ཚིག་དོན་སྙིང་པོ

From Rangjung Yeshe Wiki Texts
LONGCHENPA-PECIN-11-DA-035
Jump to navigation Jump to search

ཟབ་དོན་སྙིང་པོ་ཅེས་བྱ་བ klong chen rab 'byams kyi gsung 'bum (pe cin 2009)· Volume 11(DA) གདམས་ཁྲིད་དོན་གྱི་མདོ་ཆིངས

Title ཚིག་དོན་སྙིང་པོ
Wylie tshig don snying po


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 11(DA), text 35, pages 337–337 (BDRC scan pages)
Section snying thig ya bzhi › zab mo yang tig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.5.1.37
Citation Klong chen rab 'byams pa. tshig don snying po. In Kun mkhyen klong chen rab 'byams kyi gsung 'bum, vol. 11, pp. 337–337. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the first line of the e-text; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །ཚིག་དོན་སྙིང་པོ་བཞུགས་སོ། །

«ཨོཾ་ཨཱཿཧཱུྃ། བླ་མ་ཞི་ཁྲོ་མངོན་སངས་རྒྱས། །ཐེག་དགུ་བཅུ་བདུན་སྙིང་པོའི་ཆོས། །ཆོས་མཛད་དོན་རྟོགས་དགེ་འདུན་ལ། །འདས་དང་མ་འོངས་ད་ལྟར་གྱི། །ལུས་ངག་ཡིད་གསུམ་གུས་པས་འདུད། །རབ་ཏུ་སྤྲོས་པ་མེད་པ་ ཡི། །ཀུ་སུ་ལུ་པའི་དོན་ཆེད་དུ། །ཚིག་དོན་སྙིང་པོ་འབྲི་བར་བྱ། །ཇི་ལྟར་བརྗོད་བྱ་ཐམས་ཅད་ཀུན། །བགྲངས་པ་ཙམ་དུ་ཟད་མོད་ཀྱང༌། །མདོ་ནི་ཟབ་མོའི་དོན་དུ་བསྡུས། །གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང༌། །ཡེ་ཤེས་རྣམ་པ་གསུམ་ཡིན་ནོ། །འཁྲུལ་གཞི་རྣམ་པ་མང་བཤད་ཀྱང༌། །ལྷུན་གྲུབ་དང་ནི་ཐུགས་རྗེ་འོ། །རང་གནས་སྐུ་རིག་ཡེ་ཤེས་སོ། །གནས་པ་ཐུགས་རྗཻ་ཙིཏྟའི་དཀྱིལ། །ལམ་ནི་རྩ་བཞི་འགྱུར་བྱེད་རླུང༌། །འཆར་བྱེད་སྒོ་ནི་མིག་ལ་ སོགས། །ནམ་མཁའ་རྐྱེན་བྲལ་ཡུལ་དུ་འདུས། །ཉམས་བླང་ཁྲེགས་ཆོད་ཐོད་རྒལ་ལོ། །ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །བར་དོ་མ་བུ་གཉིས་སྦྱོར་བ། །གྲོལ་ས་ཉིད་ནི་ཐོག་མ་འོ། །ཞེས་རྒྱུད་ཐམས་ཅད་ཀྱི་སྡོམ་སྟེ་བསྟན་ པའོ། །ཚིག་དོན་སྙིང་པོ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས། གངས་རི་ཐོད་དཀར་དུ་སྦྱར་བ་རྫོགས་སོ།། །།དགེའོ། ། དགེའོ།» «། དགེའོ།། །།

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 2 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).