Ngb-pt-0012-vol-01-text

From Rangjung Yeshe Wiki Texts
Jump to navigation Jump to search

Front[edit]

Body[edit]

རྫོགས་སོ།། །།བཅོམ་ལྡན་ཀུན་ཏུ་བཟང་པོ་ཡ། །ལྷུན་གྲུབ་སྐུ་ལ་ཕྱག་བཙལ་ནས། །ཐག་ལེ་མཐོང་བརྡོལ་རྒྱུད་གསུངས་པ། །སྟོན་པ་ཀུན་ཏུ་བཟང་པོ་ཡས། །གནས་ན་ཐག་ལེ་མཁའ་ཁྱབ་ཏུ། །འཁོར་ནི་རང་བྱུང་ཡེ་ཤེས་ལ། །དུས་ནི་ཐམས་ཅད་རང་བྱུང་དུས། །བསྟན་ནི་གཉིས་མེད་ཐིག་ལེའོ། །ཞེས་གསུངས་སོ། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །འཁོར་གྱི་རྡོ་རྗེ་སེམས་དཔའ་ཁྱོད། །ཐིག་ལེ་མཐོང་བརྡོལ་རིག་པའི་འཁོར་ལོ་བསྐོར། །ཕུར་བུ་ཆེན་པོ་ཐོབ་ལ་སྒྲོལ། །སྲིད་གསུམ་དབང་དུ་བསྡུས་ལ་སྦྱོར་སྒྲོལ་གྱིས། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། རིག་པ་འགགས་པ་མེད་པ་ལ། ཁྲེས་རབ་འགགས་པ་མེད་པ་ཡིས། །སྣང་སྲིད་བྱུང་ཐོབ་སྲོག་གི་རྩ་བ་ཆོད། །ཐུགས་ཀྱི་རེག་ཆོད་སྤུ་གྲི་ཚོ། །འཛིན་མེད་ཞགས་པ་ཆོད་ལ་ཐོང་། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། ཐིག་ལེ་མཐོང་ནས་བརྡོལ་བ་ནི། །ཙིཀྟའི་ནང་དུ་རབ་བརྟགས་པས། །རིག་པ་སྟོང་པར་གསལ་བ་ནི། །དེ་ནི་ཐིག་ལེ་སྤྱི་བརྡོལ་ཡིན། །ཉམས་མྱོང་འདྲེས་པའི་བདེ་གསལ་ནི། །དེ་ནི་ཐིག་ལེ་ནང་བརྡོལ་ཡིན། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། ཐིག་ལེ་མཐོང་ནས་མ་བརྡོལ་ན། །རིག་པའི་གནད་དུ་བརྡེག་པར་བྱ། །ཚོགས་དྲུག་རོལ་བ་ཧར་སངས་ལ། །རིག་པའི་བདེ་བ་རང་ཤར་ལྟོས། །འདི་ནི་ཐིག་ལེ་ནང་བརྡོལ་ཡིན། །དཀར་པོའི་དུས་སུ་རབ་ཏུ་སྦྱར། །ཁང་ནས་ཡད་ཀྱ་འགྱུ་བ་ལ། །འགྱུ་བས་འགྱུ་བའ་དུས་ཚོད་དུ། །བདེ་གསལ་ཉད་དུ་ལྷང་ངེ་བལྟ། །དེ་ན་ཐག་ལེ་ནང་བརྡོལ་ཡན། །གཉས་སུ་མེད་པའ་ཡེ་ཤེས་ལ། །རྒྱུ་དང་རྐྱེན་གྱས་མ་སྐྱེད་པར། །རང་བཞིན་ཉིད་དུ་ཤེས་པ་གསལ། །དེ་ནི་ཕྱི་བརྡོལ་ནང་བརྡོལ་ཡིན། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། རིག་པ་གནད་ཀྱི་ངོས་བཟུང་དང་། །བདེ་སྟོང་ཉིད་དུ་ཅུར་ཀྱིས་དབྱུང་། །བདེ་བ་ཉིད་ལ་ལྟ་སྟངས་བྱ། །འོད་གསལ་ཉིད་དུ་སྟོངས་ཀྱིས་འབྱུང་། །ཞེས་གསུངས་སོ། །ཐིག་ལེ་མཐོང་བརྡོལ་གྱི་རྒྱུད། རིག་པ་ཅུར་འབྱིན་གྱི་བརྡའ། སྲོག་གི་ཚན་པ། ཡང་ཏི་ནག་པོའི་རྒྱུད་རྫོགས་སོ།། །།རྒྱ་གར་སྐད་དུ། །ཏནྟྲ་གྲ་