ་ཧི་དུཛི་སརྦི་མ་བཱ། རྙུ་ན་རྙུ་ན། མ་ཐ་མ་ཐ། མ་ཊ་མ་ཊ། བཱ་ཊ་ཡ་བཱ་ཊ་ཡ། བརྙ་བསྟོ། བུརྙ་དྷརྨ་ས༷་བྷ། ཨ་ནུ་ཙྭ་ཏ༷་ཀརྨ་ཀུ་རུ་ཤི་བྷ༷། ཧ་ཡ་རྒི་བ་ཡ་ཕཊ། བཛུ་ཡ་ཕཊ། བཛྲ་གྭ་ཧྲུ་ཡ་ཕཊ། བཛྲ་ནེ་ཧྭ་ཡ་ཕཊ། བཛྲ་ད༷་སྒྱི་ཡ་ཕཊ། བཛྲ་ཁུ་ར་ཡ་ཕཊ། བཛྲ་ཁུ་ར་ནིསྒྲོ་ཏ་ནཱ་ཡ་ཕཊ། པ་ར་མརྙ་བི་ནཱ་ཤ་ནཱ་ཡ་ཕཊ། ཏྲེ་ལོཀྱ་བྷ་ཡ༷་ཀ་རྭ་ཡ་ཕཊ། སརྦ་ཀརྨི་ཥའ་པྲ་ཏི་ཧ་ཏྲ་ཡ་ཕཊ། བཛྲ་ཀུ་ལ་ས༷་ཧྲུ་ས་ནཱ་ཡ་ཕཊ། ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཕཊ་ཕཊ་ཕཊ་སྲུ་ཧྭ། འདི་ནི་གསུངས་མ་ཐག་ཏུ་ཡང་། །ཆོས་ཀྱི་རྡོ་རྫི་མཆོག་སྐྱེས་ནས། །འཇིགས་ཤིང་རབ་ཏུ་བརྒྱལ་བར་གྱུར། །ཡེ་༄༅། ཁྲེས་རྒྱལ་པོ་རྗེས་སུ་དྲན། །མཁའ་དབྱིངསགྲུབ་ཀྱི་ཡོངས་གང་བ། །རྡོ་རྗེ་མི་བཟད་པ་ཡི་འོད། །ཁྲོ་བོའི་རྒྱལ་པོ་བསྐུལ་བ་ནི། །དུག་རྣམས་ཐམས་ཅད་མེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྱུར་ཏེ་རྡོ་རྗེ་དཔལ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་བེ་ཅོན་སྔོན་པོ་ཁྲོ་བོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་བའོ། སྔག་སོརབ་ །ན་མ༷༷ས་མརྙ་ཀྭ་ཡ་ལྭ་ཀ་ཙིསྟ་བཛྲ་ཎའ༷། ཨོ་ཨེ་གྱེ་ཧི་བྷ་ག་ལྷུན་ནི་ལ་བཛྲ་དཎྜ། ཏུ་རུ་ཏུ་སྲ ཧུ་ལུ་ཧུ་ཡུ། ཧྭ་ཧྭ། གུ་ལུ་གུ་ལུ། གུ་ལྭ་བ་ཡ་གུ་ལྭ་བ་ཡ། ཀྲ་མ་ཀྲ་མ་བྷ་ག་ལྷུ་ནཱ་ཡུ་བེ་ག་ན་སྟུ་ཏྭ་ན་ཤི་སྨྲ༷། ད་ཧ་ད་ཧ།ད་ར་ད་ར། ཧ་ན་ཧ་ན། པ་ཙ་པ་ཙ མ་ཐ་མ་ཐ། བཱ་ཏ་ཡ་བཱ་ཏ་ཡ། མ་ཊ་མ་ཊ། མྱ་ཊ་པ་ལ་སརྦ་ཀརྨུ་ཁེ། ཚིསྟོ་ཚིསྟོ། བྷ་ཀྟ་ཡ་བྷ་ཀྟ་ཡ། མེ་ད་མ་ཧུ་རུ་དྷི་ར་མ་པྱ་མེ་ད་མ་རྫོ་ཛ་རུ་དྷི་ར་བྲི་ཡ། ཨེ་གྱེ་ཧི་བྷ་ག་ཉྭན་སརྦ་བིབྷ་ནཱ་ནི། སརྦ་བིབྱུ་ནི། སརྦ་མནྟྲ་ཁི། སརྦ་མྱུ་ལ་ཀརྨུ་ཁེ། སརྦ་གྲ་ཧྭ་ན་ཧ་ན་ཧ་ན། བྷརྫི་བྷལྒ མརྡོ་མརྙ། ཨི་དསྨེ་ཀྭརླ༷་སྭ་དྷ་ཡ་ཧཱུཾ༷། ནི་ལྭ་ཡ་ནི་ལ་བཛྲ་དཎྜཡ་ཏུ་རུ་ཏུ་སྲ བིསྣན་བི་ནཱ་ཡ་ཀྭ་ན་ནཱ་ཤ་ཡ། ཧུ་རུ་ཧུ་སྲདིསྟ་ཙགྲྭ་ཡ། སརྦ་ཤ་ཏྲུ༷་ཎ༷། ཧྲི་ད་ལྭ་ནི་སྙིཌཡ། ཚིནྟྲཚིནྟྲབིབྱུནཱ༷ ཚིདཀ་ཧཱུཾ༷། བིབྱུ་ནཱ༷་ཤིགི་ཀ༷་སྨ་ར་ས་མ་ཡ༷་བཛྲ་དྷ་ར་པ་ཙ་ན༷། མརྙ་ཁེ་ནི་ཀྲིརྙ་ཧཱུཾ༷། ཧ་ན་ཧ་ན། ད་ཧ་ད་ཧ། ཏུ་རུ་ཧུ་རུ་། ཏུ་རུ་ཏུ་སྲ ཀུ་རུ་ཀུ་སྲ ཕཊ་ཕཊ་ཧཱུཾ༷་ཧཱུཾ༷་ཀྲི་ཏྭརྙ་ཡ། བི་ཁི་ར༷་ཁི་བེ་དྲ་བ་ཎ་ཀ་རྭ་ཡ་ཧ་ན་ཧ་ན་དསྐོན་གྲྭ་ཧྭ། འདི་ནི་གསུངས་མ་ཐག་ཏུ་ཡང་། །གདུག་པའི་མཆོག་ལས་བྱུང་བ་ཀུན། །འཇིགས་ཤིང་རབ་ཏུ་སྐྲག་གྱུར་ནས། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན། །ཁྲོ་བོ་་རྒྱལ་པོ་དྲག་པོ་ནི། །བརྒྱ་ནི་རྩ་བརྒྱད་བཟླས་པ་དང་། །ཆོ་གའི་ཚུལ་བཞིན་བསྐུལ་བ་ཡིས། །སངས་རྒྱས་ཀུན་ཀྱང་གསོད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་བསྐྱོད་པ།ཀུན་ཏུ་སྤྲིན་གྱི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར༷་ཞུགས་མ་ཐག་ཏུ། རྡོ་རྗེ་སྟོབས་པོ་ཆེ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ན་མ༷༷ས་མརྙ། ཀྭ་ཡ་ལྷུ་ཀ་ཙིརྟི་བཛྲ་ཎའ༷། ཨཱོཾ༷་ཧཱུཾ༷་ཧཱུཾ༷་ཧཱུཾ༷།ཕཊ་ཕཊ་ཕཊ། ཨོ་ཨུ་གྲ་ཤཱ་ཡ་བཱ་ཁེ་ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཕཊ་ཕཊ་ཕཊ། ཨཱོཾ་བྱོ་ཏི་ནིཁྲི་ད། ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཨོ་ཨོ་ཨོ། ཕཊ་ཕཊ་ཕཊ། ཨོ་ཧྭ་བ་ལ་གྲྭ་ཧྭ། འདི་ནི་གསུངས་མ་ཐག་ཏུ་ཡང་། །སྟོབས་ཆེན་མ་ལུས་ཀུན་དགུག་ནས། །རྡོ་རྗེ་གསུམ་ནི་རབ་ཏུ་དྲན། །ལས་རྣམས་མ་ལུས་འགྲུབ་པར་འགྱུར། །ཆར་ཆུ་དུས་སུ་འབབ་པར་འགྱུར། །རྡོ་རྗེ་གསུམ་ལས་འདི་ཕྱུང་བས། །བགེགས་རྣམས་མ་ལུས་འགུགས་པར་འགྱུར། །ན་མ་༷ ་མནྟྲ། ཀྭ་ཡ་ལྷུ་ཀ་ཙིཏི་བཛྲ་ཎའ༷་ཧཱུཾ༷་ཛ། བདག་ཉིད་སངས་རྒྱས་ཆེན་པོ་ཀུན། །མ་ལུས་པར་ནི་དྲན་ནས་འཇིག །ལིསྐོ་རྐང་པ་གཡས་ཀྱིས་མནན། །སྐུ་གསུང་རྡོ་རྗེ་ཆེན་པོ་ཡིས། །མི་གཡོ་འཇིགས་པའི་ཐོ་བས་བརྡུངས། །ཨཱོཾ་ན་མ༷༷ས་མརྙ་ཀྭ་ཡ་ལྷུ་ཀ་ཙིརྟི་བཛུ་ཎ༷། ཨ་ཙ་ལ་ཀྭ་ན། ཧ་ན་ཧ་ན་ཕཊ། བཛྲ་ཀི་ལི་ཀི་ལ་ཡ་སརྦ་བིསྣྲུན་པ༷་ཧཱུཾ་ཕཊ། །ན་མོ་སོརབ་སྭ། ཨ་པྲ་ཧ་ཏེ་བྱ། ཛ་ལ་ཡ། ཏྲ་ཐ་ཡ། ཨ་པ་ར་ན། ཚིག་འདི་བརྗོད་མ་ཐག་ཏུ་ཡང་། །ལྷ་རྣམས་བརྒྱལ་ཞིང་བསྲེག་འཔར་འགྱུར། །མཐུ་ཆེན་ལྷ་རྣམས་བསྲེགས་ནས་ཀྱང་། །ཐམས་ཅད་མ་ལུས་འཇོམས་པར་བྱེད། །རྡོ་རྗེ་སྦྱོར་བ་ཆེན་པོ་ཡིས། །སྙིང་གི་དཀྱིལ་དུ་རྡོ་རྗེ་ལྕགས་ཀྱུ་བསམ། །ཐམས་ཅད་མ་ལུས་དགུག་པར་བྱ། །དེ་ནས་ཕུར་བུས་ངེས་པར་གདབ། །ལྕགས་ཀྱི་ཕུར་པ་སོར་བརྒྱད་ཀྱི། །སྙིང་གི་དཀྱིལ་འཁོར་དུ་བརྒྱབ་བྱས་ནས། །ཡན་ལག་རྣམས་ཀྱང་བཅིང་བར་བྱ། །དེ་ནི་སྦྱོར་བ་ཆེན་པོ་ཡིན། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། དགྲ་བགེགས་ཀྱི་སྦྱོར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། འདི་སྐད་ཅེས་གསོལ་ཏོ། །ལྷ་ཆེན་པོ་དང་། ཕྱོགས་སྐྱོང་དང་། ཚངས་པ་དང་། གཟའ་དང་། རྒྱུ་སྐར་དང་། འབྱུང་པོ་དང་། རོ་ལངས་དང་། རྦོད་གཏོང་ཕྲ་མོ་དང་། དྲེགས་པ་ཅན་མུ་སྟེག་ཀྱི་རྦོད་གཏོང་དང་། མཐུ་རྩལ་དྲེག་པ་ཅན་ཀླུ་དང་། གནོད་སྦྱིན་དང་། གང་དགགཟའཆེནཔོཁྲོསཔའིགཟུགས་ཅན་མང་པོ་དང་། རྡོ་རྗེ་སློབ་དཔོན་སྨོད་པ་དང། ཐེགཔཆེནཔོསྨོདཔདང་། གང་དག་བཀྲ་མི་ཤེས་པར་བགྱིད་པ་འདི་དགཐམས་ཅད། བཅོམ་ལྡན་འདས་ཇི་ལྟར་བཟློག་པར་བགྱི། གཟིར་མནན་གྱི་ལས་ནི་ཇི་ལྟར་བགྱི། དགུག་ནི་ཇི་ལྟར་དགུག །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འད་ཀྱིས་བཀའ་སྩལ་པ། །བདག་ཉིད་ག་་བག་འཇིགས་པའི་གཟུགས། །ཁྲོས་པའི་སྤྲིན་ཆེན་འཇིགས་པར་གཏིབས། །རཀྟའི་ཆུ་ཡིས་གཤེར་བའི་གོས། །བགོས་ནས་དབེན་ས་ཆེན་པོ་སྲ །ལྷ་ཆེན་ལིསྐོ་རྐང་པས་མནན། །ཁྲོ་བོའི་རྒྱལ་པོའི་སྟངས་སྟབས་བཅས། །ལྕགས་ཀྱུ་དཀར་དམར་ལག་ན་ཐོགས། །ངེས་པར་བཀུག་ཅིང་བརྡུང་བ་དག །དེ་ནས་མཚོན་ཆས་གཅད་པར་བྱ། །གང་ཡིན་པ་ཡི་གཟུག་བྲིས་ལ། །དགུག་ཅིང་དེ་ལ་དབབ་པར་བྱ། །སོ་སོའི་སྔགས་དང་མིང་དག་བྲིས། །དེ་ནས་ཐལ་བས་གཤེར་བ་བྱས་ལ་བརྡུངས། །བཤང་གཅི་རུལ་པའི་དྲི་མནམས་པ། །དེའི་གོས་ལ་བྱུགས་ནས་ནི། །བདག་ཉིད་དུ་ནི་བགོ་བར་བྱ། །ཁྲོ་ཞིང་འཁྲུགས་པའི་གཟུགས་ཅན་དུ། །བདག་ཉིད་རབ་ཏུ་བསྒོམ་པར་བྱ། །ཁྲོ་བོའི་སྔགས་ནི་ཀུན་བཟླས་ནས། །མ་རུངས་པ་ནི་ཚིག་བསམས་ནས། །མནན་ནམ་གཟིར་བའི་སྔགས་བྱས་ནས། །མྱུར་དུ་སྐོམ་སྟེ་འཆི་བར་འགྱུར། །བརྒྱ་ནི་རྩ་བརྒྱད་སྔགས་བཟླས་ན། །སངས་རྒྱས་ཀུན་ཡང་འཇིགས་པར་འགྱུར། །སྐྲ་བཤིགགོསནིགཤེརབརབྱ། །འཇིགས་པའི་ཚུལ་འཆང་ཁྲོས་པའི་གཟུགས། །ཁྲོ་རྒྱལ་འཇིགས་ཚུལ་མང་པོ་སྤྲུལ། །མ་མོ་རྔམས་པ་མང་པོའང་སྤྲུལ། ཁྲ་ཟན་ཚོགས་བཅས་མང་པོ་སྤྲུལ། །དེ་ནས་རྐང་པས་ལིསྐོ་མནན། །ལམ་པོ་དུར་ཁྲོད་ཁང་སྟོང་དང་། །བཞི་མདོ་གླིང་གཅིག་ཤིང་དྲུང་དང་། །སྲིན་པོ་ཁྲོས་པའི་གནས་དག་ཏུ། །དྲག་པོའི་ལས་ཆེན་བཤད་པར་བྱ། །མི་ཡི་རུས་པའི་ཕུར་བུ་དག །སོར་བརྒྱད་དང་ནི་བཅུ་གཉིས་ལ། །སྔགས་ནི་འདི་དག་བཟླས་བྱ་སྟེ། །ཧ་ཡ་རྒི་བ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་བི་ན་བ༷་ཧཱུཾ༷་ཕཊ། ཁྲོ་བོའི་སྔགས་ཀྱང་ཀུན་བཟླས་ལ། །དགྲ་བོའི་སྒོའམ་གྲོང་དུ་བྱ། །རྒྱལ་བ་ཡི་ནི་སྐུ་གསུང་ཐུགས། །མ་ལུས་པ་ནི་སྦྱིན་པའི་མཆོག །ཉོན་མོངས་རྣམ་པར་རབ་སྤངས་པའི། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱི། །སྐབས་སམ་ཡང་ན་འཆི་བར་འགྱུར། །ཡང་ན་སྨྱོའམ་འབོག་པར་འགྱུར། །ཁྲག་ཏུ་སྒྱུག་ཅིང་འབྲོས་པར་འགྱུར། །ཡང་ན་སྨྲ་ཅོལ་འབོད་ཅིང་ནི། །དེ་ནས་ངེས་པར་ལྐུགས་ནས་འཆི། །ཡང་ན་ཐོད་པ་ལེགས་པ་དག །སློབ་དཔོན་ཡོན་ཏན་ལྡན་པས་བཙལ ཧེ་རུ་ཀ་དང་དབང་ཕྱུག་ཆེ། །ཕྲ་མེན་ཁྲོ་བོ་ཁྲོ་མོར་བཅས། །སངས་རྒྱས་ཀུན་གྱི་སྔགས་ཆེན་དག །རབ་ཏུ་ཐོད་པའི་ནང་དུ་བྲི། །མ་རུངས་པ་ཡི་སྒོར་བཞག་ན། །དགྲ་རྣམས་ངེས་པར་བསྐྲད་པར་འགྱུར། །ཡང་ན་ཏ་ལའི་ལོམའམ། ཁེང་ཤུན་གྲོ་གའམ་རས་ཀྱང་རུང་། །དྲག་པོའི་སྔགས་ནི་ཀུན་བྲིས་ནས། །ཁྱིམ་མམ་གནས་སུ་སྤས་གྱུར་ན། ཁྲེའམ་སྐབས་སམ་བསྐྲད་པར་འགྱུར། །རྡོ་རྗེའི་གསུང་ལས་འདི་ཕྱུང་ངོ་། །ཨོ་ཀྟ་སྙ། ལྷུ་ཏ་ཡ། ལྷུ་ཏ་ཡ། སརྦ་དུསྐོ་ཕཊ། ཀི་ལ་ཡ། ཀི་ལ་ཡ་སརྦ་བཱ་པ༷་ཕཊ། ཧཱུཾ༷་ཧཱུཾ༷་བཛྲ་ཀི་ལ་ཡ། བཛྲ་དྷ་ར་ཨུ་ཙྭ་པ་ཡ་ཏི། ཀྭ་ཡ་ལྷུ་ཀ་ཙིསྟ། བཛྲ་ཀི་ལ་ཡ་ཧཱུཾ༷་ཕཊ། ཨོན་མ༷༷ས་ས་མརྙ། ་ཟློ་ནཱ༷། སརྦ་བཱ་པ༷་ཕཊ། མ་ཧྭ་བཛྲ་ཀི་ལ་ཡ་ཧཱུཾ༷་ཕཊ། ཙིསྟ་ཁོ་ལ་བཛྲ་ཀི་ལ་ཡ་ཕཊ། །གསང་སྔགས་འདི་དག་བརྗོད་མ་ཐག །རྫུ་འཕྲུལ་ཟེན་པོའི་སངས་རྒྱས་ཀུན། །འཇིགས་ཤིང་བརྒྱལ་ནས་ཁྲག་ཏུ་སྒྱུགས། །མིང་རུས་སེང་ལྡེང་ལྕགས་ལས་བྱས། །སོར་བརྒྱད་པ་ཡི་ཚད་དེ་ལ། །གསང་སྔགས་འདི་དག་བརྗོད་ནས་ནི། །དགྲ་ཡི་ལིསྒོ་ལ་བཏབ་ན། །སངས་རྒྱས་དག་ཀྱང་འཇིག་པར་འགྱུར། །དགྲ་རྣམས་ལ་ནི་གདོན་མི་ཟ། །བདག་ཉིད་ལྷ་ཡི་སྐུར་བསྒོམས་ནས། །རྡོ་རྗེ་ཕུར་བུ་ཆེན་པོ་དག །དེ་དག་ལག་པ་གཡོན་དུ་ཐོགས། །སྤྱི་ནས་བརྒྱབ་ཅིང་རྐང་པར་བསྟིམ། །སྤྲུལ་པའི་ཕུར་བུ་ཁྲོས་པས་གདབ། །མྱུར་དུ་བཏབ་ན་འཆི་བར་འགྱུར། །གནས་བདུན་དག་ཏུ་གདབ་པར་བྱ། །ཨོ་ན་མ༷༷ས་མརྙ་ནཱ༷། བཛྲ་ཀི་ལི་ཀི་ལ་ཡ་ཧཱུཾ༷་ཕཊ། ཨོ་སྣྲིརྙ་སྣྲིརྙ་ཧ་ན་ཧ་ན། ཏིསྟ་ཙཀྲ་ཧཱུཾ༷་ཕཊ། ཕུར་བུ་རྡོ་རྗེས་བཏབ་ནས་ནི། །དེ་ནས་མོད་ལ་སངས་རྒྱས་ཀྱང་། །འཇིགས་ཤིང་འདརནས་འགྱེལ་བར་འགྱུར། །དགྲ་བགེགས་རྣམས་ལ་གདོན་མི་ཟ། །ངེས་པར་འདོད་ཆགས་རྡོ་རྗེའི་ཚུལ། །ཕུར་བུའི་ལས་རྣམས་འདི་བྱས་པས། །ཚངསཔལྷཆེནལསོགས་རྣམས། །ཚིག་ནས་རྨོངས་པར་རབ་ཏུ་འགྱུར། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། དྲེགས་པ་ཆེན་པོ་ཐམས་ཅད་གསད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་རློབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབས་སོ། །བུ་མོ་ཨུཏྲུལ་འཚེར་བའི་མཆོག །ལོ་གྲངས་བཅུ་གཉིས་ལོན་པ་ལ། །དཀྱིལ་འཁོར་རྒྱས་པར་བྱིན་གྱིས་བརླབས། །ཉམས་དགའ་དབེན་པའི་ས་ཕྱོགས་སུ། །བསྒྲུབ་པ་བརྩམ་པ་རབ་ཏུ་ཤིས། །དེ་ནས་དཀྱིལ་འཁོར་གྲུ་བཞི་ལ། །དེ་ནས་ལས་རྣམས་བརྩམ་པར་བྱ། །བདུད་རྩི་རྣམ་ལྔས་སྐྱང་ནུལ་བྱ། །དེ་ནས་སྲད་བུའི་སྦྱོར་བ་དག །ཉིད་ཀྱིས་ས་བཅད་སྙོམས་པར་བྱ། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཀུན་ཏུ་གྲུ་བཞི་མུ་ཁྱུད་ལྡན། །དབུས་སུ་དབུ་དགུ་འཇིགས་པར་བསྟན། །བྷརྙ་ཁ་སྦྱོར་ཡབ་ཡུམ་ལས། །དངོས་གྲུབ་འབྱུང་བའི་རྟེན་དུ་བཞག །ཆོས་ཀྱི་འཁོར་ལོའི་ཤར་ཕྱོགས་སུ། །ཞེ་སྡང་འཇོམས་བྱེད་ཧེ་རུ་ཀ་ཡབ་ཡུམ་བཞུགས། །ཆོས་ཀྱི་འཁོར་ལོའི་ལྷོ་ཕྱོགས་སུ། །ང་རྒྱལ་འཇོམས་བྱེད་ཧེ་རུ་ཀ་ཡབ་ཡུམ་བཞུགས། །ཆོས་ཀྱི་འཁོར་ལོའི་ནུབ་ཕྱོགས་སུ། །འདོད་ཆགས་འཇོམས་བྱེད་ཧེ་རུ་ཀ་ཡབ་ཡུམ་བཞུགས། ཆོས་ཀྱི་འཁོར་ལོའི་བྱང་ཕྱོགས་སུ། །ཕྲག་དོག་འཇོམས་བྱེད་ཧེ་རུ་ཀ་ཡབ་ཡུམ་བཞུགས། །འབར་བའི་བར་ཁྱམས་དང་པོ་ལ། །དབང་ཕྱུག་ཆེན་མོ་བརྒྱད་རྣམས་བཞུགས། འབར་བའི་བར་ཁྱམས་གཉིས་པ་ལ། །ཕྲ་མན་ཁྲོ་ཚོགས་སྤྲུལ་པར་བཅས། །སྒོ་བཞིར་སྒོ་བ་བཞི་རྣམས་བཞུགས། །ཕྱི་ཁྱམས་ལྕགས་རི་ཆེན་པོ་ལ། །དབང་ཕྱུག་རྒྱ་མཚོ་འཁོར་ཚོགས་དགོད། །དེ་ནས་ལས་ཀྱི་སྐལ་བདེ་སྲ །གཤིན་རྗེ་འདུག་པའི་ཕྱོགས་ཆེན་དུ། །དཀྱིལ་འཁོར་གྲུ་གསུམ་བརྩེགས་མ་ལ། །ཐོད་པ་མདའ་གཞུ་མེ་རིས་བསྐོར། །ཆོས་ནི་བཟང་པོ་རྒྱས་པ་ལ། །བཤང་གཅིའི་དམ་ཚིག་ཤ་ཆེན་བཟའ། །དེ་ནས་ལས་ཀྱི་སྐལ་བདེ་སྲ །སྔགས་མཁན་གྱིས་ནི་མི་གཟུགས་བྲི། ཐོ་བ་ཆེན་པོ་གནམ་འཕྱར་ནས། །དེ་ཡིས་མགོ་ལ་བརྡུང་བར་བྱ། །ཁྲོས་པས་འཇིགས་ཤིང་ག་་པོར་བྱ། །སྔགས་རྣམས་འདི་དག་བཟླས་ཤིང་བརྡུངས། །ཨོ་ཧྲི༷༷ནི་བི་ཀྲི་ཏྭ་ན་ན། སརྦ་ཤ་ཏྲུ༷་ནན། ནཱ་ཤཱ་ཡ། སྟམ་བྷ་ཡ། ཧཱུཾ༷་ཧཱུཾ༷་ཧཱུཾ་ཕཊ་ཕཊ་སྭ་ཧྭ། ཁྲག་དང་སྐེ་ཚེ་ལན་ཚྭ་རྣམས། །ཁྲོ་བོ་གཏུམ་པོས་མེ་སྤར་ལ། །ཚེར་མའི་མེ་ལ་ཁྲོས་པས་བསྲེགས། །མིང་ངམ་རུས་སམ་མཚན་མ་སྟེའ། །དུམ་བུར་བཅད་ཅིང་མེ་ལ་བསྲེག །ནམ་སྐྱེད་དམ་ནི་ཉི་མའི་་གང་། །སྟོང་་རྩ་་བརྒྱད།་རྣི་་ཚུཀླ་བཞིནདབུལ། །བདག་ཀྱངཁྲོཞིངཚིགཔཡིས། །བསྲེགས་ཤིང་མེ་ལྷས་གཟུགས་ཕུང་བཅོམ། །དེ་ལྟར་མ་བྱས་རྨོངས་བྱས་ན། །དེ་ནི་འཇིག་རྟེན་ཚེ་ཟད་འགྱུར། །དུར་ཁྲོད་སོལ་བརྩོགབནིནདུབྱ། །རྨིཇེདང་གཟུགས་ནི་རབ་ཏུ་བྲི། །རྡོ་རྗེ་ཐོ་བས་བཏགས་ནས་ཀྱང་། །མིང་དང་གཟུགས་ལ་དབབ་ཅིང་བརྡུང་། །རྡོ་རྗེ་འབར་བའི་ཧཱུཾ༷་རིང་ལས། །རྡོ་རྗེའི་མེ་སྟག་ཕྱོགས་བཅུར་འཕྲོས། །རྡོ་རྗེའི་མེ་སྟག་རེ་རེ་ལས། །ཡེ་ཤེས་སྤྲུལ་པ་བསམ་མི་ཁྱབ། །ཡེ་ཤེས་སྤྲུལ་པའི་ཐུགས་རྗེ་ལས། །རྡོ་རྗེ་ལྕགས་ཀྱུ་ཕྱོགས་བཅུར་འདེབས། །བཀུག་ཅིང་མིང་དང་གཟུགས་ལ་དབབ། །འཇིགས་ཚུལ་མང་པོས་སྙིང་ནས་དྲངས། །ལག་པས་སྟ་རེ་ཆེན་པོ་བརྡེག །དགྲ་ཡི་མིང་ས་བཅས་པར་བསྒོམས། །དེ་ལྟར་བསམས་ཤིང་བཅད་གྱུར་ན། །སངས་རྒྱས་བཙུན་མོའང་འཆི་བར་འགྱུར། །རླུ་་ལ་སོགས་པའི་ཕྱག་རྒྱ་ཅན། །དགྲ་རྣམས་རབ་ཏུ་འཕྱར་བར་བསམས། །ཞག་ནི་བཅུ་གཅིག་ཚུན་ཆད་ཀྱིས། །དགྲ་རྣམས་མ་ལུས་འཆི་བར་འགྱུར། །ལས་ཀྱི་རྡོ་རྗེའི་སྙིང་པོ་ནི། ཧཱུཾ༷་ཧཱུཾ༷་ཧཱུཾ༷། ཕཊ་ཕཊ་ཕཊ། ཁྲོ་རྒྱལ་ག་་ཞིང་འཇིགས་པའི་གཟུགས། །གཟུགས་ནི་རྡོ་རྗེ་མི་འགྱུར་ཏེ། །ཐུགས་ནི་རྡོ་རྗེ་སྲ་མཁྲེགས་བདག །གསུང་ནི་ཆགས་མེད་རྡོ་རྗེའི་གསུང་། །ཨོ་ཨུ༷༷ཧཱུཾ༷་ཛོ་ཧཱུཾ༷་ཛོ་ཧཱུཾ༷། ཛོ་འུ་རི་ཛོ་འུ་རི། དེ་ནས་རྒྱལ་པོ་འཇིགས་པའི་གཟུགས། །བརྟུལ་ཞུགས་ལྡན་པར་བདག་བྱས་ལ། །དགྲ་བགེགས་གདུག་པ་ཐམས་ཅད་གཞིག །བདུད་དམ་དགྲ་ཡི་གཟུགས་བྱས་ལ། །མི་རོ་བོར་བའི་དུར་ཁྲོད་དུ། །གཅེར་བུར་ཕྱུང་སྟེ་སྐྲ་བཤིག་ལ། །ཕན་དཔྱདདགོསཚུན་འདི་ན་དགྲ་བགེགས་གནོད་བྱེད་པ། །བདག་ཉིད་ཁྲོ་ཚོགས་རྔམ་པར་བྱས། །གཡས་ཀྱི་ཁ་ཊ༷་གིས་བསྒྱེལ་ལ། །གཡོན་གྱི་ལྕགས་ཀྱུས་རིལ་མིང་བྱ། །ཡང་ན་དགྲ་ཡི་མིང་བྱང་ནི། །དུར་ཁྲོད་སོལ་བ་དག་ལ་བྱ། །དེ་ལ་སྔགས་རྣམས་བཟླས་པ་ནི། །སྟོང་ནི་རྩ་བརྒྱད་དག་ཏུ་བཟླས། །ཧོམ་ཁུང་གྲུ་གསུམ་མཐིང་ནག་ཏུ། །ཚེར་མའི་མེ་ལ་ཁྲོ་ཞིང་དབུལ། །རྡོ་རྗེ་སེམས་དཔའང་འཆི་བར་འགྱུར། །སྐེ་ཚེ་ལན་ཚྭ་འབྲུ་མར་དང་། །དགྲ་ཡི་གཟུགས་བརྙན་ལེགས་སུ་བྱ། །ཆུ་འགྲམ་གཉིས་སུ་བསྐུལ་ལ་བཏབ། །ཡུངས་ཀར་གྱི་ནི་འབྲུ་ཙམ་དག །དུག་དང་རྩུབ་པའི་མེ་ལ་བསྲེག །མེ་ལྕེ་དམར་ནག་ཕྱོགས་བཅུར་འཕྲོ། །དེ་ཡི་འདུ་འཕྲོས་བག་ཆགས་བསྲེགས། །འབར་ཞིང་མཆེད་པ་དུར་ཁྲོད་མེ། །ཉོན་མོངས་བསྲེག་པའི་མེ་སྤར་བས། །ཁམས་གསུམ་ཉོན་མོངས་བསྲེག་པར་བྱེད། །ཁམས་གསུམ་དགྲ་བགེགས་ལུས་དག་བསྲེག །འདི་ལྟར་སྦྱོར་བ་ཆེར་བྱས་ན། །སངས་རྒྱས་དག་ཀྱང་བརླག་པར་བྱེད། །དུག་གི་འབྲུའམ་སྐེ་ཚེའམ། །མར་ལས་བྱུང་བའི་རྫས་ཆེན་འདིས། །རྒྱལ་བ་ཐམས་ཅད་བསད་པ་ལ། །མཆོག་གི་སྦྱོར་བ་འདི་དག་གིས། །ཁྲག་དང་རུས་པྱེ་དུག་རྣམས་བསྲེས་ནས་སུ། །རང་གི་ལུས་ལ་བྱུགས་པར་བྱ། །ལིསྐོ་ལ་ནི་རྐང་པས་མནན། །དེ་ནས་སྲིན་པོ་ཕོ་མོ་རྦད། །སྲིན་པོའི་ལས་ཆེན་ཤ་ལ་དགའ། །སྲིན་པོའི་ལས་ཆེན་ཁྲག་ལ་དགའ། །སྲིན་པོའི་ལས་ཆེན་རུས་ལ་དགའ། །སྲིན་པོའི་ལས་ཆེན་དོན་སྙིང་འབྱིན། །སྲིན་པོའི་ལས་ཆེན་ནང་ཁྲོལ་ཟ། །སྲིན་པོའི་ལས་ནི་སྲོག་རྩ་གཅོད། །སྲིན་པོའི་ལས་ནི་ངུ་ཞིང་རྒྱུག །གཡབ་མོ་འདོར་ཞིང་ཕོ་དོད་འབོད། །མི་ཡི་ཀེང་རུས་ཕུང་པོར་བརྩིག །མི་ཡི་ཐོད་པ་ཕྲེང་བར་ཐོགས། །མི་ཡི་ཁྲག་གིས་རྒྱ་མཚོར་བསྐྱིལ། །གཟུགས་ཁམས་ལྷ་ཚོགས་ཐམས་ཅད་ཀྱང་། །ཐལ་མོ་བརྡབ་པས་རྡུལ་དུ་རློག །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་། །རབ་ཏུ་འཇིགས་ཤིང་བརྒྱལ་བར་འགྱུར། །སྲིན་པོ་སྨུག་ནག་ཆེན་པོ་ཡང་། །ར་ལ་རུ་ལུའི་གླུ་ཡང་ལེན། །སྙན་པའི་ཚིག་དང་སྙན་པའི་གླུས། །དགའ་བའི་རོལ་མོ་སྣ་ཚོགས་བྱེད། །དཔའ་བོ་རྒོད་པོ་འཇིགས་པར་བྱེད། །མ་ལུས་བར་ནི་རྡུལ་དུ་རློག །ཁྲག་གམ་དུག་གམ་རུས་ཆེན་ལ། །དགྲ་ཡི་གཟུགས་བརྙན་བྱས་གྱུར་ན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་། །མྱུར་དུ་སྲིན་པོ་ཕོ་མོས་འཁྱེར། །དགྲ་རྣམས་ལ་ནི་གདོན་མི་ཟ། །ཨོ་ན་མ༷༷ས་མརྙ་བུརྙ་ནཱ༷། ཨོ་བཛྲ་ཀི་ལི་ཀི་ལ་ཡ་ཀྭ་ཡ་ལྭ་ཀ་ཙིསྟ་བཛུ་ཎ༷། ཨོ་ཧུ་ལུ་ཧུ་ལུ་ཏིཛི་ཏིཇི་བརྙ་བརྙ། ད་ཧ་ད་ཧ། པ་ཙ་པ་ཙ། ཀི་ལི་ཀི་ལ་ཡ། གརྫ་གརྫ། སྐྲོ་ཊ་ཡ་སྤོ་ཊ་ཡ། སརྦ་བིསྣན། བི་ནཱ་ཡ་ཀྭ་ནཱན། མ་ཧྭ་ཀི་ལ་ཡ། ག་ཎ་ཡ། པ་རི་ཙིསྟ་ཙིསྟ་བི་ཏ་ན་ཏ་ཀ་བཛྲ་ར་ཡ། ཀི་ལའ་ཡ་གྲྭ་ཧྭ། བསམ་གཏན་པ་ལ་སོགས་པ་ཡང་། །དེ་ཡི་ལུས་ངག་སེམསཀྱངགཅིག །སེམསལརྩེགཅིགའདུདལ་བྱ། །ཁྲོ་བོ་རྡོ་རྗེའི་སྔགས་པ་ཆེ། །ཁ་མིག་ཟིགྲད་ནས་འཇིགས་པའི་ཚུལ། །ལག་ཆའི་ཐོ་བ་སྟུ་རེས་བརྡུང་། །ཏིང་འཛིན་རྩེ་གཅིག་རབ་ཏུ་བསམ། །འདི་ནི་གསོད་པའི་ཁྲོ་ཚོགས་ཡིན། །ནམ་མཁའི་མཐའ་ནི་ཀུན་ཀླས་པར། །སངས་རྒྱས་ཁྲོ་བོའི་སྤྲུལ་པ་དག །སྤྲུལ་པའི་ཚོགས་བཅས་དེ་ཀུན་གྱིས། །དགྲ་བགེགས་གནས་ནས་བཀུག་ནས་ཀྱང་། །མཚོན་ཆ་འབར་བས་གཏུབ་ཅིང་བཅད། །ཕྲ་མོའི་བྱང་ཆུབ་སེམས་དཔས་ཀྱང་། །ནམ་མཁའ་ཡོངས་སུ་གང་བར་བྱེད། །ཁྲོ་བོའི་སེམས་ཀྱིས་ཁྲོས་ནས་ཀྱང་། །རྔམས་པའི་ཚུལ་གྱིས་གསད་པར་བྱ། །དེ་ལྟར་སྦྱོར་བ་བྱས་ནས་ཀྱང་། །ཡོན་ཏན་རྣམ་པ་སྣ་ཚོགས་འགྲུབ། །སངས་རྒྱས་རྡོ་རྗེ་འཛིན་ཀུན་ཀྱང་། །འཆི་བར་འགྱུར་བ་གདོན་མི་ཟ། །རྒྱལ་བའི་གནོད་བྱེད་དགྲ་རྣམས་ལ། །ཁྲོས་ཤིང་རྔམ་པས་ཁུག་ནས་ནི། །སློབ་དཔོན་མཁས་པ་ཡིད་གཞུདས་ཀྱིས། །བྱས་ན་འཆི་བར་དོན་མི་ཟ། །སྲིན་པོ་སྲིན་མོ་ཁྲོ་བོའི་ཚོགས། །ཁྲོ་འཁྲུགས་ག་་པ་མི་བཟད་པས། །ཏིང་འཛིན་ཁྲོ་བོའི་ཆ་ལུགས་བྱ། །ཏིང་འཛིན་དེ་ཡི་སྦྱོར་བ་བྱས་གྱུར་ན། །སངས་རྒྱས་ཡེ་ཤེས་ཅན་ཡང་འཆི། །རྦོད་གཏོང་རྣམ་པ་འབྱུང་བ་ནི། །ཁྲ་དང་བྱ་རོག་འུག་པ་ཁྲོ་བོའི་གཟུགས། །ཁུ་ཏ་ཝ་དང་སྤྱང་ཀིའི་གཟུགས། །སེརྙེ་སྟག་དང་དྲེད་ཀྱི་གཟུགས། །མ་ཧེ་ཁྱུ་མཆོག་ཤ་བའི་གཟུགས། །དོམ་དང་གཟིག་དང་ཕག་གི་གཟུགས། །སྦྲུལ་དང་ནེ་ལེ་བྱི་ལའི་གཟུགས། །ཀང་ཀ་བྱ་རྒོད་བྱ་རོག་གཟུགས། །སྲེ་མོ་སྨིག་བུ་ཁྱི་ཡི་གཟུགས། །དེ་ལྟར་བསམས་ཤིང་ཁྲོས་གྱུར་ན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་། །ཁྲག་ཏུ་སྒྱུག་ཅིང་ངེས་པར་འཆི། །ཁྲོ་བོ་ཀུན་ཡང་བརྒྱལ་འགྱུར་འཆི། །དེ་ཡི་སྔགས་ནི་བརྗོད་བྱ་བ། །ཨོ་ན་མ༷༷ས་མརྙ་ཀྭ་ཡ་ལྭ་ཀ་ཙིཀྟ་བཛྲ་ཀི་ལ་ཡ་ཧཱུཾ༷་ཕཊ། ཨོ་ལ༷་ཧཱུཾ༷་ལ༷་མོ་ཧྭ་ཡ་རཀྟ་སྟུ༷་བྷ་ཡ་ནན། རྐང་པ་གཡོན་པས་ལིསྐོ་མནན། །སྙིང་གར་ལྕགས་ཀྱི་ཕུར་པ་གདབ། །ཐོ་བས་བརྡུང་ཞིང་སྟ་རེས་གཅད། །སྦྲུལ་ནག་གདེངས་པ་མང་པོས་ཀྱང་། །དེ་ལ་རབ་ཏུ་དཀྲི་ཞིང་གདུག་པར་བསམ། །ཚེ་དང་བསོད་ནམས་ཕྲོག་ནས་ཀྱང་། །བདག་གི་ཙིསྟའི་བཀྲག་ལ་བྱོན། །ཉོན་མོངས་ལྔ་རྣམས་བསྒྱུར་ནས་ཀྱང་། །ཡེ་ཤེས་ལྔ་རུ་གནས་པ་སྟེ། །བདག་དང་གཉིས་སུ་མེད་པར་བྱ། །དེ་ནས་ལས་ཀྱི་སྐལ་བདེ་སྲ །སྤྱིན་སྲེག་ཆ་རྣམས་མཆོད་པར་འབུལ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ། །དགྲ་བགེགས་དེ་དག་གཏད་པར་བྱ། །ཕྲིན་ལས་རྣམ་བཞིས་མནན་ཅིང་བསད། །དེ་ནས་སེམས་ཀྱི་སྐལ་བདེ་སྲ །ཏིང་འཛིན་ཁྲོས་པའི་གཟུགས་ཅན་དང་། །གལ་ཏེ་མ་རུངས་པ་རྣམས་ཀུན། །ཟ་ཞིང་ཁྲོ་ཚུལ་རྔམ་སྟབས་བསྟན། །ཧཱུཾ་ཀ་ར་ཡ་ཏིང་འཛིན་ནི། །ཕྱག་གཉིས་རྡོ་རྗེ་ལུ་གུ་རྒྱུད། །གཡས་གཉིས་རྡོ་རྗེ་དགྲ་སྟུ་གདེངས། །གཡོན་གཉིས་རྔེའུ་ཆུང་ཕུར་བུ་འདྲིལ། །ཞལ་གསུམ་དུག་གསུམ་གཏིང་ནས་རྔུབ། །སྤྱན་དགུ་ཐེག་ཆེན་རྣམ་པར་གཟིགས། །མཆེ་གཙིགས་ཡེ་ཤེས་དུག་གསུམ་གསོལ། །གསུང་མཆོག་རྣམ་ཐར་རྒྱ་མཚོ་སྒྲོགས། །དེ་ཡི་ཏིངའཛིན་ཆེར་སྦྱར་ན། །སངས་རྒྱས་ཀུན་ཀྱང་ཕུང་བར་འགྱུར། །འབྱུང་པོ་རྣམས་ལ་སྨོས་ཅི་དགོས། །བཅོམ་ལྡན་ཟླ་གསང་ཆེན་པོ་ལས། །རྩ་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་ཡི་དམ་ཚིག་ཆེན་པོ་ནི། །ལྷ་ཡི་གནས་གསུམ་འདི་ལྟ་སྟེ། །འདོད་ཁམས་གཟུགས་མས་གཟུགས་མེད་ཁམས། སོ་སོའི་མིང་ངམ་གཟུགས་སུ་བྲི། །ཚངས་པ་བརྒྱ་བྱིན་བིཁྱི་དང་། །ཁྱབ་འཇུག་མ་ཧྭ་དེ་བ་དང་། །གཤོན་ནུ་ལང་ཚོ་འདུས་པ་རྣམས། །སྙིང་པོ་འདི་ཡིས་དགུག་པར་བྱེད། །དེ་བ་ཛ་ཛ་དེ་བ་ཛ། །བདག་ཉིད་འཇིགས་པའི་གཟུགས་དང་ལྡན། །ཁྲོས་ཤིང་རྔམ་པའི་ཚུལ་གྱིས་དགུག །བཀུག་ན་སངས་རྒྱས་ཀུན་ཡང་ཁུག །ལྷ་རྣམས་ཀུན་ཀྱང་གདོན་མི་ཟ། །ལྷ་རྣམས་ཁུགས་པར་གྱུར་པ་ན། །རྡོ་རྗེ་སྟུ་རེས་ལྷག་པར་བཏགས། །བྱས་ན་ལྷ་རྣམས་ངེས་པར་འཆི། །དེ་ཡི་སྦྱོར་བ་ཆེན་པོ་ནི། །བདག་ཉིད་འཇིགས་ཚུལ་རབ་ཏུ་རྔམ། །གཤིན་རྗེ་ཁྲོས་ཤིང་གདུག་པར་བྱ། །ལག་ན་ལྕགས་ཀྱུ་རྣོབསྣམས་ནས། །ལྷ་ཡི་སྙིང་ག་ནས་ནི་བཟུང་། །དབབ་ཅིངརྡོརྗེཆེནཔོསབརྡུངས། །ཕྱག་ན་རྡོ་རྗེའང་འཆི་འགྱུར་ན། །ལྷ་རྣམས་ལ་ནི་གདོན་མི་ཟ། །བདག་ཉིད་ཁྲོ་པའི་གཟུགས་སུ་བྱ། །དེ་ནས་སྔགས་ཀྱི་ཚིག་བརྗོད་པ། །ཨོ་ན་མ༷༷ས་མརྙ་བཛྲ་མུ་ཏི་ནན། ག་རུ་ནན། ཚལ་ཚལ་སུམ་བྷ་ན༷་སུམ་བྷ། དེ་ལྟར་བསྙེན་ཅིང་རབ་བསྒྲུབས་ན། །སངས་རྒྱས་སོགས་ཀྱང་བརླག་པར་བྱེད། །ལྷ་རྣམས་ལའང་སྨོས་ཅི་དགོས། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། །ལྷའི་ཚོགས་བསད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །གནོད་སྦྱིན་ཕོ་མོ་མ་རུངས་པ། །འདི་དག་ཐམས་ཅད་དགུག་པའམ་བཅིང་བ་ཅི་ལྟར་བགྱི། བཀའ་སྩལ་པ། གནོད་སྤྱིན་ཕོ་མོའི་གཟུགས་བཅས་ལ། །ཕྱག་ན་རྡོ་རྗེ་ཁྲོ་བག་ཆེ། །གཏུམ་ཞིང་འཇིགས་པའི་གཟུགས་སུ་བསམ། །སྦྲུལ་ནག་རབ་ཏུ་ཁྲོ་བ་ནི། །འཇིགས་པའི་སྐུར་ཡང་རབ་ཏུ་སྣང་། །བདག་གི་དཔྲལ་བའི་དབྱིངས་ཉིད་དུ། །ཡི་གེ་ཧཱུཾ༷་གི་ཚོགས་འདུས་ནས། །ཕྱག་ན་རྡོ་རྗེ་མང་པོ་འཕྲོས། །ནམ་མཁའི་ཁམས་ཀུན་བཀང་ནས་ཀྱང་། །གནོད་སྦྱིན་ཕོ་མོའི་ལག་ནས་འཛིན། །སྙིང་ནས་འདྲེན་ཅིང་རྒྱབ་ནས་འཕུལ། །ཁྲོས་པའི་གཟུགས་ཅན་མང་པོས་ཀྱང་། །གནོད་སྦྱིན་ཕོ་མོ་འགུགས་པར་བྱེད། །བདག་གི་ལུས་ཀྱང་ནམ་མཁའ་ཁེབས། །དེ་ལྟར་བྱས་ཤིང་བསམས་གྱུར་ན། །སངས་རྒྱས་མཐུ་ཡང་མྱུར་དུ་ཐུབ། །སངས་རྒྱས་རྣམ་པར་སྣང་མཛད་ཀྱང་། །ཁྲག་ཏུ་སྒྱུག་ཅིང་མཐུ་སྟོབས་སྟེར། །གནོད་སྦྱིན་རྣམས་ལྟ་སྨོས་ཅི་དགོས། །བདག་ཉིད་ཁྲོས་ཤིང་༣བྲུགས་པ་ཡིས། །གསང་སྔགས་འདི་དག་བཟླ་བར་བྱ། །ཡཀྟ་ཛུ་ལ་ས་མ་ཡ་ན་མ༷༷ས་མརྙ་བུཨཱོཾ་ནཱ༷། བཛྲ་ཀི་ལི་ཀི་ལ་ཡ། ཨོ་སྙ་བྷ། ལྷུ་ཏ་ཡ་ལྷུ་ཏ་ཡ། སརྦ་དུ་་ཕཊ། ན་མ༷༷ས་མརྙ་བུཨཱོཾ་ནཱ༷། དེ་སྐད་ཅེས་ནི་བརྗོད་གྱུར་ན། །གནོད་སྤྱིན་སྲོག་ལྟ་སྨོས་ཅི་དགོས། །ཐོ་བ་རྡོ་རྗེ་ལག་ན་ཐོགས། །བཤང་གཅི་ཟས་སུ་བཟའ་བ་དང་། །སྐུ་གསུམ་རྡོ་རྗེ་སྟེར་བའི་མཆོག །སངས་རྒྱས་དྲག་པོ་མཐུ་ཆེན་ཆེ། །སངས་རྒྱས་ཀུན་ཀྱང་གནོན་པར་བྱེད། །དེས་ནི་གསོད་པའི་ལས་མཆོག་ཡིན། །སངས་རྒྱས་ཀུན་ཀྱང་འགུགས་གྱུར་ན། །གནོད་སྤྱིན་ཕོ་མོ་སྨོས་ཅི་དགོས། །ཆོ་ག་འདི་ཡི་སྦྱོར་བ་ཡིས། །དངོས་གྲུབ་མཆོག་གསུམ་ཐོབ་པར་འགྱུར། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། གནོད་སྤྱིན་ཕོ་མོ་དགུག་པའི་ཆོ་གའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ལྷ་མ་ཡིན་དང་ནམ་མཁའ་ལྡིང་། །ལྟོ་འཕྱེ་དྲི་ཟ་གྲུལ་བུམ་ཚོགས། །འདི་དག་ཞི་བར་བྱ་བའི་དོན། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །སྟོབས་ཆེན་ཁྲོ་བོ་ཆེན་པོའི་གཟུགས། །འདི་དག་རབ་ཏུ་དགུག་པའི་ཕྱིར། །བདག་ནི་རྟ་མགྲིན་རྒྱལ་པོར་བསྒོམ། །དེ་ཡི་ཐུགས་ཀྱི་དཀྱིལ་འཁོར་དུ། །སྙི༷༷ཡི་ཚོགས་ནི་མང་པོ་འཕྲོས། །དབང་མཆོག་རྟ་ཡི་རྒྱལ་པོའི་ཚོགས། །ཕྱོགས་བཅུ་དག་ཏུ་འཕྲོས་ནས་ཀྱང་། །ལྷ་མ་ཡིན་ལ་སོགས་པའི་ཚོགས། །མ་ལུས་པར་ནི་དགུག་པར་བྱ། །དབང་དུ་སྡུད་ཅིང་ཐལ་བར་བརླག །སྦྲུལ་ནག་འཇིགས་པའི་ཞགས་པ་ཐོགས། །ཁྲོ་བོ་འཁྲུགས་ཤིང་ནག་པོར་འབར། །མཆེ་བ་གཙིགས་ཤིང་རབ་ཏུ་རྔམ། །རྡོ་རྗེ་སེམས་དཔའ་དབང་དུ་འགྱུར། །ལྷ་མ་ཡིན་སོགས་སྨོས་ཅི་དགོས། །རྡོ་རུས་སོལ་བའམ་སའང་རུང་། །ཏ་ལའི་ཤུན་པའམ་མྱ༷་ས་ལ། །ལྷ་མ་ཡིན་སོགས་གཟུགས་བྲིས་ཏེ། །འདི་ཡི་སྔགས་ནི་བརྗོད་བྱས་ཏེ། ཨསྣྲ་ཛ་ཛ། ཀྲོ་དྷ་ཛ་ལ། ཀི་ལ་ཡ། བཱ་ར་ཡ་ནན་ཕཊ། ཨོ་ཚིནྟྲ་ཚིརྙ་ཕཊ། དིསྟ་ཙཀྲ་རུ་ལུ་རུ་ལུ་ཧཱུཾ༷་ཕཊ། བདག་ཉིད་ཁྲོ་བོ་འཇིགས་པའི་གཟུགས། །ཞིང་ལྤགས་གཡང་གཞི་ཀོ་རློན་གོན། །ཐོད་པའི་ཕྲེང་བ་སེ་རལ་ཁ། །གཡས་ན་རྡོ་རྗེ་རྩེ་ལྔ་འཕྱར། །གཡོན་ན་ལྕགས་ཀྱི་ཕུར་བུ་བརྡེག །སངས་རྒྱས་རྡོ་རྗེ་སེམས་དཔའ་འཆི། །ལྷ་མ་ཡིན་སོགས་རྡུལ་དུ་རློག །དེ་ལྟར་བྱས་ཤིང་བསྒྲུབས་གྱུར་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། བཅོམ་ལྡན་ཟླ་གསང་ཆེན་པོ་ལས། ལྷ་མ་ཡིན་དགུག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀླུ་མ་རུངས་པ་འདི་དག་ཐམས་ཅད་ཇི་ལྟར་དགུག་པར་བགྱི། །དགུག་པའི་ཐབས་ནི་ཇི་ལྟར་དགུག །བསད་པའི་ལས་ནི་ཇི་ལྟར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ཉིད་དབང་གི་ལྷར་གྱུར་ནས། །དེ་ཡི་ཐུགས་ཀྱི་དཀྱིལ་འཁོར་དུ། །ཡི་གེ་ཧཱུཾ༷་གི་ཚོགས་བསྐྱེད་ནས། །དེ་ནས་སྣ་ཡི་དབུགས་སུ་དྲི། །ཕྱོགས་བཅུར་འཕྲོས་པས་རྒྱལ་བའི་ཐུགས། །སླར་བསྡུས་གཉིས་སུ་མེད་པར་སྦྱར། །དེནས་ཕྱག་ན་རྡོ་རྗེ་ཉིད། །ཁྲོས་ཤིང་འཁྲུགས་ནས་རྔམ་པའི་ཚུལ། །ཀླུ་རྣམས་རབ་ཏུ་འགུགས་པར་བསམ། །ཁྲོ་བོའི་གཟུགས་བརྙན་ཀུན་འདུས་ནས། །སངས་རྒྱས་ཀུན་ཡང་འགུགས་འགྱུར་ན། །ཀླུ་རྣམས་ལ་ནི་གདོན་མི་ཟ། །དེ་ཡི་སྔགས་ནི་བརྗོད་བྱ་བ། །ཨོ་ནཱ་ག་ཛ།ནཱ་ག་ས་མ་ཡ་ཛ། ན་ནི་ན་ཛ། ས་མ་ཡ་ཛ། ཁྲག་དང་ཀེ་ཚེ་ལན་ཚྭར་སྦྱར། །བ་ཡི་ལྕི་བ་སོལ་ཕྱེད་དང་། །སྐེ་ཚེ་རུས་པའི་ཕྱེ་མ་དང་། །མར་དང་སྦྱར་ལ་གཟུགས་སུ་བྱ། །མ་རུངས་ཀླུ་རྣམས་སྙིང་ག་སྲ །ལྕགས་ཀྱི་ཕུར་པ་སོར་བརྒྱད་པས། །མ་རུངས་པ་ཡི་སྙིང་གར་གདབ། །བདག་ཉིད་ཁྲོས་ཤིང་འཁྲུགས་པ་ཡི། །ཕྱག་ན་རྡོ་རྗེའི་གཟུགས་སུ་བྱ། །དེ་ཡི་སྤྲུལ་པའི་འཁོར་ཚོགས་ནི། །བྱ་ཁྱུང་རླབས་ཆེན་མང་པོ་དང་། །འདབ་ཆགས་རྒྱུ་ཞིང་མགོ་བརྙན་སྤྲུལ། །དེ་ལྟར་བཀུག་ཅིང་དབང་བསྡུས་ན། །ཕྱོགས་བ་་སངས་རྒྱས་རྣམས་ཀྱང་ཁུག །ཀླུ་རྣམས་ལ་ནི་གདོན་མི་ཟ། །ཕྱག་ན་རྡོ་རྗེ་ཞལ་གསུམ་པ། །ཞབས་དྲུག་ཀླུ་རྣམས་ཐམས་ཅད་བརྫིས། །གཡས་ཀྱི་གསུམ་ན་བསྣམས་པ་ནི། །ཁ་༷་རྩེ་གསུམ་འབར་བས་རྒོལ། །རྡོརྗེཆེནཔོསའཐགཅིང་བརྡུང་། །འཁོར་ལོ་འབར་བསདུམབུརགཅོད། །གཡོན་གྱི་ཕྱག་ན་བསྣམས་པ་ནི། །རཀྟ་བྷན་དམར་དང་པོར་གཏོར། །བར་མ་ལྕགས་ཀྱུ་དཀར་དམར་འདྲེན། །ཐ་མ་ཞགས་པས་འཆིང་ཞིང་བསྡོམ། །མཆོག་གི་སྦྱོང་བ་འདི་བྱས་ན། །སངས་རྒྱས་ཉིད་དང་འདྲ་བ་ཡིན། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། ཀླུའི་མཆོག་གི་སྦྱོར་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། མུ་སྟེགས་ལོག་ལྟའི་ལྟ་བ་ལ། །ཞེན་ཅིང་འཆེལ་བའི་གང་ཟག་དང་། །དམ་ཉམས་བཀའ་ལ་སྨོད་པ་དང་། །ལོག་ལྟ་དུག་ཆེན་སྐྱོན་ཆེན་དང་། །ལོག་པར་བྱེད་པའི་མུ་སྟེགས་དང་། །རྒྱལ་བའི་བཀའ་ལ་སྨོད་འགྱུར་རྣམས། །ཇི་ལྟར་མནན་ཞིང་བརླག་པར་བགྱི། །དེ་སྐད་ཅེས་ནི་གསོལ་པ་དང། །ཉོན་ཅིག་ཕྲ་མོའི་སེམས་དཔའ་རྣམས། །མུ་སྟེགས་ལོག་ལྟའི་ལྷ་རྣམས་དང་། །གང་ཟག་སྐྱོན་ཅན་ལྟ་རྣམས་ལ། ཆོ་ག་གོང་མ་བཞི་སྦྱར་ན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་། །སྐམས་སམ་ཡང་ན་འཆི་བར་འགྱུར། །གལ་ཏེ་ཤི་བར་མ་གྱུར་ན། །སྤོགས་པའི་ཆོ་ག་འདི་དག་བརྩམས། དཀྱིལ་འཁོར་ས་ཕྱོགས་ལེགས་པ་མྲ །བྱིན་གྱིས་བརླབས་ཤིང་ཐིག་གདབ་བོ། །འཁོར་ལོ་རྩིབས་བརྒྱད་འབར་བའི་ཐིག །འབར་བའི་བར་ཁྱམས་གསུམ་དུ་བྱ། །སྒོ་ཁྱམས་འབར་བ་ཆེན་པོར་བྱ། །དེ་དབུས་གྲུ་གསུམ་འབར་བ་ལ། །རྡོརྗེགཤོནནུའཁོརབཅས་ནི། །ཡབ་ཡུམ་གཉིས་སུ་མེདཔརསྟོན། ཁྲར་དུ་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དགོད། །ལྷོ་རུ་ང་རྒྱལ་རྡོ་རྗེ་ཡབ་ཡུམ་དགོད། །ནུབ་ཏུ་འདོད་ཆགས་རྡོ་རྗེ་ཡབ་ཡུམ་དགོད། །བྱང་དུ་ཕྲག་དོག་རྡོ་རྗེ་ཡབ་ཡུམ་དགོད། །རྩིབས་མཆན་བཞི་ནི་ཡུལ་དུ་དགོད། །འབར་བའི་བར་ཁྱམས་དང་པོ་ལ། །ཁྲོ་རྒྱལ་ཡབ་ཡུམ་ཉི་ཤུ་དགོད། །ཟ་གསོད་ཡབ་ཡུམ་ཉི་ཤུ་ཡང་། །འབར་བའི་བར་ཁྱམས་དང་པོ་ལ། །རིམ་བཞིན་དགོད་ཅིང་ངེས་པར་བཞག །འབར་བའི་བར་ཁྱམས་གཉིས་པ་ལ། །དབང་ཕྱུག་ཆེན་མོ་བརྒྱད་རྣམས་དགོད། །འབར་བའི་བར་ཁྱམས་གསུམ་པ་ལ། །ཕྲ་མེན་བརྒྱད་དང་སྤྲུལ་པའི་ཚོགས། །མ་ལུས་པར་ནི་དགོད་པར་བྱ། །ཕྱི་ཁྱམས་ལྕགས་རི་ནག་པོ་ལ། །དབང་ཕྱུག་ཉི་ཤུ་བརྒྱད་རྣམས་དགོད། །སྒོ་བཞིར་ཁྲོ་ཆེན་བཞི་རྣམས་དང་། །སྒོ་མ་བཞི་རྣམས་བཅས་ཏེ་དགོད། །ཐོད་པ་སྐམ་རློན་ཕྲེང་བས་བསྒོར། །དཀྱིལ་འཁོར་ཆེན་པོ་འདི་ཉིད་ལ། །མཆོད་ཅིང་དམ་ཚིག་རྗེས་སུ་བསྐུལ། །བདག་ཉིད་དམ་ཚིག་རྗེས་དགོངས་ན། །ལས་ཀྱི་ལྷ་སྟེ་ཧེ་རུ་ཀ །འཇིགས་པ་དག་ཀྱང་འཇིགས་འཇིགས་འདྲ། །འཁོར་བའི་གཟུགས་ཅན་མང་པོ་འབྱུང་། །ཐམས་ཅད་རྒྱུག་ཅིང་དབང་དུ་སྡུད། །ཝ་གཅིག་ཁྲོས་པ་ཐམས་ཅད་ཀྱིས། །སངས་རྒྱས་ཀུན་ཀྱང་འགུགས་པར་བྱེད། །མུ་སྟེགས་ལོག་ལྟ་ཅན་རྣམས་དང་། །མ་ལུས་པར་ནི་གསད་པར་བྱ། །ཆོ་ག་འདི་ཡི་སྦྱོར་བ་ཡིས། །སངས་རྒྱས་ཁྲག་ཏུ་སྐྱུགས་ཤིང་༄༅། ༷།འཆི། །དེ་ཡི་སྔགས་ཀྱི་སྦྱོར་བ་ནི། །གས༷ང་སྔགས་འདི་དགབརྗོད་པར་བྱ། །ཨཱོཾ༷་ན་མ༷༷ས་མརྙ་བུརྙ་ནཱན། ཨཱོཾ༷་ཀི་ལི་ནི་གྲྭ་ཧྭ། ལྕགས་སམ་སེང་ལྡེང་ཕུར་པ་ལ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །ཨཱོཾ་ཀྭ་ཡ་བཛྲ། ཨུ་ལྷ་ཀ་བཛྲ། ཧཱུཾ༷་ཙིསྟ་བཛྲ། ཨཱོཾ་ན་མ༷༷ས་མརྙ་བུཨཱོཾ་ནཱ༷། སྒྱུ་ཏ་ཡ། སྒྱུ་ཏ་ཡ། སརྦ་དུ་་ཕཊ། ཀི་ལ་ཡ། ཀི་ལ་ཡ་སརྦ་བཱ་པ༷་ཕཊ། ཧཱུཾ༷་ཧཱུཾ༷་བཛྲ་ཀི་ལ་ཡ། བཛྲ་དྷ་ར་ཨུ་ཙྭ་པ་ཡ་ཏི། ཀྭ་ཡ་ལྷུ་ཀ་ཙིསྟ་བཛྲ་ཀི་ལ་ཡ་ཧཱུཾ༷་ཕཊ། བརྒྱ་རྩ་བརྒྱད་ནི་བཟླས་གྱུར་ན། །སངས་རྒྱས་སྐུ་ཡང་འཇིག་པར་འགྱུར། །གདུག་པ་ཅན་རྣམས་སྨོས་ཅི་དགོས། །ཆོ་ག་འདི་ཡི་སྦྱོར་བ་ཡིས། །སངས་རྒྱས་ཀུན་གྱི་དངོས་གྲུབ་བརྙེས། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། ཆོ་ག་སྦྱོར་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སྲིན་པོ་མ་རུངས་པ་འདི་དག་ཐམས་ཅད་ནི་ཇི་ལྷར་ཞི་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྲོ་བདག་གཏུམ་ཞིང་འཇིགས་པའི་ཚུལ། །སྲིན་པོ་མ་རུངས་ཟླུ་བླངས་ཤིང་། །སྲིན་པོ་རྣམས་ནི་དགུག་པར་བྱ། །སྔགས་ཀྱི་བརྗོད་ཅིང་ཚིག་གིས་བསྐུལ། །གསང་སྔགས་འདི་དག་བརྗོད་པར་བྱ། །རཀྟ་ས་མ་ཡ་ཛ། ཕུ་ལུ་ན་ལ་ཛ། ཀྟ༷་བ་རི་ཛ། རཀྟ་ཤམ་བ་ཛ་ཛ། བདག་ཉིད་ཁྲོས་ཤིང་ལིདྨའིཚུལ། །རྔམ་པའི་ཚུལ་གྱིས་དགུག་པར་བྱ། །བདག་ཉིད་ཁྲོས་ཤིང་འཇིགས་པའི་གཟུགས། །གྱད་ཀྱི་དོར་བའི་ཚུལ་དུ་བྱ། །དེས་ནི་བདག་ཉིད་ཆེན་པོའང་ཁུག །སྲིན་མོ་རྣམས་ནི་སྨོས་ཅི་དགོས། །ཁྲག་དང་རུས་པ་ལས་བྱས་པའི། །ལིདྷ་སྐུ་གནག་ཉིད་དུ་བྱ། །སྲིན་པོ་ཕོ་མོ་དེ་ལ་དགུག །བདག་ཉིད་ཁྲོས་པའི་གཟུགས་སུ་བྱ། །ལྕགས་ཀྱི་སྟུ་རེ་ལག་ཏུ་ཐོགས། །རྐང་པ་གཡོན་པས་ལིདྨ་མནན། །སྟུ་རེས་མིད་པ་གཅད་པར་བྱ། །སྙིང་ལ་ཟོས་པར་བསམས་གྱུར་ན། །སངས་རྒྱས་རྣམ་པར་སྣང་མཛད་ཀྱང་། །ཁྲག་ཏུ་སྒྱུག་ནས་འཆི་བར་འགྱུར། །སྲིན་པོ་རྣམས་ལ་གདོན་མི་ཟ། །མཆོག་གི་སྦྱོར་བ་དེ་བྱས་ན། །སངས་རྒྱས་ཀུན་གྱི་དངོས་གྲུབ་ཐོབ། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། །སྲིན་པོ་གདུལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། །ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱོལ་སོང་རིགས་ཅན་རྣམས་རབ་ཏུ་བརླག་པར་བགྱི་འཚལ་ན། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྟ་དང་སེང་གེ་ཁྱུ་མཆོག་དང་། །སྟག་དང་སེང་གེ་གཟིག་ཆེན་དང་། །དྲེད་དང་དོམ་དང་དྲེད་མོ་དང་། །གུང་དང་བྱི་ལ་སྲེ་མོ་དང་། །སྤྱང་ཀི་གཡི་དང་འཕར་བ་དང་། །སྡེར་ཆགས་ཆུ་འབྱིན་ཕག་རྒོད་དང་། །བསེ་དང་ཁ་སྒོ་སྲིན་བུ་དང་། །ཉ་མིད་རུས་སྦལ་ཆུ་སྲིན་དང་། །ཅེ་སྤྱང་སྡེར་ཆགས་མང་པོ་དང་། །བ་ལང་གླང་ཆེན་བ་མེན་དང་། ཁྲ་བ་ཤན་པར་སྤྲེའུ་ཆེན་དང་། །ལུག་དང་ར་དང་བོང་བུ་དང་། །རྔ་མོ་དུང་དང་མིག་ཆེན་དང་། །སྤྲུལ་དང་བྱི་ཤུ་པགས་ཤུ་དང་། །ཁ་དང་ཆུ་ལི་རུ་མིག་དང་། །རྐང་མང་རྐང་མེད་ལྟོ་འཔྱེད་དང་། །ཁྱུང་དང་བྱ་རོག་འུག་པ་དང་། །ངང་པ་ཁྲུང་ཁྲུང་བྱ་གག་དང་། །རྨ་བྱ་རི་སྐེགས་ངུར་པ་དང་། །ནེ་ཚོ་ཁུ་བྱུག་ཤང་ཤང་ཏེལྭ །སྒྲ་འབྱིན་ཀུ་ཁུག་ཤིང་སྟག་དང་། །ཀན་ཏི་སྒྲ་འབྱིན་དང་། །རྩ་ནི་རྩ་རྨ་རོ་འབེ་དང་། །འདི་དག་མ་ལུས་ཐམས་ཅད་ཀྱི། །མིང་དང་གཟུགས་བརྙན་བྲི་བར༷་བྱ། །བཅོམ་ལྡན༷་འདས་ཀྱིས་བཀའ་སྩལ་པ༷ ། །བཤང་དང་གཅི་དང་སོལ་བ་ལ། །གང་དགུག་པ་ཡི་གཟུགས་བྱས་ནས། །བདག་ཉིད་ཁྲོ་བོའི་ཚུལ་དུ་བྱ། །དེ་ནས་སྔགས་ནི་འདི་དག་བརྗོད། །ཧྲི་ ས་མ་ཡ་ཛ། །ཨཱོཾ་སྤྱི་ཏི་༷སྤྱི་ཏི། །ཨཱོཾ་ནཱ་མ༷༷་མརྙ་བྲཨཱོཾ་ནཱ༷། །ཨཱོཾ་ཀྟ་ཀྟ། ཀྟ་ཏ་ཡ་སྙ་ཏ་ཡ། །སརྦ་དུ་་ཕཊ། །ཀི་ལ་ཡ་ཀི་ལ་ཡ། །སརྦ་བཱ་པ༷་ཕཊ། །ཧཱུཾ༷་ཧཱུཾ༷་བཛྲ་ཀི་ལ་ཡ། །བཛྲ་དྷ་ར་ཨུ་ཙྭ་པ་ཡ་ཏི། །ཀྭ་ཡ་ལྷུ་ཀ་ཙིརྟི། །བཛྲ་ཀི་ལ་ཡ་ཧཱུཾ༷་ཕཊ། །ཨཱོཾ་བཛྲ་བཛྲ། །བདག་ཉིད་ཁྲོས་པའི་ཚུལ་ཆེན་ལས། །མི་རུས་སེང་ལྡེང་ལྕགས་ལས་བྱས། །སོར་བརྒྱད་པ ཡི ཚད ཆེན ལས། །གཤིན རྗེ གཤེདཔོརབདག་བསྒོམ་སྟེ། །ཕུར་བུ་འདྲིལ་ཞིང་བཏབ་བསམས ན། །གཤིན རྗེའིགཤེད ཀྱིརྒྱཆེན་ཡིན། །ཞག་ནི་གསུམ་ནི་ཚུན་ཆད་ཀྱིས། །བརྒྱལ་ཞིང་ཁྲག་ཏུ་སྐྱུག་ནས་ཀྱང་། །འཆི་བར་འགྱུར་བ་གདོན་མི་ཟ། །དངོས་གྲུབ་འབྱོར་པ་འདི་བྱས་ན། །ཀུན་ཏུ་བཟང་པོའི་དངོས་གྲུབ་ལེན། །བདག་ཉིད་གཤིན་རྗེ་ལྟར་བྱས་ལ། །སྡང་མིག་ཁྲོ་ཞིང་འཇིགས་པར་བལྟ། །ཕ་རོལ་དམག་ཚོགས་གཤོམ་འདོད་ན། །བདག་ཉིད་ཕྱག་ན་རྡོ་རྗེར་བསྒོམ། །བདག་ཉིད་སྙིང་གི་དཀྱིལ་འཁོར་ནས། །ཡི་གེ་ཧཱུཾ༷་ཆེན་མཐིང་ནག་འཕྲོས། །ཕྱག་ན་རྡོ་རྗེ་གྲངས་མེད་པས། །ཕ་རོལ་དམག་ཚོགས་འཇོམས་པར་བསམས། །གསང་སྔགས་འདི་དག་བརྗོད་པར་བྱ། །ཨོ་བཛྲ་རྭ་ཛ་ཧཱུཾ༷་བཛྲ་ཀི་ལ་ཡ་བཱ་ར་ཡ་ཕཊ། །ཆོ་ག་འདི་ཡི་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འཐོབ། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། །བྱོལ་སོང་གི་དམག་དཔུང་གཞོམ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། །ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཡི་དྭགས་ཀྱི་སྡུག་བསྔལ་ནི་ཇི་ལྟར་ཞི་བར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདག་ཉིད་གཤིན་རྗེའི་ཚུལ་དུ་བྱ། །དབང་དུ་བསྡུ་ཞིང་དགུག་པར་བྱ། །ཁྲག་གི་ཞིང་ཆེན་ལས་བྱས་པའི། །སྐྱེམ་ཞིང་རིད་པའི་གཟུགས་བྲིས་ལ། །ཡི་དྭགས་རྣམ་པར་དགུག་པར་བྱ། །ས་བཱ་ཛ་ཛ། །ཨོ་སརྦ་དུ་་ཕཊ། །ཡཀྟ་ཀྲོདྷ་དུ་་ཕཊ། །འཇིགས་ཤིང་བགྲད་པའི་གཟུགས་སུ་བསམ། །དེས་ནི་རྡོ་རྗེ་སེམས་དཔའ་འང་ཁུག །ཡི་དྭགས་སྡུག་བསྔལ་རྣམ་པ་རྣམས། །མ་ལུས་པར་ནི་ཁུགས་པར་འགྱུར། །དེ་ནས་གཟུགས་ལ་ཕབ་ནས་ཀྱང་། །ལྕགས་ཀྱི་ཕུར་བུ་སོར་བརྒྱད་པ། །སྙིང་གི་དཀྱིལ་དུ་བརྒྱབ་ནས་ཀྱང་། །རྨད་དུ་བྱུང་བའི་གཏོརམབཅས། །རྒྱལ་བའི་ཚོགས་སུ་དབུལ་བར་བྱ། །དེ་ལྟར་སྦྱོར་བ་ཆེར་བྱས་ན། །དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར། །བཅོམ་ལྡན་ཟླ་གསང་ཆེན་པོ་ལས། ཡི་དྭགས་གདུལ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། །ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཚ་གྲང་སྡུག་བསྔལ་མི་བཟད་པ། །འདི་ཡི་སྦྱོར་བ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདག་ཉིད་གཤིན་རྗེ་ཁྲོས་པའི་ཚུལ། །ཁྲོ་བོ་གཤིན་རྗེ་གཤེད་པོར་བསྒོམ། །གྲོང་ཞིང་ཚ་ཞིང་འདར་བའི་གཟུགས། །གྲོ་གའམ་ཤིང་ཤུན་རས་ལ་བྲི། །གཤིན་རྗེ་གཤེད་པོའི་ཐུགས་ཀ་ནས། །ཡི་གེ་ཛ་ཞེས་བྱུང་ནས་ཀྱང་། །དེ་ལ་ལྕགས་ཀྱུ་དཀར་པོ་འཕྲོས། །ལྕགས་ཀྱུ་དེ་དག་ཐམས་ཅད་ལ། །དབང་གི་ལྷ་མོ་བསམ་མི་ཁྱབ། །རང་རྟགས་འབར་བའི་ཕྱག་མཚན་བསྣམས། །ཐུགས་རྗེའི་ལྕགས་ཀྱུ་དེ་དག་གིས། །དམྱལ་བའི་གནས་ནས་བཀུག་ནས་ཀྱང་། །ལིསྐོ་ལ་ནི་ཕོབ་ནས་ཀྱང་། །རྡོ་རྗེའི་གླུ་ནི་བླངས་བྱས་ཏེ། །ཡེ་ཤེས་ལྷ་མོ་ཐུགས་རྗེའི་བདག །བདེབརགཤེགསཔའིཕོ་ཉ་མོས། །ཚ་གྲང་སྡུག་བསྔལ་གནས་ནས་བཀུག །ཚ་གྲང་སྡུག་བསྔལ་ཞི་བར་མཛོད། །དེ་ནས་བདག་ཉིད་ཞི་བའི་སྐུ། །ཆ་ལུགས་འཛུམ་པར་བྱས་ནས་ནི། །དངུལ་གྱི་ཕུར་པ་ཆེན་པོ་ཞིག །དེ་ཡི་སྙིང་གི་དཀྱིལ་དུ་གདབ། །ཨཱོཾ༷་ན་མ༷༷ས་མརྙ་་རྙ་ནཱ༷། །བཛྲ་ཀི་ལ་ཡ། །ཨཱོཾ་ཀྟ་བྷ། ལྷུ་ཏ་ཡ། །ལྷུ་ཏ་ཡ། །སརྦ་དུ་་ཕཊ། །ཀི་ལ་ཡ། །ཀི་ལ་ཡ། སབོ་བཱ་པ༷་ཕཊ། །ཧཱུཾ༷་བཛྲ་ཀི་ལ་ཡ་བཛྲ་དྷ་ར་ཨུཙྭ་པ་ཡ་ཏི། །ཀྭ་ཡ་ལྷུ་ཀ་ཙིསྟ་བཛྲ་ཀི་ལ་ཡ་ཧཱུཾ༷་ཕཊ། །མཆོག་གི་སྦྱོར་བ་དེ་བྱས་ན། །སངས་རྒྱས་བྱང་ཆུབ་སེམས་དཔའ་འང་ཁུགས། །ཚ་གྲང་སྡུག་བསྔལ་སྨོས་ཅི་དགོས། །དེ་ཡི་སྦྱོར་བ་བྱས་གྱུར་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །བཅོམ་ལྡན་ཟླ་གསང་ཆེན་པོ་ལས། ཚ་གྲང་གི་སྡུག་བསྔལ་ཞི་བར་བྱ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བགེགས་ཆེན་བཞི་པོ་འདི་དག་དང་། །དྲེགས་པ་མཐུ་ཆེན་མ་རུངས་པ། །འདི་དག་རབ་ཏུ་ཇི་ལྟར་གཞིག །རྡོ་རྗེ་སློབ་དཔོན་སྨོད་བྱེད་དང་། །ཐེག་པ་མཆོག་ལས་ལོག་པ་ཡི། །མ་རུངས་སྒྲོ་སྐུར་འདེབས་པ་རྣམས། །འདི་དག་བརླག་པ་ཇི་ལྟར་བགྱི། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནེའུ་ནི་ཝ་དང་རྣམ་པར་འཇིགས། །སོ་གཅིག་ལ་སོགས་རྣམ་པ་བཞི། །རྣམ་པ་སྤྲིན་གྱི་སྒྲོན་མ་དོང་། །རྡོ་རྗེའི་མཆུ་དང་བི་ན་ཀ །བཅོམ་ལྡན་འདས་ཀྱིས་གདོན་གྱི་རིམ། །གྲོག་གའམ་རས་སམ་ཤིང་ཤུན་ལ། །གཟུགས་སམ་མིང་རུས་བྲིས་ནས་ནི། །འཁོར་བ་ཅན་གྱི་གཞལ་ཡས་སུ། །ཁྲུ་གང་གྲུ་བཞིའི་ཚད་དེ་ལ། །དྲི་ཞིམ་ཙསྡོན་ལྡེ་གུས་བསྐུ། །ལྷ་རྣམས་རིམ་པར་དགོད་པར་བྱ། །ཡབ་ཡུམ་བཅུ་པོ་ཚུལ་བཞིན་གནས། །གནས་དང་ཡུལ་གྱི་ཕྱག་རྒྱ་རྣམས། །སོ་སོའི་གནས་སུ་དགོད་པར་བྱ། །སྒོ་བ་བཞི་ཡང་ཚུལ་བཞིན་དགོད། །བདག་ཉིད་བདུད་རྩི་འཁྱིལ་པར་བསྒོམ། །བགེགས་ཆེ༷ན་འདི་དག་དགུག་པའི་ཕྱིར། །བདག་ཉིད་ཁྲོས་ཤིང་རྔམ་པའི་ཚུལ། །ཁྲོས་པའི་ཚུལ་གྱིས་བཀུག་གྱུར་ན། །བགེགས་རྣམས་འདི་དག་སྨོས་ཅི་དགོས། །དེ་ཡི་གསང་སྔགས་བརྗོད་པར་བྱ། །མྱ་ར་ཡ་ས་མྱ་ཛ། ཨཱོཾ་བཛྲ་ཨ༷་ཀུ་ཤ་ཛ། ཤི་ཧེ་རུ་ཀ་ཛ༷༷ཧཱུཾ༷་བ༷་ཧོ༷། བདག་ཉིད་ཁྲོས་ཤིང་བསྐུལ་གྱུར་ན། །རྡོ་རྗེ་སེམས་དཔའང་ཁྲག་ཏུ་སྒྱུག།བགེགས་ཆེན་རྣམས་ནི་སྨོས་ཅི་དགོས། །སྦྱོར་བ་ཆེན་པོ་དེ་བྱས་ན། །རྡོ་རྗེ་སེམས་དཔའི་དངོས་གྲུབ་ཐོབ། །བཅོམ་ལྡན་ཟླ་གསང་ཆེན་པོ་ལས། གེགས་ཞི་བར་བྱ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་རིགས་བྲམ་ཟེ་རྗེའུ་རིགས་དང་། །དམངས་རིགས་གདོལ་པ་ཅན་གྱི་རིགས། །མུ་སྟེགསརལཔགཅེརབུདང། །ཀབྱ་བུ་དང་ནོག་ཅན་དང་། །བུ་མོ་མིག་རེངས་མ་ལུས་དང་། །ལྷ་མོ་ཀླུ་མོ་རིགས་ངན་སོགས། །བཤན་པ་གསོད་པའི་རིགས་ཅན་དང་། །མ་རུངས་གནོད་པའི་རིག་ས་ཅན་གང་། །འདི་དག་གསོད་པའི་སྦྱོར་བ་བྱ། །ཚད་མེད་སྙིང་རྗེ་བསྐྱེད་ནས་ཀྱང་། །བྱང་ཆུབ་སེམས་ནི་གཟུང་བར་བྱ། །དེ་ཡི་སྦྱོར་བ་ཆེན་པོ་ནི། །བདག་ཉིད་ཁྲོས་ཤིང་འཇིགས་པའི་གཟུགས། །བ་གླང་ཁྱི་ཤ་རྟ་ཤ་དང་། ཁྲ་རྣམས་གཙང་སྨེ་མེད་པར་བཟའ། །སེམས་ཅན་སྲོག་ཀྱང་གཅད་པར་བྱ། །རྣལ་འབྱོར་རིག་པ་འཛིན་པ་དག །འབྱུང་པོ་ཁྲག་གི་དྲི་སྣོམ་ཚུལ། །མ་ཀུན་རྔམ་པའི་ཆ་ལུགས་སུ། །སྲིན་མོ་མི་སྡུག་འཇིགས་པའི་གཟུགས། །ལིསྐོ་སྲིན་མོའི་ཚུལ་ལྟར་བསྒོམ། །སྐྲུལ་ནག་ཙསྡོ་ཆེན་པོར་བསྒོམ། །དེ་ནས་ལས་ཀྱི་སྟེགས་བུ་དག །ལས་ཀྱི་སྐྱེས་བུ་ཆགས་བྱེད་པས། །མེ་རིས་བསྐོར་ཏེ་བྲི་བར་བྱ། །དཀྱིལ་འཁོར་དེ་ཡི་མཎྜལ་ནི། །སུམ་བརྩེགས་བྱ་བའི་དབུས་ཟླ་གམ། །འཁོར་ལོ་རྩིབས་བརྒྱད་མཛེས་པར་བྱ། །དེ་ཡི་མཐའ་མ་ཐོད་པས་བསྐོར། །མེ་དཔུང་འབར་བས་དེ་མཐའ་བསྐོར། །དམར་ཆེན་རྒྱས་པས་དེ་མཐའ་བསྐོར། །བཅོམ་ལྡན་དཔལ་ཆེན་ཟླ་གམ་དབུས། །ཟླ་གམ་བརྒྱད་ལ་གནས་བརྒྱད་དག །མཐིང་ནག་ཡ་ཐ་མེ་རི་འབར། །ད་འོག་ཐོད་པ་ཚར་གསུམ་དང་། །སྒོ་ཁྱམས་དུར་ཁྲོད་རྫས་ཀྱིས་བསྐོར། །རྣམ་བཞིའི་ལས་ཀྱི་དཀྱིལ་འཁོར་བརྩམ། །དཀྱིལ་འཁོར་བསྐལ་པ་འཇིགས་བྱེད་དུ། །ཕྱག་རྒྱ་འབར་བ་ཟ་བྱེད་ཀྱིས། །ཐར་བར་རྩད་ནས་བསྒྲལ་བར་བྱ། །བདག་ཉིད་འཇིགས་པའི་གཟུགས་ཅན་གྱིས། །མ་རུངས་པ་རྣམས་དགུག་པར་བྱ། །ཨོ་དྲི་ཛ། བཛྲ་ཨ༷་ཀུ་ཤ་ཛ། ཁྲེ་ཛ་དྲི་ཛ་སྒྲོ་ཛ། ས་མ་ཡ་དྲི་ཛ། ལིསྐོ་སྨུག་ནག་འཆེར་བ་ལ། །སྤོ་ཞེས་བྱ་བས་དབབ་པར་བྱ། །གོང་མའི་སྔགས་དང་ཚིག་གིས་བསྐུལ། །དེ་ལྟར་བསྐུལ་ཞིང་བསྒྲུབས་གྱུར་ན། །སངས་རྒྱས་རྣམ་པར་སྣང་མཛད་ཀྱང་། །ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས། །སྐམས་སམ་ཡང་ན་འཆི་བར་འགྱུར། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། །མི་མྱུར་དུ་བསྒྲལ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདི་སྐད་གསུངས་སོ། །དཀྱིལ་འཁོར་གྲུ་བཞི་ལྡན་པ་ལ། །དུར་ཁྲོད་གོ་མ་ཡེ་རུ་བྱ། ཁྲུ་བཞིར་མཎྜལ་བཞི་བྱས་ལ། །བཞི་ལས་དེ་བཞིན་ཆག་རེ་བསྲེག །དེ་ལ་མ་ཏྲ༷་གཟུགས་སུ་བྱ། །དབུས་སུ་སྙིང་ག་མན་ཆད་བསྣོལ། །མཎྜལ་ཆེན་པོའི་འོག་ཏུ་གཞུག །འཁོར་ལོ་འབར་བ་བཞི་ཡི་ཐིག །དཔལ་ཆེན་ལྔ་ཡི་ཕྱག་རྒྱ་བཅའ། །འབར་བའི་བར་ཁྱམས་བཞི་དག་ལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དགོད། །སྒོ་བཞི་རྡོ་རྗེ་རྭ་བ་བཞི། །མགོ་བརྙན་ཡན་ལག་སྤྲུལ་པའི་གནས། །དེ་ནས་ཕྱི་ཁྱམསཆེནཔོལ། །རྡོརྗེ་མེརིཕྲེངཆེནབཏང། །སྐམ་དངརརིརློནཔསབསྐོར། །མེ་དཔུང་བསྐལ་པའི་བུ་ཡུག་བྲི། །སྒོ་བཞིར་གྲུ་གུ་རྡུལ་དང་སྦྲུལ་གྱི་ཕྲེང་། །བྷརྙ་དཔལ་ཆེན་ལྡན་པ་ལ། །དཔལཆེནཡིགབྲིསཁ་སྦྱར་ཡུམ། །ཀ་བ་བཅུ་ལ་སོགས་པ་ལ། །བརྒྱད་བྲི་དབུས་སུ་གནོད་པར་བྱ། །ལས་བྱེད་བརྒྱད་དམ་བཅུ་གཉིས་བྲི། །འབྱུང་པོ་གདོལ་པ་ང་རྒྱལ་ཅན། །ཆགས་སྡང་ཏི་མུག་རྒྱུ་ཡིས་བསླད། །འབྱུང་པོ་དུག་གསུམ་བཤིག་པའི་ཕྱིར། །རྣལ་འབྱོར་སྒྲུབ་པ་ཆེན་པོ་བཤད། །རུ་དྲ་ལྔ་ཡི་ཉོན་མོངས་ཅན། །ཡེ་ཤེས་ཆེན་པོ་ལྔས་གཤོམ་ཕྱིར། །ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འཇིགས་པ་ཆེན་པོ་འཇིགས་པ་སྲ །ཁྲོ་བའི་མིག་ཅན་སྤུ་གྲི་ཐོགས། །མ་རིག་མུན་པའི་སྒོ་ཕྱེ་ནས། །རྩ་ཡི་དབུས་ནས་བཟུང་ནས་ཀྱང་། །སྙིང་རྗེ་ཆེན་པོ་མཉམ་པ་ཡིས། །དྲེགས་པ་ཆེན་པོ་གཤོམ་པ་དང་། །འཁོར་བའི་དགྲ་བགེགས་གསད་པའི་ཕྱིར། །ཁྲོ་ཚོགས་རྔམ་པའི་སྤྲིན་འཕྲོས་པས། །རྔམ་པ་གཏུམ་འཐུང་མགྱོགས་པའི་ཚུལ། །སེང་གེ་སྟག་དང་དོམ་དང་དྲེད། །ཕྱག་བརྙན་ཕྱག་ཆེན་ཕབ་ནས་ནི། ཁྲ་དང་རུས་པ་ཁྲག་ལ་དགའ། །མ་ལུས་པར་ནི་གསང་ནས་སུ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བཏིང་། །དུར་ཁྲོད་དབང་ཕྱུག་ང་ཉིད་ཆེ། །ཡེ་ཤེས་སྐུ་སྟེ་སངས་རྒྱས་མཆོག །གནོན་པའི་དམག་ཚོགས་ཐུགས་རྗེ་ཅན། །ཡེ་ཤེས་རྣོན་པོ་མཚོན་ཆ་ཡིས། །དགྲ་བགེགས་མ་ལུས་རྒྱུན་བཅད་ནས། །དཀྱིལ་འཁོར་གྲུ་བཞི་ཐབ་བཞི་བརྩིག །ཞི་རྒྱས་དབང་དང་མངོནསྤྱོདབཞིན། །དབུསསུའཁོར་ལོ་ཐོག་ཏུ་བརྩིག ཁྲར་ལྷོ་ནུབ་བྱང་དཀར་སེར་དམར། །མཐིང་་། །ག་ནག་པོ་ཐལ་མཆོག་སྦྱར། ཁྲར་ཕྱོགས་ཟླུམ་པོ་པདྨ་བཞི། །ལྷོ་ཕྱོགས་ཟླ་གམ་ཟུར་བརྒྱད་རྒྱས། །ནུབ་ཕྱོགས་ཟླ་གམ་གཞུ་དབྱིབས་དབང་། །བྱང་ཕྱོགས་ཟུར་གསུམ་མངོན་སྤྱོད་དྲག །སྙིང་ག་་ར་བའི་ཐབ་ཏུ་བྱ། །རིགས་ཀྱི་ཡབ་ལྔ་བརྩིགས་པར་ལྷ། །མི་ཤེས་འབྲེལ་བ་ལྔ་ཡི་ཧོམ། །ཐུགས་རྗེ་ལྔ་ཡི་ཧོམ་ཁུང་དུ། །ཉོན་མོངས་ལྔ་ཡི་ཡམ་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྤར་ནས། །འབར་བའི་བསྲེག་རྫས་དི་རྣམས་ཀུན། །རྒྱལ་བ་ཀུན་ལ་རབ་འབུལ་ལོ། །རྣམ་དག་ཆོས་དབྱིངས་ཧོམ་ཁུང་དུ། །མཚན་མའི་ཆོས་ཅན་ཡམ་ཤིང་ལ། །ཡེ་ཤེས་ཆོས་ཉིད་དག་པའི་མེས། །བག་ཆགས་མཚན་མ་བསྲེག་སྦྱངས་ཏེ། །བག་གས་ངན་པའི་ཧོམ་ཁུངས་དུ། །སྤྲུལ་པ་ཆགས་པའི་ཡམ་ཤིང་ལ། །བྱང་ཆུབ་བདེ་ཆེན་མེ་སྤར་ཏེ། །འཁོར་བ་འཁོར་བསྲེག་ཡམ་ཤིང་བྱུང་། །ཧེ་རུ་ཞལ་གྱི་ཧོམ་ཁུང་དུ། །དུག་ལྔ་ལྔ་ཡི་ཡམ་ཤིང་ལ། །འཇོམས་པ་་ཡི་མེ་སྤར་ཏེ། །རྣམཔར་རྟོག་རྫས་བསྲེག་བྱས་ཏེ། །སྣང་སྲིད་བྷ་གའི་ཧོམ་ཁུང་དུ། །དབང་ཕྱུག་ཡུམ་བཞིའི་ཡམ་ཤིང་ལ། །རྡོ་རྗེ་སྐུ་མཆོག་མེ་སྤར་ཏེ། །སྲིད་པའི་དངོས་མཚན་བསྲེག་སྦྱངས་ཐིམ། །ཕྲིན་ལས་མ་བཞིའི་རྫས་རྣམས་ནི། །ཞི་བ་ལ་ནི་དཀར་པོའི་ཚུལ། །རྒྱས་པ་ལ་ནི་སེར་པོའི་ཚུལ། །དབང་ལ་དམར་པོ་རབ་ཏུ་ཤིས། །མངོན་སྐྱོད་ལ་ནི་ནག་པོར་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་རྣམས། །སོ་སོའི་ལྷ་རྣམས་སོ་སོར་བསྒོམ། །སྒྲུབ་པའི་སྦྱོར་བ་དེ་བྱས་ན། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཡང་། །ཞག་ནི་བཅུ་གཅིག་ཚུན་ཆད་ཀྱིས། །སྐབས་སམ་ཁྲག་ཏུ་སྐྱུག་ནས་འཆི། །མཆོག་གི་སྦྱོར་བ་འདི་བྱས་པས། །སངས་རྒྱ༷ས་དངོས་གྲུབ་འཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོས། །སྦྱོར་བའི་ཏིང་ངེ་འཛིན་འདི་བཀའ་སྩལ་ཏོ། །ཨ་དང་མ་ཡི་སྦྱོར་བ་ལས། །ཡི་གེ་ཧཱུཾ༷་དུ་རྣམ་པར་གསལ། །ཧཱུཾ༷་ལས་རྡོ་རྗེ་རྩེ་ལྔར་ཨཱོཾ། །དེ་ལས་ཁྲོ་བོ་འཇིགས་པའི་གཟུགས། །ལག་ན་ལྕགས་ཀྱུ་སྟུ་རེ་ཐོགས། །བཀུག་ནས་སྟུ་རེས་བཅད་ནས་ཀྱང་། །ལིསྐོ་ཤ་ཆེན་སྦྱར་ནས་ཀྱང་། །དེ་དག་སྲེག་པའི་རྫས་སུ་བྱ། །དེ་ལྟར་སྦྱོར་བ་བྱས་གྱུར་ན། །ཟླ་བ་ཕྱེ་ནི་ཚུན་ཆད་ཀྱིས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། དཀྱིལ་འཁོར་གསང་བ་སྦྱོར་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཕྱག་ན་རྡོ་རྗེས་ཁྲོ་བོ་བཅུ་མཐར་ཕྱིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །དཀྱིལ་འཁོར་ཆེན་པོ་འདི་ཐོན་ཏོ། །ཀུན་ཏུ་གྲུབ་བཞིར་ལྡན་པ་ལ། །ཆེ་ཆུང་ཚད་མེད་གནས་ཀྱིས་སྦྱར། །མ་ཏྲ༷་གཟུགས་ཆེན་བསྒྱེལ་བ་ནི། །དེ་ཡི་སྙིང་གར་བང་རིམ་གསུམ། །དང་པོ་གྲུ་བཞི་དམར་པོར་བརྩིག །གཉིས་པ་གྲུ་གསུམ་མཐིང་ནག་བྱ། གསུམ་པ་ཟླ་གམ་སྨུག་ནག་བྱ། །མགོ་བོ་ཡན་ལག་དྲུག་དང་ནི །གསངབའིསྒོཆེནགཉིསབརྒྱད་ལ། །ཆག་ཕྱེད་སྟེགས་བུ་གྲུ་བཞི་བརྒྱད། །དེ་ལ་ཡབ་ཡུམ་བརྒྱད་རྣམས་དགོད། ཁུ་བཞི་གྲུ་གསུམ་ཟླ་གམ་ལ། །སྐུ་གསུང་ཐུགས་ཀྱི་མཚན་མ་དགོད། །དེ་ནས་བར་ཁྱམས་བར་མ་ལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དགོད། །དེ་ནས་བར་ཁྱམས་ཕྱི་མ་ལ། །ཆག་ཕྱེད་པ་ཡི་སྟེགས་ལ་བཅུའི། །ཁྲོ་བོའི་མིང་དང་གཟུགས་སུ་བྲི། །དེ་ནས་སྒོ་བ་ཆེན་པོ་བཞི། །དེ་ནས་སྟེགས་བུ་གོང་དང་འདྲ། །ཕྱི་རོལ་ལྕགས་རི་ནག་པོ་ལ། །ཕོར་ཐོགས་བརྒྱད་དང་གཞོང་ཐོགས་བརྒྱད། །ལྷ་བདུད་བཅུ་གཉིས་དགོད་བར་བྱ། ཁྲ་ཟན་མགོ་བརྙན་མང་པོའི་ཚོགས། །རྔམས་པའི་ཚོགས་ཅན་མང་པོའང་སྤྲུལ །ཛ༷༷ཧཱུཾ༷་བ༷་ཧོས་དགྲ་བགེགས་ཁུག །དེ་ནས་ལྷ་ཡི་ཕོ་ཉ་འཁོར་བཅས་མང་པོ་ཁུག །དེ་ནས་ལས་ཀྱི་གནས་སྐབས་འདིར། །དེ་ཡི་སེམས་ཡིད་མང་འཁྲུགས་པས། །ཁ་ཤཱ༷་འབར་བའི་ཕྱག་རྒྱ་བསྣོལ། །མ་ཧྭ་ཤི་ཧེ་རུ་ཀ །ཧ་ཧ་པྲ་པེ་ཤ་ཕཊ། དགྲ་བགེགས་བཱ་ར་ཡ་ཕཊ། དྲི་མ་ར་ན་ར་བེ་ཤ་ཕཊ། ལྕགས་སམ་སེང་ལྡེང་ལས་བྱས་པའི། ཕུར་བུ་ཆེ༷ན་པོ་དེ་ཉིད་ལ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །རིན་ཆེན་ལྔ་དང་སྐུ་གསུམ་དང་། །ཁྲོ་ཚོགས་འབར་བར་བྱིན་བརླབས་པའི། །ཕུར་པ་སྙིང་གར་གདབ་ནས་ཀྱང་། །ཚེ་དང་གཟི་བརྗིད་འཕྲོག་པར་བྱེད། །ཨཱོཾ་བྷ་བྷ། ལྷུ་ཏ་ཡ། ལྷུ་ཏ་ཡ། སརྦ་དུཛིན་ཕཊ། །ཀི་ལ་ཡ་ཀི་ལ་ཡ་སརྦ་བཱ་པ༷་ཕཊ། །ཧཱུཾ༷་ཧཱུཾ༷་བཛྲ་ཀི་ལ་ཡ། །བཛྲ་དྷ་ར་ཨུཙྭ་པ་ཡ་ཏི། །ཀྭ་ཡ་ལྷུ་ཀ་ཙིསྟ། བཛྲ་ཀི་ལ་ཡ་ཧཱུཾ༷། ཨོ་ན་མ༷༷ས་མརྙ་བུརྙ་ནཱན། ཚིརྙ་ཚིརྙ། ཧ་ན་ཧ་ན། དིསྟ་ཙཀྲ་ཧུ༷་ཕཊ། ཁྲོས་ཤིང་འཁྲུག་པའི་ཚུལ་གྱིས་གདབ། །ཕྱག་རྒྱའི་ཚོགས་ཀྱིས་གནན་པར་བྱ། །དུག་དང་འདྲེས་པའི་གཏོར་མ་སྦྱིན། །གུ་གུལ་གྱིས་བདུག་ཉུང་ཀར་གདབ། ། ཤག་ཤག་ཚལ་ཚལ་མྱོས་མྱོས། །དེ་ནས་ཡུངས་ཀར་རྒྱལ་པོས་བརྡེག །ཛ་ལ་སྐྱེ་ཚེ་ད་པ་ར་བྱི་ཏ་ཧུ༷་ཕཊ། །དེ་ནས་བསྙེན་ཅིང་བསྒྲུབས་གྱུར་ན། །མ་དང་མཁའ་འགྲོ་དབང་དུ་འདུ། །མཁའ་འགྲོའི་འཁོར་ཚོགས་ཐམས་ཅད་ཀྱིས། །དངོས་གྲུབ་དམ་པའང་སྟེར་པར་འགྱུར། །འབར་བའི་འཁོར་ཚོག་མ་ལུས་ཀུན། །བྲན་གྱིས་བཀའ་བཞིན་བྱེད་པར་འགྱུར། །དེ་ལྟར་སྦྱོར་བ་ཆེར་བྱས་ན། །ནམ་མཁའི་དབྱིངས་ཀྱང་འཇིག་པར་འགྱུར། །མཚན་མ་ཅན་ལྟ་སྨོས་ཅི་དགོས། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། །ཡོངས་སུ་གྲུབ་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོས། །དབང་གི་དམ་པ་འདི་བཀའ་སྩལ་ཏོ། །ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །རྒྱལ་པོའི་དབང་དང་རྒྱལ་ཐེབས་དབང་། །ཉན་པའི་དབང་དང་ཀར་མའི་དབང་། །དྲོད་འཛིན་དབང་དང་གིང་གི་དབང་། །མཆོད་པའི་དབང་དང་སྒྲོལ་བའི་དབང་། །བསྒོམཔཆེནཔོལགནསདབང་། །འདི་དག་རབ་ཏུ་བསྐུར་བར་བྱ། །དབང་གི་སྣོད་ཀྱང་འདི་ལྟ་སྟེ། །དད་ལྡན་སྲི་ཞུ་ཆེ་བ་དང་། །ཅི་ལའང་ཆགས་མེད་གཏོང་བ་དང་། །ཁྱོགས་དང་རྐང་འགྲོ༷ས་གླང་ཆེན་དང་། །ནོར་དང་བུད་མེད་དབྱིག་གི་མཆོག །ཅི་ལའང་ཆགས་མེད་སྟོང་ལྡན་དང་། །འདི་ལ་དབང་མཆོག་སྦྱིན་པར་བྱ། །ནུས་པའི་དབང་དང་ཕན་པའི་དབང་། །ཕྱག་རྒྱ་རྫས་དང་སྙིང་པོ་སྦྱིན། །ཨཱོཾ་སྭ་ཏི་ཧ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །རིན་ཆེན་སྣ་བདུན་བཀྲ་ཤིས་བརྒྱད། །གཟུངས་མ་མཚན་ལྡན་གྲགས་པ་ཅན། །སྟག་དང་སེང་གེ་དོམ་དྲེད་གདན། །ཞིང་ཆེན་གཡང་གཞི་སྐྲུལ་ནག་དང་། །གླང་ཆེན་ཀོ་རློན་མེ་དཔུང་དང་། །ཐོད་ཕྲེང་ཞག་གི་ཚོམ་བུ་དང་། །ཐལ་ཆེན་རཀྟའི་ཚོམ་བུ་དང་། །ཡན་ལག་རིང་ཐུང་དབང་པོའི་ཕྲེང་བ་དང་། །གསང་བའི་ལྷ་མོ་བརྒྱད་རྣམས་དང་། །རྒྱལ་བའི་དཀྱིལ་འཁོར་མན་ཆད་ནས། །ཐང་ཤོལ་འབར་བ་ཆེན་པོ་དང་། །བྷརྙ་དམར་གྱིས་བཀང་བ་རྣམས། །དབང་ནོད་ཆེན་པོ་དེ་ལ་སྤྱིན། །མཁའ་འགྲོ་འབར་བའི་དབང་མཆོག་ཀྱང་། །དབང་ནོད་རྒྱལ་པོ་དེ་ལ་སྤྱིན། །དབང་ཕྱུག་རྒྱལ་པོའི་གསང་མིང་ཡང་། །དབང་ནོད་རྒྱལ་པོ་དེ་ལ་སྤྱིན། །ཕྱོགས་བཅུར་ཡོངས་སུ་གྲགས་པ་ཡི། །དབང་མཆོག་ཆེན པོམ ལུས ཀྱང་། །དབང་ནོད་རྒྱལ་པོ་དེ་ལ་སྦྱིན། །བཅོམ་ལྡན་འདས་ཟླ གསངཆེནཔོལས། །དབང་གི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོ། །འཁོར་ཚོགས་བསྐལ་པའི་མེ་དཔུང་དང་བཅས་པ་དང་། །ཕྱག་ན་རྡོ་རྗེ་འཇིག་པ་དང་བཅས་པ་ལ། །ལྷ་མོ་མདངས་འཛིན་མས་བསྟོད་ཅིང་མཆོད་པ། ཀྱེ་མ་ཧོ། དམར་གྱི་གཏོར་མ་ཆེན་པོ་དང་། ། ཤ་ཆེན་མུ༷་ས་རཀྟ་དང་། །དྲི་ཆེན་ཁུ་བ་ཞུན་ཆེན་དང་། །རུས་པ་ཤ་དང་ཙསྡོན་དང་། ཁུ་ཞགས་དབང་པོའི་ཚོགས་མཆོག་དང་། །རང་བྱུང་གདོད་ནས་དག་པའི་རྫས། །གཉིས་མེད་དོན་ལ་སྦྱོར་བའི་ཕྱིར། །དག་པ་ཆེན་པོ་གཟི་ལྡན་བཞེས་སུ་གསོལ། །བདུད་རྩི་ཆུ་རྒྱུན་འཆི་མེད་གཡུང་དྲུང་དབྱིབས། །དག་པས་དག་པ་ཆེན་པོར་བཞེས་སུ་གསོལ། །ཧུ༷་ཧ་ཧེ་ཕཊ་སྨྱོ། སྦྱོར་བའི་མཆོད་པ་ཆེན་པོ་རྣམས། །རྡོ་རྗེ་ཟླུ་དང་གར་གྱིས་བྱོས། །ཚིག་དང་སྒྲ་ཡིས་བསྟན་ཅིང་མཆོད། །དག་པའི་ཆོས་ཉིད་བདུད་རྩིའི་ཆུ་རྒྱུན་འདིས། །རྒྱལ་པོ་ཡབ་ཡུམ་མཆོད་དང་བསྐངས་གྱུར་ཏེ། །དེ་ལྟར་མཆོད་ཅིང་བསྐངས་གྱུར་ན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། །མཆོད་པའི་ཟླུའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཟླ་གསང་ཆེན་པོ་ཉིད། །མི་དམིགས་ཆོས་དབྱིངས་རྣམ་པར་དག །བྱེད་སྤྱོད་ཐམས་ཅད་དམིགས་པ་མེད། །ལས་རྣམས་དག་པའི་དབྱིངས་སུ་གཅིག །ཆོས་སྐུ་རོ་གཅིག་འགྱུར་མེད་དང་། །གཟུང་འཛིན་མཐའ་ལས་རྣམ་པར་གྲོལ། །སྐྱེ་མེད་དབྱིངསཀྱིངངདུགཅིག །ཆོསསྐུ་ངོ་བོ་མཉམ་རྫོགས་མཆོག །བཅོམ་ལྡན་འདས་ཟླ་གསང་ཆེན་པོ་ལས། །ཆོས་ཉིད་རྒྱ་མཚོའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཟླ་གསང་ཆེན་པོས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐུགས་ཀྱི་བརྣག་པ་ཟླ་དཀྱིལནས། །ཟླ་གམ་དབང་ཆེན་དཀྱིལ་འཁོར་དུ། །སྒྲོ་སྐུར་རྣམ་པར་སྤང་བའི་ཕྱིར། །མུ་སྟེགས་ལོག་ལྟ་ལྟ་ལ་དགའ། །དད་མེད་དམ་ཉམས་དམ་ལས་ལོག །བྱང་ཆུབ་ཐག་པ་གཏིང་ནས་ཆད། །དེ་ཕྱིར་ཕྱག་ན་རྡོ་རྗེ་་གིང་ངངང་ངང་་ང་ངཁྱད། །བདག་ ་བཀའ་གསང་དམ་པ་འད། །ཁྱད་ཉད་ལ་ན་རབ་ཏུ་གཏད། རྒྱལ་བའ་གཞུང་མཆག་དམ་པ་འད། །བཀའ་གསང་རྨད་ནས་བྱུང་བའ་མཆག །ཟླ་གསང་ནག་པ་རྒྱས་པའ་དཔལ། །ཡན་ཏན་རྒྱས་པའ་མཆོག་ཆེན་འདི། །ཕྱག་ན་རྡོ་རྗེ་ཁྱོད་ལ་གཏད། །བཀའ་གསང་གཞན་ལས་ཁྱད་འཕགས་པའི། །གསང་བ་སྐུ་གསུང་ཐུགས་ལས་བྱུང་། །ཉན་ཐོས་རང་རྒྱལ་འདྲེན་པའི་མཆོག །འཁོར་བའི་སྐམས་ལིངས་བྱེད་པའི་དཔལ། །ཕྱག་ན་རྡོ་རྗེ་ཁྱོད་ལ་གཏད། །ཅེས་གསུངས་སོ། །ཡོངས་སུ་གཏད་པའི་ལེའ་སྟེ་ཉེར་ལྔ་པའོ།། །།བཅོམ་ལྡན་འདས་ཟླ་གསང་ཆེན་པོའི་མདོ་རྫོགས་སོ།། །།རྫོགས་སོ།།