Ngb-pt-0039-vol-01-text

From Rangjung Yeshe Wiki Texts
Jump to navigation Jump to search

Front

Body

རྒྱ་གར་སྐད་དུ། རཏྣ་དི་པ་ཀརྟ་རྡི་ཛ་ལ་སརྦ་བྷ་མ་མྱུ་ལསྣྲོ་ད་ཨུ་ཀྭ་ཤ་ས་མ་ཏནྟྲ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བ་འཁྲུལ་སྣང་ཐམས་ཅད་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ཅེས་བྱ་བ། མཚོན་མེད་བརྗོད་འདས་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་རྟོགས་ཤིང་བཤད་པའི་དུས་གཅིག་ན། འོག་མིན་གྱི་གནས་ཆོས་ཉིད་ཀྱི་ཀློང་། ཀུན་གཞིའི་མཁའ་དབྱིངས་ཡངས་པ་སེམས་ཀྱི་གཞལ་ཡས་ཁང་དབྱིངས་རྣམ་པར་དག་པའི་གནས། རིན་པོ་ཆེ་སྣ་ཚོགས་གཅིག་ཏུ་འདུས་པའི་འོད་ཁང་ཞེས་བྱ་བ་ན། སྟོན་པའི་རྒྱལ་པོ་བསམ་མེད་བརྗོད་འདས་དང་། སྟོན་པའི་རྒྱལ་པོ་བརྗོད་མེད་བློ་འདས་དང་། །སྟོན་པའི་རྒྱལ་པོ་དྲན་མེད་ཡིད་ལ་བྱར་མེད་གསུམ། །ཡེ་ཐོག་ཡེ་ནས་སྟོན་པ་རྣམ་གསུམ་མོ། །དེ་གསུམ་ཐུགས་ཀྱི་སྤྲུལ་པ་ལས། །ཀུན་ཏུ་བཟང་པོ་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་གསུམ་ཡིན་ནོ། །སྟོན་པའི་རྒྱལ་པོ་དྲུག་པོ་ལ། །དྲུང་ན་གནས་པའི་འཁོར་ཡང་འདི་ལྟ་སྟེ། །མ་འགགས་རྒྱ་ཆད་མེད་པའི་འཁོར་དང་། རྩལ་སྣང་ཡན་ལག་འོད་ཀྱི་འཁོར་དང་། སྣང་ཚུལ་ཟེར་གྱི་འཁོར་རྣམས་ནི། །ཡེ་ཐོག་སྟོན་གསུམ་འཁོར་ཡིན་ནོ། །དེ་གསུམ་ཐུགས་ཀྱི་སྤྲུལ་པ་ལས། །རིག་པའི་འཁོར་དང་ཡིད་ཀྱི་འཁོར། །སེམས་ཀྱི་འཁོར་དང་རྣམ་གསུམ་མོ། །དེ་གསུམ་རྩལ་སྣང་བསྟན་པ་ལས། །རང་བཞིན་འཁོར་དང་དོན་གྱི་འཁོར། །འདོད་པས་བསྡུས་པའི་འཁོར་དང་གསུམ། །གཞན་ཡང་འཁོར་ཚོགས་འདི་ལྟ་སྟེ། །རྒྱུ་ཡི་བྱང་ཆུབ་སེམས་དཔའ་དང་། །ལམ་གྱི་བྱང་ཆུབ་སེམས་དཔའ་དང་། །འབྲས་བུའི་བྱང་ཆུབ་སེམས་དཔའ་དང་། །རྗེས་ཀྱི་རྣལ་འབྱོར་དང་། སེམས་པའི་རྣལ་འབྱོར་དང་། ཡོངས་སུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ཤིན་ཏུ་རྣལ་འབྱོར་དང་། ཡེ་ནས་གནས་པའི་འཁོར་ཡང་འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུད་དང་ནམ་མཁའོ། །དེ་དག་ལ་སོགས་པ་འཁོར་སྣ་ཚོགས་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ཡང་འཁོར་གྱི་ནང་ནས་རང་གསལ་ཁྱེའུ་ཆུང་བསྟན་ལས་ལངས་ནས། པུས་བཙུགས་ཐལ་སྦྱར་གུས་པས་འདི་སྐད་གསོལ། ཨ་པི་ར་ཀཏ་གད་ཀ་ཏད་ཨ་ཏི། སྟོན་པའི་རྒྱལ་པོ་སེམས་ཉིད་ཀུན་བཟང་ལགས། །བདག་ཅག་འདུས་པའི་འཁོར་ཚོགས་ཐམས་ཅད་ལ། །དངོས་པོ་ཇི་ལྟར་གནས་པའི་གནས་ལུགས་དང་། །མ་རྟོགས་སེམས་ཅན་ཇི་ལྟར་འཁྲུལ་ཚུལ་དང་། །འཁྲུལ་སྣང་རྩད་ནས་བཅད་པའི་བཅད་ལུགས་དང་། །ཆོད་ནས་འབྲས་བུ་ཐོབ་པའི་ཐོབ་ལུགས་དང་། །ཐོབ་ནས་མི་འགྱུར་གདེང་གིས་ཟིན་ལུགས་དང་། །འཁྲུལ་པ་གསལ་ཞིང་ལྡོག་པའི་གདམས་ངག་དང་། །སངས་རྒྱས་རྣམས་ལ་ཡོན་ཏན་ཇི་ལྟ་བུ། །སེམས་ཅན་རྣམས་ལ་སྐྱོན་ནི་ཅི་ཞིག་མཆིས། །ཡེ་ཐོག་སངས་རྒྱས་རྣམས་ཀྱིས་བཟང་བྱས་ལྷ་གསོལ་ལམ། །རིགས་དྲུག་སེམས་ཅན་རྣམས་ཀྱིས་ངན་བྱེད་ཐབས་བྱས་སམ། །དེ་གཉིས་སྐྱོན་དང་ཡོན་ཏན་ཇི་ལྟར་ལགས། །ཐེག་པ་བརྒྱད་ཁྲི་བཞི་སྟོང་ཕྱེ་བ་གང་ལ་དགོངས། །ཐེག་པ་དགུ་རུ་བསྡུས་པ་དེ། །འདུས་བྱ་གང་ལ་དགོངས་ནས་བསྡུས། །ཨ་ནུ་མན་ཆད་རྒྱལ་པོ་རྣམས། །སྤང་ངམ་འོན་ཏེ་ཇི་ལྟར་བགྱི། །ཕྱི་པ་མུ་སྟེགས་ཐེག་པ་དེ། །སྤངས་ན་རྫོགས་པར་ཅང་འགྱུར་རམ། །བསྒྲུབས་ན་ཕྱི་རོལ་གསུང་ལ་དགོས་པ་མེད། །ཐེག་པ་དག་ནི་ཐམས་ཅད་ཀྱི། །གོལ་སྒྲིབ་གདར་ཤ་ཇི་ལྟར་བཅད། །རང་གཞུང་ཉམས་སུ་ཇི་ལྟར་བླང་། །གཞན་གཞུང་ཤེས་པར་ཇི་ལྟར་བྱ། །རང་གཞན་གཉིས་སུ་གསུངས་པ་དེ། །ཁྱད་པར་གང་གིས་ཇི་ལྟར་འཐོན། །ཞུས་ཚིག་ཉི་ཤུ་རྩ་གཅིག་དེ། །སྟོན་པས་འཁོར་ལ་གསུང་དུ་གསོལ། །བདག་ཅག་འདུས་པའི་འཁོར་རྣམས་ལ། ཁེན་ཏུ་ཟབ་པར་གསུང་དུ་གསོལ། །ཞེས་ཞུས་སོ། །རིན་ཆེན་སྣང་གསལ་སྐྲུ་གྲི་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །དངོས་པོ་གནས་པའི་གནས་ལུགས་དེ། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་གསོལ་པ་དང་། དེ་ནས་མཚོན་མེད་ཀུན་བཟང་དེས། །རིན་པོ་ཆེ་འོད་འབྱེད་པ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་སོ། །དེ་ནས་གཉིས་མེད་ཀུན་བཟང་གིས། །འཁོར་ རྣམས་ དྲུང་ ན་ ཚོགས་ པར་ གཟིགས། །བཞེངས་ ནས་ འཁོར་ ལ་ འདི་ སྐད་ གསུངས། །རྡོ་ རྗེ་ སེམས་ དཔའ་ ལ་ སོགས་ རྣམས། །མ་ ཡེངས་ གུས་ པར་ ལྡན་ པས་ཉོན། །ཨ་པ་དྷ་ཨི་ཨ་པི་ཐི༷་ཨ། །དངོས་པོ་གཤིས་ཀྱི་གནས་ལུགས་དེ། །མཚོན་བྱེད་ཡུལ་དུ་མི་འགྱུར་ཀྱང་། །རྟོག་པའི་ཤེས་རབ་གསལ་བ་ཡིས། །ཡེ་ཤེས་རིན་ཆེན་སྒྲོན་མེ་འདི། །གསུང་གིས་འགགས་མེད་གསལ་བ་ཡིས། །ཉི་ཟླ་བཞིན་དུ་གསལ་ཁྱབ་བཤད། །དཔེར་ན་མི་གཅིག་དོན་ཡོད་པས། །མ་བསྒྲུབ་དོན་དང་འཕྲད་མི་འགྱུར། །དེ་བཞིན་ཆོས་ཉིད་རྟོགས་འདོད་པས། །མ་མཚོན་བརྗོད་པ་མེད་ན་རྟོགས་མི་འགྱུར། །བརྗོད་བྲལ་མཐའ་ལ་བརྟེན་ཏེ་བཤད། །དཔེར་ན་སྐོམ་པ་ཆུ་འདོད་པས། །མེ་འདོད་བརྗོད་པས་ཆུ་མི་མྱོང་། །ཆུ་འདོད་བརྗོད་པས་ཕྲད་པར་ངེས། །དེ་བཞིན་དངོས་མེད་དོན་འདོད་ལ། །དངོས་པོར་བསྟན་པས་མི་རྟོགས་འགྱུར། །དངོས་མེད་བསྟན་པས་སྐྱེ་མེད་རྟོགས། །དེ་བཞིན་དངོས་པོའི་གནས་ལུགས་ཀྱང་། །དཔེ་དང་དོན་དུ་སྦྱར་ལ་བཤད། །རྡོ་རྗེ་སེམས་དཔའ་གོ་བར་ཟུང་། །མཚོ་ལ་དར་ཆགས་ཞིང་ས་དང་། །རྒྱལ་པོའི་བང་མཛོད་གསེར་དང་བཞི། །གཞི་ཡི་གནས་ལུགས་མཚོན་དཔེར་གསུངས། །མཚོ་ལ་དར་ཆགས་དུས་ཉིད་དུ། །འབར་འབུར་མཐོ་དམན་སྒང་གཤོང་མེད། །མཉམ་པ་ཉིད་དུ་གནས་པའོ། །གཞི་ལ་རྣམ་པ་བཞི་ཡོད་དེ། །ཁྱབ་པའི་གཞི་དང་གནས་པའི་གཞི། །གཡོ་བའི་གཞི་དང་འབྱུང་བའི་གཞིའོ། །མཚོ་ལ་དར་ཆགས་དཔེ་བཞིན་དུ། །གནས་པའི་གཞི་ཡང་འདི་ལྟར་གནས། །སེམས་ཅན་མ་ཡིན་སངས་རྒྱས་མིན། །འཁོར་བ་མ་ཡིན་མྱང་འདས་མིན། །མ་རིག་མ་ཡིན་ཡེ་ཤེས་མིན། །རྣམ་རྟོག་མ་ཡིན་ཆོས་ཉིད་མིན། །བདེ་བ་མ་ཡིན་སྡུག་བསྔལ་མིན། །མཚོན་མེད་ཚིག་མེད་མིང་བརྗོད་མེད། །བསྟན་མེད་སྟོན་མེད་ཉན་པ་མེད། །སྨྲར་མེད་དམིགས་མེད་བརྟགས་པ་མེད། །སྣང་མེད་སྲིད་མེད་ཆགས་པ་མེད། །ཡུལ་མེད་སེམས་མེད་དབྱེ་བསལ་མེད། །ང་མེད་བདག་མེད་ཕྱེ་བ་མེད། །ཕྱི་མེད་ནང་མེད་གཟུང་འཛིན་མེད། །དགྲ་མེད་གཉེན་མེད་ཕྱོགས་རིས་མེད། །ཕ་མེད་མ་མེད་སྐྱེས་པ་མེད། །ཡུལ་མེད་གནས་མེད་ཆགས་པ་མེད། །བཅུད་མེད་སྣོད་མེད་འཁོར་བ་མེད། །དབུས་མེད་མཐའ་མེད་ཕྱོགས་མཚམས་མེད། །དཀར་མེད་ནག་མེད་ཁ་དོག་མེད། །དེ་དག་ལ་སོགས་ཐམས་ཅད་ལ། །རིག་མེད་ཡིད་མེད་སེམས་པ་མེད། །དམིགས་མེད་གཏད་མེད་ཆགས་ཞེན་མེད། །སྨྲ་བསམ་བརྗོད་འདས་ངོ་བོ་དེ། །ཡིད་ལ་བྱར་མེད་རྩིས་གདབ་མེད། །བློ་ཡི་བཅོས་མེད་སེམས་ལ་བཞག་ཏུ་མེད། །དེ་དག་ཀུན་གྱིརངབཞིནནི། །དངོསཔོགཤིསཀྱིགནས་ལུགས་ཡིན། །སངས་རྒྱས་སེམས་ཅན་བཏགས་པ་མེད། །བསྟན་བྱ་སྟོན་བྱེད་བཏགས་པ་མེད། །ཚིག་དང་ཡི་གེའི་༄༅ མཐའ་ལས་འདས། །ཚོགས་བརྒྱད་ཡུལ་དུ་མ་གྱུར་གནས་ལུགས་དང་། །མ་རིག་ཡེ་ཤེས་མཉམ་པར་གནས། །འཆར་སྒོ་འཁྲུལ་སྒོ་མཉམ་པར་གནས། །རྣམ་རྟོག་ཆོས་ཉིད་མཉམ་པར་གནས། །སངས་རྒྱས་སེམས་ཅན་མཉམ་པར་གནས། །འཁོར་བ་མྱང་འདས་མཉམ་པར་གནས། །བདེ་དང་སྡུག་བསྔལ་མཉམ་པར་གནས། །མཉམ་པ་ཉིད་དུ་གནས་པའོ། །དེ་ནི་གནས་པའི་གཞི་ཞེས་བྱའོ། །ཁྱབ་པའི་གཞི་ནི་འདི་ལྟ་སྟེ། །ཏིལ་ལ་མར་གྱིས་ཁྱབ་པ་བཞིན། །ཡ་ཐ་རྒྱལ་བའི་དཀྱིལ་འཁོར་ནས། །མ་ཐ་དམྱལ་བའི་འཇིག་ཚོགས་རྣམས། །སྐྱེ་འགྲོའི་གཟུགས་ཀྱིས་བསྡུས་པ་ལ། །ཀུན་ལ་ཁྱབ་པར་གནས་པའོ། །དེ་ནི་ཁྱབ་པའི་གཞི་རུ་གསུངས། །གཡོ་བའི་གཞི་ནི་འདི་ལྟ་སྟེ། །སྔོན་གནས་གཞི་ལ་ཐོག་མར་གཡོས། །ཐོག་མའི་གཞི་ལ་ཡེ་ནས་གཡོས། །ཡེ་ནས་གཞི་ལ་རང་བཞིན་གཡོས། །རང་བཞིན་གཞི་ལ་ཁྱབ་གཞི་གཡོས། །ཁྱབ་པའི་གཞི་ལ་ཡེ་རླུང་གཡོས། །ཡེ་རླུད་གཞི་ལ་ཐོ་ལོང་གཡོས། །དེ་ནི་གཡོ་བའི་གཞི་རུ་གསུངས། །འབྱུང་བའི་གཞི་ནི་འདི་ལྟ་སྟེ། །ཡེ་རླུང་ཐོལ་ལོ་དེ་ལས་ནི། །བག་ཙམ་འགྱུ་བའི་ཆ་རུ་བྱུང་། །དེ་ལས་ཡིད་ཙམ་འཀྱུ་བ་བྱུང་། །དེ་ལས་ཟེར་གྱི་ཚུལ་དུ་བྱུང་། །དེ་ལས་ཀུན་གཞི་སྤྱི་ཁྱབ་བྱུང་། །དེ་ལས་འབྱུང་བའི་རང་བཞིན་བྱུང་། །དེ་ལས་འོད་ཀྱི་ཚུལ་དུ་གྱུར། །འོད་ལ་མ་འགགས་ཟེར་ཤར་བས། །རྩལ་སྣང་ཡན་ལག་བུ་རུ་གྱུར། །རྩལ་སྣང་གཞན་དུ་མ་ཆགས་ཏེ། །སླར་ལ་འོད་ཀྱི་ནང་དུ་ཐིམ། །འོད་ལ་སྣང་གསལ་བུ་ཐིམ་པས། །མ་བུ་དབྱེར་མེད་ཡེ་སངས་རྒྱས། །ཐོག་མའི་རང་སར་རང་ཐིམ་པས། །འོད་དང་ཟེར་འཕྲད་རང་ས་ཟིན། །འཁྲུལ་ཆོད་སྐྱེ་མེད་རྒྱ་ཡིས་ཐེབས། །སྙིང་པོ་ཀློང་ནས་ཤར་བ་ཡིན། །ཀུན་ཏུ་བཟང་པོ་ཡེ་སངས་རྒྱས། །རྒྱུ་རྐྱེན་རྩོལ་བསྒྲུབ་མ་བྱས་པར། ཁུགས་འབྱུང་ཐོག་མ་ཡེ་སངས་རྒྱས། །དཔེར་ན་རིན་ཆེན་གསེར་བཞིན་དུ། །ཀུན་ཏུ་འགྱུར་བ་མེད་པར་གནས། །དེ་ལྟར་འབྱུང་བ་བཞི་ཡིས་ནི། །འབྱུང་བ་མ་ལ་ཞ་བ་དང་། །ཡེ་ཤེས་མཁའ་ལ་ཐིམ་པ་དང་། །ཆོས་ཉིད་མ་དང་འཕྲད་པ་དང་། །སྐྱེ་མེད་རང་ས་ཟིན་པ་དང་། །འགྱུར་མེད་རྒྱ་ཡིས་ཐེབས་དང་ལྔས། །བརྗོད་པ་མེད་དབྱིངས་མངོན་སངས་རྒྱས། །ཐོག་མ་གཞི་ཡི་སངས་རྒྱས་ཡིན། །དཔེར་ན་རྒྱལ་པོའི་བང་མཛོད་བཞིན། །ནོར་རྫས་ཆེ་བ་འབྱུང་ལ་ཆུང་བའང་འབྱུང་། །རིན་ཆེན་གསེར་དང་གཡུ་ཡང་འབྱུང་། །འབྲས་ཀྱང་འབྱུང་ལ་སྲན་མ་འབྱུང་། །རིན་ཐང་ཆེ་འབྱུང་ཆུང་བ་འབྱུང་། །དེ་བཞིན་ཀུན་གཞི་མཛོད་ཆེན་ནས། །མ་རིག་འབྱུང་ལ་ཡེ་ཤེས་འབྱུང་། །སངས་རྒྱས་འབྱུང་ལ་སེམས་ཅན་འབྱུང་། །འཁོར་བ་འབྱུང་ལ་མྱང་འདས་འབྱུང་། །རྣམ་རྟོག་འབྱུང་ལ་ཆོས་ཉིད་འབྱུང་། །བདེ་བ་འབྱུང་ལ་སྡུག་བསྔལ་འབྱུང་། །དགའ་བ་འབྱུང་ལ་མི་དགའ་འབྱུང་། །ང་བདག་འབྱུང་ལ་བདག་མེད་འབྱུང་། །ཡུལ་སེམས་འབྱུང་ལ་གཉིས་མེད་འབྱུང་། །ཕྱོགས་རིས་འབྱུང་ལ་ཕྱོགས་མེད་འབྱུང་། །དེ་སོགས་འབྱུང་བའི་གཞི་རུ་གསུངས། །ཞེས་གསུངས་སོ། རིན་པོ་ཆེ་སྣང་གསལ་སྐྲུ་གྲི་འབར་བས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། དངོས་པོ་གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཁམས་གསུམ་འཁོར་བའི་སེམས་ཅན་དང་། །ཕྱི་ནང་སྣོད་བཅུད་ཇི་ལྟར་འཁྲུལ། །འདུས་པའི་འཁོར་ལ་གསུང་དུ་གསོལ། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་འདི་སྐད་གསུངས། །སྙིང་པོ་མིང་མེད་བརྗོད་མེད་འགྱུར་མེད་མ་རྟོགས་པས། །ཡན་ལག་རྩལ་གྱི་ཤེས་པ་རང་ཤུགས་ལས། །མ་རྟོགས་སེམས་ཅན་འཁྲུལ་ལུགས་ངས་བཤད་ཀྱི། །རྡོ་རྗེ་སེམས་དཔའ་གུས་པས་ཡིད་ལ་ཟུང་། །མ་བྱུང་མ་སྐྱེས་སྔོན་ཐོག་ཡེ་ཡོད་ལས། །སྔོན་གནས་གཞི་རུ་རང་བཞིན་གནས། །དེ་ཉིད་ཐོག་མའི་གཞི་རུ་གྱུར། །དེ་ཉིད་ཅང་མེད་གཞི་རུ་ཀྱུར། །ཅང་མེད་པ་ཡི་གཞི་དེ་ལས། །དེ་ཉིད་མིང་མེད་གཞི་རུ་གྱུར། །མིང་མེད་རང་བཞིན་མ་ཤེས་པས། །འབྱེད་པ་མེད་པའི་གཞི་རུ་གྱུར། །དེ་ཉིད་གཡོ་བའི་གཞི་རུ་འཁྲུལ། །གཡོ་བའིརངབཞིནཀུནལགནས། །དེ་ཉིད་ཁྱབ་པའི་གཞི་རུ་འཁྲུལ། །དེ་ལས་གཞི་ཡི་འདེགས་བྱེད་ཀྱི། །ཡེ་རླུད་གདེངས་མེད་བྱ་བར་གཡོས། །དེ་ཉིད་ཀུན་གནས་རླུང་གྱུར་འཁྲུལ། །དེ་ཉིད་ཐོལ་ཙམ་ལོང་ཙམ་འཁྲུལ། །སང་སང་སེང་སེང་ཙམ་དུ་འཁྲུལ། །བག་ཙམ་ཚོར་ཙམ་དག་ཏུ་ཞབྲུལ། །དེ་ཉིད་བག་ཙམ་འགྱུ་བར་གྱུར། །དེ་ལས་ཟེར་ཙམ་ཚུལ་དུ་འཁྲུལ། །ཟེར་དེས་ཀུན་གྱི་གཞི་བྱས་པས། །དེར་སྡོད་ཀུན་གཞི་སྤྱི་ཁྱབ་འབྱུང་། །དངོས་པོ་མཚན་མ་ཀུན་གྱི་གཞི་མོ་བྱས། །གཞི་རྩ་མེད་པའི་ཆོས་ཉིད་ཀློང་ཆེན་འཁྲུལ། །ཆོས་རྣམས་ཀུན་གྱི་འཁྲུལ་པའི་རྩ་བ་བྱས། །དེ་ལས་རང་བྱུང་ཡེ་ཤེས་ལས། །ཡན་ལག་རྩལ་སྣང་ཟེར་འཕྲོས་པས། །གཡོ་མི་གཡོ་ལས་ཕྲ་རབ་ཟེར་གཡོས་པས། །ཟེར་གྱི་རང་བཞིན་མ་འགགས་འོད་ལྔར་འཁྲུལ། །དེ་ལས་འབྱུང་བའི་རང་བཞིན་ཞབྲུལ། །འབྱུང་བ་འོད་ཀྱི་རང་བཞིན་ལས། །རྩལ་སྣང་ཡན་ལག་བུ་རུ་འཁྲུལ། །སྔར་གཡོས་མ་མྱོང་ཡིད་ཙམ་གཡོས་པ་ཡིས། །དེ་ལས་འགྱུ་བའི་རླུང་དུ་འཁྲུལ། །དེ་ལས་གསལ་བའི་ཤེས་པར་ཞབྲུལ། །བདེ་སྙམ་མི་བདེ་སྙམ་བྱུང་བས། །མྱོང་རིག་གཉིས་སུ་དེ་ཡིས་འཁྲུལ། །མྱོང་ཞིང་རིག་པ་ཡོད་པ་དེས། །འགྱུ་མི་འགྱུ་ལས་ཡིད་གསུམ་ཡིན་པར་འགྱུར། །འགྱུ་བའི་ཟེར་ལས་རིག་པ་སྐྱེས། །རང་ས་མ་ཟིན་བཅོས་པའི་རླུང་དང་བཅས། །ཡིན་ནམ་མ་ཡིན་མིང་གིས་རྣམ་གྲངས་སྐྱེས། །ཡིན་པ་མ་མཐོང་མེད་པར་འཁྲུལ། །ཡིན་པ་མ་རིག་མིན་པ་རིག །དེ་ཕྱིར་མ་རིག་མུན་པར་འཁྲུལ། །འགྱུ་བ་རླུང་གིས་རྒྱུ་བྱས་ནས། །སྒྲིབ་གཡོགས་མུན་པས་བར་བཅད་དེ། རྩལ་སྣང་བུ་ཡིས་རྐྱེན་བྱས་ནས། །མ་རིག་འཁྲུལ་སྒོ་འབྲས་བུ་སྨིན། །རིག་པ་ཡིད་དང་སེམས་སུ་འཁྲུལ། །དེ་ལ་ཡིད་གསུམ་རིམ་གྱིས་ཞབྲུལ། །རིག་པ་ཀུན་ཏུ་ཚོལ་བ་ཡིས། །ཕྱོགས་མཚམས་ཀུན་ཏུ་རྒྱུ་བའོ། །ཀུན་ཏུ་ཚོལ་བའི་ཡིད་དུ་འཁྲུལ། །ཡིད་ཀྱི་མཚན་ཉིད་འགྱུ་བ་ཡིས། །ཡིད་ལ་རྟེན་མེད་མ་བདེ་སྟེ། །ཕྱ་སང་བན་བུན་ཕྱད་ཕྱོད་བྱེད། །སང་སང་སེང་སེང་རྟེན་མེད་ལ། །ཡིན་སྙམ་མིན་སྙམ་ཡིད་གཉིས་སྐྱེས། །ངེས་པར་འཇོག་པའི་ཡིད་དུ་འཁྲུལ། །ང་ལས་མེད་དམ་རང་སྙམ་མོ། །དེ་ལས་སེམས་སུ་གསལ་བ་སྐྱེས། །གསལ་བའི་རང་བཞིན་རྣམ་པ་ལྔ། །གསལ་དང་མི་གཡོ་རྒྱ་མ་ཆད། །མ་འགགས་མི་འགྱུར་ལྔ་རུ་འཁྲུལ། །གཏན་ལ་འབེབས་པའི་ཡིད་དུ་འཁྲུལ། །དེ་ལ་རིག་པའི་གཟུགས་སུ་འཁྲུལ། །དེ་ལ་ཡིད་ཀྱི་གཟུགས་སུ་འཁྲུལ། །དེ་ལས་ སེམས་ ཉིད་ གཟུགས་ སུ་འཁྲུལ། །དེ་ལས་འོད་ཀྱི་གཟུགས་སུ་འཁྲུལ། །དེ་ཡིས་སྣང་ཚུལ་ལྔ་རུ་ཤར། །དེ་ཡིས་ཉོན་མོངས་ལྔ་རུ་ཞབྲུལ། །དེ་ལས་འབྱུང་བ་ལྔ་རུ་འཁྲུལ། །དེ་ལས་ཁ་དོག་ལྔ་རུ་འཁྲུལ། །དེ་ལས་གཟུགས་སྣང་ལྔ་རུ་འཁྲུལ། །དེ་ལས་དོན་སྙིང་རྣམ་ལྔ་འཁྲུལ། །དེ་ལས་དབང་པོ་རྣམ་ལྔར་འཁྲུལ། །དེ་ལས་རྣམ་ཤེས་རྣམ་ལྔར་འཁྲུལ། །དེ་ལས་ཡན་ལག་རྣམ་ལྔར་འཁྲུལ། །དེ་ལས་ཡུལ་ལྔ་རིགས་ལྔར་འཁྲུལ། །འོད་གཟུགས་དེ་ནི་རྣམ་ཤེས་ལ། །རང་རང་བག་ཆགས་ཇི་ལྟར་བལྟས་མཐོང་སྟེ། །རང་རང་ལུས་ལ་བཟང་དང་ངན་པར་མཐོང་ ལ་ལས་ཆེར་མཐོང་ལ་ལས་ཆུང་བར་མཐོང་ ལ་ལས་རིང་མཐོང་ལ་ལས་ཐུང་བར་མཐོང་ ལ་ལས་ཟླུམ་མཐོང་ལ་ལས་ནར་བར་མཐོང་ མཐོང་བའི་དབང་གིས་རང་རང་གཟུགས་སུ་འཁྲུལ། །འོད་གཟུགས་ཤེས་པ་འདི་ལྟར་འཁྲུལ། །ཕྱི་ནང་སྣོད་བཅུད་དངོས་མེད་དངོས་སྣང་དང་། །འབྱུང་བ་རྣམ་ལྔ་དངོས་མེད་དངོས་སྣང་དང་། །ཉོན་མོངས་རྣམ་ལྔ་དངོས་མེད་དངོས་སྣང་དང་། །དབང་པོ་རྣམ་ལྔ་དངོས་མེད་དངོས་སྣང་དང་། །འདོད་ཡོན་རྣམ་ལྔ་དངོས་མེད་དངོས་སྣང་དང་། །ཕུང་པོ་རྣམ་ལྔ་དངོས་མེད་དངོས་སྣང་དང་། །ཁ་དོག་རྣམ་ལྔ་དངོས་མེད་དངོས་སྣང་དང་། །དབྱིབས་ཀྱི་བྱེ་བྲག་དངོས་མེད་དངོས་སྣང་དང་། །ཕོ་མོ་མ་ནིང་དངོས་མེད་དངོས་སྣང་དང་། །ཕྱོགས་མཚམས་དངོས་མེད་དངོས་པོར་སྣང་བ་དང་། །ཉིན་མཚན་དངོས་མེད་དངོས་པོར་སྣང་བ་དང་། །ཉི་ཟླ་གཟའ་སྐར་དངོས་མེད་དངོས་སྣང་དང་། །འགྲོ་བ་རིགས་དྲུག་དངོས་མེད་དངོས་སྣང་དང་། །རི་རབ་གླེང་བཞི་དངོས་མེད་དངོས་སྣང་དང་། །རྩི་ཤིང་ནགས་ཚལ་དངོས་མེད་དངོས་སྣང་དང་། །ལོངས་སྤྱོད་སྣ་ཚོགས་དངོས་མེད་དངོས་སྣང་དང་། །ཡན་ལག་རྩལ་རྣམས་རིམ་གྱིས་འཁྲུལ་པ་ལས། །འོད་ཀྱིས་གཟུགས་ཀྱི་སྣང་བ་ཞགྲུལ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲི་འབར་བས་འཁྲུལ་སྣང་རྩད་གཅོད་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བརྒྱུད་པ་རིམ་གྱིས་འཁྲུལ་པའི་འཁྲུལ་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་གསོལ། །འོད་ཀྱི་གཟུགས་ལས་འཁྲུལ་པ་ཡི། །དངོས་པོ་རྐྱེན་དུ་སྣང་བ་དང་། །མེད་སྣང་འཁྲུལ་པ་ཇི་ལྟར་འཁྲུལ། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་འདི་སྐད་གསུངས། །རང་བྱུང་རྩལ་གྱི་ཡན་ལག་ཟེར་གཡོས་པས། །མདོ་རུ་བསྡུས་ན་ཡན་ལག་ལྔ་པོ་འདི་བྱུང་བས། །ལྔ་པོ་དག་ལས་ཕྱི་ནང་སྣོད་བཅུད་འཁྲུལ། །རིག་པ་མ་འགགས་འབྱུང་བ་རྣམ་ལྔར་འཁྲུལ། །སང་སང་མིང་དང་སེང་སེང་གསལ་བ་དང་། །སྣང་སྟོང་གོ་འབྱེད་འདུག་སྙམ་ནམ་མཁར་བཟུང་། །བཟུང་བའི་ཞེན་པ་འཁྲུལ་པའི་འབྲས་བུར་སྨིན། །བརྟས་འཐས་མཁྲང་དང་སྲ་བ་བརྟན་པ་དང་། །འདེགས་པ་ཡིན་ནོ་སྙམ་ནས་སར་བཟུང་བས། །བཏགས་ཞིང་ཞེན་པས་ས་རུ་འཁྲུལ་པའོ། །མེར་མེར་རླན་དང་སྦངས་དང་གཤེར་བ་དང་། །སྡུད་པ་ཆུ་ཡིན་སྙམ་ནས་ཆུ་རུ་བཟུང་། །བཟུང་བས་ཞེན་ནས་ཆུ་ཡི་དངོས་པོར་སྣང་། །ཚ་ཞིང་བསྲེག་དང་འབར་ཞིང་མཆེད་པ་ལ། །མེ་ཡིན་སྙམ་ནས་མེར་གཟུང་མེར་སྣང་བས། །མེ་རུ་བཟུང་བས་མེ་ཡི་འཁྲུལ་པར་སྨིན། །ཡང་ཞིང་གཡོ་དང་མགུལ་དང་ལྡེག་པ་དང་། །བསྐྱོད་བྱེད་རླུང་ཡིན་སྙམ་ནས་རླུད་དུ་བཟུང་། །བཟུང་བས་ཞེན་ནས་རླུང་གི་འཁྲུལ་པ་སྨིན། །དེ་ལྟར་འབྱུང་ལྔ་དངོས་ཡོད་མཚན་མ་ཡི། །རིགས་མཐུན་མིང་གིས་འཁྲུལ་པ་སྨིན་པའོ། །རྩལ་གྱི་ཡན་ལག་རིག་པའི་ཟེར་གཡོས་པས། །འཁོར་ལོ་གསུམ་དུ་ཡིད་གཡོ་མོར་མཐོང་བས མཐོང་བའི་མོར་བསྒྲིབས་མོ་རུ་སྣང་ཞིང་འཁྲུལ། །རང་གི་རིག་པ་ཕོར་སྣང་ཕོར་བཟུང་འཁྲུལ། །ཆོས་ཉིད་མི་རྟོག་དག་པའི་བདེ་བ་ལ། །ཕོ་མོར་བཟུང་བས་རིག་པས་བདེ་མྱོང་བས། །ཕོ་མོས་འདོད་ཆགས་སྤྱད་པ་ཡིན་སྙམ་འཁྲུལ། །དེས་ནི་རིག་པ་སླར་ལ་ལངས་པ་དེས། །དེ་ལྟར་འདོད་ཅིང་ཆགས་པས་འདོད་ཆགས་བཟུང་། །བཟུང་བས་ཞེན་པ་འདོད་ཆགས་འཁྲུལ་བ་སྨིན། །ཡན་ལག་རིག་སྐྱེས་འཁོར་ལོ་གསུམ་གཡོས་པས། །ཕོ་གཞན་མཐོང་སྟེ་རིག་པའི་བདེ་བཟུང་བས། །གཉིས་མེད་མ་རྟོགས་དགའ་བའི་བདེ་བ་དེ། །དེས་སྤྱད་སྙམ་ནས་ཞེ་སྡང་སྐྱེས་པ་ལ། །སྐྱེས་པའི་ཞེ་སྡང་འཁྲུལ་པའི་འབྲས་བུར་སྨིན། །དེ་ནས་རང་གི་ལོག་རྟོག་ཕྲག་དོག་སྐྱེས། །སྐྱེས་པའི་ཕྲག་དོག་འཁྲུལ་པའི་འབྲས་བུར་སྨིན། །དེ་ནས་རང་གི་མིང་གི་དྲི་མས་བསྒྲིབས། །གཞན་མཐོང་གཞན་ལས་བདག་ཆེ་སྙམ་པའི་ང་རྒྱལ་སྐྱེས། །སྐྱེས་པའི་ང་རྒྱལ་འཁྲུལ་པའི་སྣང་བའོ། །ལོག་པར་ལྟ་བའི་མིང་གི་བག་ཆགས་བརྟས། །བརྟས་པའི་བག་ཆགས་མ་རིག་འཁྲུལ་པར་སྨིན། །དེ་ལྟར་ཉོན་མོངས་རྣམ་ལྔ་ཞབྲུལ་པའོ། །ཡན་ལག་རྟོག་སྐྱེས་རིག་པའི་མིང་བཏགས་པ། །ནམ་མཁའ་གསལ་ལ་དངས་པའི་གཟུགས་སུ་འདུག །བལྟ་བའི་ཡུལ་ཡིན་སྙམ་སྟེ་གཟུགས་སུ་བཟུང་། །བཟུང་བའི་མིང་གིས་བསྒྲིབས་ནས་གཟུགས་སུ་འཁྲུལ། །དེ་ནས་རང་གི་ལོག་རྟོག་སྐྱེས་པ་དེས། །མེ་ལ་ཚ་དང་དྲོ་བ་སྨིན་པ་དེ། །མཉན་པའི་ཡུལ་ཡིན་སྙམ་སྟེ་སྒྲ་རུ་བཟུང་། །བཟུང་བའི་མིང་གིས་བསྒྲིབས་ཏེ་སྒྲ་རུ་ཞབྲུལ། །རྩལ་སྣང་རང་གི་ལོག་རྟོག་ཡང་སྐྱེས་པས། །ཆུ་ལས་རླན་དང་གཤེར་དང་སྦངས་པ་འདི། །རོར་འདུག་མྱོང་རྒྱུར་འདུག་སྙམ་རོ་རུ་བཟུང་། །བཟུང་བས་མིང་གི་བག་ཆགས་རོ་རུ་འཁྲུལ། །དེ་ནས་རང་གི་ལོག་རྟོག་ཡང་སྐྱེས་པས། །རླུད་ལས་ཡང་ཞིང་གཡོ་བའི་བསྐྱོད་པ་འདི། །དྲིར་འདུག་བསྣམ་པའི་ཡུལ་ཡིན་དྲི་རུ་བཟུང་། །བཟུང་བའི་མིང་གིས་བག་ཆགས་དྲི་རུ་འཁྲུལ། །དེ་ནས་རང་གི་རྣམ་རྟོག་ལངས་པ་ནས། །ས་ལ་སྲ་ཞིང་བརྟན་ལ་འདེགས་པ་འདི། །འཇབ་རྩུབ་འདུག་སྙམ་རེག་བྱའི་ཡུལ་དུ་བཟུང་། །བཟུང་བས་མིང་གི་བག་ཆགས་རེག་བྱར་འཁྲུལ། །དེ་ལྟར་འདོད་ཡོན་རྣམ་ལྔ་བག་ཆགས་ཏེ། །སྙིང་པོ་ཉིད་དང་ཡན་ལག་སེམས་ལ་ཆགས། །ཆགས་པའི་བག་ཆགས་འདོད་ཡོན་ལྔར་ཞབྲུལ་པའོ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲི་འབར་བས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྱུང་ལྔ་དུག་ལྔ་འདོད་ཡོན་ལྔ་རུ་འཁྲུལ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །མཚོན་མེད་སྟོན་པ་ཀུན་བཟང་ལ། །ཕུང་པོ་ཁམས་དང་རྟེན་འབྲེལ་འབྱུང་བ་དང་། །གཟུགས་ཀྱི་ཁྱད་པར་དབྱིབས་སུ་སྣང་བ་དང་། །ཕྱོགས་དང་ཁ་དོག་མཚན་མ་སྣ་ཚོགས་དང་། །ཁམས་གསུམ་འགྲོ་དྲུག་རིགས་མཐུན་མོས་མཐུན་འདི། །འདྲ་མཐུན་མིང་གི་བག་ཆགས་ཇི་ལྟར་འཁྲུལ། །ཞེས་གསོལ་པ་དང་། སྟོན་པས་འདུས་པའི་འཁོར་ལ་བཀའ་སྩལ་པ། །རང་བྱུང་རྩལ་གྱི་ཡན་ལག་རིག་པ་ཟེར་གཡོས་པས། །ཡུལ་ལྔའི་བག་ཆག་གདོད་ནས་སྣང་བ་ཡིས། །ཡུལ་ལྔ་དེ་ལ་རིག་པས་རེག་པ་ཡིས། །རིག་པས་ཚོར་ཏེ་ཉམས་སུ་མྱོང་བ་དེས། །ཚོར་བ་ཡིན་ནོ་སྙམ་ནས་ཚོར་བར་བཟུང་ བཟུང་བས་མིང་གི་བག་ཆགས་ཚོར་བར་འཁྲུལ། །དེ་ལ་འདོད་པས་སྐྱེས་པས་འདུ་ཤེས་ཏེ། ཁྲེས་སོ་སྙམ་ནས་འདུ་ཤེས་སུ་བཟུང་ནས། །བཟུང་བས་མིང་གི་བག་ཆགས་འདུ་ཤེས་ཞབྲུལ། །ཞབྲུལ་པ་དེ་ལ་བླང་བའི་ཤེས་པ་སྐྱེས། །རྣམ་པ་སྣ་ཚོགས་འདུ་བར་སྤྱོད་སྐྱེས་པས། །འདུ་ཞིང་བྱེད་འདུག་སྙམ་ཏེ་འདུ་བྱེད་དུ། །བཟུང་བས་མིང་གི་བག་ཆགས་ཡིད་དུ་འཁྲུལ། །སྣང་བའི་འོད་རྣམས་ཁ་དོག་གཅིག་ཏུ་བཞུགས། །འདུས་པའི་བག་ཆགས་བརྟས་པས་གཟུགས་སུ་འཁྲུལ། །སྣང་བ་དེ་ལྔ་གཅིག་ཏུ་འདུས་པ་ལས། །ཕུང་པོ་ལྔ་ཡི་མིང་བཏགས་བརྟས་པ་ལས ངོ་བོའི་ཆ་བཟུང་འོད་ཀྱི་གཟུགས་སུ་བྱུང་། །རང་རང་བག་ཆགས་ཇི་ལྟར་བརྟས་མཐོང་སྟེ། །རང་རང་ལུས་ལ་བཟང་དང་ངན་མཐོང་སྟེ། །ཆེ་དང་ཆུང་བའི་གཟུགས་སུ་འཁྲུལ། །རིང་དང་ཐུང་དང་གྲ་དང་ཟླུམ། །ཡན་ལག་མང་ཉུང་སྦོམ་དང་ཕྲ། །ལེགས་དང་མ་ལེགས་འོད་བཟུང་གིས། །རང་རང་མཐོང་སྟངས་ཇི་བཞིན་དུ། །བཟུང་བས་མིང་གི་བག་ཆགས་འདུ་བྱེད་དྲུག་ཏུ་འཁྲུལ། །སྣང་བ་ཀུན་ལ་ང་དང་བདག་ཏུ་བཟུང་། །ཡིད་ཡིན་སྙམ་ཏེ་ཡིད་དུ་བཟུང་བ་ཡིས། །རང་བྱུང་ཡེ་ཡོད་རྩལ་སྣང་ཟེར་གཡོས་པས། །ཟེར་གྱི་སྣང་ཚུལ་འཁོར་ལོ་གསུམ་གཡོས་པས། །དེ་ཡི་རྐྱེན་གྱིས་ཕོ་མོའི་གཟུགས་སུ་འཁྲུལ། །དེ་ཡི་རྐྱེན་གྱིས་བྲལ་དང་ལེན་པར་མཐོང་ མཐོང་བའི་དབང་གིས་བླང་དང་ལེན་པ་མཐོང་། །ལེན་པའི་དབང་གིས་འདོད་ཅིང་ཆགས་ཚུལ་སྤྱད། །སྤྱད་པའི་རྐྱེན་གྱིས་རང་བྱུང་ཡན་ལག་གིས། །རིག་པ་གཞན་ཞིག་འཁྲུལ་ནས་དེར་འབྱུང་སྟེ། །དེ་བྱུང་དེ་ལ་གོང་བཞིན་བརྟན་པ་དེས། །སྲིད་པ་སྤྱད་པས་འབྱུང་སྙམ་བཟུང་བས་བུ། །སྐྱེས་པའི་རྐྱེན་གྱི་བུར་བཟུང་འཁྲུལ་པ་དེ། །ཆོས་ཉིད་རླན་གྱི་ཉལ་ཉལ་སོང་བ་ལ། །སྐྱེས་དེ་རྒས་པ་སྙམ་ནས་རྒས་པར་བཟུང་ བཟུང་བས་མིག་གི་སྒྲིབ་པས་ཤི་བར་བཟུང་། །དེ་ལྟར་ཡན་ལག་ཆོས་ཉིད་ངང་སོང་ལ། །ན་བ་ཤི་བ་གཉིད་དང་ཉི་མ་ནུབ། །ས་སྲོས་པ་ཡི་རྣམ་པར་མཐོང་བས་འཁྲུལ། །ཡན་ལག་ཤེས་པ་སླར་ལ་ལངས་པ་དེས། །སྐྱེས་དང་གཉིད་སད་ནམ་ལངས་ཉི་ཤར་དང་། །ཡན་ལག་རྩལ་གྱི་འབྱུང་བ་འོད་ལྔ་དང་། །རྩལ་གྱི་ཡན་ལག་རིག་པ་སྐྱེས་པ་དེས། །གསལ་དང་མ་རྟོགས་གནས་པས་ནུབ་ཏུ་ཞབྲུལ། །རྩལ་གྱིས་ཡན་ལག་འབྱུང་བས་ཤར་དུ་ཞབྲུལ། །ཡན་ལག་རྒྱ་མ་ཆད་པས་ལྷོ་རུ་བཟུང་། །བཟུང་བས་མིང་བཏགས་བག་ཆགས་ལྷོ་རུ་འཁྲུལ། །ཡན་ལག་མི་གཡོ་བ་ལས་བྱང་དུ་བཟུང་། །བཟུང་བས་མིང་གི་བག་ཆགས་བྱང་དུ་འཁྲུལ། །ཡན་ལག་མི་འགྱུར་དབུས་དང་མཚམས་སུ་བཟུང་། །བཟུང་བའི་མིང་བསྒྲིབས་དབུས་དངམཚམས་སུ་འཁྲུལ། །དེ་ལྟར་མིང་བཏགས་ཕྱོགས་དང་རིས་སུ་འཁྲུལ། །དེ་ནས་ཡན་ལག་ལོག་རྟོག་ལས་སྐྱེས་པས། །ཡན་ལག་རང་གསལ་ཁ་དོག་དཀར་པོ་བཟུང་། །བཟུང་བས་མིང་གི་བསྒྲིབས་པས་དཀར་པོར་འཁྲུལ། །ཡན་ལག་རང་གསལ་མ་གཡོས་སྔོན་པོར་འཁྲུལ། །ཡན་ལག་རྒྱ་མ་ཆད་པས་དམར་པོར་འཁྲུལ། །ཡན་ལག་མི་འགྱུར་བ་ལས་སེར་པོར་འཁྲུལ། །ཡན་ལག་གཡོས་ཤིང་འགུལ་བས་ལྗང་གུར་འཁྲུལ། །དེ་ལྟར་ཡན་ལག་བག་ཆགས་བརྟས་སྣང་ལ། །ལ་ལས་སྣོད་མཐོང་ལ་ལས་བཅུད་དུ་མཐོང་། །མཐོང་བའི་མིང་གིས་བག་ཆགས་སྣོད་བཅུད་འཁྲུལ། །ལ་ལས་བཟང་མཐོང་ལ་ལས་ངན་པར་མཐོང་ བཟང་མཐོངདེལཞེནཅིངཆགསཔ་སྐྱེས། །ངན་ཐོང་དེ་ལ་སྡང་དང་ང་རྒྱལ་སྐྱེས། །མཉམ་མཐོང་འདྲ་བ་དེ་ལ་ཕྲག་དོག་སྐྱེས། །སྐྱེས་པའི་བག་ཆགས་བཟང་ངན་མ་མཐོང་སྟེ། །དགེ་སྡིག་སྤྱད་པའི་དབང་ལས་འཁྲུལ་པར་བཟུང་། །བཟུང་བའི་གྲིབ་མ་དགེ་སྡིག་གཉིས་སུ་སྣང་། །དེ་ལྟར་རང་གི་བག་ཆགས་སྣ་ཚོགས་པ། །རང་བྱུང་ཆོས་སྐུའི་རྩལ་དང་ངང་ཉིད་དུ། །སོ་སོ་རང་རང་གསལ་བའི་མཚན་ཉིད་སྣང་། །དེ་ལྟར་གཟུགས་བརྙན་ཁ་མིག་སྣ་ལ་སོགས། །མཚན་དང་དཔེ་བྱད་རྒྱན་དང་ལྡན་པ་ཡི། །འོད་ཀྱི་རང་བཞིན་ལོངས་སྤྱོད་རྫོགས་སྐུར་འཁྲུལ། །སྒྲ་ཡི་ལོངས་སྤྱོད་འོད་ཀྱི་འདོད་ཡོན་སྤྱོད། །རང་བྱུང་རྩལ་གྱི་ཡིད་འཁོར་གསུམ་གཡོས་པས། །ཡོད་མིན་མེད་མིན་སེམས་ཀྱི་གཟུགས་སུ་བཟུང་། །བཟུང་བའི་རིགས་མཐུན་སེམས་ཅན་སྐྱེ་ཞིང་མཆེད། །སྐྱེ་ཞིང་མཆེད་པའི་སེམས་ཅན་དེ་རྣམས་ལས། །ཡོད་མིན་མེད་མིན་སྐྱེ་མཆེད་གཟུགས་སུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་དེས། །ཅི་ཡང་མེད་པའི་སེམས་ཀྱི་རིགས་མཐུན་བཟུང་། །བཟུང་བའི་རིགས་མཐུན་སེམས་ཅན་སྐྱེ་ཞིང་མཆེད། །སྐྱེ་ཞིང་མཆེད་པའི་སེམས་ཅན་དེ་རྣམས་ལ། །ཅི་ཡང་མེད་པའི་སྐྱེ་མཆེད་མིང་དུ་བཏགས། །བཏགས་པའི་བག་ཆགས་མེད་པའི་སྐྱེ་མཆེད་འཁྲུལ། །རྩལ་སྣང་རིག་སྐྱེས་འཁོར་ལོ་གསུམ་གཡོས་པས། །རྣམ་ཤེས་མཐའ་ཡས་སེམས་ཀྱི་རིགས་སུ་བཟུང་ བཟུང་བས་རྣམ་ཤེས་མཐའ་ཡས་ཉིད་དུ་འཁྲུལ། །རྩལ་གྱི་ཡན་ལག་འཁྲུལ་འཁོར་གསུམ་སྐྱེས་པས། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་རིགས་མཐུན་བཟུང་། །བཟུང་བས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དག་ཏུ་ཞབྲུལ། །གཟུགས་མེད་ཁམས་ཀྱི་སྐྱེ་མཆེད་མུ་བཞིར་འཁྲུལ་པའོ། །སྣོད་བཅུད་ཆགས་ཏེ་བག་ཆགས་བརྟས་སྣང་བའོ། །རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལ། །འོག་མིན་རིགས་ཀྱི་རིགས་མཐུན་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་འོག་མིན་ལྷ་རུ་འཁྲུལ། །རྩལ་གྱི་ཡན་ལག་འོད་གཟུགས་བརྟས་པ་ལས། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། ཁེན་ཏུ་མཐོང་བའི་འོད་གཟུགས་རིགས་བཟུང་བས། །བཟུང་བའི་བག་ཆགས་ཤིན་ཏུ་མཐོང་བར་ཞབྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །གྱ་ནོམ་སྣང་བའི་འོད་གཟུགས་རིགས་སུ་བཟུང་། །བཟུང་བའི་བག་ཆགས་གྱ་ནོམ་སྣང་དུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །མི་གདུང་རིགས་ཀྱི་གཟུགས་སུ་འཛིན་པས་བཟུང་། །བཟུང་བའི་བག་ཆགས་མི་གདུང་གཟུགས་སུ་ཞབྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །མི་ཆེ་བ་ཡི་རིགས་ཀྱི་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་མི་ཆེའི་གཟུགས་སུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས འབྲས་བུ་ཆེ་བའི་འོད་གཟུགས་རིགས་སུ་བཟུང་། །བཟུང་བའི་བག་ཆག་འབྲས་བུ་ཆེ་རུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །བསོད་ནམས་འོད་ཀྱི་གཟུགས་ཀྱི་རིགས་སུ་༄༅ བཟུང་ བཟུང་བའི་བག་ཆགས་བསོད་ནམས་སྐྱེས་སུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །སྤྲིན་མེད་འོད་ཀྱི་རིགས་མཐུན་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་སྤྲིན་མེད་གཟུགས་སུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །དགེ་རྒྱས་རིགས་ཀྱི་རིགས་མཐུན་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་དགེ་རྒྱས་གཟུགས་སུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །ཚད་མེད་དགེ་བའི་རིགས་མཐུན་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་ཚད་མེད་དགེ་རུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །དགེ་ཆུང་རིགས་ཀྱི་གཟུགས་མཐུན་རིགས་སུ་བཟུང་། །བཟུང་བའི་བག་ཆགས་དགེ་ཆུང་གཟུགས་སུ་འཁྲུལ། །རྩལ་གྱི་ཡན་ལག་འོད་ཀྱི་གཟུགས་བརྟས་ལས། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །འོད་གསལ་ལྷ་ཡི་གཟུགས་མཐུན་རིགས་སུ་བཟུང་ བཟུང་བའི་བག་ཆགས་འོད་གསལ་ལྷ་རུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །ཚད་མེད་འོད་ཀྱི་གཟུགས་མཐུན་རིགས་སུ་བཟུང་ བཟུང་བའི་བག་ཆགས་ཚད་མེད་འོད་དུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །ཚང་ཆེན་གཟུགས་ཀྱི་རིགས་མཐུན་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་ཚང་ཆེན་གཟུགས་སུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་གཡོས་པས། །ཚངས་པ་མདུན་ན་འདོན་པའི་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་མདུན་ན་འདོན་དུ་ཞབྲུལ། །རྩལ་གྱི་ཡན་ལག་འོད་གསལ་གཟུགས་བརྟས་པས། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་གཡོས་པས། །ཚངས་རིགས་གཟུགས་མཐུན་ཚངས་རིགས་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་ཚངས་རིགས་གཟུགས་སུ་འཁྲུལ། །བསམ་གཏན་དང་པོར་བག་ཆགས་བརྟས་སྣང་བ། །དེ་ལྟར་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི། །སྣོད་བཅུད་བག་ཆགས་འོད་གཟུགས་བརྟས་སྣང་བའོ། །རང་བྱུང་ཡན་ལག་དངོས་པོར་བརྟས་པ་ལ། །རྩལ་གྱི་ཡན་ལག་རྟོག་པས་ཡིད་གཡོས་པས། །གཞན་འཕྲུལ་དབང་བྱེད་རིགས་མཐུན་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་གཞན་འཕྲུལ་དབང་བྱེད་དག་ཏུ་འཁྲུལ། །རྩལ་གྱི་ཡན་ལག་རྟོག་པའི་ཡིད་གཡོས་པས། །འཕྲུལ་དགའི་རིགས་ཀྱི་གཟུགས་མཐུན་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་འབྲུལ་དགའི་གཟུགས་སུ་འཁྲུལ། །རང་བྱུང་རྩལ་གྱི་འཁོར་ལོ་ཡིད་གཡོས་པས། །དགའ་ལྡན་རིགས་ཀྱི་གཟུགས་མཐུན་ལྷ་རུ་བཟུང་། །བཟུང་བའི་བག་ཆགས་དགའ་ལྡན་ལྷ་རུ་འཁྲུལ། །རྩལ་གྱི་རིག་པ་འཁོར་ལོ་ཡིད་གཡོས་པས། །མཐའ་བྲལ་རིགས་ཀྱི་གཟུགས་མཐོང་གཟུགས་སུ་འཁྲུལ། །བཟུང་བའི་བག་ཆགས་མཐའ་བྲལ་གཟུགས་སུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་སྐྱེས་པས། །སུམ་ཅུ་རྩ་གསུམ་རིགས་ཀྱི་ལྷ་རུ་བཟུང་། །བཟུང་བའི་བག་ཆགས་སུམ་ཅུ་རྩ་གསུམ་ལྷ་རུ་བཟུང་། །རྩལ་གྱི་ཡན་ལག་རིག་པའི་ཡིད་གཡོས་པས། །རྒྱལ་ཆེན་རིགས་བཞིའི་རིགས་མཐུན་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་རྒྱལ་ཆེན་རིགས་བཞིར་འཁྲུལ། །དེ་ལྟར་འདོད་ཁམས་ལྷ་ཡི་རིགས་དྲུག་ནི། །སྣོད་བཅུད་བག་ཆགས་བརྟས་པའི་འཁྲུལ་པ་ཡི། །རྩལ་གྱི་ཡན་ལག་རྟོག་པའི་ཡིད་གཡོས་པས། །རི་ཁོང་ལྷ་མིན་རིགས་མཐུན་གཟུགས་སུ་བཟུང་།བཟུང་བའི་བག་ཆགས་ལྷ་མ་ཡིན་དུ་འཁྲུལ། །རྩལ་གྱི་བག་ཆགས་རྟོག་པའི་ཡིད་གཡོས་པས། །གླིང་དང་མི་རྣམས་རིགས་མཐུན་སོ་སོར་བཟུང་། །བཟུང་བའི་བག་ཆགས་གླིང་དང་མི་རྣམས་འཁྲུལ། །ཡན་ལག་རྟོགས་པའི་དངོས་པོ་ཡང་སྐྱེས་པས། །བྱོལ་སོང་རྣམས་ཀྱི་རིགས་མཐུན་བཟུང་བ་དང་། །ཡིད་དྭགས་རྣམས་ཀྱི་རིགས་མཐུན་བཟུང་བ་དང་། །དམྱལ་བ་རྣམས་ཀྱི་རིགས་མཐུན་གཟུགས་སུ་བཟུང་། །བཟུང་བའི་བག་ཆགས་རྣམ་རྟོག་མཐུ་བརྟས་པས། །དམྱལ་བ་རྣམས་ཀྱི་རིགས་མཐུན་ཚ་གྲང་བ། །ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དང་། །ངུ་འབོད་ཆེ་དང་ཚ་བ་རབ་ཏུ་ཚ། །མནར་མེད་པ་སྟེ་ཚ་བའི་དམྱལ་བརྒྱད་རིགས། །ཆུ་བུར་ཅན་དང་ཆུ་བུར་བརྡོལ་བ་ཅན། །ཨ་ཆུ་ཟེར་དང་སོ་ཐམ་ཐམ་པ་དང་། །ཀྱི་ཧུད་ཟེར་དང་ཨུཏུལ་ལྟར་གས་དང་། །པདྨ་ལྟར་གས་པདྨ་ཆེར་གས་ཏེ། །བཟུང་བའི་བག་ཆགས་ཚ་གྲངས་སོ་སོར་འཁྲུལ། །དེ་ལྟར་འདོད་ཁམས་གནས་རིགས་ཉི་ཤུར་འཁྲུལ་པའོ། །སོ་སོར་རྒྱས་པར་གྲངས་མེད་འཁྲུལ་པའོ། །རྩལ་གྱི་ཡན་ལག་རྟོག་པ་སྐྱེས་པ་ཡང་། །དེར་ཡེངས་ལེ་ལོ་སྔོན་བཏང་གཙོར་བཟུང་བས བཟུང་བའི་བག་ཆགས་མཐུ་བརྟས་ལྷ་རུ་འཁྲུལ། །རྩལ་གྱི་ཡན་ལག་རྟོག་པའི་ཡིད་གཡོས་པ། །བརྟས་པས་དངོས་པོའི་བག་ཆགས་ངན་པ་མཐོང་ མཐོང་བས་ང་བཟང་སྙམ་ཏེ་ང་རྒྱལ་སྐྱེས། །ང་རྒྱལ་སྔོན་བཏང་ང་རྒྱལ་གཙོར་བཟུང་བས། །བཟུང་བའི་བག་ཆགས་མང་པོ་མཐུར་བརྟས་པས། །བརྟས་པའི་བག་ཆགས་ལྷ་མ་ཡིན་དུ་འཁྲུལ། །རྩལ་གྱི་ཡན་ལག་རྟོག་པ་ཡང་སྐྱེས་པས། །ཡན་ལག་དངོས་པོ་འདྲ་མཐུན་མཉམ་པར་མཐོང་། །མཐོང་བ་དེ་ལ་ང་རྒྱལ་ཕྲག་དོག་སྐྱེས། །ཕྲག་དོག་སྔོན་དང་ཕྲག་དོག་གཙོར་བཟུང་བས། །བཟུང་བའི་བག་ཆགས་མང་པོ་མཐུ་བརྟས་ཏེ། །བརྟས་པས་བག་ཆགས་མི་ཡི་གཟུགས་སུ་འཁྲུལ། །རྩལ་གྱི་ཡན་ལག་རྟོག་པ་ཡང་སྐྱེས་པས། །རྩལ་གྱི་ཡན་ལག་དངོས་པོར་བརྟས་པ་ལ། །བརྟས་པས་རིག་པར་མ་མཐོང་ཤེས་པར་མཐོང་། །མ་ཤེས་མཐོང་བས་མ་རིག་གཏི་མུག་སྐྱེས། །གཏི་མུག་སྐྱེས་པ་སྔོན་བཏང་གཙོར་བཟུང་བས། །བཟུང་བའི་བག་ཆགས་མང་པོར་མཐུར་བརྟས་ཏེ། །བལྟས་པས་བག་ཆགས་འགྲོ་བ་བྱོལ་སོང་འཁྲུལ། །རྩལ་གྱི་ཡན་ལག་ལོངས་སྤྱོད་ནོར་དུ་མཐོང་། །མཐོང་བ་དེ་ལ་ཕོངས་སྙམ་སེར་སྣ་སྐྱེས། །སྐྱེས་པའི་སེར་སྣ་སྔོན་བཏང་གཙོར་བཟུང་བས བཟུང་བའི་བག་ཆགས་མང་པོ་མཐུར་བརྟས་ཏེ། །ཕྱི་སྒྲིབ་ནང་སྒྲིབ་ཡི་དགས་གཟུགས་སུ་འཁྲུལ། །རྩལ་གྱི་ཡན་ལག་འཁོར་ལོ་གསུམ་གཡོས་པས། །རྩལ་གྱི་ཡན་ལག་རིག་པ་དངོས་སྣང་ལ། །བལྟས་པས་ངན་སྐྱེས་གནོད་པ་བྱེད་པ་མཐོང་། །མཐོང་བས་དེ་གནོད་སྙམ་ནས་ཞེ་སྡང་སྐྱེས། །སྐྱེས་པའི་ཞེ་སྡང་སྔོན་བཏང་གཙོར་བཟུང་བས། །བཟུང་བའི་བག་ཆགས་མང་པོ་མཐུ་བརྟས་ནས། །འགྲོ་བ་དམྱལ་བའི་གཟུགས་སུ་འཁྲུལ་པའོ། །དེ་ལྟར་འཇིག་རྟེན་ཁམས་འདི་གྲངས་མེད་ན། །འགྲོ་བ་རིགས་དྲུག་འཁྲུལ་ནས་དེ་བཞིན་སྣང་། །སྣང་བའི་འདྲ་མཐུན་བག་ཆགས་འཁྲུལ་པའོ། །ཁམས་གསུམ་འགྲོ་དྲུག་དངོས་པོར་སྣང་བ་དང་། །ཕྱི་ནང་སྣོད་བཅུད་སྲིད་པ་སྐྱེ་འགུལ་རྣམས། །ཇི་ལྟར་འཁྲུལ་ལུགས་འཁྲུལ་སྣང་གཏན་ལ་ཕབ་པའོ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲི་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཇི་ལྟར་འཁྲུལ་ལུགས་གཏན་ལ་ཕབ་པའི་ལེའུ་སྟེ་ལྔ་པའོ།། །།ཨ་ཐ་བྷ་རི་ས་ཀ་ཏ་ཡ་བེ་མ་ལ་པ་ཏི། བཛྲ་ཨ་པ་ག་ཏ་ཏ་ཡ་ན། ཝ་ཀུ་བི་རི་སྟི་ལི་ཨི་བ་ར་ཡ ཨ་ལ་ཨ་ཐིམ་ཀ་ཨི། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །གོང་གི་འཁྲུལ་པའི་འཁྲུལ་སྣང་དེ། །འཁྲུལ་གཞི་རྩད་ནས་ཇི་ལྷར་བཅད། །དེ་སྐད་ཅེས་གསོལ་པ་དང་། མཚོན་བྱེད་སྟོན་པ་ཀུན་བཟང་དེ། རིན་པོ་ཆེ་ཁ་སྦྱོར་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ། །དེ་ནས་སྟོན་པ་ཀུན་བཟང་གིས། །བཞེངས་ནས་འཁོར་ལ་འདི་སྐད་གསུངས། །ང་ཡིས་འཁྲུལ་སྣང་རྩད་གཅོད་བཤད། །རྡོ་རྗེ་སེམས་དཔས་གོ་བར་ཉོན། །ཨ་ཏ་པ་ཏི་ཨ་གྭ་ས། བྷ་ལ་ཨ་ལི་ཀང་ཀང་ཨ། འཁྲུལ་གཞི་རྩད་ནས་བཅད་ཐབས་ནི། །བློ་ལ་རབ་འབྲིང་ཐ་མ་གསུམ། །དེ་ཡི་བཅད་པའི་ཐབས་བསྟན་པའི། །དབང་པོ་རབ་ཀྱི་བཅད་ཐབས་ནི། །གཞི་རྩ་ཡིད་གཉིས་ཆོད་པས་ཆོག །གཞི་རྩ་ཆོད་པས་འཁྲུལ་སྣང་ཆོད། །གཞི་མོ་དོན་ཤེས་འཁྲུལ་དུ་མེད། །དུག་ངོ་ཤེས་ན་དུག་རྩ་ཆོད། །དཔེར་ན་ཧ་ལ་ནག་པོའི་དུག །སྔགས་དང་ཐབས་ལྡན་གང་ཟོས་པ། །མི་འཆི་སླར་ལ་སྨན་དུ་འགྱུར། །དེ་བཞིན་འཁྲུལ་གཞི་འཁྲུལ་སྣང་ཀྱང་། །གཞི་འཁྲུལ་རྩད་ཆོད་རྗེས་མི་འབྲང་། །རང་སངས་ཡེ་ཤེས་ངང་ཐིམ་པས། །གཅད་བྱ་གཅོད་བྱེད་གཉིས་མེད་དེ། །འཁྲུལ་གཞིའི་འཁྲུལ་སྣང་རྩད་ནས་གཅོད། །དབང་པོ་འབྲིང་གི་བཅད་ལུགས་ནི། །གཞི་ནི་ཀུན་ཁྱབ་སྤྱི་ཕུད་དེ། །མིང་འདོགས་མེད་པར་རྩད་ནས་ཆོད། །འཁྲུལ་པ་ཀུན་ཏུ་ཚོལ་བའི་ཡིད། །གཞི་ལ་ངེས་པར་སྤྲོས་པ་ཆོད། །གཞི་ནི་ཡེ་ནས་གནས་པ་སྟེ། །འཕོ་འགྱུར་མེད་པར་སྤྲོས་པ་ཆོད། །འཀྱུ་བ་ཡེ་རྟོག་བློ་བུར་བ། །གཞི་ལ་མེད་ཀྱིས་སྤྲོས་པ་ཆོད། །གཞི་ནི་བློ་འདས་མཚོན་མེད་དེ། །འཁྲུལ་པ་བསམ་བརྗོད་རྟོག་པའི་ཚིག །མཚོན་བརྗོད་བསམ་འདས་རྩད་ནས་ཆོད། །གཞི་ནི་ཀུན་གཞིའི་རྣམ་ཤེས་ཏེ། །ཀུན་ཁྱབ་དངོས་མེད་རྩད་ནས་ཆོད། །འཁྲུལ་པ་འོད་ལྔ་འབྱུང་བ་སྟེ། །རང་བཞིན་གཞི་ལ་མ་གྲུབ་སྟེ། །རྩལ་སྣང་ཡིན་གྱིས་རྩད་ནས་ཆོད། །རྩལ་དང་ཟེར་དང་ཁྱབ་བྱེད་གསུམ། ཁུགས་འབྱུང་ཡིན་གྱིས་རྩད་ནས་ཆོད། །ཡན་ལག་མཚན་ཉིད་བུ་དང་གསུམ། །རྒྱ་ཆད་མེད་ཀྱིས་རྩད་ནས་ཆོད། ཁྲེས་པ་རིག་པ་མ་རིག་གསུམ། །འཁྲུལ་པའི་རྒྱུ་ཡིན་རྩད་ནས་ཆོད། །ཡིད་དང་རླུད་དང་སེམས་དང་གསུམ། །འཁྲུལ་པའི་རྐྱེན་ཡིན་རྩད་ནས་ཆོད། །འཁྲུལ་སྒོ་མིན་པ་མི་གསལ་གསུམ། །འཁྲུལ་པའི་དུས་ཡིན་རྩད་ནས་ཆོད། །ང་མེད་པ་ལ་ངར་འཛིན་དང་། །མི་བདེན་པ་ལ་བདེན་འཛིན་དང་། །མི་རྟག་པ་ལ་རྟག་འཛིན་གསུམ། །འཁྲུལ་པའི་ངོ་བོ་རྩད་ནས་ཆོད། །སེམས་དང་ཡིད་དང་བག་ཆགས་གསུམ། །འཁྲུལ་ཚུལ་ཡིན་གྱིས་རྩད་ནས་ཆོད། །རིགས་གཟུགས་འོད་གཟུགས་ཤ་གཟུགས་གསུམ། །འཁྲུལ་འབྲས་ཡིན་གྱིས་རྩད་ནས་ཆོད། །སྦུར་བ་སྲིན་བུ་སྨིག་རྒྱུ་གསུམ། །འཁྲུལ་པའི་དཔེ་ཡིན་རྩད་ནས་ཆོད། །ལོག་པའི་མ་དག་བདུན་པོ་ཡི། །འཁྲུལ་པ་བདུན་པོ་རྩད་ནས་ཆོད། །དབང་པོ་ཐ་མའི་སྤྱོད་ཚུལ་ནི། །འཁྲུལ་པའི་གཞི་ནི་རྩད་ཆོད་པས། །བཅོས་བསླད་འཕེལ་འགྲིབ་རྒྱུ་རྐྱེན་བྲལ། །འཕོ་འགྱུར་བྱ་བཙལ་འགྱུར་བ་མེད། །དངོས་མེད་མ་བཅོས་ལྷུན་གྱིས་གྲུབ། །གློ་བུར་ཆོས་ལ་རག་ལུས་མེད། །མ་བཅོས་མ་བསླད་མ་བཙལ་དོན། །འཛིན་བཅས་བློ་ལས་ཁྱད་པར་གྲོལ། །དེ་ཡིས་འཁྲུལ་གཞི་རྩད་ནས་ཆོད། །ལྷན་ཅིག་སྐྱེས་པའི་མ་རིག་དེ། །ཉོན་མོངས་ཅན་གྱི་ཡིད་ཀྱི་གཞི། །རང་གསལ་རིན་ཆེན་འོད་གསལ་འབར རང་སངས་སྙིང་པོ་ཀློང་དུ་ཐིམ། །གང་གིས་འཁྲུལ་པ་འཁྲུལ་སྣང་དང་། །འཁྲུལ་གཞི་མ་རིག་རྩད་ནས་བཅད། །ཉོན་མོངས་འགྱུ་བ་ཤེས་པ་དེ། །ཡིད་ཀྱི་རྣམ་པར་ཤེས་པའི་གཞི། རླུད་མེད་ཡིད་མེད་སེམས་མེད་པས། །འཁྲུལ་པའི་རྐྱེན་རྣམས་རྩད་ནས་བཅད། །འགྱུ་བ་སེམས་ཀྱི་ཤེས་པ་དེ། །སྒོ་ལྔའི་རྣམ་པར་ཤེས་པའི་གཞི། །འཆར་སྒོ་ཡེ་ཤེས་ཆེན་པོ་དང་། །ངང་དངས་ཡེ་ཤེས་ཟང་ཐལ་ཡིན། །འཁྲུལ་པའི་དུས་རྣམས་རྩད་ནས་བཅད། །བདེན་པའི་དོན་མཐོང་ཐེ་ཚོམ་མེད། །ཡུལ་སེམས་གཉིས་མེད་བཟུང་འཛིན་བྲལ། །རྟག་ཆད་གཉིས་མེད་གསལ་དངས་བས། །ང་བདག་མི་བདེན་འཛིན་མེད་དེ། །འཁྲུལ་པའི་ངོ་བོ་རྩད་ནས་བཅད། །སེམས་མེད་ཡིད་མེད་བག་ཆགས་མེད། །འཁྲུལ་པའི་ཚུལ་རྣམས་རྩད་ནས་བཅད། །རྒྱུ་མེད་རྐྱེན་མེད་གཟུགས་མེད་གསུམ། །འཁྲུལ་པའི་འབྲས་བུ་རྩད་ནས་བཅད། །གཞི་མེད་འཁྲུལ་མེད་ཡིད་གཉིས་མེད། །འཁྲུལ་དཔེ་གང་ཡིན་རྩད་ནས་བཅད། །འོད་ལ་འདོད་མེད་དབྱིངས་སུ་ཐིམ། །འདོད་ཁམས་ལྟ་འཁྲུལ་རྩད་ནས་བཅད། །འོད་ལ་གཟུགས་མེད་ཆོས་ཉིད་ཀློང་དུ་ཐིམ། །གཟུགས་ཁམས་ལྷར་འཁྲུལ་རྩད་ནས་བཅད། །གནས་པའི་དོན་རྟོགས་དབྱིངས་སུ་ཐིམ། །གཟུགས་མེད་ལྷར་འཁྲུལ་རྩད་ནས་བཅད། །ཆོས་ཉིད་མ་དང་འཕྲད་པས་ཞེ་སྡང་མེད། །དམྱལ་བའི་འཁྲུལ་སྣང་རྩད་ནས་བཅད། །དབྱེར་མེད་ངང་དུ་ཐིམ་པས་སེར་སྣ་མེད། །ཡི་དྭགས་འཁྲུལ་སྣང་རྩད་ནས་བཅད། །མ་རིག་མུན་སངས་ཡེ་ཤེས་རང་ཤར་བས། །བྱོལ་སོང་འཁྲུལ་སྣང་རྩད་ནས་བཅད། །འཁྲུལ་པ་རང་སངས་ཕྲག་དོག་ཆོད། །མི་རྣམས་འཁྲུལ་སྣང་རྩད་ནས་བཅད། །རྣམ་རྟོག་རང་གྲོལ་ང་རྒྱལ་མེད། །ལྷ་མིན་འཁྲུལ་སྣང་རྩད་ནས་བཅད། །སྐྱེ་མེད་དོན་རྟོགས་ཆགས་ཞེན་མེད། །ལྷ་ཡི་འཁྲུལ་སྣང་རྩད་ནས་བཅད། །སྙིང་པོ་ཀློང་ཤར་སྐུ་གསུམ་འདུ་འབྲལ་མེད། །དུག་གསུམ་འཁྲུལ་པ་རྩད་ནས་བཅད། །ལུས་ངག་ཡིད་གསུམ་བྱ་བརྩལ་མེད། །ལུས་ངག་ཡིད་གསུམ་འཁྲུལ་སྣང་རྩད་ནས་བཅད། །ཕྱི་ཡི་ཡུལ་ལ་རྩིས་གདབ་དབྱེ་བསལ་མེད། །ཕྱི་སྣོད་གླིང་བཞིའི་འཁྲུལ་སྣང་རྩད་ནས་བཅད། །ནང་གི་སེམས་ཡིད་རྩིས་གདབ་མེད། །རིག་ཡིད་སེམས་ཀྱི་འཁྲུལ་པ་རྩད་ནས་བཅད། །ཕྱོགས་མཚམས་དབུས་ལྔ་མ་གྲུབ་པས། །ཁ་དོག་ཕྱོགས་མཚམས་འཁྲུལ་པ་བཅད། །ཕྱི་བལྟ་ནང་བལྟ་ཡིད་གཉིས་ལས། །འཁྲུལ་པ་དེ་དག་ཐམས་ཅད་སྣང་། །ཡིད་རྩད་ཆོད་པས་འཁྲུལ་དུ་མེད། །འཁྲུལ་པ་གཞི་ལ་མེད་པར་རྩད་ནས་བཅད། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཁྲུལ་པའི་འཁྲུལ་སྣང་རྩད་ནས་གཅོད་པའི་ལེའུ་སྟེ་དྲུག་པའོ།། །།བྷ་ཏ་ཨ་ཏི་རི་ཨི་པ་དྷ་ནི་བི་མ་ལ་ས་ཏ་ཨུ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །འཁྲུལ་པ་བསལ་ཞིང་ལྡོག་པའི་ཐབས། །བདག་ཅག་རྣམས་ལ་གསུང་དུ་གསོལ། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །འཁྲུལ་པ་བསལ་ན་ཐད་ཀར་བསལ། །འཁྲུལ་པ་ལྡོག་ན་རྒྱུ་ནས་ལྡོག །སྒོ་ལྔ་ཡུལ་ལས་གསལ་དུས་སུ། །སྣང་བའི་མཚན་ཉིད་ཤེས་པ་ལྡོག །ཉོན་མོངས་རྣམ་ལྔར་གསལ་བའི་ཚེ། །གློ་བུར་འཁྲུལ་པར་ཤེས་པ་ལྡོག །ཡིད་ཀྱིས་ནང་དུ་བལྟས་པ་ཡིས། །བློ་ཡིས་འཛིན་པར་ཤེས་པ་ལྡོག །བདེན་པའི་ཆོས་ལ་ཐེ་ཚོམ་ཟ། །མི་བདེན་ཆོས་ལ་ཡང་དག་འཛིན། །བདེན་རྫུན་ཤེས་པ་འབྱུང་བའི་ཚེ། །མ་རིག་འཁྲུལ་པར་ཤེས་པས་བཟློག །ཅི་ཡང་མ་ཤེས་མི་གསལ་ཚེ། །གདམས་པ་རྒྱུད་ཐེབས་པས་ལྡོག །སྣང་ཡང་མི་འགེགས་མི་བསྒྲུབ་ན། །ཕྱི་ཡི་འཁྲུལ་པ་སོལ་བ་ཡིན། །གསལ་ཡང་ཡུལ་ལ་མི་འདུག་ན། །རྟེན་གྱི་འཁྲུལ་པ་སོལ་བ་ཡིན། །ནང་དུ་བདག་འཛིན་མ་སྐྱེས་ན། །འཕྲང་གི་འཁྲུལ་པ་སོལ་བ་ཡིན། །ཕྱི་ནང་ཤེས་པས་མ་བཟུང་ན། །བློ་ཡི་འཁྲུལ་པ་སོལ་བ་ཡིན། །ཡང་དག་དོན་ལ་གདེང་རྙེད་ཀྱང་། །འཛིན་དང་ཐེ་ཚོམ་མི་སྐྱེ་ན། །མ་རིག་འཁྲུལ་པ་སོལ་བ་ཡིན། །རིག་མེད་སྟོང་པའི་སྙིང་པོ་ཅན། །སྙིང་པོ་ངོ་ཡིས་ཟིན་པའི་ཚེ། །རྩོལ་བསྒྲུབ་འཁྲུལ་པ་སོལ་པ་ཡིན། །རྒྱུད་ཀྱི་བྱ་བ་ཐོངས་པའི་ཚེ། །ཞེན་ཆགས་འཁྲུལ་པ་སོལ་བ་ཡིན། །གཉེན་པོ་ཀློང་དུ་གྱུར་པའི་ཚེ། །རྐྱེན་གྱི་འཁྲུལ་པ་སོལ་བ་ཡིན། །ཡེ་ཤེས་ཀློང་དུ་གྱུར་པའི་ཚེ། །མ་རྟོགས་འཁྲུལ་པ་སོལ་བ་ཡིན། །ཡེ་ཤེས་རྒྱུན་ཆད་མེད་པའི་ཚེ། །དུམ་བུའི་འཁྲུལ་པ་སོལ་བ་ཡིན། །རྟོགས་པ་རང་དང་མི་འབྲལ་ཚེ། །འཁྲུལ་པ་ཐམས་ཅད་མ་སྤངས་སོལ། །དཀར་དམར་གཉིས་ལ་མ་ཆགས་ན། །ཕྱི་ཡི་འཁྲུལ་པ་སོལ་བ་ཡིན། །རིག་ཡིད་འགྱུ་བ་ཆོད་པ་ནི། །ནང་གི་འཁྲུལ་པ་སོལ་བ་ཡིན། །དབྱེ་བསལ་ཤེས་པ་མ་སྐྱེས་ན། །བར་གྱི་གཟུང་འཛིན་སོལ་བ་ཡིན། །ཕྱི་ཡི་ཡུལ་ལ་མི་སྤྱོད་ན། །ཡུལ་གྱི་འཁྲུལ་པ་སོལ་བ་ཡིན། །ནང་དུ་སེམས་ལ་མ་བསམ་ན། །བདག་འཛིན་འཁྲུལ་པ་སོལ་བ་ཡིན། །ཕྱི་ནང་གཉིས་སུ་མ་བཟུང་ན། །དགག་བསྒྲུབ་འཁྲུལ་པ་སོལ་བ་ཡིན། །རྟོག་དཔྱོད་བློ་འདས་མཚན་མ་མེད། །དེ་ལྟར་སུས་རྟོགས་གོ་ཡང་གནས། །འཁྲུལ་སྣང་ཐམས་ཅད་མ་སྤངས་སོ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པའི་རྒྱུད་ལས། འཁྲུལ་པ་བསལ་ཐབས་ཀྱི་ལེའུ་སྟེ་བདུན་པའོ།། །།ཨ་ཏི་པ་ཏི་པྲད་ཏ་ཀ་ར་ཨ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །འབྲས་བུ་ཇི་ལྟར་ཐོབ་ལུགས་རྣམས། །འདུས་པའི་འཁོར་ལ་གསུང་དུ་གསོལ། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །ཐོག་མ་མེད་པའི་དུས་མཐའ་ནས། །རང་ལ་རང་ཆས་ཡོད་པ་ཡི། །སེམས་ཉིད་བརྗོད་དུ་མེད་པ་དེ། །བརྗོད་མེད་དབྱིངས་ཐིམ་འབྲས་བུ་ཐོབ། །སེམས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་མེད་དབྱིངས་ཐིམ་འབྲས་བུ་ཡིན། །སེམས་ཉིད་དངོས་མེད་འཀྱུར་མེད་དེ། །འཕོ་འགྱུར་མེད་ན་འབྲས་བུ་ཡིན། །སྣང་བ་གསུམ་གྱི་དཀྱིལ་འཁོར་ནས། །སྐུ་གསུམ་འབྲས་བུ་ཤུགས་ལས་འཆར། །གདུལ་བྱ་གསུམ་ལ་དགོངས་ནས་སུ། །ཞིང་ཁམས་མ་ལུས་བདེ་བར་སྤྱོད། །དོན་དམ་འབྲས་བུ་འཆར་བའི་གཞི། །ཡེ་ནས་རང་ལ་གནས་པ་ཡི། །རང་ས་ཟིན་ཅིང་གནས་པས་ཆོག །ཅེས་གསུངས་སོ། རིན་པོ་ཆེ་སྣང་གསལ་སྤུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྲས་བུ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་གསོལ། །འབྲས་བུའི་གདེང་ཟིན་ཇི་ལྟར་ལགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས། །འབྲས་བུའི་གདེང་ཟིན་འདི་ལྟར་ཤེས་པར་གྱིས། །སྙིང་པོའི་རང་བཞིན་མིང་མེད་བརྗོད་མེད་ལ། །ཟིན་དང་མ་ཟིན་དོན་ལ་གཉིས་མེད་ཀྱང་། །རེ་ཞིག་འབྲས་བུའི་གདེང་ཟིན་འདི་ལྟར་རོ། །ཆོས་སྐུ་གནས་པའི་གནས་ལུགས་མིང་མེད་པ། །མ་འཁྲུལ་སྣང་བ་གནས་ལུགས་གདེང་ཟིན་ཡིན། །ཆོས་སྐུ་རང་བྱུང་ཡེ་ཤེས་དབྱེར་མེད་དེ། །ཆོས་སྐུ་མཚན་མ་བརྡ་ཡི་མིང་ལས་འདས། །འགྱུར་མེད་ངང་གནས་གདེང་ཟིན་ཆེན་པོ་ཡིན། །རང་བཞིན་ལྷུན་གྲུབ་འགྱུར་མེད་ཀློང་ན་གནས། །ཆོས་ཉིད་ངང་དང་གདེང་ཟིན་ཆེན་པོ་ཡིན། །གསལ་ལ་དངས་པའི་སྙིང་པོ་འགག་མེད་ལ། །སྐྱེ་འཇིག་མེད་དེ་གདེང་ཟིན་ཆེན་པོ་ཡིན། །དངོས་པོ་མཚན་མེད་པ་ཡི་རང་བཞིན་དེ། །ཁ་དོགས་དབྱིབས་དང་བྲལ་བའི་གདེང་ཟིན་ཆེན་པོ་ཡིན། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་ཕྱོགས་རིས་མེད། །ཚོགས་བརྒྱད་ཡུལ་དུ་མ་ཟིན་སྐྱེ་མེད་གདེང་གིས་ཟིན། །ཡོད་མེད་སྟོང་དང་མི་སྟོང་རྟག་ཆད་མེད། །མཐའ་དང་དབུས་མེད་ཚིག་འདས་གདེང་གིས་ཟིན། །ཡི་གེ་བརྗོད་དུ་མེད་པའི་ངོ་བོ་སྟེ། །རང་གསལ་རིས་མེད་ཕྱོགས་མེད་གདེང་གིས་ཟིན། །ཆོས་ཉིད་མ་དང་འཕྲད་པས་གཉིས་མེད་གདེང་གིས་ཟིན། །ཡེ་ཤེས་རང་ས་ཟིན་པའི་འགྱུར་མེད་གདེང་གིས་ཟིན། །འཁྲུལ་པར་རང་སངས་ཡེ་ཤེས་གདེང་གིས་ཟིན། །རྣམ་རྟོག་རང་གྲོལ་ཆོས་ཉིད་གདེང་གིས་ཟིན། །གཏི་མུག་ངང་དངས་འོད་གསལ་གདེང་གིས་ཟིན། །བློ་འདས་དབྱེར་མེད་ཆོས་སྐུ་གདེང་གིས་ཟིན། །ཞེ་སྡང་རང་སངས་ཁ་གསལ་གདེང་གིས་ཟིན། །སྐྱེ་མེད་འགག་མེད་ལོངས་སྐུའི་གདེང་གིས་ཟིན། །འདོད་ཆགས་ངང་དངས་ཡེ་ཤེས་ཟང་ཐལ་གདེང་གིས་ཟིན། །ཡིད་ལ་མ་བྱས་སྤྲུལ་སྐུའི་གདེང་གིས་ཟིན། །དུག་གསུམ་རྩད་གཅོད་སྐུ་གསུང་ཐུགས་སུ་འགྱུར། །སྐུ་གསུམ་འདུ་འབྲལ་མེད་པའི་གདེང་གིས་ཟིན། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པའི་རྒྱུད་ལས། འབྲས་བུའི་གདེང་ཟིན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་གསོལ། །ས་ར་ཏ་ཡུ། བུ་སུ་ད་རང་འགའ་ཡ། བ་ལ་མུ་པི་སི་ཏི་ཨ་ཨ། སངས་རྒྱས་ཆེ་བའི་ཡོན་ཏན་ཇི་ལྟར་ལགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྐྱེ་མེད་སྙིང་པོ་ཆོས་སྐུ་ལ། །སྐྱོན་དང་ཡོན་ཏན་གཉིས་མེད་ཀྱང་། །མ་རྟོགས་སེམས་ཅན་གོ་བ་བསྐྱེད་པའི་ཕྱིར། །ང་ཡིས་སངས་རྒྱས་ཡོན་ཏན་བཤད། །འཁོར་རྣམས་མ་ཡེངས་དད་ལྡན་གུས་པས་ཉོན། །སངས་རྒྱས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །བདག་མེད་གཉིས་མེད་རྟོགས་པ་ཆོས་ཀྱི་སྐུ། །བློ་ཡི་ཡུལ་དུ་མ་གྱུར་ཡོན་ཏན་བསམ་ལས་འདས། །གཟུགས་སྐུ་རྣམ་གཉིས་ལ་སོགས་ཡོན་ཏན་ཀུན། །ཉི་ཟླའི་འོད་བཞིན་ཀུན་ལ་ཡོན་ཏན་ཁྱབ། །དྲང་བའི་དོན་དུ་བྱེ་བྲག་བགྲང་བ་ཙམ། །བདག་ཏུ་འཛིན་པའི་ཤེས་པ་ལོག་པ་ཡིས། །སྐྱེ་རྒ་ན་འཆིའི་ཆུ་བོ་རྩད་ནས་བཅད། །སྐྱེ་ཤིའི་སྡུག་བསྔལ་མེད་དེ་ཡོན་ཏན་ཆེ། །ཆོས་སྐུ་སོང་བའི་ཡུལ་དེ་ལོག་པ་ཡིས། །ཉོན་མོངས་དུག་ལྔ་མ་བཅད་རང་བཞིན་ཆད། །སྐུ་བཞི་ཡེ་ཤེས་ལྔཉིད་ལྷུན་གྱིས་གྲུབ། །སངས་རྒྱས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །སྐུ་ཡི་དངོས་པོ་ཅི་ཡང་མི་མངའ་བར། །སྟོང་གསུམ་མ་ལུས་དབང་བསྡུས་ཟིལ་གྱིས་གནོན། །གསུང་གི་དངོས་པོ་ཅིར་ཡང་མི་མངའ་བར། །བསྟན་པ་མ་ལུས་ཐམས་ཅད་རྒྱས་པར་སྒྲོགས། །ཐུགས་ཀྱི་དངོས་པོ་ཅི་ཡང་མ་ཡིན་པར། །ཐམས་ཅད་རང་གི་ངོ་བོ་ཆོས་སྐུར་གསལ། །མཁྱེན་པ་མེད་པའི་མཁྱེན་པ་ཆེན་པོ་དེ། །ཇི་སྙེད་མཁྱེན་པའི་མཁྱེན་པ་མཆོག་ཏུ་གསུངས། །རྣམ་རྟོག་མི་མངའ་ཅི་ཡང་གསལ་ལེར་མཁྱེན། །ང་དང་གཞན་དང་བྱ་བྱེད་ལ་སོགས་པ། །རྣམ་རྟོག་མི་མངའ་སྣང་སྲིད་ཆོས་སྐུར་མཁྱེན། །ཇི་ལྟ་བ་ཉིད་མཁྱེན་པས་མཁྱེན་པའི་མཆོག །དེ་ནི་ཐམས་ཅད་མཁྱེན་པ་ཆེན་པོ་ཡིན། །སྐུ་གསུང་ཐུགས་ཀྱང་གཅིག་གི་ངོ་བོར་གསུངས། །སྐུ་གསུང་ཐུགས་ཀྱང་ཆོས་ཀྱི་དབྱིངས་ན་གནས། །སྐུ་གསུམ་ངོ་བོ་ཉིད་ཀྱི་ཀློང་དུ་ཐིམ། །ཐམས་ཅད་ངོ་བོ་བསམ་མེད་ངང་དུ་ཐིམ། །གཡོས་པ་མི་མངའ་སལ་ལེ་སང་ངེ་བ། །མཆོག་མཁྱེན་ཐམས་ཅད་མཁྱེན་པའི་ཡོན་ཏན་མཆོག་ཏུ་གསུངས། །དེ་ལྟ་བུ་ཡི་ཡོན་ཏན་ཆེན་པོ་དེ། །བསྒྲུབས་ནས་གཞན་ནས་བྱུང་བ་མ་ཡིན་ཏེ། །རང་གི་ངོ་བོ་ཡེ་ནས་དེ་ལྟར་གནས། །ཡེ་ནས་གནས་པ་རྟོགས་ནས་བསྟན་པ་ལ། །མཐར་ཐུག་སངས་རྒྱས་དེ་ལ་བྱ་བ་ཡིན། །ངང་དངས་སེམས་ཉིད་སྐུ་གསུམ་སངས་རྒྱས་པས། །ཕྱི་ནང་སྣོད་བཅུད་ང་ཡི་ཡོན་ཏན་ཡིན། །ཡོན་ཏན་མཆོག་ཏུ་གྱུར་པར་རྒྱལ་བས་གསུངས། །དྲང་དོན་ཨ་ནུ་མན་ཆད་མཁྱེན་པ་དེ། །བདག་གིས་གཞན་མཁྱེན་བྱ་དང་བྱེད་པ་དེ། །བདག་གཞན་གཉིས་མེད་རྟོགས་པའི་མཁྱེན་པ་མེད། །དེ་ནི་ད་དུང་འདུས་བྱས་གཟུང་འཛིན་ཡིན། །ཡོན་ཏན་ཕྱོགས་ཆད་སངས་རྒྱས་ཡོན་ཏན་མེད། །དེ་ནི་སེམས་ཅན་བློ་ཡི་ཡོན་ཏན་ཡིན། །དེ་ནི་ང་ཡི་ཡོན་ཏན་མ་ཡིན་ནོ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་ཞབྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། །སངས་རྒྱས་ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།ཨ་ནུ་ཨ་ས་ཧ་ཡ། བི་བ་ས་ལ་རྟ་ཡི། ཀ་ཏ་མུ་རུ་ས་ཏོ། ཨེ་མའོ་ཨ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །སེམས་ཅན་རྣམས་ལ་སྐྱོན་དུ་ཅི་ཞིག་མཆིས། །ཞེས་གསོལ་པ་དང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྙིང་པོ་མིང་མེད་བརྗོད་མེད་འགྱུར་མེད་མ་རྟོགས་པས། །རིག་པ་རྩལ་སྣང་སེམས་ཅན་རྣམས་ཀྱི་སྐྱོན། །བསམ་དང་བརྗོད་པའི་མཐའ་ལས་འདས་མོད་ཀྱང་། །རེ་ཞིག་བཤད་ཀྱིས་རྡོ་རྗེ་སེམས་དཔས་ཟུང་། །སེམས་ཅན་སྐྱོན་གྱི་རྩ་བ་གཅིག་པོ་ལ། །བདག་ཏུ་འཛིན་པའི་དུག་ལྔ་རང་ལས་བྱུང་། །སེམས་ཅན་ཞེས་ཀྱང་འཛིན་པས་བཏགས་པ་ཡིན། །ཉོན་མོངས་ཇི་སྙེད་ཐམས་ཅད་འབྱུང་བའི་གནས། །བདག་ཏུ་འཛིན་པ་ཐོག་མ་མེད་པ་ནས། །ད་ལྟའི་བར་དུ་སྡུག་བསྔལ་གསུམ་དུ་མནར། །ད་དུང་གཟུང་འཛིན་ཕུར་པ་མ་ཐོན་པར། །ཐར་བར་ཀུན་ཏུ་བཟང་པོས་མ་གསུངས་སོ། །མིང་མེད་ཆོས་ཉིད་ཟླ་དང་བྲལ་བ་ལ། །ང་དང་བདག་ཏུ་བཟུང་བས་གཏན་དུ་འཁྱམས། །ཇི་སྲིད་བདག་གཞན་འདུ་ཤེས་ཡོད་ཀྱི་བར། །དཀའ་བ་ཅི་སྤྱད་རང་ཉིད་འཆིང་བའི་རྒྱུ། །གྲོལ་བར་འདོད་པ་རང་ཉིད་འཆིང་བར་འགྱུར། །སྦུར་བ་བལ་དུ་ཐུམ་པ་ཇི་བཞིན་ནོ། །བདག་གཞན་གཉིས་ཀྱི་གོ་བ་མ་སྐྱེས་ན། །བདག་གཞན་ཡུལ་དང་སེམས་ལ་བྱེད་པ་སྟེ། །དེ་གཉིས་ཡོད་པས་བྱ་བྱེད་ཡོད་པ་དང་། །བླང་དོར་དགག་བསྒྲུབ་སྤོང་ལེན་རེ་དོགས་དང་། །ལེགས་ཉེས་བཟང་ངན་རྒྱུ་དང་འབྲས་བུ་དང་། །མཐོ་རིས་ངན་སོང་ཐམས་ཅད་ཡོད་པ་སྟེ། །ཇི་སྲིད་ཡུལ་སེམས་གཉིས་མེད་མ་རྟོགས་པར། །བདག་གཞན་གཉིས་མེད་ཟེར་བའི་དམུས་ལོང་བྱ་ར་མཁན། །བདག་དང་གཞན་གྱི་ཤེས་པ་མི་འདྲ་བར། །ཡུལསེམས་གཉིས་མེད་ཟེར་བའི་རྨོངས་པ་ཡོད། །སྐྱོན་གྱི་རྩ་བ་གཟུང་འཛིན་གཉིས་དང་འགྲོགས། །ཁ་ཅིག་གྲུབ་མཐའ་འདི་སྐད་ཟེར་བ་ཡོད། །ང་དང་ཁྱོད་ཀྱང་ཡེ་ནས་སོ་སོ་སྟེ། །བདག་གི་སེམས་ཉིད་བཙལ་བས་མི་རྙེད་དེ། །ཡུལ་སེམས་གཉིས་མེད་ཟེར་བའི་རྨོངས་པ་ཡོད། །ཁ་ཅིག་ཆོས་ཉད་ཙམ་དུ་གཅིག་པ་ལ། །ཆོས་ཉིད་ཐ་དད་ཡུལ་སེམས་གཉིས་མེད་ཟེར། །ཁ་ཅིག་ཆོས་ཉིད་ཙམ་དུ་གཅིག་པ་ལ། །སེམས་ཉིད་ཐ་དད་ཡུལ་སེམས་གཉིས་མེད་ཟེར། །ཁ་ཅིག་དམ་པའི་དོན་དང་མ་སྦྱོར་བར། །ཡིད་དཔྱོད་ཚིག་ཏུ་བཅག་གོ་ཟེར་བ་ཡོད། །ཡོད་ཀྱང་སྐྱོན་གྱི་རྩ་བ་གཟུང་འཛིན་གཉིས་དང་འགྲོགས། །ཉེས་པའི་བྱུང་ཁུངས་དེ་དང་མ་བྲལ་བར། །འཁོར་བའི་མཐའ་ལས་གྲོལ་བར་མ་གསུངས་སོ། །དེ་ལྟར་སྐྱོན་གྱི་རྩ་བ་ཤེས་པར་གྱིས། །རྣམ་གྲངས་མཐའ་ཡས་རྒྱལ་བས་མཁྱེན་པར་གསུངས། །རེ་ཞིག་བསྡུ་ན་བརྒྱད་ཁྲི་བཞི་སྟོང་ངོ་། །ང་བདག་གཟུང་འཛིན་སྐྱོན་གྱི་རྩ་བ་ཡིན། །ཉོན་མོངས་དུག་ལྔ་སྐྱོན་གྱི་རྩ་བ་ཡིན། །མིང་མེད་མིང་འདོགས་སྐྱོན་གྱི་རྩ་བ་ཡིན། །ཡིད་རིག་རྟོག་པ་སྐྱོན་གྱི་རྩ་བ་ཡིན། །གཟུང་འཛིན་ཞེན་པ་སྐྱོན་གྱི་རྩ་བ་ཡིན། །ང་བདག་ཕྱོགས་རིས་སྐྱོན་གྱི་རྩ་བ་ཡིན། །བྱ་བཙལ་འཁྲུལ་པ་སྐྱོན་གྱི་རྩ་བ་ཡིན། །གཉིས་འཛིན་ཆགས་ཞེན་སྐྱོན་གྱི་རྩ་བ་ཡིན། །རྩལ་སྣང་ཕྱིར་འཕྲོས་སྐྱོན་གྱི་རྩ་བ་ཡིན། །ཅིར་སྣང་རིག་པའི་མཚན་ཉིད་་ཡིན་ལགས་ཀྱང་། །རང་ས་མ་ཟིན་སྐྱོན་གྱི་རྩ་བ་ཡིན། །སེམས་དང་ཡིད་དང་མ་འགོགས་བུ་རྣམས་ཀྱང་ མ་བུ་མ་འཕྲད་སྐྱོན་གྱི་རྩ་བ་ཡིན། །ཞེ་འདོད་ཕྱོགས་རིས་སྐྱོན་གྱི་རྩ་བ་ཡིན། །རིག་འགྱུ་ཡིད་སེམས་སྐྱོན་གྱི་རྩ་བ་ཡིན། །བྱ་བྱེད་འབད་རྩོལ་སྐྱོན་གྱི་རྩ་བ་ཡིན། །རྩིས་གདབས་དབྱེ་བསལ་ཡིད་སྨོན་རེ་དོགས་རྣམས། །མདོར་བསྡུས་སྐྱོན་གྱི་རྩ་བར་བསྟན་པ་ཡིན། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཕྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཅན་སྐྱོན་གྱི་རྩ་བ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཡེ་ཐོག་སངས་རྒྱས་རྣམས་ཀྱིས་བཟང་བྱས་སམ། །ཞེས་གསོལ་པ་དང་། མཚོན་བྱེད་ཀུན་ཏུ་བཟང་པོས་བཀའ་སྩལ་པ། །གཞི་ཡི་རང་བཞིན་མིང་མེད་མཉམ་པ་ལ། །རྩལ་སྣང་མ་འགགས་ཡན་ལག་ཟེར་ཤར་བས། །ཡེ་ཐོགས་སངས་རྒྱས་རྣམས་ཀྱིས་བཟང་མ་བྱས། །ཡེ་ཤེས་རླུད་འགྱུས་ཡིད་རྟོག་སྐྱེ་མ་ནུས། །རིག་པ་ཟེར་ལ་ཐིམ་པས་བཅད་མི་ནུས། །རྩལ་སྣང་མ་འགགས་ཡན་ལག་བཞི་ཐིམ་པས། །རྩལ་སྣང་གཞི་ལ་ཐིམ་པས་ཐོག་མར་ཡེ་སངས་རྒྱས། །རིག་པ་མ་འགགས་མ་ལ་བུ་ཐིམ་པས། །མ་བུ་ངོ་འཕྲོད་དབྱེར་མེད་བླང་དོར་མེད། །ཡན་ལག་ཤེས་པས་སྙིང་པོ་ཀློང་ཐིམ་པས། །ཡན་ལག་སྙིང་པོ་གཉིས་མེད་དབྱེར་མི་ཕྱེད། །སྙིང་པོ་ཡན་ལག་འཕྲད་པས་ཡེ་ཤེས་རང་ས་ཟིན། །ཆོས་ཉིད་མ་བུ་འཕྲད་པས་རང་སར་གྲོལ། །ངང་དངས་འཀྱུར་མེད་རྟོགས་པས་འཕོ་འགྱུར་བྱ་བཙལ་མེད།།ཡེ་ཤེས་རང་ས་ཟིན་པས་གསལ་དངས་ཀློང་ནས་ཤར། །རྒྱུ་དང་རྐྱེན་གྱི་སྒོ་ནས་བཟང་མ་བྱས། །རང་བཞིན་གཞི་ཡི་ཤུགས་ལས་གྱུར་པ་ཡིན། །རྒྱུ་རུ་ཡེ་ཤེས་བཞི་གནས་མནོ། །རྐྱེན་དུ་ཡེ་ཤེས་རླུད་རྐྱེན་མནོ། །དེ་ཡིས་འབྲས་བུ་ཀུན་ཏུ་བཟང་པོའོ རང་བཞིན་ཀུན་བཟང་རྒྱུ་རྐྱེན་རྩོལ་ནད་བྲལ། །རྟོགས་པས་ཀུན་བཟང་རང་གི་དེ་ཉིད་རྟོགས་གྱུར་པ། །ཀུན་ཏུ་བཟང་པོ་དེ་ནི་དུག་གསུམ་སྐུ་གསུང་ཐུགས། །དེ་ལྟར་གྱུར་པས་ཀུན་བཟང་ཞེས་བྱའོ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲི་འབར་བས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡེ་ཐོག་སངས་རྒྱས་རྣམས་ཀྱིས་བཟང་མ་བྱས་པར་རང་བཞིན་ཤུགས་ཀྱིས་ཡེ་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཨ་ཐ་བྷ་རི་ནུ་ཡ་བི་ཏ་ཡ། དྷརྨ་དྷ་ཏུ་ཨི་པ་དྷ་ནི། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །རིགས་དྲུག་སེམས་ཅན་རྣམས་ཀྱིས་ངན་བྱས་སམ། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །འཁྲུལ་རྒྱུ་རླུང་གི་རང་བཞིན་དེ། །གཉིས་ཀའི་གཞི་རུ་མཉམ་པ་ལ། །རང་ས་མ་ཟིན་རླུད་འགྱུས་པས། །ཆོས་ཉིད་མ་དང་མ་འཕྲད་འགྱུར་མེད་ཀློང་དུ་མ་གྱུར་པས། །ཡེ་ཤེས་རང་ས་མ་ཟིན་པར། །འཁྲུལ་པ་རང་དུ་མ་ཆོད་དེ། །སྙིང་པོ་ཀློང་ནས་མ་ཤར་བས། །སྐྱེ་བ་མེད་པར་སངས་མ་རྒྱས། །འཁྲུལ་པའི་འབྲས་བུ་རིག་པའོ། །རྒྱུ་ནི་རླུང་གི་ནུས་པ་ལ། །འབྲས་བུ་རིག་པ་ཡོད་པ་ཡི། །རིག་པའི་ཡེ་ཤེས་དོན་མ་རིག །མ་རྟོགས་མ་རིག་མུན་པར་འཐུམས། །དེ་རུ་ཡིད་འགྱུས་སེམས་སུ་འཁྲུལ། །འོད་གཟུགས་རིགས་གཟུགས་ཤ་གཟུགས་རྣམས། །རང་ས་མ་ཟིན་གསུམ་གྱིས་ལན། །ངན་མ་བྱས་ཤིང་ཐབས་ཀྱང་མ་བྱས་ཏེ། །རིག་པས་རང་ས་མ་ཟིན་འདོད་ཁམས་འཁྲུལ། །ཡིད་ཀྱིས་རང་ས་མ་ཟིན་གཟུགས་ཁམས་འཁྲུལ། །སེམས་ཀྱིས་རང་ས་མ་ཟིན་གཟུགས་མེད་འཁྲུལ། །རང་ས་མ་ཟིན་རྣམ་གསུམ་གྱིས། །ངན་པ་མ་བྱས་ཤུགས་ཀྱིས་འཁོར་བར་འཁྱམས། །དཔེར་ན་བཅུ་བདུན་མན་ཆད་ཀྱི། །ཟླ་བ་རྒྱུ་རྐྱེན་བྱེད་མེད་ཀྱང་། ཁུགས་ཀྱིས་ཆུང་དུ་འགྲོ་བ་ལྟར། །བྱེད་མཁན་མེད་པར་འཁོར་བར་འཁྱམས། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྤུ་གྲི་འབར་བས་འཁྲུལ་སྣང་རྩད་ནས་བཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཅན་གྱིས་ངན་མ་བྱས་པར་འཁོར་ཚུལ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།ཨ་བ་ཏ་ཡི་བྷ་ཏ་ས་ཀ་ཏ་ཡ་ཨ། །དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །དེ་ཉིད་སྐྱོན་ཡོན་ཇི་ལྟར་ལགས། །ཞེས་གསོལ་པ་དང་། ཀུན་བཟང་ཉིད་ཀྱིས་འདི་སྐད་གསུངས། །དཔེར་ན་ནས་ཀྱི་གཞི་གཅིག་ལ། །ཞིང་ས་གཅིག་ལ་བཏབ་པ་ལ། །བྱེད་མཁན་མེད་པར་བཟང་ངན་འབྱུང། །དེབཞིནརངཤུགསལས་བྱུང་བ། །མ་རིག་ཡེ་ཤེས་ཤུགས་ཀྱིས་བྱུང་། །ལྕགས་རྡོ་ལྕགས་སུ་གཞི་གཅིག་ལ། །བཟང་ངན་རྣོ་བརྟུལ་ཤུགས་ཀྱིས་འབྱུང་། །དེ་བཞིན་འཆར་སྒོ་ཞབྲུལ་སྒོ་འབྱུང་། །དཔེར་ན་ཕ་མ་གཞི་གཅིག་ལ། །སྦྱོར་བར་མཉམ་པ་ཐིག་ལེར་མཉམ། །གནས་སུ་མཉམ་ལ་འབྱུང་བར་མཉམ། །དེ་ལྟར་མཉམ་པའི་རང་བཞིན་ལ། །ཁྱེའུ་བུ་མོར་འོང་བ་དང་། །ལེགས་མ་ལེགས་སུ་འོང་བ་དང་། །བཟང་དང་ངན་དང་འོང་བ་ཡང་། །རང་བཞིན་ཤུགས་ཀྱིས་འབྱུང་བ་ལས། །བུ་མོ་ཁྱེའུ་ལྟ་བུར་བྱས་པ་མིན། །ཁྱེའུ་བུ་མོར་བྱས་པ་མིན། །མ་ལེགས་ལེགས་སུ་ལྟ་བུར་བྱས་པ་མིན། །བཟང་ཕོ་ངན་པར་ལྟ་བུར་བྱས་པ་མིན། །ཆེ་ཆུང་གཉིས་སུ་འོང་བ་དང་། །བཟང་ངན་གཉིས་སུ་འོང་བ་དང་། །བློ་ལ་རྣོ་བརྟུལ་འོང་བ་དང་། །སྤྱང་གླེན་གཉིས་སུ་འོང་བ་ཡང་། ཁུ་རྐྱེན་རྩོལ་བསྒྲུབ་མ་བྱས་པར། །རང་བཞིན་ཤུགས་ཀྱིས་དེ་ལྟར་བྱུང་། །དེ་བཞིན་རིག་པར་གཞི་གཅིག་ལ། །སེམས་ཅན་སངས་རྒྱས་གཉིས་སུ་བྱུང་། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །སེམས་ཅན་སྐྱོན་ཀྱང་ཚད་ལས་འདས། །སྐྱོན་དང་ཡོན་ཏན་རྣམ་གཉིས་ཀྱང་། །གཞི་ཤུགས་དག་ལས་བྱུང་བ་ཡིན། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྤུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྐྱོན་ཡོན་གཏན་ཚིགས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།ཨ་ཐ་ཨ་རི་ཤ་པ་རི། བྷ་ཏ་ཀི་བ་ཙིསྟ་ཡ། བྲི་མ་ལ་ཡ་ཨ་ཏི་པ་རི། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།།ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཐེག་པ་བརྒྱད་ཁྲི་བཞི་སྟོང་དེ། །གང་ལ་དགོངས་ནས་ཕྱེ་བ་ལགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྙིང་པོ་རང་བཞིན་མིང་མེད་མཉམ་པ་ལ། །རྩལ་སྣང་ཡན་ལག་སྣང་ཚུལ་རིམ་པར་ཕྱེ། །དུག་གསུམ་ཆ་ནས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བྱུང་། །འདོད་ཆགས་ལས་གྱུར་ཉི་ཁྲི་ཆིག་སྟོང་གཅིག །གཏི་མུག་ལས་གྱུར་ཉི་ཁྲི་ཆིག་སྟོང་གཅིག །ཞེ་སྡང་ལས་གྱུར་ཉི་ཁྲི་ཆིག་སྟོང་གཅིག །དུག་གསུམ་ཆ་མཉམ་ཉི་ཁྲི་ཆིག་སྟོང་གཅིག །དེ་ལ་སོགས་པ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྣམས། །དེ་འདུལ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ངོ་། །མདོ་སྡེ་ལས་གྱུར་ཉི་ཁྲི་ཆིག་སྟོང་གཅིག །འདུལ་བ་ལས་གྱུར་ཉི་ཁྲི་ཆིག་སྟོང་གཅིག །མངོན་པ་ལས་གྱུར་ཉི་ཁྲི་ཆིག་སྟོང་གཅིག །དེ་གསུམ་ཆ་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གཅིག །ཐེག་པ་བརྒྱད་ཁྲི་བཞི་སྟོང་ཕྱེ་བ་སྟེ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དོན་ལ་དགོངས་ནས་གསུངས། །མུ་སྟེགས་ཉན་ཐོས་རང་རྒྱལ་དང་། །སེམས་ཙམ་དབུ་མ་གཉིས་ཀྱི་དོན། །ཀྲི་པ་།་པ་ཡོ་ག་དང་། །མ་ཧྭ་ཨ་ནུ་ཡོ་ག་རྣམས། །ཡན་ལག་མི་འདྲ་དབང་པོ་རིམ་པར་ཕྱེ། །རྒྱུ་ལམ་འབྲས་བུ་གསུམ་ལ་ཐེག་པ་གསུམ། །འདུལ་བྱ་གང་ལ་གང་འདུལ་དོན་དུ་བསྟན། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐེག་པ་བརྒྱད་ཁྲི་བཞི་སྟོང་དུ་ཕྱེ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་གསོལ། །ཐེག་པ་དགུ་རུ་བསྡུས་པ་དེ། །གདུལ་བྱ་གང་ལ་དགོངས་ནས་གསུངས། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྙིང་པོའི་རང་བཞིན་གཅིག་མོད་ཀྱང་། །རྩལ་སྣང་ཡན་ལག་མི་འདྲ་བར། །དབང་པོ་རབ་འབྲིང་གསུམ་དུ་བྱུང་། །དབང་པོ་རབ་ཀྱི་དོན་དུ་ནི། །ནང་གི་བསྐྱེད་རྫོགས་རྣམ་གསུམ་བསྟན། །དབང་པོ་འབྲིང་གི་དོན་དུ་ནི། །ཕྱི་ཡི་ཀྲི་ཡོག་རྣམ་གསུམ་བསྟན། །དབང་པོ་ཐ་མའི་དོན་དུ་ནི། །མཚན་ཉིད་སྡེ་གསུམ་ཐེག་པ་བསྟན། །དེ་ལྟར་ཐེག་པའི་རིམ་དགུ་དེ། །རབ་འབྲིང་དགུ་ལ་དགོངས་ནས་གསུངས། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྤུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐེག་པ་དགུ་རུ་བསྡུས་ཏེ་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །གཞན་གཞུང་ཐེག་པ་ཇི་ལྟར་ཤེས་པར་བགྱི། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྙིང་པོའི་རང་བཞིན་མིང་མེད་མཉམ་པ་ལ། །ཡན་ལག་རྩལ་གྱི་ཤེས་པས་མིང་བཏགས་པ། །ཐེག་དགུ་ཐེག་པ་གཉིས་སུ་བསྡུས། །འཇིག་རྟེན་པ་དང་འཇིག་རྟེན་འདས། །འཇིག་རྟེན་པ་ཡིས་ཐེག་པ་ཕྱི་བ་མུ་སྟེགས་ཏེ། །གཡོ་མེད་གཙང་དང་རྟོག་དབྱོད་སྒོ་ནས་འཇུག །ལུས་ལ་གསུམ་ལ་ངག་ལ་བཞི། །བསྲུང་བའི་ཚུལ་ཁྲིམས་བདུན་བསྲུང་ངོ་། །འཇིག་རྟེན་མུ་སྟེགས་ལྟ་བ་ནི། སུམ་བརྒྱ་དྲུག་ཅུའི་གྲངས་སྙད་ཡོད། །དེ་ལས་ལྟ་བ་བསྡུས་པ་ནི། །འཇིག་ཚོགས་དྲུག་ཅུ་རྩ་གཉིས་ཡོད། །སྔོན་གྱི་མཐའ་རྟོགས་བཅོ་བརྒྱད་དང་། །ཕྱི་མའི་མཐའ་ལ་རྟོག་པ་པོ། །བཞི་བཅུ་རྩ་བཞི་གྲངས་སུ་ཡོད། །བསྡོམས་པས་དྲུག་ཅུ་རྩ་བཞི་ཡོད། །དེ་ལས་བསྡུས་པས་ཉི་ཤུ་སྟེ། །དེ་ལས་བསྡུས་པ་རྣམ་བཞི་སྟེ། །རྟགས་ཆད་ཐུན་མོང་རིག་བྱེད་གཙང་མ་བཞི། །རྟག་པར་བལྟ་བའི་ལྟ་ལུགས་ནི། །སྙིང་པོའི་རང་བཞིན་མིང་མེད་མ་རྟོག་པས། །མ་རྟོགས་ཡན་ལག་སྣང་ཚུལ་རྟོག་པར་འདོད། །རྒྱུ་མེད་འབྲས་བུ་ཡོད་པར་རང་རིག་འདོད། །ཐམས་ཅད་བྱེད་པའི་རྟགས་པ་ཆེན་པོར་འདོད། །རྟག་པར་འདོད་པ་ཁ་དོག་དབྱིབས་ཀྱི་ཚད། །ཁ་དོག་ཚད་ནི་དཀར་འཚེར་སྣུམ་ལ་འདྲིལ། །ཚད་ནི་མཐེ་བོང་སྲན་མ་ཉུང་འབྲུ་ཙམ། །ཆེ་ཆུང་དག་ནི་ལུས་དང་སྦྱོར་ནས་ཡོད། །ཆད་པར་བལྟ་བའི་བལྟ་ལུགས་ནི། །སྙིང་པོའི་རང་བཞིན་མ་རྟོགས་ཆད་ལྷ་ནི། །སྣང་ཚུལ་མ་འགགས་རིག་པ་ནི། །རིག་པ་གློ་བུར་སྣང་བ་ཡིན་པར་འདོད། །ཕྱི་མ་རིག་པ་སྐྱེ་ཞིང་མེད་པར་འདོད། །དགེ་སྡིག་འབྲས་བུ་ཚེ་འདི་ཉིད་ལ་ཡོད། །བདེ་སྐྱིད་ནད་ཉུང་ཚེ་འདི་ཉིད་ལ་འབྲས་བུའོ། །དགེ་བ་བྱས་པའི་འབྲས་བུ་དེ་རང་ཡིན། །མི་བདེ་སྡུག་བསྔལ་ནད་མང་ཚེ་ཐུང་ནི། །སྡིག་པ་བྱས་པའི་རྣམ་སྨིན་འབྲས་བུ་ཡང་། །ཚེ་འདི་ཉིད་ལ་འོང་བས་ཕྱི་མ་མེད། །ལུས་ངག་ཡིད་གསུམ་སྒོ་ནས་དགེ་དང་སྡིག་པ་སྤྱད། །ཚེ་འདི་ཉིད་ལ་སྨིན་ནས་འོང་བ་ལ། །མི་དགེ་སྤངས་ཤིང་དགེ་བ་སྤྱད་པར་བྱའོ། །དགེ་སྡིག་གཉིས་ཀྱི་འབྲས་བུ་སོ་སོ་ཡང་། །ཕྱི་མར་མི་སྡོད་འབྲས་བུ་ད་ལྟའོ། །ཐུན་མོངས་མུ་སྟེགས་ལྟ་བའི་འདོད་པ་ཡང་། །ཆོས་སྐུ་འགྱུར་མེད་རང་བཞིན་མ་ཤེས་པས། །ཡན་ལག་རྩལ་གྱི་ཤེས་པའི་བྱེ་བྲག་ལས། །རིག་པ་གཡོ་བ་རླུ་་གིས་གཡོ་བ་ཡིན། །རླུད་གིས་བཅ་བྱས་རྩ་ཡི་སྣོད་དུ་ཆགས། །རླུད་གཡོས་བདེ་བ་མི་འཆར་མ་གཡོས་བདེ། །བདེ་བ་འདོད་པས་རླུང་བཀག་བདེ་བ་བསྒོམ། །རིག་བྱེད་གཙང་བའི་མུ་སྟེགས་ལྟ་བ་ནི། །སྙིང་པོའི་རང་བཞིན་མ་ཤེས་མ་རྟོགས་པས། །སྣང་ཚུལ་རྩལ་གྱི་རིག་པ་གསལ་བ་ལ། ཁྲེས་པའི་དངས་མ་གཅིག་ནི་ཡོད་པར་འདོད། །དོན་དམ་རང་བཞིན་ཤེས་པ་འགྱུར་བ་མེད། །རྟག་ཆད་རང་བཞིན་ཁ་དོག་དབྱིབས་ལས་འདས། །རྐྱེན་གྱིས་མི་ཤིགས་ཚིག་གིས་ཤེས་པར་དཀའ། །རིག་པས་བརྟགས་ན་ཤིན་ཏུ་ཤེས་པར་སླ། །རྟག་ཆད་མཐའ་དང་བྲལ་བའི་དངས་མ་གཅིག །དེ་ཉིད་དེ་ནི་དོན་དམ་རང་བཞིན་ལྟ་བ་ཡིན། །མེ་ལྔ་བསྟེན་དང་ཁྲུས་དང་གཙང་སྦྲ་སྤྱོད། །ཡོད་མེད་རྟག་ཆད་གཉིས་ཀྱི་མཐའ་ལ་བསྒོམས། ཁུ།བ་ཚད་མི་དང་ལྷར་སྐྱེས་སྒྱུ་མ་ནམ་གྲུབ་པ། །མཐར་ཕྱིན་འབྲས་བུ་མི་དང་ལྷ་རུ་སྐྱེས། །སོ་སོའི་སྐྱེ་བོ་སྡིག་པ་ཆེ་ལས་སྦགས། །ལྷ་བརྒྱུད་མི་ཕམ་མགོན་པོས་ཤང་ཀ་བདུན་ཚེའོ། །བསྟན་པ་སྡེ་དྲུག་དག་གིས་གཞུང་བསྟན་ནོ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཇིག་རྟེན་པ་མུ་སྟེགས་ཐེག་པ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཉན་ཐོས་ཐེག་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོ་ཆོས་སྐུའི་རང་བཞིན་མ་རྟོགས་པས། །རྩལ་སྣང་རིག་པ་ཉན་ཐོས་ཐེག་པ་ནི། །འཕགས་པའི་བདེན་པ་བཞི་ཡི་སྒོ་ནས་འཇུག །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་། །འཕགས་པ་ཉན་ཐོས་ལྟ་བ་ནི། །ཉན་ཐོས་བྱེ་བྲག་པ་དང་མདོ་སྡེ་པ། །བྱེ་བྲག་དོན་དམ་རྡུལ་ཕྲན་ཆ། །ཆ་མེད་ཕྱོགས་དང་བྲལ་བར་འདོད། །མདོ་སྡེ་གཡག་རྔ་ནེའུ་སིང་ཚུལ། །ཀུན་རྫོབ་ཚུལ་དུ་འདོད་པ་ཡིན། །འཚོ་བའི་ཡོ་བྱད་བཅུ་གཉིས་དང་། །སྦྱངས་པའི་ཡོན་ཏན་བཅུ་གཉིས་དག་ལ་སྤྱོད། །སྤང་བྱ་སུམ་ཅུ་རྩ་གཅིག་དང་། །ཐོབ་བྱ་མཐོང་བ་བརྒྱད་ཅུ་ཐམ་པ་བསྒོམ། ཁུ།བ་ཚད་བསྐལ་པ་བདུན་གྱིས་གྲུབ། །མཐར་ཕྱིན་དགྲ་བཅོམ་རྣམ་བཞི་འབྲས་བུ་ཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉན་ཐོས་ཐེག་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །རང་རྒྱལ་ཐེག་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་དང་པོས་བཀའ་སྩལ་པ། །སྙིང་པོའི་རང་བཞིན་མིང་མེད་མ་རྟོགས་པས། །སྣང་ཚུལ་ཡན་ལག་རིག་པའི་ཤེས་པ་ལས། །རང་རྒྱལ་ཐེག་པའི་འཇུག་སྒོ་ནི། །རྟེན་འབྲེལ་བཅུ་གཉིས་སྒོ་ནས་འཇུག །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་། །བསྒོམ་པའི་རིམ་པ་འགོག་པའི་སྙོམས་འཇུག་བསྒོམ། །ལྟ་བ་ཕྱོགས་གཅིག་ཉན་ཐོས་པ་དང་མཐུན། །དེ་ལས་ཁྱད་པར་སྤགས་བྱེད་ནི། །རྣམ་པར་རིག་བྱེད་མ་ཡིན་པའི། །གཟུགས་ལ་བདག་མེད་ཁྱད་པར་སྤགས། །ནང་གི་ཤེས་པ་སྐད་ཅིག་ལ། །སྐྱེ་འགག་ཅན་དེ་རྒྱུ་འབྲས་མེད། །རྫུ་འཕྲུལ་ཡ་མ་ཟུང་ལ་སྤྱོད། གྲུབ་ཚད་བསྐལ་པ་ལྔ་ན་གྲུབ། །བྱ་བ་བྱས་དང་ཨར་ཧན་འབྲས་བུ་ཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་རྒྱལ་བལྟ་བ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །མདོ་སྡེ་བྱང་ཆུབ་སེམས་དཔའི་ཐེག་པ་ཇི་ལྷར་ལགས། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོ་མིང་མེད་བརྗོད་མེད་མ་རྟོགས་པའི། །རྩལ་སྣང་རིག་པ་ཕྲ་བའི་ཤེས་པ་ལས། །མདོ་སྡེ་བྱང་ཆུབ་སེམས་དཔའི་འཇུག་སྒོ་ནི། །བདེན་པ་གཉིས་ཀྱི་སྒོ་ནས་འཇུག །འདུལ་ཁྲིམས་བྱང་སེམས་སྡོམ་པ་ཉི་ཤུ་བསྲུང་། །མདོ་སྡེ་བྱང་ཆུབ་སེམས་པའི་ལྟ་བ་ནི། །མདོ་སྡེའི་ལྟ་བ་གསུམ་ཡོད་དེ། །རྣམ་པ་བདེན་རྫུན་གཉིས་སུ་འདོད། །སེམས་ཙམ་སྤྱོད་པའི་དབུ་མ་དང་། །མདོ་སྡེ་སྤྱོད་པའི་དབུ་མ་དང་། །རྣལ་འབྱོར་སྤྱོད་པའི་དབུ་མའོ། །སེམས་ཙམ་ལ་ཡང་གཉིས་ཡོད་དེ། །རྣམ་བཅས་དང་ནི་རྣམ་མེད་དོ། །རྣམ་བཅས་ལ་ཡང་གཉིས་ཡོད་དེ། །རྣམ་པ་བདེན་རྫུན་གཉིས་སུ་འདོད། །རྣམ་པ་བདེན་པའི་ལྟ་བ་ནི། །ཕྱི་ཡི་ཡུལ་དང་ནང་གི་སེམས། །དོན་དམ་དུ་ནི་འབྲེལ་མེད་ཀྱང་། །ཀུན་རྫོབ་ཙམ་དུ་འབྲེལ་པར་འདོད། །ནང་གི་ཤེས་པ་སྐད་ཅིག་ལ། །སྐད་ཅིག་མ་ཡིན་མི་རྟག་སྟེ། །དེ་ཉིད་རྒྱུན་གྱིས་རྟག་པར་འདོད། །སྔ་མ་སྔ་མ་རྒྱུ་བྱས་ནས། །ཕྱི་མ་ཕྱི་མ་འབྲས་བུར་འདོད། །རྣམ་པ་རྫུན་པའི་ལྟ་བ་ནི། ཁྲེས་པ་བདེན་ཏེ་རྣམ་པ་རྫུན། །རྣམ་པར་ཤེས་དང་གོ་མཉམ་དུས། །ཡང་དག་ཡོད་པ་མ་ཡིན་ཏེ། །དོན་ཙམ་དུ་ཡང་ཨ་ཅང་ཆེས། །ཀུན་རྫོབ་ཙམ་དུ་འབྲེལ་པར་འདོད། །ཤེས་པ་རང་རིག་གསལ་བ་ཙམ། །དེ་ལས་གཞན་པའི་ཆོས་མི་འདོད། །རྣམ་མེད་དག་གི་ལྟ་བ་ནི། །གཉིས་མེད་ཡེ་ཤེས་ཤེལ་ལྟ་བུ། །རང་རིག་གསལ་བའི་ངོ་བོར་འདོད། །མདོ་སྡེ་སྤྱོད་པའི་དབུ་མ་ནི། །ཆོས་རྣམས་ཡུལ་སེམས་གཉིས་སུ་འདོད། །ཡུལ་གྱི་རྒྱུ་ནི་ཕྲ་རབས་རྡུལ། །ཕྱོགས་ཆ་བཤིགས་ནས་གཅིག་མ་གྲུབ། །གཅིག་མ་གྲུབ་པའི་གཏན་ཚིགས་ཀྱིས། །གཅིག་གིས་བསགས་པའི་དུ་མ་ཡང་། །ཡང་དག་ཉིད་དུ་མི་འདོད་དེ། །རང་གི་རང་བཞིན་སྟོང་པ་འདོད། །ནང་གི་ཤེས་པ་སྐད་ཅིག་མ། །སྔ་མ་འགགས་ཏེ་མི་གནས་སྟོང་། །ད་ལྟ་འགག་པར་གྱུར་པས་སྟོང་། །ཕྱིས་ནི་མི་འོང་མི་གནས་སྟོང་། །དུས་གསུམ་ཆ་ཡིས་སྟོང་པར་འདོད། །རྣལ་འབྱོར་སྦྱོད་པའི་ལྟ་བ་ནི། །ཕྱི་ཡིས་ཡུལ་ལྟར་སྣང་བ་འདི། །ཀུན་རྫོབ་སྒྱུ་མའི་ཚུལ་དུ་སྣང་། །འཇའ་ཚོན་ལྟ་བུའི་ཚུལ་དུ་སྣང་། །སྟོང་ཞིང་སྣང་ལ་རང་བཞིན་སྟོང་། །སྣང་སྟོང་དབྱེ་བ་མེད་པར་འདོད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །མི་དགེ་བཅུ་སྤངས་དགེ་བ་བཅུ། །གཞན་གྱི་དོན་དུ་སྤྱོད་པར་བྱེད། །ཕ་རོལ་ཕྱིན་པ་བཅུ་དག་ནི། །བདག་གཞན་གཉིས་ཀའི་དོན་དུ་སྤྱོད། །བྱང་ཆུབ་སེམས་དཔའི་བསྒོམ་པ་ནི། །སྒོ་ལྔ་གསལ་བའི་ཤེས་པ་ལ། །ཡིད་ནི་རྟོག་པ་མེད་པར་གནས། །གྲུབ་ཚད་བསྐལ་པ་གསུམ་ན་གྲུབ། །ཕ་རོལ་ཕྱིན་པ་བཅུ་དག་མཐར་ཕྱིན་འབྲས་བུའོ། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཡང་ཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པའི་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བྱང་སེམས་མདོ་སྡེའི་ཐེག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཀྲི་ཡའི་ཐེག་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྙིང་པོ་མིང་མེད་འགྱུར་མེད་མ་རྟོགས་པས། །རྩལ་སྣང་རིག་པའི་ཤེས་པ་གཡོས་པ་ལས། །ཀྲི་ཡའི་ཐེག་པ་བསྟན་པ་ནི། །འཇུག་སྒོ་གཟའ་སྐར་དུས་བཟང་ངན་དང་དག་པ་གསུམ་ནས་འཇུག །བསྲུང་བའི་ཚུལ་ཁྲིམས་རྩ་བ་ཡན་ལག་གི །མི་ཉམས་ཡན་ལག་བདུན་པོ་བསྲུང་། །ཀྲི་ཡོག་རྟོགས་པའི་ལྷ་བ་ནི། །ཆོ་ག་ཡན་ལག་བཅུ་གཅིག་གིས། །བྱིན་གྱིས་བརླབས་ནས་ལྷ་རུ་འདོད། །དེ་ཡང་རྗེ་དང་ཁོལ་གྱི་ཚུལ། །ཞི་རྒྱས་དབང་དྲག་མངོན་སྤྱོད་བཞི། །བདག་གཞན་གཉིས་ཀའི་དོན་དུ་སྤྱོད། །ཡན་ལག་བཅུ་གཅིག་ཆོ་ག་ཡིས། །བྱིན་གྱིས་བརླབས་ནས་ལྷ་རུ་བསྒོམ། །མི་ཚེ་བདུན་གྱིས་གྲུབ་པར་འདོད། །མཐར་ཕྱིན་རྡོ་རྗེ་འཛིན་པའི་ས་ཡང་ཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀྲི་ཡའི་བལྟ་བ་ཐེག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཨུ་པ་ཡ་ཡི་ཐེག་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྙིང་པོ་རང་བཞིན་མིང་མེད་མཉམ་པ་ལ། །ཡན་ལག་རྩལ་གྱི་རིག་པ་ཤེས་པ་ལས། །ཨུ་པ་ཡ་ཡི་ཐེག་པ་བསྟན་པ་ནི། །འཇུག་སྒོ་ཁྲུས་དང་གཙང་སྦྲའི་སྒོ་ནས་འཇུག །བསྲུང་བའི་ཚུལ་ཁྲིམས་དཀོན་མཆོག་གསུམ་མཆོད་དང་། །སློབ་དཔོན་མཆེད་ལྕམ་གདུང་སེམས་ཆེ་བ་དང་། །རྟོགས་པའི་ལྟ་བ་དཔོན་དང་གཡོག་གི་ཚུལ། །སྤྱོད་པའི་ཐབས་ནི་ཞབྲུས་དང་གཙང་སྦྲ་སྤྱོད། །སུམ་ཅུ་རྩ་གསུམ་ལྷ་རུ་བསྒོམ། །མི་ཚེ་ལྔ་ཡིས་གྲུབ་པར་བཤད། །འབྲས་བུ་རིགས་གསུམ་མགོན་པོའི་གོ་འཕང་ཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྤུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཨུ་པ་ཡའི་ཐེག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཡོ་གའི་ཐེག་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །གཡོ་མེད་སྐྱེ་མེད་ཆོས་སྐུར་མ་རྟོགས་པས། །རྩལ་སྣང་ཟེར་གྱི་ཤེས་པ་ལས། །ཡོ་གའི་ཐེག་པ་བསྟན་པ་ནི། །འཇུག་སྒོ་ལྟ་སྤྱོད་གཉིས་དང་ནི། །རྣལ་འབྱོར་བཞི་ཡི་སྒོ་ནས་འཇུག །རྩ་བ་གསུམ་དང་ཡན་ལག་བདུན། །རྩ་བའི་ལྟུང་བ་བཅུ་བཞི་བསྲུང་། །ཡོ་གས་རྟོགས་པའི་ལྟ་བ་ནི། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི། །ཡོངས་སུ་རྟོགས་ནས་ལྷ་རུ་བལྟ། །དེ་ཡང་སྤུན་དང་གྲོགས་པོའི་ཚུལ། །སྙིང་རྗེ་ལ་སོགས་ཚད་མེད་བཞི། །གཞན་གྱི་དོན་དུ་སྤྱོད་པར་བྱེད། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི། །སུམ་ཅུ་རྩ་བདུན་ལྷ་རུ་བསྒོམ། །གྲུབ་ཚད་མི་ཚེ་གསུམ་གྱིས་འགྲུབ། །མཐར་ཕྱིན་འབྲས་བུ་སྟུག་པོ་བཀོད་པའི་ས་ཡང་འཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་ཀྱི་རྒྱུད་སྡེ་གསུམ་གྱི་ཐེག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།ཨོ་ཐ་མ་ཧྭ་པ་ཏི་རི། ཨིང་པ་དྷ་ནི་བེ་མ་མ་ཡ་ཏ་ལྭ། འབི་འབུ་རྔ་པི་དར་མ་འགའ་པ་ཡ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །བསྐྱེད་རྫོགས་རྣམ་གསུམ་ཐེག་པ་ཡི། །དེ་ཡི་གནས་ལུགས་ཇི་ལྟར་ལགས། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོའི་རང་བཞིན་མིང་མེད་མ་རྟོགས་པས། །རྩལ་སྣང་རིག་པ་འཁོར་ལོ་ཡིད་གཡོས་པས། །མཚན་ཉིད་རིག་པའི་དབང་གིས་མིང་བཏགས་པ། །བསྐྱེད་པ་མ་ཧྭ་ཡོ་གའི་ཐེག་པ་ནི། །འཇུག་སྒོ་ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ནས་འཇུག །བསྲུང་བའི་དམ་ཚིག་ཉི་ཤུ་རྩ་བརྒྱད་བསྲུང་། །བསྲུང་བར་བྱ་བའི་དམ་ཚིག་གསུམ། །སྤྱད་པར་བྱ་བའི་དམ་ཚིག་ལྔ། །མི་སྤང་བ་ཡི་དམ་ཚིག་ལྔ། །དང་དུ་བླང་བའི་དམ་ཚིག་ལྔ། ཁྲེས་པར་བྱ་བའི་དམ་ཚིག་ལྔ། །བསྒྲུབ་པར་བྱ་བའི་དམ་ཚིག་ལྔ། །ཕྱེ་བས་ཉི་ཤུ་རྩ་བརྒྱད་བསྲུང་། །མ་ཧྭ་ཡོ་གའི་ལྟ་བ་ནི། །ཏིང་འཛིན་གསུམ་དང་བསྙེན་བསྒྲུབ་བཞི། །ཡོངས་སུ་བརྟགས་ནས་ལྷ་རུ་བལྟ། །ཡེ་ཤེས་དམ་ཚིག་ཚུལ་མི་འཛིན། །སྣང་གྲགས་ཆོས་རྣམས་གདོད་མ་ནས། །རང་གི་སེམས་ཉིད་ཡིན་པ་ལ། །སེམས་དེར་སྣང་བ་མི་འགོག་ཐབས། །རང་བཞིན་མེད་པ་ཤེས་རབ་ཡིན། །ཐབས་ཀྱི་རང་བཞིན་སྟོང་པ་ལ། ཁྲེས་རབ་རང་བཞིན་གཉིས་སུ་མེད། །སྣང་སྟོང་གཉིས་མེད་བྱང་ཆུབ་སེམས། །དོན་དམ་རང་བཞིན་དབྱེར་མེད་ཀྱང་། །དེ་ཉིད་ཡེ་ཤེས་སྒྱུ་མའི་རྩལ། །ཕུང་པོ་ལྔ་དང་རྣམ་ཤེས་ལྔ། །དབང་པོ་ལྔ་དང་རྣམ་ཤེས་ཚོགས། །སྣང་ཞིང་སྲིད་པས་བསྡུས་པ་རྣམས། །ཀུན་རྫོབ་ལྷ་དང་ལྷ་མོའི་དཀྱིལ་འཁོར་བལྟ། །དོན་དམ་རང་བཞིན་སྐྱེ་མེད་འགག་པ་མེད། །སྤྱོད་ཡུལ་ཀུན་དང་བྲལ་བ་ལ། །ཐམས་ཅད་གཉིས་སུ་མེད་པར་བལྟ། །བསྐྱེད་པ་མ་ཧྭའི་བསྒོམ་པ་ནི། །ཏིང་འཛིན་གསུམ་དང་བསྙེན་བསྒྲུབ་བཞིས། །རང་རྒྱུད་དག་པའི་ལྷ་རུ་བསྒོམ། །བསྒྲུབ་པའི་ཐབས་ནི་རྟོགས་པ་དང་། །ཏིང་འཛིན་རྣམ་གསུམ་སྒོ་ནས་སུ། །སྐུ་གསུང་ཐུགས་ཀྱི་དོན་དུ་བསྒྲུབ། །རྣལ་འབྱོར་མ་ཧྭའི་སྤྱོད་པ་ནི། །ཏ་ན་དང་ནི་ག་ཎ་དང་། །དམ་རྫས་བདུད་རྩི་ལྔ་པོ་ལ། །བདག་གཞན་གཉིས་ཀའི་དོན་དུ་སྤྱོད། །གྲུབ་ཚད་རིག་པ་འཛིན་པའི་ཚེ། །ཕྱགརྒྱཆེནཔོའིརིགའཛིན་འཐོབ། །མཐར་ཕྱིན་པ་ཡི་འབྲས་བུ་ནི། །རྡོ་རྗེ་འཆང་གི་སངས་རྒྱས་འཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་ཧྭ་ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཨ་ནུའི་ཐེག་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྙིང་པོའི་རང་བཞིན་མིང་མེད་མ་ཤེས་པས། །ཡན་ལག་རྩལ་གྱི་འཁོར་དང་ཡིད་གཡོས་པས། །མཚན་ཉིད་རིག་པ་མིང་མེད་མིང་བཏགས་པས། །རྫོགས་པ་ཨ་ནུ་ཡོ་གའི་ཐེག་པ་ནི། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །ཐམས་ཅད་དབྱིངས་ཀྱི་དཀྱིལ་འཁོར་ཏེ། །དྲན་རིག་ཡིད་སེམས་ཅི་སྐྱེས་རྣམས། །དེ་ཉིད་ཡེ་ཤེས་ཆེན་པོ་སྟེ། །དེ་དག་གཉིས་མེད་སྒོ་ནས་འཇུག །བསྲུང་བར་བྱ་བའི་དམ་ཚིག་ནི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །སྙིང་པོ་ཆོས་ཉིད་ཐ་མི་དད་པར་བཟུང་། །སྣང་བ་ཐམས་ཅད་དབྱིངས་ཡིན་ཏེ། ཁེས་པ་ཅི་སྐྱེས་ཡེ་ཤེས་ལ། །དབྱིངས་དང་ཡེ་ཤེས་ཆེན་པོ་སྟེ། །སྐྱེ་འགག་མེད་པའི་ཐབས་ལ་སྤྱོད། །བྱ་བྱེད་གང་ལ་མི་གནས་པའོ། །སྐུ་ནི་ལྷ་ཡི་སྐུ་རུ་བསྒོམ། །ལུས་ཀྱང་རྡོ་རྗེ་འཆང་དུ་བསྒོམ། །ངག་ནི་ཏིང་འཛིན་ཞི་བ་ཡིན། །ཡིད་ནི་ཏིང་འཛིན་སྤྲོ་བསྡུས་གཟུང་། །རྩ་བ་མི་རྟོག་ཏིང་འཛིན་བདེ་དང་བྲལ ཡབ་ཡུམ་ཐབས་དང་ཤེས་རབ་མི་རྟོག་པས། །སྙིང་པོ་ཙམ་གྱིས་དཀྱིལ་འཁོར་རྫོགས་བྱའི་ཕྱིར། །ཨ་ནུའི་ཏིང་འཛིན་ཆེན་པོར་ཤར། །གྲུབ་ཚད་ལྷག་པའི་ལུས་ཉིད་ཀྱི། །ཚེ་ལ་དབང་བའི་རིག་འཛིན་འཐོབ། །མཐའ་རུ་གྱིན་པའི་འབྲས་བུ་ཡང་། །རྡོ་རྗེ་སེམས་དཔའ་མཚན་ཉིད་ཡོངས་སུ་རྫོགས་པའི་ས། །ཡེ་ཤེས་འཁོར་ལོ་པདྨ་ཅན་གྱི་སངས་རྒྱས་འཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཨ་ནུ་ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །རྫོགས་ཆེན་ཨ་ཏི་ཡོ་ག་ཡི། །དེ་ཡི་ཐེག་པ་ཇི་ལྟར་ལགས། །ཞེས་གསོལ་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ། །སྙིང་པོའི་རང་བཞིན་མིང་མེད་མ་ཤེས་པས། །ཡན་ལག་རྩལ་གྱི་རིག་པ་ཡིད་གཡོས་པས། །མིང་མེད་མིང་བཏགས་ཨ་ཏིའི་ལྟ་བ་ནི། །སེམས་ཉིད་སངས་རྒྱས་སྒོ་ནས་འཇུག །རྟོགས་པའི་ལྟ་བ་མཐར་ཐུག་སྐྱོན་དང་བྲལ། །སྣང་ཞིང་སྲིད་པའི་ཆོས་རྣམས་ལ། །རང་བཞིན་རྣམ་པར་དག་པར་བལྟ། །མེད་པ་དང་ནི་ཕྱལ་པ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །བསྲུང་དུ་མེད་པའི་དོན་མི་འདའ། །སྒོམ་པ་མ་བཅོས་མཉམ་བཞག་ནི། །སེམས་དང་ཆོས་ནི་ཅི་ཡང་མ་ཡིན་པས། །བསྒོམ་པའི་ཚེ་ནི་ཅི་ཡང་ཡིད་ལ་མེད། །བསྒོམ་དུ་མེད་པས་ངང་ལ་བསྒོམ། །རྩོལ་བསྒྲུབ་མཐའ་དང་བྲལ་བ་དོན་ལ་བསྒྲུབ། །སྤྱོད་པའི་ཕྲིན་ལས་རྩོལ་དུ་མེད། །གང་ཡང་བྱ་བ་བཏང་བ་ལ། །བྱ་རྒྱུ་ཅི་ཡང་མ་མཆིས་སོ། །དུས་ནི་མི་ཚེ་གཅིག་གིས་འགྲུབ། །མཐར་ཕྱིན་འབྲས་བུ་ཐམས་ཅད་མཁྱེན་པའི་སངས་རྒྱས་འཐོབ། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྤུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྫོགས་པ་ཆེན་པོ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ཨ་ཐུ་མ་ཧྭ་སུ་ཁ་ཧོ། མ་ཧྭ་བྱུ་སི་ཏི༷༷ཨ་ཏ་རི། ས༷་ཀ་རི་དྷརྨ་དྷ་ཏུ་ཀྭ་ཡ་ལྷུ་ཀ་སིརྙི་ཨུ༷༷ཨ་ཨ་སྟི་སྟི་མ་ལ་ཨ་ཏི་ཏ་ཡ༷༷དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཐེག་པ་ཐམས་ཅད་གཅིག་བསྡུས་པའི། །རང་གཞུང་ཉམས་བླངས་སྤྱི་ཏི་ཡང་ཏི་སྟེ། །སྤྱི་ཏི་ཡོ་གའིཐེག་པ་དེ། །འདུས་པའི་འཁོར་ལ་གསུང་དུ་གསོལ། །དེ་ནས་ཀུན་ཏུ་བཟང་པོ་ཡིས། །འདུས་པའི་འཁོར་ལ་འདི་སྐད་གསུངས། །ང་ཡི་སྤྱི་ཏི་ཡོ་ག་འདི། །ཐེག་པ་ཀུན་གྱི་གཉའ་གཅོག་ཡིན། །ཐེག་པ་སྤྱི་ཡི་བཅུད་ཕྱུང་ནས། །བཅུད་ཀྱི་སྙིང་པོ་ཡང་ཏི་ཡོ་ག་འདི། །གཅིག་ཐིག་བྱང་ཆུབ་སེམས་ཀྱི་ཐིག་པ་ཡི། །སྤྱི་བསྡུས་སྤྱི་ཏི་ཡོ་ག་དེ། །དབྱེ་བསལ་མེད་པའི་སྒོ་ནས་འཇུག །ཕྱོགས་མཚམས་མེད་པའི་དམ་ཚིག་བསྲུང་། །ཞེ་འདོད་མེད་པའི་ལྟ་བ་བལྟ། །གཡོ་རྩོལ་མེད་པའི་ཏིང་འཛིན་བསྒོམ། །བྱ་རྒྱུ་མེད་པའི་ངང་ལ་སྤྱོད། །རྩིས་གདབ་མེད་པའི་དོན་དུ་བསྒྲུབ། །དུས་གསུམ་གཅིག་སྟེ་སྔ་ཕྱི་མེད། །འབྲས་བུ་ད་ལྟ་མངོན་སངས་རྒྱས། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་ཞགྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱི་ཏི་ཡོ་གའི་ཐེག་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཨ་ནུ་མན་ཆོད་ཐེག་པ་དེ། །སྤང་ངམ་འོན་ཏེ་ཇི་ལྟར་བགྱི། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས། །སྙིང་པོའི་རང་བཞིན་མིང་མེད་མཉམ་པ་ལ། །རྩལ་གྱི་རིམ་པར་མིང་བཏགས་ཐེག་པ་བརྒྱད། །ང་ཡི་སྤྱི་ཏི་ཡོ་ག་འདི། །ཐེག་པ་མ་ལུས་ངང་གིས་རྫོགས། སྤངས་ན་ཉན་ཐོས་ལྟ་བར་འགྱུར། །ཨ་ནུ་མན་ཆད་རྫོགས་ལུགས་ཀྱང་། །དབྱིངས་དང་ཡེ་ཤེས་གཉིས་མེད་པས། །ཨ་ནུ་ཡོ་གའི་ཐེག་པ་རྫོགས། །ཐབས་དང་ཤེས་རབ་གཉིས་མེད་པས། །མ་ཧྭ་ཡོ་གའི་ཐེག་པ་རྫོགས། །སྐྲུན་དང་གྲོགས་པོ་གཉིས་མེད་པས། །ཡོ་གའི་ལྟ་བ་ཡོངས་སུ་རྫོགས། །ལྟ་སྤྱོད་ཡ་ཆར་འགལ་མེད་པས། །ཨུ་པ་ཡ་ཡི་ལྟ་བ་རྫོགས། །ཕྱི་དག་ནང་དག་ཐམས་ཅད་དག །ཀྲི་ཡའི་ལྟ་བ་ཡོངས་སུ་རྫོགས། །དོན་དམ་ཀུན་རྫོབ་གཉིས་མེད་པས། །བྱང་ཆུབ་སེམས་དཔའི་ལྟ་བ་རྫོགས། །ཡུལ་སེམས་གཉིས་སུ་མ་གྲུབ་པས། །སེམས་ཙམ་ལྟ་བ་ཡོངས་སུ་རྫོགས། །གཟུང་འཛིན་གཉིས་སུ་མ་གྲུབ་པས། །རང་རྒྱལ་ལྟ་བ་ཡོངས་སུ་རྫོགས། །རྣམ་པར་རིག་བྱེད་མ་གྲུབ་པས། །ཉན་ཐོས་ལྟ་བ་ཡོངས་སུ་རྫོགས། །རྟག་ཆད་གཉིས་ཀྱི་མཐའ་ལས་གྲོལ། །མུ་སྟེགས་ལྟ་བ་ཡོངས་སུ་རྫོགས། །སྤང་བར་བྱ་བ་མ་ཡིན་ཏེ། །རང་བཞིན་ཡོངས་སུ་རྫོགས་པའོ། །ཕྱི་པ་མུ་སྟེགས་ཐེག་པ་ཡང་། །རྟག་ཆད་མཐའ་རུ་གོལ་དགོས་པས། །རེ་ཞིག་ཕྱི་པར་བསྟན་པ་ཙམ། །བྱང་ཆུབ་སེམས་ཀྱི་ངང་གཅིག་པས། །སྤངས་ན་རྫོགས་པར་མི་འགྱུར་ཏེ། །དྲུག་གིས་བསྟན་པའི་ལོག་ཆོས་ཀྱང་། །ངན་དུ་མི་སྤང་མི་དོར་རོ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་ཞབྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། མ་སྤངས་ངང་གིས་ཡོངས་སུ་རྫོགས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།ཨ་ད་པ་ཏི་དར་དུ། ཀྭ་ཡ་ལྷུ་ཀ་ཙིསྟ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཐེག་པ་དེ་དག་ཐམས་ཅད་ཀྱི། །གོལ་སྒྲིབ་གདར་ཤ་ཇི་ལྟར་བཅད། །ཅེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྙིང་པོའི་རང་བཞིན་མིང་མེད་མ་རྟོགས་པས། །ཡན་ལག་རྟོག་པའི་འཁོར་ལོ་ཡིད་གཡོས་པས། །མི་རྟོག་ཐེག་པའི་གོལ་སྒྲིབ་ངས་བཤད་ཀྱི། །རྡོ་རྗེ་སེམས་དཔའ་ཡིད་ལ་ཟུང་། །ཐེག་པའི་གོལ་སྒྲིབ་ཞབྲུལ་དང་གསུམ། །ཉན་ཐོས་བདག་མེད་བལྟ་བ་ཡང་། །བདག་མེད་མ་རྟོགས་མུ་སྟེགས་དག་ཏུ་གོལ། །ཉན་ཐོས་བདག་མེད་དག་ལ་སྒྲིབ། །ཕྲག་དོག་དག་ཏུ་ཉན་ཐོས་ཞབྲུལ། །ཆོས་ལ་བདག་མེད་རང་རྒྱལ་ཡང་། །བདག་ཏུ་འདོད་ན་རང་རྒྱལ་ཉིད་དུ་གོལ། །ཆོས་ལ་བདག་འདོད་ཉན་ ཐོས་ཀྱིས། །རང་རྒྱལ་དག་ལ་ཉན་ཐོས་བསྒྲིབས། །རང་རྒྱལ་མ་རིག་དག་ཏུ་འཁྲུལ། །གཟུང་འཛིན་གཉིས་བྲལ་སེམས་ཙམ་ཡང་། །རང་རིག་གསལ་བར་འདོད་ན་ཡང་། །སེམས་ཙམ་རང་རྒྱལ་དག་ཏུ་གོལ། །རང་རྒྱལ་རྣམ་པར་རིག་བྱེད་ཀྱིས། །སེམས་ཙམ་གཟུང་འཛིན་བྲལ་ལ་བསྒྲིབས། །སེམས་ཙམ་ཞེ་སྡང་དག་ཏུ་འཁྲུལ། །རང་བཞིན་མེད་པའི་དབུ་མ་ཡང་། །སེམས་སུ་གསལ་བར་འདོད་ན་ཡང་། །དམ་སེམས་ཙམ་དག་ཏུ་གོལ། །གཟུང་འཛིན་གཉིས་བྲལ་སེམས་ཙམ་གྱིས། །དབུ་མ་རང་བཞིན་མེད་ལ་བསྒྲིབས། །དབུ་མ་ཞེ་སྡང་དག་ཏུ་འཁྲུལ། །སྐྱེ་འགག་མེད་པའི་ཀྲི་ཡོག་ཀྱང་། །ཀུན་རྫོབ་དོན་དམ་གཉིས་སུ་བལྟ། །ཀྲི་ཡོག་དབུ་མ་དག་ཏུ་གོལ།།དབུ་མ་བདེན་པ་གཉིས་འདོད་ཀྱིས། །ཀྲི་ཡོག་སྐྱེ་འགག་མེད་ལ་བསྒྲིབས། །ཀྲི་ཡོག་ང་རྒྱལ་དག་ཏུ་འཁྲུལ། །སྣང་སྟོང་གཉིས་མེད་མ་ཧྭ་ཡང་། །དོན་དམ་སྐྱེ་འགག་མེད་པར་བལྟ། །མ་ཧྭ་ཀྲི་ཡོག་དག་ཏུ་ཞབྲུལ། །ཀྲི་ཡོག་སྐྱེ་འགག་མེད་པ་དེས། །མ་ཧྭ་སྣང་སྟོང་མེད་ལ་བསྒྲིབས། །མ་ཧྭ་འདོད་ཆགས་དག་ཏུ་ཞབྲུལ། །སྣོད་བཅུད་གཉིས་མེད་ཨ་ནུ་ཡང་། །སྣང་སྟོང་གཉིས་སུ་འདོད་ན་ཡང་། །ཨ་ནུ་མ་ཧྭ་དག་ཏུ་གོལ། །སྣོད་བཅུད་གཉིས་མེད་མ་ཧྭ་ཡིས། །ཨ་ནུ་སྣོད་བཅུད་དག་ལ་བསྒྲིབས། །ཨ་ནུ་གཟུང་འཛིན་དག་ཏུ་འཁྲུལ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཐེག་པའི་གོལ་སྒྲིབ་འཁྲུལ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །ཨ་ཏི་ཡོ་གའི་སྙིང་པོ་ལ། །གོལ་སྒྲིབ་འཁྲུལ་པ་ཡོད་དམ་མེད། །ཞེས་གསོལ་པ་དང་། མཚོན་མེད་ཀུན་ཏུ་བཟང་པོས་བཀའ་སྩལ་པ། །རྟོགས་ན་གོལ་སྒྲིབ་མེད་མོད་ཀྱང་། །མ་རྟོགས་གོལ་སྒྲིབ་འཁྲུལ་པར་སྣང་། །ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་ས་སྟེ། །རྫོགས་ཆེན་ངེས་ཐོབ་སྒྲིབ་པ་བཤད། །མདོ་སྡེ་དང་ནི་ཀྲི་ཡ་དང་། །ཨུ་པ་དང་ནི་ཡོ་ག་དང་། །མ་ཧྭ་ཨ་ནུ་ཡོ་ག་དྲུག །རྫོགས་པ་ཆེན་པོའི་གོལ་སྒྲིབ་སྟེ། །མདོ་སྡེ་བྱང་ཆུབ་སེམས་དཔའ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པས། །བདེན་པ་གཉིས་ཀྱི་ས་འདོད་པ། །ཆོས་ཉིད་སྟོང་ལ་རྣམ་པར་རྟོག །ཨ་ཏི་སྟོང་པ་བདེ་ཆེན་ལ། །རྟོག་དཔྱོད་རྩིས་གདབ་མེད་པའི་དོན། །རྩིས་གདབ་མེད་ལ་མདོ་སྡེས་བསྒྲིབས། །རྟོག་དཔྱོད་རྩིས་གདབ་བྱེད་པ་ནི། །མདོ་སྡེ་དག་ཏུ་གོ་བར་བཤད། །རྟོག་དབྱོད་འཁྲུལ་པ་རྩད་ནས་མ་ཆོད་པས། །རྫོགས་ཆེན་གཏི་མུག་དག་ཏུ་འཁྲུལ། །ཀྲི་ཡ་རྡོ་རྗེ་འཛིན་འདོད་པས། །དག་པ་རྣམ་གསུམ་སྒོར་ཞུགས་པས། །ཆོས་ཉིད་དག་ལ་འཛིན་པ་སྟེ། །གཟུང་འཛིན་དག་གི་ཡུལ་ལ་གནས། །གཟུང་འཛིན་འཁྲུལ་པ་མེད་པའི་དོན། །གཟུང་འཛིན་མེད་ལ་ཀྲི་ཡས་བསྒྲིབས། །རྫོགས་ཆེན་གཟུང་འཛིན་མེད་པ་ནི། །ཀྲི་ཡ་དག་ཏུ་གོལ་བར་བཤད། །གཟུང་འཛིན་འཁྲུལ་རྩད་མ་ཆོད་པས། །རྫོགས་ཆེན་ཀྲི་ཡ་དག་ཏུ་འཁྲུལ། །ཨུ་པ་ཡ་ཡི་བལྟ་བ་ནི། །ཀྲི་ཡ་སྤྱོད་ལ་ཡོ་ག་བསྒྲུབ། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །ཨ་ཏི་ཡོ་གའི་སྙིང་པོ་ནི། །ལྟ་སྤྱོད་གཉིས་པོ་བྱང་ཆུབ་སེམས། །གཉིས་སུ་མེད་ལཨུ་པ་ཡ་ཡིས་བསྒྲིབ། །རྫོགས་ཆེན་གཉིས་སུ་འདོད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །གཉིས་མེད་ཡེ་ཤེས་མ་ཤེས་པར། །རྫོགས་ཆེན་ཡ་བྲལ་དག་ཏུ་འཁྲུལ། །ཡོ་ག་སྟུག་པོ་བཀོད་འདོད་པས། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་པ། །དབྱེ་བསལ་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་སྙིང་པོ་ནི། །དབྱེ་བསལ་མེད་པའི་བྱང་ཆུབ་སེམས། །དབྱེ་བསལ་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་དབྱེ་བསལ་བྱེད་པ་ནི། །ཡོ་ག་དག་ཏུ་གོལ་བར་བཤད། །དབྱེ་བསལ་མེད་པར་མ་གོ་བས། །རྫོགས་ཆེན་གཉིས་སྣང་དག་ཏུ་འཁྲུལ། །མ་ཧྭ་རྡོ་རྗེ་འཆང་འདོད་པས། །ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་བསྒྲུབ་རྣམ་བཞི་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་སྙིང་པོ་ནི། །རྩོལ་བསྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་བསྒྲུབ་འདས་ལ་མ་ཧྭས་བསྒྲིབས། །རྫོགས་ཆེན་རྩོལ་བསྒྲུབ་བྱེད་པ་ནི། །མ་ཧྭ་ཡོ་གར་གོལ་བར་བཤད། །ལུས་ངག་ཞབྲུལ་པ་མ་ཞིག་པས། །རྫོགས་ཆེན་བྱ་བཙལ་དག་ཏུ་ཞབྲུལ། །ཨ་ནུ་དབྱེར་མེད་དུ་འདོད་པས། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །རྒྱུ་ནི་དག་པའི་དབྱིངས་སུ་བལྟ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྷ། །ཨ་ཏི་ཡོ་གའི་སྙིང་པོ་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་བལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །རྒྱུ་འབྲས་ཞབྲུལ་རྩད་མ་ཆོད་པས། །རྫོགས་ཆེན་བྱ་བཙལ་དག་ཏུ་ཞབྲུལ། །ཐེག་པའི་གོལ་སྒྲིབ་ཞབྲུལ་སྣང་གསུམ། །ཐེག་པ་གཅིག་གི་ལྟ་བ་ལ། །གོལ་སྒྲིབ་ཞབྲུལ་པ་སུམ་ཅུ་ཡོད། །བལྟ་བའི་གོལ་སྒྲིབ་ཞབྲུལ་དང་གསུམ། །དམ་ཚིག་གོལ་སྒྲིབ་འཁྲུལ་དང་གསུམ། །ཕྲིན་ལས་གོལ་སྒྲིབ་ཞབྲུལ་དང་གསུམ། །ཡེ་ཤེས་གོལ་སྒྲིབ་འཁྲུལ་དང་གསུམ། །ས་ཡི་གོལ་སྒྲིབ་ཞབྲུལ་དང་གསུམ། །ལམ་གྱི་གོལ་སྒྲིབ་འཁྲུལ་དང་གསུམ། །ཕྲ་བའི་གོལ་སྒྲིབ་ཞབྲུལ་དང་གསུམ། །རྒྱུད་ཀྱི་གོལ་སྒྲིབ་འཁྲུལ་དང་གསུམ། །ལུང་གི་གོལ་སྒྲིབ་འཁྲུལ་དང་གསུམ། །མན་ངག་གོལ་སྒྲིབ་འཁྲུལ་དང་གསུམ། །ཕྱེ་བས་སུམ་ཅུ་ཐམ་པའོ། །དེ་ཡི་མཚན་ཉིད་གང་དང་གང་། །ལྟ་བ་ངག་གི་རང་བཞིན་ནི། །བསྒོམ་མེད་རང་བཞིན་དོན་ལ་བལྟ། །སྒོམ་མེད་རང་བཞིན་མ་ཤེས་ན། །ལྟ་བ་དག་གིས་སྒྲིབ་པར་བཤད། །ཡེ་ནས་མཉམ་པའི་རང་བཞིན་ལ། །ཞེ་འདོད་མེད་པས་མི་བལྟ་སྟེ། །བསྒོམས་ནས་རྟོགས་པར་བལྟ་བ་ནི། །ལྟ་བ་དག་གི་གོལ་ས་ཡིན། །ཞེ་འདོད་རྩིས་གདབ་བྱེད་པ་ནི། །ལྟ་བའི་འཁྲུལ་པ་ཡིན་པར་བཤད། །བསྲུང་མཚམས་མེད་པའི་དམ་ཚིག་ལ། །བསྲུང་མཚམས་མེད་པར་མ་ཤེས་ན། །དམ་ཚིག་སྒྲིབ་པ་ཡིན་པར་བཤད། །བསྲུང་མཚམས་མེད་པར་མ་རྟོགས་ནས། །ཕྱོགས་མཚམས་དམ་ཚིག་བསྲུང་བ་ནི། །དམ་ཚིག་གོལ་ས་ཡིན་པར་བཤད། །ཕྱོགས་དང་བྱེ་བྲག་ཕྱེ་བ་ནི། །དམ་ཚིག་འཁྲུལ་པ་ཡིན་པར་བཤད། །ཕྲིན་ལས་རང་བཞིན་བཙལ་མེད་ལ། །རྩོལ་བསྒྲུབ་འདས་པའི་ཕྲིན་ལས་ལ། །བཙལ་དུ་མེད་པར་མ་ཤེས་ན། །ཕྲིན་ལས་སྒྲིབ་པ་ཡིན་པར་བཤད། །བཙལ་དུ་མེད་པའི་རང་བཞིན་ལ། །བཙལ་དུ་མེད་པར་མ་རྟོགས་ཏེ། །ཕྲིན་ལས་རྩོལ་བར་བྱེད་པ་ནི། །ཕྲིན་ལས་གོལ་ས་ཡིན་པར་བཤད། །ལུས་ངག་འབད་རྩོལ་བྱེད་པ་ནི། །ཕྲིན་ལས་འཁྲུལ་པ་ཡིན་པར་བཤད། །ཡེ་ཤེས་དག་གི་རང་བཞིན་ནི། །ཡེ་ནས་སྒྲིབ་པ་མེད་པར་གསལ། །སྒྲིབ་པ་མེད་པར་མ་ཤེས་ན། །ཡེ་ཤེས་དག་གི་སྒྲིབ་པར་བཤད། །སྒྲིབ་པ་མེད་པའི་ཡེ་ཤེས་ལ། །སྒྲིབ་པ་མེད་པར་མ་རྟོགས་ཏེ། །མི་སྤྱོད་གསལ་བར་མ་རྟོགས་ན། །ཡེ་ཤེས་གོལ་ས་ཡིན་པར་བཤད། །གསལ་མི་གསལ་དུ་འདོད་པ་ནི། །ཡེ་ཤེས་འཁྲུལ་པ་ཡིན་པར་བཤད། །ས་དང་ཕ་རོལ་ཕྱིན་པ་ནི། །སྦྱང་ཞིང་བགྲོད་དུ་མེད་པར་མ་ཤེས་ན། །ས་དང་ཕ་རོལ་ཕྱིན་པའི་སྒྲིབ་པར་བཤད། །སྦྱང་བགྲོད་མི་དགོས་ས་ལམ་ལ། །སྦྱང་བགྲོད་མ་དགོས་མ་རྟོགས་ཏེ། །སྦྱང་ཞིང་བགྲོད་པར་བྱེད་པ་ནི། །ས་དང་ཕ་རོལ་གོལ་སར་བཤད། །གོང་འོག་རིམ་པར་འདོད་པ་ནི། །ས་དང་ཕ་རོལ་འཁྲུལ་པར་བཤད། །ལམ་གྱི་རིམ་པའི་རང་བཞིན་ནི། །བགྲོད་དུ་མེད་པའི་རང་བཞིན་ཡིན། །བགྲོད་དུ་མེད་པར་མ་ཤེས་ན། །ལམ་གྱི་སྒྲིབ་པ་ཡིན་པར་བཤད། །བགྲོད་དུ་མེད་པའི་རང་བཞིན་ལ། །བགྲོད་དུ་མེད་པར་མ་རྟོགས་ཏེ། །ལམ་ལ་བགྲོད་དུ་ཡོད་འདོད་ན། །ལམ་གྱི་གོལ་ས་ཡིན་པར་བཤད། །བྱེ་བྲག་ལྔ་རུ་འདོད་པ་ནི། །ལམ་གྱི་འཁྲུལ་པ་ཡིན་པར་བཤད། །ཕྲ་བ་དག་གི་རང་བཞིན་ནི། །གཟུང་འཛིན་དག་གི་རང་བཞིན་ཡིན། །གཟུང་འཛིན་བྲལ་བར་མ་ཤེས་ན། །ཕྲ་བ་དག་གི་སྒྲིབ་པར་བཤད། །གཟུང་འཛིན་བྲལ་བར་མ་རྟོགས་ཏེ། །ཕྲ་བ་རྡུལ་དུ་ཡོད་ལྟ་ན། །ཕྲ་རགས་གོལ་ས་ཡིན་པར་བཤད། །གཟུང་འཛིན་ཕྲ་རགས་གཉིས་སྣང་ན། །ཕྲ་བའི་འཁྲུལ་པ་ཡིན་པར་བཤད། །རྒྱུད་ཀྱི་རང་བཞིན་བསྟན་པ་ནི། །སེམས་ཆོས་གཉིས་སུ་མེད་པར་འབྲེལ། །གཉིས་མེད་འབྲེལ་བར་མ་ཤེས་ན། །རྒྱུད་ཀྱི་སྒྲིབ་པ་ཡིན་པར་བཤད། །གཉིས་སུ་མེད་པར་འབྲེལ་བ་ལ། །གཉིས་མེད་འབྲེལ་བར་མ་རྟོགས་ཏེ། །སེམས་ཆོས་གཉིས་སུ་ལྟ་བ་ནི། །རྒྱུད་ཀྱི་གོལ་ས་ཡིན་པར་བཤད། །ཐ་དད་རྩེ་གཉིས་སྐྱེས་པ་ནི། །རྒྱུད་ཀྱི་འཁྲུལ་པ་ཡིན་པར་བཤད། །ལུང་གི་རང་བཞིན་ཡིན་པ་ནི། །གཏན་ལ་འབེབས་ཤིང་ངེས་པར་སྟོན། །གཏན་ལ་འབེབས་པར་མ་ཤེས་ན། །ལུང་གི་སྒྲིབ་པ་ཡིན་པར་བཤད། །གཏན་ལ་འབེབས་པའི་ལུང་དེ་ལ། །ཐོག་ཏུ་ཕེབས་པར་མ་རྟོགས་ཏེ། །ཐོག་ཏུ་མི་ཕེབས་ཟེར་བ་ནི། །ལུང་གི་གོལ་ས་ཡིན་པར་བཤད། །སྒྲ་ཚིག་རང་ཐད་ཁྱེར་ནས་ནི། །དོན་དང་མི་མཐུན་ཚིག་རྗེས་འབྲང་། །ལུང་གི་འཁྲུལ་པ་ཡིན་པར་བཤད། །མན་ངག་རང་བཞིན་བསྟན་པ་ནི། །གཉིས་སྣང་མེད་པར་ལ་ཟློས་ནས། །སྤྲོས་པ་མེད་པར་མ་ཤེས་ན། །མན་ངག་དག་གི་སྒྲིབ་པ་ཡིན། །སྒྲོ་སྐུར་བྲལ་བའི་མན་ངག་ལ། །སྤྲོས་པ་མེད་པར་མ་རྟོགས་ཏེ། །སྒྲོ་སྐུར་ཡོད་པར་འདོགས་པ་ནི། །མན་ངག་དག་གི་གོལ་སར་བཤད། །སྤྲོས་པའི་མཐའ་ལ་མངོན་ཞེན་ན། །མན་ངག་འཁྲུལ་པ་ཡིན་པར་བཤད། །དབྱེ་ན་དེ་ལྟར་ཡོད་མོད་ཀྱང་། །བསྡུ་ན་གསུམ་ལས་མེད་པར་ཤེས། །འགྲོ་སྒོ་ནོར་བས་གོལ་ས་ཡིན། །གནས་དོན་མ་རྟོགས་སྒྲིབ་པ་ཡིན། །སྒོ་ལྔར་འ་ས་པས་འཁྲུལ་པ་ཡིན། །དཔེར་ན་དོན་ཡོད་ལམ་ཞུགས་ན། ཁྲར་ན་དོན་ཡོད་ནུབ་ལ་ཕྱིན། །ནུབ་ཀྱིས་ཤར་གྱི་དོན་མི་འགྲུབ། །ལམ་རྒྱུས་མི་ཤེས་འཁྲུལ་པ་འབྱུང་། །ཞེ་འདོད་མེད་པས་དོན་འདོད་པས། །ཞེ་འདོད་མཚན་མའི་ལམ་དུ་ཞུགས། །གོལ་ས་ཞེས་ནི་དེ་ལ་བཤད། །སྒྲོ་སྐུར་གཉིས་བྲལ་རང་བཞིན་ལ། །བརྗོད་ཡོད་རྟོག་པའི་སྒྲིབ་པ་ཡིན། །ཚིག་གི་སྒྲོ་འདོགས་མ་ཆོད་འཁྲུལ། །གང་ཟག་དབང་པོའི་ཁྱད་པར་ལས། །སེམས་ཁྱད་ཐེག་པ་རིམ་པ་དགུ། །མི་མཐུན་ལྟ་སྤྱོད་སོ་སོར་བཤད། །དེས་ནི་གོལ་སྒྲིབ་འཁྲུལ་པ་བྱུང་། །ཡང་དག་དོན་ལ་ཐེག་པ་མེད། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྤུ་གྲིས་འཁྲུས་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྱི་ཏི་ཡོ་ག་མ་རྟོགས་པ་རྣམས་ལ་གོལ་སྒྲིབ་འཁྲུལ་པ་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།ཨ་ཐ་ཨི་ཕ་དྷ་ནི་བ་ལ་མུ་སི། ས་ཀ་རི་ཨ་ཨ་སི་ཏིང་ཀ་ཡ། མ་ཧྭ་འབུ་ཏོ་ཨ་བྷ་རི་ཨ་ཏི། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །རྫོགས་ཆེན་སྤྱི་ཏི་ཡོ་ག་ཡི། །གོལ་སྒྲིབ་འཁྲུལ་གསུམ་ལ་བཟླ་ཇི་ལྟ་བུ། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་འདི་སྐད་གསུངས། །ཐོག་མའི་སྙིང་པོ་མ་འདི་ལ། །རྩལ་སྣང་རིག་པ་བུ་འཕྲད་པས། །མ་བུ་དབྱེར་མེད་འཕྲད་འདྲེས་པས། །སྐྱེ་མེད་ས་ཟིན་འགྱུར་མེད་རྒྱ་ཡིས་ཐེབས། །སྙིང་པོ་ཀློང་ནས་ཤར་ཙམ་ན། །སྤྱི་ཏི་ཡོ་གའི་དགོངས་པ་ལ། །ངེས་པའི་ཞེ་འདོད་མ་སྐྱེས་ན། །རྫོགས་ཆེན་སྒྲིབ་པ་མིན་པར་བཤད། །སྤྱི་ཏི་ཡོ་ག་འདི་རྟོགས་ན། །གོང་འོག་ཁྱད་པར་དབྱེ་རུ་མེད། །ཐེག་པ་དྲུག་གི་གོལ་སྒྲིབ་སྟེ། །བདེན་གཉིས་ཁ་མཚོན་བཅད་དུ་མེད། །སྙིང་པོའི་རང་བཞིན་རྩིས་གདབ་མེད། །རང་བཞིན་ཤེས་པས་སྒྲིབ་པ་མེད། །འཛིན་རྟོག་གཉིས་ལས་གྲོལ་བ་ནི། །དེ་ཡི་དོན་རྟོགས་གོལ་དུ་མེད། །འཛིན་རྟོག་ཡིད་གཉིས་འཁྲུལ་པར་ཤེས། །རྩིས་གདབ་མེད་ན་འཁྲུལ་དུ་མེད། །གཟུང་དང་འཛིན་པ་འཁྲུལ་པའི་ཆོས། །དེ་ལྟར་ཤེས་པས་སྒྲིབ་ཏུ་མེད། །གཟུང་འཛིན་ཡིད་གཉིས་མ་སྐྱེས་ན། །གོལ་དང་འཁྲུལ་པ་མེད་པར་བཤད། །སྙིང་པོའི་རང་བཞིན་མ་ནོར་ཤར། །ལྟ་བ་གོལ་མེད་བྱང་ཆུབ་སེམས། །ཕྱོགས་ཆ་ཡ་བྲལ་མ་སྐྱེས་ན། །འཛིན་རྟོག་གོལ་སྒྲིབ་འཁྲུལ་པ་མེད། །དངོས་པོ་གང་ཡང་དབྱེ་བསལ་མེད། །དབྱེ་བསལ་གོལ་སྒྲིབ་འཁྲུལ་པ་མེད། །ལུས་ངག་ཡིད་གསུམ་རྩོལ་བསྒྲུབ་བྱར་མེད་པས། །བྱ་བཙལ་གོལ་སྒྲིབ་འཁྲུལ་པ་མེད། །རྒྱུ་ལས་མ་བྱུང་འབྲས་བུ་མཆོག ཁུ་འབྲས་བྱ་བཙལ་གོལ་སྒྲིབ་མེད། །སྙིང་པོའི་རང་བཞིན་གཅིག་ཤེས་ནས། །ལྷ་བ་ལ་སོགས་བཅུ་བོ་ལ། །གོལ་སྒྲིབ་འཁྲུལ་པ་ག་ལ་ཡོད། །ལྟ་བ་རྟོགས་ནས་བསྒོམ་མེད་དོན། །བཀོལ་མེད་མཉམ་པའི་དོན་ཤར་ན། །ལྟ་བའི་གོལ་སྒྲིབ་ཞབྲུལ་པ་མེད། །ཕྱོགས་དང་རིས་མེད་མཉམ་པའི་ངང་། །དེ་ཡི་དོན་ལས་མི་འདའ་ན། །དམ་ཚིག་གོལ་སྒྲིབ་འཁྲུལ་པ་མེད། །རྩོལ་བསྒྲུབ་མེད་པའི་སྙིང་པོ་ལ། །ལུས་ངག་འབད་རྩོལ་མེད་པས་ནི། །ཕྲིན་ལས་གོལ་སྒྲིབ་འཁྲུལ་པ་མེད། །མ་བསྒྲིབས་གསལ་བའི་ཡེ་ཤེས་ནི། །ཡེ་ནས་ཡིན་པས་བྱ་མི་དགོས། །ཡེ་ཤེས་གོལ་སྒྲིབ་འཁྲུལ་པ་མེད། །བསྐྱོད་མེད་ཡེ་ཤེས་མཐར་ཕྱིན་དོན། །རིམ་པ་གཉིས་སུ་མེད་པའི་མཆོག །ས་ཡི་གོལ་སྒྲིབ་འཁྲུལ་པ་མེད། །ཡང་དག་ལམ་ལ་གནས་པ་ལ། །བྱེ་བྲག་རིམ་པར་མི་བགྲོད་ན། །ལམ་གྱི་གོལ་སྒྲིབ་འཁྲུལ་པ་མེད། །གཟུང་འཛིན་གཉིས་བྲལ་བྱང་ཆུབ་སེམས། །ཕྲ་རགས་ཡིད་རྟོག་མེད་པ་ལ། །ཕྲ་བའི་གོལ་སྒྲིབ་འཁྲུལ་པ་མེད། །གཉིས་མེད་ཐིག་ལེ་གཅིག་གི་ངང་། །མཉམ་པའི་རང་བཞིན་རྒྱ་མ་ཆད། །རང་བཞིན་རྒྱུན་དུ་གནས་པའི་མཆོག །རྒྱུད་ཀྱི་གོལ་སྒྲིབ་འཁྲུལ་པ་མེད། །མ་ནོར་བྱང་ཆུབ་སེམས་ཀྱིས་ནི། །ཡང་དག་དོན་ནི་གཏན་ལ་འབེབས། །ལུང་གི་གོལ་སྒྲིབ་འཁྲུལ་པ་མེད། །ཕྱོགས་རིས་སྤྲོས་པ་མེད་པའི་དོན། །སྒྲོ་སྐུར་མཐའ་ལས་གྲོལ་བ་ནི། །མན་ངག་གོལ་སྒྲིབ་འཁྲུལ་པ་མེད། །གོལ་སྒྲིབ་འཁྲུལ་པ་བསམ་མི་ཁྱབ། །འཆར་བའི་སྒོ་ནོར་འཁྲུལ་པ་ཡང་། །ལྡོག་པའི་ཐབས་ཤེས་གོལ་དུ་མེད། །གནས་དོན་མ་རྟོགས་སྒྲིབ་པ་ཡང་། །སྙིང་པོའི་དོན་ཤར་བསྒྲིབ་ཏུ་མེད། །སྒོ་ལྔའི་ཡུལ་འཛིན་འཁྲུལ་པ་ཡང་། །ཡིད་རྩད་ཆོད་པས་འཁྲུལ་དུ་མེད། །འཁྱེར་སྒོ་མ་ནོར་ཡང་དག་ལམ། །ངེས་པའི་དོན་མཐོང་ཐེ་ཚོམ་མེད། །ཐག་ཆོད་གདེང་ལྡན་རེ་དོགས་མེད། །རང་སེམས་མ་བཅོས་སངས་རྒྱས་པས། །སངས་རྒྱས་གཞན་ནས་བཙལ་དུ་མེད། །ཅེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གོལ་སྒྲིབ་ལ་བཟླ་བའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །མཚོན་མེད་སྟོན་པ་ཀུན་བཟང་ལ། །བདག་གཞན་གཉིས་སུ་གསུངས་པ་དེ། །འདི་ཉིད་ཁྱད་པར་གང་གིས་འདོན། །ཞེས་གསོལ་པ་དང་། ཀུན་བཟང་འཁོར་ལ་བཀའ་སྩལ་པ། །སྙིང་པོའི་རང་བཞིན་མིང་མེད་མཉམ་པ་མེད་པ་མ་རྟོགས་པར། །རྩལ་གྱི་འཁོར་ལ་རྟོག་པ་ཡིད་གཡོས་པས། །ཡན་ལག་མི་འདུ་ཐེག་པ་རིམ་དགུའོ། །རང་ལྟ་མངོན་པར་ཞེན་ལ་གཞན་ལྟ་རྒྱབ་ཀྱིས་ཕྱོགས། །ཉན་ཐོས་ཆོས་ཀྱི་བདག་ལ་ཞེན། །རང་རྒྱལ་རྟེན་འབྲེལ་གཉིས་ལ་ཞེན། །སེམས་ཙམ་གཟུང་འཛིན་གཉིས་ལ་ཞེན། །དབུ་མ་བདེན་པ་གཉིས་ལ་ཞེན། །ཀྲི་ཡ་དག་པ་གསུམ་ལ་ཞེན། །གཉིས་ཀ་རྒྱུད་ལ་གཞུང་ཚུགས་མེད། །ཡོ་ག་སྐྱེ་འགག་གཉིས་ལ་ཞེན། །མ་ཧྭ་སྣང་སྟོང་གཉིས་ལ་ཞེན། །ཨ་ནུ་རྒྱུ་འབྲས་གཉིས་ལ་ཞེན། །དབྱིངས་དང་ཡེ་ཤེས་གཉིས་ལ་ཆགས། །རྫོགས་ཆེན་རྩལ་སྣང་རིག་པ་ལ། །རང་བྱུང་ཡེ་ཤེས་ཡིན་ཟེར་ནས། །ཡིད་སྨོན་ཡེ་སངས་རྒྱས་ལ་གཏོང་། །རིག་པ་འགྱུ་བའི་རང་བཞིན་ལ། །སངས་རྒྱས་དགོངས་པ་ཡིན་ཞེས་ཟེར། །ཉོན་མོངས་ཁ་ནི་མ་བྲི་བར། །ཁ་ཚིག་ཡིད་སྨོན་ཚིག་ཙམ་ལ། །རྟོགས་ན་སངས་རྒྱས་ཡིན་སྨྲ་བའི། །གཟུང་འཛིན་ཆོས་བརྒྱད་མ་བྲལ་བར། །ཆགས་ཞེན་མཐར་བརྒྱད་མ་ཆོད་པར། །དུག་ལྔ་སངས་རྒྱས་ཡིན་ཟེར་ནས། །ད་ལྟར་སངས་རྒྱས་ཡིན་སྨྲ་བ། །རྨི་ལམ་ན་ཡང་མི་སྲིད་དོ། །ལྟ་བ་ནན་བརྟགས་ཚིག་ལ་ཞེན། །བསྒོམ་པ་སྟོང་བ་ཧད་པོ་བསྒོམ། །སྤྱོད་པ་ཐོ་ཆོ་བབ་ཆོལ་སྤྱོད། །དམ་ཚིག་ཁྲེལ་མེད་གྲོགས་པོ་བསླུ། །ཕྲིན་ལས་བཅོལ་ཞིང་བསྒྲུབ་པར་བྱེད། །ས་ལ་སྦྱོང་ཞིང་ལམ་ལ་བགྲོད། །འབྲས་བུ་ཡིད་སྨོན་རྩོལ་བས་སྒྲུབ། །སྒྲིབ་པ་མེད་པའི་ཡེ་ཤེས་ལ། །ད་གདོད་བཙལ་དུ་རེ་བ་དང་། །གཟུང་འཛིན་བྲལ་བའི་རང་བཞིན་ལ། །དུས་ལ་ཐོབ་ཏུ་རེ་བ་དང་། །དེ་ལྟར་ཐེག་པ་རིམ་དགུ་ཡིས། །རང་གི་གམ་པོར་གཞན་ནས་བཙལ། །བཙལ་པས་བསྐལ་པ་བརྒྱར་མི་རྙེད། །མདོངས་པས་ནམ་མཁར་བསྙེགས་པ་འདྲ། །ང་ཡི་སྤྱི་ཏི་ཡོ་ག་ལ། །བློས་བཏགས་བལྟ་བའི་ཚིག་དང་བྲལ། །ཡིད་སྨོན་བསྒོམ་པའི་སེམས་དང་བྲལ། །སྐྱོན་མེད་དམ་ཚིག་སེམས་དང་བྲལ། །ཆེད་བྱས་སྤྱོད་པའི་སེམས་དང་བྲལ། །རྩོལ་བསྒྲུབ་འཕྲིན་ལས་སེམས་དང་བྲལ། །སྦྱང་མེད་ས་ཐོབ་སེམས་དང་བྲལ། །བགྲོད་མེད་ལམ་གྱི་སེམས་དང་བྲལ། །ཐོབ་མེད་འབྲས་བུའི་སེམས་དང་བྲལ། །སྒྲིབ་མེད་གསལ་བའི་སེམས་དང་བྲལ། །གཟུང་འཛིན་གཉིས་མེད་ཕྲ་བའི་སེམས་དང་བྲལ། །དེས་ན་བདག་གཞན་ཁྱད་པར་རོ། །ཁྱད་པར་གང་གི་སྦགས་ཤེས་ན། །བདེན་པའི་སྙིང་པོ་མཐོང་བ་ལྟ་བའི་རྒྱལ་པོ་ཡིན། །དུས་གསུམ་ཆ་ལས་གྲོལ་བ་བལྟ་བའི་རྒྱལ་པོ་ཡིན། །རྟོག་པ་མེད་པ་ལྟ་བའི་རྒྱལ་པོ་ཡིན། །འགྱུར་བ་མེད་པ་ལྟ་བའི་རྒྱལ་པོ་ཡིན། །འཁྲུལ་པ་རྣམ་པར་དག་པ་ལྟ་བའི་རྒྱལ་པོ་ཡིན། །ཞེ་འདོད་མེད་པ་ལྟ་བའི་རྒྱལ་པོ་ཡིན། །ཚིག་ལས་འདས་པ་ལྟ་བའི་རྒྱལ་པོ་ཡིན། །ཡིན་པ་མེད་པ་ལྷ་བའི་རྒྱལ་པོ་ཡིན། །ཕྱོགས་དང་མཐའ་བྲལ་ལྟ་བའི་རྒྱལ་པོ་ཡིན། །ཁྱུང་དང་ནམ་མཁའི་དཔེ་བཞིན་ནོ། །ངང་གནས་འགྲོ་འོང་མེད་པ་བསྒོམ་པའི་རྒྱལ་པོ་ཡིན། །ཡིད་ལ་བཞག་མེད་བསྒོམ་པའི་རྒྱལ་པོ་ཡིན། །བསམ་དང་བྲལ་བ་བསྒོམ་པའི་རྒྱལ་པོ་ཡིན། །བཅོས་སླད་མེད་པ་བསྒོམ་པའི་རྒྱལ་པོ་ཡིན། །ཞེན་པ་མེད་པ་བསྒོམ་པའི་རྒྱལ་པོ་ཡིན། །གཟུང་འཛིན་རྟོགས་མེད་བསྒོམ་པའི་རྒྱལ་པོ་ཡིན། །ཡིད་སྨོན་བྱར་མེད་བསྒོམ་པའི་རྒྱལ་པོ་ཡིན། །དཔེར་ན་ཉི་ཟླ་རྒྱ་མཚོ་འདྲ། །ལུས་ངག་ཡིད་གསུམ་བྱར་མེད་སྤྱོད་པའི་རྒྱལ་པོ་ཡིན། །བཅོས་སུ་མེད་དེ་སྤྱོད་པའི་རྒྱལ་པོ་ཡིན། །ངེས་པ་མེད་དེ་སྤྱོད་པའི་རྒྱལ་པོ་ཡིན། ་།གས་འབྱུང་ཆགས་མེད་སྦྱོད་པའི་རྒྱལ་པོ་ཡིན། །ཉམ་ང་བག་ཚ་མེད་པ་སྤྱོད་པའི་རྒྱལ་པོ་ཡིན། །བྱ་བཙལ་ཀུན་དང་བྲལ་བ་སྤྱོད་པའི་རྒྱལ་པོ་ཡིན། །དཔེར་ན་མེ་ཏོག་བུང་བ་དང་། །སྨྱོན་པ་གླང་ཆེན་བུ་ཆུང་འདྲ། །ཐོབ་ཏུ་མེད་པ་འབྲས་བུའི་རྒྱལ་པོ་ཡིན། །རང་ཉིད་ཡིན་ཏེ་འབྲས་བུའི་རྒྱལ་པོ་ཡིན། །ཡིན་པའི་དོན་རྟོགས་འབྲས་བུའི་རྒྱལ་པོ་ཡིན། །སྐྱེ་མེད་འགྱུར་མེད་འབྲས་བུའི་རྒྱལ་པོ་ཡིན། །རང་སངས་རྒྱས་ཏེ་འབྲས་བུའི་རྒྱལ་པོ་ཡིན། །རེ་དོགས་མེད་པ་འབྲས་བུའི་རྒྱལ་པོ་ཡིན། །དཔེར་ན་རིན་ཆེན་རི་བོ་གསེར་དང་འདྲ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྤུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་གཞན་གཉིས་ཀྱི་ཁྱད་པར་བསྟན་པའི་ལེའུ་སྟེ་སོ་གཉིས་པའོ།། །།ཨ་ཐ་བཛྲ་ས་ཏྭ་ལི། དྷརྨ་ཀྭ་ཡ་དྷ་ཏུ་ཨ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །ཀུན་བཟང་ཉིད་ལ་འདི་སྐད་ཞུས། །རྒྱུད་ཀྱི་མཚན་ནི་ཇི་ལྟར་གཟུང་། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །སྙིང་པོའི་རང་བཞིན་མཚན་མེད་ལ། །རྩལ་སྣང་རིག་པའི་དབང་གིས་མཚན་བཏགས་པ། །ཐེག་པ་སྤྱི་ཡི་དོན་སྟོན་ཕྱིར། །སྤྱི་ཏི་ཡོ་གའི་རྒྱུད་ཡིན་ནོ། །དགོས་འདོད་མ་ལུས་ཅི་འདོད་འབྱུང་བའི་ཕྱིར། །རིན་པོ་ཆེ་ཡི་རྒྱུད་ཡིན་ནོ། །སྣང་སྲིད་གསལ་བར་རྟོགས་པའི་ཕྱིར། །ཉི་ཟླ་ལྟ་བུའི་རྒྱུད་ཡིན་ནོ། །འཁྲུལ་གཞི་ཞབྲུལ་སྣང་བཅད་པའི་ཕྱིར། །འཁྲུལ་སྣང་གཅོད་པའི་རྒྱུད་ཡིན་ནོ། །ཐེག་པ་སྤྱི་ཡི་དོན་སྟོན་ཕྱིར། །སྤྱི་ཏི་ཡོ་གའི་རྒྱུད་ཡིན་ནོ། །ཡིད་གཉིས་ལོག་ལྟ་གཅོད་པའི་ཕྱིར། །སྐྲུ་གྲི་འབར་བའི་རྒྱུད་ཡིན་ནོ། །ཀུན་ཁྱབ་ཕྱོགས་མཚམས་མེད་པའི་ཕྱིར། །ཡངས་པ་ནམ་མཁའི་རྒྱུད་ཡིན་ནོ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུད་ཀྱི་མཚན་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ།། །།ཨ་ཐ་བཛྲ་ས་ཏྭ་ཨ་ས། དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །རྒྱུད་ཀྱི་གཏད་རྒྱ་གང་ཟག་ཅི་ལྟ་བུ་ལ་གཏད། །ཅེས་གསོལ་པ་དང་། སྟོན་པ་ཀུན་ཏུ་བཟང་པོ་ཡིས། །རྡོ་རྗེ་སེམས་དཔར་འདི་སྐད་གསུངས། །སྙིང་པོ་མ་བཅོས་རིན་ཆེན་རྒྱུད། །རྩལ་གྱི་རང་བཞིན་ཁྱབ་པར་སྟོན། །གདུང་སོ་རྒྱུད་འདི་གཏད་པའི་གནས། །ངང་རྒྱུད་བཟང་ཞིང་དད་པ་ཆེ། །དམ་ཚིག་གཞུང་བསྲུང་རྣམ་སྨིན་འཛེམ། །སེར་སྣ་ཆུང་ལ་གཏོང་ཕོད་ཆེ། །རིན་ཆེན་སྣོད་ལྡན་དེ་དག་ལ། །སྤྱི་ཏི་ཡོ་གའི་རྒྱུད་འདི་གཏད། །མན་ངག་གསང་ཚིག་ཐུབ་པ་དང་། །འཁྲུལ་པ་རྩད་ཆོད་སྐྱེས་བུ་ལ། །རིན་པོ་ཆེ་ཡི་རྒྱུད་འདི་གཏད། །རིན་ཆེན་ལ་སོགས་འདོད་པའི་ཡོན། །མ་ཆགས་སེར་སྣ་མེད་པ་ལ། །འཁྲུལ་སྣང་གཅོད་པའི་རྒྱུད་འདི་གདམས། །དད་པ་མི་འགྱུར་རི་རབ་ལྟ་བུ་ལ། །སྙིང་རྗེ་ཕན་སེམས་ཆེ་ཞིང་དཀོན་མཆོག་མཆོད། །དགེ་བའི་སེམས་དང་ལྡན་པ་ལ། །སྐྲུ་གྲི་འབར་བའི་རྒྱུད་འདི་གཏད། །ངང་རྒྱུད་བཟང་ཞིང་བླ་མ་ཁུར། །མཆེད་ལ་བརྩེ་ཞིང་དམ་ཚིག་བསྲུངས། །བློ་ཆེ་བློ་ཡངས་བློ་ཟབ་བློ་རྣོ་ལ། །ནམ་མཁའ་ལྟ་བུའི་རྒྱུད་འདི་གཏད། །ང་རྒྱལ་དྲེགས་པས་ཁེངས་པ་དང་། །མུ་ཅོར་སྨྲ་ཞིང་ཁེ་འདོད་དང་། །དོན་དུ་མི་བསྒོམ་ཚིག་ཏུ་བསྒོམ། །ལག་ཏུ་ཐོབ་ན་ཟོང་དུ་འཚོང་། །ཁྲེལ་མེད་ཐབས་ཀྱིས་འདོད་པ་ལ། །ཡུལ་མཁར་སྟེར་ཡང་མི་སྦྱིན་ནོ། །དེ་ལྟ་བུ་ལ་བྱིན་གྱུར་ན། །ངམ་ཤོད་གླིང་གི་དུར་ཁྲོད་དུ། །མ་མོ་མཁའ་འགྲོ་ཚོགས་ས་སྲ །བཀའ་སྲུང་དམ་ཅན་ཆོས་སྐྱོང་གིས། །ཡོཤི་པ་ཡི་སྔོན་རོལ་དུ། ཁྲ་ཁྲག་རློན་པ་ཟ་བར་བྱེད། །རྒྱ་མཚོ་དུག་ཆུར་གཡོས་པ་ཡི། །སྡིག་པས་ཆར་ཡང་མི་ཕོད་དོ། །རྡོ་རྗེ་དམྱལ་བར་ལྟུང་མཆིའོ། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྤུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུད་གཏད་པའི་གང་ཟག་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའ་ཡིས། །རྒྱུད་འདི་འབྱུང་བའི་དུས་ནི་ཇི་ཙམ་ན། །ཞེས་གསོལ་པ་དང་། ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ནམ་ཞིག་དུས་ནི་ཕྱི་མ་ལ། །མ་འོངས་དུས་སུ་འབྱུང་བ་ནི། །མངོན་པར་ཤེས་པས་དེང་དུས་ཤེས། །ང་ཡི་བསྟན་པ་འབྱུང་དུས་སུ། །ཆོས་འཁོར་མི་བཙུན་རྒྱལ་ཁྲིམས་ཞིག་པའི་ཚེ། །སྐད་རིགས་མི་མཐུན་མཐའ་ཡི་རྒྱ་གར་རྣམས། །ཕུ་ཆུ་བུབ་བམ་ནམ་མཁའི་བྱ་བྲན་བཞིན། །བོད་ཀྱི་རྒྱལ་ཁམས་ཁེངས་ཏེ་མང་པོ་འབྱུང་། །སྐད་རིགས་མི་མཐུན་མཐའ་ཡི་རྒྱ་གར་རྣམས་ཀྱི་ཀྱང་། །དམ་པའི་ཆོས་ནི་ཡིད་བཞིན་བདུད་རྩི་འདྲ། །དེ་ལ་བརྟེན་ནས་ངན་སྤྱད་བྱས་ནས་ཀྱང་། །སྙན་ཚིག་ཡིད་ལ་བྱས་ནས་ཡི་གེར་བྲིས། །བོད་ཀྱི་གསེར་འདོད་ཕྱིར་ན་ཟོང་དུ་བྱས། །ཆོས་སྨ་བྱེད་པའི་ལོསྣྲོ་རྣམས་ཀྱིས་ཀྱང་། །ས་དང་ཕརོལ་ཕྱིན་ལ་བློ་མ་འབྱོངས། །ཆོས་སྐད་མ་ཤེས་འཕྲལ་སྐད་ཙམ་ཞིག་ཤེས། །འཕྲལ་སྐད་ཙམ་ཞིག་ཤེས་པས་ལོསྣྲོ་བྱས། །དམ་ཆོས་ཚོང་དུས་འོ་མ་བཞིན་དུ་བསླད། །དེ་དུས་ང་ཡི་རྒྱུད་འདི་འབྱུང་། །ཆོས་འཁོར་མདའ་བུག་འདོན་པ་དང་། །གནས་གཞི་འཐབ་རས་བསྐོར་བའི་དུས། །རྒྱལ་པོ་གྲོང་སྤྲང་བྱེད་པའི་དུས། །བླུན་པོ་ལུག་རྫི་བྱེད་པའི་དུས། །བོད་འབངས་སིལ་བུར་འགྲོ་བའི་དུས། །ཆེ་བཙུན་དུག་ལ་སྤྱོད་པའི་དུས། །ཉན་ཐོས་ཁྲིམས་དང་བྲལ་བའི་དུས། །དགེ་སློང་ཚོང་དཔོན་བྱེད་པའི་དུས། །ཆོས་གོས་འོག་ཏུ་གྲི་འཛུག་དུས། །བཙུན་པ་ཁྱིམ་ཐབ་བྱེད་པའི་དུས། །བཙུན་མ་བུ་ཆུང་འཚོ་བའི་དུས། །དེ་དུས་སྤྲོས་གཅོད་སྡེ་ལྔ་འབྱུང་། །སྐྱེ་མིན་བན་མིན་ནག་པོ་གོན་པའི་དུས། །ཞྭ་མཐའ་རས་ལྕགས་བསྐོར་བའི་དུས། །ལྷུམ་ཡུ་རེ་བས་བྱེད་པའི་དུས། །དེ་དུས་སྤྲོས་གཅོད་སྡེ་ལྔ་འབྱུང་། །ཕ་ཟེར་བུ་ཡང་མི་ཉན་ཏེ། །མི་རྣམས་གཡོ་སྒྱུས་འཚོ་བའི་དུས། །འབྱུང་བ་ས་ཡིས་གསེར་མི་ཐུབ། །སྐྱེ་འགྲོས་གཏད་པའི་གཉེར་མི་ཐུབ། །བདེ་གཤེགས་བྱིན་རླབས་མི་ཐུབ་སྟེ། །མཁའ་འགྲོས་གཏད་པའི་གཏེར་མི་ཐུབ། 〈།རྩོད་བཙུན་པས་མདའ་རྒྱབ་ཡིན་ནམ་〉པའི་འདབ་རྒྱས་བྱེད་པའི་དུས། །དེ་དུས་སྤྱི་ཏི་ཡོ་ག་འབྱུང་། །ཉོན་མོངས་དུག་ལྔའི་དབང་ཉིད་ཀྱིས། །ཆོས་དང་སེམས་སུ་མ་འདྲེས་པས། །བལྟ་བ་ཁ་ཁྱེར་ཞེན་མ་ལོག །ཆགས་ཞེན་ལྔ་དང་མ་བྲལ་བར། །ད་ལྟ་སངས་རྒྱས་ཡིན་ཟེར་དུས། །དེ་དུས་སྤྱི་ཏི་ཡོ་ག་འབྱུང་། །ཞེས་གསུངས་སོ། །རིན་པོ་ཆེ་སྣང་གསལ་སྐྲུ་གྲིས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསྟན་པ་འབྱུང་བའི་དུས་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །།རིན་པོ་ཆེ་སྣང་གསལ་སྐྲུ་གྲི་འབར་བས་འཁྲུལ་སྣང་རྩད་ནས་གཅོད་པ་ནམ་མཁའ་དང་མཉམ་པའི་རྒྱུད་རྫོགས་སོ།། །།རྒྱ་གར་གྱི་གུ་རུ་པདྨ་སམ་བྷ་ཝ་དང་། བོད་ཀྱི་ལོཙྭ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།ཚིག་ལ་འཆལ་བའི་མི་ངཟེ་་་དེཚི་བྱེགི་་ཚོངང་སྤེངམེངཏེ་རྣམས་ན། །སུ་ ར་ཉན་ལ་བླ་ཤ་རྒད། །མན་ངག་ག ང་དུ་མ་གྱུར་པས། ། ག་དང་ངན་ ད་སྨྲང་ ་བསྒམ་པ་མཁན། །མན་ངག་ཟང་དུ་ ་བའ་བད་བན་ལ། ། ལ་བའ་གནས་ ད་ས་ཡ་ག ར་དུ་སྦས། །སྐལ་ལྡན་ཅིག་དང་འཕྲད་པར་ཤོག །བཀའ་རྒྱ། གཏེར་རྒྱ། ཟབ་རྒྱ།། །།