ལྕེ་བཙུན་གྱི་མགུར

From Rangjung Yeshe Wiki Texts
LONGCHENPA-PECIN-04-NGA-006
Jump to navigation Jump to search

བསམ་གཏན་མིག་གི་སྒྲོན་མ klong chen rab 'byams kyi gsung 'bum (pe cin 2009)· Volume 4(NGA) ཚིག་དོན་བཅུ་གཅིག་པ་ཞེས་བྱ་བ

Title ལྕེ་བཙུན་གྱི་མགུར
Wylie lce btsun gyi mgur


Author Longchenpa ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།
Location klong chen rab 'byams kyi gsung 'bum (pe cin 2009), volume 4(NGA), text 6, pages 85–85 (BDRC scan pages)
Section snying thig ya bzhi › bi ma snying thig


Tibetan text E-text from the typeset Pe cin edition (input 2020 on rywikitexts), cleaned 21 November 2026; not proofread against the print.
BDRC MW1KG4884, outline 1.1.4.08
Citation Klong chen rab 'byams pa. lce btsun gyi mgur. In Kun mkhyen klong chen rab 'byams kyi gsung 'bum, vol. 4, pp. 85–85. Pe cin: Krung go'i bod rig pa dpe skrun khang, 2009. BDRC MW1KG4884.
Notes Title from the BDRC outline; text boundaries and page numbers from the BDRC outline of MW1KG4884.
[edit]

༄༅། །ལྕེ་བཙུན་གྱི་མགུར།

«སངས་རྒྱས་ལ་ཡིད་ཆེས་སྐྱེས་ཙ་ན༔ བརྒྱུད་པའི་བྱིན་རླབས་འབྱུང་བར་ངེས༔ གོང་མ་ལ་མོས་པ་སྐྱེས་ཙ་ན༔ ཐུགས་རྗེའི་བྱིན་རླབས་འབྱུང་བར་ངེས༔ བླ་མ་ལ་གདུང་བ་སྐྱེས་ཙ་ན༔ ཉམས་དང་བྱིན་རླབས་སྐྱེ་བར་ངེས༔ སྣང་སྲིད་ཆོས་སྐུར་ཤེས་ཙ་ན༔ ཉོན་མོངས་རང་སར་གྲོལ་བར་ངེས༔ ཡེ་གྲོལ་གཅེར་བཞག་གིས་རྒྱས་ཐེབས་ན༔ སངས་རྒྱས་དགོངས་པ་ཡིན་པར་ངེས༔ ལུས་ངག་བདེ་བ་རྙེད་ཙ་ན༔ བླ་མའི་བྱིན་རླབས་ཡིན་པར་ངེས༔ འཁྲུལ་པ་ཕྱི་རོལ་གྱི་སྣང་བ་འགགས་ཙ་ན༔ རང་གི་རྩོལ་བ་ཡིན་པར་ངེས༔ དེ་ལྟར་རྟོགས་པའི་རྣལ་འབྱོར་བདག»༔ «འཁོར་འདས་རུ་ཤན་ཕྱེད་པས་བདེ༔ ཞེས་ལྕེ་བཙུན་གྱི་མགུར་རོ༔ ཨྠིྀ༔ ཛ་ཡནྟུ༔ «འདི་མན་དཀར་ཆག་ན་མི་སྣང་༔

[edit]

This page is a cleaned copy of the following rywikitexts page, which stay unchanged:

Cleaning (21 November 2026): removed 2 Word page fields. The «» marks are kept in the text: they enclose the small-print notes of the print, which are shown in small print with the marks hidden.

Part of the Longchenpa Collected Works (about this project).