Ngb-pt-0178-vol-02-text
Front
Body
རྒྱ་གར་སྐད་དུ། རཏྣ་ཨསྣི་ཤཱསྟི་བྷ་ཏ་ཛ་ལ་ཏན་ཏྲ། བོད་སྐད་དུ། རིན་པོ་ཆེ་མེ་ལྷ་ཞི་བར་གྱུར་པ་འབར་བའི་རྒྱུད། བཅོམ་ལྡན་འདས་ལྷུན་གྱིས་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཐོག་མ་མེད་པའི་དུས་ཉིད་ན། །རང་བཞིན་ལྷུན་གྲུབ་གནས་དེ་སྦེ །ཆོས་དབྱིངས་སྟོན་པ་ཆེན་པོ་དེས། །རང་བྱུང་ཡེ་ཤེས་འཁོར་རྣམས་ལ། །སྦྱོང་བ་ཆེན་པོའི་བསྟན་པ་བཤད། །རིག་པ་རང་གསལ་ཆེན་པོའི་དུས། །གཡོས་པ་མེད་པའི་གནས་དེ་མྲ །ཡེ་ཤེས་ཆེན་པོའི་སྟོན་པ་དེས། །རིག་པ་འོད་ཀྱི་འཁོར་ལོ་ལ། །སྦྱོང་བ་ཞི་བར་བསྟན་པ་བཤད། །རིག་པ་རྩལ་དུ་སྣང་དུས་སུ། །རིག་པའི་འཁོར་མེད་གནས་ཉིད་དུ། །ལོངས་སྤྱོད་རྫོགས་པའི་སྟོན་པ་དེས། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །སྒྲིབ་བ་སྦྱོང་བའི་བསྟན་པ་བཤད། །སྣང་བས་འདུལ་བའི་དུས་ཉིད་དུ། །རང་བཞིན་འོག་མིན་གནས་དེ་སྲ །བྱང་སེམས་ཀུན་ཏུ་བཟང་པོ་ཡིས། །ཉོན་མོངས་ཞི་བའི་བསྟན་པ་བཤད། །ཐོག་མེད་བག་ཆགས་དུས་ཉིད་དུ། །སྲིད་པ་ཆགས་པའི་གནས་དེ་སྲ །ཡེ་ཤེས་ཀུན་ཏུ་བཟང་པོ་ཡིས། །རིགས་དྲུག་སེམས་ཅན་འཁོར་རྣམས་ལ། །སྡིག་སྒྲིབ་སྲེག་པའི་བསྟན་པ་བཤད། །སྦྱོང་བ་ལ་ནི་རྣམ་གཉིས་ཏེ། །སེམས་སྦྱོང་བ་དང་ལུས་སྦྱོང་བའོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པ་ལ། །གཤེད་བསྐྲད་ལན་ཆགས་སྦྱོང་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །བགེགས་བསྐྲད་པ་ལ་རྣ༷མ་པ་གསུམ་ཡིན་ཏེ། །ཏིང་འཛིན་སྔགས་དང་བསྐུལ་གྱིས་བསྐྲད་པའོ། །ཀུན་ཏུ་བཟང་པོ་ཆེ་བ་ཡི། །ལྷ་ཡི་ང་རྒྱལ་དག་གིས་བསྐྲད། །དེ་བཞིན་སྔགས་ཀྱིས་བསྐྲད་པ་ནི། །ཡེ་ཤེ་ཁྲོ་བོའི་སྔགས་ཀྱིས་བསྐྲད། །ཨཱོཾ་བི་ཤྭ་ཀྲོ་དྷ་ཛ་ལ་མཎྜལ། ཧ་ལ་ཧ་ལ། ཏིཁྱི་ཏིམོ བན་དྷ་བན་དྷ། ཧ་ན་ཧ་ན། པ་ཙ་པ་ཙ། ཧུ་ལུ་ཧུ་ལུ། བཛྲ་ཏིརྫི་ཧུ༷་ཕཊ། རོ་ལ་སྔགས་ཀྱིས་བཏབ་ནས་ཡང་། སྐུལ་ཚིག་འདི་ཡང་རབ་ཏུ་བརྗོད། ཧུ༷་ཧུ༷་ཧུ༷། ཚེ་འདས་རིགས་ཀྱི་བུ་འདི་ལ། །ཐོག་མ་མེད་ནས་གནས་པ་ཡི། །རྟག་ཏུ་སྲོག་ལ་དབང་བྱེད་པའི། །བགེགས་ཀྱི་རྒྱལ་པོ་གང་ཡོད་ཀྱང་། །ཟས་སུ་སྲོག་ཟ་དབུགས་སྤྱོད་པའི། །ཚེ་འདས་གཤེད་མར་བྱེད་པ་ཡི། །ཚེ་འདས་ལུས་ཉིད་བཟུང་ནས་སུ། །ཀུན་ཏུ་འ་ས་ཤིང་ཀུན་ཏུ་གནོད། །བགེགས་ཀྱི་རྒྱལ་པོ་ཁྱོད་སོང་ཞིག །ཧུ༷་ང་ཡི་བཀའ་ལས་འདའ་ནས་སུ། །ཚེ་འདས་གཤེད་མར་བྱེད་པ་ན། །ཡེ་ཤེས་ཁྲོ་བོ་ཆེན་པོ་ཡིས། །རུས་ལ་གནས་པ་ཞེ་སྡང་བགེགས། །ཞེ་སྡང་མཚོནི་གྱི་ཆར་ཕོབ་ཅིག །ཁྲག་ལ་གནས་པ་འདོད་ཆགས་བགེགས། མྱོས་བྱེད་དུག་གི་ཆར་ཕོབ་ཅིག ཁྲ་ལ་གནས་པའི་གཏི་མུག་བགེགས། །ཁྲོ་ཆུང་ཉུང་དཀར་ཆར་ཕོབ་ཅིག །ཨ་ར་ལི་ཤི་ཛ་ལ་བཛྲ་ཧུ༷་ཧུ༷་ཕཊ་ཕཊ། ཚེ་འདས་བགེགས་དང་དབྲལ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རིགས་དྲུག་གནས་ནས་དྲང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །རྒྱུ༷་ཞེ་སྡང་མནར་མེད་ལས་ཀྱི་ས་བོན་གྱིས། །སེམས་ཅན་དམྱལ་བའི་གནས་སུ་སྐྱེ་བ་ན། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ཐུགས་རྗེས་དྲངས་ཤིང་དགུག །དུ་ཨ༷་ཀུ་ཤ་ཛ་ཧུ༷། སྐྱེ་བར་ངེས་པའི་སེམས་ཅན་ཁྱོད། །འགྲོ་དྲུག་གནས་སུ་འཁྱམས་པ་ན། །སྟོང་གསུམ་མུན་ནག་རིག་པ་འ་ས། །བག་ཆགས་སྦྱང་ཕྱིར་དགུག་པར་བྱའོ། ་༑་ཏ་ན་ཏི་བཛྲ་ཤོ་ཏྲ་ཧུ༷་ཧུ༷། ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ནི། །ལས་ཀྱི་དབང་གིས་སྟོང་གསུམ་མུན་ནག་འ་ས། །ཕྱིན་ཅི་ལོག་གིས་ཉོན་མོངས་ཁུ་རྣམས་བཅིངས། །ཡེ་ཤེས་གསལ་བའི་རལ་གྲིས་ཉོན་མོངས་འདྲལ། །བཛྲ་ཨ་ཏི་མུ་ཏི༷་བ༷་ཧུ༷། མཁའ་དབྱིངས་རྣམ་དག་ཡུམ་གྱི་བྷ་ག་སྲ །ཐབས་དང་ཤེས་རབ་གཉིས་མེད་དཀྱིལ་འཁོར་གསལ། །བག་ཆགས་སྦྱང་ཕྱིར་ཡེ་ཤེས་བདུད་རྩིའི་ཆུས། །ཚེ་འདས་བག་ཆགས་གཏན་ནས་སྦྱང་བར་མཛོད། །ཨཱོཾ་ཨུ༷༷ཧྭ༷་བཛྲ་ཨ་སྤོ་ཏེ་ཧེ་ཤོ་དན་ཏི་ཤོ་དྷ་ཡ་སྲུ་ཧྭ། །ཧུ༷་བཅོམ་ལྡན་ཐུབ་པ་དམྱལ་བའི་གཙོ་ཆེན་པོ། །ཚེ་འདས་རིགས་ཀྱི་བུ་འདི་ཉིད། །ཚ་གྲང་སྡུག་བསྔལ་ཤིན་ཏུ་གདུངས་པས་ན། །ཀུན་བཟང་ཐུབ་པ་ཁྱོད་ལ་སྐྱབས་སུ་མཚིའོ། །བཛྲ་ས་མ་ཡ་སྟུ༷། ཧུ༷་འབྲུ་བཅུད་སྟོང་དང་ལྡན་པའི་གསེར་སྐྱེམས་འདི། །གཤིན་ལ་གཤེད་དུ་བྱེད་པའི་བགེགས། །གསོན་ལ་བདུད་དུ་བྱེད་པའི་འདྲེ། །འབྲུ་བ་་གསེར་སྐྱེམས་འདི་ལོངས་ལ། །ཚེ་འདས་བླ་བཟུང་གཏང་དུ་གསོལ། །ཧུ༷་གླུད་ཀྱི་གཏོར་མ་རྒྱན་ཅན་འདི། །སྲིད་པའི་རྩེ་ནས་དམྱལ་བའི་གནས་ཡན་ཆད། །འཕགས་པའི་སྤྱན་གྱིས་གཟིགས་པའི་སེམས་ཅན་ཀུན། །མཆོད་སྤྱིན་གཏོར་མ་འདི་བསྔོས་པས། །ཚེ་འདས་དམྱལ་བའི་ལན་ཆགས་དག་པར་ཤོག །ཧུ༷་སེར་སྣ་འདོད་ཆགས་ལས་ཀྱི་ས་བོན་གྱིས། །བཀྲེས་སྐོམ་ཡི་དྭགས་གནས་སུ་སྐྱེ་བ་ན། ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །ཏྲི་ཨ༷་ཀུ་ཤ་ཛ། ཧྭ༷་མ་རིག་གླེན་ལྐུགས་ལས་ཀྱི་ས་བོན་གྱིས། །བྱོལ་སོངལྐུགས་པའི་གནས་སུ་འ་ས་པ་ན། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །ཏྲི་ཨ༷་ཀུ་ཤ་ཛ། ང་རྒྱལ་དྲེགས་པ་ལས་ཀྱི་ས་བོན་གྱིས། །དྲེགས་པ་མི་ཡི་གནས་སུ་ལུབྱམས་པ་ལ། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །སྒྲོ་ཨ༷་ཀུ་ཤ་ཛ། ཧུ༷་ཕྲག་དོག་འཐབ་རྩོད་ལས་ཀྱི་ས་བོན་གྱིས། །ལྷ་མིན་ཕྲ་མེན་གནས་སུ་སྐྱེས་པ་ན། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །སུ་ཨ༷་ཀུ་ཤ་ཛ། ཧུ༷་ལེ་ལོ་ཡིད་སྤྱོད་ལས་ཀྱི་ས་བོན་གྱིས། །ལྟུང་བ་ལྷ་ཡི་གནས་སུ་སྐྱེས་པ་ན། །ལས་དང་ཐུགས་རྗེ་དམ་ཚིག་གིས། །ཡེ་ཤེས་ལྕགས་ཀྱུས་དྲངས་ཤིང་དགུག །ཨ་ཨ༷་ཀུ་ཤ་ཛ། རིགས་དྲུག་གནས་ནས་དྲང་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེསེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །གསང་བ་ནང་གི་ཁྲུས་ཉིད་བྱ་བ་དང་། །འགྲོ་དྲུག་པདྨའི་གདན་ལ་་ས་ཉིད་བྱ་བ་ཇི་ལྟ་བུ། །སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཧུ༷་བདུད་རྩི་ཡེ་ཤེས་ལྔ་དང༷་ལྡན། །གཉིས་མེད་བདུད་རྩི་ཡེ་ཤེས་ཆུས། །ཚེ་འདས་བག་ཆགས་སྦྱང་བའི་ཕྱིར། །ཚེ་འདས་སྐུ་ལ་སྐུ་ཁྲུས་གསོལ། །ཨོ་བཛྲ་ཨ་ཏི་ཤོ་ད་ན་ནི་ཧུ༷། པདྨ་འདབ་མ་བཞི་པ་ལ། །ཡེ་ཤེས་རིགས་ལྔ་ཡིག་འབྲུ་དགོད། །ཨཱོཾ་ཧུ༷་གྲྭ་ཨུ༷་ཧྭ། དེ་ནས་སྐུལ་ཚིག་འདི་བརྗོད་དོ། །ཧུ༷། གོས་མེད་མ་ཆགས་པདྨའི་གདན། །མཛེས་པའི་ཐུགས་རྗེ་ཆགས་པ་མེད། །ཚེ་འདས་བག་ཆགས་དག་པའི་ཕྱིར། །རིགས་ལྔ་བདེ་བའི་གདན་ལ་བཞུགས། །པདྨ་ས་མ་ཡ་སྟུ༷། དེ་ནས་ཚེ་འདས་བུ་དེ་ཡང་། ཐུགས་རྗེ་ཆེན་པོས་སེམས་བསྐྱེད་དེ། །སེམས་ལ་འགྱུར་བ་མེད་པས་ན། །སྣ་ཚོགས་གཟུགས་བརྙན་ཅིར་ཡང་སྣང་། །སྣང་མེད་རང་བཞིན་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔར་སེམས་བསྐྱེད་དོ། །ཧུ༷། སེམས་ལས་ཐམས་ཅད་འབྱུང་བས་ན། །མཉམ་ཉིད་རྟོག་པ་མེད་པའི་སེམས། །རང་བཞིན་མ་འགགས་ཐམས་ཅད་འབྱུང་། །རིན་ཆེན་འབྱུང་བར་སེམ།ས་བསྐྱེད་རྡ། །ཧུ། སེམས་དོར་ཙར་ཡང་སྣང་བས་ན། །སྣ་ཚགས་ཡེ་ཤེས་སོ་སོར་རྟག །རྙག་མིད་རང་བཞོན་ལྷུན་གྱས་གྲུབ། །སྣང་བ་མཐའ་ཡས་སེམས་བསྐྱེད་རྡ། །ཧུ། སེམས་ལ་ཐམས་ཅད་གྲུབ་པས་ན། །བྱ་རུ་མིད་པའི་ཡེ་ཤེས་གྲུབ། །གྲུབ་མེད་རང་བཞིན་རིན་པོ་ཆེ། །དོན་ཡོད་གྲུབ་པར་སེམས་བསྐྱེད་དོ། །ཁྲུས་བྱ་ཞིང་གདན་དབུལ་བ་དང་། སེམས་བསྐྱེད་པའི་ལེའུ་སྟེ་བཞི་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཡེ་ཤེས་སྡོང་བུ་དགོད་པ་དང་། །དྲི་ཡི་ཐིག་ལེ་བྱུག་པ་དང་། །ལྷ་ཡི་མཚན་མས་གདབ་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་རིགས་ཀྱི་བུ་དེ་ལ། །ལྷ་ཡི་གྲངས་དང་བཅས་པ་ཡི། །ཡེ་ཤེས་གསལ་བའི་སྡོང་བུ་དགོད། །ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །ཉོན་མོངས་དུག་གསུམ་མུན་ནག་འཁྱམས། །ཡེ་ཤེས་གསལ་བའི་སྒྲོན་མེ་འདིས། །དཀྱིལ་འཁོར་ལྷ་ཚོགས་གསལ་བར་ཤོག །ས་མ་ཡ་བཛྲ་ཨུ་ལོ་ཀེ་ཧུ༷། བདུད་རྩི་ཙསྡོན་དྲི་ཡིས་ནི། །ལྷ་ཡི་གྲངས་ཙམ་ལུས་ལ་དགོད། །རང་རང་སྔགས་དང་བཅས་པ་ཡིས། །གནས་སུ་དྲི་ཡི་ཐིག་ལེ་བྱའོ། །ཧུ༷་ཚེ་འདས་རིགས་ཀྱི་བུ་འདི་ལ། དྲི་ཡི་ཐིག་ལེ་བཀོད་པ་ཡིས། །བདེབརགཤེགསཔཐམས་ཅད་ཀྱི། །རྟགས་ཀྱི་སྤྱི་རྒྱ་བཏབ་པ་ཡིས། །ལྷ་ཡི་མཚན་མ་གདབ་པ་ནི། །རང་རང་ལྷ་ཡི་ཕྱག་མཚན་དང་། །ཡིག་འབྲུ་བཅས་ཏེ་གདབ་པར་བྱ། །ཧུ༷་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུའི་ཚོགས། །བདེ་གཤེགས་སྐུ་ཡི་ཕྱག་མཚན་ཏེ། །འདི་ཉིད༷་བཏབ་པ་ཙམ་གྱིས་སུ། །རྒྱལ་བའི༷་སྲས་སུ་འགྱུར་བར་ཤོག །ཧུ༷་སྐུ་གསུ༷ང་ཐུགས་ཀྱི་ཡི་གེ་འདི། །འདི་ཉིད་བཏབ་པ་ཙམ་གྱིས་སུ། །བདེ་གཤེགས་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སྲས་སུ་ཤོག །ཨཱོཾ་བུད་དྷ་ཀྭ་ཡ་བཛྲ་ས་མ་ཡ་ཨོ། ཨཱོཾ་བུད་དྷ་བཱ་ཀ་བཛྲ་ས་མ་ཡ་ཨུ༷༷། ཨཱོཾ་བུད་དྷ་ཙིསྟ་བཛྲ་ས་མ་ཡ་ཧུ༷། ཡེ་ཤེས་སྡོང་བུ་དགོད་ཅིང་དྲིའི་ཐིག་ལེ་བྱུགས་པ་དང་། ཕྱག་མཚན་ཡིག་འབྲུ་འདོགས་པའི་ལེའུ་སྟེ་ལྔ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །དཀྱིལ་འཁོར་སྒོ་ཕྱེ་ལུས་ཀྱི་སྡིག་པ་བཤགས་པ་དང་། །རང་གི་ལུས་ཉིད་དཀྱིལ་འཁོར་ལྷ་ལ་དབུལ་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། ཁྲར་ཕྱོགས་རྡོ་རྗེ་རིགས་ཀྱི་སྒོ། །སྙིང་རྗེ་ཚད་མེད་སྒོ་མོ་སྟེ། །མེ་ལོང་ལྟ་བུའི་སྒོ་པྱེ་ཞིག །ཚེ་འདས་དད་པས་འཇུག་པར་བྱའོ། །བཛྲ་ཙྭ་ན་པྲ་བེ་ཤ་ཡ་ཕཊ། ཧུ༷། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་སྒོ། །བྱམས་པ་ཚད་མེད་སྒོ་མོ་སྟེ། །མཉམ་པ་ཉིད་ཀྱི་སྒོ་པྱེ་ཞིག །ཚེ་འདས་དད་པས་འཇུག་པར་བྱའོ། །རཏྣ་ཙྭ་ན་པྲ་བེ་ཤ་ཡ་ཕཊ། ཧུ༷་ནུབ་ཕྱོགས་པདྨ་རིགས་ཀྱི་སྒོ། །དགའ་བ་ཚད་མེད་སྒོ་མོ་སྟེ། །སོ་སོར་རྟོག་པའི་སྒོ་ཕྱེ་ཞིག །ཚེ་འདས་དད་པས་འཇུག་པར་བྱའོ། །པདྨ་ཙྭ་ན་པྲ་བེ་ཤ་ཡ་ཕཊ། ཧུ༷་བྱང་ཕྱོགས་ལས་ཀྱི་རིགས་ཀྱི་སྒོ། །བཏང་སྙོམས་ཚད་མེད་སྒོ་མོ་སྟེ། །བྱ་བ་གྲུབ་པའི་སྒོ་ཕྱེ་ཞིག །ས་མན་ཏ་ཙྭ་ན་པྲ་བེ་ཤ་ཡ་ཕཊ། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཚུལ་དང་ལྡན་པའི་ལུས་བཟུང་སྟེ། །སྔོན་གྱི་སྡིག་སྒྲིབ་ཐམས་ཅད་བཤགས། །ཧུ༷་ཐོག་མ་མེད་ནས་འཁོར་བར་འཁྱམས། །བག་མེད་དབང་གིས་ཉོན་མོངས་སྤྱད། །མ་རིག་དབང་གིས་སྡིག་པ་སྤྱད། །ཀུན་ཏུ་བཟང་པོའི་ཐུགས་དང་འགལ། །རྣམ་སྣང་སྐུ་ལ་གཟོད་པར་གསོལ། །ཧུ༷་རྟག་ཏུ་འཁོར་བར་འཁྱམས་པ་ཡིས། །རྭ་ཏྲའི་དབང་གིས་སྡིག་པ་སྤྱད། །ཞེ་སྡང་དབང་གིས་སྲོག་བཅད་པ། །རྡོ་རྗེ་སེམས་ལ་བཟོད་པར་གསོལ། །ཧུ༷་སྲིད་པ་ཀུན་ཏུ་འཁྱམས་པ་ཡིས། །ཁེངས་སེམས་དབང་གིས་ང་རྒྱལ་སྦྱད། །ཆེ་བའི་དབང་གིས་ཁེངས་པས་བཅིངས། །རིན་ཆེན་འབྱུང་ལ་བཟོད་པར་གསོལ། །ཧུ༷་རྟག་ཏུ་རིགས་དྲུག་གནས་སུ་འ་ས། །འདོད་ཆགས་དབང་གིས་ཉོན་མོངས་སྤྱད། །སེར་སྣའི་དབང་གིས་འཆིང་བས་བཅིངས། །སྣང་མཐའི་སྐུ་ལ་བཟོད་པར་གསོལ། །ཧུ༷་ཚེ་རབས་ཐོག་མ་མེད་པ་ནས། །ལས་ཀྱི་དབང་གིས་ཁམས་གསུམ་བག་མེད་འཁོར། །ཉོན་མོངས་ཕྲག་དོག་རང་གར་སྤྱད། །དོན་ཡོད་གྲུབ་ལ་བཟོད་པར་གསོལ། །ཧུ༷་སེམས་ཅན་བདག་གི་ལུས་འདི་ཡང་། །ཐོག་མ་མེད་ནས་འཁོར་བར་འ་ས། །ཉོན་མོངས་བག་མེད་རང་གར་སྤྱད། །དེ་ཡི་དབང་གིས་ཤ་ཁྲག་ལུས། །འབུ་སྲིན་མང་པོའི་ལོངས་སྤྱོད་འདི། །བདེ་བར་གཤེགས་པ་རྣམས་ལ་འབུལ། །གཏི་མུག་ཤ་ལས་གྲུབ་པའི་ལུས། །ཀུན་ཏུ་བཟང་ལ་མཆོད་པར་འབུལ། །ཞེ་སྡང་རུས་ལས་གྲུབ་པའི་ལུས། །རྡོ་རྗེ་སེམས་ལ་མཆོད་པར་འབུལ། །ང་རྒྱལ་ཚིལ་ལས་གྲུབ་པའི་ལུས། །རིན་ཆེན་འབྱུང་ལ་མཆོད་པར་འབུལ། །འདོད་ཆགས་ཁྲག་ལས་གྲུབ་པའི་ལུས། །སྣང་མཐའི་སྐུ་ལ་མཆོད་པར་འབུལ། །ཕྲག་དོག་རྩ་ལས་གྲུབ་པའི་ལུས། །དོན་ཡོད་གྲུབ་ལ་མཆོད་པར་འབུལ། །དབང་པོ་རྣམ་ཤེས་ཁམས་རྣམས་ཀུན། སེམས་དཔའ་སེམས་མ་རྣམས་ལ་འབུལ། །སྐྱེ་མཆེད་ཡུལ་རྣམས་མང་པོ་ཀུན། །ཁྲོ་བོ་རྣམས་ལ་མཆོད་པར་འབུལ། །དོན་སྙིང་ནང་ཁྲོལ་མང་པོ་ཀུན། །ཐུབ་པ་རྣམས་ལ་མཆོད་པར་འབུལ། །རྐང་པ་ཡན་ལག་བཞི་པོ་ཀུན། །སྒོ་བ་བཞི་ལ་མཆོད་པར་འབུལ། །ཚེ་འདས་ཀྱི་སྒོ་དབྱེ་བ་དང་། སྡིག་པ་བཤགས་པ་དང་། ཚེ་འདས་ལུས་དབུལ་བའི་ལེའུ་སྟེ་དྲུག་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་སེམས་ལ་དབང་བསྐུར་དང་། །བྱིན་གྱིས་བརླབས་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་སེམས་ལ་དབང་བསྐུར་དང་། །བྱིན་གྱིས་བརླབ་པ་འདི་ལྟ་སྟེ། །དམ་རྫས་རྣམ་པ་ལྔ་ཡིས་བསྐུར། །ཧུ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །འཇོམས་བྱེད་རྡོ་རྗེའི་དབང་བསྐུར་བས། །གཤེད་མའི་བདུད་ལས་ཐར་བ་དང་། །རྡོ་རྗེའི་སྐུ་ཡི་ལུས་ཐོབ་ཤོག །བཛྲ་ཨ་སྟི་ཁེ྅་ཨ། ཧཱུཾ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །ལོངས་སྤྱོད་གཏོར་མ་འདི་ཡི་དབང་བསྐུར་བས། །སྔོན་གྱི་ལེན་ཆགས་དག་གྱུར་ཏེ། །བདུད་རྩིའི་ཟས་ལ་ལོངས་སྤྱོད་ཤོག །ཨ་སྐྲོ་ཏ་བ་ལི་ཏ་ཨ་དྷི་ཁི྅་ཨ། །ཧཱུཾ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །འཁོར་ལོ་འབར་བའི་དབང་བསྐུར་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །བར་དོའི་གནས་ནས་ཐར་བར་ཤོག །ཙཀྲ་ཙྭ་ན་ཨ་སྟི་ཁི྅་ཨ། །ཧཱུཾ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །ཆོས་དབྱིངས་དྲིལ་བུའི་དབང་བསྐུར་བས། །སྐྱེ་གནས་སྡུག་བསྔལ་རྒྱུན་བཅད་དེ། །ཆོས་ཉིད་ངང་ལ་གན་པར་ཤོག །ས་མན་ཏ་ནཱ་མ་ཀ་ཨ་སྟི་ཁིརྩི་ཨ། །ཧུ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །དབུ་རྒྱན་དབང་མཆོག་བསྐུར་བ་ཡིས། །ཉོན་མོངས་དུག་ལྔ་གནས་དག་སྟེ། །ཡེ་ཤེས་རིགས་ལྔ་ཐོབ་པར་ཤོག །སརྦ་ཏྭ་ཐ་ག་ཏྭ་བུད་དྷ་ཨ་སྟི་ཁི྅་ཨ། །ཧཱུཾ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །སྣང་བ་སྐུ་ཡི་རང་བཞིན་ཏེ། །གཟུང་འཛིན་རྣམ་རྟོག་རྣམ་དག་ཕྱིར། །བདེ་གཤེགས་སྐུ་ཡིས་བྱིན་བརླབ་བོ། །སརྦ་ཏ་ཐུ་ག་ཏྭ་ཀྭ་ཡ་བཛྲ་ཧཱུཾ༷། །ཧུ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །གྲགས་པ་གསུང་གི་རང་བཞིན་ཏེ། །མིང་ཚིག་རྟོག་པ་རྣམ་དགནས། །བདེགཤེགསགསུང་དུ་བྱིན་བརླབ་བོ། །སརྦ་ཏ་ཐུ་ག་ཏྭ་ལྷུ་ཀ་བཛྲ་ཧཱུཾ༷། །ཧུ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །དྲན་རྟོག་ཐུགས་ཀྱི་རང་བཞིན་ཏེ། །རྣམ་པར་རྟོག་པ་རྣམ་དག་ནས། །བདེ་གཤེགས་ཐུགས་སུ་བྱིན་བརླབ་བོ། །ཧུ༷་སརྦ་ཏ་ཐུ་ག་ཏ་ཙིརྟི་བཛྲ་ཧུ༷། །ཚེ་འདས་ལ་དབང་བསྐུར་ཞིང་བྱིན་གྱིས་རླབས་པའི་ལེའུ་སྟེ་བདུན་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་རིགས་ཀྱི་བུ་དེ་ལ། །དཀྱིལ་འཁོར་བསྟན་ཅིང་ཡི་དམ་དབོག་པ་དང་། །སྔགས་ཀྱི་བྱེ་བྲག་དབོག་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་རིགས་ཀྱི་བུ་དེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱའོ། །ཧུ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །མ་བུའི་འདུ་ཤེས་རབ་ཞོག་ལ། །རིག་པའི་ཤེས་པ་ཚུར་ཉོན་དང་། །ང་ནི་རྡོ་རྗེ་བླ་མ་སྟེ། །ང་ཡི་བཀའ་ཉིད་མ་བཅག་པར། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །འདི་ནི་ཀུན་བཟང་དཀྱིལ་འཁོར་ཏེ། །བདེ་གཤེགས་འདུས་པའི་ཕོ་བྲང་ཡིན། །གནས་མཆོག་འདི་ནི་བསྒྲུབ་པའི་གནས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །དཀྱིལ་འཁོར་གནས་འདིར་ལོངས་སྤྱོད་ཤོག །ཧཱུཾ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །ལྷ་རུ་ཀུན་བཟང་བདེ་གཤེགས་བསྒོམ། །སྐུ་མདོག་སེར་པོ་འོད་ཟེར་འཕྲོ། །མཚན་རྫོགས་དཔེ་བྱད་ལྡན་པ་སྟེ། །མཉམ་པར་བཞག་པའི་ཕྱག་རྒྱ་ཅན། །རྟགཏུལྷམཆོགདེསྒོམསཤིག །དེ་ནས་སྔགས་ཀྱི་བསྙེན་པ་དབོག་པར་བྱ། །ཧཱུཾ༷་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །སྔགས་སུ་གསང་སྔགས་འབྲུ་བདུན་ཟློས། །དེ་ཡི་ངང་ལས་མ་འདའ་བར། །བཟླས་བརྗོད་བསྙེན་པ་རྒྱུན་དུ་བྱ། །ཧཱུཾ༷་ཧཱུཾ༷་བཛྲ་ཙིཏི་ཧཱུཾ། ཚེ་འདས་ལ་དཀྱིལ་འཁོར་དང་ལྷ་དང་སྔགས་དབོག་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཡེ་ཤེས་མེ་ལྷ་སྤྱན་དྲང་དང་། །མཆོད་དང་བསྟོད་པ་ཇི་ལྟ་བུ། །སྟོན་པ་ཀུན་ཏུ་བཟང་པོ་དེས། །སྟོང་པ་བདག་མེད་གསལ་བར་གནས་པ་ལ། །ཡི་གེ་ཨ་ཉིད་ཞུགས་ཁང་ནང་དུ་བསྒོམས། །ཨ་དེ་ཞུ་ཞིང་ཡོངས་སུ་གྱུར་པ་ལས། །དམ་ཚིག་མེ་ལྷ་དམར་པོ་གཙུག་ཕུད་ཅན། །མཉམ་གཞག་བདུད་རྩིའི་བུམ་པ་ཕྱག་ན་བསྣམས། །ཐུགས་ལས་རང་བྱུང་ཡེ་ཤེས་མེ་འབར་བས། །འཁོར་བའི་བག་ཆགས་ཉོན་མོངས་སྲེག་པར་བྱེད། །དེ་ནི་ཡེ་ཤེས་མེ་ལྷ་སྤྱན་དྲངས་པའོ། །ཧཱུཾ་མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །དམར་པོ་གཅེར་བུ་གཙུག་ཕུད་ཅན། །རྒྱལ་བ་ཀུན་གྱི་འོད་མཆོག་སྟེ། །སྲེག་སྦྱང་ལུས་འདི་བཞེས་ནས་ཀྱང་། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨསྣི་ཛ་ལ་མཎྜལ་ཧཱུཾ། །ཧཱུཾ་མེ་ཡི་ལྷ་མོ་ཀུན་ཏུ་བཟང་། །འབྱུང་བ་མེ་ལ་དབང་བསྒྱུར་ཞིང་། །རྒྱལ་བ་ཀུན་གྱི་གཟི་བརྗིད་མཆོག །སྲེག་སྦྱང་ལུས་འདི་འབུལ་ལགས་པས། །གནས་འདིར་སྤྱནའདྲེནགཤེགསསུགསོལ། །བཛྲ་པ་ཏྲ་ཨསྣི་ཛ་ལ་ར༷་ཛ༷༷ཧཱུཾ་བེ་ཧོ༷༷། ཧཱུཾབདེགཤེགསཕོབྲང་གནས་མཆོག་འདིར། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས། །འབྱུང་བ་མེ་ལ་དབང་བྱའི་ཕྱིར། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཛ་ལ་མཎྜལ་ཧཱུཾ༷། ཕྱི་དང་ནང་གི་མཆོད་པ་ཡང་། །མེ་ལྷ་འཁོར་དང་བཅས་ལ་འབུལ། །དེ་ནས་ཕྱི་ཡི་མཆོད་པ་འབུལ། ཧཱུཾ༷་ཕྱོགས་བཅུ་རབ་འབྱམས་ཐམས་ཅད་ན། །ཡོན་ཆབ་ཇི་སྙེད་ཡོད་པ་ཀུན། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲཨསྣི་ཨུ་ཧ་ར་བྱུ་ཛ་ས་མ་ཡེ་ཧཱུཾ༷། །ཧཱུཾ༷་ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །བདུག་སྤོས་ཇི་སྙེད་ཡོད་པ་ཀུན། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲ་ཨསྣེ་དྷ་པེ་པྱུ་ཛ་ས་མ་ཡེ་ཧཱུཾ༷། །ཧཱུཾ༷་ཆུ་དང་ཐང་ལས་སྐྱེས་པ་ཡི། །སྤྱན་གྱི་ལོངས་སྤྱོད་མེ་ཏོག་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲ་ཨསྣེ་པྲསྤྲོ་པུ་ཛ་ས་མ་ཡེ་ཧུ༷། །རྒྱལ་བའི་འོད༄་དང་རིན་ཆེན་འོད། །མར་མེའི་སྣང་བ་འདི་རྣམས་ནི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲ་ཨསྣེ་ཨུ་ལོ་ཀེ་པུ་ཛ་ས་མ་ཡེ་ཧཱུཾ། །ཧུ༷་དྲི་མཆོག་དྲི་ཚོགས་ཚང་བའི་སྤོས་ཀྱི་ཆབ། །དྲི་ཆབ་ཇི་སྙེད་ཡོད་པ་ཀུན། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་དུ་གསོལ། །བཛྲ་ཨསྣེ་གརྙེ་བྱུ་ཛ་ས་མ་ཡེ་ཧཱུཾ། །ཧཱུཾ༷་རོ་མཆོག་བརྒྱ་ལྡན་ལྷ་ཡི་ཟས། །བདུད་རྩིའི་ཞལ་ཟས་དག་པ་འདི། མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་དག་པར་མཛོད། །བཛྲ་ཨསྣེ་ནི་བིབྱ་བྱུ་ཛ་ས་མ་ཡེ་ཧཱུཾ༷། །ཧཱུཾ༷་གདུང་བ་སེལ་བའི་སྒྲ་མཆོག་ནི། །ཚངས་པ་དབྱངས་ཀྱི་སྒྲ་སྙན་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཚེ་འདས་སྒྲིབ་པ་སྦྱང་བར་མཛོད། །བཛྲ་ཨསྣེ་ཤསྟ་རཏྣ་པུ་ཛ་ས་མ་ཡ་ཧོ། །མེ་ལྷའི་རྒྱལ་པོ་འཁོར་བཅས་ལ། །ནང་གི་མཆོད་པ་འབུལ་བ་ནི། །ཧཱུཾ༷་དད་པ་དང་ནི་དམ་ཚིག་གིས། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས། །འབར་བ་ཡེ་ཤེས་མེ་ཀློང་ནས། །མེ་ལྷ་འབར་བའི་སྐུར་བཞེངས་ལ། །སྲེག་སྦྱོར་འབར་བའི་ཞས་ཟས་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །བཛྲ་ཨསྣེ་པ་བམ་ཀ་ཡེ་གྲྭ་ཧྭ། །ཧུ༷་མེ་ལྷའི་རྒྱལ་པོ་འོད་མཐའ་ཡས། །འབྱུང་བ་མེ་ལ་དབང་བསྒྱུར་བའི། །རྒྱལ་བ་ཀུན་གྱི་འོད་མཆོག་སྟེ། །ཆོས་ཉིད་སྐྱེ་མེད་ཧོམ་ཁུང་དུ། །རང་བྱུང་ཡེ་ཤེས་མེ་སྤར་བས། །ཚེ་འདས་བག་ཆགས་བསྲེག་སྦྱང་རོལ། །བཛྲ་ཨསྣེ་ཆེ་གེ་མོ་སརྦ་བཱ་པ༷་ཤཱན་ཏིང་ཀུ་རུ་སྲུ་ཧྭ། །ཧཱུཾ༷་མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །གདོང་ལྔ་གཙུག་ཕུད་ཐོར་ཚུགས་ཅན། །སྐུ་མདོག་དམར་པོ་འོད་འབར་བ། །ཕྱག་ན་མེ་ཡི་འཁོར་ལོ་བསྣམས། །སེམས་ཅན་བག་ཆགས་བསྲེག་མཛད་པ། །དམ་རྫས་འབར་བའི་མཆོད་པ་འདི། །མེ་ལྷའི་རྒྱལ་པོ་རྣམས་ལ་འབུལ། །བཛྲ་ཨསྣེ་བ་ན་ཀ་ཡེ་གྲྭ་ཧྭ། མེ་ལྷ་མཆོད་པའི་ལེའུ་སྟེ་དགུ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རིགས་ལྔ་བདེ་བར་གཤེགས་པ་ཡབ་ཡུམ་ལ། །དམ་རྫས་མཆོད་པ་འབུལ་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧུ༷་རྣམ་ཤེས་ཕུང་པོ་མངོན་སངས་རྒྱས་པའི་སྐུ། །གཏི་མུག་རྣམ་པར་དག་པའི་གསུང་ཉིད་ཅན། །ཆོས་དབྱིངས་ཡེ་ཤེས་རྣམ་པར་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །ཀུན་ཏུ་བཟང་པོའི་སྐུ་ལ་མཆོད་པར་འབུལ། །ཧུ༷་ཧུ༷་བཛྲ་ཙིསྟ་ཧུ༷་སརྦ་བཱ་པ༷་ཤཱརྙིང་ཀུ་རུ་པྲུ་ཛ་གྲྭ་ཧྭ། ཧུ༷་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཉོན་མོངས་གཏི་མུག་ཤ་ཡི་ཡམ་ཤིང་ལ། །རང་བྱུང་ཡེ་ཤེས་མེ་སྤར་བས། །མ་རིག་བག་ཆགས་ཐམས་ཅད་བསྲེག་སྦྱང་རོལ། །ཧུ༷་བཛྲ་ཙིསྟ་ར༷། ཧུ༷་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའི་སྐུ། །ཉོན་མོངས་ཞེ་སྡང་རྣམ་པར་དག་པའི་གསུང་། །ཆོས་ཉིད་ཡེ་ཤེས་མེ་ལོང་ལྟ་བུའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ཀུན་ཏུ་བཟང་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་བཛྲ་དྷིག་སབོ་བཱ་པ༷་ཤཱསྟི་ཀུ་རུ་གྲྭ་ཧྭ། ཧུ༷་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཞེ་སྡང་རུས་པའི་ཡམ་ཤིང་ལ། །མེ་ལོང་ཡེ་ཤེས་མེ་སྤར་བས། །ཚེ་འདས་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་བཛྲལྷོག་ཛ་ལ་ར༷། ཧུ༷་ཚོར་བའི་ཕུང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་ང་རྒྱལ་གནས་སུ་དག་པའི་གསུང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རིན་ཆེན་ཀུན་ཏུ་བཟང་ལ་མཆོད་པ་ར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །གྲྭ་རརྙ་དྷིག་སརྦ་བཱ་པ༷་ཤཱརྙི་ཀུ་རུ་གྲྭ་ཧྭ། འགག་པ་མེད་པའི་ཧོམ་ཁུང་དུ། །ང་རྒྱལ་རྩ་ཡི་ཡམ་ཤིང་ལ། །མཉམ་ཉིད་ཡེ་ཤེས་མེ་སྤར་བས། །ཚེ་འདས་བག་ཆགས་ཐིམ་སྦྱང་རོལ། །གྲྭ་རཏྣ་ཙྭ་ན་ཛ་ལ་ར༷། ཧུ༷་འདུ་ཤེས་ཕུང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་འདོད་ཆགས་གནས་སུ་དག་པའི་གསུང་། །སོ་སོར་རྟོག་པའི་ཡེ་ཤེས་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །པདྨ་ཀུན་བཟང་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་པར་མཛོད། །ཨ༷་ཨུ་རོ་ལིག་ཆེ་གེ་སརྦ་བཱ་པ༷་ཤཱསྟི་ཀུ་རུ་གྲྭ་ཧྭ། ཧུ༷་ཆོས་ཉིད་གནས་པ་མེད་པའི་ཧོམ་ཁུང་དུ། །འདོད་ཆགས་ཁྲག་གི་ཡམ་ཤིང་ལ། སོ་སོར་རྟོག་པའི་ཡེ་ཤེས་མེ་སྤར་བས། །ཚེ་འདས་བག་ཆགས་ཐམས་ཅད་ཐིམ་པར་རོལ། །ཨ༷་ཨུ་རོ་ལིག་ཛ་ལ་ར༷། ཧུ༷་འདུ་བྱེད་ཕུང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་ཕྲག་དོག་གནས་སུ་དག་པའི་གསུང་། །ནན་ཏན་ཡེ་ཤེས་མཆོག་གི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །ཀུན་བཟང་དོན་ཡོད་གྲུབ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧ་པྲརྙོ་དྷིག་ཆེ་གེ་མོ་སརྦ་བཱ་པ༷་ཤཱརྙི་ཀུ་རུ་གྲྭ་ཧྭ། ཧུ༷་ཆོས་ཉིད་དམིགས་པ་མེད་པའི་ཧོམ་ཁུང་དུ། །ཉོན་མོངས་ཕྲག་དོག་ཆུ་སེར་ཡམ་ཤིངལ། །བྱ་བ་གྲུབ་པའི་ཡེ་ཤེས་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧ་པྲཙྭ་དྷིག་ཛ་ལ་ར༷། ཧུ༷་འབྱུང་བ་ནམ་མཁའ་གནས་སུ་དག་པའི་སྐུ། །མ་བྱིན་ལེན་པ་གནས་སུ་དག་པའི་གསུང་། །ཆོས་ཉིད་མཚན་མ་མེད་པའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །ཀུན་བཟང་དབྱིངས་ཕྱུག་མ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཆོས་ཅན་སྐྱེ་བར་སྣང་བའི་ཡམ་ཤིང་ལ། །ཆོས་ཉིད་མཚན་མ་མེད་པའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་འབྱུང་བ་ས་ཉིད་གནས་སུ་དག་པའི་སྐུ། །ཉོན་མོངས་འདོད་ཆགས་གནས་སུ་དག་པའི་གསུང་། །ཆོས་ཉིད་སྟོང་པ་ཉིད་ཀྱི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སངས་རྒྱས་སྤྱན་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧྭ༷་ཆོས་ཉིད་སྟོང་པའི་ཧོམ་ཁུང་དུ། །མཚན་མར་འདོད་པར་ལོག་པའི་ཡམ་ཤིང་ལ། །ཆོས་ཉིད་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་བག་ཆགས་ཐམས་ཅད་ཐིམ་སྦྱང་རོལ། །ཧུ༷་འབྱུང་བ་ཆུ་ཉིད་གནས་སུ་དག་པའེ་སྐུ། །རྫུན་དུ་སྨྲ་བ་གནས་སུ་དག་པའི་གསུང་། །ཆོས་ཉིད་སྨོན་པ་མེད་པའི་ཐུགས་མངའ་བ། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རིན་ཆེན་བཱ་མ་ཀི་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་ཆོས་ཉིད་སྨོན་པ་མེད་པའི་ཧོམ་ཁུང་དུ། །ཉོན་མོངས་ཀུན་ཏུ་སྣང་བའི་ཡམ་ཤིང་ལ། །རིག་པའི་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་བག་ཆགས་ཐམས་ཅད་བསྲེག་སྦྱང་རོལ། །ཧུ༷་འབྱུང་བ་མེ་ཉིད་གནས་སུ་དག་པའི་སྐུ། །ཉོན་མོངས་ཆགས་སེམས་གནས་སུ་དག་པའི་གསུང་། །ཆོས་ཉིད་འགག་མེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །པདྨ་གོས་དཀར་མོ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་བདག་མེད་ཆེན་པོའི་ཧོམ་ཁུང་དུ། །ཉོན་མོངས་ཆགས་སེམས་ཡམ་ཤིང་ལ། །བདག་འཛིན་མེད་པའི་མེ་སྤར་བས། །ཚེ་འདས་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་འབྱུང་བ་རླུད་ཉིད་གནས་སུ་དག་པའི་སྐུ། །ཉོན་མོངས་གནོད་སེམས་གནས་སུ་དག་པའི་གསུང་། །རང་བཞིན་འོད་གསལ་ལྟ་བུའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །དམ་ཚིག་སྒྲོལ་མའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་བྱང་གྱུར་ཅིག །ཧུ༷་ཆོས་ཉིད་འོད་གསལ་ཆེན་པོའི་ཧོམ་ཁུང་དུ། །ཉོན་མོངས་གནོད་སེམས་བྱེད་པའི་ཡམ་ཤིང་ལ། །རིག་པའི་འོད་གསལ་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་པར་རོལ། །རིགས་ལྔ་ཀུན་བཟང་ཡབ་ཡུམ་ལ། །ཚེ་ལས་འདས་པའི་མཆོད་པའི་ལེའུ་སྟེ་བཅུ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བའི་ཕྱིར། །རྡོ་རྗེ་སེམས་དཔའི་ཚོགས་ལ་མཆོད་པ་འབུལ་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཧཱུཾ་སྤྱིན་པའི་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །དགའ་བའི་ས་ལ་རབ་ཏུ་སྤྱོད་པའི་གསུང་། །དབུལ་བ་སེལ་བ་རིག་པའི་ཐུགས་འཆང་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ས་སྙིང་སྐུ་ ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧཱུཾ་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །མིག་གི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རང་བྱུང་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །ཉོན་མོངས་སེལ་བྱེད་དཔའ་བོ་ཆེན་པོའི་གསུང་། །དྲི་མེད་ས་ལ་སྤྱོད་པའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ནམ་མཁའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧུ༷་ཆོས་ཉིད་སྤྲོས་པ་མེད་པའི་ཧོམ་ཁུང་དུ། །རྣ་བའི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རང་བྱུངཡེཤེསཆེནཔོའིམེསྤརབས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་བཟོད་པའི་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །ཁྲོ་བ་སེལ་མཛད་ཞི་བལྟ་བུའིགསུང་། །འོད་འཕྲ་འི་ས་ལ་རབ་ཏུ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །བྱང་སེམས་ཀུན་བཟང་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧུ༷་ཆོས་ཉིད་གཡོས་པ་མེད་པའི་ཧོམ་ཁུང་དུ། །སྣ་ཡི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རྟོག་མེད་རིག་པ་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་བརྩོན་འགྲུས་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །ལེ་ལོ་སེལ་མཛད་རྟུན་པའི་གསུང་ཉིད་ཅན། །འོད་བྱེད་ས་ལ་རབ་ཏུ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སྤྱན་རས་གཟིགས་ལ་མཆོད་པར་འབུལ། ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧུ༷་ཆོས་ཉིད་ཐིག་ལེ་ཆེན་པོའི་ཧོམ་ཁུང་དུ། །ལྕེ་ཡི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རང་བྱུང་རིག་པའི་ཡེ་ཤེས་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་ཤེས་རབ་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །གཏི་མུག་སེལ་མཛད་ཡེ་ཤེས་ཆེན་པོའི་གསུང་། །སྦྱང་བར་དཀའ་བའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་འཇམ་དཔལ་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧུ༷་ཆོས་ཉིདསྟོངཔཆེནཔོའིཧོམཁུང་དུ། །ལུས་ཀྱི་དབང་པོའི་རྟོག་པའི་ཡམ་ཤིང་ལ། །རྟོག་མེད་མཉམཔཆེནཔོའིམེསྤརབས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་བསམ་གཏན་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །བྱིང་རྒོད་སེལ་བའི་ཆོས་ཉིད་དག་པའི་གསུང་། །མངོན་གྱུར་ས་ལ་རབ་ཏུ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་མའི་མཆོད་པ་འདི། །བྱམས་པ་མི་ཏྲིའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧུ༷་ཆོས་རྣམས་ནམ་མཁའ་ལྟ་བུའི་ཧོམ་ཁུང་དུ། །རྟོག་པར་སྣང་བ་ཡིད་ཀྱི་ཡམ་ཤིང་ལ། །རྟོག་མེད་ནམ་མཁའ་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་སྨོན་ལམ་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །སྐྱེ་བ་སེལ་མཛད་རང་ཉིད་རིག་པའི་གསུང་། །རིང་དུ་སོང་བའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །ཕྱག་ན་རྡོ་རྗེའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་དག་གྱུར་ཅིག །ཧུ༷་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །གཟུགས་སུ་སྣང་བའི་རྟོག་པའི་ཡམ་ཤིང་ལ། །གཉིས་སུ་མེད་པར་རྟོག་པའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་ཐིམ་སྦྱང་རོལ། །ཧུ༷་སྟོབས་ཀྱི་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །གདུག་པ་སེལ་མཛད་གཞན་རྒྱུད་འཛིན་པའི་གསུང་། །ཆོས་ཀྱི་སྤྲིན་གྱི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབརབའིམཆོདཔའདི། །རྡོ་རྗེ་འགག་མེདསྐུལམཆོདཔརའབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་ཆོས་ཉིད་འགག་པ་མེད་པའི་ཧོམ་ཁུང་དུ། །སྒྲ་རུ་སྣང་བའི་རྟོག་པའི་ཡམ་ཤིང་ལ། །འགག་པ་མེད་པའི་ཡེ་ཤེས་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཧུ༷་ཡེ་ཤེས་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །སྒྲིབ་པ་སེལ་མཛད་གསལ་བའི་རྒྱུད་རིག་གསུང་། །ལེགས་པའི་བློ་གྲོས་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་བདེ་བའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་ཆོས་ཉིད་གནས་པ་མེད་པའི་ཧོམ་ཁུང་དུ། །དྲི་རུ་སྣང་བའི་རྟོག་པའི་ཡམ་ཤིང་ལ། །རྟོག་མེད་རིག་པ་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཧུ༷་ཡན་ལག་མ་འགགས་ཕ་རོལ་ཕྱིན་པའི་སྐུ། །རིག་པ་སེལ་མཛད་རིག་མེད་ཆེན་པོའི་གསུང་། །བདེ་བ་ལེགས་པའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་རོལ་པའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་ཆོས་ཉིད་མཉམ་པ་ཆེན་པོའི་ཧོམ་ཁུང་དུ། །རོ་རུ་སྣང་བའི་རྟོག་པའི་ཡམ་ཤིང་ལ། །དམིགས་མེད་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཧུ༷་སྤྲུལ་པ་གང་འདུལ་ཕ་རོལ་ཕྱིན་པའི་སྐུ། །འགྲོ་བའི་ལོག་པར་རྟོག་པ་སེལ་བའི་གསུང་། །པདྨ་ཅན་གྱི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སྤྲུལ་པའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་ཆོས་ཉིད་འགྲོ་བ་མེད་པའི་ཧོམ་ཁུང་དུ། །རེག་བྱར་སྣང་བའི་ལུས་ཀྱི་ཡམ་ཤིང་ལ། །ཆོས་ཉིད་འདོད་པ་མེད་པའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཧུ༷་འདི་སྣང་ཕ་རོལ་ཕྱིན་པ་རྣམ་པར་དག་པའི་སྐུ། །སྐུ་ཉིད་སྣང་བས་སྒྲིབ་པ་སེལ་བའི་གསུང་། །ཡེ་ཤེས་ཚོགས་ཆེན་འཁོར་ལོའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་གསལ་བའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་ལྷུན་གྲུབ་བདེ་བ་ཆེན་པོའི་ཧོམ་ཁུང་དུ། །ལོག་རྟོག་ཆོས་སུ་སྣང་བའི་ཡམ་ཤིང་ལ། །བདེ་ཆེན་རིག་པ་ཆེན་པོའི་མེ་སྤར་བས། །འཁོར་བའི་བག་ཆགས་རྣམ་རྟོག་བསྲེག་སྦྱང་རོལ། །རྒྱུ༷་འོད་ཀྱི་རིག་འདུས་ཕ་རོལ་ཕྱིན་པའི་སྐུ། །རིག་པའི་སྣང་བས་རྟོག་པ་སེལ་བའི་གསུང་། །འཇོམས་བྱེད་རིག་པའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་བཞད་པའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་ཆོས་ཉིད་བདེ་བ་ཆེན་པོའི་ཧོམ་ཁུང་དུ། །གཟུང་བར་སྣང་བའི་རིག་པའི་ཡམ་ཤིང་ལ། །བདེ་བ་ཆེན་པོའི་ཡེ་ཤེས་མེ་སྤར་བས། །ཚེ་འདས་ལས་ཀྱི་སྒྲིབ་པ་ཐིམ་སྦྱང་རོལ། །ཧུ༷་ཡེ་ཤེས་ལྷུན་གྲུབ་ཕརོཔཕྱིནཔའི་སྐུ། །གཉིས་མེད་ཡེ་ཤེས་གཟུང་འཛིན་སེལ་བའི་གསུང་། །ལྷུན་གྲུབ་བདེ་བའི་ས་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ལྷུན་གྲུབ་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧྭ༷་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །འཛིན་པར་སྣང་བ་རྟོག་པའི་ཡམ་ཤིང་ལ། །རིག་པའི་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་སྒྲིབ་པ་ཐིམ་སྦྱང་རོལ། །ཧུ༷་ཆོས་དབྱིངས་མི་འགྱུར་ཕ་རོལ་ཕྱིན་པའི་སྐུ། །རིས་མེད་བླང་དོར་གཉིས་མེད་སེལ་བའི་གསུང་། །མ་བཅོལ་ནམ་མཁའི་ངང་ལ་སྤྱོད་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སྐྱེ་མེད་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཧུ༷་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །མཚན་མོའི་རྣམ་པར་རྟོག་པའི་ཡམ་ཤིང་ལ། །རང་བྱུང་ཡེ་ཤེས་རིག་པའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། འོག་ཏུསེམསམ་བདུནདངའདིརསེམས་དཔའབཅོལྔ་ཝངབགྲང་མ་་དགོསསམདཔྱད། །ཚེ་འདས་བག་ཆགས་སྦྱང་ཞིང་རྡོ་རྗེའི་སེམས་དཔའ་རྣམས་ལ་མཆོད་པར་འབུལ་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར། །རྡོ་རྗེ་སེམས་མ་རྣམས་ལ་མཆོད་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧུ༷་ཀུན་གཞིའི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་སེར་སྣ་གནས་སུ་དག་པའི་གསུང་། །མིག་གི་རྣམ་ཤེས་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་སྒེག་མོའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ཉོན་མོངས་ཡིད་ནི་གནས་སུ་དག་པའི་སྐུ། །ཉོན་མོངས་ཆགས་པ་གནས་སུ་དག་བྱེད་གསུང་། །རྣ་བའི་རྣམ་ཤེས་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ཕྲེང་བའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ཡིད་ཀྱི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་དྲི་མ་གནས་སུ་དག་བྱེད་གསུང་། །སྣ་ཡི་རྣམ་ཤེས་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། རྡོ་རྗེ་དབྱངས་མའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་མིག་གི་རྣམ་ཤེས་་གནས་སུ་དག་པའི་སྐུ། །ཉོན་མོངས་བག་མེད་གནས་སུ་དག་པའི་གསུང་། །མིག་གི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་གར་མའི་སྐུ་ལ་མཆོད་པར་འབུལ། །ཚ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་རྣ་བའི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་ཕྲ་མ་གནས་སུ་དག་པའི་གསུང་། །རྣ་བའི་སྐྱེ་མཆེད་གནས་སུ་དག་པའ་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་དཀར་མོའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་སྣ་ཡི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་བག་མེད་གནས་སུ་དག་བྱེད་གསུང་། །སྣ་ཡི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་མེ་ལྷའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ལྕེ་ཡི་རྣམ་ཤེས་གནས་སུ་དག་པའི་སྐུ། །ཉོན་མོངས་ལེ་ལོ་གནས་སུ་དག་བྱེད་གསུང་། །ལྕེ་ཡི་སྐྱེ་མཆེད་གནས་སུ་དག་བྱེད་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་གིརྟིའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ལུས་ཀྱི་རྣམ་ཤེས་གནས་སུ་དག་པའི་སྐུ། མ་བྱིན་ལེན་པ་གནས་སུ་དག་པའི་གསུང་། ལུས་ཀྱི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། རྡོ་རྗེ་ནིར་ཏིའི་སྐུ་ལ་མཆོད་པར་འབུལ། ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་མིག་གི་དབང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་ཆགས་སེམས་གནས་སུ་དག་པའི་གསངས་། །སྒྲ་ཡི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་འོད་འཛིན་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་སྣ་ཡི་དབང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་དྲི་མ་གནས་སུ་དག་པའི་གསུང་། །དྲི་ཡི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་འོད་འཛིན་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ལུས་ཀྱི་དབང་པོ་གནས་སུ་དག་པའི་སྐུ། །ལོག་པའི་བལྟ་བ་གནས་སུ་དག་པའི་གསུང་། །ལུས་ཀྱི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བར་མཆོད་པ་འདི། །རྡོ་རྗེ་འཇོམས་པ་མོ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ཡིད་ཀྱི་དབང་པོ་གནས་སུ་དག་པའི་སྐུ། །ཉོན་མོངས་བརྣབ་སེམས་གནས་སུ་དརྒ་པའི་གསུང་། །ཆོས་ཀྱི་སྐྱེ་མཆེད་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་ཡིད་སྤྱོད་མ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་དངོས་པོར་སྣང་བ་གནས་སུ་དག་པའི་སྐུ། །ཉོན་མོངས་གནོད་སེམས་གནས་སུ་དག་པའི་གསུང། །ཡུལ་དུ་འཛིན་པའི་མཚན་མ་འཇོམས་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་བརྗིད་པ་མོ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་བདག་ཏུ་འཛིན་པ་རྣམ་པར་དག་པའི་སྐུ། །ངག་གི་ཉེས་པ་གནས་སུ་དག་པའི་གསུང་། །བདག་མེད་ནམ་མཁའ་ལྟ་བུའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་བདུག་པའི་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་མཚན་མར་འཛིན་པ་གནས་སུ་དག་པའི་སྐུ། །ལུས་ཀྱི་ཉེས་པ་གནས་སུ་དག་པའི་གསུང་། །མཚན་མེད་ནམ་མཁའ་ལྟ་བུའི་ཐུགས་མངའ་བར། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་མེ་ཏོག་མ་་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་རྒྱུ་རུ་འཛིན་པ་གནས་སུ་དག་པའི་སྐུ། །ཡིད་ཀྱི་ཉེས་པ་གནས་སུ་དག་པའི་གསུང་། །རྒྱུ་མེད་འཛིན་པ་གནས་སུ་དག་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་མར་མེ་མ་ལ་མཆོད་པར་འབུལ ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ལོག་པར་བལྟ་བ་གནས་སུ་དག་པའི་སྐུ། །གྲུབ་པའི་ལོངས་སྤྱོད་གནས་སུ་དག་པའི་གསུང་། །ཡེ་ཤེས་དག་པའི་ཐུགས་ཀྱི་དགོངས་པ་ཅན། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །རྡོ་རྗེ་དྲི་ཆབ་མ་ལ་མཇོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཆོས་ཅན་སྐྱེ་བར་སྣང་བའི་ཡམ་ཤིང་ལ། །རང་བྱུང་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་སྒྲིབ་པ་བསྲེག་སྦྱང་ཐིམ། །ཨཱོཾ༷་བོ་དྷི་ཙིསྟ་ཆེ་གེ་སརྦ་བཱ་པ༷་ཤཱརྙི་ཀུ་རུ་གྲྭ་ཧྭ། བཛྲ་ཨསྣེ་ཆེ་གེ་སརྦ་བཱ་པ༷་ཤཱརྙི་ཀུ་རུ་གྲྭ་ཧྭ། ཚེ་ལས་འདས་པའི་བག་ཆགས་བསྲེག་ཅིང་། རྡོ་རྗེ་སེམས་མ་རྣམས་ལ་མཆོད་པ་འབུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བའི་ཕྱིར། །ཐུབ་པ་དྲུག་ལ་མཆོད་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧུ༷་ལེ་ལོའི་སྐྱོན་སྤངས་གནས་སུ་དག་པའི་སྐུ། །བདེ་བའི་ལོངས་སྤྱོད་འཛིན་པ་རིག་པའི་གསུང་། །རིག་པའི་ཡེ་ཤེས་ཐུགས་ཀྱིས་ལྷ་རྣམས་འདུལ། །འཇོམས་མཛད་ལྷ་ཡི་ཐུབ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བ་དང་། །ཧུ༷་ཕྲག་དོག་སྐྱོན་སྤངས་གནས་སུ་དག་པའི་སྐུ། །སྨོད་པའི་ལོངས་སྤྱོད་འཛིན་པ་རིག་པའི་གསུང་། །དཔའ་བོ་ལྷ་ཡི་ཐུགས་རྗེས་ལྷ་མིན་འདུལ། །རྡོ་རྗེ་ལྷ་མིན་ཐུབ་ལ་མཆོད་པར་འབུལ། །ཧུ༷་ང་རྒྱལ་སྐྱོན་སྤངས་གནས་སུ་དག་པའི་སྐུ། །ཁྲོ་བོའི་རིག་པའི་ལོངས་སྤྱོད་འཛིན་པའི་གསུང་། །འགྲོ་བའི་གཉེན་པོས་མི་རྣམས་འདུལ་བའི་ཐུགས། །འདུལ་བྱེད་ཐུབ་པའི་སྐུ་ལ་མཆོད་པར་འབུལ། །ཧུ༷་གཏི་མུག་སྐྱོན་སྤངས་གནས་སུ་དག་པའི་སྐུ། །གཉིས་མེད་ལོངས་སྤྱོད་འཛིན་པའི་རིག་པའི་གསུང་། །གླེན་ལྐུགས་སྒྲིབ་པ་གཅོད་པའི་རིག་པའི་ཐུགས། །འཇོམས་བྱེད་ཐུབ་པའི་སྐུ་ལ་མཆོད་པར་འབུལ། །ཧུ༷་འདོད་ཆགས་སྐྱོན་སྤངས་གནས་སུ་དག་པའི་སྐུ། །སེར་སྣའི་འཆིང་བ་འགྲོལ་བར་བྱེད་པའི་གསུང་། །འགྲོ་བའི་གཉེན་པོས་ཡི་དྭགས་འདུལ་བའི་ཐུགས། །སེལ་མཛད་ཡི་དྭགས་ཐུབ་ལ་མཆོད་པར་འབུལ། །ཧུ༷་ཞེ་སྡང་སྐྱོན་སྤངས་གནས་སུ་དག་པའི་སྐུ། །ཚ་གྲང་སྡུག་བསྔལ་སེལ་བྱེད་རིག་པའི་གསུང་། །རིགས་མཆོག་དམྱལ་བ་འདྲེན་མཛད་དཔའ་བོའི་ཐུགས། །དཔའ་བརྟན་དམྱལ་བའི་ཐུབ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །ཉོན་མོངས་རྒྱུད་དྲུག་རྟོག་པའི་ཡམ་ཤིང་ལ། །རིག་པའི་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་སྒྲིབ་པ་ཐིམ་སྦྱང་རོལ། །ཨ་སྤོ་སུ་ཏྲི་པྲེ་དུ་ཤཱསྟི་ཀུ་རུ་གྲྭ་ཧྭ། །ཚེ་ལས་འདས་པའི་བག་ཆགས་སྦྱངས་ཤིང་། སྤྲུལ་སྐུ་ཐུབ་པ་ལ་མཆོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བའི་ཕྱིར། །ཡེ་ཤེས་ཁྲོ་བོ་རྣམས་ལ་མཆོད་པ་འབུལ་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧུ༷་ཁྲོ་ལ་ཁྲོས་པའི་ཞི་བའི་སྐུ། །ཁྲོ་དཔུང་ཆེན་པོ་འཇོམས་པའི་གསུང་། །ཁྲོས་པའི་ཉེ་བའི་སྤྲིན་ཆེན་ཐུགས། །ཞི་མཛད་ཁྲོ་བོའི་སྐུ་ལ་མཆོད་པར་འབུལ། །ཧུ༷་ལྷ་རྣམས་འདུལ་བ་གཙོ་བའི་སྐུ། །འཇོམས་བྱེད་དབང་ཕྱུག་ཆེན་པོའི་གསུང་། །ཞི་མཛད་རབ་ཏུ་འཇིགས་པའི་ཐུགས། །འཇོམས་བྱེདཁྲོལམཆོདཔརའབུལ། །ཧཱུཾ་ཤར་ཕྱོགས་དྲེགས་པ་ཀུན་འདུལ་སྐུ། །དྲི་ཟའི་གཙོ་གཟུངས་བརྫིས་པའི་གསུང་། །འཇོམས་བྱེད་དབང་ཕྱུག་འདུལ་བའི་ཐུགས། །གཤེད་མཛད་འདུལ་ལ་མཆོད་པར་འབུལ། །ཧུ༷་ཤར་ལྷོ་དྲེགས་པ་འདུལ་བའི་སྐུ། །བདེན་བྲལ་གཙོ་གཟུངས་འདུལ་བའི་གསུང་། །འཇོམས་བྱེད་དབང་ཕྱུག་རིག་པའི་ཐུགས། །བདེན་བྲལ་འདུལ་ལ་མཆོད་པར་འབུལ། །ཧུ༷་ལྷོ་ཕྱོགས་དྲེགས་པ་འདུལ་བའི་སྐུ། །གཤིན་རྗེ་གཙོ་གཟུངས་འདུལ་བའི་གསུང་། །འཇོམས་བྱེད་དབང་ཕྱུག་འདུལ་བའེ་ཐུགས། །ཚེ་གཤེད་ཁྲོ་ལ་མཆོད་པར་འབུལ། །ཧུ༷་ལྷོ་ནུབ་དྲེགས་པ་འདུལ་བའི་སྐུ། །སྲིན་པོ་འདུལ་བ་རེག་པའེ་གསུང་། །འཇོམས་བྱེད་དབང་ཕྱུག་ཐུགས་རྗེའི་བདག །མཐར་བྱེད་ཁྲོ་ལ་མཆོད་པར་འབུལ། །ཧུ༷་ནུབ་ཕྱོགས་དྲེགས་པ་འདུལ་བའི་སྐུ། །ཀླུ་ཡི་གཙོ་གཟུངས་གདན་བཏིང་གསུང་། །འཇོམས་བྱེད་དབང་ཕྱུག་ཡིད་ཀྱི་ཐུགས། །འདུལ་བྱེད་ཁྲོ་ལ་མཆོད་པར་འབུལ། །ཧུ༷་ནུབ་བྱང་དྲེགས་པ་འདུལ་བའི་སྐུ། །རླུད་ལྷའི་གཙོ་གཟུངས་གདན་བཏིང་གསུང་། །འཇོམས་བྱེད་རྒྱལ་པོ་ཐུགས་ཀྱི་བདག །འདུལ་བྱེད་ཁྲོ་ལ་མཆོད་པར་འབུལ། །ཧུ༷་བྱང་ཕྱོགས་དྲེགས་པ་འདུལ་བའི་སྐུ། །གནོད་སྤྱིན་གཙོ་གཟུངས་གདན་བཏིང་གསུང་། །འདུལ་བྱེད་དབང་ཕྱུག་ཐུགས་ཀྱི་བདག །དབང་མཆོག་ཁྲོ་ལ་མཆོད་པར་འབུལ། །ཧུ༷་བྱང་ཤར་དྲེགས་པ་འདུལ་བའི་སྐུ། །དབང་ལྡན་གདན་གཏིང་རིག་པའི་གསུང་། །འཇོམས་བྱེད་སྟོབས་ཀྱིས་གནོན་པའི་ཐུགས། །སྟོབས་ལྡན་ཁྲོ་ལ་མཆོད་པར་འབུལ། །ཧུ༷་ཕྲིན་ལས་འཇོམས་པའི་ཧོམ་ཁུང་དུ། །གདུག་པ་ཉོན་མོངས་ཡམ་ཤིང་ལ། །འཇོམས་བྱེད་ཁྲོ་བོའི་མེ་སྤར་བས། །ཚེ་འདས་གཤེད་མ་བསྲེག་སྦྱང་རོལ། །ཧུ༷་བཛྲ་ཀྲོ་ཏ་བི་ཛ་ཡ་ཆེ་གེ་སརྦ་བཱ་པ༷་མུ་ར་ཡ་ཛ་ལ་ར༷། ཚེ་ལས་འདས་པའི་གཤེད་མ་སྦྱང་ཞིང་། ཡེ་ཤེས་ཁྲོ་བོ་ལ་མཆོད་པ་དབུལ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཞིང་སྐྱོང་རྡོ་རྗེ་འགྲོ་བའི་དཔལ་མཛད་ལ། །ཚེ་འདས་སྒྲིབ་པ་སྦྱང་ཞིང་མཆོད་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧུ༷་བདེ་གཤེགས་ཐམས་ཅད་འོད་ལས་སྤྲུལ་པའི་སྐུ། །རྒྱལ་བ་ཀུན་གྱི་ཞིང་ཁམས་སྐྱོང་བའི་གསུང་། །ཡོན་ཏན་འགག་མེད་ཐམས་ཅད་མཁྱེན་པའི་ཐུགས། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་འདི། །ཞིང་སྐྱོང་དཔལ་མཛད་སྐུ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་སྦྱང་བར་མཛོད། །ཨ་བཛྲ་པ་ཏྲ་ཨ་ཆེ་གེ་མོ་ཤཱརྙི་ཀུ་རུ་གྲྭ་ཧྭ། ཧུ༷་གཉིས་མེད་བྷ་གའི་ཧོམ་ཁུང་དུ། །འབྱུང་བ་འོད་ཀྱི་མེ་སྤར་བས། །ཚེ་འདས་བག་ཆགས་བསྲེག་སྦྱང་རོལ། །བཛྲ་ཨསྣེ་ཆེ་གེ་མོ་ཛ་ལ་ར༷། །ཞིང་སྐྱོང་དཔལ་མཛད་མའི་མཆོད་པ་དབུལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལས་ཀྱི་བག་ཆགས་སྦྱང་བའི་ཕྱིར། །ཡེ་ཤེས་སྒོ་བ་རྣམས་ལ་མཆོད་པར་འབུལ་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧུ༷་ལོག་པར་བལྟ་བའི་མཚན་མ་འཇོམས་པའི་སྐུ། །དམིགས་པ་འཛིན་པ་འགྲོ་བ་འདུལ་བའི་གསུང་། །མ་འགགས་ཡེ་ཤེས་རིག་པའི་ཐུགས་མངའ་བ། །རྣམ་པར་རྒྱལ་བའི་སྐུ་ལ་མཆོད་པར་འབུལ། །ཧུ༷་མཚན་མར་བལྟ་བ་མཚན་མེད་དག་པའི་སྐུ། །རྣམ་པའི་ཡུལ་གྱིས་འགྲོ་བ་འདུལ་བའི་གསུང་། །མི་གཡོ་བ་ཡི་ཡེ་ཤེས་ཐུགས་མངའ་བ། །གཤིན་རྗེ་གཤེད་པོའི་སྐུ་ལ་མཆོད་པར་འབུལ། །ཧུ༷་བདག་ཏུ་བལྟ་བའི་མཚན་མ་འཇོམས་པའི་སྐུ། །ཡུལ་དུ་འཛིན་པའི་རིག་པ་མེད་པའི་གསུང་། །རྒྱ་མ་ཆད་པའི་ཡེ་ཤེས་ཐུགས་མངའ་བ། །དབང་སྡུད་རྟ་མགྲིན་སྐུ་ལ་མཆོད་པར་འབུལ། །ཧུ༷་ཆད་པར་བལྟ་བ་བདེ་བས་སེལ་བའི་སྐུ། །དམིགས་པ་མེད་པ་རིག་པ་ཆེན་པོའི་གསུང་། །མི་འགྱུར་བ་ཡི་ཡེ་ཤེས་ཐུགས་མངའ་བ། །གསོལ་མཛད་བདུད་རྩི་འཁྱིལ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་བྱང་གྱུར་ཅིག །ཧུ༷་ཕྲིན་ལས་ལས་ལ་གྲུབ་པའི་ཧོམ་ཁུང་དུ། །ལོག་རྟོག་རྒྱུ་རུ་སྣང་བའི་ཡམ་ཤིང་ལ། །འཇོམས་མཛད་ཡེ་ཤེསཆེན་པོའི་མེ་སྤར་བས། །ཚེ་འདས་བག་ཆགས་ཐམས་ཅད་བསྲེག་སྦྱང་རོལ། །ཧུ༷་བཛྲ་ཀྲོ་དྷ་ཆེ་གེ་མོ་ཤཱརྙོ་ཀུ་རུ་གྲྭ་ཧྭ། ཡེ་ཤེས་སྒོ་བ་ལ་མཆོད་པ་དབུལ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།སྡུད་པའི་གསང་བདག་རྡོརྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཡེ་ཤེས་སྒོ་མ་རྣམས་ལ་མཆོད་པ་འབུལ་བ་དང་། །ཚེ་འདས་སྒྲིབ་པ་སྦྱོང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧུ༷་སྟོང་ཉིད་ཆེན་པོ་མངོན་སངས་རྒྱས་པའི་སྐུ། །རིག་པའི་ལྕགས་ཀྱུས་འགྲོ་བ་འདྲེན་པའི་གསུང་། །སྙིང་རྗེ་ཚད་མེད་འགྲོ་བའི་ཐུགས་འཆང་བ། །རྡོ་རྗེ་ལྕགས་ཀྱུའི་སྐུ་ལ་མཆོད་པར་འབུལ། །ཧུ༷་སྨོན་པ་ཆེན་པོ་མངོན་སངས་རྒྱས་པའི་སྐུ། །ཡེ་ཤེས་ཞགས་པས་འགྲོ་བ་འདྲེན་པའི་གསུང་། །བྱམས་པ་ཚད་མེད་འགྲོ་བའི་ཐུགས་འཆང་བ། །རྡོ་རྗེ་ཞགས་པ་མ་ལ་མཆོད་པར་འབུལ། །ཧུ༷་བདག་མེད་ཆེན་པོ་མངོན་སངས་རྒྱས་པའི་སྐུ། །ཐུགས་རྗེའི་ལྕགས་སྒྲོག་འགྲོ་བ་འདྲེན་པའི་གསུང་། །དགའ་བ་ཚད་མེད་འགྲོ་བའི་ཐུགས་འཆང་བ། །རྡོ་རྗེ་ལྕགས་སྒྲོག་མ་ལ་མཆོད་པར་འབུལ། །ཧུ༷་རང་བཞིན་འོད་གསལ་མངོན་སངས་རྒྱས་པའི་སྐུ། །ཕྲིན་ལས་འདུལ་བའི་རྡོ་རྗེ་དྲིལ་བུའི་གསུང་། །བཏང་སྙོམས་ཚད་མེད་འགྲོ་བའི་དོན་མཛད་ཐུགས། །འཇོམས་བྱེད་དྲིལ་བུ་མ་ལ་མཆོད་པར་འབུལ། །ཚེ་འདས་ལས་ཀྱི་སྒྲིབ་པ་དག་པར་ཤོག །ཨོ་བཛྲ་ཀྲོ་དྷི་བྱུ་ཛ་ས་མ་ཡ་ཧུ༷། ཧུ༷་ཆོས་ཉིད་སྐྱེ་བ་མེད་པའི་ཧོམ་ཁུང་དུ། །རྟོགཔཆེནཔོའབྱུངབའི་ཡམ་ཤིང་ལ། །རྟོག་མེད་ཡེ་ཤེས་ཆེན་པོའི་མེ་སྤར་བས། །ཚེ་འདས་ལས་ཀྱི་བག་ཆགས་བསྲེག་སྦྱང་རོལ། །ཨོ་ཀྲོ་དྷི་ཆེ་གེ་མོ་ཤཱསྟི་ཀུ་རུ་བཛྲ་ཛ་ལ་ར༷ ཡེ་༄༅། ཁྲེས་སྒོ་མ་བཞི་ལ་བསྲེག་རྫས་མཆོད་པ་དབུལ་བའི་ལེའུ་སྟེ་བཅུ་བདུན་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་བགཆགས་སྦྱང་བའི་ཕྱིར། །ཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་བྱ་བ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཨོ་དུང་ངམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །ལོགས་ལ་ཞི་བའི་ལྷ་བསྒོམས་པས། །ཉོན་མོངས་བག་ཆགས་ཞི་བར་འགྱུར། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་ལྷ་ལ་མཆོད་པར་འབུལ། ཁྲསྟི་ཀུ་རུ་གྲྭ་ཧྭ། ཧུ༷་ཕྲིན་ལས་ཆུ་ཡི་ཐབ་ཁུང་དུ། །ཞེ་སྡང་རུས་པའི་ཡམ་ཤིང་ལ། །ཀུན་བཟང་ཐུགས་ཀྱི་མེ་སྤར་བས། །འཁོར་བའི་ཉོན་མོངས་ཞི་བར་འགྱུར། །དུ་ཤཱསྟི་ཀུ་རུ་སྲུ་ཧྭ། ཧུ༷་གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ལོགས་ལ་རྒྱས་པའི་ལྷ་བསྒོམས་པས། །ཡོན་ཏན་མ་ལུས་རྒྱས་པར་འགྱུར། །རྒྱས་མཛད་ལྷ་ལ་མཆོད་པར་འབུལ། །ཚུརྙུ་ཀུ་རུ་སྲུ་ཧྭ། ཧུ༷་ཕྲིན་ལས་ས་ཡི་ཧོམ་ཁུང་དུ། །ཉོན་མོངས་ང་རྒྱལ་ཡམ་ཤིང་ལ། །ཀུན་བཟང་རྫོགས་པའི་མེ་སྤར་བས། །སྐྱེ་བོའི་བག་ཆགས་བསྲེག་སྦྱང་རོལ། །སུ་ཚུརྨྱེ་ཀུ་རུ་གྲྭ་ཧྭ། ཧུ༷་ཟངས་སམ་དམར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །ལོགས་ལ་དབང་གི་ལྷ་བསྒོམས་པས། །གང་འདོད་ཡེ་ཤེས་དབང་དུ་སྒྱུར། །དབང་སྡུད་ལྷ་ལ་མཆོད་པར་འབུལ། །བ་ཤང་ཀུ་རུ་སྲུ་ཧྭ། ཧུ༷་ཕྲིན་ལས་མེ་ཡི་ཧོམ་ཁུང་དུ། །ཉོན་མོངས་འདོད་ཆགས་ཡམ་ཤིང་ལ། །ཀུན་བཟང་རིག་པའི་མེ་སྤར་བས། །གནས་པའི་བག་ཆགས་བསྲེག་སྦྱང་རོལ། །པྲེ་མ་ཏི་ཀུ་རུ་གྲྭ་ཧྭ། ཧུ༷་ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ལོགས་ལ་དྲག་པོའི་ལྷ་བསྒོམས་པས། །གནོད་གདུག་ཉོན་མོངས་བརླག་པར་འགྱུར། །བརླག་མཛད་ལྟ་ལ་མཆོད་པར་འབུལ། །བཛྲ་ཀྲོ་དྷ་སུསྟུ་སྒྲོཟློ་པ་ཡ་ཧུ༷། ཧུ༷་ཕྲིན་ལས་རླུད་གི་ཧོམ་ཁུང་དུ། །ཉོན་མོངས་ཕྲག་དོག་ཡམ་ཤིང་ལ། །ཁྲོ་རྒྱལ་འཇོམས་པའི་མེ་སྤར་བས། །གནོད་བྱེད་ཉོན་མོངས་བསྲེག་སྦྱང་རོལ། །ཨོ་བཛྲ་ཀྲོ་དྷི་སུསྒྱུ་སྒྲོསྣྲི་པ་ཡ་ཆེ་གེ་མོ་ཛ་ལ་ར༷། །ཕྲིན་ལས་རྣམ་པ་བཞིའི་ལྷ་ལ་མཆོད་པ་དབུལ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །བསྲེག་རྫས་སྔ༷གས་ཀྱིས་དབུལ་བ་ཇི་ལྟར་ལགས།༷།དཀྱིལ་འཁོ༷ར་ལྷ་ཚོགས་ཐམས་ཅད་ལ། །རྫས་ཀྱི་མཆོད་པ་འདི་རྣམས་ཀུན། །ལྷ་རྣམས་ཀུན་ལ་རེ་རེ་འབུལ། །དང་པོ་ཡེ་ཤེ༷ས་ལྷ་ལ་ཞལ་ཟས་བདུད་རྩི་མརགྱིསམཆོད། ཨཱོཾཨསྣཡེཨ་མོ་ཀ༷་ཤཱསྟི་ཀུ་རུ་གྲྭ་ཧྭ། ཨཱོཾ་ཨསྣ་ཡེ། ཨཱོཾ་བཛྲ་ཛ་ཡ་ཛ་ཡ་སྲུ་ཧྭ། ཤཱསྟི་ཀུ་རུ་གྲྭ་ཧྭ། དེ་ནས་དུར་བའི་མྱུ་གུ་ལ། །སྔགས་འདི་བཟླསཏེམཆོདཔའབུལ། །ཨཱོཾ་ཨསྣ་ཡེ། བཛྲ་ཨུ་ཡུ་ཁེ་ཤཱརྙི་༄༅། ༷ །ཀུ་རུ་གྲྭ་ཧྭ། དེ་ནས་ནས་ཀྱི་སྙིང་པོ་ལ། །སྔགས་འདི་བཟླས་ལ་མཆོད་པར་འབུལ། །ཨཱོཾ༷་ཨསྣ་ཡེ་གྲྭ་ཧྭ། མ་ཧྭ་བེ་གྭ་ཡ་ཤཱསྟེ༷་ཀུ་རུ་གྲྭ་ཧྭ། དེ་བཞིན་གྲོ་ཡི་སྙིང་པོ་ལ། །སྔགས་འདི་བཟླས་ཏེ་མཆོད་པར་འབུལ། །ཨཱོཾ་ཨསྣ་ཡེ། བཛྲ་ཀྟསྨ་རི་ཤཱསྟི་ཀུ་རུ་སྲུ་ཧྭ། ཏིལ་ད༷ང་ཡུངས་ཀར་མར་རྣམས་ལ། སྔགས་འདི་བཟླས་ལ་མཆོད་པར་འབུལ། །ཨཱོཾ་ཨསྣ་ཡེ་བཛྲ་སརྦ་བཱ་པ༷་ད་ཧ་ན་བཛྲ༷་གྲྭ་ཧྭ། ཤཱསྟི་ཀུ་རུ་སྲུ་ཧྭ། དེ་ནས་ཞོ་དང་ཟན་ཉིད་ལ། སྔགས་འདི་བཟླས་ཏེ་མཆོད་པར་འབུལ། །ཨཱོཾ་ཨསྣ་ཡེ་སརྦ་སསྦ་དེ་ཤཱརྙི་ཀུ་རུ་གྲྭ་༷ཧྭ། དེ་ནས་ཙྭ་མཆོག་ཀུ་ཤ་ལ། །སྔགས་འདི་བཟླས་ཏེ་མཆོད་པར་འབུལ། །ཨཱོཾ་ཨསྣ་ཡེ། ཨ་པྲ་ཏི་ཧ་ཏ་བཛྲ་ཡ། ཤཱསྟི་ཀུ་རུ་སྲུ་ཧྭ། དེ་ནས་འབྲུ་རྣམས་ཐམས་ཅད་ལ། །སྔགས་འདི་བཟླས་ཤིང་མཆོད་པར་འབུལ། །ཨཱོཾ་ཨསྣ་ཡེ། བཛྲ་བི༷་ཛ་ཡ། ཤཱརྙི་ཀུ་རུ་གྲྭ་ཧྭ། དེ་ནས་མ་ཤ་ཀ་ཉིད་ལ། སྔགས་འདི་བཟླས་ཤིང་མཆོད་པར་འབུལ །ཨཱོཾ་ཨསྣ་ཡེ་མ༷་ཧྭ་བ་ལྭ་ཡ་ཤཱསྟི་ཀུ་རུ་སྲུ་ཧྭ། དེ་ནས་འབྲས་ཀྱི་ལྡེ་གུ་ལ། །སྔགས་འདི་བཟླས་ཏེ་མཆོད་པར་འབུལ། །ཨཱོཾ་ཨསྣ་ཡེ། བཛྲ་པུགི་ཡ་ཤཱརྙི་ཀུ་རུ་སྲུ་ཧྭ། དེ་ནས་ཞོ་ཤ་རྣམ་ལྔ་ལ། སྔགས་འདི་བཟླས་ཏེ་མཆོད་པར་འབུལ། ཨཱོཾ་ཨསྣ་ཡེ། མ་ཧྭ་ཤི་བ་ཡེ་ཤཱརྙི་ཀུ་རུ་གྲྭ་ཧྭ། དེ་ནས་ལྷ་རྣམས་ཐམས་ཅད་ལ། །སྔགས་དང་སྦྱར་ཏེ་དབུལ་བར་བྱ། །ཕྱི་དང་ནང་གི་མཆོད་པ་ཡང་། །ལྷ་རྣམས་ཀུན་ལ་རེ་རེ་འབུལ། །རང་གི་སྔགས་དང་མཆོད་པའི་སྔགས། །སྦྱར་ཏེ་ཐིམ་པར་རྒྱས་པར་འབུལ། །སྔགས་ཀྱིས་རྫས་དབུལ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔ༷འ་ཡིས། །སྟོན་པའི་སྟོན་པ་ཀུནཏུབཟངཔོ་ལ། །ཕྱི་ཡི་མཆོད་པ་སྔགས་ཀྱིས་དབུལ་བ་དང་། །ཚེ་འདས་སྡིག་སྒྲིབ་སྦྱང་བ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །དེ་ནས་ཞབས་བསིལ་དབུལ་བ་ནི། །ཨཱོཾ་ཨུ༷༷ཛ༷༷ཧུ༷་བ༷་ཧོ༷༷ཧུ༷་ཧུ༷་བཛྲ་ཙིསྟ་ཧྭ༷་ནི་རྭ༷ཁུ་ཧི་ཤཱསྟི་ཀུ་རུ་གྲྭ་ཧྭ། དེ་ནས་མེ་ཏོག་དབུལ་བ་ནི། ཧུ༷་ཧུ༷་བཛྲ་ཙིསྟ་ཧུ༷་བཛྲ་པུསྤྲོ་པུ་ཛ་ཤཱརྙི་ཀུ་རུ་གྲྭ་ཧྭ། དེ་ནས་བདུག་སྤོས་དབུལ་བ་ནི། ཧུ༷་ཧུ༷་བཛྲ་ཙིཏི་ཧུ༷་དྷ་པེ་པྲུ་ཛ་ཤཱསྟི་ཀུ་རུ་གྲྭ་ཧྭ། དེ་ནས་མར་མེ་དབུལ་བ་ནི། ཧུ༷ ཧུ༷་བཛྲ་ཙིསྟ་ཧུ༷་ཨུ་ལོ་ཀེ་བྱུ་ཛ་ཤཱརྙི་ཀུ་རུ་གྲྭ་ཧྭ། དེ་ནས་དྲི་ཆབ་དབུལ་བ་ནི། ཧུ༷་ཧུ༷་བཛྲ་ཙིསྟ་ཧུ༷་གརྙེ་པྱུ་ཛ་ཤཱསྟི་ཀུ་རུ་གྲྭ་ཧྭ། དེ་ནས་ལྷ་བཤོས་དབུལ་བ་ནི། ཧཱུཾ་ཧུ༷་བཛྲ་ཙིསྟ་ཧུ༷་ནི་པིབྱ་བྱུ་ཛ་ཤཱསྟི༷་ཀུ་རུ་གྲྭཧྭ། དེ་ནས་ཏིལ་དང་མར་དབུལ་ལོ། །ཧུ༷་ཧུ༷་བཛྲ་ཙིསྟ་ཧུ༷། སརྦ་བཱ་པ༷་ད་ཧ་ན་བཛྲ་ནི་གྲྭ་ཧྭ། ཀུ་ཤ་འབྲུ་རྣམས་ལ་སོགས་ཀྱང་། །སྔགས་ཀྱི་རིམ་པར་སྦྱར་ཏེ་དབུལ། སྡིག་པ་སྦྱང་ཞིང་ཀུན་ཏུ་བཟང་པོ་ལ་མཆོད་པ་དབུལ་བའི་ལེའུ་སྟེཉི་ཤུཔའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ཟན་ཉིད་གཏད་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཡང་། །དྲི་མ་འདི་ནི་སྐུ་ཡི་རྟེན། །འཕན་ཕྲན་འདི་ནི་ལུས་ཀྱི་ཚད། །ཙུ་ཏ་འདི་ནི་བླ་ཡི་ཤིང་། །གདུགས་ཕུབས་འདི་ནི་སྐུ་ཡི་ཁེབས། གནས་མཆོག་འདི་ནི་བསྒྲུབ་པའི་གནས། །དཀྱིལ་འཁོར་དམ་པ་འདི་ལ་ལྟོས། །ཀུན་བཟང་ཡི་དམ་ལྷ་མཆོག་བསྒོམ། །སྙིང་པོ་ཡི་གེར་འབྲུ་བཅུ་བཟླས། །རང་གི་སློབ་དཔོན་འདི་ལ་ཉོན། །མེ་མར་གསལ་བའི་མདངས་ལ་ལྟོས། །ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་ཆིངས། །རྡོ་རྗེ་གཉེན་པོའི་མིང་ནས་བོས། །རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་བསྐོར། །གདུང་བའི་སེམས་ཀྱིས་ལྷ་བསྲུང་སྟེ། །མ་བུའི་འདུ་ཤེས་ཉེར་ཞོག་ལ། །རྡོ་རྗེའི་སྐྲུན་ལ་ཉེ་བར་དགོངས། །རྫས་མཆོག་ལོངས་སྤྱོད་འདི་ལ་རོལ། །བཤོས་དང་གལ་ཕྱི་ཛ་གད་དང་། །ཟླ་ཁྲོམ་ཟླ་རྒྱས་ཟླ་ཚོགས་དང་། །ཚེ་ཡི་སྙིང་པོ་ཚིམས་བྱེད་དང་། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། ཀུན་གྱི་ཟས་སུ་ཐོབ་བྱའི་ཕྱིར། །རང་ཉིད་རྡོ་རྗེ་དཔོན་སློབ་སྟེ། །ཞལ་ཟས་ལོངས་སྤྱོད་འདི་ལ་རོལ། །ཚེ་ལས་འདས་པའི་ཟན་ཚོགས་སུ། གཏད་པའི་ལེའུ་སྟེ་ཉེར་གཅིག་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཁྱད་པར་ཟན་དང་ནོར་བསྔོ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཚེ་འདས་རིགས་ཀྱི་བུ་ལ་ཆུ་བསྔོ་བ་ནི། །དེ་རིང་ཚེ་འཕོས་ལུས་ཀྱི་རེ་བས་ཏེ། །གདུང་བའི་གཉེན་དང་འགྲོགས་པར་མ་གྱུར་ཏེ། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལས། །བག་ཆགས་བཀྲུ་ཕྱིར་བསིལ་ཆབ་འདི་བསྔོས་པས། །ལུས་ངག་ཡིད་གསུམ་སྡུག་བསྔལ་དག་གྱུར་ཅིག །ཚ་ཞིང་གདུང་བའི་སྡུག་བསྔལ་དག་གྱུར་ཅིག །ཧུ༷་དེ་རིང་ལས་ཀྱི་འབྲེལ་པའི་བུ་སྨད་དང་། །མི་ཡུལ་འདི་ན་སྨོན་ལམ་མཐུ་མེད་ནས། །གཏན་དུ་འགྲོགས་པའི་དབང་དང་སྐལ་མེད་པས། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལ། །ཡིད་གཅུགས་གདུངས་པས་བསམས་ཏེ་མཆི་མ་ཕྱུང་། །སྲི་ཞུ་གུས་པའི་ཚུལ་གྱིས་སེམས་བསྐྱེད་ནས། །སེར་སྣ་ཆགས་པ་མེད་པའི་མདུད་པ་གྲོལ། །རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་འདི། །ནམ་གཞག་གཏན་གྱི་བཤོས་ཀྱི་སྐལ་བར་བསྔོ། །ཧུ༷་དེ་རིང་ཡིད་གཅུགས་འདྲིས་པའི་ཤ་རོགས་པོས། །ཕ་མ་སོ་སོས་བསྐྱེད་ཀྱང་ཡིད་གཅུགས་སེམས་འདྲིས་པས། །མཐུན་པར་ཟས་ཟོས་དགའ་བའི་རྩེད་མོ་བྱས། །བསྐལ་པར་འགྲོགས་ཀྱང་སྐད་ཅིག་སྐྱོ་མེད་ན། །ཚེ་འཕོས་ལུས་བརྗེས་ལས་ཀྱི་རེ་བས་ཏེ། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལ། །ནམ་གཞག་གཏན་གྱི་བཞེས་པ་འདྲེན་ལགས་ཀྱི། །རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་འདི། །དར་ཅིག་གསོལ་བས་ཕུང་པོ་བཀྲག་མདངས་གསལ། །ལུས་ཀྱི་ནད་སྐྱོན་ཐམས་ཅད་ཞི་བར་བསྔོ། །ནམ་གཞག་ཡུན་གྱི་བཞེས་པའི་སྐལ་བར་བསྔོ། །ཧུ༷་འཇིག་རྟེན་ལས་ཀྱིས་འབྲེལ་པའི་གྲོགས་པོ་དང་། །གཏན་དུ་འགྲོགས་པའི་དབང་དང་སྐལ་མེད་ནས། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལ། །བརྩེ་ཞིང་གདུང་བའི་འགྲོགས་པོས་འབོད་ལགས་ཀྱི། །ལས་འཕྲོ་གཅིག་པའི་གྲོགས་པོ་འདི་རུ་སྤྱོན། །དགེ་བའི་བཤེས་གཉེན་ཆེན་པོའི་བཀའ་དྲིན་གྱིས། །དམ་ཚིག་བདུད་རྩི་གསུང་རབ་གཉེན་པོ་བསྒྲུབ། །ཚོགས་ཀྱི་ཞལ་ཟས་ལོངས་སྤྱོད་རྒྱ་མཚོ་ལ། །ཅི་བདེར་རོལ་ཞིང་སྤྱད་པར་འདི་རུ་སྦྱོན། །མཐུན་པའི་ཟས་ཟ་གསང་བའི་གྲོས་བྱ་ཡི། །བསིང་བུ་སྔོ་མཐར་འབྱམས་སུ་དཀར་བཏིང་སྟེང་། །དགའ་སྡུག་བདེ་བའི་ལོངས་སྤྱོད་ཚེ་ལོ་དགེ། །ཕམ་པར་མི་དོགས་རྒྱལ་ཐབས་ཐོབ་པར་ངེས། །སྤྱོད་ལམ་གཅིག་པའི་གྲོགས་པོ་འདི་རུ་སྤྱོན། །ལྷ་མོ་ཆོས་ཀྱི་དབྱིངས་ཀྱི་འཕེན་ཅིག་བཙུག །ཡེ་ཤེས་རྟོགས་པའི་མདའ་ཞིག་འོ་སྐོལ་འཕངས། །ཡང་དག་ཆ་ལུ་དཀྱིལ་དུ་བརྡེག་འཚལ་གྱི། །སྤྱོད་ལམ་གཅིག་པའི་གྲོགས་པོ་ད་ཚུར་སྤྱོན། །བཅའ་དང་ཉུར་མོ་ལྕགས་ལས་མེ་ཞིག་ཕྱུང་། །བཏང་སྙོམས་ལྷཡི་ཤིང་ལ་མེ་ཞིག་སྐྲུང་། །ཐུགས་རྗེ་བདག་མེད་དྲོད་ལ་ལྷན་ཅིག་བསྲོ། །སྤྱོད་ལམ་གཅིག་པའི་གྲོགས་པོ་ད་ཚུར་སྤྱོན། །བཀྲེས་སྐོམ་གདུང་བ་བསལ་ཕྱིར་འཛར་བ་བཤམས། །དར་ཅིག་གསོལ་བས་ལུས་ཀྱི་ནད་རྣམས་བྱང་། །གདུངས་པ་ཚིམས་པས་ལུས་ཀྱི་བཀྲག་མདངས་གསལ། །འཁོར་བའི་གཅོང་རོང་དེ་ན་ཅི་ཞིག་བྱེད། །མཐོ་རིས་དགའ་ལྡན་གནས་མཆོག་ཡོད་བཞིན་དུ། །ན་རག་སྡུག་བསྔལ་གནས་ཀྱིས་ཅི་ཞིག་བྱེད། །བྲེང་བྲེང་ཐུགས་ལ་དགོངས་ལ་འདི་རུ་སྤྱོན། །ཧུ༷་ཚེ་གཅིག་ལས་ཀྱི་འབྲེལ་བའི་གྲོགས་མོ་དང་། །ཡུན་དུ་འགྲོགས་ཀྱང་སྐད་ཅིག་སྐྱོ་མེད་ན། །མགོན་བཙུན་ཕ་དང་འགྲོགས་པའི་སྐལ་མེད་ན། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལས། །སང་སང་གསལ་བ་ཚངས་པའི་སྒྲ་ལྡན་ཞིང་། །བྱང་ཆུབ་རྒྱུན་ཐག་བསྒྲེངས་པས་ནད་དང་སྡུག་བསྔལ་ཞི། །ཐུགས་རྗེས་འདབ་མས་ཡིད་བཞིན་གོས་དང་ཟས། །གདུང་བའི་གླུ་ཡིས་བྱང་ཆུབ་རྗེས་དྲན་ནས། །སྨྲ་བའི་ཚིག་གིས་སྐུ་གསུངཐུགས་དང་འབྲེལ། །ཟས་དང་བཏུང་བས་སྐུ་ཡི་བཀྲག་མདངས་རྙེད། །ནམ་གཞག་གཏན་གྱི་ཟས་ཀྱི་སྐལ་བར་བསྔོ། །ཧུ༷་གསེར་དངུལ་མུ་ཏིག་ཟངས་དང་མཆོང་། །གཟི་གཡུ་ཤེལ་ཟངས་ར་གན་དང་། བྱེས་ཡུལ་སྤྱད་པའི་བང་ཆ་དང་། །བསྟད་སྒ་འཁོར་གསུམ་སྲབ་མདའ་དང་། །མདའ་གཞུ་ཚོན་ཆ་རུ་མཚོན་དང་། །སྐེ་རགས་གྲི་གསེག་གོ་ཆ་དང། །ཧོར་ཆུབ་དུང་རྣ་གསེའི་བཙོད་དང་། །སྟག་གཟིགས་གྲང་སྲབ་ཕུབ་རྨོག་དང་། །སག་རྟི་ཤ་ལྷམ་སུ་རུག་རྣམས། །བརྩེ་གདུང་བྱམས་པའི་ཤ་རོགས་པོས། །མི་ཟད་གཏན་གྱི་ནོར་དུ་བསྔོ། །ཀུན་ཏུ་བཟང་པོའི་ཐུགས་རྗེ་ཡིས། །བསྐལ་པ་དུ་མར་མི་ཟད་ཅིང་། །བདེ་སྐྱིད་ལོངས་སྤྱོད་ལྡན་པར་ཤོག །ཧུ༷་དེ་རིང་རྩེ་གཅིག་ལས་ཀྱིས་འབྲེལ་པའི་བུ་སྲིང་གིས། །གཏན་དུ་འགྲོགས་པའི་དབང་དང་སྐལ་མེད་དེ། །མི་ལུས་འདི་ནས་འཇིག་རྟེན་ཚེ་འཕོས་ཏེ། །འཇིག་རྟེན་ཕ་རོལ་གནས་སུ་ཕྱིན་པ་ལས། །ཚེ་འདས་ལུས་བརྗེས་རང་གི་རེ་བས་ཏེ། །གདུང་ཞིང་བརྩི་བར་བསམ་པའི་ལྕམ་དང་སྲིང་། །གདུང་བའི་སེམས་ཀྱིས་ཡིད་དྲན་མཆི་མ་ཕྱུང་། །སྲི་ཞུ་གུས་པའི་ཚུལ་གྱིས་སེམས་བསྐྱེད་ནས། །ཡིད་བཞིན་བདུད་རྩི་ལོངས་སྤྱོད་ཞལ་ཟས་འདི། །ནམ་གཞག་གཏན་གྱི་བཞེས་པའི་སྐལ་དུ་བསྔོ། །ཧུ༷་ཡིད་བཞིན་ལོངས་སྦྱོད་བདུད་རྩི་ཞལ་སྐྱེམས་འདི། །སྡུག་བསྔལ་གདུང་བའི་གནས་ནས་གྲོལ་བའི་ཕྱིར། །བསིལ་བའི་བདུད་རྩི་རབ་ཏུ་སྦྱར་བ་ཡིས། །འབྲས་བུའི་ཆོས་དང་སྦྱར་བ་མ་ཡིན་ཀྱང་། །དཀོན་མཆོག་གསུམ་པོའི་ཐུགས་རྗེའི་བྱིན་རླབས་ཀྱིས། །རབ་ཏུ་གདུང་བའི་ཤུགས་ཀྱིས་མཆི་མ་ཕྱུང་། །སྔོན་དུ་བསྒྲུབས་པའི་བསོད་ནམས་མཐུ་ཡིན་ཏེ། །མཆུ་ལ་རེག་ན་སྒོ་གསུམ་དབང་པོ་རྣོ། །ལྕེ་ལ་རེག་ན་དྲན་ཞིང་ཤེས་པ་གསལ། །ཁོང་དུ་འཐུངས་ན་ནད་དང་སྡུག་བསྔལ་ཞི། །ཁ་ཟས་སྐོམ་དུ་སྦྱར་བས་ལུས་ཀྱི་སྡུག་བསྔལ་ཞི། །བྱམས་གདུང་བརྩེ་བའི་བསམ་པས་གཉེན་བཤེས་ཀྱིས། །ཡིད་ལ་གཅགས་པའི་སྡུག་བསྔལ་ངེས་བསལ་བའི། །བརྩེ་བའི་བསམ་པས་ནད་དང་སྡུག་བསྔལ་ཞི། །མཆུ་ལ་རེག་པས་ཤེས་རབ་དབང་པོ་རྣོ། །ཁོང་དུ་ཆུད་པས་རླུད་ཞི་འཇམ་ལ་བདེ། །ཁ་ཟས་སྐོམ་དུ་སྦྱར་བས་མདོག་དང་བཀྲག་ཉིད་གསལ། །ཡིདབཞིནབདུདརྩིརསྦྱར་བ་གསོལ་བ་ཡིས། །བསྐལ་པ་དུ་མའི་བདུད་རྩིར་འདི་གྱུར་ཅིག །ནམ་གཞག་གཏན་གྱི་སྐྱེམས་ཀྱི་སྐལ་བར་བསྔོ། །ཚེ་འདས་ལ་ཟས་ནོར་གཏད་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལམ་ཉིད་བསྟན་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧུ༷་སོང་ཞིག་སོང་ཞིག་རིགས་ཀྱི་བུ། །ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །འཇིག་རྟེན་འདི་རུ་རྟག་པར་མ་གྱུར་ཏེ། །ད་ལྟ་སྐྱེ་ཤིའི་ལས་ལ་བབས། །ས་འདི་བཅད་པ་མན་ཆད་ནི། །འཇིག་རྟེན་པ་ཡི་ས་ཡིན་ཏེ། །དེ་ལ་ཆགས་པ་མ་སྐྱེ་ཞིག །ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །རྣམ་པར་ཐར་པའི་ལམ་བསྟན་པས། །སྒྲིབ་གཉིས་སྤངས་ནས་ཚོགས་གཉིས་རྫོགས། །ས་བཅུ་རིམ་གྱིས་བགྲོད་པ་ལ། །དེར་ཡང་ཤིན་ཏུ་མི་གནས་པས། །ས་བརྩི་ཡེ་ཤེས་མཐར་ཕྱིན་ཏེ། །ཀུན་ཏུ་འོད་ཀྱི་ས་ལས་འདས། །པདྨ་ཅན་དུ་གྱུར་པ་ལས། །ཡི་གེ་ཚོགས་ཆེན་ས་ལས་འདས། །རང་བྱུང་ཡི་ཤེས་འཕྲོ་འདུའི་ཚོགས། །སངས་རྒྱས་ས་གསུམ་ལྷུན་གྲུབ་ཀྱིས། །བྱང་ཆུབ་ཆེན་པོའི་ས་ལས་འདས། །སྟུག་པོ་བཀོད་པའི་ཞིང་ཁམས་ན། །འོག་མིན་ལྷུན་གྲུབ་ཕོ་བྲང་དུ། །རྒྱས་པ་ཆེན་པོའི་ཚལ་ཆེན་ཡིན། །སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་དུ། །གདོད་ནས་དག་པར་བྱུང་བ་ཡི། །རང་བྱུངཆོསསྐུཆེནཔོཐོབ། །རྩོལ་བ་མེད་པར་ལྷུན་གྱིས་རྫོགས། །ཐམས་ཅད་མ་ལུས་སངས་རྒྱས་པའི། །དབྱེར་མེད་ཀུན་བཟང་གཅིག་ཏུ་གྱུར། །བདེ་བ་ཆེན་པོའི་ངང་དུ་གནས། །མ་བཙལ་ཆོས་སྐུ་རང་བཞིན་ཐོབ། །ཡེ་ནས་དག་པའི་དོན་ཉིད་དོ། །ཨ་ནས་རབ་ཏུ་སྐྱེ་བརགྱུར་ཏོ། ཁྲེས་རབ་སྐྱེ་མེད་དབྱིངས་ཀྱི་གཞུ། །ལྷག་མཐོང་ཡེ་ཤེས་ཐབས་ཀྱི་མདའ། །ཐབས་དང་ཤེས་རབ་འབྲེལ་བ་ཡིས། །ཉོན་མོངས་དུག་གསུམ་གནད་ལ་འདེབས། །ཉོན་མོངས་བག་ཆགས་ཀུན་བྱང་ནས། །བྱང་ཆུབ་ཆེན་པོའི་ལམ་ཐོབ་ཤོག །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །ཡེ་ཤེས་ཆེན་པོའི་ལམ་སོང་ལ། །ཆོས་ཉིད་སྐྱེ་མེད་གནས་སུ་སོང་། གནས་མཆོག་དེ་ལས་མི་འདའོ། །ཚེ་ལས་འདས་པ་ལམ་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ཉོན་མོངས་སྦྱངས་ཏེ་བདེ་གཤེགས་སྲས་སུ་བསྐྱེད་པ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཧུ༷་ནམ་མཁའ་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས། །རྒྱལ་བ་སྲས་དང་བཅས་པའི་དཀྱིལ་འཁོར་ནི། །ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ལ། །ཐུགས་རྗེ་ལྕགས་ཀྱུས་ཡེ་ཤེས་རྫས་དྲངས་ནས། །མདུན་གྱི་མཁའ་ལ་དབྱར་གྱི་སྤྲིན་ལྟ་བུ། །ཀུན་བཟང་རྒྱལ་བའི་དཀྱིལ་འཁོར་རབ་ཏུ་གསལ། །རྒྱལ་བའི་དཀྱིལ་འཁོར་ཐུགས་ཀ་ནས། །ཕཊ་ཀྱི་འོད་ཟེར་ནག་པོ་ཡིས། །ཚེ་འདས་བག་ཆགས་གཏན་ནས་སྦྱངས། །ཕ་ནི་གསོད་པར་བྱེད་པ་སྟེ། །ཊ་ནི་སྲེག་པར་བྱེད་པའི་མཆོག །མཐོ་རིས་སྒོ་འགེག་ངན་སོང་སྒོ་འབྱེད་པའི། །དངོས་གྲུབ་གེགས་སུ་བྱེད་པ་ཐམས་ཅད་དང། །ལས་ཀྱི་སྒྲིབ་པ་བག་ཆགས་ཐམས་ཅད་ཀུན། །ཕཊ་ཀྱི་འོད་ཟེར་ནག་པོས་བསྲེག་པར་བྱའོ། །ཚེ་འདས་རིགས་ཀྱི་བུ་ཁྱོད་ནི། །ལས་དང་ཉོན་མོངས་བག་ཆགས་ཀུན་བྱང་ནས། །འབྲས་བུ་ཆོས་སྐུ་ཆེན་པོ་ཐོབ་བྱའི་ཕྱིར། །བྱང་ཆུབ་སེམས་ཀྱི་ཐིག་ལེ་གཅིག་ཏུ་གྱུར། །བདེ་གཤེགས་རྒྱལ་བའི་སྲས་སུ་བྱིན་བརླབས་པས། །སྐུ་གསུང་ཐུགས་ལས་བྱུང་བའི་ཡིག་འབྲུ་གསུམ། །ཐིག་ལེ་བྱང་ཆུབ་སེམས་ལ་རབ་ཏུ་ཐིམ། །སྐུ་གསུང་ཐུགས་ཀྱི་སྲས་སུ་སྐུ་བསྐྱེད་དོ། །ཧུ༷་ཧུ༷་བཛྲ་ཙིསྟ་ཧུ༷། སྐུ་གསུང་ཐུགས་ལས་བསྐྱེད་པའི་སྲས་པོ་ཁྱོད། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་ཐོབ་པ་དང་། །འགྲོ་དོན་རྫོགས་པའི་སྤྲུལ་སྐུ་ཐོབ་ཕྱིར་དུ། །རི་མོར་ཟིས་པའི་གཞལ་ཡས་འདིར་ཞུགས་པས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱིས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཐོབ་གྱུར་ཅིག །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཐོབ་པས། །སྐུ་གསུང་ཐུགས་ལས་བྱུང་བའི་སྲས་པོ་ཁྱོད། །གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོ་ཡིས། །འདོད་པའི་ཡོན་ཏན་ལྷ་མོ་ཐིམ་པར་རོལ། །ཉོན་མོངས་བག་ཆགས་བྱང་བྱས་ནས། །སངས་རྒྱས་སྲས་ཐོབ་པའི་ལེའུ་སྟེ་ཉེར་བཞི་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་དེ་ལ། །སྦྱིན་སྲེག་བྱས་པས་འབྲས་བུ་ཐོབ་པ་ཇི་ལྟ་བུ། །སྟོན་པའི་སྟོན་པ་་ཀུན་ཏུ་བཟང་པོ་དེས། །རིགས་དྲུག་གནས་ནས་དྲངས་པ་ཡིས། །ཉོན་མོངས་དྲུག་ཉིད་དག་ནས་སུ། །ཐུབ་པ་དྲུག་གི་གནས་སུ་སྐྱེ། །རིགས་དྲུག་གཏོར་མ་ཕུལ་བ་ཡིས། །ཉོན་མོངས་ལས་དང་བག་ཆགས་དང་། །བདུད་རྩི་ཟས་དང་ལོངས་སྤྱོད་འོང་། །བདུད་རྩི་ཡེ་ཤེས་ཆེན་པོའི་ཁྲུས་བྱས་པས། །ཉོན་མོངས་བག་ཆགས་ཀུན་བྱང་ནས། །ཟག་པ་མེད་པའི་ལུས་ཀྱི་འབྲས་བུ་ཐོབ། །སྤྲུལ་སྐུ་ཐུབ་པ་རྣམས་ལ་སྐྱབས་སུ་གསོལ་བ་ཡིས། །འབྲས་བུ་སྤྲུལ་སྐུ་ཆེན་པོའི་ལུས་ཐོབ་བོ། །ཚེ་འདས་སེམས་བསྐྱེད་བྱས་པ་ཡིས། །བག་ཆགས་སྣ་ཚོགས་སེམས་ཉིད་ལས་ནས་ཡང། །འབྲས་བུ་རང་བྱུང་ཡེ་ཤེས་སེམས་ཐོབ་བོ། །ཚེ་འདས་དབང་བསྐུར་བྱིན་བརླབ་བྱས་པ་ཡིས། །འཁོར་བའི་སྡུག་བསྔལ་གཏན་ནས་བྱང་ནས་ཀྱང་། །འབྲས་བུ་བདེ་གཤེགས་རྣམས་ཀྱི་སྲས་སུ་འགྱུར། །རང་གི་རྟོག་ཚོགས་དཀྱིལ་འཁོར་ལྷ་ལ་ཕུལ་བ་ཡིས། །འབྲས་བུ་རྟོག་མེད་ལྷ་ཡི་ལུས་ཐོབ་བོ། །རང་གི་ཕུང་པོས་མེ་ལྷ་མཆོད་པ་ཡིས། །སྒྲིབ་པ་མང་པོ་དག་སྟེ་གཉིས་མེདཐོབ། །བདེགཤེགསདཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །མཆོད་བསྟོད་བྱེ་བྲག་མང་པོ་བྱས་པ་ཡིས། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་དབྱེར་མེད་ཐོབ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཞུགས་པ་ཡིས། །ཐེག་པ་ཀུན་གྱི་དཀྱིལ་འཁོར་ཞུགས་པ་ཡིན། །འབྲས་བུ་ཐེག་པ་ཀུན་གྱི་ཡང་རྩེ་ཐོབ། །ཚེ་འདས་ཟན་ཉིད་གཏད་པ་ཡིས། །བདུད་རྩིའི་ཟས་ལ་རྟག་ཏུ་ལོངས་སྤྱོད་ཅིང་། །བག་ཆགས་སྦྱངས་ཏེ་གནས་ཉིད་སྤར་བ་ཡིས། །འབྲས་བུ་ཀུན་ཏུ་བཟང་པོའི་སྲས་སུ་འགྱུར། །ཚེ་འདས་ལུས་ཀྱི་ཕུང་པོ་ལ། །མཆོད་པ་སྦྱིན་བསྲེག་བྱས་པ་ཡིས། །བདེ་གཤེགས་ཀུན་གྱི་སྲས་སུ་འགྱུར། །འཁོར་བའི་འདམ་ལས་ཐར་ནས་ཀྱང་། །ལྷག་མེད་བྱང་ཆུབ་ཆེན་པོ་འཐོབ། །སྦྱིན་སྲེག་བྱས་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རྒྱུད་འདི་གང་ལ་གཏད་ཅིང་གང་དུ་བརྒྱུད་ནས་གང་གི་འབྲས་བུ་ཐོབ། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཆོས་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །བསྲེག་ཏུ་མེད་པའི་འཁོར་བའི་བག་ཆགས་བསྲེགས། །ཐོབ་ཏུ་མེད་པའི་ལྷུན་གྲུབ་སྐྱེ་མེད་ཐོབ། །བརྒྱུད་དུ་མེད་པའི་ཡེ་ཤེས་མེ་ལྷར་གཏད། །རང་བྱུང་ཡེ་ཤེས་རིག་པ་ཆེན་པོ་དེས། །བསྲེག་ཏུ་མེད་པའི་རིག་པའི་བག་ཆགས་བསྲེགས། །ཐོབ་ཏུ་མེད་པའི་རིག་གསལ་ཆེན་པོ་ཐོབ། །བརྒྱུད་དུ་མེད་པའི་ལོངས་སྐུ་ཆེ་ལ་གཏད། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་སྟོན་པ་དེས། །བསྲེག་ཏུ་མེད་པའི་འོད་ཀྱི་སྒྲིབ་པ་བསྲེགས། །ཐོབ་ཏུ་མེད་པའི་མཚན་དང་དཔེ་བྱད་ཐོབ། །བརྒྱུད་དུ་མེད་པའི་བྱང་སེམས་ཆེ་ལ་གཏད། །བྱང་ཆུབ་ཆེན་པོའི་ལོངས་སྤྱོད་སྟོན་པ་དེས། །བསྲེག་ཏུ་མེད་པའི་ཤེས་བྱའི་སྒྲིབ་པ་བསྲེགས། །ཐོབ་ཏུ་མེད་པའི་བྱང་ཆུབ་ཆེན་པོ་ཐོབ། །བརྒྱུད་དུ་མེད་པའི་འོད་ལུས་སྤྲུལ་ལ་གཏད། །འོད་སྣང་འདུས་པ་སྤྲུལ་པའི་ལྷ་མོ་དེས། །བསྲེག་ཏུ་མེད་པའི་འཁོར་བའི་བག་ཆགས་བསྲེགས། །ཐོབ་ཏུ་མེད་པ་ཞིང་སྐྱོང་ལྷ་མོ་ཐོབ། །བརྒྱུད་དུ་མེད་པའི་་་ཤེང་་་སྲེམེང་་སྲེ་མེང་་་མེང་རྟེཆེམཁའ་འགྲ་མ་ལ་གཏད། །ཡ་ ས་རག་པ་ཆས་སྐྱང་མཁའ་འགྲ་མས། །བ ག་ཏུ་ ད་པའ་ཉན་མངས་དུག་གསུམ་བ གས། །ཐབ་ཏུ་ ད་པའ་ཆས་སྐྱང་ལྷ་མ་གྲུབ། །གཏད་དུ་ ད་པའ་མཆད་ ན་ ་ལ་གཏད། །རྒྱལ་བ་བདེ་གཤེགས་མཆོད་པ་དང་། །སྒྲིབ་པ་རྣམ་གསུམ་སྦྱོང་བའི་རྒྱུད། །སྲེག་སྦྱོང་ཞི་བའི་རྒྱུད་ཆེན་འདི། །བདེ་གཤེགས་སངས་རྒྱས་ཐམས་ཅད་ཀྱིས། །འབར་བའི་ཀློང་ནས་བཀའ་སྩལ་ཏོ། །རིན་པོ་ཆེ་མེ་ལྷ་ཞི་བར་འགྱུར་བའི་རྒྱུད་ལས། རྒྱུད་གཏད་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།ཞི་བའི་སྦྱིན་སྲེག་གི་རྒྱུད་ཆེན་པོ་རྫོགས་སོ།། །།