Chos dbyings mdzod (Longchenpa): Chapter 6 commentary (1)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 6 commentary (1)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 6 commentary (1)
Jump to navigation Jump to search
← Chapter 6 root versesChos dbyings mdzod: contentsChapter 6 commentary (2) →

Chapter 6, commentary · ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ
Pages 265–274 of the corrected base text (W22920 vol. 3), part 1 of 2.

Not in this part's tabs (the edition does not contain it, or its scan lacks these pages): Derge (sde dge par ma).
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 323] དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟེན་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང་། །གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས། །ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང་། །འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས། །ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱུང་གནས་

[p. 324] འགྲོ་གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང་། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམ་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རབ་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཅོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བ་ནི་ཆོས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཚོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་པ་དང་། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་མེད་པར་བསྟན་པ་བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཞེས་པ་དང་། རང་ཤར་ལས། དམིགས་པའི་ཡུལ་བྲལ་རང་བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། །ཞེས་སོ། །ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང་། །ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་པ་ཡང་། །རང་བྱུང་དང་

[p. 325] ༄༅། །ལ་འདུ་འབྲལ་མེད་པར་འདུས། །སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས། །ཉི་མ་ཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན། །དག་པ་སངས་ རྒྱས་ཀྱི་སྣང་བ་དང་། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་ནི་ཉི་མ་ལྟར་ལྷུན་གྱིས་གྲུབ་ལ་ ངང་གིས་འོད་གསལ་ཞིང་། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། ། བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་པ་དང་། ད་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་ གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ ཁམས་གཟུགས་མེད་ཁམས་གསུམ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །

[p. 326] སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་ཐམས་ཅད་ང་ཡི་རང་བཞི་ན་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས། །བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། །ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། །ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་བ་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུམ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ལས་གང་དུའང་གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། ཆོས་ཅན་མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། སེམས་ཅན་མཚན་མ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་དམ་པ་ང་ཡིན་ནོ། །འབྱུང་བ་ལྔ་བསང་ཉིད་ཆེ། །འབྱུང་བ་པས་ཀྱང་ང་

[p. 327] སྔར་བྱུང་། །སངས་རྒྱས་པས་ཀྱང་དང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། །ཞེས་པ་དང་། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་ཀློང་། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང་། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱས་ཤིང་སེམས་ལས་ཤར་ཡང་། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་ཐམས་ཅད་ལས་འདས་པས་བྱ་མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །

[p. 328] ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཞེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ཅད་ཀུན་བཟང་ས་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག །ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མི་དཔར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་པར་གཅིག་ཅིང་། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང་། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལས་བཅོས་སུ་མེད། །བཟང་ངན་བླང་དོར་མེད་པའོ། །ཞེས་སོ། །དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ན། གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བརྩལ་དུ་མེད། །རྩོལ་སྒྲུབ་རང་གི་

[p. 329] དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད། །

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང༌། །གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས། །ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང༌། །འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས། །ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང༌། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱུང་གནས་འགྲོ་གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང༌། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་པ་དང༌། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་མེད་པར་བསྟན་པ་བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཞེས་པ་དང༌། རང་ཤར་ལས། དམིགས་པའི་ཡུལ་བྲལ་རང་བཞིན་ཆོས་ཀུན་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། །ཞེས་སོ། །ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང༌། །ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་པ་ཡང༌། །རང་བྱུང་ངང་ལ་འདུ་འབྲལ་མེད་པར་འདུས། །སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས། །ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན། །དག་པ་སངས་རྒྱས་ཀྱི་སྣང་བ་དང༌། མ་དག་པ་སེམས་ཅན་ཀྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་ནི་ཉི་མ་ལྟར་ལྷུན་གྱིས་གྲུབ་ལ་ངང་གིས་འོད་གསལ་ཞིང༌། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་པ་དང༌། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང༌། །ཀུན་བྱེད་དང་ང་ཡི་རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་ཐམས་ཅད་ང་ཡིན་རང་བཞིན་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང༌། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས། །བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། །ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། །ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་བ་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུམ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་དགལ་བ་ཆེན་པོའི་ཀློང་ལས་གང་དུའང་གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། །ཆོས་ཅན་མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། །སེམས་ཅན་མཚན་པ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙན་དམ་པ་ང་ཡིན་ནོ། །འབྱུང་བ་ལྔ་བས་ང་ཉིད་ཆེ། །འབྱུང་བ་བས་ཀྱང་ང་སྔར་བྱུང༌། །སངས་རྒྱས་པས་ཀྱང་ང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། །ཞེས་པ་དང༌། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་ཀློང༌། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང༌། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་བྱས་ཤིང་སེམས་ལས་ཤར་ཡང༌། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་ཐམས་ཅད་ལས་འདས་པས་བྱ་མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཞེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ཅད་ཀུན་བཟང་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག །ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མེད་པར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་པར་གཅིག་ཅིང༌། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང༌། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལས་བཅོས་སུ་མེད། །བཟང་ངན་བླང་དོར་མེད་པའོ། །ཞེས་སོ། །དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི། གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བཙལ་དུ་མེད། །རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་གང་སྒྲུབ་པར་བྱེད། །

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་» «ལྟར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང༌། །གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས། །ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་» «ངང༌། །འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས། །ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང༌། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱུང་གནས་འགྲོ་གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང༌། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་» «བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་པ་དང༌། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་མེད་པར་བསྟན་པ་» «བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་» «བསྟན། །ཞེས་པ་དང༌། རང་ཤར་ལས། དམིགས་པའི་ཡུལ་བྲལ་རང་བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། །ཞེས་» «སོ། །ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་» «དང༌། །ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་པ་ཡང༌། །རང་བྱུང་ངང་ལ་འདུ་འབྲལ་མེད་པར་འདུས། །སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས། །ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན། །དག་པ་སངས་རྒྱས་ཀྱི་སྣང་བ་དང༌། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་«༼༡༽«ནི་ཉི་མ་ལྟར་ལྷུན་གྱིས་གྲུབ་ལ་ངང་གིས་འོད་གསལ་ཞིང༌། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་» «བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་» «ཡིན། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །» «ཞེས་པ་དང༌། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་» «ཡིན། །བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན། །» «རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང༌། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་ཐམས་ཅད་ང་ཡི་རང་བཞིན་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་» «པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་» «ངང༌། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས། །བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། །ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། །ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་བ་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུམ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ལས་གང་དུའང་གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་» «མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། །ཆོས་ཅན་མཚན་མའི་མིང་ཡང་» «མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། །སེམས་ཅན་»«མཚན་མ་ཡེ་ནས་«༼༡༽«མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་དམ་པ་ང་ཡིན་ནོ། །འབྱུང་བ་ལྔ་བས་ང་ཉིད་ཆེ། །འབྱུང་བ་བས་ཀྱང་ང་སྔར་བྱུང༌། །སངས་རྒྱས་བས་ཀྱང་ང་སྔར་» «རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། །ཞེས་པ་དང༌། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་» «ཀློང༌། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག» «།ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །» «འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་«༼༡༽«མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །» «མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང༌། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་བྱས་ཤིང་སེམས་ལས་ཤར་ཡང༌། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་ཐམས་ཅད་ལས་འདས་པས་བྱ་«༼༢༽«མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཞེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ཅད་ཀུན་བཟང་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག» «།གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་» «པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག» «།ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མེད་པར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་པར་གཅིག་ཅིང༌། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང༌། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་མཚན་ཉིད་» «དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །» «ཇི་བཞིན་པ་ལས་བཅོས་སུ་མེད། །བཟང་ངན་བླང་དོར་མེད་པའོ། །ཞེས་སོ། །» «དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི། གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བརྩལ་«༼༡༽«དུ་མེད། །རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད། །

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 84] དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟབ་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང་། །གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས། །ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང་། །འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས། །ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱུང་གནས་འགྲོ་

[p. 85] གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང་། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམ་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་ཀྱི་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ལས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་བློས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་སྒོ་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་པ་དང་། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་མེད་པར་བསྟན་པ་བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཞེས་པ་དང་། རང་ཤར་ལས། དམིགས་པའི་ཡུལ་བྲལ་རང་བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། །ཞེས་སོ། །ཆོས་ཅན་ཇི་ལྟར་སྣང་བའམ་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང་། །ཡེ་ཤེས་འཕྲིན་ལས་ངོ་མཚར་རོལ་པ་ཡང་། །རང་བྱུང་ངང་ལ་འདུ་འབྲལ་མེད་པར་འདུས། །སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས། །ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན། །དག་པ་སངས་རྒྱས་ཀྱི་སྣང་བ་དང་། །མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་བའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་ནི་ཉི་མ་ལྟར་ལྷུན་

[p. 86] གྱིས་གྲུབ་ལ་ངང་གིས་འོད་གསལ་ཞིང་། །ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་པ་དང་། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་ བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང་། །ཀུན་བྱེད་ང་ཡི་རང་ བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་བསྡུས་པ་ང་ཡི་རང་བཞིན་ ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་ རྩལ། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས། །བྱེར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། །ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། །ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་ བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མང་འདབ་བསྒྱུར་བ་ལྟར། །ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུ་མ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ལས་གང་དུའང་

[p. 87] གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། ཆོས་ཅན་མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། སེམས་ཅན་མཚན་མ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙན་དམ་པ་ང་ཡིན་ནོ། །འབྱུང་བ་ལྔ་བས་ང་ཉིད་ཆེ། །འབྱུང་བ་བས་ཀྱང་ང་སྔར་བྱུང་། །སངས་རྒྱས་པས་ཀྱང་ང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། །ཞེས་པ་དང་། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་ཀློང་། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ཀུན་བཟངས་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ཆེ་བ་ཀུན་བཟངས་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང་། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་བྱས་ཤིང་སེམས་ལས་ཤར་ཡང་། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་

[p. 88] ཐམས་ཅད་ལས་འདས་པས་བྱ་མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཞེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ཅད་ཀུན་བཟངས་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་དུ་བཟང་པོར་གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག །ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་པར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་པར་གཅིག་ཅིང་། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང་། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལས་བཅོས་སུ་མེད། །བཟང་ངན་བླང་དོར་མེད་པའོ། །ཞེས་སོ། །དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི། གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བཙལ་དུ་མེད། །རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད། །

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 148] དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་ འདུས་པར་བསྟན་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་ རྩ་བ་བྱང་ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང་། །

[p. 149] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །གཞི་མེད་ཡེ་གྲོལ་སེམས་ ཀྱི་ངང་དུ་འདུས། །ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང་། །འཁྲུལ་དང་མ་ འཁྲུལ་མིང་དོན་འདས་པར་འདུས། །ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགྲོ་ ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་ གྲུབ་ལ། བྱུང་གནས་འགྲོ་གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་ གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་ པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་ དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང་། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། ། སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། །ཇི་ ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་པ་དང་། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་ མེད་པར་བསྟན་པ་བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་ འདུས་པར་བསྟན། །ཞེས་པ་དང་། རང་ཤར་ལས། དམིགས་པའི་ཡུལ་བྲལ་རང་ བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། །

[p. 150] ། ལེའུ་དྲུག་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ། ཞེས་སོ། །ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་ རིག་པའི་ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་ དང་། །ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་པ་ཡང་། །རང་བྱུང་ངང་ལ་འདུ་འབྲལ་ མེད་པར་འདུས། །སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས། །ཉི་ མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་ཀློང་ཡངས་ པ་ཡིན། །དག་པ་སངས་རྒྱས་ཀྱི་སྣང་བ་དང་། མ་དག་པ་སེམས་ཅན་གྱི་འཁྲུལ་ སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་པའི་ཕྱིར། རིག་པ་བྱང་ ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་༧ནི་ཉི་མ་ལྟར་ལྷུན་གྱིས་ གྲུབ་ལ་ངང་གིས་འོད་གསལ་ཞིང་། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། ། ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་ སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །རྩ་བ་ ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་པ་དང་། ང་ནི་ཆོས་ཀུན་རང་བཞིན་ ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་ རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་ དཔའ་ང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། ། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང་། །ཀུན་བྱེད་ང་ཡི་ རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་ སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། ། སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་ཐམས་ཅད་ང་ཡི་རང་

[p. 151] ༈ ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། བཞིན་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་ བ་ང་ལ་འདུས། །ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་ རྩལ། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས། །བྱར་མེད་གཅིག་གིས་ ཐམས་ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། ། ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། །ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་ བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་ བསྒྱུར་བ་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་ རུམ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ ལས་གང་དུའང་གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་ དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་ མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། ཆོས་ཅན་ མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། སེམས་ཅན་ མཚན་མ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་དམ་པ་ང་ཡིན་ནོ། ། འབྱུང་བ་ལྔ་བས་ང་ཉིད་ཆེ། །འབྱུང་བ་བས་ཀྱང་ང་སྔར་བྱུང་། །སངས་རྒྱས་བས་ ཀྱང་ང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་ རྫོགས། །ཞེས་པ་དང་། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ ནི༑ ༑མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ ཆོས་ཉིད་ཀློང་། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །ཐམས་ཅད་

[p. 152] ༈ ལེའུ་དྲུག་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ། འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ཀུན་བཟང་ལྷུན་ གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། ། འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་ མ་གཡོས་པའི ༧མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་ འདུས་ཏེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང་། །རང་བྱུང་ ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམ་ཀྱིས་ བྱས་ཤིང་སེམས་ལས་ཤར་ཡང་། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་ཐམས་ ཅད་ལས་འདས་པས་བྱ ༤མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་ སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་ བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཞེས་སོ། །ཆོས་ཐམས་ཅད་རང་ བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ ཅད་ཀུན་བཟང་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་ པོར་གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་ གྲུབ་མི་གཡོ་མཉམ་པར་གཅིག །ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་ གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མ་མེད་པར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་ པར་གཅིག་ཅིང་། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང

[p. 153] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང་། ཀུན་བྱེད་ ལས། ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་ གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལས་བཅོས་སུ་མེད། ། བཟང་ངན་བླང་དོར་མེད་པའོ། །ཞེས་སོ། ། དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི། གཅིག་ ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བརྩལ ༡ དུ་མེད། །རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་ གང་དུ་སྒྲུབ་པར་བྱེད། །

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 166] དེ་ལྟར་རིག་

[p. 167] ༄༅། །པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། བཞི་ག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་དབང་དུ་ཐམས་ཅད་འདུས་པར་བསྟན་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲིལ་བ་ཡང་། །གང་ཕྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །མི་ཞི་ མེད་འགྲོ་བ་སེམས་ཀྱི་ངང་དུ་འདུས། །ཆོས་ཉིད་ཡི་གླིང་ཡངས་པ་ཆེད་པོའི་དང་། །འཁྲིལ་བ་དེ་མ་འཁྲིལ་མི་འདོན་འདས་པར་འདུས། །ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་གོམས་སུ་འདུས་པ་དེ་ཡང་། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགོག་པ་རྟགས་པས། །འཁོར་འདས་མ་གྲུབ་ པས་ཀྱང་བྱང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱེད་གནས་འགྲོ་གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞི་འམ་དབྱིངས་མྱུར་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་ མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང་། འདུས་པ་དང་འདུས་ཆོས་གཞི་མེད་རྟེན་ས་མེད་པ་དེ་ཤེས་པར་

[p. 168] བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམ་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་ རྣམས་ཀུན། །འབྱུང་བའི་ཕྱིར་ ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཚོས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཆེས་རྣམས་ཀུན། །ང་ཡིན་ བས་ན་རྩ་བར་བཤད། །ཅེས་པ་དང་། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་མེད་པར་བསྟན་པ་བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་ པར་བསྟན། །ཞེས་པ་དང་། རང་ཤར་ལས། དམིགས་པའི་ཡུལ་བྲལ་རང་བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། །ཞེས་སོ། །ཚལ་ཅན་ཇི་ལྟར་སྣང་བའམ་རྨི་ལམ་གཉིད་ཀྱི་ ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང་། །ཡེ་ཤེས་འཕྲིན་ལས་ངོ་མཚར་རོལ་པ་ཡང་། །རང་བྱུང་ངང་ལ་འདུ་འབྲལ་མེད་པར་འདུས། །སྣང་སྲིད་འཁྲིད་འདས་ཀུན་འདུས་བྱང་ཆུབ་ སེམས།༑༑འདུས་པ་ལྟར་རིག་པའི་ངང་དུ་ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན། །དག་པ་སངས་རྒྱས་ཀྱི་སྣང་བ་དང་། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་

[p. 169] ༄༅། །ཡིད་གཟང་གི་རིག་པའི་རང་དུ་འདུས་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུམ་འདུས་པའི་ཆོས་མིང་ལ། རིག་པ་དེ་ནི་ཉི་མ་ལྟར་ལྷུན་གྱིས་གྲུབ་ལ་རང་གིས་འོད་གསལ་ཞིང་། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་ སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །རྩེ་ལ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་པ་དང་། ད་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །བ་ཡི་རང་བཞིན་ ལས་ནི་ཆོས་གཞན་མེད། །སྟོན་པ་སྟེ། གསུམ་པོ་ཡི་རང་བཞིན་ཡིན། །རང་གིས་སེམས་ཅན་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའ་རང་ཡི་རང་བཞིན་ཡིན། །སྣང་བ་འབྱོར་རྣམ་ བཞི་དང་བཞིན་ཡིན། །འདོད་ཁམས་གང་གིས་ཁམས་གང་གིས་སུ། །འདུག་པས་མི་ཕྲ་བ་མི་བྱ་དེ་སུ་མི་རིག །ཀུན་བྱེད་པ་ཡི་རང་བཞིན་ཡིན། །འབྱུང་ཆེན་ལྔ་ཡང་ཇི་ཡི་རང་བཞིན་ཡིན། །རྒྱུ་འདུག་ སེམས་ཅན་ལ་ཡི་རང་བཞིན་ཡིན། །སྣང་བ་མེད་པས་མ་ཡི་རང་བཞིན་ཡིན། །སྲིད་པ་ཐམས་ཅད་ཡི་རང་བཞིན་ཡིན། །སྣང་བ་ཅུང་ཟད་སྤྲུལ་པར་ཡི་རང་བཞིན་ཡིན། །ཇི་ཡི་རང་བཞིན་ལས་ནི་གཞན་

[p. 170] མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། །སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་དང་། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ། ། འཁོར་འདས་ཐེག་པ་ཀུན་ལ་འབད་བསྒྱུར་བར། །བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མོད། །ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། ། ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་བ་ལྟར། །ཆོས་ཉིད་བྱང་ཆུབ་གྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུ་མ་ཡིན་ པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ལས་གང་དུའང་གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་ལ་སྟེ། རང་ཤར་ལས། ། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་ན་ཐོའི་མན་དྲལ་ནི། །ཆོས་ཅན་མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། སེམས་ཅན་ མཚན་མ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བླ་ཅན་དམ་པ་དེ་ཡིན་ནོ། །འབྱུང་བ་ལྔ་པས་ང་ཉིད་ཆེ། །འབྱུང་

[p. 171] ༄༅། །བ་བས་ཀྱང་ང་སྔར་བྱུང་། །སངས་རྒྱས་བས་ཀྱང་ང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། །ཞེས་པ་དང་། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ ཉིད་ཡངས་པའི་སྙིང་པོ་ནི། །མ་གཡོས་མི་གཡོས་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་ཀློང་། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །ཐམས་ཅད་འདུས་ལ་ མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ཀུན་བཟངས་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ཆེ་བ་ཀུན་བཟངས་ཆོས་ཀྱི་དབྱིངས། །རྒྱལ་ པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་ཕོ་འདྲ། ། ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང་། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་བྱས་ཤིང་སེམས་ལས་ཤར་ཡང་། སེམས་ཉིད་སུས་ཀྱང་

[p. 172] མ་བྱས་ཏེ་བྱ་བྱེད་ཐམས་ཅད་ལས་འདས་པས་བྱ་མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱང་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་ དགོས། །ཞེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ཅད་ཀུན་བཟངས་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་དུ་བཟང་པོར་ གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག །ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་བ་ཡིན་པས་ཀྱང་བཟང་ ངན་དང་རྩོལ་སྒྲུབ་མེད་པ་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་པར་གཅིག་ཅིང་། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང་། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་ མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལས་

[p. 173] ༄༅། །བཅོས་སུ་མེད། །བཟང་ངན་བླང་དོར་མེད་པའོ། །ཞེས་སོ། །དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི། གཅིག་ལས་ཀུན་ཤར་མ་ལུས ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བཙལ་དུ་མེད། །རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད། །

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 115] དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་ བསྟན་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང་། །གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །གཞི་མེད་ ཡེ་གྲོལ་སེམས་ཀྱི་ངང་དུ་འདུས། །ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང་། །འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས། །ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བར་ བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱུང་གནས་

[p. 116] འགྲོ་གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ ཉིད་དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང་། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ ཆོས་རྣམས་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ ཀུན། །དཔལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་པ་དང་། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་མེད་པར་བསྟན་པ་ བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཞེས་པ་དང་། རང་ཤར་ལས། དམིགས་པའི་ཡུལ་བྲལ་རང་བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས།། ཞེས་སོ། །ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང་། །ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་པ་ཡང་། །རང་རྒྱུད་དང་

[p. 117] ༄༅། །ལ་འདུ་འབྲལ་མེད་པར་འདུས། །སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས། །ཉི་མ་ཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་སློང་ཡངས་པ་ཡིན། །དག་པ་སངས་ རྒྱས་ཀྱི་སྣང་བ་དང་། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་ནི་ཉི་མ་ལྟར་ལྷུན་གྱིས་གྲུབ་ལ་ ངང་གིས་འོད་གསལ་ཞིང་། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། ། བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་པ་དང་། ད་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་ གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ ཁམས་གཟུགས་མེད་ཁམས་གསུམ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །

[p. 118] སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་ཐམས་ཅད་ང་ཡི་རང་བཞི་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས། །བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། །ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། །ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་བ་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུམ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ལས་གང་དུའང་གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། ཆོས་ཅན་མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། སེམས་ཅན་མཚན་མ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་དམ་པ་ང་ཡིན་ནོ། །འབྱུང་བ་ལྔ་བསང་ཉིད་ཆེ། །འབྱུང་བ་པས་ཀྱང་ང་

[p. 119] ༄༅། །སྔར་བྱུང་། །སངས་རྒྱས་པས་ཀྱང་དང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། །ཞེས་པ་དང་། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། །མ་ གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་ཀློང་། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །འཁོར་འདས་ཀུན་ལ་དབང་བསྒྱུར་གར་ མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་ མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང་། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ ཀྱི་སེམས་ཀྱིས་རྒྱས་ཤིང་སེམས་ལས་ཤར་ཡང་། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་ཐམས་ཅད་ལས་འདས་པས་བྱ་མི་དགོས་པར་བསྟན་པ་ནི། །ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །

[p. 120] ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཞེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ཅད་ཀུན་བཟང་ས་མི་ བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག །ཆོས་ཐམས་ཅད་སྣང་མཉམ་རང་བཞིན་ སྟོང་གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མི་དཔར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་པར་གཅིག་ཅིང་། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་ པས་ཀྱང་བཟང་ངན་དང་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང་། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་ མཚན་ཉིད་དེ། །ནམ་མཁའ་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལས་བཅོས་སུ་མེད། །བཟང་ངན་ བླང་དོར་མེད་པའོ། །ཞེས་སོ། །དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ན། གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བརྩལ་དུ་མེད། །རྩོལ་སྒྲུབ་རང་གི་

[p. 121] ༄༅། །དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད། །

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (29 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 265] དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་རྩ་བ་བྱང་

[p. 266] ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང༌། །གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས། །གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས། །ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང༌། །འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས། །ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང༌། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱུང་གནས་འགྲོ་གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་

ས་དང་གནས་ས་དང་འགྲོ ] om. W

[p. 267] བཏགས་ཀྱང༌། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་པ་དང༌། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་མེད་པར་བསྟན་པ་བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཞེས་པ་དང༌། རང་ཤར་ལས། དམིགས་པའི་ཡུལ་བྲལ་

སྣང་བའི་ཆོས་རྣམས་ཀུན་སྐྱེ ] རྣམ A G R

[p. 268] རང་བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། །ཞེས་སོ། །ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང༌། །ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་པ་ཡང༌། །རང་བྱུང་ངང་ལ་འདུ་འབྲལ་མེད་པར་འདུས། །སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས། །ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས། །གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན། །དག་པ་སངས་རྒྱས་ཀྱི་སྣང་བ་དང༌། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་ནི་ཉི་མ་ལྟར་ལྷུན་གྱིས་གྲུབ་ལ་ངང་གིས་འོད་གསལ་ཞིང༌། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་

རང་བཞིན་ཆོས་⁁་རྣམས་ཀུན ] ཀུན W · ཇི་ལྟར་སྣང་བའང་རྨི་ལམ ] བའམ G R · དང་ཡེ་ཤེས་ཕྲིན་ལས་ངོ ] འཕྲིན G R · ཆུབ་སེམས་ཉི་མཁའ་བཞིན་དུ ] མ་ཁའ A C · པ་སེམས་ཅན་གྱི་འཁྲུལ་སྣང ] ཀྱི W

[p. 269] གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་པ་དང༌། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང༌། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །

ཞེས་པ་དང་ང་ནི་ཆོས ] ད A R C · ཡང་ཀུན་བྱེད་⁁་ང་ཡི ] དང W

[p. 270] སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་ཐམས་ཅད་ང་ཡིན་རང་བཞིན་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང༌། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ། །འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས། །བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན། །མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད། །ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས། །ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་བ་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུམ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ལས་གང་དུའང་གཡོས་

ཐམས་ཅད་ང་ཡིན་རང་བཞིན ] ཡི A P G S C · ཀུན་གྱི་དབྱིངས་རུམ་ཡིན་པས ] རུ་མ G R · སྟེ་ཐམས་ཅད་གདལ་བ་ཆེན ] དགལ W

[p. 271] པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། །ཆོས་ཅན་མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། །སེམས་ཅན་མཚན་མ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙན་དམ་པ་ང་ཡིན་ནོ། །འབྱུང་བ་ལྔ་བས་ང་ཉིད་ཆེ། །འབྱུང་བ་བས་ཀྱང་ང་སྔར་བྱུང༌། །སངས་རྒྱས་པས་ཀྱང་ང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། །ཞེས་པ་དང༌། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་

སེམས་ཅན་མཚན་མ་ཡེ་ནས ] པ W · ཅད་ཀྱི་རྗེ་བཙན་དམ་པ ] བཙུན A P S C · འབྱུང་བ་ལྔ་བས་ང་ཉིད་ཆེ ] བསང A C · ཆེ་འབྱུང་བ་བས་ཀྱང་ང ] པས A C · བྱུང་སངས་རྒྱས་པས་ཀྱང་ང ] བས P S R · རྒྱས་པས་ཀྱང་ང་སྔར་རྒྱས ] དང A C

[p. 272] ཀློང༌། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང༌། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་

ཐམས་ཅད་ཀུན་བཟང་ལྷུན་གྲུབ ] བཟངས G R · ཆེ་བ་ཀུན་བཟང་ཆོས་ཀྱི ] བཟངས G R

[p. 273] བྱས་ཤིང་སེམས་ལས་ཤར་ཡང༌། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་ཐམས་ཅད་ལས་འདས་པས་བྱ་མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཞེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ཅད་ཀུན་བཟང་ས་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག །ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མེད་པར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་

ཀྱི་སེམས་ཀྱིས་བྱས་ཤིང་སེམས ] རྒྱས A C · ཐམས་ཅད་ཀུན་བཟང་ས་མི་བཟང ] བཟངས G R · ཅད་ཀུན་བཟང་ས་མི་བཟང ] om. W P S · མེད་པར་ཀུན་ཏུ་བཟང་པོར ] དུ G R · དང་རྩོལ་སྒྲུབ་མེད་པར་གཅིག་ལ ] མི་དཔར A C

[p. 274] ངན་དང་བླང་དོར་མེད་པར་གཅིག་ཅིང༌། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང༌། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལས་བཅོས་སུ་མེད། །བཟང་ངན་བླང་དོར་མེད་པའོ། །ཞེས་སོ། །དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི། གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བཙལ་དུ་མེད། །རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད། །

ཉིད་དེ་ནམ་མཁའི་མཚན་ཉིད ] མཁའ A C · པར་བསྟན་པ་ནི་གཅིག་ལས ] ན A C · ལ་བསྒྲུབ་མེད་བཙལ་དུ་མེད ] བརྩལ A P S C · རྩོལ་ཞིང་གང་དུ་སྒྲུབ་པར ] om. W
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
1 All phenomena gathered in awareness, pure by its very essence རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པ [p. 265]
All phenomena of saṃsāra and nirvāṇa gather in awareness, awakened mind: as the unborn nature of phenomena, as appearances within awareness like dreams in sleep, and as the great expanse that rules all without stirring. Being unmade and equal, mind itself lies beyond good and bad, effort, striving, and cause and effect, as tantras like the All-Creating King attest.
1.1 All gathered in the unborn state, alike as the nature of phenomena, suchness ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པ [p. 265]
Like rays in the sun, all phenomena gather in their root, awakened mind. Examining their arising, abiding and going shows saṃsāra and nirvāṇa unestablished, so the 'gathering' is a mere designation, groundless; supported by the All-Creating King and Natural Arising.
1.2 Phenomena bearing that nature gathered in awareness as dreams in sleep ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པ [p. 268]
Both the pure appearances of buddhas and the deluded appearances of beings are gathered in each one's awareness, which is spontaneously present and luminous like the sun, empty like space: self-arisen wisdom, the original dharmakāya. The All-Creating King's 'I am the nature of all' is cited.
1.3 The nature of mind, the great expanse ཀློང་ཆེན་སེམས་ཀྱི་རང་བཞིན [p. 270]
Mind itself, like the expanse of space that makes room for all, is the womb of basic space of saṃsāra and nirvāṇa and holds sway over all without ever stirring; it precedes space, buddhas and elements, as Natural Arising and the All-Creating King declare.
1.4 Analogy for gathering everything while not stirring ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ [p. 272]
Like a king who rules all lands and subjects without leaving his palace, Samantabhadra, the basic space of phenomena, gathers all of saṃsāra and nirvāṇa without stirring from the nature of phenomena; supported by the General Binding of Perfection.
1.5 Mind itself, unmade by anyone, need not be made སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་མི་དགོས་པ [p. 272]
Though everything is made by and arises from awakened mind, mind itself is made by no one and, beyond action and agent, need not be made, as stated in the All-Creating King.
1.6 No good or bad and no effort, since all phenomena are equality ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པ [p. 273]
All is one in Samantabhadra: phenomena are equal in appearing as empty forms, equal in being empty like space, and equal within self-arisen wisdom, hence without good or bad, acceptance or rejection, bias or effort; cited from the Great Mother and the All-Creating King.
1.7 Beyond effort and striving through having arisen from basic space དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པ [p. 274]
Effort with antidotes is like striving in a dream without leaving one's bed, or Dawa Gyaltsen's hundred schemes: nothing is done, the nature of phenomena is untouched. Self-arisen wisdom, ground of all, is beyond virtue and wrongdoing, per the Reverberation of Sound and Perfect Dynamic Energy.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 265]

1 All phenomena gathered in awareness, pure by its very essence རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པ1 All phenomena gathered in awareness, pure by its very essence
All phenomena of saṃsāra and nirvāṇa gather in awareness, awakened mind: as the unborn nature of phenomena, as appearances within awareness like dreams in sleep, and as the great expanse that rules all without stirring. Being unmade and equal, mind itself lies beyond good and bad, effort, striving, and cause and effect, as tantras like the All-Creating King attest.

Thus, within the teaching that all phenomena[1]Note 1 · p. 265 · Dharmamitra reads the opening as "Having thus demonstrated… first gathered", which misplaces re zhig. With Gemini 4 Neon, GPT-6.2 Astra and Claude Fable 5.2, I take bstan pa las as "within the teaching…" and re zhig as "first", marking the first subsection. (chos) are gathered in awareness (rig pa), which is pure by its very essence (ngo bo nyid),

1.1 All gathered in the unborn state, alike as the nature of phenomena, suchness ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པ1.1 All gathered in the unborn state, alike as the nature of phenomena, suchness
Like rays in the sun, all phenomena gather in their root, awakened mind. Examining their arising, abiding and going shows saṃsāra and nirvāṇa unestablished, so the 'gathering' is a mere designation, groundless; supported by the All-Creating King and Natural Arising.

there is first the teaching that, since they are alike in kind as the nature of phenomena (chos nyid), suchness (de bzhin nyid), all are gathered in the unborn state (ngang):

Just as rays of light are gathered in the heart essence (snying po) of the sun,

[p. 266] all phenomena are gathered in their root, awakened mind[2]Note 2 · p. 266 · The page break falls inside the second root-verse line (byang | chub). The marker is set at the nearest line boundary so the verse line stays whole. (byang chub sems).
Even impure delusion ('khrul pa)—all that appears and exists (snang srid), the world and its inhabitants (snod bcud)—
when one examines where it arose, its support, and the basic space[3]Note 3 · p. 266 · gang byung rten dang gnas pa'i dbyings: Dharmamitra has "the expanse of its source, support, and abiding". I follow Gemini 4 Neon, GPT-6.2 Astra and Claude Fable 5.2 in reading it by the autocommentary's own gloss (byung sa, gnas sa; rten gzhi'am dbyings), and keep "basic space" for dbyings. (dbyings) in which it abides,
is gathered in the state of mind (sems),[4]Note 4 · p. 266 · sems kyi ngang: sems is rendered literally as "mind", but it is evidently short for byang chub sems for metrical reasons; the commentary glosses it as byang chub kyi sems. groundless (gzhi med) and primordially free (ye grol).
In the state of the nature of phenomena, the great and vast primordial expanse (ye klong),
it is gathered beyond the names and meanings of[5]Note 5 · p. 266 · 'khrul dang ma 'khrul ming don 'das par 'dus: GPT-6.2 Astra and Dharmamitra make delusion and nondelusion the things gathered. With Gemini 4 Neon and Claude Fable 5.2, I take ming don as governed by 'khrul dang ma 'khrul and 'das par as adverbial. The Tibetan allows both readings. "delusion" and "nondelusion."

Just as rays of light are gathered in the orb of the sun,[6]Note 6 · p. 266 · dkyil 'khor is rendered "orb" (of the sun) rather than the glossary's "maṇḍala", as the context requires. all the phenomena that appear and exist are gathered in their root, awakened mind. As for that, on analysis—when one examines the place from which this saṃsāra and nirvāṇa ('khor 'das), whose very essence is that of a dream, arose, the place where they abide and the place to which they go—since saṃsāra and nirvāṇa are not established, they are not established as the three of arising, abiding and going; and since the three of arising, abiding and going are not established, saṃsāra and nirvāṇa are not established. And since even what is called "awakened mind," the supporting ground or basic space, is not established as an essence (ngo bo) that could be identified, everything is nothing other than the nature of phenomena, which is like space. Although the conventional designation (tha snyad) "gathered in the nature of phenomena" is applied to this,

[p. 267] it should be understood that the gathering and the phenomena gathered are groundless, with no place of support. The All-Creating King (kun byed) says:

> Because all phenomena, however they appear,
> are gathered in me,[7]Note 7 · p. 267 · First Kun byed quotation: the Tibetan has no expressed subject until nga yin pas in the last couplet. I supply the first person throughout ("in me", "from me", "I am"), as GPT-6.2 Astra and Dharmamitra do. Claude Fable 5.2's "it… are I, it is" is inconsistent. ngang is kept as "state" (GPT-6.2 Astra and Dharmamitra have "my nature"). I am explained as the heart essence.
> Because all phenomena, however they appear,
> are born from me, I am the seed.
> Because all phenomena, however they appear,
> arise from me, I am also the cause.
> Because the branches of phenomena, however they appear,
> spring from me, I am the trunk.
> Because all phenomena, however they appear,
> abide within the state, I am the ground.
> Because all phenomena, however they appear,
> are me, I am explained as the root.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 92 % of the words.

And:

> As for the gathering that is the meaning of the enlightened intent (dgongs pa):
> just as, from the nature (rang bzhin) of the All-Creating King,[8]Note 8 · p. 267 · kun byed rgyal po'i rang bzhin las skye ba med par: GPT-6.2 Astra has "the nature of the All-Creating King is shown to be unborn", which ignores the ablative las. I follow Gemini 4 Neon, Dharmamitra and Claude Fable 5.2: "no birth from the nature of…".
> there is taught to be no birth,
> so, since in all phenomena there is no birth,
> they are taught to be gathered in the unborn (skye med) nature of phenomena.Kun byedQuotation (not named in the text)

The quoted words are in Ngb-pt-0104-vol-02-text (the text itself), 52 % of the words.

And the Natural Arising (rang shar) says:

[p. 268] > All phenomena, whose nature is free[9]Note 9 · p. 268 · The page break falls inside the first line of the Rang shar quotation; the marker is placed before the quotation. of any object of reference (dmigs pa),
> are gathered in the basic space of primordial wisdom (ye shes), where there is no seeking mind.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

1.2 Phenomena bearing that nature gathered in awareness as dreams in sleep ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པ1.2 Phenomena bearing that nature gathered in awareness as dreams in sleep
Both the pure appearances of buddhas and the deluded appearances of beings are gathered in each one's awareness, which is spontaneously present and luminous like the sun, empty like space: self-arisen wisdom, the original dharmakāya. The All-Creating King's 'I am the nature of all' is cited.

The teaching that phenomena that bear that nature (chos can), however they appear, are also gathered in the state of awareness, just as dreams are gathered in the state of sleep:

Pure self-appearance (rang snang) too—the kāyas (sku) and buddha realms (zhing khams),
primordial wisdom and enlightened activity (phrin las), the wondrous display (rol pa)—
is gathered in the self-arisen (rang byung) state, with no joining or parting.
Awakened mind, in which all that appears and exists, all saṃsāra and nirvāṇa, is gathered,
is, like the sun and space, empty and lucid (stong gsal),[10]Note 10 · p. 268 · stong gsal: rendered "empty and lucid" per the glossary. Gemini 4 Neon, GPT-6.2 Astra and Dharmamitra have "luminous", which is reserved for 'od gsal in the commentary just below; Claude Fable 5.2 reverses the order. unconditioned ('dus ma byas);
originally self-arisen, it is the vast primordial expanse.

Because all of this—the pure, the appearances of buddhas, and the impure, the deluded appearances ('khrul snang) of sentient beings—is gathered in the state of each one's own awareness, there is no phenomenon that is not gathered in awareness, awakened mind. That awareness is, like the sun, spontaneously present (lhun gyis grub) and naturally luminous ('od gsal), and, like space, empty and without self; it is what is called self-arisen primordial wisdom[11]Note 11 · p. 268 · The last sentence runs on to p. 269 (…gdod ma'i chos sku ji bzhin pa'i sangs rgyas zhes bya'o). Dharmamitra completes it here. I stop at "self-arisen primordial wisdom," and bring forward only "it is what is called" (zhes bya'o), as English word order requires. The next part should continue with the remaining appositions. (rang byung gi ye shes),

[p. 269] the original dharmakāya (chos sku),[12]Note 12 · p. 269 · Dharmamitra omits the opening clause (gdod ma'i chos sku ji bzhin pa'i sangs rgyas zhes bya'o); restored. gdod ma is "original" per the glossary (Claude Fable 5.2, Gemini 4 Neon, GPT-6.2 Astra "primordial"). buddhahood just as it is (ji bzhin pa). From The All-Creating King:

> The nature of phenomena, transcending all, is awakened mind.[13]Note 13 · p. 269 · Gemini 4 Neon and GPT-6.2 Astra use "bodhicitta" and "dharmatā", Dharmamitra "enlightened mind"; the glossary's "awakened mind" and "the nature of phenomena" are used throughout. 'dus pa is "gathered", continuous with the previous part (Claude Fable 5.2 "subsumed", GPT-6.2 Astra "comprised").
> Awakened mind is the heart essence of all phenomena.
> Awakened mind is the root of all phenomena.
> Since it is the root, the meaning of everything too is gathered in it.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 67 % of the words.

And:

> I am the nature of all phenomena;[14]Note 14 · p. 269 · Variant: Adzom reads da ni ("Now, …") for nga ni ("I am …") at the start of the second Kun byed quotation. I follow the e-text nga ni, which the next line (nga yi rang bzhin las ni chos gzhan med) requires.
> apart from my nature there is no other phenomenon.
> The teachers, the three kāyas (sku gsum), are my nature.
> The buddhas of the three times are my nature.
> The bodhisattvas are my nature.
> The four kinds of yoga (rnal 'byor) are my nature.
> The three realms too—desire, form and formless—
> are shown to be the nature of me,[15]Note 15 · p. 269 · nga yi rang bzhin bstan pa yin: rendered "are shown to be the nature of me" with Claude Fable 5.2, Gemini 4 Neon, Dharmamitra. GPT-6.2 Astra's "reveal my nature" (the realms as the showing of that nature) is also possible. the all-creating one.
> The five great elements ('byung chen lnga) too are my nature.
> The sentient beings of the six classes are my nature.
> All that appears (snang ba) is my nature.

[p. 270] > All that exists (srid pa) is my nature.
> The whole world and its inhabitants are my nature.[16]Note 16 · p. 270 · nga yin rang bzhin yin is read as nga yi rang bzhin yin, an evident typing slip, in line with the surrounding refrain.
> Since there is nothing other than my nature,
> the root of all phenomena is gathered in me.Kun byedQuotation (not named in the text)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 74 % of the words.

1.3 The nature of mind, the great expanse ཀློང་ཆེན་སེམས་ཀྱི་རང་བཞིན1.3 The nature of mind, the great expanse
Mind itself, like the expanse of space that makes room for all, is the womb of basic space of saṃsāra and nirvāṇa and holds sway over all without ever stirring; it precedes space, buddhas and elements, as Natural Arising and the All-Creating King declare.

The teaching on the nature of mind, the great expanse (klong chen):

Mind itself (sems nyid), the great expanse, is the state of unchanging space.
Its display, without any fixity, is the dynamic energy (rtsal) of awakened mind.
Since it holds sway over all of saṃsāra and nirvāṇa and all the vehicles (theg pa),
the one, in which there is nothing to be done (byar med),[17]Note 17 · p. 270 · byar med gcig gis: Dharmamitra's "single unconditioned state" is a mistranslation (byar med is nonaction, not 'dus ma byas). I follow the glossary's predicate form, as Claude Fable 5.2 and GPT-6.2 Astra do. overwhelms everything.
No other domain (yul) lies apart,[18]Note 18 · p. 270 · mtha' ru gyur pa'i yul gzhan logs na med: yul is rendered "domain" rather than the glossary's "object", because the verse and its commentary use the image of sovereignty (dbang bsgyur, zil gyis mnan, and later yul 'bangs, "lands and subjects"). Dharmamitra's "objective sphere … that constitutes an extreme" takes mtha' as a philosophical extreme, which does not fit. I take mtha' as border or limit, with Claude Fable 5.2 and GPT-6.2 Astra. beyond its borders.
Nothing has stirred anywhere from the nature of phenomena, awakened mind.

Just as the expanse (klong) of space, being the support and basic space of all that appears and exists, the world and its inhabitants, holds dominion in making room for all, so too the nature of phenomena, awakened mind, being the womb of basic space (dbyings rum) of all saṃsāra and nirvāṇa, holds dominion. Everything, never having stirred anywhere at all[19]Note 19 · p. 270 · thams cad gdal ba chen po'i klong las … g.yos pa med pa nyid: I take thams cad as the subject ("everything, never having stirred…"), with Gemini 4 Neon and GPT-6.2 Astra and in line with the root line. Claude Fable 5.2 construes "the expanse of the great pervasiveness of everything", with the non-stirring itself as subject; the sense is close. The page break falls inside g.yos pa, so the marker is set at the nearest clause boundary. from the expanse of great pervasiveness,

[p. 271] abides primordially (ye nas) in the expanse of the nature of phenomena, vast from before all else.[20]Note 20 · p. 271 · kun gyi sngon nas yangs pa: "vast from before all else" (Claude Fable 5.2, Gemini 4 Neon, GPT-6.2 Astra), which the following quotation supports. Dharmamitra's "more spacious than all else" misreads sngon nas. ye is "primordial" throughout (Claude Fable 5.2 "timeless"). From Natural Arising:

> Before there was space,
> there was primordially no defining characteristic (mtshan nyid) of space.
> Before there was the nature of phenomena,
> there was not even the name of the marks (mtshan ma) of phenomena that bear that nature.
> Before there were buddhas,
> there were primordially no marks of sentient beings.
> Before nirvāṇa,
> there was primordially nothing called saṃsāra.
> Therefore, of all the buddhas
> I am the sublime and mighty lord.[21]Note 21 · p. 271 · Variant: Adzom reads rje btsun dam pa ("sublime and venerable lord"; so Claude Fable 5.2 and Dharmamitra) for rje btsan dam pa ("sublime and mighty lord"). I keep the e-text btsan, the less common reading; btsun may be a normalization to the familiar phrase.
> I am greater than the five elements ('byung ba).
> I arose earlier even than the elements.
> I unfolded earlier even than the buddhas.[22]Note 22 · p. 271 · sangs rgyas pas kyang nga sngar rgyas: the line plays on rgyas, rendered "unfolded" per the glossary (ye rgyas), with Claude Fable 5.2. GPT-6.2 Astra has "awakened", Gemini 4 Neon "blossomed forth", Dharmamitra "flourished".
> I am the kāya of genuine bliss.
> In this state of mine everything is perfect.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 81 % of the words.

And from The All-Creating King:

> The heart essence, the spontaneously present (lhun grub), vast nature of phenomena,
> has not stirred, does not stir, and will not come to stir.
> The expanse of the nature of phenomena, in which all that appears and exists, the world and its inhabitants, is gathered,

[p. 272] > is spontaneously present, free of all action[23]Note 23 · p. 271 · Kun byed quotation, last two lines: chos nyid klong is the subject of lhun gyis grub pa (Claude Fable 5.2, Gemini 4 Neon). Dharmamitra's "In the expanse … Is spontaneously present" is ungrammatical, and its "activity and effort" for bya byed is wrong (glossary: action and agent). and agent (bya byed).Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words were not found among the texts on this wiki.

1.4 Analogy for gathering everything while not stirring ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ1.4 Analogy for gathering everything while not stirring
Like a king who rules all lands and subjects without leaving his palace, Samantabhadra, the basic space of phenomena, gathers all of saṃsāra and nirvāṇa without stirring from the nature of phenomena; supported by the General Binding of Perfection.

Setting forth an analogy (dpe) for its gathering everything while not stirring:

Since everything arises as the one spontaneous presence, Samantabhadra (kun bzang),[24]Note 24 · p. 272 · kun bzang is taken as Samantabhadra in both root lines (Claude Fable 5.2, Gemini 4 Neon, Dharmamitra); GPT-6.2 Astra has "all-good dharmadhātu" in the second. Dharmamitra's "the basic space of phenomena of Samantabhadra" makes a genitive of what is an apposition.
all without exception is gathered in it—the supreme, without rival.
Greatest of the great is Samantabhadra, the basic space of phenomena (chos kyi dbyings).
Since, like a king, it gathers everything together,
it holds sway over all of saṃsāra and nirvāṇa and has not stirred anywhere.

Just as all the lands and subjects are gathered under the dominion of a king who has not stirred from his own palace, so all of saṃsāra and nirvāṇa is gathered in this state in which awareness has not stirred[25]Note 25 · p. 272 · rig pa chos nyid las ma g.yos pa'i ngang: "this state in which awareness has not stirred from the nature of phenomena" (Claude Fable 5.2, Gemini 4 Neon), parallel to the king who has not stirred from his palace. Dharmamitra and GPT-6.2 Astra have "this state of awareness that…". from the nature of phenomena. From The General Binding of Perfection[26]Note 26 · p. 272 · rDzogs pa spyi chings: the title is rendered with the glossary's "binding" for chings. The drafts differ: "General Framework", "All-Binding Perfection", "Universal Key", "General Principles". (rDzogs pa spyi chings):

> In the great expanse of awakened mind, equal to space,
> all phenomena without exception are gathered; it is like a king.
> Holding sway over all, it is the unstirring expanse of equality (mnyam pa).
> Self-arisen primordial wisdom (rang byung ye shes) is primordially without transition or change.Rdzogs pa spyi chingsQuotation (named in the text: རྫོགས་པ་སྤྱི་ཆིངས་ལས)
རྫོགས་པ་སྤྱི་ཆིངས, rdzogs pa spyi chings, The General Binding of Perfection · tantra; Nyingma Gyubum
Identification: medium confidence (A Mind Series scripture; the quoted passage was not traced.)
The quoted words were not found among the texts on this wiki.

1.5 Mind itself, unmade by anyone, need not be made སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་མི་དགོས་པ1.5 Mind itself, unmade by anyone, need not be made
Though everything is made by and arises from awakened mind, mind itself is made by no one and, beyond action and agent, need not be made, as stated in the All-Creating King.

The teaching that, although everything is made by awakened mind and arises from mind, mind itself has not been made by anyone and, being beyond all action and agent, need not be made:[27]Note 27 · p. 272 · The last words of this part (thams cad byang chub kyi sems kyis) begin a heading that ends on the next page (… bya mi dgos par bstan pa ni). English word order requires the whole heading, so it is completed here from the continuation; the next part should begin with the Kun byed quotation. bya mi dgos is rendered "need not be made", in line with ma byas ("not made") in the same sentence and the quotation that follows.

[p. 273] From The All-Creating King:

> Awakened mind has made everything, yet the one has not been made.[29]Note 29 · p. 273 · gcig ma byas: GPT-6.2 Astra and Dharmamitra take awakened mind as the agent ("has not made one thing"); with Gemini 4 Neon and Claude Fable 5.2 I read "the one has not been made", in line with the introductory sentence (sems nyid sus kyang ma byas).
> Everything it has made, it has made as the nature of awakening (byang chub) itself.
> The very one that has not been made need not be made.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 100 % of the words.

1.6 No good or bad and no effort, since all phenomena are equality ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པ1.6 No good or bad and no effort, since all phenomena are equality
All is one in Samantabhadra: phenomena are equal in appearing as empty forms, equal in being empty like space, and equal within self-arisen wisdom, hence without good or bad, acceptance or rejection, bias or effort; cited from the Great Mother and the All-Creating King.

The teaching that, since all phenomena are by nature equality (mnyam pa nyid), there is no good or bad and no effort and striving (rtsol sgrub):

Since everything is all-good, with not one thing[30]Note 30 · p. 273 · thams cad kun bzang sa mi bzang gcig med pas: the syllable sa makes the line one syllable too long and is taken as a scribal intrusion. GPT-6.2 Astra reads it as "the ground of all-goodness", but sa is "level" and gives no good sense here; I read "everything is all-good" with Gemini 4 Neon and Claude Fable 5.2. that is not good,
without good or bad, all is one in Samantabhadra (kun tu bzang po).
Since everything, accomplished or not accomplished,[31]Note 31 · p. 273 · grub dang ma grub: Claude Fable 5.2 and Dharmamitra have "established or not established"; I follow GPT-6.2 Astra and Gemini 4 Neon ("accomplished"), because the lines answer the heading's "no effort and striving" (rtsol sgrub). Dharmamitra's "expanse" for dbyings is against the glossary. is one in basic space,
all, spontaneously present, is one in unstirring equality.

Because all phenomena are equal in appearing, being by nature the display of empty forms (stong gzugs), they are one in being without good or bad and without effort and striving; because they are equal in being empty, groundless and pure like space, they are likewise one in being without good[28]Note 28 · p. 273 · The opening sentence of this page (… byas shing sems las shar yang … bya mi dgos par bstan pa ni) was already rendered in full at the end of the previous part; this part begins at kun byed las.

[p. 274] or bad and without accepting and rejecting (blang dor); and because they are equal within the state of self-arisen primordial wisdom, they are likewise one in being without good or bad and without bias. From The Great Mother (Yum chen mo):

> Since all phenomena are equality, the perfection of wisdom (shes rab kyi pha rol tu phyin pa) is equality.Yum chen moQuotation (named in the text: ཡུམ་ཆེན་མོ་ལས)
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ, shes rab kyi pha rol tu phyin pa stong phrag brgya pa, The Perfection of Wisdom in One Hundred Thousand Lines (Śatasāhasrikā Prajñāpāramitā) · sutra; Kangyur; Toh 8
Identification: medium confidence ("Great Mother" normally designates this sūtra; the passages may also occur in the shorter versions.)
The quoted words are in ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་གཉིས་པའོ། (a parallel), 100 % of the words.

And from The All-Creating King:

> All phenomena have the defining characteristic of space;
> the defining characteristic of space is suchness.
> The defining characteristic of the three kāyas abides likewise;
> everything abides as suchness.
> All phenomena, however they appear,
> cannot be contrived into anything but just as they are;
> they are without good or bad, accepting or rejecting.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 74 % of the words.

1.7 Beyond effort and striving through having arisen from basic space དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པ1.7 Beyond effort and striving through having arisen from basic space
Effort with antidotes is like striving in a dream without leaving one's bed, or Dawa Gyaltsen's hundred schemes: nothing is done, the nature of phenomena is untouched. Self-arisen wisdom, ground of all, is beyond virtue and wrongdoing, per the Reverberation of Sound and Perfect Dynamic Energy.

The teaching that, by the very fact of having arisen from basic space, everything is beyond effort and striving:

All arises from the one; all without exception is the basic space of phenomena.
In the state of nonaction there is nothing to accomplish and nothing to seek.[32]Note 32 · p. 274 · btsal du med: Adzom reads brtsal du med ("nothing to strive at"). I keep btsal ("nothing to seek"), supported by btsal ba'i yul med in the next root verse.
Since effort and striving are nothing other than their own basic space,
from where would one make effort, and where would one accomplish anything?

Translation notes
  • 1. [p. 265] Dharmamitra reads the opening as "Having thus demonstrated… first gathered", which misplaces re zhig. With Gemini 4 Neon, GPT-6.2 Astra and Claude Fable 5.2, I take bstan pa las as "within the teaching…" and re zhig as "first", marking the first subsection.
  • 2. [p. 266] The page break falls inside the second root-verse line (byang | chub). The marker is set at the nearest line boundary so the verse line stays whole.
  • 3. [p. 266] gang byung rten dang gnas pa'i dbyings: Dharmamitra has "the expanse of its source, support, and abiding". I follow Gemini 4 Neon, GPT-6.2 Astra and Claude Fable 5.2 in reading it by the autocommentary's own gloss (byung sa, gnas sa; rten gzhi'am dbyings), and keep "basic space" for dbyings.
  • 4. [p. 266] sems kyi ngang: sems is rendered literally as "mind", but it is evidently short for byang chub sems for metrical reasons; the commentary glosses it as byang chub kyi sems.
  • 5. [p. 266] 'khrul dang ma 'khrul ming don 'das par 'dus: GPT-6.2 Astra and Dharmamitra make delusion and nondelusion the things gathered. With Gemini 4 Neon and Claude Fable 5.2, I take ming don as governed by 'khrul dang ma 'khrul and 'das par as adverbial. The Tibetan allows both readings.
  • 6. [p. 266] dkyil 'khor is rendered "orb" (of the sun) rather than the glossary's "maṇḍala", as the context requires.
  • 7. [p. 267] First Kun byed quotation: the Tibetan has no expressed subject until nga yin pas in the last couplet. I supply the first person throughout ("in me", "from me", "I am"), as GPT-6.2 Astra and Dharmamitra do. Claude Fable 5.2's "it… are I, it is" is inconsistent. ngang is kept as "state" (GPT-6.2 Astra and Dharmamitra have "my nature").
  • 8. [p. 267] kun byed rgyal po'i rang bzhin las skye ba med par: GPT-6.2 Astra has "the nature of the All-Creating King is shown to be unborn", which ignores the ablative las. I follow Gemini 4 Neon, Dharmamitra and Claude Fable 5.2: "no birth from the nature of…".
  • 9. [p. 268] The page break falls inside the first line of the Rang shar quotation; the marker is placed before the quotation.
  • 10. [p. 268] stong gsal: rendered "empty and lucid" per the glossary. Gemini 4 Neon, GPT-6.2 Astra and Dharmamitra have "luminous", which is reserved for 'od gsal in the commentary just below; Claude Fable 5.2 reverses the order.
  • 11. [p. 268] The last sentence runs on to p. 269 (…gdod ma'i chos sku ji bzhin pa'i sangs rgyas zhes bya'o). Dharmamitra completes it here. I stop at "self-arisen primordial wisdom," and bring forward only "it is what is called" (zhes bya'o), as English word order requires. The next part should continue with the remaining appositions.
  • 12. [p. 269] Dharmamitra omits the opening clause (gdod ma'i chos sku ji bzhin pa'i sangs rgyas zhes bya'o); restored. gdod ma is "original" per the glossary (Claude Fable 5.2, Gemini 4 Neon, GPT-6.2 Astra "primordial").
  • 13. [p. 269] Gemini 4 Neon and GPT-6.2 Astra use "bodhicitta" and "dharmatā", Dharmamitra "enlightened mind"; the glossary's "awakened mind" and "the nature of phenomena" are used throughout. 'dus pa is "gathered", continuous with the previous part (Claude Fable 5.2 "subsumed", GPT-6.2 Astra "comprised").
  • 14. [p. 269] Variant: Adzom reads da ni ("Now, …") for nga ni ("I am …") at the start of the second Kun byed quotation. I follow the e-text nga ni, which the next line (nga yi rang bzhin las ni chos gzhan med) requires.
  • 15. [p. 269] nga yi rang bzhin bstan pa yin: rendered "are shown to be the nature of me" with Claude Fable 5.2, Gemini 4 Neon, Dharmamitra. GPT-6.2 Astra's "reveal my nature" (the realms as the showing of that nature) is also possible.
  • 16. [p. 270] nga yin rang bzhin yin is read as nga yi rang bzhin yin, an evident typing slip, in line with the surrounding refrain.
  • 17. [p. 270] byar med gcig gis: Dharmamitra's "single unconditioned state" is a mistranslation (byar med is nonaction, not 'dus ma byas). I follow the glossary's predicate form, as Claude Fable 5.2 and GPT-6.2 Astra do.
  • 18. [p. 270] mtha' ru gyur pa'i yul gzhan logs na med: yul is rendered "domain" rather than the glossary's "object", because the verse and its commentary use the image of sovereignty (dbang bsgyur, zil gyis mnan, and later yul 'bangs, "lands and subjects"). Dharmamitra's "objective sphere … that constitutes an extreme" takes mtha' as a philosophical extreme, which does not fit. I take mtha' as border or limit, with Claude Fable 5.2 and GPT-6.2 Astra.
  • 19. [p. 270] thams cad gdal ba chen po'i klong las … g.yos pa med pa nyid: I take thams cad as the subject ("everything, never having stirred…"), with Gemini 4 Neon and GPT-6.2 Astra and in line with the root line. Claude Fable 5.2 construes "the expanse of the great pervasiveness of everything", with the non-stirring itself as subject; the sense is close. The page break falls inside g.yos pa, so the marker is set at the nearest clause boundary.
  • 20. [p. 271] kun gyi sngon nas yangs pa: "vast from before all else" (Claude Fable 5.2, Gemini 4 Neon, GPT-6.2 Astra), which the following quotation supports. Dharmamitra's "more spacious than all else" misreads sngon nas. ye is "primordial" throughout (Claude Fable 5.2 "timeless").
  • 21. [p. 271] Variant: Adzom reads rje btsun dam pa ("sublime and venerable lord"; so Claude Fable 5.2 and Dharmamitra) for rje btsan dam pa ("sublime and mighty lord"). I keep the e-text btsan, the less common reading; btsun may be a normalization to the familiar phrase.
  • 22. [p. 271] sangs rgyas pas kyang nga sngar rgyas: the line plays on rgyas, rendered "unfolded" per the glossary (ye rgyas), with Claude Fable 5.2. GPT-6.2 Astra has "awakened", Gemini 4 Neon "blossomed forth", Dharmamitra "flourished".
  • 23. [p. 271] Kun byed quotation, last two lines: chos nyid klong is the subject of lhun gyis grub pa (Claude Fable 5.2, Gemini 4 Neon). Dharmamitra's "In the expanse … Is spontaneously present" is ungrammatical, and its "activity and effort" for bya byed is wrong (glossary: action and agent).
  • 24. [p. 272] kun bzang is taken as Samantabhadra in both root lines (Claude Fable 5.2, Gemini 4 Neon, Dharmamitra); GPT-6.2 Astra has "all-good dharmadhātu" in the second. Dharmamitra's "the basic space of phenomena of Samantabhadra" makes a genitive of what is an apposition.
  • 25. [p. 272] rig pa chos nyid las ma g.yos pa'i ngang: "this state in which awareness has not stirred from the nature of phenomena" (Claude Fable 5.2, Gemini 4 Neon), parallel to the king who has not stirred from his palace. Dharmamitra and GPT-6.2 Astra have "this state of awareness that…".
  • 26. [p. 272] rDzogs pa spyi chings: the title is rendered with the glossary's "binding" for chings. The drafts differ: "General Framework", "All-Binding Perfection", "Universal Key", "General Principles".
  • 27. [p. 272] The last words of this part (thams cad byang chub kyi sems kyis) begin a heading that ends on the next page (… bya mi dgos par bstan pa ni). English word order requires the whole heading, so it is completed here from the continuation; the next part should begin with the Kun byed quotation. bya mi dgos is rendered "need not be made", in line with ma byas ("not made") in the same sentence and the quotation that follows.
  • 28. [p. 273] The opening sentence of this page (… byas shing sems las shar yang … bya mi dgos par bstan pa ni) was already rendered in full at the end of the previous part; this part begins at kun byed las.
  • 29. [p. 273] gcig ma byas: GPT-6.2 Astra and Dharmamitra take awakened mind as the agent ("has not made one thing"); with Gemini 4 Neon and Claude Fable 5.2 I read "the one has not been made", in line with the introductory sentence (sems nyid sus kyang ma byas).
  • 30. [p. 273] thams cad kun bzang sa mi bzang gcig med pas: the syllable sa makes the line one syllable too long and is taken as a scribal intrusion. GPT-6.2 Astra reads it as "the ground of all-goodness", but sa is "level" and gives no good sense here; I read "everything is all-good" with Gemini 4 Neon and Claude Fable 5.2.
  • 31. [p. 273] grub dang ma grub: Claude Fable 5.2 and Dharmamitra have "established or not established"; I follow GPT-6.2 Astra and Gemini 4 Neon ("accomplished"), because the lines answer the heading's "no effort and striving" (rtsol sgrub). Dharmamitra's "expanse" for dbyings is against the glossary.
  • 32. [p. 274] btsal du med: Adzom reads brtsal du med ("nothing to strive at"). I keep btsal ("nothing to seek"), supported by btsal ba'i yul med in the next root verse.
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 265]
དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ་ནི། ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར། །ཆོས་ཀུན་རྩ་བ་བྱང་
1 All phenomena gathered in awareness, pure by its very essence རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པ1 All phenomena gathered in awareness, pure by its very essence
All phenomena of saṃsāra and nirvāṇa gather in awareness, awakened mind: as the unborn nature of phenomena, as appearances within awareness like dreams in sleep, and as the great expanse that rules all without stirring. Being unmade and equal, mind itself lies beyond good and bad, effort, striving, and cause and effect, as tantras like the All-Creating King attest.

Thus, within the teaching that all phenomena[1]Note 1 · p. 265 · Dharmamitra reads the opening as "Having thus demonstrated… first gathered", which misplaces re zhig. With Gemini 4 Neon, GPT-6.2 Astra and Claude Fable 5.2, I take bstan pa las as "within the teaching…" and re zhig as "first", marking the first subsection. (chos) are gathered in awareness (rig pa), which is pure by its very essence (ngo bo nyid),

1.1 All gathered in the unborn state, alike as the nature of phenomena, suchness ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པ1.1 All gathered in the unborn state, alike as the nature of phenomena, suchness
Like rays in the sun, all phenomena gather in their root, awakened mind. Examining their arising, abiding and going shows saṃsāra and nirvāṇa unestablished, so the 'gathering' is a mere designation, groundless; supported by the All-Creating King and Natural Arising.

there is first the teaching that, since they are alike in kind as the nature of phenomena (chos nyid), suchness (de bzhin nyid), all are gathered in the unborn state (ngang):

Just as rays of light are gathered in the heart essence (snying po) of the sun,

[p. 266]
ཆུབ་སེམས་སུ་འདུས། །སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་པ་ཡང༌།
།གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས།
།གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས།
།ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང༌།
།འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས།
།ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང༌། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱུང་གནས་འགྲོ་གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་

all phenomena are gathered in their root, awakened mind[2]Note 2 · p. 266 · The page break falls inside the second root-verse line (byang | chub). The marker is set at the nearest line boundary so the verse line stays whole. (byang chub sems).
Even impure delusion ('khrul pa)—all that appears and exists (snang srid), the world and its inhabitants (snod bcud)—
when one examines where it arose, its support, and the basic space[3]Note 3 · p. 266 · gang byung rten dang gnas pa'i dbyings: Dharmamitra has "the expanse of its source, support, and abiding". I follow Gemini 4 Neon, GPT-6.2 Astra and Claude Fable 5.2 in reading it by the autocommentary's own gloss (byung sa, gnas sa; rten gzhi'am dbyings), and keep "basic space" for dbyings. (dbyings) in which it abides,
is gathered in the state of mind (sems),[4]Note 4 · p. 266 · sems kyi ngang: sems is rendered literally as "mind", but it is evidently short for byang chub sems for metrical reasons; the commentary glosses it as byang chub kyi sems. groundless (gzhi med) and primordially free (ye grol).
In the state of the nature of phenomena, the great and vast primordial expanse (ye klong),
it is gathered beyond the names and meanings of[5]Note 5 · p. 266 · 'khrul dang ma 'khrul ming don 'das par 'dus: GPT-6.2 Astra and Dharmamitra make delusion and nondelusion the things gathered. With Gemini 4 Neon and Claude Fable 5.2, I take ming don as governed by 'khrul dang ma 'khrul and 'das par as adverbial. The Tibetan allows both readings. "delusion" and "nondelusion."

Just as rays of light are gathered in the orb of the sun,[6]Note 6 · p. 266 · dkyil 'khor is rendered "orb" (of the sun) rather than the glossary's "maṇḍala", as the context requires. all the phenomena that appear and exist are gathered in their root, awakened mind. As for that, on analysis—when one examines the place from which this saṃsāra and nirvāṇa ('khor 'das), whose very essence is that of a dream, arose, the place where they abide and the place to which they go—since saṃsāra and nirvāṇa are not established, they are not established as the three of arising, abiding and going; and since the three of arising, abiding and going are not established, saṃsāra and nirvāṇa are not established. And since even what is called "awakened mind," the supporting ground or basic space, is not established as an essence (ngo bo) that could be identified, everything is nothing other than the nature of phenomena, which is like space. Although the conventional designation (tha snyad) "gathered in the nature of phenomena" is applied to this,

[p. 267]
བཏགས་ཀྱང༌། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།
།འདུས་པའི་ཕྱིར་ན་སྙིང་པོར་བཤད།
།ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།
།སྐྱེ་བའི་ཕྱིར་ན་ས་བོན་ཡིན།
།ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།
།འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན།
།ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི།
།ཡན་ལག་འབྱུང་བས་སྡོང་པོ་ཡིན།
།ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།
།ངང་ལ་གནས་པས་གཞི་མ་ཡིན།
།ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།
།ང་ཡིན་པས་ན་རྩ་བར་བཤད།
།ཅེས་པ་དང༌། དགོངས་པ་དོན་གྱི་འདུས་པ་ནི།
།ཀུན་བྱེད་རྒྱལ་པོའི་རང་བཞིན་ལས།
།སྐྱེ་བ་མེད་པར་བསྟན་པ་བཞིན།
།ཆོས་རྣམས་ཀུན་ལ་སྐྱེ་མེད་པས།
།སྐྱེ་མེད་ཆོས་ཉིད་འདུས་པར་བསྟན།
།ཞེས་པ་དང༌། རང་ཤར་ལས། དམིགས་པའི་ཡུལ་བྲལ་

it should be understood that the gathering and the phenomena gathered are groundless, with no place of support. The All-Creating King (kun byed) says:

> Because all phenomena, however they appear,
> are gathered in me,[7]Note 7 · p. 267 · First Kun byed quotation: the Tibetan has no expressed subject until nga yin pas in the last couplet. I supply the first person throughout ("in me", "from me", "I am"), as GPT-6.2 Astra and Dharmamitra do. Claude Fable 5.2's "it… are I, it is" is inconsistent. ngang is kept as "state" (GPT-6.2 Astra and Dharmamitra have "my nature"). I am explained as the heart essence.
> Because all phenomena, however they appear,
> are born from me, I am the seed.
> Because all phenomena, however they appear,
> arise from me, I am also the cause.
> Because the branches of phenomena, however they appear,
> spring from me, I am the trunk.
> Because all phenomena, however they appear,
> abide within the state, I am the ground.
> Because all phenomena, however they appear,
> are me, I am explained as the root.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 92 % of the words.

And:

> As for the gathering that is the meaning of the enlightened intent (dgongs pa):
> just as, from the nature (rang bzhin) of the All-Creating King,[8]Note 8 · p. 267 · kun byed rgyal po'i rang bzhin las skye ba med par: GPT-6.2 Astra has "the nature of the All-Creating King is shown to be unborn", which ignores the ablative las. I follow Gemini 4 Neon, Dharmamitra and Claude Fable 5.2: "no birth from the nature of…".
> there is taught to be no birth,
> so, since in all phenomena there is no birth,
> they are taught to be gathered in the unborn (skye med) nature of phenomena.Kun byedQuotation (not named in the text)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 52 % of the words.

And the Natural Arising (rang shar) says:

[p. 268]
རང་བཞིན་ཆོས་རྣམས་ཀུན།
།བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས།
།ཞེས་སོ། །ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ་ནི། དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང༌། །ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་པ་ཡང༌།
།རང་བྱུང་ངང་ལ་འདུ་འབྲལ་མེད་པར་འདུས།
།སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས།
།ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས།
།གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན།
།དག་པ་སངས་རྒྱས་ཀྱི་སྣང་བ་དང༌། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་ནི་ཉི་མ་ལྟར་ལྷུན་གྱིས་གྲུབ་ལ་ངང་གིས་འོད་གསལ་ཞིང༌། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་

> All phenomena, whose nature is free[9]Note 9 · p. 268 · The page break falls inside the first line of the Rang shar quotation; the marker is placed before the quotation. of any object of reference (dmigs pa),
> are gathered in the basic space of primordial wisdom (ye shes), where there is no seeking mind.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

1.2 Phenomena bearing that nature gathered in awareness as dreams in sleep ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པ1.2 Phenomena bearing that nature gathered in awareness as dreams in sleep
Both the pure appearances of buddhas and the deluded appearances of beings are gathered in each one's awareness, which is spontaneously present and luminous like the sun, empty like space: self-arisen wisdom, the original dharmakāya. The All-Creating King's 'I am the nature of all' is cited.

The teaching that phenomena that bear that nature (chos can), however they appear, are also gathered in the state of awareness, just as dreams are gathered in the state of sleep:

Pure self-appearance (rang snang) too—the kāyas (sku) and buddha realms (zhing khams),
primordial wisdom and enlightened activity (phrin las), the wondrous display (rol pa)—
is gathered in the self-arisen (rang byung) state, with no joining or parting.
Awakened mind, in which all that appears and exists, all saṃsāra and nirvāṇa, is gathered,
is, like the sun and space, empty and lucid (stong gsal),[10]Note 10 · p. 268 · stong gsal: rendered "empty and lucid" per the glossary. Gemini 4 Neon, GPT-6.2 Astra and Dharmamitra have "luminous", which is reserved for 'od gsal in the commentary just below; Claude Fable 5.2 reverses the order. unconditioned ('dus ma byas);
originally self-arisen, it is the vast primordial expanse.

Because all of this—the pure, the appearances of buddhas, and the impure, the deluded appearances ('khrul snang) of sentient beings—is gathered in the state of each one's own awareness, there is no phenomenon that is not gathered in awareness, awakened mind. That awareness is, like the sun, spontaneously present (lhun gyis grub) and naturally luminous ('od gsal), and, like space, empty and without self; it is what is called self-arisen primordial wisdom[11]Note 11 · p. 268 · The last sentence runs on to p. 269 (…gdod ma'i chos sku ji bzhin pa'i sangs rgyas zhes bya'o). Dharmamitra completes it here. I stop at "self-arisen primordial wisdom," and bring forward only "it is what is called" (zhes bya'o), as English word order requires. The next part should continue with the remaining appositions. (rang byung gi ye shes),

[p. 269]
གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས།
།བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན།
།བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན།
།རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས།
།ཞེས་པ་དང༌། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ།
།ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད།
།སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན།
།དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན།
།བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན།
།རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན།
།འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང༌།
།ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན།
།འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན།
།རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན།
།སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན།
།

the original dharmakāya (chos sku),[12]Note 12 · p. 269 · Dharmamitra omits the opening clause (gdod ma'i chos sku ji bzhin pa'i sangs rgyas zhes bya'o); restored. gdod ma is "original" per the glossary (Claude Fable 5.2, Gemini 4 Neon, GPT-6.2 Astra "primordial"). buddhahood just as it is (ji bzhin pa). From The All-Creating King:

> The nature of phenomena, transcending all, is awakened mind.[13]Note 13 · p. 269 · Gemini 4 Neon and GPT-6.2 Astra use "bodhicitta" and "dharmatā", Dharmamitra "enlightened mind"; the glossary's "awakened mind" and "the nature of phenomena" are used throughout. 'dus pa is "gathered", continuous with the previous part (Claude Fable 5.2 "subsumed", GPT-6.2 Astra "comprised").
> Awakened mind is the heart essence of all phenomena.
> Awakened mind is the root of all phenomena.
> Since it is the root, the meaning of everything too is gathered in it.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 67 % of the words.

And:

> I am the nature of all phenomena;[14]Note 14 · p. 269 · Variant: Adzom reads da ni ("Now, …") for nga ni ("I am …") at the start of the second Kun byed quotation. I follow the e-text nga ni, which the next line (nga yi rang bzhin las ni chos gzhan med) requires.
> apart from my nature there is no other phenomenon.
> The teachers, the three kāyas (sku gsum), are my nature.
> The buddhas of the three times are my nature.
> The bodhisattvas are my nature.
> The four kinds of yoga (rnal 'byor) are my nature.
> The three realms too—desire, form and formless—
> are shown to be the nature of me,[15]Note 15 · p. 269 · nga yi rang bzhin bstan pa yin: rendered "are shown to be the nature of me" with Claude Fable 5.2, Gemini 4 Neon, Dharmamitra. GPT-6.2 Astra's "reveal my nature" (the realms as the showing of that nature) is also possible. the all-creating one.
> The five great elements ('byung chen lnga) too are my nature.
> The sentient beings of the six classes are my nature.
> All that appears (snang ba) is my nature.

[p. 270]
སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན།
།སྣོད་བཅུད་ཐམས་ཅད་ང་ཡིན་རང་བཞིན་ཡིན།
།ང་ཡི་རང་བཞིན་ལས་ནི་གཞན་མེད་པས།
།ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས།
།ཞེས་སོ། །ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང༌། །རོལ་པ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ།
།འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས།
།བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན།
།མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད།
།ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས།
།ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་བ་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུམ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ལས་གང་དུའང་གཡོས་

> All that exists (srid pa) is my nature.
> The whole world and its inhabitants are my nature.[16]Note 16 · p. 270 · nga yin rang bzhin yin is read as nga yi rang bzhin yin, an evident typing slip, in line with the surrounding refrain.
> Since there is nothing other than my nature,
> the root of all phenomena is gathered in me.Kun byedQuotation (not named in the text)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 74 % of the words.

1.3 The nature of mind, the great expanse ཀློང་ཆེན་སེམས་ཀྱི་རང་བཞིན1.3 The nature of mind, the great expanse
Mind itself, like the expanse of space that makes room for all, is the womb of basic space of saṃsāra and nirvāṇa and holds sway over all without ever stirring; it precedes space, buddhas and elements, as Natural Arising and the All-Creating King declare.

The teaching on the nature of mind, the great expanse (klong chen):

Mind itself (sems nyid), the great expanse, is the state of unchanging space.
Its display, without any fixity, is the dynamic energy (rtsal) of awakened mind.
Since it holds sway over all of saṃsāra and nirvāṇa and all the vehicles (theg pa),
the one, in which there is nothing to be done (byar med),[17]Note 17 · p. 270 · byar med gcig gis: Dharmamitra's "single unconditioned state" is a mistranslation (byar med is nonaction, not 'dus ma byas). I follow the glossary's predicate form, as Claude Fable 5.2 and GPT-6.2 Astra do. overwhelms everything.
No other domain (yul) lies apart,[18]Note 18 · p. 270 · mtha' ru gyur pa'i yul gzhan logs na med: yul is rendered "domain" rather than the glossary's "object", because the verse and its commentary use the image of sovereignty (dbang bsgyur, zil gyis mnan, and later yul 'bangs, "lands and subjects"). Dharmamitra's "objective sphere … that constitutes an extreme" takes mtha' as a philosophical extreme, which does not fit. I take mtha' as border or limit, with Claude Fable 5.2 and GPT-6.2 Astra. beyond its borders.
Nothing has stirred anywhere from the nature of phenomena, awakened mind.

Just as the expanse (klong) of space, being the support and basic space of all that appears and exists, the world and its inhabitants, holds dominion in making room for all, so too the nature of phenomena, awakened mind, being the womb of basic space (dbyings rum) of all saṃsāra and nirvāṇa, holds dominion. Everything, never having stirred anywhere at all[19]Note 19 · p. 270 · thams cad gdal ba chen po'i klong las … g.yos pa med pa nyid: I take thams cad as the subject ("everything, never having stirred…"), with Gemini 4 Neon and GPT-6.2 Astra and in line with the root line. Claude Fable 5.2 construes "the expanse of the great pervasiveness of everything", with the non-stirring itself as subject; the sense is close. The page break falls inside g.yos pa, so the marker is set at the nearest clause boundary. from the expanse of great pervasiveness,

[p. 271]
པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན།
།ནམ་མཁའི་མཚན་ཉིད་ཡེ་ནས་མེད།
།ཆོས་ཉིད་མེད་པའི་སྔོན་རོལ་ན།
།ཆོས་ཅན་མཚན་མའི་མིང་ཡང་མེད།
།སངས་རྒྱས་མེད་པའི་སྔོན་རོལ་ན།
།སེམས་ཅན་མཚན་མ་ཡེ་ནས་མེད།
།མྱ་ངན་འདས་པའི་སྔོན་རོལ་ན།
།འཁོར་བ་བྱ་བ་ཡེ་ནས་མེད།
།དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི།
།རྗེ་བཙན་དམ་པ་ང་ཡིན་ནོ།
།འབྱུང་བ་ལྔ་བས་ང་ཉིད་ཆེ།
།འབྱུང་བ་བས་ཀྱང་ང་སྔར་བྱུང༌།
།སངས་རྒྱས་པས་ཀྱང་ང་སྔར་རྒྱས།
།ང་ནི་ཡང་དག་བདེ་བའི་སྐུ།
།ང་ཡི་ངང་འདིར་ཐམས་ཅད་རྫོགས།
།ཞེས་པ་དང༌། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི།
།མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ།
།སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་

abides primordially (ye nas) in the expanse of the nature of phenomena, vast from before all else.[20]Note 20 · p. 271 · kun gyi sngon nas yangs pa: "vast from before all else" (Claude Fable 5.2, Gemini 4 Neon, GPT-6.2 Astra), which the following quotation supports. Dharmamitra's "more spacious than all else" misreads sngon nas. ye is "primordial" throughout (Claude Fable 5.2 "timeless"). From Natural Arising:

> Before there was space,
> there was primordially no defining characteristic (mtshan nyid) of space.
> Before there was the nature of phenomena,
> there was not even the name of the marks (mtshan ma) of phenomena that bear that nature.
> Before there were buddhas,
> there were primordially no marks of sentient beings.
> Before nirvāṇa,
> there was primordially nothing called saṃsāra.
> Therefore, of all the buddhas
> I am the sublime and mighty lord.[21]Note 21 · p. 271 · Variant: Adzom reads rje btsun dam pa ("sublime and venerable lord"; so Claude Fable 5.2 and Dharmamitra) for rje btsan dam pa ("sublime and mighty lord"). I keep the e-text btsan, the less common reading; btsun may be a normalization to the familiar phrase.
> I am greater than the five elements ('byung ba).
> I arose earlier even than the elements.
> I unfolded earlier even than the buddhas.[22]Note 22 · p. 271 · sangs rgyas pas kyang nga sngar rgyas: the line plays on rgyas, rendered "unfolded" per the glossary (ye rgyas), with Claude Fable 5.2. GPT-6.2 Astra has "awakened", Gemini 4 Neon "blossomed forth", Dharmamitra "flourished".
> I am the kāya of genuine bliss.
> In this state of mine everything is perfect.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 81 % of the words.

And from The All-Creating King:

> The heart essence, the spontaneously present (lhun grub), vast nature of phenomena,
> has not stirred, does not stir, and will not come to stir.
> The expanse of the nature of phenomena, in which all that appears and exists, the world and its inhabitants, is gathered,

[p. 272]
ཀློང༌།
།ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ།
།ཞེས་སོ། །ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི། ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས། །མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག །ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས། །རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས། །འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས། །རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ།
།མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ།
།ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང༌།
།རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད།
།ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་

> is spontaneously present, free of all action[23]Note 23 · p. 271 · Kun byed quotation, last two lines: chos nyid klong is the subject of lhun gyis grub pa (Claude Fable 5.2, Gemini 4 Neon). Dharmamitra's "In the expanse … Is spontaneously present" is ungrammatical, and its "activity and effort" for bya byed is wrong (glossary: action and agent). and agent (bya byed).Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words were not found among the texts on this wiki.

1.4 Analogy for gathering everything while not stirring ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ1.4 Analogy for gathering everything while not stirring
Like a king who rules all lands and subjects without leaving his palace, Samantabhadra, the basic space of phenomena, gathers all of saṃsāra and nirvāṇa without stirring from the nature of phenomena; supported by the General Binding of Perfection.

Setting forth an analogy (dpe) for its gathering everything while not stirring:

Since everything arises as the one spontaneous presence, Samantabhadra (kun bzang),[24]Note 24 · p. 272 · kun bzang is taken as Samantabhadra in both root lines (Claude Fable 5.2, Gemini 4 Neon, Dharmamitra); GPT-6.2 Astra has "all-good dharmadhātu" in the second. Dharmamitra's "the basic space of phenomena of Samantabhadra" makes a genitive of what is an apposition.
all without exception is gathered in it—the supreme, without rival.
Greatest of the great is Samantabhadra, the basic space of phenomena (chos kyi dbyings).
Since, like a king, it gathers everything together,
it holds sway over all of saṃsāra and nirvāṇa and has not stirred anywhere.

Just as all the lands and subjects are gathered under the dominion of a king who has not stirred from his own palace, so all of saṃsāra and nirvāṇa is gathered in this state in which awareness has not stirred[25]Note 25 · p. 272 · rig pa chos nyid las ma g.yos pa'i ngang: "this state in which awareness has not stirred from the nature of phenomena" (Claude Fable 5.2, Gemini 4 Neon), parallel to the king who has not stirred from his palace. Dharmamitra and GPT-6.2 Astra have "this state of awareness that…". from the nature of phenomena. From The General Binding of Perfection[26]Note 26 · p. 272 · rDzogs pa spyi chings: the title is rendered with the glossary's "binding" for chings. The drafts differ: "General Framework", "All-Binding Perfection", "Universal Key", "General Principles". (rDzogs pa spyi chings):

> In the great expanse of awakened mind, equal to space,
> all phenomena without exception are gathered; it is like a king.
> Holding sway over all, it is the unstirring expanse of equality (mnyam pa).
> Self-arisen primordial wisdom (rang byung ye shes) is primordially without transition or change.Rdzogs pa spyi chingsQuotation (named in the text: རྫོགས་པ་སྤྱི་ཆིངས་ལས)
རྫོགས་པ་སྤྱི་ཆིངས, rdzogs pa spyi chings, The General Binding of Perfection · tantra; Nyingma Gyubum
Identification: medium confidence (A Mind Series scripture; the quoted passage was not traced.)
The quoted words were not found among the texts on this wiki.

1.5 Mind itself, unmade by anyone, need not be made སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་མི་དགོས་པ1.5 Mind itself, unmade by anyone, need not be made
Though everything is made by and arises from awakened mind, mind itself is made by no one and, beyond action and agent, need not be made, as stated in the All-Creating King.

The teaching that, although everything is made by awakened mind and arises from mind, mind itself has not been made by anyone and, being beyond all action and agent, need not be made:[27]Note 27 · p. 272 · The last words of this part (thams cad byang chub kyi sems kyis) begin a heading that ends on the next page (… bya mi dgos par bstan pa ni). English word order requires the whole heading, so it is completed here from the continuation; the next part should begin with the Kun byed quotation. bya mi dgos is rendered "need not be made", in line with ma byas ("not made") in the same sentence and the quotation that follows.

[p. 273]
བྱས་ཤིང་སེམས་ལས་ཤར་ཡང༌། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་ཐམས་ཅད་ལས་འདས་པས་བྱ་མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས།
།ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས།
།གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས།
།ཞེས་སོ། །ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི། ཐམས་ཅད་ཀུན་བཟང་ས་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག །གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས། །ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག །ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་པ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མེད་པར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་

From The All-Creating King:

> Awakened mind has made everything, yet the one has not been made.[29]Note 29 · p. 273 · gcig ma byas: GPT-6.2 Astra and Dharmamitra take awakened mind as the agent ("has not made one thing"); with Gemini 4 Neon and Claude Fable 5.2 I read "the one has not been made", in line with the introductory sentence (sems nyid sus kyang ma byas).
> Everything it has made, it has made as the nature of awakening (byang chub) itself.
> The very one that has not been made need not be made.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 100 % of the words.

1.6 No good or bad and no effort, since all phenomena are equality ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་པས་བཟང་ངན་དང་རྩོལ་སྒྲུབ་མེད་པ1.6 No good or bad and no effort, since all phenomena are equality
All is one in Samantabhadra: phenomena are equal in appearing as empty forms, equal in being empty like space, and equal within self-arisen wisdom, hence without good or bad, acceptance or rejection, bias or effort; cited from the Great Mother and the All-Creating King.

The teaching that, since all phenomena are by nature equality (mnyam pa nyid), there is no good or bad and no effort and striving (rtsol sgrub):

Since everything is all-good, with not one thing[30]Note 30 · p. 273 · thams cad kun bzang sa mi bzang gcig med pas: the syllable sa makes the line one syllable too long and is taken as a scribal intrusion. GPT-6.2 Astra reads it as "the ground of all-goodness", but sa is "level" and gives no good sense here; I read "everything is all-good" with Gemini 4 Neon and Claude Fable 5.2. that is not good,
without good or bad, all is one in Samantabhadra (kun tu bzang po).
Since everything, accomplished or not accomplished,[31]Note 31 · p. 273 · grub dang ma grub: Claude Fable 5.2 and Dharmamitra have "established or not established"; I follow GPT-6.2 Astra and Gemini 4 Neon ("accomplished"), because the lines answer the heading's "no effort and striving" (rtsol sgrub). Dharmamitra's "expanse" for dbyings is against the glossary. is one in basic space,
all, spontaneously present, is one in unstirring equality.

Because all phenomena are equal in appearing, being by nature the display of empty forms (stong gzugs), they are one in being without good or bad and without effort and striving; because they are equal in being empty, groundless and pure like space, they are likewise one in being without good[28]Note 28 · p. 273 · The opening sentence of this page (… byas shing sems las shar yang … bya mi dgos par bstan pa ni) was already rendered in full at the end of the previous part; this part begins at kun byed las.

[p. 274]
ངན་དང་བླང་དོར་མེད་པར་གཅིག་ཅིང༌། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང༌། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་མཚན་ཉིད་དེ།
།ནམ་མཁའི་མཚན་ཉིད་དེ་བཞིན་ཉིད།
།སྐུ་གསུམ་མཚན་ཉིད་དེ་བཞིན་གནས།
།ཐམས་ཅད་དེ་བཞིན་ཉིད་དུ་གནས།
།ཇི་ལྟར་སྣང་བའི་ཆོས་ཀུན་ནི།
།ཇི་བཞིན་པ་ལས་བཅོས་སུ་མེད།
།བཟང་ངན་བླང་དོར་མེད་པའོ།
།ཞེས་སོ། །དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི། གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས། །བྱར་མེད་ངང་ལ་བསྒྲུབ་མེད་བཙལ་དུ་མེད། །རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས། །གང་ནས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད། །

or bad and without accepting and rejecting (blang dor); and because they are equal within the state of self-arisen primordial wisdom, they are likewise one in being without good or bad and without bias. From The Great Mother (Yum chen mo):

> Since all phenomena are equality, the perfection of wisdom (shes rab kyi pha rol tu phyin pa) is equality.Yum chen moQuotation (named in the text: ཡུམ་ཆེན་མོ་ལས)
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ, shes rab kyi pha rol tu phyin pa stong phrag brgya pa, The Perfection of Wisdom in One Hundred Thousand Lines (Śatasāhasrikā Prajñāpāramitā) · sutra; Kangyur; Toh 8
Identification: medium confidence ("Great Mother" normally designates this sūtra; the passages may also occur in the shorter versions.)
The quoted words are in ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་གཉིས་པའོ། (a parallel), 100 % of the words.

And from The All-Creating King:

> All phenomena have the defining characteristic of space;
> the defining characteristic of space is suchness.
> The defining characteristic of the three kāyas abides likewise;
> everything abides as suchness.
> All phenomena, however they appear,
> cannot be contrived into anything but just as they are;
> they are without good or bad, accepting or rejecting.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 74 % of the words.

1.7 Beyond effort and striving through having arisen from basic space དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པ1.7 Beyond effort and striving through having arisen from basic space
Effort with antidotes is like striving in a dream without leaving one's bed, or Dawa Gyaltsen's hundred schemes: nothing is done, the nature of phenomena is untouched. Self-arisen wisdom, ground of all, is beyond virtue and wrongdoing, per the Reverberation of Sound and Perfect Dynamic Energy.

The teaching that, by the very fact of having arisen from basic space, everything is beyond effort and striving:

All arises from the one; all without exception is the basic space of phenomena.
In the state of nonaction there is nothing to accomplish and nothing to seek.[32]Note 32 · p. 274 · btsal du med: Adzom reads brtsal du med ("nothing to strive at"). I keep btsal ("nothing to seek"), supported by btsal ba'i yul med in the next root verse.
Since effort and striving are nothing other than their own basic space,
from where would one make effort, and where would one accomplish anything?

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 11 quotations, 8 found on this wiki.
# p. Tibetan English Source On this wiki
1 267 ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ … རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། Because all phenomena, however they appear, > are gathered … > are me, I am explained as the root. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 92 %
2 267 དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་ … མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། As for the gathering that is the meaning of … gathered in the unborn (skye med) nature of phenomena. not named:
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 52 %
3 267 དམིགས་པའི་ཡུལ་བྲལ་ རང་བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། All phenomena, whose nature is free of any object … wisdom (ye shes), where there is no seeking mind. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
not found
4 269 ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། ། … རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། The nature of phenomena, transcending all, is awakened mind. … the meaning of everything too is gathered in it. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 67 %
5 269 ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། ། … ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། I am the nature of all phenomena; > apart … the root of all phenomena is gathered in me. not named:
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 74 %
6 271 ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་ … བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། Before there was space, > there was primordially no … > In this state of mine everything is perfect. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 81 %
7 271 ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། ། … ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། The heart essence, the spontaneously present (lhun grub), vast … present, free of all action and agent (bya byed). named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
not found
8 272 མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། ། … རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། In the great expanse of awakened mind, equal to … byung ye shes) is primordially without transition or change. named: རྫོགས་པ་སྤྱི་ཆིངས་ལས
རྫོགས་པ་སྤྱི་ཆིངས, rdzogs pa spyi chings, The General Binding of Perfection · tantra; Nyingma Gyubum medium
not found
9 273 བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། ། … གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། Awakened mind has made everything, yet the one has … that has not been made need not be made. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 100 %
10 274 ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ Since all phenomena are equality, the perfection of wisdom (shes rab kyi pha rol tu phyin pa) is equality. named: ཡུམ་ཆེན་མོ་ལས
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ, shes rab kyi pha rol tu phyin pa stong phrag brgya pa, The Perfection of Wisdom in One Hundred Thousand Lines (Śatasāhasrikā Prajñāpāramitā) · sutra; Kangyur; Toh 8 medium
parallel: ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་གླེགས་བམ་གཉིས་པའོ།, 100 %
11 274 ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་ … བཅོས་སུ་མེད། །བཟང་ངན་བླང་དོར་མེད་པའོ། All phenomena have the defining characteristic of space; > … they are without good or bad, accepting or rejecting. named: ཀུན་བྱེད་ལས