Chos dbyings mdzod (Longchenpa): Chapter 5 commentary (5)

From Rangjung Yeshe Wiki Texts
Chos dbyings mdzod (Longchenpa)Chos dbyings mdzod (Longchenpa): Chapter 5 commentary (5)
< Chos dbyings mdzod (Longchenpa)
Chos dbyings mdzod (Longchenpa)/Chapter 5 commentary (5)
Jump to navigation Jump to search
← Chapter 5 commentary (4)Chos dbyings mdzod: contentsChapter 6 root verses →

Chapter 5, commentary · རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ
Pages 256–265 of the corrected base text (W22920 vol. 3), part 5 of 5.

Not in this part's tabs (the edition does not contain it, or its scan lacks these pages): Derge (sde dge par ma).
[edit]
The Adzom Chögar woodblock edition of the Seven Treasuries (a 'dzom par ma), the standard edition of Longchenpa's writings. OCR of the BDRC scans (I1PD84), gorn05 tibocr 2026: BDRC OCR on 338 pages, Mitra OCR on 144 pages (the model with more recognisable syllables on each page). The whole edition on this wiki: mdzod bdun (a 'dzom par ma).

[p. 317] འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །ཞེས་སོ། །འདིའི་དུས་སུ་སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བ་རྟགས་ཐམས་ཅད་བདེན་མེད་དུ་ཤིག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། །རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །

[p. 318] ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། ། ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང་། ཕན་ཚུན་རྫས་འགལ་བས་ཀྱང་། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང་། རང་རིག་ཆོས་སྐུ་གྲུབ་ ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་ མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། །སྤྱོད་པ་སྤྱད་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་པ་དང་། ཀློང་དྲུག་པ་ལས། ཀུན་བཟངས་ང་ལ་ལྟ་བ་མེད། །ལྟ་ བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་པ་དང་། རང་ཤར་ལས། རྫོགས་ཆེན་ ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྦྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་

[p. 319] པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །སྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །སྒོམ་དང་མི་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་གྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་

[p. 320] རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །དེ་བཞིན་དུས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང་། །སྔགས་དང་ཁ་དོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན། །རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང་། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང་། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང་། ལམ་བགྲོད་པ་དང་། དཀྱིལ་འཁོར་བསྐྱེད་པ་དང་། དབང་བསྐུར་བ་དང་། ལམ་བསྒོམ་པ་དང་། དམ་ཚིག་བསྲུང་བ་དང་། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་

[p. 321] ༄༅། །ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང་། ཆོས་སྐུ་འཇིག་པར་ཐལ་ཏེ་འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་ པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་མི་མཐོང་། །ཕྱག་རྒྱ་ མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་ལ། །སྙིང་པོ་བཟླས་བས་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་ སྣང་སྟོན། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་ སྐུ་འཛིན་མེད་ཐལ་ལ། །མཚན་མའི་སྒོམ་པས་དོན་མི་རྙེད། །ཅེས་པ་དང་། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །འཕྲིན་ལས་བརྩལ་དུ་མེད་ པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ས་དཔྱད་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཞེས་སོ། །དེ་ནི་དེ་

[p. 322] དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབས་ཀྱིས་བཟང་དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་བྱར་མེད་པས། ནམ་མཁའ་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བརྩལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྤྱད་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། །སེམས་བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་པ་དང་། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་སྣང་། །ང་ཡི་ཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་

[p. 323] སྐུ། །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་འདས། །ང་ཡི་འབྲས་བུ་གཅིག་པའི་ས། །ང་ཡི་དམ་ཚིག་བསྲུང་དུ་མེད། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་སྟེ། ལེའུ་ལྔ་པའི་འགྲེལ་པའོ།། །།

[edit]
BDRC typed e-text UT22920_003_0001/0002 as downloaded (the base text was made from it).

འབྲས་བུ་ཆོས་སྐུའི་སྟོང་ཉིད་ལས། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །ཞེས་སོ། །འདིའི་དུས་སུ་སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བརྟགས་ཐམས་ཅད་བདེན་མེད་དུ་ཤིག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། །རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། །ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱེད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང༌། ཕན་ཚུན་རྫས་འགལ་བས་ཀྱང༌། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང༌། རང་རིག་ཆོས་སྐུ་གྲུབ་ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམ་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། །སྤྱོད་པ་སྤྱད་པས་ང་མི་མཐོང༌། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང༌། །ཞེས་པ་དང༌། ཀློང་དྲུག་པ་ལས། ཀུན་བཟང་ང་ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་ཟུང༌། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །སྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །སྒོམ་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ནས་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །དེ་བཞིན་དུ་ས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང༌། །སྔགས་དང་ཁ་དོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན། །རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང༌། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང༌། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང༌། ལམ་བགྲོད་པ་དང༌། དཀྱིལ་འཁོར་བསྐྱེད་པ་དང༌། དབང་བསྐུར་བ་དང༌། ལམ་བསྒོམ་པ་དང༌། དམ་ཚིག་བསྲུང་བ་དང༌། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང༌། ཆོས་སྐུ་འཇིག་པར་ཐལ་ཏེ་འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་མི་མཐོང༌། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་ལ། །སྙིང་པོ་བཟླས་པས་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་སྣང་སྟོར། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་ལ། །མཚན་མའི་སྒོམ་པས་དོན་མི་རྙེད། །ཅེས་པ་དང༌། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །འཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ས་དཔྱད་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཞེས་སོ། །ད་ནི་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབས་ཀྱིས་བཟང་དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་བྱར་མེད་པས། ནམ་མཁའ་ལྟར་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་སྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བཙལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང༌། །སེམས་བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་པ་དང༌། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་སྣང༌། །ང་ཡི་ཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་སྐུ། །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལ་འདས། །ང་ཡི་འབྲས་བུ་གཅིག་པའི་ས། །ང་ཡི་དམ་ཚིག་བསྲུང་དུ་མེད། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང༌། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་སྟེ། ལེའུ་ལྔ་པའི་འགྲེལ་པའོ།། ༈ །།

[edit]
rywikitexts e-text of the Beijing 2009 edition (vol. 16), with its page numbers ༼N༽.

འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་» «ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །ཞེས་སོ། །འདིའི་དུས་སུ་སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བརྟགས་ཐམས་ཅད་བདེན་མེད་དུ་ཤིག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། །རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། །ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱེད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང༌། ཕན་ཚུན་རྫས་འགལ་བས་ཀྱང༌། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང༌། རང་རིག་ཆོས་སྐུ་གྲུབ་ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། །སྤྱོད་པ་སྤྱད་པས་ང་མི་མཐོང༌། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང༌། །ཞེས་པ་དང༌། ཀློང་དྲུག་པ་ལས། ཀུན་བཟང་ང་ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །» «སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །» «ཅེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་ཟུངས། །» «བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་» «འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །སྒོམ་པའི་ཆོས་ཉིད་ག་ལ་ཡོད། །» «བཏང་དང་བཞག་པ་མེད་པའི་ཆོས། །སྒོམ་དང་མ་བསྒོམས་མཐའ་ལས་» «གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །» «ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་» «ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་» «ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་» «མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་རང་བྱུང་» «ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །» «འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །» «སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །དེ་བཞིན་དུ་ས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང༌། །» «སྔགས་དང་ཁ་ཏོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་» «མཚོན། །རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང༌། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང༌། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང༌། ལམ་བགྲོད་པ་དང༌། དཀྱིལ་འཁོར་བསྐྱེད་པ་དང༌། དབང་བསྐུར་བ་དང༌། ལམ་བསྒོམ་པ་དང༌། དམ་ཚིག་བསྲུང་བ་དང༌། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང༌། ཆོས་སྐུ་འཇིག་པར་ཐལ་ཏེ་འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར་རོ། །» «སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་མི་མཐོང༌། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་ལ། །སྙིང་པོ་བཟླས་པས་ས་བོན་» «རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་སྣང་སྟོར། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་» «དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་» «ལ། །མཚན་མའི་སྒོམ་པས་དོན་མི་རྙེད། །ཅེས་པ་དང༌། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་» «ཡིན། །འཕྲིན་ལས་བརྩལ་«༼༡༽«དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ས་དཔྱད་«༼༢༽«དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་སྤྱོད་«༼༣༽«པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་» «ཡིན། །ཞེས་སོ། །ད་ནི་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་བཟང་དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་བྱར་མེད་པས། ནམ་མཁའ་ལྟར་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བརྩལ་«༼༡༽«མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང༌། །སེམས་བསྐྱེད་མེད་ཅིང་གཉེན་པོ་»«མི་མཐོང་བ། །«༼༢༽«ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་པ་དང༌། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་» «སྣང༌། །ང་ཡི་ཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་སྐུ། །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་འདས། །ང་ཡི་འབྲས་བུ་གཅིག་པའི་» «ས། །ང་ཡི་དམ་ཚིག་བསྲུང་དུ་མེད། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང༌། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་སྟེ། ལེའུ་ལྔ་པའི་འགྲེལ་པའོ།། » «།།

[edit]
OCR of the BDRC scans (I2PD20601, I2PD20602), gorn05 tibocr 2026: BDRC OCR on 244 pages, Mitra OCR on 127 pages (the model with more recognisable syllables on each page).

[p. 80] འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །ཞེས་སོ། །འདིའི་དུས་སུ་སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བརྟགས་ཐམས་ཅད་བདེན་མེད་དུ་ཤིག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། །རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། །ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱེད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང་། ཕན་ཚུན་རྫས་འགལ་བས་ཀྱང་། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང་། རང་རིག་ཆོས་སྐུ་གྲུབ་ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། །སྤྱོད་པ་དཔྱད་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་པ་དང་། ཀློང་དྲུག་པ་ལས། ཀུན་བཟངས་ང་

[p. 81] ༄༅། །ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །སྒོམ་པའི་ཆོས་ཉིད་ག་ལ་ ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །སྒོམ་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡོད་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་ པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་

[p. 82] ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་ བྱུང་རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །དེ་བཞིན་དུ་ས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་ བྱ་སྟེ། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང་། །སྔགས་དང་ཁ་དོན་དབང་དང་དམ་ཚིག་མེད། ། རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ ཞེས་གང་སླད་མཚོན། །རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང་། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང་། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང་། ལམ་བགྲོད་པ་དང་། དཀྱིལ་འཁོར་བསྐྱེད་པ་དང་། དབང་བསྐུར་བ་དང་། ལམ་བསྒོམ་པ་དང་། དམ་ཚིག་བསྲུང་བ་དང་། འཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱང་ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང་། ཆོས་སྐུ་འཇིག་པར་ཐལ་ཏེ་ འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་

[p. 83] མི་མཐོང་། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱ་ས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་བ། །སྙིང་པོ་བཟླས་པས་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་ སྣང་སྟོར། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་ལ། །མཆན་ མའི་སྒོམ་པས་དོན་མི་རྙེད། །ཅེས་པ་དང་། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན་ནོ། །འཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན །ལམ་ལ་བགྲད་དུ་མེད་པར་བསྟན་པ་ཡིན གནས་ས་སྤྱད་དུ་མེད་པར་བསྟན་པ་ཡི་ན། །ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཞེས་སོ། །ད་ནི་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་ འབྲས་ལ་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་བཟང་ དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་བྱར་མེད་པས། ནམ་མཁའ་ལྟར་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་དཔག་ཏུ་མེད་པའི་སྔོན་ རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བཙལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་

[p. 84] རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། །སེམས་བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགས་ཆེད་བསྟན་པ་ཡན། །ཞེས་པ་དང་། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་སྣང་། །ང་ཡི་འཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་སྐུ། །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་འདས། །ང་ཡི་འབྲས་བུ་གཅིག་པའི་ས། །ང་ཡི་དམ་ཚིག་བསྲུང་དུ་མེད། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩེ་ལ་སྒྲུབ་རྒྱུ་འབྲས་ལས་འདས་པ་སྟེ། ལེའུ་ལྔ་པའི་འགྲེལ་པའོ།། །།

[edit]
OCR of the BDRC scans (I3CN4267), gorn05 tibocr 2026: BDRC OCR on 226 pages, Mitra OCR on 175 pages (the model with more recognisable syllables on each page).

[p. 144] འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །ཞེས་སོ། །འདིའི་དུས་སུ་ སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་ གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་ དག་གི་དགོངས་པ་ཞེས་བྱ། སྣང་བརྟགས་ཐམས་ཅད་བདེན་མེད་དུ་ཤིག་ཤིག་ རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་ བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་ སྒོ་འགགས་སམ། །ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། ། རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་ སེམས་ཀྱི་ངོ་བོ་ལ། །ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་ བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་ སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། ། ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱེད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་ མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང་། ཕན་ཚུན་རྫས་འགལ་བས་ཀྱང་། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང་། རང་རིག་ཆོས་སྐུ་གྲུབ་ཟིན་པས་ཀྱང་ ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་ སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་ བསྒོམས་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་ མེད་ལ། །སྤྱོད་པ་སྤྱད་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་

[p. 145] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། བལྟས་པས་ང་མི་མཐོང་། །ཞེས་པ་དང་། ཀློང་དྲུག་པ་ལས། ཀུན་བཟང་ང་ལ་ལྟ་ བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་ མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ ལུས་འབྱུང་ཟད། །ཅེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་ དང་སྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་ཟུངས། །བསྒྲུབ་མེད་ རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་ དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། ། མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། ། རྫོགས་ཆེན་ཨ་ཏི་ཡོ་ག་ལ།། །།སྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་ པ་མེད་པའི་ཆོས། །སྒོམ་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །སྒོམ་ དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་ རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་ པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་ རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་ འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་ བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ་། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་ སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་ བྲལ། །ལྟ་བ་ཉིད་ལ་བལྟ་རུ་མད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་

[p. 146] ། ལེའུ་ལྔ་པ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ། མ་མེད་པར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་ མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། ། འབྲས་བུ་བྱས་མེད་རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་ དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་ བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པའི་ ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་ པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །དེ་ བཞིན་དུ་ས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ། མེད་པའི་ཆོས་ལ་ བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་ དང་། །སྔགས་དང་ཁ་ཏོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་ དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་ བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་ བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་ མཚོན། །རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང་། དེ་ཉིད་ལ་བྱ་བྱེད་རྫས་འགལ་ བའི་ཕྱིར་དང་། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང་། ལམ་ བགྲོད་པ་དང་། དཀྱིལ་འཁོར་བསྐྱེད་པ་དང་། དབང་བསྐུར་བ་དང་། ལམ་བསྒོམ་ པ་དང་། དམ་ཚིག་བསྲུང་བ་དང་། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་ གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང་། ཆོས་སྐུ་འཇིག་པར་ཐལ་ཏེ་

[p. 147] ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད། འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར་རོ། །སེང་གེ་ རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་ སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་ མི་མཐོང་། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ ཡལ། །སྙིང་པོ་ཡེ་ནས་རང་གསལ་ལ། །སྙིང་པོ་བཟླས་པས་ས་བོན་རུལ། ། གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་སྣང་སྟོར། ། ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་ བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་ མཆོད་བསྟོད་ལྷ་མི་དགྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་ལ། །མཚན་མའི་སྒོམ་ པས་དོན་མི་རྙེད། །ཅེས་པ་དང་། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་ པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །འཕྲིན་ལས་བརྩལ་དུ་ མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན་། །གནས་ས་ དཔྱད་དུ་མེད་པར་བསྟན་པ་ཡི་། །ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན། །ཆོས་ ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཞེས་སོ། །ད་ནི་དེ་དག་གི་དོན་རྒྱུ་འབྲས་ རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་ འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་ རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་ གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབ་ ཀྱིས་བཟང་དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་བྱར་མེད་པས། ནམ་ མཁའ་ལྟར་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་

[p. 148] ༈ ལེའུ་དྲུག་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ། དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་ དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་ དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། ། འཕྲིན་ལས་བརྩལ་༧མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་ བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་ པར་མཐོང་བ་དང་། །སེམས་བསྐྱེད་མེད་ཅིང་གཉེན་པོ་༧མི་མཐོང་བ། །༧ཀུན་ བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། ། ཞེས་པ་དང་། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་ སྣང་། །ང་ཡི་ཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་སྐུ། །ང་ཡི་སྒོམ་པ་ བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་འདས། །ང་ཡི་འབྲས་བུ་གཅིག་པའི་ས། ། ང་ཡི་དམ་ཚིག་བསྲུང་དུ་མེད།། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། ། དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་ མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་སྟེ། ལེའུ་ལྔ་པའི་ འགྲེལ་པའོ།། །།

[edit]
OCR of the BDRC scans (I3CN14273), gorn05 tibocr 2026: BDRC OCR on 317 pages, Mitra OCR on 187 pages (the model with more recognisable syllables on each page).

[p. 160] འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟང་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །ཞེས་སོ། །འདིའི་དུས་སུ་སྣང་སྲིད་རྒྱ་གྲོལ་ལ་སོང་པས་ གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བརྟགས་ཐམས་ཅད་བདེན་

[p. 161] ༄༅། །མེད་དུ་ཤིག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་ཐ་ཅུང་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་ལེགས་ཕས་མཐོང་ཞིང་རྟོགས་པའོ། །རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་དང་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། ། སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། །ལྷ་བསྒོམ་སྤྱོད་འབྲས་ནི་རིག་པའི་སྙིང་དུ་བྱེད་ན། བྱེད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་ཕས་ཀྱང་དེ་དག་ཏུ་ བྱར་མེད་པ་ཉིད་དང་། ཕན་ཚུན་རྫས་འགལ་བས་ཀྱང་། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང་། རང་རིག་ཆོས་སྐུ་གྲུབ་ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་ གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་སྒོམས་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་མང་ལ། །སྤྱོད་པ་

[p. 162] དཔྱད་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་པ་དང་། ཀློང་དྲུག་པ་ལས། ཀུན་བཟངས་ང་ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་ པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་ སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་བཟང་། །བསྒྲུབ་མེད་རྩལ་སྦྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ ལ། །སྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །སྒོམ་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། ། སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམ་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡང་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་

[p. 163] ༄༅། ། O ། ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི། མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། བལྟ་བྱ་ལྟ་ཕྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་དུ་མེད། །ཅི ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །དེ་ཕྱིར་རྫོགས་ ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཎ་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ བྱས་མེད་རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་ཕ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། I ལྟུང རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་ཕ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅིས་སོ། །དེ་བཞིན་དུ་ས་ལ་སྦྱང་དུ་མེད་པ ལ་སོགས་པ་ཡང་ཤེས་པར་བྱ་སྟེ། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་

[p. 164] དཀྱིལ་འཁོར་དང་། །སྔགས་དང་ཁ་དོན་དབང་དང་དམ་ཚིག་མེད། རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་ རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན། །རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང་། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང་། །ཡེ་ནས་ ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། །ས་སྦྱང་བ་དང་། ལམ་བགྲོད་པ་དང་། དཀྱིལ་འཁོར་བསྐྱེད་པ་དང་། དབང་བསྐུར་བ་དང་། ལམ་བསྒོམ་པ་དང་། དམ་ཚིག་བསྲུང་བ་དང་། འཕྲིན་ལས་བསྒྲུབ་པ་ལ་སོགས་པ་ བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང་། ཆོས་སྐུ་འཇིག་པར་ཐལ་ཏེ་འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་ དང་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར་རོ། །སེང་གེ་རྩ་ལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་ པས་ལྷ་མི་མཐོང་། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩོལ་པའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་བ། །སྙིང་པོ་བཟླས་པ་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་

[p. 165] ༄༅། །ལ༏ །གཞལ་ཡས་བསྐྱེད་པས་རང་སྣང་སྟོར། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་ སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་ལ། །མཚན་མའི་སྒོམ་པས་དོན་མི་རྙེད། །ཅེས་པ་དང་། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་ པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །འཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན་། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡི་ན། །གནས་ས་སྤྱད་དུ་མེད་པར་བསྟན་པ་ཡན། ། ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཞེས་སོ། །ད་ནི་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། །དེ་ཕྱིར་དོན་དམ་དབྱིང་ཀྱི་ངོ་བོ་ལ། རྒྱུ་འབྲས་ལ་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་ པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་བཟང་དུ་བྱར་མེད། འཁོར་པའི་ཆོས་ཀྱིས་ངན་པར་བྱར་མེད་པས། ནམ་མཁའ་ལྟར་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་

[p. 166] ཏུ་གནས་བདེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་བ། །ལྟ་བ་བསྒོམ་མེད་དམ་ ཚིག་བསྲུང་དུ་མེད། །འཕྲིན་ལས་བཙལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། །སེམས་ བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་པ་དང་། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་སྣང་། །ང་ཡི་འཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་སྐུ། །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་ འདས། །ང་ཡི་འབྲས་བུ་གཅིག་པའི་ས། །ང་ཡི་དམ་ཚིག་བསྲུང་དུ་མེད། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས།། དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་། །ཞེས་སོ། །ཚེས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པ་སྟེ། ལེའུ་ལྔ་པའི་འགྲེལ་པའོ།། །།

[edit]
OCR of the BDRC scans (I1CZ2729), gorn05 tibocr 2026: BDRC OCR on 290 pages, Mitra OCR on 133 pages (the model with more recognisable syllables on each page).

[p. 109] འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ལ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ལ་མཚན་ཆེ། །ཞེས་སོ། །འདིའི་དུས་ སུ་སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བ་རྟགས་ཐམས་ ཅད་བདེན་མེད་དུ་ཤོག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། །རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །

[p. 110] ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། ། ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང་། ཕན་ཚུན་རྫས་འགལ་བས་ཀྱང་། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང་། རང་རིག་ཆོས་སྐུ་གྲུབ་ ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་ མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། །སྤྱོད་པ་སྤྱད་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་པ་དང་། ཀློང་དྲུག་པ་ལས། ཀུན་བཟངས་ང་ལ་ལྟ་བ་མེད། །ལྟ་ བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་པ་དང་། རང་ཤར་ལས། རྫོགས་ཆེན་ ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་ཟུང་། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་

[p. 111] ༄༅། །པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་ མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །སྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །སྒོམ་དང་མི་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་ མེད་དག་པའི་ཆོས་སྐུ་ལ། །སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་ པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་ མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་པ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་ བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་གྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་

[p. 112] རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །དེ་བཞིན་དུས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང་། །སྔགས་དང་ཁ་དོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན། །རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང་། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང་། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང་། ལམ་བགྲོད་པ་དང་། དཀྱིལ་འཁོར་བསྐྱེད་པ་དང་། དབང་བསྐུར་བ་དང་། ལམ་བསྒོམ་པ་དང་། དམ་ཚིག་བསྲུང་བ་དང་། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་

[p. 113] ༄༅། །ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང་། ཆོས་སྐུ་འཇིག་པར་ཐལ་ཏེ་འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་ པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་མི་མཐོང་། །ཕྱག་རྒྱ་ མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་ལ། །སྙིང་པོ་བཟླས་པས་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་ སྣང་སྟོར། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་ སྐུ་འཛིན་མེད་ཟང་ཐལ་ལ། །མཚན་མའི་སྒོམ་པས་དོན་མི་རྙེད། །ཅེས་པ་དང་། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན་། །འཕྲིན་ལས་བརྩལ་དུ་མེད་ པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན །གནས་ས་དཔྱད་དུ་མེད་པར་བསྟན་པ་ཡི་ན། །ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཞེས་སོ། །ད་ནི་དེ་

[p. 114] དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་ སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབས་ཀྱིས་བཟང་དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་བྱར་མེད་པས། ནམ་ མཁའ་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་དང་ག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་ པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བརྩལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྤྱད་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་ རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། །སེམས་བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་པ་ དང༑ རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་སྣང་། །ང་ཡི་ཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་

[p. 115] ༄༅། །སྐུ༑ །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་འདས། །ང་ཡི་འབྲས་བུ་གཅིག་པའི་ས། །ང་ཡི་དམ་ཚིག་བསྲུང་དུ་མེད། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ།། སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་ སྟེ༑ ལེའུ་ལྔ་པའི་འགྲེལ་པའོ།། །།

[edit]
The corrected base text (W22920 e-text, corrected against the W22920 print and the Adzom edition: 783 typing errors, November 2026), with the variants of the other editions under each page (26 in this part). Sigla: A = Adzom Chögar (standard edition); W = W22920 (BDRC e-text); P = Beijing 2009 (dpe bsdur ma); D = Derge (sde dge par ma); G = collected works MW2PD20323; S = root and commentary MW3CN3400; R = root and commentary MW3CN14271; C = commentary MW1CZ2550. Readings found in only one OCR edition are not listed (OCR noise). ⁁ = addition.

[p. 256] འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །ཞེས་སོ། །འདིའི་དུས་སུ་སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བརྟགས་ཐམས་ཅད་བདེན་མེད་དུ་ཤིག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། །རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་

ཞེས་བྱ་སྣང་བརྟགས་ཐམས་ཅད ] བ་རྟགས A C

[p. 257] ལ། །ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད། །བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད། །སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད། །སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས། །བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད། །ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱེད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང༌། ཕན་ཚུན་རྫས་འགལ་བས་ཀྱང༌། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང༌། རང་རིག་ཆོས་སྐུ་གྲུབ་ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། །སྤྱོད་པ་སྤྱད་པས་ང་མི་མཐོང༌། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་

དུ་བྱེད་ན་བྱེད་དུས་ཀྱི ] བྱད A C · རིག་པ་མ་བསྒོམས་ལྷུན་གྲུབ ] བསྒོམ W · ལ་སྤྱོད་པ་སྤྱད་པས་ང ] དཔྱད G R

[p. 258] བ་བལྟས་པས་ང་མི་མཐོང༌། །ཞེས་པ་དང༌། ཀློང་དྲུག་པ་ལས། ཀུན་བཟངས་ང་ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་ཟུང༌། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །སྒོམ་པའི་ཆོས་ཉིད་ག་ལ་ཡོད། །

པ་ལས་ཀུན་བཟངས་ང་ལ ] བཟང W P S · གྱིས་ཡིད་ལ་ཟུང་བསྒྲུབ་མེད ] ཟུངས P S · བསྒྲུབ་མེད་རྩལ་སྤྲུགས་སྨོན་པ ] སྦྲུགས A R

[p. 259] བཏང་དང་བཞག་པ་མེད་པའི་ཆོས། །སྒོམ་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་

ཆོས་སྒོམ་དང་མ་བསྒོམས་མཐའ ] མི A C · མི་རྙེད་རྙེད་ན་རང་རིག ] ནས W

[p. 260] མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །དེ་བཞིན་དུ་ས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་

མ་མེད་པར་འགྱུར་དེ་ཕྱིར ] གྱུར A C · སོ་དེ་བཞིན་དུ་ས་ལ་སྦྱང ] དུས A C

[p. 261] གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང༌། །སྔགས་དང་ཁ་དོན་དབང་དང་དམ་ཚིག་མེད། །རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད། །ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ། །འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད། །འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན། །འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི། །ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན། །རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང༌། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང༌། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང༌། ལམ་བགྲོད་པ་དང༌། དཀྱིལ་འཁོར་བསྐྱེད་པ་དང༌། དབང་བསྐུར་བ་དང༌། ལམ་བསྒོམ་པ་དང༌། དམ་ཚིག་བསྲུང་བ་དང༌། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་

སྔགས་དང་ཁ་དོན་དབང་དང ] ཏོན P S · བསྲུང་བ་དང་ཕྲིན་ལས་བསྒྲུབ ] འཕྲིན G R

[p. 262] གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང༌། ཆོས་སྐུ་འཇིག་པར་ཐལ་ཏེ་འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་མི་མཐོང༌། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་ལ། །སྙིང་པོ་བཟླས་པས་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་སྣང་སྟོར། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་ལ། །མཚན་མའི་སྒོམ་

ནས་རང་གསལ་ལ་སྙིང་པོ ] བ G R

[p. 263] པས་དོན་མི་རྙེད། །ཅེས་པ་དང༌། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །འཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ས་དཔྱད་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཞེས་སོ། །ད་ནི་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབས་ཀྱིས་བཟང་དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་

ཡིན་འཕྲིན་ལས་བཙལ་དུ་མེད ] བརྩལ A P S C · ཡིན་གནས་ས་དཔྱད་དུ་མེད ] སྤྱད G R · པར་བསྟན་པ་ཡིན་ཡེ་ཤེས ] ཡི་ན G C · ལ་རྒྱུ་འབྲས་ལས་འདས་རང ] ལ G R · རྒྱུ་འབྲས་རྩོལ་སྒྲུབས་ཀྱིས་བཟང ] སྒྲུབ P G S R

[p. 264] བྱར་མེད་པས། ནམ་མཁའ་ལྟར་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བཙལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང༌། །སེམས་བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་པ་དང༌། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །

པས་ནམ་མཁའ་ལྟར་ཡོད་མེད ] om. A C · པ་ལྟ་བ་བསྒོམ་མེད་དམ ] སྒོམ W · མེད་འཕྲིན་ལས་བཙལ་མེད་ལམ ] བརྩལ A P S C · མེད་ས་ལ་སྦྱང་མེད་རྒྱུ ] སྤྱད A C

[p. 265] ང་ཡི་ཡོན་ཏན་ཅིར་ཡང་སྣང༌། །ང་ཡི་ཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་སྐུ། །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་འདས། །ང་ཡི་འབྲས་བུ་གཅིག་པའི་ས། །ང་ཡི་དམ་ཚིག་བསྲུང་དུ་མེད། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང༌། །ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་སྟེ། ལེའུ་ལྔ་པའི་འགྲེལ་པའོ།། ༈ །།

སྣང་ང་ཡི་ཕྲིན་ལས་མ ] འཕྲིན G R · སྤྱོད་པ་ཡུལ་ལས་འདས་ང ] ལ W · འབྲས་ལས་འདས་པར་བསྟན་པ་སྟེ ] om. G R
[edit]
The detailed outline (sa bcad) of the sections that begin in this part, with the divisions above them (in grey) where they begin in an earlier part. Numbers follow the chapter's own divisions; topical marks a division made by topic where the text announces none. The headings and summaries are an AI analysis (Claude Opus 5.5, November 2026) of the Tibetan and the translation, not checked by a scholar. The complete outline of the work is on the contents page.
9 The essence of awareness shown to be beyond objects, like space རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ [p. 256] topical
In awakened mind there is no view, meditation, conduct or fruition to be accomplished. Three reasons—awareness lacks essence, action and agent are contradictory, and dharmakāya is already accomplished—show awareness to be beyond them, supported by the Seng ge rtsal rdzogs, Klong drug pa and Rang shar.
10 No training on the levels and so forth ས་ལ་སྦྱང་དུ་མེད་པ་ལ་སོགས་པ [p. 260] topical
Since everything is already accomplished as the great sphere of luminosity, there are no levels, path, maṇḍala generation, mantra, empowerment, samaya or completion stage; were these needed, dharmakāya would be conditioned and perishable. Supported by the Seng ge rtsal rdzogs and All-Creating King.
11 Summing up the meaning as beyond cause and effect, effort and striving དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ [p. 263] topical
Concluding verse: in ultimate basic space the ten natures of cause and effect do not exist. Self-arisen wisdom cannot be improved by effort or worsened by saṃsāra; it is the sole sphere beyond existence and nonexistence, known by those of highest capacity, as the All-Creating King and Rang shar declare.
12 Colophon of the fifth chapter ལེའུ་ལྔ་པའི་འགྲེལ་པའི་མཇུག་བྱང [p. 265] topical
Chapter colophon: the commentary on the fifth chapter of the Treasury of the Basic Space of Phenomena, showing what is beyond effort and striving, cause and effect.
[edit]
Machine translation, not yet reviewed by a translator. Four AI translators (Claude Fable 5.2, GPT-6.2 Astra, Gemini 4 Neon and Dharmamitra) translated the text independently; Claude Fable 5.2, as editor, established this version against the Tibetan (November 2026). [p. N] = pages of the base text. The outline headings (numbered as on the Outline tab) stand where each section begins: point at a heading, or tap it, for its summary. The small title after a quotation names its source: point at it for the identification (all are on the Quotations tab). Superscript numbers are the translator's notes on doubtful readings: point at one, or tap it, to read it here; all are listed after the translation. See the contents page for how it was made.

[p. 256] In the fruition, dharmakāya, emptiness (stong nyid),[143]Note 143 · p. 256 · Dharmamitra omits the first line of the quotation ('bras bu chos sku stong nyid la); it is restored here.
the exhaustion of substantial entities is a great wonder!
In insubstantial primordial wisdom, unobstructed and transparent,
the absence of any perceived object is a great wonder!Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 100 % of the words.

So it says. At this time, since all that appears and exists (snang srid) has passed into freedom from all bounds (rgya grol), whatever appears is freed in realization; this is called "the enlightened intent of the total freedom of the three realms."[144]Note 144 · p. 256 · Dharmamitra and Gemini 4 Neon use "liberation/liberated" for grol, and GPT-6.2 Astra "realization" for dgongs pa; the glossary's "freedom" and "enlightened intent" are used, which keeps dgongs pa apart from rtogs pa in the same sentence. Since saṃsāra is realized never to have existed, this is called "the enlightened intent of the primordial purity of the three planes of conditioned existence." Since everything that appears and is imputed is realized to fall utterly apart,[145]Note 145 · p. 256 · shig shig: GPT-6.2 Astra has "vividly realizes". It is read with Dharmamitra, Claude Fable 5.2 and Gemini 4 Neon as crumbling or falling apart ("fall utterly apart"). devoid of true existence, this is called "the view that cuts the continuity of the city." That same tantra says:

These appearances of the world and its inhabitants, reputed to exist,[146]Note 146 · p. 256 · yod thos is doubtful and may be a corruption. It is read as "heard/reputed to exist" with Dharmamitra and Claude Fable 5.2, not as two coordinated items as in Gemini 4 Neon ("existing and heard of").
are, when examined, without intrinsic nature,
and so, as the view that cuts the continuity of the city,
they have primordially abided. Not to have seen this[147]Note 147 · p. 256 · In brtags pas rang bzhin med par yang … ye nas 'dug pa ma mthong ba, the lack of intrinsic nature and the abiding as the view are both taken as the object of "not seen". Dharmamitra breaks the syntax by making line 2 an independent statement and "in the view" a locative.—
are the doors of the sense faculties blocked?Rin po che spungs paQuotation (the text says: the same source: རྒྱུད་དེ་ཉིད་ལས)

The quoted words are in Klong chen rab byams gsung 'bum/volume 019 459 (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 100 % of the words.

It is this that is thoroughly seen and realized.

9 The essence of awareness shown to be beyond objects, like space རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ9 The essence of awareness shown to be beyond objects, like space (topical division)
In awakened mind there is no view, meditation, conduct or fruition to be accomplished. Three reasons—awareness lacks essence, action and agent are contradictory, and dharmakāya is already accomplished—show awareness to be beyond them, supported by the Seng ge rtsal rdzogs, Klong drug pa and Rang shar.

The essence of awareness is shown to be beyond objects, like space:

In the essence of utterly pure awakened mind

[p. 257] there is no object of a view, and nothing that is a view;
there is not so much as an atom of anything to be viewed or of anything that views.
There is no intellect that meditates, and no phenomenon to be meditated upon either.
Since what is enacted and conduct are nondual, spontaneously present,
there is not so much as an atom of a fruition to be accomplished.

Suppose view, meditation, conduct and fruition are carried out with regard to awareness. Since that very awareness at the time of carrying them out has no essence, there is nothing to be done by way of them.[148]Note 148 · p. 257 · de dag tu byar med pa: Dharmamitra has "cannot be enacted" and Claude Fable 5.2 "cannot be made into any of these". It is rendered with the glossary's predicate sense of byar med, "there is nothing to be done by way of them". Since they would be mutually contradictory as substances,[149]Note 149 · p. 257 · phan tshun rdzas 'gal bas: GPT-6.2 Astra supplies "what is acted upon and what acts" as the subject. The Tibetan leaves the subject implicit and the translation does the same. action and agent are not established within a single instant. And since self-knowing awareness, dharmakāya, is already accomplished, view, meditation, conduct and fruition serve no purpose. By these three reasons, awareness is shown to be beyond view, meditation, conduct and fruition. The Lion's Perfect Dynamic Energy (Seng ge rtsal rdzogs) says:

Awareness is spontaneously present without being meditated upon;
by practicing meditation, I am not found.
The self-arisen (rang byung) is primordially uncontrived;[150]Note 150 · p. 257 · Dharmamitra adds "awareness" to rang byung ("self-arisen awareness"); it is not in the Tibetan.
by engaging in conduct, I am not seen.
Dharmakāya is primordially free of extremes (mtha' bral);

[p. 258] by looking with a view, I am not seen.Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And the Six Expanses (Klong drug pa) says:

For me, Samantabhadra, there is no view.[151]Note 151 · p. 258 · kun bzangs is read as kun bzang.
Because there is no view, appearances are exhausted.
Likewise, there is no meditation either.
Because there is no meditation, mindfulness has ceased.[152]Note 152 · p. 258 · dran pa 'gags: Claude Fable 5.2 has "recollection", the others "mindfulness". "Mindfulness" is kept as the faculty that meditation depends on, parallel to view/appearances and conduct/body, though "recollection" is possible.
There is nothing to be spoken of as "conduct."
Because there is no conduct, the elements ('byung ba) of the body are exhausted.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 55 % of the words.

And Naturally Arising Awareness (Rang shar) says:

In the Great Perfection, Atiyoga,
there is no view, no meditation and no conduct.
I shall teach this well;[153]Note 153 · p. 258 · legs par bstan gyis: Gemini 4 Neon's "since this is well taught" misreads the first-person promise ("I shall teach this well"). hold it in mind.
With nothing to accomplish, no straining of strength and no aspiration,[154]Note 154 · p. 258 · rtsal sprugs: GPT-6.2 Astra ("power given full play") and Gemini 4 Neon ("unfurling dynamic energy") take it positively, and Dharmamitra has "effort exhausted". With Claude Fable 5.2, med pa is read as governing both rtsal sprugs and smon pa, and rtsal is taken in its plain sense of strength exerted, not the technical "dynamic energy". This suits a passage that denies effort.
nothing to be done, spontaneously perfect (lhun rdzogs): this is the meaning of what has been so from the first.[155]Note 155 · p. 258 · snga ma de nyid don: read with Claude Fable 5.2 as "the meaning of what has been so from the first". Dharmamitra's "pristine, genuine reality" drops snga ma.
How could there be any action or any agent?
This self-arisen nature of phenomena, in which there is no conduct,
falls to no side whatsoever, like space.
It is not existent: it is emptiness alone.
It is not nonexistent: it is the kāya of genuine bliss.
It is not made: it is self-arisen and nonconceptual.
In the Great Perfection, Atiyoga,
how could there be any nature of phenomena that consists in meditation?[156]Note 156 · p. 258 · sgom pa'i chos nyid: Dharmamitra and GPT-6.2 Astra translate as if it were bsgom bya'i ("to be meditated upon"). The genitive is kept ("that consists in meditation"), parallel to lta ba 'dzin pa'i chos nyid on the following page.

[p. 259] This Dharma, in which nothing is let go[157]Note 157 · p. 259 · btang dang bzhag pa med pa'i chos: the drafts have "reality" (Dharmamitra, Claude Fable 5.2, GPT-6.2 Astra) or "phenomenon" (Gemini 4 Neon). It is taken as the Dharma of Atiyoga, the teaching without releasing or settling the mind; "phenomena" remains possible. and nothing set in place,
is free of the extremes of meditating and not meditating.
Where there is no grasping, what stain of mind could there be?
Genuine awareness is without stain.
In the stainless, pure dharmakāya
there is no meditation and nothing to be meditated upon.
By meditating, the genuine itself is not found;
were it found, self-knowing awareness would turn out not to exist.
Why? Because in self-knowing primordial wisdom (rang rig ye shes)[158]Note 158 · p. 259 · rang rig and rang rig ye shes: GPT-6.2 Astra's "your own awareness" and Dharmamitra's "reflexive awareness" are replaced by the glossary's "self-knowing awareness" and "self-knowing primordial wisdom". Claude Fable 5.2 and Gemini 4 Neon's "timeless awareness" for ye shes is replaced by "primordial wisdom".
there is neither distraction nor nondistraction.
Wherever there is grasping,
there is no self-arisen primordial wisdom.
If self-arisen primordial wisdom itself
were to fall under the power of meditation,
the very thesis of primordial wisdom would thereby be contradicted.
Therefore, in the Great Perfection, Ati,
it is explained that the meaning is not seen by meditating.
In the Great Perfection, Atiyoga,
in the view itself there is nothing to be viewed.[159]Note 159 · p. 259 · The last line (lta ba nyid la blta ru / med) runs over the page break; the English sentence is completed here, so the next part should begin after med.
Viewing is a stain of mind.
In the stainless, pure nature of phenomena
there is freedom from both something viewed and a viewer.
In the view itself there is nothing to be viewed.

[p. 260] Why? If there were something to be viewed,
the lamp of awareness would turn out not to exist.
Therefore, in the Great Perfection, Ati,
there is no nature of grasping at a view.[160]Note 160 · p. 260 · chos nyid in lta ba 'dzin pa'i chos nyid med, byas pa'i chos nyid and 'jig pa'i chos nyid is used in the plain sense "the nature of / having the nature of", not as dharmatā, so the glossary's "the nature of phenomena" is not applied in these three lines (GPT-6.2 Astra and Gemini 4 Neon have "true nature", Dharmamitra "nature of reality").
In the Great Perfection, Atiyoga,
it is taught that there is no fruition to be accomplished.
The fruition is not something made; it is the self-arisen itself.
On the nonconceptual level is the tathāgata,
for in the great pure appearance of primordial wisdom
natural radiance (rang gdangs), free of grasping, is lucid.
If there were a fruition,
buddhahood itself would turn out not to exist,
because the self-arisen is without effort.
A fruition has the nature of something made,[161]Note 161 · p. 260 · 'bras bu byas pa'i chos nyid de: Dharmamitra makes this a further conditional ("If that fruition were of a produced nature") and attaches the preceding phyir-clauses forwards. The Tibetan states flatly that a fruition has the nature of something made, as GPT-6.2 Astra, Claude Fable 5.2 and Gemini 4 Neon have it.
and since whatever is made
has the nature of perishing,
therefore there is no fruition to be accomplished.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 67 % of the words.

So it says.

10 No training on the levels and so forth ས་ལ་སྦྱང་དུ་མེད་པ་ལ་སོགས་པ10 No training on the levels and so forth (topical division)
Since everything is already accomplished as the great sphere of luminosity, there are no levels, path, maṇḍala generation, mantra, empowerment, samaya or completion stage; were these needed, dharmakāya would be conditioned and perishable. Supported by the Seng ge rtsal rdzogs and All-Creating King.

In the same way, it should also be understood that there is no training on the levels,[162]Note 162 · p. 260 · sa is rendered "level" throughout, per the glossary, against "grounds" in GPT-6.2 Astra and Dharmamitra and "stages" in Gemini 4 Neon. and so forth:

Since in phenomena that do not exist there are no levels to be traversed,
neither, primordially, is there any path to be travelled.
Since, as the great sphere (thig le chen po) of luminosity,

[p. 261] all is already accomplished,
there is no maṇḍala generated by the radiating and gathering of discursive thought,
no mantra, no recitation, no empowerment and no samaya.
There is no completion stage without reference point, of gradual dissolution and the like.
In the kāyas and primordial wisdom, already accomplished primordially,
there is no conditioned ('dus byas), adventitious cause and effect arisen from circumstances.
If these existed, it would not be self-arisen primordial wisdom.
Being conditioned, it would be perishable,
and for what reason, then, would it be described as "spontaneously present and unconditioned ('dus ma byas)"?

Because awareness is without any very essence, because in that itself action and agent are substantially contradictory,[163]Note 163 · p. 261 · de nyid la bya byed rdzas 'gal ba: Dharmamitra takes de nyid as "that very reality" and drops rdzas; GPT-6.2 Astra paraphrases; Claude Fable 5.2 attaches "substantial" to action and agent. I read de nyid as referring back to awareness and rdzas 'gal as "substantially contradictory", close to Gemini 4 Neon. and because it is already primordially spontaneously present, there is nothing to be done: no training on the levels, no traversing of the path, no generating of the maṇḍala, no conferring of empowerment, no meditating on the path, no keeping of samaya, no accomplishing of enlightened activity, and so forth. For what is primordially spontaneously present does not need to be accomplished over again. If it did need to be, the conventional designation "spontaneously

[p. 262] present and unconditioned" would be inadmissible, and it would follow that the dharmakāya perishes, because it would be conditioned, since it would be something made by causes and conditions.

The Lion's Perfect Dynamic Energy says:

Where there is no transgressing the unborn meaning,[165]Note 165 · p. 262 · 'da' med: Claude Fable 5.2 "no straying", Dharmamitra "never departs"; I follow GPT-6.2 Astra and Gemini 4 Neon ("transgress"), which fits the samaya context.
one does not awaken to buddhahood by keeping samaya.
Where the maṇḍala is primordially naturally abiding,
one does not see the deity by drawing a maṇḍala.
Where the mudrā, unaltered, is primordially perfect,
through mudrās of effort the siddhis (dngos grub) fade away.
Where the heart essence is primordially naturally lucid,
by reciting heart-essence mantras[164]Note 164 · p. 262 · snying po … snying po bzlas pas: the verse plays on snying po as the heart essence itself and as the heart (hṛdaya) mantra that is recited. I keep "heart essence" in the first line and "heart-essence mantras" in the second; the drafts have "heart mantra" or "essence mantra" in one or both. the seed rots.
Where the measureless palace is primordially perfect in itself,
by generating a measureless palace self-appearance is lost.
Where the light rays of compassionate responsiveness arise naturally,
by meditating on the deity's attire one's own aim fades away.
In what is spontaneously perfect (lhun gyis rdzogs pa) without being generated,
there is no need to perform the generation stage (bskyed rim) or the invitation.
Offerings and praises made with effort do not please the deity.
In the dharmakāya, free of grasping, unobstructed and transparent,
by meditation on marks

[p. 263] the meaning is not found.Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 77 % of the words.

And The All-Creating King says:

It is taught that there is no view to be meditated upon.
It is taught that there is no samaya to be kept.
It is taught that there is no enlightened activity to be sought.[166]Note 166 · p. 263 · 'phrin las btsal du med: Adzom reads brtsal ("to be striven for") for btsal ("to be sought"). I keep btsal, which is confirmed by the same phrase ('phrin las btsal med) in the Kun byed quotation that follows on the next page.
It is taught that there is no path to be traversed.
It is taught that there is no level of abiding to be examined.[167]Note 167 · p. 263 · gnas sa dpyad du med is translated as it stands ("no level of abiding to be examined"). In lists of this kind one would expect a line on training on the levels (sa la sbyang du med), so the reading may be secondary. Dharmamitra's "levels or stages" does not render gnas.
Primordial wisdom is nonconceptual and without conduct.
The nature of phenomena, just as it is, is not to be contrived.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 71 % of the words.

So it says.

11 Summing up the meaning as beyond cause and effect, effort and striving དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ11 Summing up the meaning as beyond cause and effect, effort and striving (topical division)
Concluding verse: in ultimate basic space the ten natures of cause and effect do not exist. Self-arisen wisdom cannot be improved by effort or worsened by saṃsāra; it is the sole sphere beyond existence and nonexistence, known by those of highest capacity, as the All-Creating King and Rang shar declare.

Now, the meaning of these is summed up as being beyond cause and effect, effort and striving:[168]Note 168 · p. 263 · rtsol sgrub / rtsol dang bsgrub med: rendered "effort and striving" per the glossary, where all drafts have "accomplishment" or "achievement".

Therefore, in the essence of ultimate basic space,
beyond cause and effect, the ten natures do not exist.
The genuine meaning of mind itself, without effort and without striving—
please know it to be the stilling of all conceptual elaborations of existence and nonexistence.

Because the fundamental nature (gshis), self-arisen primordial wisdom, is not established as anything whatsoever, it cannot be made better by the cause and effect, the effort and striving, of the ten natures, nor can it be made worse by the phenomena of saṃsāra[169]Note 169 · p. 263 · The last clause is completed in English with byar med from the first words of p. 264 ("nor can it be made worse"). Dharmamitra omits the clause on the phenomena of saṃsāra altogether.

[p. 264] ; and so that which abides as the sole sphere,[170]Note 170 · p. 264 · The part opens with byar med pas, the end of "nor can it be made worse", which the previous part already rendered. Only the causal link ("and so") is carried over; Dharmamitra translates the whole clause again. the essence that, like space, is free of the conceptual elaborations[172]Note 172 · p. 264 · nam mkha' ltar: taken with "free of conceptual elaborations", as in Dharmamitra and Gemini 4 Neon, rather than with "abides" as in Claude Fable 5.2. GPT-6.2 Astra breaks the sentence in two and makes "since it cannot be made worse" the reason for the essence's freedom; the Tibetan is a single clause whose object is "that which abides as the sole sphere". (spros pa dang bral ba) of existence and nonexistence, is to be known by those of the very highest capacity.[171]Note 171 · p. 264 · dbang po yang rab: rendered "those of the very highest capacity", following the glossary's rule for the acumen of disciples; the drafts have "faculties". The All-Creating King says:

Since before immeasurable aeons,
through faith in me, all-creating awakening,
for the yogins of atiyoga,[175]Note 175 · p. 264 · shin tu rnal 'byor pa: "yogins of atiyoga" with Claude Fable 5.2 and the glossary; Dharmamitra, GPT-6.2 Astra and Gemini 4 Neon weaken it to "supreme yogins" or "yogins of the highest order". endowed with karma and fortune,
there is no view to meditate upon, no samaya to keep,
no enlightened activity to seek,[173]Note 173 · p. 264 · 'phrin las btsal med: Adzom reads brtsal med ("no enlightened activity to strive at"). I keep btsal ("to seek"), which matches the parallel All-Creating King quotation in the previous part ("no enlightened activity to be sought"). no path to traverse,
no training on the levels,[174]Note 174 · p. 264 · sa la sbyang med: Adzom reads spyad med ("no levels to be engaged in/practised"). I keep sbyang ("no training on the levels"), the usual wording of this list in the tantra. no cause and no effect,
and no duality of the ultimate and the relative.
Seeing that there is nothing to meditate upon[178]Note 178 · p. 264 · Syntax of the verse: the med-clauses of lines 4–7 are left as plain statements about the yogins, and mthong ba ("seeing") is kept in line 8 where the Tibetan has it (Dharmamitra, Gemini 4 Neon). Claude Fable 5.2 extends "see that" over the whole list, which is possible but less close. or to accomplish,
with no arousing of the mind set on awakening,[176]Note 176 · p. 264 · sems bskyed med: this is the ordinary arousing of bodhicitta, here negated. It is rendered "arousing of the mind set on awakening" to keep it apart from "awakened mind" (byang chub sems) in its Great Perfection sense; Gemini 4 Neon's "generation of awakened mind" blurs the two. and seeing no antidote,
they see the nature of the all-creating mind:
it is for such a purpose that this is taught.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 79 % of the words.
[177]Note 177 · p. 264 · de lta bu yi dgos ched bstan pa yin: dgos ched is "purpose", so "it is for such a purpose that this is taught" (Claude Fable 5.2, Gemini 4 Neon). GPT-6.2 Astra's "for the sake of such as these" turns the purpose into persons. Dharmamitra's "this very purpose has been revealed" loses de lta bu ("such").

And The Natural Arising says:

In my enlightened body, all is perfect.
In my enlightened speech (gsung), all is display.
In my enlightened mind, all is realized.

[p. 265] My qualities appear as anything whatsoever.
My enlightened activity (phrin las) is found without being sought.
My view is the kāya of the sphere (thig le).[179]Note 179 · p. 265 · thig le'i sku: "the kāya of the sphere" per the glossary (Claude Fable 5.2); Dharmamitra has "seminal point", and Dharmamitra, GPT-6.2 Astra and Gemini 4 Neon have "body" for sku.
My meditation is free of the intellect.
My conduct is beyond objects.
My fruition is the level of oneness.[180]Note 180 · p. 265 · gcig pa'i sa: "the level of oneness" (Claude Fable 5.2, Dharmamitra) rather than "the single level" (GPT-6.2 Astra, Gemini 4 Neon); the genitive gcig pa'i points to oneness as what characterizes the level.
My samaya has nothing to be kept.
In my empowerment there is nothing conferred and nothing received.
I am the great charnel ground,
the grave of all buddhas and sentient beings.
From my great blessing
all the buddhas of the three times arise.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 87 % of the words.

So it says.

12 Colophon of the fifth chapter ལེའུ་ལྔ་པའི་འགྲེལ་པའི་མཇུག་བྱང12 Colophon of the fifth chapter (topical division)
Chapter colophon: the commentary on the fifth chapter of the Treasury of the Basic Space of Phenomena, showing what is beyond effort and striving, cause and effect.

From The Precious Treasury of the Basic Space of Phenomena (chos dbyings rin po che'i mdzod), this is the commentary on the fifth chapter, which shows what is beyond effort and striving, cause and effect.[181]Note 181 · p. 265 · Chapter title: the Tibetan names no subject, so GPT-6.2 Astra's added "the Basic Space of Phenomena is" is dropped. rtsol sgrub rgyu 'bras is "effort and striving, cause and effect" per the glossary; the drafts have "accomplishment" and, in Claude Fable 5.2 and GPT-6.2 Astra, "result".

Translation notes
  • 143. [p. 256] Dharmamitra omits the first line of the quotation ('bras bu chos sku stong nyid la); it is restored here.
  • 144. [p. 256] Dharmamitra and Gemini 4 Neon use "liberation/liberated" for grol, and GPT-6.2 Astra "realization" for dgongs pa; the glossary's "freedom" and "enlightened intent" are used, which keeps dgongs pa apart from rtogs pa in the same sentence.
  • 145. [p. 256] shig shig: GPT-6.2 Astra has "vividly realizes". It is read with Dharmamitra, Claude Fable 5.2 and Gemini 4 Neon as crumbling or falling apart ("fall utterly apart").
  • 146. [p. 256] yod thos is doubtful and may be a corruption. It is read as "heard/reputed to exist" with Dharmamitra and Claude Fable 5.2, not as two coordinated items as in Gemini 4 Neon ("existing and heard of").
  • 147. [p. 256] In brtags pas rang bzhin med par yang … ye nas 'dug pa ma mthong ba, the lack of intrinsic nature and the abiding as the view are both taken as the object of "not seen". Dharmamitra breaks the syntax by making line 2 an independent statement and "in the view" a locative.
  • 148. [p. 257] de dag tu byar med pa: Dharmamitra has "cannot be enacted" and Claude Fable 5.2 "cannot be made into any of these". It is rendered with the glossary's predicate sense of byar med, "there is nothing to be done by way of them".
  • 149. [p. 257] phan tshun rdzas 'gal bas: GPT-6.2 Astra supplies "what is acted upon and what acts" as the subject. The Tibetan leaves the subject implicit and the translation does the same.
  • 150. [p. 257] Dharmamitra adds "awareness" to rang byung ("self-arisen awareness"); it is not in the Tibetan.
  • 151. [p. 258] kun bzangs is read as kun bzang.
  • 152. [p. 258] dran pa 'gags: Claude Fable 5.2 has "recollection", the others "mindfulness". "Mindfulness" is kept as the faculty that meditation depends on, parallel to view/appearances and conduct/body, though "recollection" is possible.
  • 153. [p. 258] legs par bstan gyis: Gemini 4 Neon's "since this is well taught" misreads the first-person promise ("I shall teach this well").
  • 154. [p. 258] rtsal sprugs: GPT-6.2 Astra ("power given full play") and Gemini 4 Neon ("unfurling dynamic energy") take it positively, and Dharmamitra has "effort exhausted". With Claude Fable 5.2, med pa is read as governing both rtsal sprugs and smon pa, and rtsal is taken in its plain sense of strength exerted, not the technical "dynamic energy". This suits a passage that denies effort.
  • 155. [p. 258] snga ma de nyid don: read with Claude Fable 5.2 as "the meaning of what has been so from the first". Dharmamitra's "pristine, genuine reality" drops snga ma.
  • 156. [p. 258] sgom pa'i chos nyid: Dharmamitra and GPT-6.2 Astra translate as if it were bsgom bya'i ("to be meditated upon"). The genitive is kept ("that consists in meditation"), parallel to lta ba 'dzin pa'i chos nyid on the following page.
  • 157. [p. 259] btang dang bzhag pa med pa'i chos: the drafts have "reality" (Dharmamitra, Claude Fable 5.2, GPT-6.2 Astra) or "phenomenon" (Gemini 4 Neon). It is taken as the Dharma of Atiyoga, the teaching without releasing or settling the mind; "phenomena" remains possible.
  • 158. [p. 259] rang rig and rang rig ye shes: GPT-6.2 Astra's "your own awareness" and Dharmamitra's "reflexive awareness" are replaced by the glossary's "self-knowing awareness" and "self-knowing primordial wisdom". Claude Fable 5.2 and Gemini 4 Neon's "timeless awareness" for ye shes is replaced by "primordial wisdom".
  • 159. [p. 259] The last line (lta ba nyid la blta ru / med) runs over the page break; the English sentence is completed here, so the next part should begin after med.
  • 160. [p. 260] chos nyid in lta ba 'dzin pa'i chos nyid med, byas pa'i chos nyid and 'jig pa'i chos nyid is used in the plain sense "the nature of / having the nature of", not as dharmatā, so the glossary's "the nature of phenomena" is not applied in these three lines (GPT-6.2 Astra and Gemini 4 Neon have "true nature", Dharmamitra "nature of reality").
  • 161. [p. 260] 'bras bu byas pa'i chos nyid de: Dharmamitra makes this a further conditional ("If that fruition were of a produced nature") and attaches the preceding phyir-clauses forwards. The Tibetan states flatly that a fruition has the nature of something made, as GPT-6.2 Astra, Claude Fable 5.2 and Gemini 4 Neon have it.
  • 162. [p. 260] sa is rendered "level" throughout, per the glossary, against "grounds" in GPT-6.2 Astra and Dharmamitra and "stages" in Gemini 4 Neon.
  • 163. [p. 261] de nyid la bya byed rdzas 'gal ba: Dharmamitra takes de nyid as "that very reality" and drops rdzas; GPT-6.2 Astra paraphrases; Claude Fable 5.2 attaches "substantial" to action and agent. I read de nyid as referring back to awareness and rdzas 'gal as "substantially contradictory", close to Gemini 4 Neon.
  • 164. [p. 262] snying po … snying po bzlas pas: the verse plays on snying po as the heart essence itself and as the heart (hṛdaya) mantra that is recited. I keep "heart essence" in the first line and "heart-essence mantras" in the second; the drafts have "heart mantra" or "essence mantra" in one or both.
  • 165. [p. 262] 'da' med: Claude Fable 5.2 "no straying", Dharmamitra "never departs"; I follow GPT-6.2 Astra and Gemini 4 Neon ("transgress"), which fits the samaya context.
  • 166. [p. 263] 'phrin las btsal du med: Adzom reads brtsal ("to be striven for") for btsal ("to be sought"). I keep btsal, which is confirmed by the same phrase ('phrin las btsal med) in the Kun byed quotation that follows on the next page.
  • 167. [p. 263] gnas sa dpyad du med is translated as it stands ("no level of abiding to be examined"). In lists of this kind one would expect a line on training on the levels (sa la sbyang du med), so the reading may be secondary. Dharmamitra's "levels or stages" does not render gnas.
  • 168. [p. 263] rtsol sgrub / rtsol dang bsgrub med: rendered "effort and striving" per the glossary, where all drafts have "accomplishment" or "achievement".
  • 169. [p. 263] The last clause is completed in English with byar med from the first words of p. 264 ("nor can it be made worse"). Dharmamitra omits the clause on the phenomena of saṃsāra altogether.
  • 170. [p. 264] The part opens with byar med pas, the end of "nor can it be made worse", which the previous part already rendered. Only the causal link ("and so") is carried over; Dharmamitra translates the whole clause again.
  • 171. [p. 264] dbang po yang rab: rendered "those of the very highest capacity", following the glossary's rule for the acumen of disciples; the drafts have "faculties".
  • 172. [p. 264] nam mkha' ltar: taken with "free of conceptual elaborations", as in Dharmamitra and Gemini 4 Neon, rather than with "abides" as in Claude Fable 5.2. GPT-6.2 Astra breaks the sentence in two and makes "since it cannot be made worse" the reason for the essence's freedom; the Tibetan is a single clause whose object is "that which abides as the sole sphere".
  • 173. [p. 264] 'phrin las btsal med: Adzom reads brtsal med ("no enlightened activity to strive at"). I keep btsal ("to seek"), which matches the parallel All-Creating King quotation in the previous part ("no enlightened activity to be sought").
  • 174. [p. 264] sa la sbyang med: Adzom reads spyad med ("no levels to be engaged in/practised"). I keep sbyang ("no training on the levels"), the usual wording of this list in the tantra.
  • 175. [p. 264] shin tu rnal 'byor pa: "yogins of atiyoga" with Claude Fable 5.2 and the glossary; Dharmamitra, GPT-6.2 Astra and Gemini 4 Neon weaken it to "supreme yogins" or "yogins of the highest order".
  • 176. [p. 264] sems bskyed med: this is the ordinary arousing of bodhicitta, here negated. It is rendered "arousing of the mind set on awakening" to keep it apart from "awakened mind" (byang chub sems) in its Great Perfection sense; Gemini 4 Neon's "generation of awakened mind" blurs the two.
  • 177. [p. 264] de lta bu yi dgos ched bstan pa yin: dgos ched is "purpose", so "it is for such a purpose that this is taught" (Claude Fable 5.2, Gemini 4 Neon). GPT-6.2 Astra's "for the sake of such as these" turns the purpose into persons. Dharmamitra's "this very purpose has been revealed" loses de lta bu ("such").
  • 178. [p. 264] Syntax of the verse: the med-clauses of lines 4–7 are left as plain statements about the yogins, and mthong ba ("seeing") is kept in line 8 where the Tibetan has it (Dharmamitra, Gemini 4 Neon). Claude Fable 5.2 extends "see that" over the whole list, which is possible but less close.
  • 179. [p. 265] thig le'i sku: "the kāya of the sphere" per the glossary (Claude Fable 5.2); Dharmamitra has "seminal point", and Dharmamitra, GPT-6.2 Astra and Gemini 4 Neon have "body" for sku.
  • 180. [p. 265] gcig pa'i sa: "the level of oneness" (Claude Fable 5.2, Dharmamitra) rather than "the single level" (GPT-6.2 Astra, Gemini 4 Neon); the genitive gcig pa'i points to oneness as what characterizes the level.
  • 181. [p. 265] Chapter title: the Tibetan names no subject, so GPT-6.2 Astra's added "the Basic Space of Phenomena is" is dropped. rtsol sgrub rgyu 'bras is "effort and striving, cause and effect" per the glossary; the drafts have "accomplishment" and, in Claude Fable 5.2 and GPT-6.2 Astra, "result".
[edit]
The critical edition of each page beside its translation. The colours follow the Tsadra bilingual edition of the Treasury of Knowledge, as on the Jonang wiki: blue the outline (the divisions the commentary announces and opens), gold the quotations, red the words of the root verses (or of a quotation) that the commentary quotes to explain them, and black the author's own words. Verse is set line by line and indented; prose runs on. Point at a heading, a source title or a note number, or tap it, to read the summary, the identification or the note. The outline, the quotations and their sources were found by AI (Claude Opus 5.5, November 2026) and placed by program, the root verses by program; they have not been checked by a scholar. On a narrow screen the English follows the Tibetan.
OutlineQuotation (its source named after it)Root verses being explainedAuthor's own wordsVerse: line by line, indented
Tibetan · critical edition
English · machine translation
[p. 256]
འབྲས་བུ་ཆོས་སྐུ་སྟོང་ཉིད་ལ།
།དངོས་པོ་ཟད་པ་ཡ་མཚན་ཆེ།
།དངོས་མེད་ཡེ་ཤེས་ཟང་ཐལ་ལ།
།གཟུང་བ་མེད་པ་ཡ་མཚན་ཆེ།
།ཞེས་སོ། །འདིའི་དུས་སུ་སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བརྟགས་ཐམས་ཅད་བདེན་མེད་དུ་ཤིག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་བཅུད་ཡོད་ཐོས་སྣང་བ་འདི།
།བརྟགས་པས་རང་བཞིན་མེད་པར་ཡང༌།
།གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི།
།ཡེ་ནས་འདུག་པ་མ་མཐོང་བ།
།དབང་པོ་རྣམས་ཀྱི་སྒོ་འགགས་སམ།
།ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། །རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི། རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་

In the fruition, dharmakāya, emptiness (stong nyid),[143]Note 143 · p. 256 · Dharmamitra omits the first line of the quotation ('bras bu chos sku stong nyid la); it is restored here.
the exhaustion of substantial entities is a great wonder!
In insubstantial primordial wisdom, unobstructed and transparent,
the absence of any perceived object is a great wonder!Rin po che spungs paQuotation (named in the text: རིན་པོ་ཆེ་སྤུངས་པ་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0054-vol-01-text (the text itself), 100 % of the words.

So it says. At this time, since all that appears and exists (snang srid) has passed into freedom from all bounds (rgya grol), whatever appears is freed in realization; this is called "the enlightened intent of the total freedom of the three realms."[144]Note 144 · p. 256 · Dharmamitra and Gemini 4 Neon use "liberation/liberated" for grol, and GPT-6.2 Astra "realization" for dgongs pa; the glossary's "freedom" and "enlightened intent" are used, which keeps dgongs pa apart from rtogs pa in the same sentence. Since saṃsāra is realized never to have existed, this is called "the enlightened intent of the primordial purity of the three planes of conditioned existence." Since everything that appears and is imputed is realized to fall utterly apart,[145]Note 145 · p. 256 · shig shig: GPT-6.2 Astra has "vividly realizes". It is read with Dharmamitra, Claude Fable 5.2 and Gemini 4 Neon as crumbling or falling apart ("fall utterly apart"). devoid of true existence, this is called "the view that cuts the continuity of the city." That same tantra says:

These appearances of the world and its inhabitants, reputed to exist,[146]Note 146 · p. 256 · yod thos is doubtful and may be a corruption. It is read as "heard/reputed to exist" with Dharmamitra and Claude Fable 5.2, not as two coordinated items as in Gemini 4 Neon ("existing and heard of").
are, when examined, without intrinsic nature,
and so, as the view that cuts the continuity of the city,
they have primordially abided. Not to have seen this[147]Note 147 · p. 256 · In brtags pas rang bzhin med par yang … ye nas 'dug pa ma mthong ba, the lack of intrinsic nature and the abiding as the view are both taken as the object of "not seen". Dharmamitra breaks the syntax by making line 2 an independent statement and "in the view" a locative.—
are the doors of the sense faculties blocked?Rin po che spungs paQuotation (the text says: the same source: རྒྱུད་དེ་ཉིད་ལས)
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Klong chen rab byams gsung 'bum/volume 019 459 (a parallel: ཚིག་དོན་རིན་པོ་ཆེའི་མཛོད), 100 % of the words.

It is this that is thoroughly seen and realized.

9 The essence of awareness shown to be beyond objects, like space རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ9 The essence of awareness shown to be beyond objects, like space (topical division)
In awakened mind there is no view, meditation, conduct or fruition to be accomplished. Three reasons—awareness lacks essence, action and agent are contradictory, and dharmakāya is already accomplished—show awareness to be beyond them, supported by the Seng ge rtsal rdzogs, Klong drug pa and Rang shar.

The essence of awareness is shown to be beyond objects, like space:

In the essence of utterly pure awakened mind

[p. 257]
ལ། །ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད།
།བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད།
།སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད།
།སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས།
།བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད།
།ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱེད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང༌། ཕན་ཚུན་རྫས་འགལ་བས་ཀྱང༌། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང༌། རང་རིག་ཆོས་སྐུ་གྲུབ་ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ།
།སྒོམ་པ་བྱས་པས་ང་མི་རྙེད།
།རང་བྱུང་ཡེ་ནས་བཅོས་མེད་ལ།
།སྤྱོད་པ་སྤྱད་པས་ང་མི་མཐོང༌།
།ཆོས་སྐུ་ཡེ་ནས་མཐའ་བྲལ་ལ།
།ལྟ་

there is no object of a view, and nothing that is a view;
there is not so much as an atom of anything to be viewed or of anything that views.
There is no intellect that meditates, and no phenomenon to be meditated upon either.
Since what is enacted and conduct are nondual, spontaneously present,
there is not so much as an atom of a fruition to be accomplished.

Suppose view, meditation, conduct and fruition are carried out with regard to awareness. Since that very awareness at the time of carrying them out has no essence, there is nothing to be done by way of them.[148]Note 148 · p. 257 · de dag tu byar med pa: Dharmamitra has "cannot be enacted" and Claude Fable 5.2 "cannot be made into any of these". It is rendered with the glossary's predicate sense of byar med, "there is nothing to be done by way of them". Since they would be mutually contradictory as substances,[149]Note 149 · p. 257 · phan tshun rdzas 'gal bas: GPT-6.2 Astra supplies "what is acted upon and what acts" as the subject. The Tibetan leaves the subject implicit and the translation does the same. action and agent are not established within a single instant. And since self-knowing awareness, dharmakāya, is already accomplished, view, meditation, conduct and fruition serve no purpose. By these three reasons, awareness is shown to be beyond view, meditation, conduct and fruition. The Lion's Perfect Dynamic Energy (Seng ge rtsal rdzogs) says:

Awareness is spontaneously present without being meditated upon;
by practicing meditation, I am not found.
The self-arisen (rang byung) is primordially uncontrived;[150]Note 150 · p. 257 · Dharmamitra adds "awareness" to rang byung ("self-arisen awareness"); it is not in the Tibetan.
by engaging in conduct, I am not seen.
Dharmakāya is primordially free of extremes (mtha' bral);

[p. 258]
བ་བལྟས་པས་ང་མི་མཐོང༌། །ཞེས་པ་དང༌། ཀློང་དྲུག་པ་ལས། ཀུན་བཟངས་ང་ལ་ལྟ་བ་མེད།
།ལྟ་བ་མེད་ཕྱིར་སྣང་བ་ཟད།
།དེ་བཞིན་སྒོམ་པ་ཉིད་ཀྱང་མེད།
།སྒོམ་པ་མེད་ཕྱིར་དྲན་པ་འགགས།
།སྤྱོད་པ་ཞེས་ནི་བརྗོད་དུ་མེད།
།སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད།
།ཅེས་པ་དང༌། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ།
།ལྟ་དང་སྒོམ་དང་སྤྱོད་པ་མེད།
།ལེགས་པར་བསྟན་གྱིས་ཡིད་ལ་ཟུང༌།
།བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི།
།བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན།
།བྱ་བ་དང་ནི་བྱེད་པ་ག་ལ་ཡོད།
།སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི།
།གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན།
།ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད།
།མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ།
།བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད།
།རྫོགས་ཆེན་ཨ་ཏི་ཡོ་ག་ལ།
།སྒོམ་པའི་ཆོས་ཉིད་ག་ལ་ཡོད།
།

by looking with a view, I am not seen.Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words were not found among the texts on this wiki.

And the Six Expanses (Klong drug pa) says:

For me, Samantabhadra, there is no view.[151]Note 151 · p. 258 · kun bzangs is read as kun bzang.
Because there is no view, appearances are exhausted.
Likewise, there is no meditation either.
Because there is no meditation, mindfulness has ceased.[152]Note 152 · p. 258 · dran pa 'gags: Claude Fable 5.2 has "recollection", the others "mindfulness". "Mindfulness" is kept as the faculty that meditation depends on, parallel to view/appearances and conduct/body, though "recollection" is possible.
There is nothing to be spoken of as "conduct."
Because there is no conduct, the elements ('byung ba) of the body are exhausted.Klong drug paQuotation (named in the text: ཀློང་དྲུག་པ་ལས)
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0062-vol-01-text (the text itself), 55 % of the words.

And Naturally Arising Awareness (Rang shar) says:

In the Great Perfection, Atiyoga,
there is no view, no meditation and no conduct.
I shall teach this well;[153]Note 153 · p. 258 · legs par bstan gyis: Gemini 4 Neon's "since this is well taught" misreads the first-person promise ("I shall teach this well"). hold it in mind.
With nothing to accomplish, no straining of strength and no aspiration,[154]Note 154 · p. 258 · rtsal sprugs: GPT-6.2 Astra ("power given full play") and Gemini 4 Neon ("unfurling dynamic energy") take it positively, and Dharmamitra has "effort exhausted". With Claude Fable 5.2, med pa is read as governing both rtsal sprugs and smon pa, and rtsal is taken in its plain sense of strength exerted, not the technical "dynamic energy". This suits a passage that denies effort.
nothing to be done, spontaneously perfect (lhun rdzogs): this is the meaning of what has been so from the first.[155]Note 155 · p. 258 · snga ma de nyid don: read with Claude Fable 5.2 as "the meaning of what has been so from the first". Dharmamitra's "pristine, genuine reality" drops snga ma.
How could there be any action or any agent?
This self-arisen nature of phenomena, in which there is no conduct,
falls to no side whatsoever, like space.
It is not existent: it is emptiness alone.
It is not nonexistent: it is the kāya of genuine bliss.
It is not made: it is self-arisen and nonconceptual.
In the Great Perfection, Atiyoga,
how could there be any nature of phenomena that consists in meditation?[156]Note 156 · p. 258 · sgom pa'i chos nyid: Dharmamitra and GPT-6.2 Astra translate as if it were bsgom bya'i ("to be meditated upon"). The genitive is kept ("that consists in meditation"), parallel to lta ba 'dzin pa'i chos nyid on the following page.

[p. 259]
བཏང་དང་བཞག་པ་མེད་པའི་ཆོས།
།སྒོམ་དང་མ་བསྒོམས་མཐའ་ལས་གྲོལ།
།འཛིན་མེད་སེམས་ཀྱི་དྲི་མ་ཅི།
།ཡང་དག་རིག་པ་དྲི་མ་མེད།
།དྲི་མེད་དག་པའི་ཆོས་སྐུ་ལ།
།སྒོམ་དང་བསྒོམ་པར་བྱ་བ་མེད།
།བསྒོམས་པས་ཡང་དག་ཉིད་མི་རྙེད།
།རྙེད་ན་རང་རིག་མེད་པར་འགྱུར།
།ཅི་ཕྱིར་རང་རིག་ཡེ་ཤེས་ལ།
།ཡེངས་དང་མ་ཡེངས་མེད་པའི་ཕྱིར།
།གང་ལ་འཛིན་པ་ཡོད་པ་ལ།
།རང་བྱུང་ཡེ་ཤེས་ཡོད་མ་ཡིན།
།གལ་ཏེ་རང་བྱུང་ཡེ་ཤེས་ཉིད།
།སྒོམ་པའི་དབང་དུ་གྱུར་པའི་ཕྱིར།
།ཡེ་ཤེས་དམ་བཅའ་འགལ་བར་འགྱུར།
།དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ།
།བསྒོམས་པས་དོན་མི་མཐོང་བར་བཤད།
།རྫོགས་ཆེན་ཨ་ཏི་ཡོ་ག་ལ།
།ལྟ་བ་ཉིད་ལ་བལྟ་རུ་མེད།
།བལྟ་བ་སེམས་ཀྱི་དྲི་མ་ཡིན།
།དྲི་མེད་དག་པའི་ཆོས་ཉིད་ལ།
།བལྟ་བྱ་ལྟ་བྱེད་གཉིས་དང་བྲལ།
།ལྟ་བ་ཉིད་ལ་བལྟ་རུ་

This Dharma, in which nothing is let go[157]Note 157 · p. 259 · btang dang bzhag pa med pa'i chos: the drafts have "reality" (Dharmamitra, Claude Fable 5.2, GPT-6.2 Astra) or "phenomenon" (Gemini 4 Neon). It is taken as the Dharma of Atiyoga, the teaching without releasing or settling the mind; "phenomena" remains possible. and nothing set in place,
is free of the extremes of meditating and not meditating.
Where there is no grasping, what stain of mind could there be?
Genuine awareness is without stain.
In the stainless, pure dharmakāya
there is no meditation and nothing to be meditated upon.
By meditating, the genuine itself is not found;
were it found, self-knowing awareness would turn out not to exist.
Why? Because in self-knowing primordial wisdom (rang rig ye shes)[158]Note 158 · p. 259 · rang rig and rang rig ye shes: GPT-6.2 Astra's "your own awareness" and Dharmamitra's "reflexive awareness" are replaced by the glossary's "self-knowing awareness" and "self-knowing primordial wisdom". Claude Fable 5.2 and Gemini 4 Neon's "timeless awareness" for ye shes is replaced by "primordial wisdom".
there is neither distraction nor nondistraction.
Wherever there is grasping,
there is no self-arisen primordial wisdom.
If self-arisen primordial wisdom itself
were to fall under the power of meditation,
the very thesis of primordial wisdom would thereby be contradicted.
Therefore, in the Great Perfection, Ati,
it is explained that the meaning is not seen by meditating.
In the Great Perfection, Atiyoga,
in the view itself there is nothing to be viewed.[159]Note 159 · p. 259 · The last line (lta ba nyid la blta ru / med) runs over the page break; the English sentence is completed here, so the next part should begin after med.
Viewing is a stain of mind.
In the stainless, pure nature of phenomena
there is freedom from both something viewed and a viewer.
In the view itself there is nothing to be viewed.

[p. 260]
མེད།
།ཅི་ཕྱིར་བལྟ་བ་ཡོད་གྱུར་ན།
།རིག་པའི་སྒྲོན་མ་མེད་པར་འགྱུར།
།དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ།
།ལྟ་བ་འཛིན་པའི་ཆོས་ཉིད་མེད།
།རྫོགས་ཆེན་ཨ་ཏི་ཡོ་ག་ལ།
།འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས།
།འབྲས་བུ་བྱས་མེད་རང་བྱུང་ཉིད།
།རྟོག་མེད་ས་ལ་དེ་བཞིན་གཤེགས།
།ཡེ་ཤེས་དག་སྣང་ཆེན་པོ་ལ།
།འཛིན་མེད་རང་གདངས་གསལ་བའི་ཕྱིར།
།གལ་ཏེ་འབྲས་བུ་ཡོད་པ་ན།
།སངས་རྒྱས་མེད་པ་ཉིད་དུ་འགྱུར།
།རང་བྱུང་རྩོལ་བ་མེད་པའི་ཕྱིར།
།འབྲས་བུ་བྱས་པའི་ཆོས་ཉིད་དེ།
།བྱས་པ་གང་དང་གང་ཡོད་པ།
།འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར།
།དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད།
།ཅེས་སོ། །དེ་བཞིན་དུ་ས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས། །ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད། །འོད་གསལ་ཐིག་ལེ་ཆེན་པོར་

Why? If there were something to be viewed,
the lamp of awareness would turn out not to exist.
Therefore, in the Great Perfection, Ati,
there is no nature of grasping at a view.[160]Note 160 · p. 260 · chos nyid in lta ba 'dzin pa'i chos nyid med, byas pa'i chos nyid and 'jig pa'i chos nyid is used in the plain sense "the nature of / having the nature of", not as dharmatā, so the glossary's "the nature of phenomena" is not applied in these three lines (GPT-6.2 Astra and Gemini 4 Neon have "true nature", Dharmamitra "nature of reality").
In the Great Perfection, Atiyoga,
it is taught that there is no fruition to be accomplished.
The fruition is not something made; it is the self-arisen itself.
On the nonconceptual level is the tathāgata,
for in the great pure appearance of primordial wisdom
natural radiance (rang gdangs), free of grasping, is lucid.
If there were a fruition,
buddhahood itself would turn out not to exist,
because the self-arisen is without effort.
A fruition has the nature of something made,[161]Note 161 · p. 260 · 'bras bu byas pa'i chos nyid de: Dharmamitra makes this a further conditional ("If that fruition were of a produced nature") and attaches the preceding phyir-clauses forwards. The Tibetan states flatly that a fruition has the nature of something made, as GPT-6.2 Astra, Claude Fable 5.2 and Gemini 4 Neon have it.
and since whatever is made
has the nature of perishing,
therefore there is no fruition to be accomplished.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 67 % of the words.

So it says.

10 No training on the levels and so forth ས་ལ་སྦྱང་དུ་མེད་པ་ལ་སོགས་པ10 No training on the levels and so forth (topical division)
Since everything is already accomplished as the great sphere of luminosity, there are no levels, path, maṇḍala generation, mantra, empowerment, samaya or completion stage; were these needed, dharmakāya would be conditioned and perishable. Supported by the Seng ge rtsal rdzogs and All-Creating King.

In the same way, it should also be understood that there is no training on the levels,[162]Note 162 · p. 260 · sa is rendered "level" throughout, per the glossary, against "grounds" in GPT-6.2 Astra and Dharmamitra and "stages" in Gemini 4 Neon. and so forth:

Since in phenomena that do not exist there are no levels to be traversed,
neither, primordially, is there any path to be travelled.
Since, as the great sphere (thig le chen po) of luminosity,

[p. 261]
གྲུབ་ཟིན་པས། །རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང༌།
།སྔགས་དང་ཁ་དོན་དབང་དང་དམ་ཚིག་མེད།
།རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད།
།ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ།
།འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད།
།འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན།
།འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི།
།ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན།
།རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང༌། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང༌། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང༌། ལམ་བགྲོད་པ་དང༌། དཀྱིལ་འཁོར་བསྐྱེད་པ་དང༌། དབང་བསྐུར་བ་དང༌། ལམ་བསྒོམ་པ་དང༌། དམ་ཚིག་བསྲུང་བ་དང༌། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་

all is already accomplished,
there is no maṇḍala generated by the radiating and gathering of discursive thought,
no mantra, no recitation, no empowerment and no samaya.
There is no completion stage without reference point, of gradual dissolution and the like.
In the kāyas and primordial wisdom, already accomplished primordially,
there is no conditioned ('dus byas), adventitious cause and effect arisen from circumstances.
If these existed, it would not be self-arisen primordial wisdom.
Being conditioned, it would be perishable,
and for what reason, then, would it be described as "spontaneously present and unconditioned ('dus ma byas)"?

Because awareness is without any very essence, because in that itself action and agent are substantially contradictory,[163]Note 163 · p. 261 · de nyid la bya byed rdzas 'gal ba: Dharmamitra takes de nyid as "that very reality" and drops rdzas; GPT-6.2 Astra paraphrases; Claude Fable 5.2 attaches "substantial" to action and agent. I read de nyid as referring back to awareness and rdzas 'gal as "substantially contradictory", close to Gemini 4 Neon. and because it is already primordially spontaneously present, there is nothing to be done: no training on the levels, no traversing of the path, no generating of the maṇḍala, no conferring of empowerment, no meditating on the path, no keeping of samaya, no accomplishing of enlightened activity, and so forth. For what is primordially spontaneously present does not need to be accomplished over again. If it did need to be, the conventional designation "spontaneously

[p. 262]
གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང༌། ཆོས་སྐུ་འཇིག་པར་ཐལ་ཏེ་འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ།
།དམ་ཚིག་བསྲུངས་པས་སངས་མི་རྒྱ།
།དཀྱིལ་འཁོར་ཡེ་ནས་རང་གནས་ལ།
།དཀྱིལ་འཁོར་བྲིས་པས་ལྷ་མི་མཐོང༌།
།ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ།
།རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ།
།སྙིང་པོ་ཡེ་ནས་རང་གསལ་ལ།
།སྙིང་པོ་བཟླས་པས་ས་བོན་རུལ།
།གཞལ་ཡས་ཡེ་ནས་རང་རྫོགས་ལ།
།གཞལ་ཡས་བསྐྱེད་པས་རང་སྣང་སྟོར།
།ཐུགས་རྗེའི་འོད་ཟེར་རང་ཤར་ལ།
།ཆ་ལུགས་བསྒོམས་པས་རང་དོན་ཡལ།
།མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ།
།བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས།
།རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས།
།ཆོས་སྐུ་འཛིན་མེད་ཟང་ཐལ་ལ།
།མཚན་མའི་སྒོམ་

present and unconditioned" would be inadmissible, and it would follow that the dharmakāya perishes, because it would be conditioned, since it would be something made by causes and conditions.

The Lion's Perfect Dynamic Energy says:

Where there is no transgressing the unborn meaning,[165]Note 165 · p. 262 · 'da' med: Claude Fable 5.2 "no straying", Dharmamitra "never departs"; I follow GPT-6.2 Astra and Gemini 4 Neon ("transgress"), which fits the samaya context.
one does not awaken to buddhahood by keeping samaya.
Where the maṇḍala is primordially naturally abiding,
one does not see the deity by drawing a maṇḍala.
Where the mudrā, unaltered, is primordially perfect,
through mudrās of effort the siddhis (dngos grub) fade away.
Where the heart essence is primordially naturally lucid,
by reciting heart-essence mantras[164]Note 164 · p. 262 · snying po … snying po bzlas pas: the verse plays on snying po as the heart essence itself and as the heart (hṛdaya) mantra that is recited. I keep "heart essence" in the first line and "heart-essence mantras" in the second; the drafts have "heart mantra" or "essence mantra" in one or both. the seed rots.
Where the measureless palace is primordially perfect in itself,
by generating a measureless palace self-appearance is lost.
Where the light rays of compassionate responsiveness arise naturally,
by meditating on the deity's attire one's own aim fades away.
In what is spontaneously perfect (lhun gyis rdzogs pa) without being generated,
there is no need to perform the generation stage (bskyed rim) or the invitation.
Offerings and praises made with effort do not please the deity.
In the dharmakāya, free of grasping, unobstructed and transparent,
by meditation on marks

[p. 263]
པས་དོན་མི་རྙེད། །ཅེས་པ་དང༌། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན།
།དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན།
།འཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན།
།ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན།
།གནས་ས་དཔྱད་དུ་མེད་པར་བསྟན་པ་ཡིན།
།ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན།
།ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན།
།ཞེས་སོ། །ད་ནི་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི། དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ། །རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད། །རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན། །ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ། །གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབས་ཀྱིས་བཟང་དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་

the meaning is not found.Seng ge rtsal rdzogsQuotation (named in the text: སེང་གེ་རྩལ་རྫོགས་ལས)
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0065-vol-01-text (the text itself), 77 % of the words.

And The All-Creating King says:

It is taught that there is no view to be meditated upon.
It is taught that there is no samaya to be kept.
It is taught that there is no enlightened activity to be sought.[166]Note 166 · p. 263 · 'phrin las btsal du med: Adzom reads brtsal ("to be striven for") for btsal ("to be sought"). I keep btsal, which is confirmed by the same phrase ('phrin las btsal med) in the Kun byed quotation that follows on the next page.
It is taught that there is no path to be traversed.
It is taught that there is no level of abiding to be examined.[167]Note 167 · p. 263 · gnas sa dpyad du med is translated as it stands ("no level of abiding to be examined"). In lists of this kind one would expect a line on training on the levels (sa la sbyang du med), so the reading may be secondary. Dharmamitra's "levels or stages" does not render gnas.
Primordial wisdom is nonconceptual and without conduct.
The nature of phenomena, just as it is, is not to be contrived.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 71 % of the words.

So it says.

11 Summing up the meaning as beyond cause and effect, effort and striving དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ11 Summing up the meaning as beyond cause and effect, effort and striving (topical division)
Concluding verse: in ultimate basic space the ten natures of cause and effect do not exist. Self-arisen wisdom cannot be improved by effort or worsened by saṃsāra; it is the sole sphere beyond existence and nonexistence, known by those of highest capacity, as the All-Creating King and Rang shar declare.

Now, the meaning of these is summed up as being beyond cause and effect, effort and striving:[168]Note 168 · p. 263 · rtsol sgrub / rtsol dang bsgrub med: rendered "effort and striving" per the glossary, where all drafts have "accomplishment" or "achievement".

Therefore, in the essence of ultimate basic space,
beyond cause and effect, the ten natures do not exist.
The genuine meaning of mind itself, without effort and without striving—
please know it to be the stilling of all conceptual elaborations of existence and nonexistence.

Because the fundamental nature (gshis), self-arisen primordial wisdom, is not established as anything whatsoever, it cannot be made better by the cause and effect, the effort and striving, of the ten natures, nor can it be made worse by the phenomena of saṃsāra[169]Note 169 · p. 263 · The last clause is completed in English with byar med from the first words of p. 264 ("nor can it be made worse"). Dharmamitra omits the clause on the phenomena of saṃsāra altogether.

[p. 264]
བྱར་མེད་པས། ནམ་མཁའ་ལྟར་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས།
།ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས།
།ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ།
།ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད།
།འཕྲིན་ལས་བཙལ་མེད་ལམ་ལ་བགྲོད་དུ་མེད།
།ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད།
།དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད།
།བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང༌།
།སེམས་བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ།
།ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས།
།དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན།
།ཞེས་པ་དང༌། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས།
།ང་ཡི་གསུང་ལ་ཐམས་ཅད་རོལ།
།ང་ཡི་ཐུགས་ལ་ཐམས་ཅད་རྟོགས།
།

; and so that which abides as the sole sphere,[170]Note 170 · p. 264 · The part opens with byar med pas, the end of "nor can it be made worse", which the previous part already rendered. Only the causal link ("and so") is carried over; Dharmamitra translates the whole clause again. the essence that, like space, is free of the conceptual elaborations[172]Note 172 · p. 264 · nam mkha' ltar: taken with "free of conceptual elaborations", as in Dharmamitra and Gemini 4 Neon, rather than with "abides" as in Claude Fable 5.2. GPT-6.2 Astra breaks the sentence in two and makes "since it cannot be made worse" the reason for the essence's freedom; the Tibetan is a single clause whose object is "that which abides as the sole sphere". (spros pa dang bral ba) of existence and nonexistence, is to be known by those of the very highest capacity.[171]Note 171 · p. 264 · dbang po yang rab: rendered "those of the very highest capacity", following the glossary's rule for the acumen of disciples; the drafts have "faculties". The All-Creating King says:

Since before immeasurable aeons,
through faith in me, all-creating awakening,
for the yogins of atiyoga,[175]Note 175 · p. 264 · shin tu rnal 'byor pa: "yogins of atiyoga" with Claude Fable 5.2 and the glossary; Dharmamitra, GPT-6.2 Astra and Gemini 4 Neon weaken it to "supreme yogins" or "yogins of the highest order". endowed with karma and fortune,
there is no view to meditate upon, no samaya to keep,
no enlightened activity to seek,[173]Note 173 · p. 264 · 'phrin las btsal med: Adzom reads brtsal med ("no enlightened activity to strive at"). I keep btsal ("to seek"), which matches the parallel All-Creating King quotation in the previous part ("no enlightened activity to be sought"). no path to traverse,
no training on the levels,[174]Note 174 · p. 264 · sa la sbyang med: Adzom reads spyad med ("no levels to be engaged in/practised"). I keep sbyang ("no training on the levels"), the usual wording of this list in the tantra. no cause and no effect,
and no duality of the ultimate and the relative.
Seeing that there is nothing to meditate upon[178]Note 178 · p. 264 · Syntax of the verse: the med-clauses of lines 4–7 are left as plain statements about the yogins, and mthong ba ("seeing") is kept in line 8 where the Tibetan has it (Dharmamitra, Gemini 4 Neon). Claude Fable 5.2 extends "see that" over the whole list, which is possible but less close. or to accomplish,
with no arousing of the mind set on awakening,[176]Note 176 · p. 264 · sems bskyed med: this is the ordinary arousing of bodhicitta, here negated. It is rendered "arousing of the mind set on awakening" to keep it apart from "awakened mind" (byang chub sems) in its Great Perfection sense; Gemini 4 Neon's "generation of awakened mind" blurs the two. and seeing no antidote,
they see the nature of the all-creating mind:
it is for such a purpose that this is taught.Kun byedQuotation (named in the text: ཀུན་བྱེད་ལས)
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828
Identification: high confidence (Root tantra of the Mind Series; also included in the Kangyur.)
The quoted words are in Ngb-pt-0104-vol-02-text (the text itself), 79 % of the words.
[177]Note 177 · p. 264 · de lta bu yi dgos ched bstan pa yin: dgos ched is "purpose", so "it is for such a purpose that this is taught" (Claude Fable 5.2, Gemini 4 Neon). GPT-6.2 Astra's "for the sake of such as these" turns the purpose into persons. Dharmamitra's "this very purpose has been revealed" loses de lta bu ("such").

And The Natural Arising says:

In my enlightened body, all is perfect.
In my enlightened speech (gsung), all is display.
In my enlightened mind, all is realized.

[p. 265]
ང་ཡི་ཡོན་ཏན་ཅིར་ཡང་སྣང༌།
།ང་ཡི་ཕྲིན་ལས་མ་བཙལ་རྙེད།
།ང་ཡི་ལྟ་བ་ཐིག་ལེའི་སྐུ།
།ང་ཡི་སྒོམ་པ་བློ་ལས་གྲོལ།
།ང་ཡི་སྤྱོད་པ་ཡུལ་ལས་འདས།
།ང་ཡི་འབྲས་བུ་གཅིག་པའི་ས།
།ང་ཡི་དམ་ཚིག་བསྲུང་དུ་མེད།
།ང་ཡི་དབང་ལ་བསྐུར་ཐོབ་མེད།
།ང་ནི་དུར་ཁྲོད་ཆེན་པོ་སྟེ།
།སངས་རྒྱས་སེམས་ཅན་ཀུན་གྱི་དུར།
།ང་ཡི་བྱིན་རླབས་ཆེན་པོ་ལས།
།དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང༌།
།ཞེས་སོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་སྟེ། ལེའུ་ལྔ་པའི་འགྲེལ་པའོ།། ༈ །།

My qualities appear as anything whatsoever.
My enlightened activity (phrin las) is found without being sought.
My view is the kāya of the sphere (thig le).[179]Note 179 · p. 265 · thig le'i sku: "the kāya of the sphere" per the glossary (Claude Fable 5.2); Dharmamitra has "seminal point", and Dharmamitra, GPT-6.2 Astra and Gemini 4 Neon have "body" for sku.
My meditation is free of the intellect.
My conduct is beyond objects.
My fruition is the level of oneness.[180]Note 180 · p. 265 · gcig pa'i sa: "the level of oneness" (Claude Fable 5.2, Dharmamitra) rather than "the single level" (GPT-6.2 Astra, Gemini 4 Neon); the genitive gcig pa'i points to oneness as what characterizes the level.
My samaya has nothing to be kept.
In my empowerment there is nothing conferred and nothing received.
I am the great charnel ground,
the grave of all buddhas and sentient beings.
From my great blessing
all the buddhas of the three times arise.Rang sharQuotation (named in the text: རང་ཤར་ལས)
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras
Identification: high confidence
The quoted words are in Ngb-pt-0052-vol-01-text (the text itself), 87 % of the words.

So it says.

12 Colophon of the fifth chapter ལེའུ་ལྔ་པའི་འགྲེལ་པའི་མཇུག་བྱང12 Colophon of the fifth chapter (topical division)
Chapter colophon: the commentary on the fifth chapter of the Treasury of the Basic Space of Phenomena, showing what is beyond effort and striving, cause and effect.

From The Precious Treasury of the Basic Space of Phenomena (chos dbyings rin po che'i mdzod), this is the commentary on the fifth chapter, which shows what is beyond effort and striving, cause and effect.[181]Note 181 · p. 265 · Chapter title: the Tibetan names no subject, so GPT-6.2 Astra's added "the Basic Space of Phenomena is" is dropped. rtsol sgrub rgyu 'bras is "effort and striving, cause and effect" per the glossary; the drafts have "accomplishment" and, in Claude Fable 5.2 and GPT-6.2 Astra, "result".

[edit]
The quotations that begin in this part (opening … closing words), the source as the text names it, the work identified, and where the quoted words are found among the Tibetan texts on this wiki (5-syllable shingles; a hit is the text itself when it is the work identified, else a parallel, often another work of Longchenpa that quotes the same lines). Found by AI (Claude Opus 5.5, November 2026) and located in the Tibetan and the English by program; not checked by a scholar. 9 quotations, 8 found on this wiki.
# p. Tibetan English Source On this wiki
1 256 འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ … ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། In the fruition, dharmakāya, emptiness (stong nyid), the exhaustion … absence of any perceived object is a great wonder! named: རིན་པོ་ཆེ་སྤུངས་པ་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0054-vol-01-text (the text itself), 100 %
2 256 སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་ … མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། These appearances of the world and its inhabitants, reputed … this— are the doors of the sense faculties blocked? “the same”: རྒྱུད་དེ་ཉིད་ལས
རིན་པོ་ཆེ་སྤུངས་པ་ཡོན་ཏན་ཆེན་པོ་སྟོན་པ་རྒྱུད་ཀྱི་རྒྱལ་པོ, rin po che spungs pa yon tan chen po ston pa rgyud kyi rgyal po, The Heap of Jewels · tantra; Nyingma Gyubum, one of the Seventeen Tantras high
parallel: ཚིག་དོན་རིན་པོ་ཆེའི་མཛོད, 100 %
3 257 རིག་པ་མ་བསྒོམས་ལྷུན་གྲུབ་ལ། །སྒོམ་པ་ … བྲལ་ལ། །ལྟ་ བ་བལྟས་པས་ང་མི་མཐོང༌། Awareness is spontaneously present without being meditated upon; by … by looking with a view, I am not seen. named: སེང་གེ་རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
not found
4 258 ཀུན་བཟངས་ང་ལ་ལྟ་བ་མེད། །ལྟ་བ་ … དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། For me, Samantabhadra, there is no view. Because there … the elements ('byung ba) of the body are exhausted. named: ཀློང་དྲུག་པ་ལས
ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད, kun tu bzang po klong drug pa'i rgyud, The Six Expanses · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0062-vol-01-text (the text itself), 55 %
5 258 རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་ … པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། In the Great Perfection, Atiyoga, there is no view, … perishing, therefore there is no fruition to be accomplished. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 67 %
6 262 སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་ … ཐལ་ལ། །མཚན་མའི་སྒོམ་ པས་དོན་མི་རྙེད། Where there is no transgressing the unborn meaning, one … by meditation on marks the meaning is not found. named: སེང་གེ་རྩལ་རྫོགས་ལས
སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད, seng ge rtsal rdzogs chen po'i rgyud, The Lion's Perfect Expressive Power · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0065-vol-01-text (the text itself), 77 %
7 263 ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། ། … ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། It is taught that there is no view to … just as it is, is not to be contrived. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 71 %
8 264 བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། ། … དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། Since before immeasurable aeons, through faith in me, all-creating … is for such a purpose that this is taught. named: ཀུན་བྱེད་ལས
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ, chos thams cad rdzogs pa chen po byang chub kyi sems kun byed rgyal po, The All-Creating King · tantra; Nyingma Gyubum; Toh 828 high
Ngb-pt-0104-vol-02-text (the text itself), 79 %
9 264 ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་ … པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང༌། In my enlightened body, all is perfect. In my … blessing all the buddhas of the three times arise. named: རང་ཤར་ལས
རིག་པ་རང་ཤར་ཆེན་པོའི་རྒྱུད, rig pa rang shar chen po'i rgyud, The Self-Arising Awareness Tantra · tantra; Nyingma Gyubum, one of the Seventeen Tantras high
Ngb-pt-0052-vol-01-text (the text itself), 87 %